Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

18 occurrences of མགོན་པོ་བེང་
[Clear Hits]


  
  
 
 
  
  
  
  
 
ལེགས་ལྡན་ཚོགས་ཀྱི་བདག་པོའི་བསྐང་བཤགས་འདོད་དགུ་ལྷུན་གྲུབ་ཡིད་བཞིན་དབང་གི་རྒྱལ་པོ།
 
 
  
  
  
  


18 occurrences of མགོན་པོ་བེང་
[Clear Hits]

 
previousལེགས་ལྡན་ཚོགས་ཀྱི་བདག་པོའི་བསྐང་བཤགས་འདོད་དགུ་ལྷུན་གྲུབ་ཡིད་བཞིན་དབང་གི་རྒྱལ་པོ།next

ལེགས་ལྡན་ཚོགས་ཀྱི་བདག་པོའི་བསྐང་བཤགས་འདོད་དགུ་ལྷུན་གྲུབ་ཡིད་བཞིན་དབང་གི་རྒྱལ་པོ།

༄༅། །ལེགས་ལྡན་ཚོགས་ཀྱི་བདག་པོའི་བསྐང་བཤགས་འདོད་དགུ་ལྷུན་གྲུབ་ཡིད་བཞིན་དབང་གི་རྒྱལ་པོ་བཞུགས་སོ། །

