Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

18 occurrences of མགོན་པོ་བེང་
[Clear Hits]


  
  
 
 
  
  
  
  
 
 
 
སྲུང་མས་བཟློག་པ།
  
  
  
  


18 occurrences of མགོན་པོ་བེང་
[Clear Hits]

 
previousསྲུང་མས་བཟློག་པ།next

སྲུང་མས་བཟློག་པ།

༄༅། །སྲུང་མས་བཟློག་པ་ནི། གོང་ལྟར་འགུག་བསྒྲལ་བསྟབས་པ་སོགས་བྱས་ལ་འདི་སྐད་དོ། ཧཱུཾ་ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། དགྲ་བགེགས་འདུལ་ཕྱིར་དྲག་པོའི་སྐར་སྟོན་པ། དུས་གསུམ་སངས་རྒྱས་ཀུན་གྱི་བྱིན་རླབས་ཀྱིས། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་མཐུ་དབང་བསྐར། འཇིག་རྟེན་དྲག་པ་རྣམས་ཀྱིས་མངའ་གསོལ་བ། །ཆོས་སྐྱོང་ཕོ་རྒྱུད་ཡོངས་ཀྱི་སྤྱི་རྗེ་བོ། དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་ཆེ། །ཆོས་སྐྱོང་མོ་རྒྱུད་ཡོངས་ཀྱི་སྤྱི་རྗེ་མོ། ཡུམ་ཆེན་ཁྲོ་མོ་ཡཀྴ་བཻ་ཏ་ལི། །འདོད་ཡོན་རྒྱན་གྱི་གཏོར་མ་འདི་བཞེས་ལ། །དགྲ་སྣ་གྱོད་སྣ་ཇག་སྣ་རྐུན་སྣ་བཟློག །དྲི་ཁ་བཅོ་བརྒྱད་མཚོན་ཁ་སྨེ་ངོ་བཟློག ནད་སྣ་རིམས་སྣ་གདོན་སྣ་གོད་སྣ་བཟློགཿ བྱད་སྣ་ཐན་སྣ་དམོད་སྣ་གཅན་སྣ་བཟློག རྨི་ལམ་ངན་དང་ལྟས་ངན་ཐམས་ཅད་བཟློགཿ ཧཱུཾ་མགོན་པོ་སྐ་མཆོག་སྔོ་སྐྱ་འཇིགས་ལ་རྔམསཿ ནག་པོ་སྟོང་དང་ཁྲོ་བོ་ཁྲོ་མོས་བསྐོརཿ འདོད་ཡོན་བརྒྱན་སོགས། །ཧཱུཾ་མགོན་པོ་གསུང་མཆོད་དམར་སྐྱ་འཇིགས་ལ་རྔམསཿ ཁྲོ་བོ་ཤ་ཟ་ཁྲག་འཐུང་འབུམ་གྱིས་བསྐོརཿ འདོད་ཡོན་རྒྱན་སོགས། ཧཱུཾ་མགོན་པོ་ཐུགས་མཆོག་གཏུམ་ལ་རྔམ་པའི་སྐ༔ མ་མོ་མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོརཿ འདོད་ཡོན་སོགས། ཧཱུཾ་ཤར་ཕྱོགས་དཔལ་རབ་འཆང་གི་མགོན་པོ་དངཿ བཙུན་མོ་སྲས་དང་འཁོར་དང་བཅས་པ་རྣམསཿ འདོད་ཡོན་སོགས། ཧཱུཾ་ལྷོ་ཕྱོགས་མགོན་པོ་ལེགས་ལྡན་ནག་པོ་ནིཿ བཙུན་མོ་སྲས་དང་འཁོར་དང་བཅས་པ་རྣམསཿ འདོད་ཡོན་སོགསཿ ཧཱུཾ་ནུབ་ཕྱོགས་བྲག་ལྷ་མགོན་པོ་འཇིགས་པའི་ལྷཿ བཙུན་མོ་སྲས་དང་འཁོར་དང་བཅས་པ་རྣམསཿ འདོད་ཡོན་སོགས། ཧཱུཾ་བྱང་ཕྱོགས་མགོན་པོ་རྒྱལ་ཆེན་རྣམ་ཐོས་སྲས། །བཙུན་མོ་སྲས་དང་འཁོར་དང་བཅས་པ་རྣམསཿ འདོད་ཡོན་སོགས། ཧཱུཾ་ཤར་ལྷོ་མགོན་པོ་ཨཱཪྱ་ཛམྦྷ་ལ། བཙུན་མོ་སྲས་དཔལ་ལྡན་མགོན་པོའི་བཟློག་གཞུང་མཚོན་ཆ་འཁོར་ལོ་ལས་བཻ་རོ་ཙ་ནས་རྒྱལ་མོ་ཚ་བ་རོང་དུ་མཛད་པའི་འགྲེས་བྱང་བཞུགས་སོ། །འདོད་ཡོན་བརྒྱན་གྱི་གཏོར་མ་འདི་བཞེས་ལ། །དགྲ་སྣ་གྱོད་སྣ་ཇག་སྣ་རྐུན་སྣ་བཟློག །དྲི་ཁ་བཅོ་བརྒྱད་མཚོན་ཁ་སྨེ་ངོ་བཟློག །ནད་སྣ་རིམས་སྣ་གདོན་སྣ་གོད་སྣ་བཟློག །བྱད་སྣ་ཐུན་སྣ་དམོད་སྣ་གཅན་སྣ་བཟློག །རྨི་ལམ་ངན་དང་ལྟས་ངན་ཐམས་ཅད་བཟློག འགྲེས་སོ། །དང་འཁོར་དང་བཅས་པ་རྣམས། འདོད་ཡོན་སོགས ཧཱུཾ་ལྷོ་ནུབ་མགོན་པོ་ཨཱཪྱ་རེ་མནྟ། བཙུན་མོ་སྲས་དང་འཁོར་དང་བཅས་པ་རྣམས། །འདོད་ཡོན་སོགས །ཧཱུཾ་ནུབ་བྱང་མགོན་པོ་པཱརྞ་ཤ་བ་རིཿ བཙུན་མོ་སྲས་དང་འཁོར་དང་བཅས་པ་རྣམསཿ འདོད་ཡོན་སོགས། ཧཱུཾ་བྱང་ཤར་མགོན་པོ་རྣམ་སྣང་དབུ་རྒྱན་ཅནཿ བཙུན་མོ་སྲས་དང་འཁོར་དང་བཅས་པ་རྣམསཿ འདོད་ཡོན་སོགས་ཧཱུཾ་སྟེང་གི་མགོན་པོ་དུང་གི་ཐོར་ཚུགས་ཅནཿ བཙུན་མོ་སྲས་དང་འཁོར་དང་བཅས་པ་རྣམསཿ འདོད་ཡོན་སོགས༴ ཧཱུཾ་འོག་གི་མགོན་པོ་ཤྲཱྀ་བྷེ་ཏ་ལི། བཙུན་མོ་སྲས་དང་འཁོར་དང་བཅས་པ་རྣམསཿ འདོད་ཡོན་སོགས ཧཱུཾ་སྲིད་པ་ལྷ་ཡི་མགོན་པོ་དཀར་ལ་འཚེར། །འཁོར་དུ་ལྷ་ཡི་དམག་ཚོགས་འབུམ་གྱིས་བསྐོརཿ འདོད་ཡོན་སོགས། ཧཱུཾ་གཤིན་རྗེ་ཡ་མ་རཱ་ཛ་ནག་ལ་རྔམཿ །འཁོར་དུ་འཆི་བདག་གཤིན་རྗེ་འབུམ་གྱིས་བསྐོར༔ འདོད་ཡོན་སོགས། །ཧཱུཾ་མ་མོ་སྲིད་པའི་རྒྱལ་མོ་ནག་ལ་འཇིགསཿ འཁོར་དུ་མ་མོ་མཁའ་འགྲོ་འབུམ་གྱིས་བསྐོརཿ འདོད་ཡོན་སོགས ཧཱུཾ་བདུད་པོ་རྐོས་རྗེ་དྲང་དཀར་མཐིང་ནག་རྔམས། འཁོར་དུ་བདུད་ཀྱི་དམག་ཚོགས་འབུམ་གྱི་བསྐོརཿ འདོད་ཡོན་སོགས༔ ཧཱུཾ་ཤར་ལྷོ་བཙན་རྗེ་སྲོག་བདག་དམར་ལ་འཇིགསཿ འཁོར་དུ་བཙན་གྱི་དམག་ཚོགས་འབུམ་གྱིས་བསྐོརཿ འདོད་ཡོན་སོགས ཧཱུཾ་དགྲ་ལྷའི་རྒྱལ་པོ་པེ་ཧར་དཀར་ལ་བརྗིདཿ འཁོར་དུ་འགོང་པོའི་དམག་ཚོགས་འབུམ་གྱིས་བསྐོརཿ འདོད་ཡོན་སོགས། ཧཱུཾ་གནོད་སྦྱིན་ཀཱ་ལ་ཡཀྴ་སྔོ་ལ་རྔམས། །འཁོར་དུ་གནོད་སྦྱིན་ནོར་ལྷ་འབུམ་གྱིས་བསྐོར། འདོད་ཡོན་སོགས། ཧཱུཾ་ཀླུ་བདུད་འཆི་བདག་མགོ་དགུ་འཇིགས་པའི་སྐ། །འཁོར་དུ་ས་བདག་ཀླུ་གཉན་འབུམ་གྱིས་བསྐོར། འདོད་ཡོན་སོགས། ཧཱུཾ་ལྷ་དབང་བརྒྱ་བྱིན་ཉེ་དབང་སུམ་ཅུ་སོགསཿ ལྷ་ཡི་དམག་ཚོགས་བྱེ་བ་དུང་ཕྱུར་རྣམསཿ འདོད་ཡོན་རྒྱན་སོགས། ཧཱུཾ་ཁམས་གསུམ་དབང་སྡུད་དགྲ་ལྷ་ལ་སོགས་ཏེ། །སངས་རྒྱས་ཆོས་ཀྱི་དགྲ་བླ་ཐམས་ཅད་ཀྱི། འདོད་ཡོན་སོགས། ཧཱུཾ་རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ་ལ་སོགས། །དཔལ་མགོན་བདུན་ཅུ་རྩ་ལྔ་འཁོར་བཅས་རྣམས། །འདོད་ཡོན་སོགས། མགོན་པོའི་བཀའ་སྡོད་ཕྲ་མེན་མགོ་བརྙན་ཅན། སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས། འདོད་ཡོན་སོགས། གཞན་ཡང་སངས་རྒྱས་བསྟན་པ་སྲུང་མཛད་པའི། །མགོན་པོ་ཕྱག་བཞི་བ་དང་ཕྱག་དྲུག་པ། །སྟག་ཞོན་ཅན་དང་གུར་གྱི་མགོན་པོ་དང་། །དྲག་ཤད་ཅན་དང་དུག་གི་སྤུ་གྲི་དང་། །ཨ་གྷུ་ར་དང་བྱ་རོག་གདོང་ཅན་དང་། །དཔལ་བྱོན་མ་ནིང་བདུད་མགོན་སེང་གདོང་སོགས། །ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་འཁོར་བཅས་རྣམས། འདོད་ཡོན་རྒྱན་སོགས། ས་བདག་སྟོང་ཁྱབ་ཡབ་ཡུམ་ལ་སོགས་ཏེ། །སྟོང་གསུམ་ས་བདག་ཀླུ་ུགཉན་དཔལ་མགོན་རྣམསཿ འདོད་ཡོན་སོགས། འཛམ་གླིང་རི་གཉན་མཚོ་གཉན་བྲག་གཉན་ལ། །གནས་པའི་ས་བདག་ཀླུ་གཉན་གཟའ་བཙན་རྣམས། འདོད་ཡོན་སོགས། ཧཱུཾ་ཤར་ཕྱོགས་དྲི་ཟའི་གདོན་དང་དགྲ་བགེགས་རྣམས། །མགོན་པོ་འཁོར་བཅས་མཐུ་དང་སྟོབས་ཀྱིས་བཟློག ལྷོ་ཕྱོགས་གྲུལ་བུམ་གདོན་དང་དགྲ་བགེགས་རྣམས། །མགོན་པོ་འཁོར་བཅས་མཐུ་དང་༴ ནུབ་ཕྱོགས་ཀླུ་ཡི་གདོན་དང་དགྲ་བགེགས་རྣམས། །མགོན་པོ་འཁོར་བཅས་མཐུ་དང་༴ བྱང་ཕྱོགས་གནོད་སྦྱིན་གདོན་དང་དགྲ་བགེགས༴ མགོན་པོ་འཁོར་བཅས་མཐུ་དང་༴ ཤར་ལྷོ་མེ་ལྷའི་གདོན་དང་༴ །མགོན་པོ་འཁོར་བཅས་མཐུ་དང་༴ ལྷོ་ནུབ་སྲིན་པོའི་གདོན་དང་དགྲ་བགེགས༴ མགོན་པོ་འཁོར་བཅས་མཐུ་དང་༴ ནུབ་བྱང་རླུང་ལྷའི་གདོན་དང་༴ མགོན་པོ་འཁོར་བཅས་མཐུ་དང་༴ བྱང་ཤར་དབང་ལྡན་གདོན་དང་དགྲ་བགེགས༴ མགོན་པོ་འཁོར་བཅས་མཐུ་དང་༴ སྟེང་ཕྱོགས་ལྷ་ཡི་གདོན་དང་དགྲ་བགེགས་རྣམས༴ མགོན་པོ་འཁོར་བཅས༴ ས་བདག་ཀླུ་གཉན་གདོན་དང་དགྲ་བགེགས༴ མགོན་པོ་འཁོར་བཅས་མཐུ་དང་༴ ལྷ་འདྲེ་ཡོངས་ཀྱི་དམག་སྣ་གཡོས་པ་རྣམས། །མགོན་པོ་འཁོར་བཅས་མཐུ་དང་༴ མི་ནག་ཡོངས་ཀྱི་དམག་སྣ་གཡོས་པ་རྣམས༴ མགོན་པོ་འཁོར་བཅས་མཐུ་དང་༴ གཅན་གཟན་ཡོངས་ཀྱི་སོ་སྣ་བསྟན་པ་ཡང་། །མགོན་པོ་འཁོར་བཅས་མཐུ་དང་སྟོབས༴ ལྷ་འདྲེ་ཡོངས་ཀྱི་ཁ་བསྟན་པ་ཡང་། །མགོན་པོ་འཁོར་བཅས་མཐུ༴ མི་ནག་ཡོངས་ཀྱི་ཟ་ཁ་བསྟན་པ་ཡང་། །མགོན་པོ་འཁོར་བཅས་མཐུ༴ བན་བོན་ཡོངས་ཀྱི་དམོད་བྱད་ཐན་སྣ་ཡང་༴ མགོན་པོ་འཁོར་བཅས༴ མི་ནག་ཡོངས་ཀྱི་མཚོན་ཟ་ཁ་བསྟན་པ་ཡང་། མགོན་པོ་འཁོར་བཅས༴ བུད་མེད་ཡོངས་ཀྱི་དམོད་བྱེད་སྣ་ཚོགས་ཡང་། །མགོན་པོ་འཁོར་བཅས༴ གཞན་གྱི་བསམ་པ་ངན་པའི་དུག་ཟོར་ཡང་། མགོན་པོ་འཁོར་བཅས་མཐུ་དང་༴ བྲན་ཁོལ་ངན་པའི་དམོད་པ་སྣ་ཚོགས་ཡང་། །མགོན་པོ་འཁོར་བཅས༴ ལོགས་ལ་ཝ་སྤྱང་བརྒྱལ་བའི་ལྟས་ངན་ཡང་། མགོན་པོ་འཁོར་བཅས༴ ལྟས་ངན་བརྒྱ་ཅུ་རྩ་གཅིག་གཡོས་པ་ཡང་། མགོན་པོ་འཁོར་བཅས་མཐུ་དང་༴ ཡེ་འགྲོགས་སུམ་བརྒྱ་དྲུག་ཅུ་གཡོས་པ་ཡང་། མགོན་པོ་འཁོར་བཅས༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གནོད་པ་ཡང་། །མགོན་པོ་འཁོར་བཅས་མཐུ་དང་༴ བྱིས་པའི་གདོན་ཆེན་བཅོ་ལྔའི་གནོད་པ་ཡང་། །མགོན་པོ་འཁོར་བཅས་མཐུ་དང་༴ བརྒྱ་ཡི་མི་ཁ་སྟོང་གི་བྲ་མཆུ་རྣམསཿ མགོན་པོ་འཁོར་བཅས༴ དུར་སྲི་ཆུ་སྲི་གཞོན་སྲི་གཡོས་པ་ཡང་ཿ མགོན་པོ་འཁོར་བཅས༴ ལོ་ཀག་ཟླ་ཀག་ཞག་ཀག་དུས་ཚོད་ཀག །མགོན་པོ་འཁོར་བཅས༴ དུས་མ་ཡིན་པའི་འཆི་བ་བཅོ་བརྒྱད་ཡང་། མགོན་པོ་འཁོར་བཅས༴ མི་ཡི་ན་ཚ་ཤི་ཆད་ཐམས་ཅད་ཡང་། མགོན་པོ་འཁོར་བཅས༴ ནོར་གྱི་གོད་ཁ་གོད་སྲི་གོད་འདྲེ་ཡང་། མགོན་པོ༴ ལོ་ནད་འབྲུ་སྲིན་བཙའ་སད་སེར་གསུམ་ཡང་། མགོན་པོ་འཁོར་བཅས་མཐུ༴ གློ་བུར་བརྒྱད་ཅུ་རྩ་ཅིག་གཡོས་པ་ཡང་། མགོན་པོ་འཁོར་བཅས༴ ས་བདག་ཀླུ་གཉན་གཏད་ཁྲམ་མནན་པ་ཡང་། མགོན་པོ་འཁོར་བཅས༴ མཛེ་རིགས་བཅོ་བརྒྱད་ནད་རྣམས་གཡོས་པ་ཡང་། མགོན་པོ་འཁོར་བཅས༴ ཆགས་ཆེ་བ་དང་ཉམ་ང་ཐམ་ཅད་ཀུན། མགོན་པོ་འཁོར་བཅས༴ སྔོན་གྱི་ལས་དང་འཕྲལ་རྐྱེན་གྱུར་པ་རྣམས། མགོན་པོ་འཁོར་བཅས༴ དེ་ལ་སོགས་པའི་མི་མཐུན་ཕྱོགས་ཀུན་ཡང་། མགོན་པོ་འཁོར་བཅས་མཐུ་དང་སྟོབས་ཀྱིས་བཟློག ས་མཱ་ཡཿ བྷྱོ་བྷྱོ་བྷྱོཿ བཟློག་བཟློག་བཟློགཿ དཔལ་ལྡན་མགོན་པོའི་དགྲ་ཆོས་བཟློགས་པ་མཚོན་ཆ་འཁོར་ལོ་ཞེ་ས་བྱ་བ་བཻ་རོ་ཙ་ནས་རྒྱལ་པོ་གསུ་ཞུར་ལ་གདམ་པ་རྫོགས་སོ། ༈ དཔལ་མགོན་ལེགས་ལྡན་ནག་པོའི་བཟློག་གྱེར་སློབ་དཔོན་པདྨ་དང་། །བཻ་རོ་ཙ་ན་གཉིས་ཀྱིས་མཛད་པ་བཞུགས། །ཧཱུཾ་དཔལ་མགོན་མ་ཧཱ་ཀཱ་ལ་མཐུ་བོ་ཆེ། དྲག་པོར་མཚན་གསོལ་ལེགས་ལྡན་ནག་པོ་སྟེ། ལྷན་མིན་གྲོང་ཁྱེར་སུམ་བརྩེགས་འཇིག་པར་བྱེད། །སྲིན་པོའི་གྲོང་ཁྱེར་བདུན་འབུམ་གཏན་ནས་བརླག ལྷ་ཡི་དམག་དཔུང་གཡུལ་ལས་རྣམ་པར་རྒྱལ། ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐལ་བའི་ཚེ། །དཀར་ཚོགས་ལྷ་དམག་བྱེ་བ་དུང་ཕྱུར་བཅས། །ཉོན་མོངས་ལྷ་མིན་དམག་ཚོགས་བཟློག་པར་མཛད། ཕྱོགས་ལས་རྣམ་རྒྱལ་ལྷ་ཡི་སྡེ་དཔོན་ཁྱོད། ནག་པོའི་རྩ་ལག་འཇོམས་པའི་དཔལ་དང་ལྡན། བདུད་དང་འཆི་བདག་བཟློག་པའི་སྟོབས་པོ་ཆེ། སྲིད་པའི་ཁྲམ་ཁ་བསྒྱུར་བའི་མཐུ་བོ་ཆེ། ལྷ་མིན་དམག་ཚོགས་བཟློག་པའི་མཐུ་རྩལ་ཅན། དོ་ནུབ་བཟློག་བསྒྱུར་བྱེད་པའི་དུས་ལ་བབ། དོ་ནུབ་སྲིད་པའི་ཁྲམ་ཁ་དགྲ་ལ་བསྒྱུར། །དོ་ནུབ་ལྷ་འདྲེའི་དམག་སྣ་དགྲ་ལ་དྲོངས། དོ་ནུབ་རྦོད་གཏོང་བཟློག་པའི་དུས་ལ་བབ། །ཡེ་ཤེས་ལྷ་ཡི་བཀའ་ཆད་ཉི་ལྟར་ཤར། །དེ་ཡང་བཟློག་པའི་ཕྲིན་ལས་མཛོད། དྲང་སྲོང་དམོད་པ་ཐོག་ལྟར་འབེབས། དེ་ཡང་བཟློག་པའི༴ གཤིན་རྗེའི་འཕྲུལ་འཁོར་བྲག་ལྟར་རྔམ། དེ་ཡང་བཟློག་པའི༴ སྲིན་པོའི་གདུག་རྩུབ་མུན་ལྟར་གཏིབས། །དེ་ཡང་བཟློག་པའི༴ ཀླུ་ཡི་དུག་རླངས་སྤྲིན་ལྟར་གཡོས། དེ་ཡང་བཟློག༴ རླུང་ལྷའི་སྦྱོར་བ་རྩུབ་མོ་གཡོས། །དེ་ཡང་བཟློག༴ གནོད་སྦྱིན་གདུག་པ་རླུང་ལྟར་འཕྲོ། དེ་ཡང་༴ འབྱུང་པོའི་དལ་ཁ་ཆུ་ལྟར་ཁོལ། །དེ་ཡང་བཟློག་པའི་ཕྲིན་ལས༴ གཟའ་ཡི་ཀི་ཀཾ་མེ་ལྟར་འབར། དེ་ཡང་བཟློག་པའིཿ མ་མོའི་དལ་ཁ་མཚོ་ལྟར་རླབས། དེ་ཡང་བཟློག༴ མཁའ་འགྲོའི་ཆོ་འཕྲུལ་གློག་ལྟར་འགྱུ། དེ་ཡང་བཟློག༴ གནོད་སྦྱིན་མ་རུངས་སྡང་མིག་བྱེད། དེ་ཡང་༴ བདུད་མོས་ཁྲག་གི་ཁ་ཕྲུ་གཏོང་། དེ་ཡང་༴ གཤིན་རྗེ་དམར་པོས་ལྕེ་དམར་བརྐྱངས། དེ་ཡང་བཟློག༴ སྲིན་པོ་ཁྲོས་པས་མཆེ་བ་གཙིགས། དེ་ཡང་༴ མོན་མོས་བརྡ་གར་བརྡ་འབོད་བྱེད། །དེ་ཡང་བཟློག༴ འདྲེ་མོས་འཛབ་ཤིང་ལག་པ་བརྐྱངས། དེ་ཡང་༴ མ་མོའི་ངན་སྔགས་སྒྱོགས་ལྟར་འཕེན། དེ་ཡང་༴ ཀླུ་ཡིས་ཁ་རླངས་ཟེར་ལྟར་འཕྲོ། དེ་ཡང་བཟློག༴ ལྷ་མིན་གནོད་པ་སྐར་ལྟར་འཁྲུགས། དེ་ཡང་༴ ཞང་བློན་ཚོན་གྱིས་དྲུ་གུ་རྐྱོང་། དེ་ཡང་བཟློག༴ མོན་པ་ནག་པོས་སྤུ་གྲི་བརྡར། དེ་ཡང་བཟློག༴ དམུ་ཡི་རྡོ་ཟོར་ཆར་ལྟར་འབེབ། དེ་ཡང་༴ མཁའ་ལྡིང་གནོད་པ་གློག་ལྟར་འགྱུ། དེ་ཡང་༴ མི་འམ་ཅི་ཡི་གནོད་པ་འཇའ་ལྟར་ཤར། །དེ་ཡང་༴ ལྟོ་འཕྱེའི་ཆོ་འཕྲུལ་ས་ལྟར་གཡོ། དེ་ཡང་༴ བདུད་ཀྱི་ཁྲམ་ཁ་རི་ལྟར་བསྙིལ། དེ་ཡང་༴ བཙན་གྱི་ཤྭ་རྡོ་རྦབ་ལྟར་འདྲིལ། དེ་ཡ ང་༴ རྒྱལ་པོའི་ཆོ་འཕྲུལ་འོད་ལྟར་ཤར༴ དེ་ཡང་༴ ལྟམས་ངན་སྤྲུལ་པ་མགོ་བརྙན་རྡུག དེ་ཡང་༴ ས་བདག་གདུག་པ་བྱི་ལྟར་འཛུལ། དེ་ཡང་༴ ཐམས་ཅད་དགྲ་བོའི་ཐོག་ཏུ་རྦད། ཐམས་ཅད་དགྲ་བོའི་ཐོག་ཏུ་བསྒྱུར། ཐམས་ཅད་དགྲ་བོའི་སྟེང་དུ་ཟློག བྱད་མ་དགྲ་བོ་རྡུལ་དུ་རློགས། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། མགོན་པོ་ལེགས་ལྡན་གྱི་བཟློག་གྱེར་འདི་སློབ་དཔོན་པདྨ་དང་། བཻ་རོ་ཙ་ན་གཉིས་ཀྱི་མཛད་པ་རྫོགས་སོ། ཐམས་ཅད་ཕྲ་མིན་ལས་བྱད་བཟློགས། དམག་བཟློག་ལ་སོགས་འཁྲུགས་པའམ་གང་ཡིན་ཡང་ལན་གསུམ་བྱེད་ན་ཐམས་ཅད་བཟློག་པར་ངེས་སོ། སྤྱི་དོན་གསུམ་པ་རྗེས་ཀྱི་ལས་ཀྱི་ལས་རིམ་ལ་གཉིས་ཏེ། བར་ཆ་དང་འོག་ཆའི་གཏོར་མ་ཟོར་རྫས་དང་བཅས་པ་བརྡེག་པ་དང་། སྟེང་ཆའི་གཏོར་མ་གཏང་རག་གི་ཚུལ་དུ་ཕུལ་ནས་གཤེགས་གསོལ་བྱ་བའི་རིམ་པའོ། དང་པོ་ལ་བཞི་སྟེ། དྲག་པོའི་སྦྱིན་བསྲེགས་བྱ་བ་དང་། ཕྱི་ནང་གསང་བའི་ཆོས་སྐྱོང་ལ་གཏོར་མ་བསྔོ་བ། གསེར་སྐྱེམས་བཏང་ཞིང་ཟོར་ལམ་དབྱེ་བ། གཏོར་མ་བཤམས་ཤིང་ཡི་དམ་དང་ཆོས་སྐྱོང་མགོན་པོ་བསྐལ་ནས་ཆད་ཐོ་བཏང་བ། ཆ་རབས་དང་ལྷག་གཏོར་དམོད་བཅོལ་གཏོར་མ་བཀྱག་པ་རྣམས་སོ། དང་པོ་ནི་ལོགས་སུ་ཤེས་པར་བྱ་ཞིང་། གཉིས་པ་བླ་གབ་མེད་པའི་སར་ཐལ་ལ། སྡེ་བརྒྱད་མཆོད་པ་བཤམས་ཤིང་བྱིན་གྱིས་རླབས་པ་ནི། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་གཏོར་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ༀ་ཨ་ཀཱ་རོ༴སོགས ལན་གསུམ་གྱི་བྱིན་གྱིས་རླབས་ལ། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཀྱིས་འཇིག་རྟེན་སྐྱོང་བ་འཁོར་དང་བཅས་པ་སྤྱན་དྲངས། ༀ་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་ཨེ་ཧྱ་ཧི་པདྨ་ཀཱ་མ་ལ་ཡེ་སྟྭམ། ༀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷམ་ནས། ༀ་ལོ་ཀ་པ་ལ་ས་པཱ་རི་ཝ་ར་ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ནས། སྭཱ་ཧཱ་ལན་གསུམ། ཧཱུཾ་སྐ་གསུམ་བརྒྱུད་གསུམ་སོགས་ནས། བསྒྲུབ་ཏུ་གསོལ། ཞེས་དང་། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ། དྲེགས་པ་ལྷ་སྲིན་སྡེ་བརྒྱད་ས་བདག་རྗེ་བློན་བཅུ་བདུན། བོད་སྐྱོང་བསྟན་མ་བཅུ་གཉིས། སྲིད་པ་ཆགས་པའི་ལྷ་དགུ། རྗེའི་མགུར་ལྷ་བཅུ་གསུམ་ལ་སོགས་པ་རྣམས་དང་། ཡུལ་ཕྱོགས་འདི་ཉིད་ཀྱི་གཞི་བདག་མཐུ་བོ་ཆེ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། བཞེས་ནས་ཆོས་སྐྱོང་ཆེན་པོའི་ཟོར་གྱི་ཕྲིན་ལས་སྒྲུབ་པ་ལ་རུ་ང་བ་དང་། ཕྲག་དོག་པ་དང་གདུག་པའི་སེམས་སྤངས་ནས་ཕྲིན་ལས་གཉན་པོ་བསྒྲུབ་པའི་སྡོང་གྲོགས་དང་བཀའ་སྡོད་རྒྱ་ཆེན་པོ་མཛོད་ཅིག གསུམ་པ་གསེར་སྐྱེམས་འབུལ་བ་ནི། རཾ་ཡཾ་ཁཾ་གསེར་སྐྱེམས་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿ་ཧཱུཾ། རིག་འཛིན་རྩ་རྒྱུད་བླ་མ་དམ་པ་དང་། བདེ་གཤེགས་ཀུན་འདུས་ཞི་ཁྲོ་རབ་འབྱམས་སོགས་དང་། ཧཱུཾ་ལྷ་ཆེན་མ་ཧཱ་ཀཱ་ལ་ཡི། བཀའ་ཉན་འཇིག་རྟེན་སྐྱོང་བའི་ཚོགས། ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི། ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད། གཟའ་ཆེན་བརྒྱད་དང་རྒྱུ་སྐར་ཚོགས། འཇིགས་བྱེད་དགུ་དང་བཅས་པ་ཡི། གཙང་རིས་དཔལ་མགོན་ཐམས་ཅད་དང་། ལྷ་སྲིན་སྡེ་བརྒྱད་བརྟན་མའི་ཚོགས། ཡུལ་ལྷ་གཞི་བདག་མཐུ་བོ་ཆེ། སྣང་སྲིད་ལྷ་འདྲེ་དང་བཅས་ཀུན། རང་རང་གཡོག་འཁོར་ཕོ་ཉར་བཅས། །མཆོད་གཏོར་གསེར་སྐྱེམས་འདི་བཞེས་ནས། དེ་རིང་ཟོར་གྱི་ཕྲིན་ལས་ལ། །ཕྲག་དོག་གདུག་པའི་སེམས་སྤངས་ཏེ། དཔལ་ཆེན་ང་ཡི་བཀའ་ལ་ཉོན། །ཚོགས་ཀྱི་བདག་པོའི་ཕྲིན་ལས་སྒྲུབ། །ཆོས་སྐྱོང་ཆེན་པོའི་དཔུང་ཚོགས་ཀྱིས། དམག་སྣ་དགྲ་བོའི་ཡུལ་དུ་དྲོངས། སྒོ་བ་རྣམས་ཀྱིས་སྒོ་ཕྱེས་ཤིག འཕྲང་བ་རྣམས་ཀྱི་འཕྲང་སོལ་ཞིག