རྒྱལ་ཀུན་ཐུགས་རྗེའི་སྤྱི་གཟུགས་པད་དཀར་འཆང་། །ཁྲོ་ལ་ཆེར་ཁྲོས་ལེགས་ལྡན་ཚོགས་ཀྱི་བདག །གང་དེའི་ཐུགས་དམ་བསྐང་ཞིང་བཤགས་པའི་ཐབས། །འདོད་དགུ་ལྷུན་གྲུབ་ཡིད་བཞིན་དབང་རྒྱལ་ངོམ། །དེ་ལ་འདིར་ལེགས་ལྡན་ཚོགས་ཀྱི་བདག་པོའི་བསྐང་བཤགས་བྱ་བ་ལ། །དལ་དང་སྒྲུབ་རྫས་བསྐང་གཏོར་སོགས་ཟུར་གསལ་ལྟར་བསྟར་ནས་ཡིད་དམ་གྱི་བསྐང་ཚོགས་གྲུབ་རྗེས་ཚོགས་བདག་གི་བསྐང་བའི་རྗེས་སམ། །ཡང་ན་འདི་ཁོ་ནས་ཀྱང་ཆོག་སྟེ། །དང་པོ་མཆོད་རྫས་རྣམས། །ཨམྲྀཾ་ཏས་བསངས། །སྭཱ་བྷ་ཝས་སྦྱངས་ནས། སྟོང་པའི་ངང་ལས་ཨཱཿལས་བྷནྡྷའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་དགྲ་བགེགས་བསྒྲལ་བའི་ཁྲག་ཆེན་གྱི་མཆོད་ཡོན། དབང་པོའི་མེ་ཏོག ཚིལ་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་མར་མེ། ཀླད་པའི་དྲི་ཆབ། ཤ་ཆེན་གྱི་ཞལ་ཟས། རྐང་གླིང་གི་རོལ་མོ་ལ་སོགས་པའི་མགོན་པོ་འཁོར་བཅས་དགྱེས་པར་བྱེད་པའི་མཆོད་རྫས་དཔག་ཏུ་མེད་པར་གྱུར། ༀ་བཛྲ་ཨརྒྷཾ་ཨཱཿཧཱུཾ་སྭཱ་ཧཱ། སོགས་དང་། ༀ་སརྦ་བིད་སྡུ་ར་སྡུ་ར་སུ་ར་སོགས་ཞེས་བྱིན་གྱིས་བརླབས་ནས། སྨན་རཀ་གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་། རམ་ལས་མེ། དེའི་སྟེང་དུ་ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨཱཿལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བ། དེའི་ནང་དུ་དམ་ཚིག་གི་རྫས་རྣམས་གོ་ཀུ་ཏ་ཧ་ན་དང་། བི་ར་ཤུ་མ་མུ་རྣམས་ལ་ཤ་ལྔ་དང་བདུད་རྩི་ལྔ་སོ་སོའི་ས་བོན་གྱིས་མཚན་པར་གྱུར། ཐུགས་ཀའི་ཧཱུྃཿགི་འོད་ཀྱིས་རླུང་གཡོས། མེ་སྦར། རྫས་རྣམས་སྦྱངས་དེའི་སྟེང་དུ་ༀ་ཨཱཿཧཱུྃ་གི་འོད་ཀྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུགས། ཐམས་ཅད་ཞུ་ཞིང་འདྲེས་པའི་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ། རྣམ་པ་དགྲ་བགེགས་ཀྱི་ཤ་ཁྲག་ལ་སོགས་པའི་དམ་རྫས་ཕུན་སུམ་ཚོགས་པར་གྱུར། ༀ་ཨཱཿཧཱུྃ། ལན་གསུམ་དང་། སྨན་རཀ་གཏོར་མའི་སྔགས་ཀྱང་བརྗོད་ནས། མོས་གདུང་གུས་གསུམ་གྱིས་བསྐང་བའི་ཆོ་ག་འདི་བཞིན་བྱ། ཧཱུྃ་རྣམ་དག་གསང་བ་མཆོག་གི་དཀྱིལ་འཁོར་འདིར། །ཕྱི་ནང་གསང་བའི་མཆོད་སྤྲིན་བླ་ན་མེད། །རྩི་བཅུད་འབྲུ་སྨན་དམ་རྫས་ལས་སྦྱར་བའི། །རྒྱན་དང་ལྡན་པའི་གཏོར་མ་སྣ་ཚོགས་དང་། །ཐབས་ཤེས་ཞལ་ཟས་ཚོགས་ཀྱི་ལོངས་སྤྱོད་དང་། །ཛ་གད་སྨན་དང་དམར་ཆེན་རཀྟ་དང་། །བརྟེན་པའི་དམ་རྫས་བསྐང་བའི་ཡོ་བྱད་སོགས། །ནམ་མཁའི་མཐའ་ཀླས་ཡོངས་སུ་གང་བ་འདིས། །མཆོག་གི་ལམ་སྟོན་བླ་མ་རྡོ་རྗེ་འཆང་། །བྱིན་རླབས་འབྱུང་གནས་བཀའ་རྒྱུད་རིན་པོ་ཆེ། །ཡ་མཚན་རྨད་བྱུང་ཡོན་ཏན་ཀུན་གྱི་གཏེར། །རྩ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་། །བླ་མ་ད གོངས་འདུས་དཀྱིལ་འཁོར་དགུ་རྫོགས་ལྷ། །བསྒྲུབ་པ་བཀའ་བརྒྱད་གུ་རུ་ཞི་དྲག་སོགས། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་སྩོལ་བའི། །ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ༴ རིགས་ཀྱི་ཡུམ་བཞི་མཁའ་འགྲོ་སྡེ་ལྡན་དང་། །གནས་དང་ཡུལ་གྱི་དཔའ་བོ་ཌཱཀྐི་སོགས། །སྒྲུབ་ལ་བརྩེ་བས་བུ་བཞིན་སྐྱོང་མཛད་པའི། །གནས་གསུམ་མཁའ་འགྲོའི་ཚོགས་ཀྱི་ཐུགས་དམ༴ རྒྱལ་བའི་བསྟན་སྲུང་ཡེ་ཤེས་མགོན་པོ་དང་། །ཕྲིན་ལས་ཐོགས་མེད་ལེགས་ལྡན་ལྷ་ཆེན་པོ། །མ་ལྟར་སྐྱོང་མཛད་དཔལ་ལྡན་ལྷ་མོ་སོགས། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཐུགས་དམ་བསྐང་། །དམ་ན་སྒྲུབ་ལ་བརྩོན་པའི་རྣལ་འབྱོར་ལ། །གནག་པའི་ཡིད་ཀྱིས་གནོད་པའི་དགྲ་དང་བགེགས། །མ་བསྐུལ་བར་ཡང་སྒྲོལ་བའི་ལས་མཁན་ཆེ། །ཕོ་རྒྱུད་མགོན་པོའི་ཚོགས་ཀྱི་ཐུགས་དམ༴ མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་བ་ཡིས། །འབྲལ་བ་མེད་པར་རྟག་ཏུ་གྲོགས་མཛད་ཅིང་། །བཅོལ་པའི་ལས་རྣམས་ཐོགས་མེད་སྒྲུབ་མཛད་མ། །མོ་རྒྱུད་མ་མོའི་ཚོགས་ཀྱི༴ ས་བརྒྱད་དབང་ཕྱུག་མགོན་པོ་རྣམ་ཐོས་སྲས། །རྟ་བདག་བརྒྱད་དང་འབྲོག་གནས་སྡེ་དཔུང་བཅས། །རིན་ཆེན་གཏེར་མངའ་ཛམ་བྷ་ལ་ལ་སོགས། །གནོད་སྦྱིན་ནོར་ལྷའི་ཚོགས་ཀྱི༴ རང་རང་ལས་ཀྱིས་དཀར་ཕྱོགས་སྐྱོང་མཛད་ཅིང་། །མི་མཐུན་ཕྱོགས་འཇོམས་མཐུ་སྟོབས་བསམ་མི་ཁྱབ། །ཕྱོགས་སྐྱོང་དཔལ་མགོན་དབེན་རིས་སྲུང་མ་སོགས། །དམ་ཅན་འཇིག་རྟེན་སྐྱོང་བའི་ཐུགས་དམ་བསྐང་། ཞེས་སྤྱི་བསྐང་དང་། །ཧཱུྃ་ལེགས་ལྡན་ཚོགས་བདག་འཁོར་བཅས་ལ། །མཆོད་གཏོར་ཚོགས་དང་ཛ་གད་བཅས། །སྨན་རཀ་དམ་རྫས་རྟེན་རྫས་དང་། །སྤྱན་གཟིགས་རྣམས་ཀྱིས་ཐུགས་དམ་དང་། །དབྱིངས་ནས་དགྱེས་པ་བསྐྱེད་པའི་ཕྱིར། །སྣ་ཚོགས་མཆོད་པས་ཐུགས་དམ༴ དགྲ་བགེགས་ཁྲག་ལ་རོལ་བའི་ཕྱིར། དམར་ཆེན་ཨརྒྷས༴ དམ་ཉམས་སྲོག་ལ་རྒོལ་པ་བའི་ཕྱིར། །དབང་པོའི་མེ་ཏོག་ཐུགས་དམ༴ ཞིང་བཅུ་རྡུལ་དུ་རླགས་པའི་ཕྱིར། །ཚིལ་ཆེན་སྤོས་ཀྱིས༴ སྡིག་ཅན་སྙིང་རྗེས་བསྒྲལ་བའི་ཕྱིར། །ཞུན་ཆེན་མར་མེའི་ཐུགས་དམ༴ གནོད་བྱེད་རྩད་ནས་གཅོད་པའི་ཕྱིར། །ཀླད་པའི་དྲི་ཡིས༴ དགྲ་བོའི་ཕུང་པོ་གཞིག་པའི་ཕྱིར། །ཤ་ཆེན་བཤོས་ཀྱིས་ཐུགས་དམ༴ དགྲ་སྡང་སྨྲེ་སྔགས་འབྱིན་པའི་ཕྱིར། །རྐང་གླིང་རོལ་མོས་ཐུགས་དམ། །ཡུན་དུ་བསྙེན་ཞིང་བསྒྲུབ་པའི་ཕྱིར། །རྟེན་གྱི་གཏོར་མས་ཐུགས་དམ༴ རྟག་ཏུ་མི་འབྲལ་འགྲོགས་པའི་ཕྱིར། །གཏན་གཏོར་ཆེན་པོས་ཐུགས་དམ༴ རྒྱུན་དུ་ཕྲིན་ལས་བཅོལ་པའི་ཕྱིར། །རྒྱུན་གྱི་གཏོར་མས༴ ཉམས་ཆགས་མ་ལུས་བཤགས་པའི༴ ཚོགས་ཀྱི་འཁོར་ལོས༴ དམ་ཚིག་གཉན་པོ་བསྲེ་བའི༴ བདུད་རྩི་སྨན་གྱིས་ཐུགས༴ རཀྟ་སྐོམ་དུ་འཐུང་བའི་ཕྱིར། ཁྲག་གི་རྒྱ་མཚོས༴ དཔལ་གྱི་མགོན་དུ་གསོལ་བའི༴ ཛ་གད་ཕུད་ཀྱིས༴ བརྟེན་པའི་དམ་རྫས་ཡིན་པའི་ཕྱིར། བྱ་ནག་རྒྱལ་མཚན༴ འབོད་པའི་དམ་རྫས་ཡིན་པའི༴ གཡབ་དར་ནག་པོས༴ གསང་བའི་དམ་རྫས་ཡིན་པའི༴ སྙིང་སྣའི་ཚོགས་ཀྱིས༴ དགྱེས་པའི་དམ་རྫས་ཡིན་པའི༴ ཤ་སྣའི་ཚོགས་ཀྱིས༴ ཚིམ་པའི་དམ་རྫས་ཡིན༴ ཁྲག་སྣའི་ཚོགས་ཀྱིས༴ མཐུན་པའི་དམ་རྫས་ཡིན༴ ནལ་བུའི་རྒྱལ་མཚན༴ ཐུགས་ཀྱི་གསང་བ་ཡིན་པའི༴ བྱ་རྒོད་མདའ་ཡིས༴ མཉེས་པའི་མཆོད་རྫས་ཡིན་པའི༴ མི་ལྤགས་གཡང་གཞིའི༴ ཁྲོ་བོའི་མཆོད་རྫས་ཡིན་པའི༴ དོན་སྙིང་རྣམས་ཀྱིས༴ མཐུན་པའི་མཆོད་རྫས་ཡིན་པའི༴ ནང་ཁྲོལ་རྣམས་ཀྱིས༴ འཇིགས་པའི་མཆོད་རྫས་ཡིན༴ ཀེང་རུས་ཕྲེང་བས༴ དགྲ་བོ་སྨྱོ་ཞིང་འབོག་པའི་ཕྱིར། མི་ནག་མང་པོས༴ དགྲ་བོ་རྩད་ནས་གཅོད་པའི༴ རྟ་ནག་མང་པོས༴ དགྲ་བོར་དངངས་སྐྲག་འབྱིན་པའི༴ གཡག་ནག་མང་པོས༴ དགྲ་བོ་རྨོངས་ཤིང་རེངས་པའི༴ ལུག་ནག་མང་པོས༴ དགྲ་ལ་ལྟས་ངན་བཏང་བའི༴ བྱ་ནག་མང་པོས༴ དགྲ་བོ་བླ་ཞིང་འཕྱོ་བའི༴ ཁྱི་ནག་མང་པོས༴ ཡེ་ཤེས་མགོན་པོའི་ཐུགས་དམ་བསྐང་། ལེགས་ལྡན་ནག་པོའི་ཐུགས་དམ༴ ཚོགས་ཀྱི་བདག་པོའི༴ ཡུམ་ཆེན་ལྷ་མོའི༴ སྐུ་མཆོག་མགོན་པོའི༴ གསུང་མཆོག་མགོན་པོའི༴ ཐུགས་མཆོག་མགོན་པོའི༴ ཡོན་ཏན་མགོན་པོའི༴ ཕྲིན་ལས་མགོན་པོའི༴ ཕྱོགས་བཅུའི་མགོན་པོའི༴ སྡེ་བརྒྱད་མགོན་པོའི༴ ནག་པོ་སྟོང་གི༴ ཤ་ཟ་འབུམ་གྱི༴ གནོད་སྦྱིན་ཁྲི་ཡི༴ ལྷ་དམག་བྱེ་བའི་ཐུགས་དམ་བསྐང་། དཔལ་མགོན་བདུན་ཅུའི༴ སྲོག་བདུད་ནག་པོའི༴ སྲས་མཆོག་ཐོད་རྩལ༴ ལྷ་མོ་ནག་མོའི༴ དགྲ་ལྷའི་རྒྱལ་མོའི༴ བྱ་རོག་གདོང་ཅན༴ བདུད་ཕོ་འབུམ་སྡེའི༴ མ་མོ་འབུམ་སྡེའི༴ བསྐང་ངོ་བསྐལ་བའི་ཐུགས་དམ་བསྐང་། །བསྟན་པ་གཉན་པོ་བསྲུང་ཕྱིར་བསྐང་། །མཐུན་རྐྱེན་དངོས་གྲུབ་སྩོལ་ཕྱིར་བསྐང་། །འགལ་རྐྱེན་བར་ཆད་ཟློག་ཕྱིར་བསྐང་། །ཕྲིན་ལས་གསང་བ་གྲུབ་ཕྱིར་བསྐང་། ཞེས་ཆོས་སྐྱོང་གི་དགོས་བསྐང་བྱས་ལ་འདོད་དོན་གསོལ་བ་ནི། ཧཱུྃཿ དངོས་གྲུབ་སྩོལ་བའི་ལྷ་ཆེན་པོ། །བར་ཆད་སེལ་བའི་སྲུང་མ་ཆེ། །ལེགས་ལྡན་ཚོགས་བདག་འཁོར་དང་བཅས། །ཁྱེད་ལ་ཞུ་ཞིང་གསོལ་བ་ནི། །བསྙེན་པའི་དུས་ན་ཐུགས་མ་གཡེལ། ། སྒྲུབ་པའི་དུས་ན་རྒྱང་མ་རིང་། །རྦད་པའི་དུས་ན་མཐུ་མ་ཆུང་། །བསད་པའི་དུས་ན་རྩལ་མ་ཞན། །བཅོལ་པའི་དུས་ན་ལས་མ་བྱོལ། །སངས་རྒྱས་བསྟན་པ་གཉན་པོ་དང་། །བསྟན་པ་འཛིན་སྐྱོང་སྤེལ་ཀུན་སྲུངས། །སྐུ་ཚེ་བསྲིང་ཞིང་ཕྲིན་ལས་སྒྲུབ། །དགེ་འདུན་སྡེ་དང་གཙུག་ལག་སྐྱོངས། །བདག་དང་ཡོན་བདག་འཁོར་བཅས་ཀྱི། །ཚེ་བསྲིང་དཔལ་བསྐྱེད་བསམ་པ་སྒྲུབས། །འཁོར་དང་ལོངས་སྤྱོད་དབང་དུ་སྡུས། །སྙན་དང་གྲགས་པ་ཕྱོགས་བཅུར་སྤེལ། །འདོད་པའི་དངོས་གྲུབ་མྱུར་དུ་སྒྲུབས། །དུས་མིན་འཆི་དང་ནད་དང་གདོན། །བྱད་སྟེམས་མཚན་མ་ངན་པ་སོགས། །རྐྱེན་ངན་བར་ཆད་མ་ལུས་སོལ། །དེང་ནས་བྱང་ཆུབ་བར་དུ་ནི། །བཀའ་ཡི་སྡོང་གྲོགས་གཉན་པོ་མཛོད། །ཕྲིན་ལས་རྣམ་བཞི་སྒྲུབ་ཏུ་གསོལ། །གཞན་ཡང་ཁྱེད་ལ་གསོལ་བ་ནི། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོ། །རྡོ་རྗེ་སློབ་དཔོན་སློབ་མར་བཅས། །རྡོ་རྗེ་མཆེད་དང་ལྕམ་དྲལ་དང་། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །མི་ལ་ནད་ཡམས་མ་བཏང་ཅིག །ཕྱུགས་ལ་གོད་ཡམས་མ་བཏང་ཅིག །ཞིང་ལ་སད་སེར་མ་བཏང་ཅིག །བདུད་ཀྱི་ཞགས་པ་ནག་པོ་ཆོད། །གཤིན་རྗེའི་ཁྲམ་ཁ་དགྲ་ལ་བསྒྱུར། །མི་མཐུན་རྐྱེན་དང་བར་ཆད་སོལ། །འཁོར་རྣམས་སྲུངས་ལ་རྐྱེན་རྣམས་བཟློག །སྡང་བའི་དགྲ་ལ་རྟགས་ཕྱུངས་ཤིག །གནོད་པའི་བགེགས་ལ་ལས་མཛོད་ཅིག །འདོད་པའི་དངོས་གྲུབ་བདག་ལ་སྩོལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་འདོད་དོན་གསོལ། །མཐར་བཤགས་པ་བྱ་བ་ནི། ཧཱུྃ། ཡེ་ཤེས་དང་ནི་ཐུགས་རྗེའི་བདག་ཉིད་ཆེ། །ཕྲིན་ལས་མཐུ་སྟོབས་ཀུན་གྱི་དབང་ཕྱུག་གཙོ ། །རིགས་འཛིན་རྣལ་འབྱོར་བུ་བཞིན་སྐྱོང་མཛད་པའི། །ཆོས་སྐྱོང་འཁོར་བཅས་གསན་ཅིང་དགོངས་སུ་གསོལ། །ནག་པོ་ཆེན་པོའི་དཀྱིལ་འཁོར་སྒོར་ཞུགས་ནས། །འདའ་དཀའ་དམ་ཚིག་ཚོགས་རྣམས་བསྲུང་རྒྱུ་ལ། །བཀའ་ལྟར་མ་གྲུབ་གཞུང་ཆེན་མ་གྱུར་བར། །རྩ་བ་ཡན་ལག་དམ་ཚིག་ཉམས་པ་བཤགས། །རྟག་ཏུ་མགོན་པོ་བསྙེན་ཞིང་སྒྲུབ་པ་དང་། །ཚུལ་བཞིན་མཆོད་པས་ཐུགས་དམ་བསྐང་རྒྱུ་ལ། །བསྙེན་སྒྲུབ་མ་གྲུབ་དམ་རྫས་མ་འབྱོར་དང་། །མཆོད་གཏོར་དམན་དང་ཉམས་ཤིང་ཆགས་པ་བཤགས། །གསང་སྔགས་མ་ཉམས་རྒྱུན་མི་འཆད་བཟླས་ཏེ། །བསྲུང་མའི་སྲོག་སྙིང་གནད་ནས་བསྐུལ་རྒྱུ་ལ། །སྔགས་ཀྱི་སྒྲ་རྣམས་ཉམས་ཤིང་ཚིག་མ་གསལ། །མི་ཚིག་གཡེངས་བས་བར་དུ་ཆོད་པ་བཤགས། །ནག་པོའི་ཏིང་འཛིན་གསལ་བར་རྟགས་བསྒོམས་ཏེ། །བསྐྱེད་རིམ་གསལ་སྣང་བརྟན་པོ་སྒྲུབ་རྒྱུ་ལ། །བྱིང་རྒོད་དབང་གིས་དམིགས་རིམ་མ་གསལ་ཞིང་། །ཏིང་འཛིན་མ་བརྟན་རྣམ་པར་གཡེང་བ་བཤགས། །