ཕ་རོལ་དཔུང་རྣམས་འཇོམས་བྱེད་པའི། སྟོབས་པོ་ཆེ་ལ་དྲག་ཤུལ་ཅན། སོ་སོའི་དཔུང་ཚོགས་བཞི་དང་བཅས། དགྲ་བོའི་ཡུལ་དུ་དམག་ལ་ཆོས། གོ་ཆ་བགོས་ཤིང་མཚོན་ཆ་ཐོགས། དམག་དཔུང་བསྐྱེད་ལ་རུ་དར་ཕྱོར། འཇིགས་པའི་ཁྲམ་ཁ་དགྲ་ལ་བསྒྱུར། ལྷ་འདྲེའི་ཟ་ཁ་དགྲ་ལ་གཏོད། མ་ཧཱ་ཀཱ་ལའི་ཕྲིན་ལས་ཀྱི། གཏོར་ཟོར་གཉན་པོའི་སྣ་དྲངས་ཏེ། དགྲ་བོ་འཁོར་བཅས་བརླག་པར་གྱིས། དེ་རིང་དྲག་པོའི་ཕྲིན་ལས་མཛོད། གསེར་སྐྱེམས་ཕྱོགས་བཅུར་འཐོར་ཞིང་། བཞི་པ་ཡི་དམ་བསྐལ་ཞིང་མགོན་པོའི་ཆ་རབས་ཀྱིས་ཕྲིན་ལས་དྲག་ཏུ་བཅོལ་བ་ནི། སྟེང་ཆའི་མཆོད་གཏོར་མ་གཏོགས་འཕེན་པར་འོས་པ་རྣམས་གཏོར་ཁྲི་ནས་མདུན་གྱི་སྟེགས་ལ་དཔགས་ཏེ། གཙོ་འཁོར་གྲལ་རིམ་མི་འཆུག་པར་བཤམས་ནས། འདས་གཏོར་རྣམས་ཀྱི་ཡེ་ཤེས་པ་དཔང་པོའི་ཚུལ་གྱིས་མདུན་མཁར་བཞུགས་པར་བསམ་ཞིང་། དེ་དག་གི་དམ་ཚིག་པ་རྣམས་འཇིག་རྟེན་པའི་གཏོར་མའི་ལྷ་ཚོགས་རྣམས་དྲག་པོའི་ལས་ལ་རྔམ་པའི་ཚུལ་གྱིས་དམག་མིས་གོ་གསར་བྱེད་པ་ལྟར་ཆས་པར་བསམ་ལ། ཆ་ཐོའི་གཏོར་མ་སྤྱི་ལྟར་དང་། ཆ་རབས་ཀྱི་བསྐལ་གཏོར་ཤ་ཁྲག་གིས་བརྒྱན་པ་ཞིག་ཀྱང་དམག་འདུའི་ཚུལ་དུ་བཤམས་ལ། རཀྟ་བྲན་ནས་དམིགས་བྱ་འགུགས་བསྒྲལ་བསྟབ་པ་སོགས་བྱས་མཐར། ཡི་དམ་བསྐལ་བ་དང་ཆད་ཐོ་བཏང་ཞིང་མགོན་པོའི་ལྷ་ཚོགས་དམག་ལ་ཆོས་ཞེས་བསྐལ་བ་ནི། བདག་གི་ཐུགས་ཀའི་ཧཱུཾཿལས་འོད་ཟེར་འཕྲོས་པས། མདུན་གྱི་previous hit མགོནཔོ་གཙོ་འཁོར་ལ་ཕོག ཐུགས་དམ་བསྐལ་ཏེ་བེང next hit་ནང་གི་དམག་དང་སྤྲུལ་པ་བྱེ་བ་ས་ཡས་བསྐོར་བ་རྣམས་ཀྱིས་འཇིགས་པའི་གོ་གྱོན། མཚོན་ཆ་སྣ་ཚོགས་ཐོགས་ནས་དྲག་པོའི་ང་རྒྱལ་དང་བཅས་ནས་རྔམ་པའི་ཆ་སྒྲ་དི་རི་རི་སྒྲོག་ཅིང་དགྲ་བོའི་སྟེང་དུ་དམག་ལ་ཆས་པར་བསམ་ལ་འདི་སྐད་དོ། བསཱོ་ཆའོ་ཆའོ་མ་ཧཱ་ཀཱ་ལ་ཆོས། ལྷ་དམག་བྱེ་བ་དུང་ཕྱུར་ཆོས། ནག་པོ་སྟོང་གི་ཚོགས་དང་༴ ཤ་ཟ་འབུམ་གྱི་ཚོགས་དང་༴ མ་མོ་བྱེ་བའི་ཚོགས་དང་༴ ཚོགས་བདག་མ་ཧཱ་ཀཱ་ལ༴ བཙུན་མོ་ཨུ་མ་དྷེ་ཝི༴ སྲས་མཆོག་བྷི་སྣུ་རཱ་ཛ༴ དབུས་ཀྱི་དྷེ་ཝ་མགོན་པོ༴ ཚོགས་རྗེ་ཚོགས་ཀྱི་བདག་པོ༴ ལྷ་དམག་འབུམ་གྱི་སྤྱི་རྗེ༴ སྔགས་འཆང་ཡོངས་ཀྱི་དགྲ་ལྷ༴ སྐྱེ་ཤི་གཉིས་ཀྱི་ར་མདའ༴ དུག་གསུམ་ནད་ཀྱི་སྨན་པ༴ རིག་འཛིན་ཡོངས་ཀྱི་སྲོག་ཤིང་༴ རྣལ་འབྱོར་ཀུན་གྱི་དགྲ་ལྷ༴ བདུད་འདུལ་ལས་ཀྱི་དབང་ཕྱུག སྲ་བརྟན་རྡོ་རྗེའི་གོ་ཆ༴ རྣོ་དབལ་མཚོན་ཆའི་ངར་དང་༴ བཀའ་ཉན་ཕོ་ཉ་ལས་དང་༴ བཀའ་སྡོད་སྤྲུལ་པ་ལས་དང་༴ ཡང་སྤྲུལ་མང་པོ་དཔུང་དང་༴ གཏུམ་རྔམ་གནོད་པའི་སྟོབས་དང་༴ ཆོས་དགོས་དེ་ནི་དགྲ་ལ༴ དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར༴ མ་ཧཱ་ཀཱ་ལའི་ཐུགས་དམ་དུས་ལ་བབས། བར་དང་། སྐབས་འདིར་གཏོར་ལྷག་རྒྱས་པར་བྱ་བ་ནི། ཧཱུཾ་བྱང་ཕྱོགས་དུར་ཁྲོད་ཆེན་པོ་ན། གྲོང་ཁྱེར་སུམ་བརྩེགས་ཕོ་བྲང་ནས། ཡབ་གཅིག་ལེགས་ལྡན་ནག་པོ་ནི། ཕྱག་ན་ཙནྡ་བེང་ཆེན་བསྣམས། ལྷ་དམག་བྱེ་བ་འབུམ་གྱི་དབུས། འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༴ མི་འགྱུར་རྡོ་རྗེའི་བྲག་སྟེང་ནས། གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་ན། སྲས་མཆོག་ནག་པོ་འཇིགས་པའི་ཚུལ། ལས་ཀྱི་མགོན་པོ་འབུམ་གྱི་དབུས། འདིར་བཤེགས་རྒྱན་གྱི་གཏོར་མ༴ བཅོལ་པའི༴ ཡབ་ཅིག་མགོན་པོའི་བཀའ་ཉན་པ། ཤར་ཕྱོགས་སྐྱོང་བའི་མགོན་པོ་ནི། དཔལ་འབར་འཇིགས་པའི་ཆ་བྱད་ཅན། ཕྱག་ན་ནོར་བུ་ཞགས་པ་བསྣམས། མགོ་བརྙན་བྱེ་བ་འབུམ་གྱི་དབུས། འདིར་གཤེགས་རྒྱན་གྱི་གཏོར་མ༴ བཅོལ་པའི༴ ཡབ་ཅིག་previous hit མགོན་པོའི་བཀའ་ཉན་པ༴ ལྷོ་ཕྱོགས་སྐྱོང་བའི་ནག་པོ་ཆེ༴ སེར་ཆེན་འབེབས་ཤིང་བེང next hit་ཆེན་བསྣམས། གཤིན་རྗེ་འབུམ་གྱི་འཁོར་གྱིས་བསྐོར། །འདིར་གཤེགས་རྒྱན་གྱི༴ བཅོལ་པའི༴ ཡབ་ཅིག་ལེགས་ལྡན་ནག་པོ་ཡི༴ ནུབ་ཕྱོགས་སྐྱོང་བའི་གཟི་བརྗིད་ཅན༴ མཚལ་བུ་རྟིང་དཀར་བཅིབས་ཤིང་གྲུ་ཚད་བསྣམས༴ ཀླུ་བདུད་མང་པོའི་འཁོར་གྱིས་བསྐོར ༴ འདིར་གཤེགས་རྒྱན་གྱི༴ བཅོལ་པའི༴ ཡབ་ཅིག་ལེགས་ལྡན་ནག་པོ་ཡི༴ བྱང་ཕྱོགས་སྐྱོང་བའི་རྣམ་ཐོས་སྲས། སེང་གེ་བཅིབས་ཤིང་previous hit བེང་ཆེན་བསྣམས། གནོད་སྦྱིན་སྨུག་ནག་འཁོར་གྱིས་བསྐོར༴ འདིར་གཤེགས༴ བཅོལ་པའི༴ ཡབ་ཅིག་མགོནཔོ ་ལེགས་ལྡན་གྱི། ཤར་ལྷོ་སྐྱོང་མཛད་ཛམྦྷ་ལ། སྔོན་པོ་ཆུ་རིས་བཅིབས་ཤིང་ལྷ་དམག་བསྐལ། སྔོ་བཀྲ་རོལ་དུ་ཁྲིད་པའི་དམ་ཚིག་ནི། འདིར་གཤེགས་རྒྱན༴ བཅོལ་པའི༴ ཡབ་ཅིག་མགོན་པོ་ལེགས་ལྡན་ནི། ལྷོ་ནུབ་སྐྱོང་བའི་མཛེས་ལྡན་སྲས། སྟོབས་ཆེན་མགོན་པོ་ནག་པོ་ལ། རཀྴ་སྲིན་པོའི་ཚོགས་ཀྱིས་བསྐོར། འདིར་གཤེགས་རྒྱན༴ བཅོལ་པའི༴ ཡབ་ཅིག་མགོན་པོ་ལེགས་ལྡན་ནི། ནུབ་བྱང་སྐྱོང་བའི་དམ་ཅན་ནི། བྲག་ལྷ་མགོན་པོ་ཐིག་ལེ་རྩལ། རླུང་ལྷ་བཅིབས་ཤིང་ཕྱུགས་པོར་རྒྱུགས། དམ་ཅན་སྐྱེས་བུ་གིང་ཆེན་རྣམས། འདིར་གཤེགས༴ བཅོལ་པའི་ཕྲིན་ལས༴ ཡབ་ཅིག་ལེགས་ལྡན་ནག་པོ་ནི། བྱང་ཤར་སྐྱོང་བའི་དབུ་རྒྱན་ཅན། གཙུག་ཏོར་ལྗང་གུ་འཁོར་གྱིས་བསྐོར། འདིར་གཤེགས༴ བཅོལ་པའི༴ ཡབ་ཅིག་ལེགས་ལྡན་ནག་པོ་ནི། སྟེང་ཕྱོགས་སྐྱོང་བའི་གཙུག་ཕུད་ཅན། དམག་དཔོན་ཆེན་པོ་ཡ་བདུད་འཇོམས། གཟའ་ཆེན་བརྒྱད་ཀྱི་འཁོར་གྱིས་བསྐོར། ལྷ་སྲིན་སྡེ་བརྒྱད་ཕོ་ཉར་འགྱེད། འདིར་གཤེགས༴ བཅོལ་པའི༴ གདུག་པ་འདུལ་མཛད་ཐོད་ཕྲེང་ཅན། རྟ་ནག་བཅིབས་པའི་མགོན་པོ་ཡང་། བདུད་དམག་བྱེ་བ་འབུམ་གྱིས་དབུས། འདིར་གཤེགས༴ བཅོལ་པའི༴ ཡབ་གཅིག་ལེགས་ལྡན་ནག་པོ་ནི། སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ། བྱ་ནག་ཚོགས་དང་ཁྱི་ནག་ཚོགས། གཅན་སྤྱང་ཚོགས་དང་གདུག་པའི་ཚོགས། ཐོགས་མེད་རྫུ་འཕྲུལ་སྟོབས་དང་ལྡན། ཤ་ལ་དགའ་ཞིང་ཁྲག་ལ་མོས། དུར་ཁྲོད་འགྲིམ་ཞིང་ཤུགས་གླ་ལེན། དཔལ་གྱི་འཁོར་ཚོགས་མ་ལུས་པ། འདིར་གཤེགས་རྒྱན་གྱི༴ བཅོལ་པའི༴ སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། ཇི་ལྟར་ཁས་བླངས་དམ་བཅས་བཞིན། རིག་འཛིན་རྣམས་ཀྱི་བསྟན་པ་སྲུངས། གཏུམ་ཞིང་གདུག་པའི་བསྟན་དགྲ་རྣམས། མྱུར་དུ་བསྒྲལ་བའི་ཕྲིན་ལས་མཛོད། ཞེས་དང་། དཔལ་མགོན་པོ་མ་ཧཱ་ཀཱ་ལ་ཁྲག་འཐུང་གིི་རྒྱལ་པོ། ཡེ་ཤེས་ཀྱི་སྤྱན་ཅན་ནག་པོ་སྟོང་གི་ཚོགས་ཀྱིས་བསྐོར་བ། མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར་བ། མཁའ་འགྲོ་བསམ་གྱི་མི་ཁྱབ་པའི་ཚོགས་ཀྱིས་བསྐོར་བ། བསྟན་པའི་བཀའ་སྲུང་། དམ་ཉམས་རྣམས་ཀྱི་སྲོག་གཅོད། མནའ་ཟན་གྱི་གཤེད་མ། རིག་འཛིན་གྱི་སྲོག་ཤིང་རྣལ་འབྱོར་གྱི་དགྲ་ལྷ། དུག་གསུམ་ནད་གྱི་སྨན་པ། གཙུག་ལག་ཁང་གི་སྲུང་མ་རྣམས་ཀྱིས་བདག་ཅག་རྣལ་འབྱོར་པ་འཁོར་དང་བཅས་པ་སྲུངས་ཤིག ཚེ་དང་དབང་ཕྱུག་སྤེལ་ཞིག དཔལ་དང་གྲགས་པ་སྒྲུབས་ཤིག འཁོར་དང་བསྟན་པ་བསྲུངས་ཤིག བསམ་པ་སྒྲུབ་ལ་རེ་བ་སྐོངས་ཤིག ལེགས་པ་དང་སྤྲོད་ལ་ཉེས་པ་དང་སྣོལ་ཅིག དམ་ཆོས་མི་ནུབ་པའི་རྒྱལ་མཚན་ཕྱོར་ཞིག