འབོད་པ་གྲུབ་ནས་ཞིང་བཅུ་སྙིང་རྗེ་ཡིས། །རྦད་བསད་ཕྲིན་ལས་གཉན་པོས་བསྒྲལ་རྒྱུ་ལ། །མ་རིག་ཞེ་སྡང་དྲག་པོས་ཀུན་བསླང་ནས། །དུས་མིན་ཕྲིན་ལས་དྲག་ཏུ་བསྐུལ་བ་བཤགས། །གཞན་ཡང་ཚུལ་མིན་ནོངས་པ་གང་བགྱིས་པ། །མཐོལ་ཞིང་བཤགས་སོ་ཆོས་སྐྱོང་འཁོར་བཅས་ཀྱིས། །ཉེས་ལྟུང་སྒྲིབ་པའི་ཚོགས་རྣམས་སྦྱངས་བ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོོལ། ཞེས་པའི་མཐར་གནོང་འགྱོད་དྲག་པོ་དང་བཅས་ཏེ་ཡི་གེ་བརྒྱ་ཅི་ནུས་བརྗོད། ཆོ་ག་བསྡུས་པའི་ཚེ་བསྐང་བ་འདི་ཉིད་ཁོ་ནས་ཆོག་ཅིང་རྒྱས་པའི་སྐབས་སུ་བརྒྱ་སྟོང་སོགས་གྲངས་བསོགས་དུས་ཡང་ཤིན་དུ་གལ་ཆེ་ཕྱིར་སྔོན་གྱི་མཁས་གྲུབ་དམ་པའི་གཞུང་གི་ཚིག་ཕྲད་ཅུང་ཙམ་བསྒྱུར་ཞིང་ཁ་བསྐང་འགའ་ཞིག་རང་ཉིད་ཀྱི་བསྣན་ནས་བསྟན་སྲུང་ཆེན་པོ་འདི་ཉིད་རྐྱ་ཞབས་འ དེགས་སུ་སྤེལ་བའོ། ཀྱེ་ཧོ་རྒྱལ་བསྟན་སྲུང་བའི་ལྕགས་རི་བླ་ན་མེད། ལེགས་ལྡན་ཚོགས་བདག་གཞུང་བཟང་ཡིད་བཞིན་དབང་། འདི་ཀོ་ལྷ་མིའི་གཙོ་བོ་ཚངས་དབང་འདྲ། གང་དེའི་ཐུགས་དམ་བསྐང་ཞིང་བཤགས་པའི་ཐབས། འདོད་ད གུ་ལྷུན་གྲུབ་གཞུང་འདི་ངོ་མཚར་རྨད། རྨད་བྱུང་དབྱར་རྔའི་སྒྲ་དབྱངས་འདི་བསྒྲགས་མཐུས། རྗེས་འཇུག་གཙུག་ན་མདངས་ལྔས་གར་བསྒྱུར་ཞིང་། ཞིང་འདིའི་བསྟན་འགྲོའི་ཕན་བདེའི་རྒྱུར་གྱུར་ཅིག ཞེས་པ་འདི་ཡང་རྡོ་གྲུབ་བླ་མ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིིས་བྲིས་པའི་ཡི་གེ་པ་ནི་རང་ཉིད་ཀྱི་ཉེ་གནས་ཀློང་གསལ་གྱིས་བགྱིས་པའི་དགེ་བས་ཆོས་སྐྱོང་འཁོར་བཅས་མཉེས་ཤིང་ཕྲིན་ལས་ཐོགས་མེད་འགྲུབ་པའི་རྒྱུར་གྱུར་ཅིག ། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །མཚན་མ་འགྱང་དང་ལས་ལ་གཡེལ། །འཁུ་ལྡོག་བྱུང་དང་མ་འགྲུབ་དང་། །སྡང་བའི་དགྲ་ལ་རྟགས་བྱུང་ཚེ། །བསྐང་གསོལ་འདི་ཡིས་བསྐང་བར་བྱེད། །ཤིན་ཏུ་གཙང་མའི་སྣོད་ནང་དུ། །བཤོས་བུ་གཡག་སྙིང་ལྟ་བུ་བཤམས། །ངོས་གསུམ་ལ་ནི་བཤོས་ཕྲན་གསུམ། །གཡག་ལུག་སྟོད་ཤ་ལ་སོགས་པས། ། ཤ་ཕུད་གཙང་མས་ལེགས་པར་བརྒྱན། །བྱ་རྒྱལ་ཁྱུང་ཆེན་ལ་སོགས་པའི། །འདབ་ཆགས་བྱ་རིགས་སྣ་ཚོགས་དང་། །སེང་གེ་སྟག་གཟིག་ལ་སོགས་པའི། །གཅན་གཟན་རིགས་སུ་གཏོགས་པ་དང་། །ཅང་ཤེས་མ་ཧེ་ལ་སོགས་པའི། །ཡུང་དྭགས་རིགས་སུ་གཏོགས་པ་དང་། །འབྲོང་བུ་ཤ་རྐྱང་ལ་སོགས་པའི།༵ །རི་དྭགས་རིགས་སུ་གཏོགས་པ་བཀོད། །སྤོས་སྨན་མེ་ཏོག་སྣ་ཚོགས་དང་། །ཁྲབ་ཕུབ་གོ་མཚོན་སྣ་ཚོགས་དང་། །འདོད་པའི་ལོངས་སྤྱོད་སྣ་ཚོགས་བཤམས། །གདུང་བའི་དབྱངས་ཀྱིས་འདི་སྐད་དོ། ཧཱུྃཿ །ཆོས་ཉིད་རྣམ་དག་མུ་མེད་ཀྱང་། །དབྱིངས་ཉིད་ངང་ལས་མ་གཡོས་པར། །རི་རབ་ཆེན་པོའི་ཕོ་བྲང་དུ། །ཆོས་བཟང་ལྷ་ཡི་འདུན་ས་ན། །ཨར་མོ་ལི་ཀའི་རྡོ་ལེབ་དབུས། །པད་ཟླ་ཉི་མ་བརྩེགས་པའི་སྟེང་། །བྱི་ན་ཡ་ག་ཕོ་མོའི་སྟེང་། །མགོན་པོ་མ་ཧཱ་ཀཱ་ལ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག །ཡན་ལག་ཐུང་ཞིང་གསུས་ཁྱིམ་ཆེ། །ཞལ་གདངས་མཆེ་གཙིགས་སྤྱན་གསུམ་བསྒྲད། །དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །དར་ནག་འཇོལ་བེར་སྐུ་ལ་གསོལ། །གཡུང་དྲུང་ཚོམ་བུ་སེར་པོས་བརྒྱན། །གསེར་གྱི་སྐ་རགས་སྐེད་དུ་བཅིངས། །ཞབས་ལ་སག་ཏིའི་ལྷྭམ་ཆེན་མནབས། །ཕྱག་གཡས་ཙན་དན་བེང་ཆེན་བསྣམས། །གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན། །ཐེ་ཙོ་ནེ་ཙོ་སེ་རལ་ཁ ། །འཁོར་དུ་ལྷ་ཀླུ་གཉན་དམག་དང་། །མ་མོ་མཁའ་འགྲོ་དགྲ་ལྷ་དང་། །བཀའ་སྡོད་སྤྲུལ་པའི་ཚོགས་ཀྱིས་བསྐོར། །འདོད་ཡོན་མཆོད་པ་བཞེས་སླད་དུ། །བྱང་ཤར་མཚམས་ནས་སྤྱན་འདྲེན་ནོ། །གནས་མཆོག་འདི་རུ་མྱུར་དུ་སྤྱོན། །གདུང་བའི་དབྱངས་ཀྱིས་སྤྱན་འདྲེན་ནོ། །བརྟེན་ཅིང་བསྒྲུབ་ཕྱིར་སྤྱན་འདྲེན་ནོ། །མ་ཐོགས་མྱུར་དུ་གཤེགས་སུ་གསོལ། །འབོད་པའི་དུས་ན་སྙན་མ་སྲ། །གཡབ་པའི་ཚེ་ན་སྤྱན་མ་རྡུལ། །བརྟེན་པའི་ཚེ་ན་རྒྱང་མ་རིང་། །མངགས་པའི་ཚེ་ན་བང་མ་བུལ། །རྦད་པའི་ཚེ་ན་མཐུ་མ་ཆུང་། །བསྒྲུབ་པའི་ཚེ་ན་གོང་མ་གཡེལ། །བཅོལ་པའི་ལས་ལ་ཞེ་གནག་མཛོད། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །ཁྱེད་ཀྱི་དམ་བཅའ་བརྟེན་པ་དེ། །ད་ལྟ་རྣལ་འབྱོར་བདག་བསྐུལ་གྱིས། །བསྟན་པ་གཉན་གྱི་སྲུང་མ་མཛོད། །སྡང་བའི་དགྲ་བོ་མྱུར་དུ་སྒྲོལ། །ཧེ་དང་བསོ་ཡི་སྒྲ་སྒྲོགས་པས། །ལྷ་ཡི་དམག་ཚོགས་ཀྱུ་རུ་རུ། །ཛ་དང་ཆ་ཡི་སྒྲ་སྒྲོགས་པས། །ཀླུ་ཡི་དམག་ཚོགས་བསྡུད་པར་བྱེད། །དྲག་པོའི་ཆ་སྒྲ་ཏི་རི་རི། །གཡབ་དར་ནག་པོ་པུ་རུ་རུ། །རྔ་སྒྲ་དྲག་པོ་ཏི་རི་རི། །སྨིན་མཚམས་གློག་འགྱུ་ལམ་སེ་ལམ། །མ་མོའི་རྟ་བྲོ་གྱི་ལི་ལི། །གླིང་བུ་རྔ་སྒྲ་ཀྱུ་རུ་རུ། །བསེ་མདུང་དམར་པོ་ཤིགས་སེ་ཤིག །བསེ་རྨོག་ཁྲ་བོ་ལམ་སེ་ལམ། །བ་གླང་རྐན་སྒྲ་ཏི་རི་རི། །རི་རབ་རྩེ་ནས་ལྷ་དམག་འདྲེན། །རྒྱ་མཚོའི་གཏིང་ནས་ཀླུ་དམག་འདྲེན། །བར་སྣང་ཁམས་ནས་གཉན་དམག་འདྲེན། །ལེགས་ལྡན་སྲས་པོ་འཁོར་བཅས་རྣམས། །འདོད་ཡོན་མཆོད་པས་ཐུགས་དམ་བསྐང་། །ཉམས་པ་བཤགས་སོ་ཚངས་པར་སྩོལ། །སྡང་བའི་དགྲ་བོ་མྱུར་དུ་སྒྲོལ། །ཧཱུྃ་མ་ཧཱ་ཀཱ་ལ་མཐུ་སྟོབས་ཆེ། །འཁོར་དང་བཅས་པ་དགོངས་སུ་གསོལ། །ཁྱེད་ནི་བསྲུང་མ་མཐུ་རྩལ་ཅན། །བདག་ནི་རྣམ་འབྱོར་དམ་ཚིག་ཅན། །གྲོགས་པོར་བགྱིད་དོ་གཞུང་མ་ངན། །མཛའ་བོར་བགྱིད་དོ་ཁྲེལ་མ་ཤོར། །མནའ་ཐོ་བཅད་དོ་མནའ་མ་ཟ། །རྗེ་བོར་བགྱིད་དོ་དབང་མ་ཆེ། །བྲན་ལྟར་བསྐུལ་ན་རྒྱུད་མ་ངན། །ཕྱོགས་དུས་རྒྱལ་བ་སྲས་བཅས་དང་། །ལྷ་མི་ཚོགས་པའི་སྤྱན་སྔ་རུ། །བསྟན་པ་སྲུང་བར་མ་ཆད་དམ། །དམ་བཅའ་མ་གཡེལ་ཕྲིན་ལས་མཛོད། །བདེར་གཤེགས་བཀའ་ལ་མི་བརྟེན་མེད། །ཟབ་མོའི་དོན་ལ་མི་སེམས་མེད། །མནའ་དང་ཁྲིམས་ལ་མི་ཉན་མེད། །ཟས་དང་སྐོམ་ལ་མི་ཆགས་མེད། །དེ་རིང་ཁྱེད་ཀྱི་ཐུགས་དམ་བསྐང་། །དེ་རིང་ཉམས་ཆག་མ་ལུས་བཤགས། །དེ་རིང་ཞིག་རལ་མ་ལུས་གསོ། །དེ་རིང་ཁྱེད་ལ་བཤགས་པ་བྱེད། །དོ་ནུབ་ཁྱེད་དང་སེམས་མཁོན་སྦྱངས། །དོ་ནུབ་མཉེས་པའི་ཟས་ཤིག་འདྲེན། །ད་ནི་མཛའ་བའི་གཞུང་ཅིག་བྱེད། །ད་ནི་བྱམས་པའི་ལན་ཅིག་འདེབས། །ད་ནི་སྔ་མའི་གཏང་རག་གཏོང་། །ད་ནི་ཕྱི་མའི་ཞུ་སྐྱེམས་འབུལ། །འདོད་ཡོན་མཆོད་པས་ཐུགས་དམ་བསྐང་། །སྡང་བའི་དགྲ་བོ་མྱུར་དུ་སྒྲོལ། བྷྱོཿ ཡུམ་ཆེན་ཡཀྴ་བཻ་ཏ་ལི ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག །ཕྱག་གཡས་གྲི་གུག་ནམ་མཁར་ཕྱར། །གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན། །སྐུ་ལ་མཁའ་འགྲོའི་ཆས་ཀྱིས་བརྒྱན། །ཆིབས་སུ་དྲེལ་རྟ་རྐང་གསུམ་ཆིབས། །འཁོར་དུ་མ་མོ་མཁའ་འགྲོས་བསྐོར། །འདོད་ཡོན་མཆོད་པས༴ སྡང་བའི་དགྲ་བོ༴ ཧཱུྃ་མགོན་པོ་སྐུ་མཆོག་ཆེན་པོ་ནི། །སྔོ་སྐྱ་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་དྲི་ཤུལ་རྩེ་གསུམ་བསྣམས། །གཡོན་པས་ཐོད་ཁྲག་ཞལ་དུ་གསོལ། །བསྐལ་པའི་མེ་ལྟར་གཟི་བརྗིད་ཆེ། །འདོད་ཡོན་མཆོད༴ སྡང་བའི་དགྲ་བོ༴ ཧཱུྃ་མགོན་པོ་གསུང་མཆོག་ཆེན་པོ་ནི། །སྐུ་མདོག་དམར་སྐྱ་ཤིན་ཏུ་རྔམ། །རལ་པ་དམར་སེར་མེ་ལྟར་འབར། །ཕྱག་གཡས་ཙན་དན་previous hit བེང་ཆེན་བསྣམས། །གཡོན་པས་ཐོད་ཁྲག་ཞལ་དུ་གསོལ། །འདོད་ཡོན༴ སྡང་བའི་དགྲ་བོ༴ ཧཱུྃ་མགོནཔོ next hit་ཐུགས་མཆོག་ཆེན་པོ་ནི། །མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པས་གྲི་གུག་ནམ་མཁར་ཕྱར། །གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན། །འདོད་ཡོན་མཆོད་པས༴ སྡང་བའི་དགྲ་བོ༴ ཧཱུྃ་ཤར་ཕྱོགས་མགོན་པོ་དཔལ་རབ་འཆང་། །སྨུག་ནག་ཞལ་གཅིག་ཕྱག་གཉིས་པ། །ཕྱག་ན་ཉི་ཟེར་ཞགས་པ་བསྣམས། །ངང་བ་རྔོག་ནག་ཆིབས་སུ་བཅིབས། །ཀླད་ན་ལྕགས་ཀྱི་བྱ་ཁྲ་ལྡིང་། །སྔོན་དུ་སེང་གེ་དཀར་མོ་འགྱིང་། །སྟག་གཟིག་གཉིས་ནི་རྗེས་ནས་འབྲང་། །ཕྱི་ན་ལྕགས་ཀྱི་སྤྱང་མོ་འདྲོལ། །འདོད་ཡོན་མཆོད་པས༴ སྡང་བའི་དགྲ་བོ༴ ཧཱུྃ་ལྷོ་ཕྱོགས་previous hit མགོནཔོ་ལེགས་ལྡན་ནི། །སྐུ་མདོག་མཐིང་ནག་ཤིན་ཏུ་རྔམ། །ཕྱག་ན་ཙན་དན་བེང next hit་ཆེན་བསྣམས། །རྟ་མཆོག་རྔོག་ནག་ཆིབས་སུ་བཅིབས། །འདོད་ཡོན་མཆོད༴ སྡང་བའི་དགྲ་བོ༴ ཧཱུྃ་ནུབ་ཕྱོགས་བྲག་ལྷ་མགོན་པོ་ནི། །སྐུ་མདོག་དམར་ནག་འགྱིང་བག་ཅན། །ཕྱག་གཡས་ཙན་དན་གྲུ་ཚད་བསྣམས། །མཚལ་བུ་རྟིང་དཀར་ཆིབས་སུ་བཅིབས། །སྲ་བརྗིད་གོ་ཆ་བརྗིད་པའི་ཆས། །འདོད་ཡོན་མཆོད་པས༴ སྡང་བའི༴ ཧཱུྃ་བྱང་ཕྱོགས་མགོན་པོ་རྣམ་ཐོས་སྲས། །སྐུ་མདོག་སེར་པོ་གསེར་ཁྲབ་གསོལ། །གོ་མིན་རྨོག་མོ་དབུ་ལ་མནབས། །ཕྱག་གཡས་གནམ་ལྕགས་མདུང་དར་ཕྱར། །གཡོན་པས་རྒྱལ་མཚན་ནེའུ་ལེ་འཛིན། །སེང་གེ་དཀར་མོ་ཆིབས་སུ་བཅིབས། །རྟ་སེར་བརྒྱད་ནི་རོལ་དུ་ཁྲིད། །འདོད་ཡོན་མཆོད་པས༴ ཟས་ནོར་དངོས་གྲུབ་བདག་ལ་སྩོལ། །སྡང་བའི་དགྲ་བོ༴ ཧཱུྃ་ཤར་ལྷོ་མགོན་པོ་ཛམ་བྷ་ལ། །སྐུ་མདོག་སྔོན་པོ་བཻ་ཌཱུཪྱ། །ཕྱག་གཡས་མདུང་དར་དཀར་པོ་འཛིན། །གཡོན་པས་ནེའུ་ལེའི་རྐྱལ་པ་བསྣམས། །འགྲོ་བའི་རེ་འདོད་སྐོངས་བར་མཛོད། །བ་སྤུ་ལྷ་དམག་བྱེ་བ་འགྱེད། །ཆུ་རི་སྔོན་པོ་ཆིབས་སུ་བཅིབས། །སྔོ་བཀྲ་བཅུ་གཉིས་རོལ་དུ་ཁྲིད། །ངང་བ་རྔོག་ནག་ཟླ་ནས་འདྲོལ། །འདོད་ཡོན་མཆོད་པས༴ ཟས་ནོར་དངོས་གྲུབ་བདག་ལ་སྩོལ། །དགྲ་ལ་དྲག་པོའི་ཕྲིན་ལས་མཛོད། །ཧཱུྃ་ལྷོ་ནུབ་མགོན་པོ་རེ་མནྟ། །སྐུ་མདོག་མཐིང་ནག་རྔམ་ཚུལ་ཅན། །གོ་ཁྲབ་རྨོག་ཞུ་མཚོན་དང་བཅས། །ཕྱག་ན་རུ་མཚོན་འབར་བ་བསྣམས། །གཡུ་རྔོག་སྔོན་པོ་ཆིབས་སུ་བཅིབས། །འཕྲག་པ་གཡས་ན་བྱ་ཁྲ་ལྡིང་། །སྟག་དང་སེང་གེ་རྗེས་སུ་འབྲང་། །འདོད་ཡོན་མཆོད་པས༴ སྡང་བའི་དགྲ་བོ༴ ཧཱུྃ་ནུབ་བྱང་མགོན་པོ་ཤ་བ་རི། །སྐུ་མདོག་ལྗང་གུ་འཇིགས་པའི་གཟུགས། །སྐུ་ལ་རིན་ཆེན་རྒྱན་གྱིས་བརྒྱན། །ཕྱག་གཡས་རྨ་བྱའི་རྒྱལ་མཚན་ཕྱར། །རྟ་ནག་རྟིང་དཀར་ཆིབས་སུ་བཅིབས། །འདོད་ཡོན་མཆོད་པས༴ སྡང་བའི་དགྲ་བོ༴ ཧཱུྃ་བྱང་ཤར་མཚམས་ཀྱི་མགོན་པོ་ནི། །རྣམ་པར་སྣང་མཛད་དབུ་རྒྱན་ཅན། །སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། །སྐུ་ལ་གསེར་ཁྲབ་དངུལ་རྨོག་གསོལ། །ཕྱག་ན་རུ་མཚོན་དཀར་པོ་བསྣམས། །གྲོ་བོ་གཡུ་རྔོག་ཆིབས་སུ་བཅིབས། །འདོད་ཡོན་མཆོད་པས༴ སྡང་བའི་དགྲ་བོ༴ ཧཱུྃ་སྟེང་གི་མགོན་པོ་དུང་གི་ཐོར་ཚུགས་ཅན། །སྐུ་མདོག་ནག་པོ་ཤིན་ཏུ་རྔམ། །ཕྱག་ན་གནམ་ལྕགས་རལ་གྲི་འདེབས། །ངང་པ་རྔོག་དམར་ཆིབས་སུ་བཅིབས། །སྔོ་བཀྲ་བཅུ་གཉིས་རོལ་དུ་ཁྲིད། །སྔོན་པོ་བརྒྱ་ནི་ཟླ་ནས་འདྲོལ། །འདོད་ཡོན་མཆོད་པས༴ སྡང་བའི་དགྲ་བོ༴ ཧཱུྃ་འོག་མིན་ཕྱོགས་ཀྱི་མགོན་པོ་ནི། །རཀྴ་ཤྲྀལ་བེ་ཏ་ལི༈ སྐུ་མདོག་ནག་ལ་འཇིགས་པ་སྟེ། །གོ་མིན་རྨོག་ཞུ་དབུ་ལ་གསོལ། །ཕྱག་ན་གནམ་ལྕགས་སྟྭ་རེ་འཕྱར། །ཕག་ཆེན་གཏུམ་པོའི་ཁྲི་ལ་བཞུགས། །འདོད་ཡོན་མཆོད་པས༴ སྡང་བའི་དགྲ་བ༴ ཧཱུྃ་ཡང་ཅིག་ཐུགས་དམ་བསྐང་བ་ནི། ཤ་ཁྲག་དམར་གྱི་གཏོར་མ་དང་། །བདུད་རྩི་གསེར་སྐྱེམས་རཀྟ་དང་། །འདོད་པའི་ལོངས་སྤྱོད་སྣ་ཚོགས་ཀྱིས། །མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང་། །གྲི་གུག་འཛིན་པའི༴ དུར་ཁྲོད་བདག་པོའི༴ མཁའ་འགྲོའི་གཙོ་མོའི༴ གཟི་བརྗིད་ཅན་གྱི༴ ཡ་མཱ་ར་ཙའི༴ སྲས་མཆོག་ནག་པོའི༴ ཀིང་ཀ་ར་ཡི༴ ཡ་བ་ཏི་ལ་སོགས་པ་ཡིས། །གཤིན་རྗེ་བརྒྱད་ཀྱིི་ཐུགས༴ ཕོ་ཉ་མོ་ལ་སོགས་པ་ཡི། །མ་མོ་བརྒྱད་ཀྱི་ཐུགས་དམ༴ ལ་ཕུག་བསྣམས་པའི༴ བགྲང་ཕྲེང་བསྣམས་པའི༴ རིན་ཆེན་བསྣམ་པའི༴ དགྲ་སྟྭ་བསྣམས་པའི༴ ཚོགས་བདག་མཆེད་བརྒྱད༴ མཁའ་འགྲོ་འབུམ་གྱི༴ ཙན་ཏི་ཀ་ཡི༴ དུས་མཚན་ནག་པོའི༴ རལ་པ་ཅན་གྱི༴ ཐོད་ཁྲག་བསྣམས་པའི༴ སེང་གེ་བཅིབས་པའི༴ གསེར་ཕྲེང་ཅན་གྱི༴ གསེར་མདོག་ཅན་གྱི༴ མདུང་དར་ཅན་གྱི༴ གནོད་སྦྱིན་བརྒྱད་ཀྱི༴ ནོར་ལྷ་མགོན་པོའི༴ ཤིང་ཐོག་བསྣམས་པའི༴ ནོར་ལྷ་མཆེད་བརྒྱད༴ ལྷ་དམག་བྱེ་བ་དུང་ཕྱུར་ཐུགས་དམ༴ འདོད་པའི་དངོས་གྲུབ་བདག་ལ་སྩོལ། །སྡང་བའི་དགྲ་བོ་མྱུར་དུ་སྒྲོལ། །ནག་པོ་སྟོང་གི་ཐུགས་དམ་བསྐང་། །ཤ་ཟ་འབུམ་གྱི་ཐུགས་དམ༴ དགྲ་བླའི་དམག་ཚོགས༴ སྡང་བའི་དགྲ་བོ་མྱུར་དུ་སྒྲོལ། ཅེས་དང་། གཞན་ཡང་། །ཧཱུྃ་བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཆོས་སྐྱོང་མགོན་པོའི་ཐུགས་དམ་བསྐང་། །སྲོག་བདག་ནག་པོའི༴ མགོན་པོ་ནག་པོའི༴ བདུད་དམག་འབུམ་གྱི༴ ལྷ་སྲིན་སྡེ་བརྒྱད༴ རྒྱལ་ཆེན་བཞི་ཡི༴ ཕྱོགས་སྐྱོང་བཅུ་ཡི༴ བཀའ་སྡོད་ཕོ་ཉའི༴ ཐུགས་དམ་བསྐང་ངོ་དགྲ་བགེགས་སྒྲོལ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །བྷྱོ་བྷྱོ་མ་མོ་ནག་མོ་བྷྱོ། །རེ་མ་ཏི་ཡི་ཐུགས་དམ་བསྐང་། །བདུད་མོ་འབུམ་གྱི་ཐུགས་དམ་བསྐང་། །བདུད་ཀྱི་ཡུམ་གཅིག༴ གཤིན་རྗེའི་ལྕམ་གཅིག༴ ལས་མཁན་མ་མོའི༴ ཁྲག་འཐུང་མ་མོའི༴ ཐུགས་དམ་བསྐང་ངོ་ཕྲིན་ལས་མཛོད། །སྡང་བའི་དགྲ་བོ་མྱུར་དུ་སྒྲོལ། །གནོད་པའི་བགེགས་རྣམས་བཟློག་ཏུ་གསོལ། །ནད་སྣ་ཡམས་སྣ་བསྒྱུར་ཏུ་གསོལ། །ཧཱུྃ་དཔལ་ལྡན་མགོན་པོ་ནག་པོ་ནི། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བའི་དམ་རྫས་ནི། །ཤ་ཆེན་ཚིལ་ཆེན་བདུད་རྩི་དང་། །མཁའ་ལྡིང་བྱ་དང་ཤེལ་སྒོང་ལུག །ཙ་ར་རོག་པོ་མདངས་ལྡན་དང་། །དགྲ་བོའི་ཤ་ཁྲག་དོན་སྙིང་འདིས། །མགོན་པོ་ལྷ་མོའི་ཐུགས་དམ་བསྐང་། །རྟ་ནག་བཅིབས་པའི་ཐུགས་དམ་བསྐང་། །དྲེའུ་ནག་བཅིབས་པའི༴ འཁོར་དང་བཅས་པའི༴ ཆག་ཉམས་ཐམས་ཅད་མཐོལ་ལོ་བཤགས། །ཧཱུྃ་ཡང་ཅིག་ཐུགས་དམ་བསྐང་བ་ནི། །ཤར་ཕྱོགས་དུང་མཁར་གཞལ་ཡས་ནས། །བསྟན་སྲུང་ལྷ་ཡི་རྒྱལ་པོ་ནི། །སྐུ་མདོག་དཀར་པོ་མདུང་དར་བསྣམས། །ལྷ་ཡི་དམག་དཔོན་ཐུགས་དམ་བསྐང་། །ལྷ་གཡག་བཅིབས་པའི༴ ལྷ་དམག་འབུམ་གྱི༴ དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད། །ཧཱུྃ་ཡང་གཅིག་ཐུགས་དམ་བསྐང་བ་ནི། །ལྷོ་ཕྱོགས་ཟངས་མཁར་དམར་པོ་ནས། །སངས་རྒྱས་བསྟན་པ་སྲུང་མཛད་པའི། །གཤིན་རྗེའི་རྒྱལ་པོ་སྲོག་གི་བདག །སྐུ་མདོག་ནག་ལ་སྟག་ལྤགས་གྱོན། །ཡ་མ་ར་ཙའི་ཐུགས་དམ་བསྐང་། །མ་ཧེ་བཅིབས་པའི༴ གཤིན་རྗེའི་དམག་ཚོགས༴ ཟས་སུ་དགྲ་སྙིང་རློན་པ་ཟོ། །ཐུགས་དམ་གཉེན་པོ་བསྐང་བར་མཛོད། །ནད་སྣ་ཡམས་སྣ་རིམས་སྣ་དང་། །དགྲ་སྣ་གོད་སྣ་ཐམས་ཅད་དང་། །ལྟས་ངན་ཆོ་འཕྲུལ་དགྲ་ལ་བཟློག །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཧཱུྃ་ཡང་ཅིག་ཐུགས་དམ་བསྐང་བ་ནི། །ནུབ་ཕྱོགས་འཇའ་ཚོན་འབར་བའི་གཞལ་ཡས་ནས། །མ་མོ་སྲིད་པའི་རྒྱལ་མོ་ནི། །སྐུ་མདོག་དཀར་མོ་མདུང་དར་བསྣམས། །གཡོན་ན་འཕྲུལ་གྱི་མེ་ལོང་འཛིན། །ཆིབས་སུ་གཡུ་འབྲུག་སྔོན་པོ་བཅིབས། །མ་མོ་ཆེན་མོའི་ཐུགས་དམ་བསྐང་། །སྨན་མོ་འབུམ་གྱི༴ མངོན་ཤེས་ཅན་གྱི༴ འཁོར་དང་བཅས་པའི༴ རིམས་ནད་ཁྲག་གཟེར་དགྲ་ལ་ཕོབས། །ནད་དང་རིམས་ཁ་དགྲ་ལ་བསྒྱུར། །བཅོལ་བའི༴ ཧཱུྃ་ཡང་ཅིག་ཐུགས་དམ་བསྐང་བ་ནི། །བྱང་ཕྱོགས་བདུད་མཁར་ནང་ཤེད་ནས། །སངས་རྒྱས་བསྟན་སྲུང་བདུད་ཀྱི་རྗེ། །མཐིང་ནག་ཕྱག་ན་དགྲ་སྟྭ་བསྣམས། །དགྲ་བོའི་མི་རྟ་དུམ་བུར་ཐོངས། །ཆིབས་སུ་བདུད་རྟ་ནག་པོ་བཅིབས། །སྲོག་བདག་ཆེན་པོའི་ཐུགས་དམ་བསྐང་། །ཁྲམ་ཤིང་ཅན་གྱི༴ རྐོས་རྗེ་དྲང་དཀར༴ བདུད་དམག་འབུམ་གྱི༴ ནག་པོ་སྟྭར་ཐོགས་ཅན་གྱི༴ སྤྲུལ་པའི་ཚོགས་ཀྱིས༴ ཐུགས་དམ་བསྐང་ངོ་དགྲ་བགེགས་ཐུལ། །བདུད་རྟ་ནག་པོ་དགྲ་ལ་རྒྱུགས། །ནད་ཡམས་ཁྲམ་ཁ་དགྲ་ལ་ཕོབས། །བཅོལ་བའི་ཕྲིན་ལས༴ ཧཱུྃ་ཡང་ཅིག་ཐུགས་དམ་བསྐང་བ་ནི། །ཤར་ལྷོ་ཟངས་མཁར་དམར་པོ་ནས། །སངས་རྒྱས་བསྟན་སྲུང་བཙན་གྱི་རྗེ། །ཕྱག་ན་མདུང་དར་མདའ་གཞུ་བསྣམས། །ཆིབས་སུ་བཙན་རྟ་དམར་པོ་བཅིབས། །བཙན་རྗེ་སྲོག་ཟན་ཐུགས་དམ་བསྐང་། །བཙན་དམག་འབུམ་གྱི༴ སྤྲུལ་པའི་ཚོགས་ཀྱི༴ ཐུགས་དམ་གཉན་པོ་སྐོངས་བར་མཛོད། །བཙན་གྱི་ཇག་པ་དགྲ་ལ་རྒྱུགས། །བཅོལ་པའི་ཕྲིན་ལས༴ ཧཱུྃ་ཡང་ཅིག་ཐུགས་དམ་བསྐང་བ་ནི། །ལྷོ་ནུབ་ཤེལ་མཁར་ནང་ཤེད་ནས། །སངས་རྒྱས་བསྟན་པ་བསྲུང་མཛད་པ། །དགྲ་ལྷའི་རྒྱལ་པོ་བེ་ཧར་ནི། །སྐུ་མདོག་དཀར་སྨུག་འཇིགས་པ་ལ། །ཕྱག་ན་གསེག་ཤིང་ལྷུང་བཟེད་བསྣམས། །ཆིབས་སུ་སེང་གེ་དཀར་མོ་བཅིབས། །པེ་ཧར་དགྲ་ལྷའི་ཐུགས་དམ་བསྐང་། །དཀར་པོ་སྤྱན་གཅིག༴ ཆོ་ཕྲུལ་མངའ་བདག༴ སྤྲུལ་པ་གིང་ཕོ་འབུམ་གྱི༴ རྒྱལ་པོའི་ཆོ་ཕྲུལ་དགྲ་ལ་ཟློག །བཅོལ་བའི༴ ཧཱུྃ་ཡང་ཅིག་ཐུགས་དམ་བསྐང་བ་ནི། །ནུབ་བྱང་རིན་ཆེན་གཞལ་ཡས་ནས། །བསྟན་སྲུང་ཀཱ་ལ་ཡཀྴ་ནི། །སྐུ་མདོག་སྔོ་ལ་གཡུ་འོད་འབར། །ཕྱག་གཡས་རལ་གྲི་གཡོན་ནོར་བུ། །ཆིབས་སུ་སྟག་ཆེན་ངར་མ་བཅིབས། །སྐུ་ལ་ཟ་འོག་སླག་པ་མནབས། །ཀཱ་ལ་ཡཀྴའི་ཐུགས་དམ་བསྐང་། །གང་བ་བཟང་པོའི༴ གནོད་སྦྱིན་བྱེ་བའི༴ ཐུགས་དམ་བསྐང་ངོ་ཕྲིན་ལས་མཛོད། །གནོད་སྦྱིན་གཟེར་ནད་དགྲ་ལ་སྒྱུར། །ནད་སྣ་ཡམས་སྣ་རིམས་སྣ་དང་། །དགྲ་སྣ་གྱོད་སྣ་དགྲ་ལ་སྒྱུར། །བཅོལ་པའི་ཕྲིན་ལས༴ ཧཱུྃ་ཡང་ཅིག་ཐུགས་དམ་བསྐང་བ་ནི། ། བྱང་ཤར་རིན་ཆེན་གཞལ་ཡས་ནས། །བསྟན་བསྲུང་ཀླུ་བདུད་ནག་པོ་ནི། །སྐུ་མདོག་ནག་ལ་འོད་ཟེར་འབར། །ཕྱག་གཡས་སྦྲུལ་ཞགས་གཡོན་ནད་རྐྱལ། །ཆིབས་སུ་ཆུ་སྲིན་ཁམ་པ་བཅིབས། །ནག་པོ་མགོ་དགུའི་ཐུགས་དམ་བསྐང་། །ཕྱག་གཡས་སྦྲུལ་གྱི་ཞགས་པ་ཡིས། །སྡང་བའི་དགྲ་བོའི་མགུལ་ནས་ཆིངས། །གཡོན་པས་ནད་ཀྱི་རྐྱལ་པ་ཐོགས། །མཛེ་ནད་སྣ་དགུ་དགྲ་ལ་ཐོངས། །ཀླུ་བདུད་ནག་པོའི་ཐུགས་དམ་བསྐང་། །དམ་ཉམས་སྡང་བའི་དགྲ་བོ་ལ། །ནད་རིམས་སྣ་ཚོགས་ཆར་ལྟར་ཕོབས། །མཛེ་རིགས་བཅོ་བརྒྱད་དགྲ་ལ་ཐོངས། །ཀླུ་བདུད་འབུམ་གྱི་ཐུགས་དམ་བསྐང་། །སྤྲུལ་པ་འབུམ་གྱི༴ ཐུགས་དམ་བསྐང་ངོ་མཉེས་པར་མཛོད། །ཀླུ་ཡི་གཏད་ཁྲམ་དགྲ་ལ་བསྒྱུར། །བཅོལ་བའི༴ ཧཱུྃ་དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང་། །དཔལ་ལྡན་ལྷ་མོའི༴ འཁོར་དང་བཅས་པའི་ཐུགས་དམ་བསྐང་༴ ལྷ་སྲིན་སྡེ་བརྒྱད་རྣམས་ཀྱི༴ ཐུགས་དམ་བསྐང་བའི་དམ་རྫས་ནི། །ཕྱི་ནང་གསང་བའི་མཆོད་པ་དང་། །བདུད་རྩི་སྨན་དང་རཀྟ་དང་། །དམར་ཆེན་གཏོར་མས་ཐུགས་དམ་བསྐང་། །རྐང་དུང་སིལ་སྙན་རོལ་མོ་ཡིས། །བསྟན་སྲུང་མ་མགོན་ལྕམ་དྲལ་དང་། །སྡེ་བརྒྱད་འཁོར་དང་བཅས་པ་ཡི། །བསྐང་ངོ་ཐུགས་དམ་གཉན་པོ་བསྐང་། །ཐུགས་དམ་གཉན་པོ་དེ་སྐོངས་ལ། །གནོད་བྱེད་དགྲ་བགེགས་མྱུར་དུ་སྒྲོལ། །ཚོགས་ཀྱི་མཆོད་པ་ཆེན་པོ་དང་། །བདུད་རྩི་སྨན་དང་རཀྟ་དང་། །ཤ་ཁྲག་དམར་གྱི་གཏོར་མ་འདིས། །མགོན་པོ་ལྷ་མོའི་ཐུགས་དམ་བསྐང་། །སྡེ་བརྒྱད་མགོན་པོའི༴ ཤར་ཕྱོགས་ལྷ་ཡི་དམག་དཔོན༴ ལྷོ་ཕྱོགས་གཤིན་རྗེའི་ད མག་དཔོན༴ ནུབ་ཕྱོགས་ཀླུ་ཡི་དམག་དཔོན༴ བྱང་ཕྱོགས་གནོད་སྦྱིན་དམག་དཔོན༴ ཤར་ལྷོ་མེ་ལྷའི་དམག་དཔོན༴ ལྷོ་ནུབ་སྲིན་པོའི་དམག་དཔོན༴ ནུབ་བྱང་རླུང་ལྷའི་དམག་དཔོན༴ བྱང་ཤར་ཀླུ་བདུད་དམག་དཔོན༴ དགྲ་བགེགས་བསྒྲལ་བའི་དུས་ལ་བབས། །བར་ཆད་རྐྱེན་རྣམས་དགྲ་ལ་བཟློག །བཅོལ་བའི་ཕྲིན་ལས༴ ཧཱུྃ་ཡང་ཅིག་ཐུགས་དམ་བསྐང་བ་ནི། །མགོན་པོ་རྟ་ནག་བཅིབས་པའི་ཐུགས་དམ་བསྐང་། །ལྷ་མོ་དྲེའུ་ནག་བཅིབས་པའི༴ ལྷ་མི་དཀར་ལྷ་གཡག་བཅིབས་པའི༴ གཤིན་རྗེ་མི་ནག་མ་ཧེ་བཅིབས་པའི༴ བཙན་མི་དམར་རྟ་དམར་བཅིབས༴ མི་དཀར་གཡུ་འབྲུག་བཅིབས་པའི༴ ལྷོ་ནུབ་བེ་ཧར་རྒྱལ་པོའི༴ ནུབ་བྱང་མི་སྔོན་སྟག་ལ་བཅིབས༴ བྱང་མི་ནག་རྟ་ནག་བཅིབས༴ བྱང་ཤར་མི་ནག་རྟ་སྔོན་བཅིབས༴ སྤྲུལ་པའི་བྱ་ནག་འབུམ་གྱི༴ སྟག་གཟིག་དོམ་དྲེད་འབུམ་གྱི༴ བདུད་ཀྱི་ཁྱི་ནག་འབུམ་གྱི༴ ཐུགས་དམ་བསྐང་ངོ་དགྲ་བགེགས་སྒྲོལ། །བདག་ཅག་རྣལ་འབྱོར་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་བདག་མི་ནོར་ལ། །མི་ལ་ན་ཚ་མ་བཏང་ཅིག །ཕྱུག་ལ་གོད་ཁ་མ་བཏང་ཅིག །ཞིང་ལ་བཙའ་སད་སེར་གསུམ་མ་བཏང་༴ ཆོ་འཕྲུལ་གདུག་རྩུབ་མ་བཏང་༴ བདག་གི་བསྟན་པ་སྲུང་དུ་གསོལ། །ལྷ་ཡི་བ་དན་གྱེན་དུ་ཕྱོར། །འཁོར་རྣམས་སྲུངས་ལ་རྐྱེན་རྣམས་བཟློག །བདུད་བཙན་ལ་སོགས་སྡེ་བརྒྱད་རྣམས། །སྡང་བའི་དགྲ་བོ་རྡུལ་དུ་རློག །དགྲ་བོ་དམ་ཉམས་མྱུར་དུ་སྒྲོལ། །བཅོལ་པའི་ཕྲིན་ལས་མྱུར་དུ་མཛོད། །ཅེས་དང་། གཞན་ཡང་། ཧཱུྃ་མ་ཧཱ་ཀཱ་ལའི་ཕྱི་འཁོར་ནི། །དཔལ་མགོན་བདུན་ཅུ་རྩ་བདུན་དང་། །ལྷ་ཀླུ་གཟའ་ཆེན་ནོར་སྲུང་དང་། །ཕྱོགས་སྐྱོང་རྒྱལ་ཆེན་ལ་སོགས་པའི། །གཙང་རིས་མགོན་པོའི་ཐུགས་དམ་བསྐང་། །སྡང་བའི་དགྲ་བོ་མྱུར་དུ་སྒྲོལ། །ཧཱུྃ་མ་ཧཱ་ཀཱ་ལའི་བཀའ་སྡོད་ནི། །དྲི་ཟ་མེ་ལྷ་གཤིན་རྗེ་དང་། །བདེན་བྲལ་ཆུ་བདག་རླུང་ལྷ་དང་། །གནོད་སྦྱིན་དབང་ལྡན་ས་བདག་དང་། །ཉི་ཟླ་གཟའ་སྐར་ཚོགས་དང་བཅས། །ལྷ་ཡི་ཚོགས་དང་ཀླུ་ཡི་ཚོགས། །སྲིན་པོ་རོ་ལངས་ཤ་ཟ་དང་། །མཁའ་འགྲོ་ཤུགས་འགྲོ་མ་སྲིང་རྣམས། །འདོད་ཡོན་མཆོད་པས་ཐུགས་དམ་བསྐང་། །སྡང་བའི་དགྲ་བོ་མྱུར་དུ་སྒྲོལ། །གཞན་ཡང་བཀའ་ཉན་ལས་མཛད་པ། །མ་མོའི་ཚོགས་དང་ཟ་བྱེད་ཚོགས། །གཞོན་ནུ་མོ་དང་གཏོགས་འདོད་མོ། །རྒྱལ་ཆེན་མོ་དང་སྣ་ཆེན་མོ། །ལྷ་ཆེན་མོ་དང་སྲིན་མོ་དང་། །སྦྲུལ་དང་གཟིག་དང་བྱི་ལ་དང་། །ཕ་ཝཾ་དྲེད་མོ་ཕག་དང་ནི། །རྔ་མོ་ལ་སོགས་མགོ་ཅན་སྟེ། །ཟ་བྱེད་གདུག་པ་ཆེན་པོའི་ཚོགས། །ཕྲ་མེན་རྣམས་ཀྱི་ཐུགས་དམ་བསྐང་། །སྡང་བའི་དགྲ་བོ་མྱུར་དུ༴ ཤན་པ་རྣམས་ཀྱི༴ སྤྲུལ་པ་རྣམས་ཀྱི༴ ཡང་སྤྲུལ་རྣམས་ཀྱི༴ བཅོལ་པའི་ཕྲིན་ལས༴ ཧཱུྃ་མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །ལྷ་མི་ཀུན་གྱི་དགྲ་བླ་སྟེ། །རྫུ་འཕྲུལ་ལྡན་པའི་རྟ་ལ་བཅིབས། །སྤྲུལ་པ་བྱ་ཁྲ་བཞི་དང་ནི། །བྱ་ཁྱུང་བཞི་ཡང་སྟེང་དུ་ལྡིང་། །སྟག་གཟིག་དོམ་དྲེད་ཕྱི་ནས་འདྲོལ། །གནམ་ལྕགས་སེར་ཆེན་དགྲ་ལ་འབེབ། །ཤ་ཁྲག་གཏོར་མས་ཐུགས་དམ་བསྐང་། །མ་ཧཱ་ཀཱ་ལའི་གཡས་ཕྱོགས་ན། །རྣལ་འབྱོར་ཕོ་ལྷ་ཀྱི་ལི་ལི། །མ་ཧཱ་ཀཱ་ལའི་གཡོན་ཕྱོགས་ན། །ཆོས་ཀྱི་དགྲ་ལྷ་ཤ་ར་ར། །མ་ཧཱ་ཀཱ་ལའི་སྔོན་རོལ་དུ། །སྲུང་མའི་དམག་ཚོགས་སྐར་ལྟར་འཁྲིགས། །མ་ཧཱ་ཀཱ་ལའི་རྒྱབ་ཕྱོགས་ནས། །ལྷུན་གྲུབ་གཉན་དམག་སྐར་ལྟར་འཁྲིགས། །འདོད་ཡོན་མཆོད་པས༴ སྡང་བའི་དགྲ་བོ༴ བྱ་རྒྱལ་ཁྱུང་ཆེན་ལ་སོགས་པའི། །འདབ་ཆགས་རྣམ་པ་སྣ་ཚོགས་ཀྱིས། །མ་ཧཱ་ཀཱ་ལའི༴ འབྲོང་བུ་ཤ་རྐྱང་ལ་སོགས་པའི། །རི་དྭགས་རྣམ་པ་སྣ་ཚོགས་ཀྱིས། །མ་ཧཱ་ཀཱ་ལའི༴ སེང་གེ་སྟག་གཟིག་ལ་སོགས་པའི། །གཅན་གཟན་རྣམ་པ་སྣ་ཚོགས་ཀྱིས། །མ་ཧཱ་ཀཱ་ལའི༴ ཅང་ཤེས་མ་ཧེ་ལོགས་པའི། །ཡུང་དྭགས་རྣམ་པ་སྣ་ཚོགས་ཀྱིས། །མ་ཧཱ་ཀཱ་ལའི༴ གཡུ་འབྲུག་ཆུ་སྲིན་ལ་སོགས་པའི། །ཆུ་གནས་རྣམ་པ་སྣ་ཚོགས་ཀྱིས། །ལེགས་ལྡན་སྲས་ཀྱི༴ ཟ་ལེ་འབྲི་དང་ཤེལ་སྒོང་ལུག །ཙ་ར་མཁའ་ལྡིང་ཁྱུ་ཚོགས་ཀྱིས། །མ་ཧཱ་ཀཱ་ལའི༴ དམར་གྱི་གཏོར་མ་རྒྱན་ཅན་དང་། །བདུད་རྩི་གསེར་སྐྱེམས་རཀྟ་ཡིས། །དྲེགས་ལྡན་རྗེ་ཡི་ཐུགས་དམ་བསྐང་། །ཤིང་ཏོག་མེ་ཏོག་སྣ་ཚོགས་དང་། །སྨན་སྣ་སྤོོས་སྣ་སྣ་ཚོགས་ཀྱིས། །མ་ཧཱ་ཀཱ་ལའི༴ ལ་དུ་ལ་ཕུག་འབྲང་རྒྱས་དང་། །དར་ཚོན་རྣམ་པ་སྣ་ཚོགས་དང་། །རིན་ཆེན་སྣ་ལྔའི་ཕྱེ་མ་ཡིས། །མ་ཧཱ་ཀཱ་ལའི༴ ཁྲབ་ཕུབ་ཤང་ལང་ལ་སོགས་པའི། །གོ་མཚོན་རྣམ་པ་སྣ་ཚོགས་དང་། །ཁྱུ་མཆོག་གནག་གིས་ཐུགས་དམ་བསྐང་། །ལྷ་དང་མི་ཡི་འཇིག་རྟེན་ན། །བདག་པོས་ཡོངས་སུ་མ་བཟུང་བའི། །འདོད་རྫས་སྣ་ཚོགས་ཅི་མཆིས་པས། །མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང་། །སྡང་བའི་དགྲ་བོ་མྱུར་དུ༴ མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །ཙན་དན་བེང་གིས་ཐུགས་དམ་བསྐང་། །གཡག་ནག་ཙིཪྟས༴ ལུག་ནག་ཙིཏྟས༴ རྟ་ནག་ཙིཏྟས༴ སྡང་བའི་དགྲ་བོ་མྱུར་དུ་སྒྲོལ། །ཧཱུྃ་མ་ཧཱ་ཀཱ་ལ་མཐུ་ཆེན་ཁྱོད། །སྒྲུབ་ལ་བར་ཆད་བྱུང་བ་དང་། །དམ་རྫས་གཞན་གྱིས་མཐོང་བ་དང་། །ཐུགས་དམ་དུས་སུ་མ་བསྐོངས་དང་། །སྐུ་སྒོམ་སྔགས་བཟླས་གཡེལ་བ་དང་། །གཏོར་མ་ཆུང་ཞིང་དུས་ལ་གཡེལ། །སྒྲུབ་དུས་བསྐུལ་བ་ཞན་པ་དང་། །གསང་བའི་དམ་ཚིག་སྨྲས་པ་རྣམས། །གནོང་ངོ་འགྱོད་དོ་མཐོལ་ལོ་བཤགས། །བཟོད་པར་བཞེས་ནས་ཚངས་པར་སྩོལ། །བདག་གི་ཚོར་བར་མ་ཉམས་སོ། །ཁྱེད་ཀྱི་ཐུགས་ལ་ཚོར་སྲིད་ན། །བསྐང་ངོ་བཤགས་སོ་བྱང་བར་མཛོད། །ཁྱེད་ཀྱང་དམ་ལ་མ་འདའ་བར། །བསྐུལ་ན་ང་ཡི་ཕྲིན་ལས་མཛོད། །ང་ཡང་དམ་ལས་མི་འདའ་སྟེ། །ཁྱེད་ནི་རྟག་ཏུ་བསྒྲུབ་ཅིང་མཆོད། །འོ་སྐོལ་གཉིས་ཀྱི་དམ་ཚིག་ནི། །སྲོག་ལ་བབས་ཀྱང་གཞུང་བསྲུང་འཚལ། །བསྐལ་པ་ཞིག་ཀྱང་མི་འབྲལ་ལོ། །ལྟེམ་མེ་རྐྱང་ངེ་མ་མཛད་པར། །བདག་ལ་སྡང་བའི་དགྲ་བྱུང་ན། །ཕ་ཁུ་ཡིན་ཀྱང་མྱུར་དུ་སྒྲོལ། །བདུན་རྒྱུད་ཚུན་ཆད་ཆོད་ལ་ཤོག །རྫས་དང་ཕུད་ཀྱིས་ཁྱོད་མཆོད་དོ། །དམ་ཉམས་སྡང་བའི་དགྲ་བོ་ལ། །རྟག་ཏུ་དྲག་པོའི་ཕྲིན་ལས་མཛོད། །དགྲ་རྫས་ལིང་ག་ལིང་གཟུགས་འདིས། །མ་ཧཱ་ཱཀཱ་ལའི་ཐུགས་དམ་བསྐང་། །ཡུམ་ཆེན་ཡཀྴ་བེ་ཏ་ལི། །སྐུ་གསུང་ཐུགས་ཀྱི་མགོན་པོ་དང་། །ཕྱོགས་བཅུའི་མགོན་པོའི༴ འཁོར་དང་བཅས་པའི༴ ལྷ་དམག་བྱེ་བའི༴ བཀའ་བསྡོད་སྤྲུལ་པའི༴ དམ་བཅའ་མ་གཡེལ་མྱུར་དུ་སྒྲུབ། །བདག་གི་བསྟན་དགྲ་དམ་ཉམས་འདི། །བསྒྲལ་བའི་ཞིང་དུ་གྱུར་པ་སྟེ། དང་པོ་སངས་རྒྱས་བསྟན་པ་བཤིག །བར་དུ་དཀོན་མཆོག་དབུ་འཕངས་སྨད། །ཐ་མ་གསང་སྔགས་ཁྱད་དུ་བསད། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །བསྲུང་མ་རྣམས་ཀྱི་སྐུ་ལ་བསྡོས། །རྣལ་འབྱོར་བདག་གི་སྒོས་དགྲ་བྱས། །སྟོང་ཁམས་ཕུང་ཞིང་རྒྱལ་ཁམས་བརླགས། །ངན་ཁྲིམས་བསྟན་པ་དར་བར་བྱས། །ཐེག་པ་ཆེན་པོའི་ཆོས་རྣམས་ནི། །འདི་ཡི་སྨད་ཅིང་ཁྱད་དུ་བསད། །ཁྱེད་རྣམས་མཐུ་དང་ནུས་པ་ཡིས། །སྡང་བའི་དགྲ་བོ་མྱུར་དུ་སྒྲོལ། །བདུད་ཀྱི་ཞགས་པ་ནག་པོས་ཆིངས། །གཤིན་རྗེ་ནག་པོའི་ཁྲམ་ལ་ཐོབས། །ཀླད་པ་དཀར་པོ་ཞོ་ལྟར་ད ཀྲུགས། །སྲོག་རྩ་དམར་པོ་རྦད་ཀྱིས་ཆོད། །དོན་སྙིང་དམར་པོ་ཞལ་གྱིས་གསོལ། །ཁོང་ཁྲག་དམར་པོ་ཧུབ་ཀྱིས་འཐུང་། །ཤ་ཁྲག་རུས་པའི་ཚོགས་རྣམས་ལ། །འཁོར་དང་བཅས་པའི་ལོངས་སྤྱོད་ཀྱིས། །དམ་ཉམས་སྡང་བའི་དགྲ་བོ་འདི། །ལོ་དང་ཟླ་བར་མ་བཏང་ཅིག །ཞག་དང་ཟ་མའི་ནང་དུ་སྒྲོལ། །ད་ལྟ་ཉིད་དུ་རྡུལ་དུ་རློགས། །ༀ་ཤྲཱྀ་མ་ཧཱ་ཀཱ་ལ་དགྲ་བོ་མ་ར་ཡ་ཧཱུྃ་ཕཊ༔ གཉིས་པ་མངའ་གསོལ་བྱ་བ་ལ། དཀྱིལ་འཁོར་གྱི་མདུན་དུ་ཟངས་སྣོད་གས་ཆག་མེད་པ། མཉྫིས་བཏེགས་པའི་ཁར་གཏོར་མ་སྐྱུ་གུ་ཤ་དུམ་གྱིས་བརྒྱན་པ་ལ་བཟའ་བ་གཡས་དང་། ཕུད་རྐོང་དུ་རིན་པོ་ཆེ་བདར་བའི་ཇ་ཆང་གི་སྐྱེམས་ཕུད་ཅི་རིགས་པའི། །


previousལེགས་ལྡན་ཚོགས་ཀྱི་བདག་པོའི་བསྐང་བཤགས་འདོད་དགུ་ལྷུན་གྲུབ་ཡིད་བཞིན་དབང་གི་རྒྱལ་པོ།next