དཔལ་མགོན་པོ་མ་ཧཱ་ཀཱ་ལ་སྔོན་གྱི་ཐུགས་དམ་ཞལ་གྱིས་བཞེས་པ་ལྟར། དཀོན་མཆོག་གསུམ་ལ་གནོད་པའི་དམ་ཉམས་འདི་སྐྱོབས་པའི་ལྷ་དང་ཕྲོལ་ཅིག བརྟེན་པའི་མཁར་དང་ཕྲོལ་ཅིག ཚེ་ཡི་ཐག་པ་ཆོད་ཅིག སྲོག་གི་རྟེན་ཕུར་ཕུད་ཅིག ཚེའི་འདུ་བྱེད་སྐམས་ཤིག གློ་བུར་དང་ཡེ་འགྲོགས་ཐོངས་ཤིག བླ་རྐུན་གྱིས་བླ་ཁྱེར་ཅིག །ཤན་པས་སྲོག་ལ་རོལ་ཞིག །སྲོག་རྩ་དམར་པོ་ཆོད་ཅིག །དོན་སྙིང་ཁོང་ནས་ཕྱུངས་ཤིག །ཁོང་ཁྲག་ཐང་ལ་ཕོས་ཤིག །སྙིང་ཁྲག་ཧུབ་ཀྱིས་ཐུངས་ཤིག །ཀླད་པ་ཞོ་ལྟར་དཀྲུགས་ཤིག །ལྤགས་བཞི་ལྷུ་རུ་སྦྱོར་ཅིག ཕུང་པོ་ཁོག་པ་སྤྲུགས་ཤིག །མགོ་དང་ཡན་ལག་ཕྲོལ་ཅིག །བཀའི་ཆད་པ་ཆོད་ཅིག །ཤ་ཟན་གྱིས་ཤ་ལ་ཟོ་ཞིག །ཁྲག་འཐུང་ཁྲག་ལ་འཐུང་ཞིག ཏིལ་འབྲུ་ཙམ་ཡང་མེད་པར་མཛོད་ཅིག མ་ཐོགས་མྱུར་དུ་སྒྲོལ་ཞིག ཕོ་བདུད་ནག་པོ་དམ་ཉམས་དགྲ་ལ་རྒྱུག་ཅིག མ་མོ་ཟངས་ཀྱི་ཁ་འདའ་མགོ་དགུ་དམ་ཉམས་དགྲ་ལ་རྒྱུག་ཅིག ཁྱེའུ་ཤན་པ་ནག་པོ་དམ་ཉམས་དགྲ་ལ༴ ཟངས་གྲི་དམར་པོ་དམ་ཉམས༴ ཡམས་ཤུད་དམར་པོ་དམ་ཉམས༴ སྲིན་པོ་དཀར་ཆུང་དམར་པོ་དམ་ཉམས༴ སྲིན་པོ་གནོད་སྦྱིན་ནག་མོ་དམ་ཉམས་དགྲ༴ འདྲེ་མོ་དམན་མོ་དམ་ཉམས་དགྲ་ལ༴ འཇིག་རྟེན་པའི་ལྷ་འདྲེ་ཐམས་ཅད་དམ་ཉམས་པའི་དགྲ་བོ་རྣམས་ལ་རྒྱུག་ཅིག ཅེས་བརྗོད་ནས། བསྟོད་པ་བྱ་བ་ནི། ཧཱུཾ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། བསྟན་པ་བསྲུང་བར་ཁས་བླངས་པའི། །རྡོ་རྗེ་འཆང་གི་བཀའ་ཉན་བདག །སྲོག་འཛིན་གཟུགས་ཅན་མཐུ་བོ་ཆེ། །རབ་ཁྲོས་རྔམས་པའི་ང་རོ་ཅན། །སྤྲུལ་པ་དུ་མས་གདུག་པ་འདུལ། །དཔལ་མགོན་ཚོགས་བདག་ནག་པོ་ཆེ། །ཁྱོད་ལ་མཆོད་གཏོར་འདི་འབུལ་གྱིས། །བཞེས་ནས་སྔོན་ཚེ་ཁས་བླངས་པའི། །དམ་བཅའ་རིང་དུ་དགོངས་མཛད་ནས། །བསྟན་པའི་དགྲ་བོ་དམ་ཉམས་ལ། །མཐུ་དང་རྫུ་འཕྲུལ་མྱུར་དུ་སྟོན། །བླ་མའི་སྐ་དགྲ་མྱུར་དུ་སྒྲོལ། །བསྟན་པའི་སྤྱི་དགྲ་རྡུལ་དུ་བ རློོགས། །རྣལ་འབྱོར་སྒོས་དགྲ་དེ་རིང་ཐུལ། །དུས་ལ་བབ་པོ་སྲུང་མ་ཆེ། །གསོན་ཅིག་དགོངས་ཤིག་དམ་ཚིག་ཅན། །རྦད་དོ་བསྐལ་ལོ་ཐུགས་རྗེའི་དགོངས། ཐུགས་རྗེ་བཏང་སྙོམས་མ་མཛད་པར། དུས་འདིར་མྱུར་དུ་རྫུ་འཕྲུལ་སྟོན། ཧཱུཾ་ལེགས་ལྡན་ཚོགས་ཀྱི་བདག་པོ་ཡི། སྐ་གསུང་ཐུགས་ཡོན་ཕྲིན་ལས་ཀྱིས། སྤྲུལ་པའི་མགོན་ཆེན་སྡེ་ལྔ་པོ། སྤྲུལ་པ་ཡང་སྤྲུལ་ཕོ་ཉར་བཅས། མཆོད་གཏོར་རྒྱ་ཆེན་འདི་བཞེས་ལ། སངས་རྒྱས་བསྟན་ལ་སྡང་བ་ཡིས། སྡིག་ཅན་དགྲ་བོ་མ་ལུས་པ། ཁྱོད་ཀྱིས་མྱུར་དུ་ཁུག་མཛོད་ལ། ཕོ་ཉ་རྣམས་ཀྱིས་དམ་དུ་སྡོམ། ལས་མཁན་རྣམས་ཀྱིས་དུམ་བུར་ཐོང་། བསྐལ་ལོ་མྱུར་དུ་ཕྲིན་ལས་མཛོད། དཔལ་ལྡན་བླ་མའི་སྐ་དགྲ་དང་། བསྟན་པ་སྤྱི་ལ་སྡང་བའི་དགྲ། སེམས་ཅན་ཀུན་ལ་འཚེ་བྱེད་ཅིང་། ཕྱི་ནང་མེད་པའི་དམ་ཉམས་དང་། མཚམས་མེད་བསྒྲུབ་པའི་སྡིག་པ་ཅན། དགེ་བདུན་སྡེ་བཅོམ་གཙུག་ལག་བསྲེགས། རྟེན་གསུམ་བཤིག་ཅིང་སྡིག་ཆེན་བསྒྲུབ། ཉམས་པ་རྣམས་ལ་ཕྲིན་ལས་མཛོད། བྷྱོཿ ཡུམ་ཆེན་ཡཀྴ་བཻ་ཏ་ལི། སྟོང་གསུམ་བསྒྲོད་པའི་མྱུར་མགྱོགས་ཅན། ཆོས་ལྡན་བསྲུང་བའི་མ་མོ་ཆེ། དུར་ཁྲོད་རྒྱུ་བའི་དབང་ཕྱུག་མ། རྫུ་འཕྲུལ་སྟོན་པའི་མཐུ་མོ་ཆེ། སྡིག་ཅན་སྒྲོལ་བའི་བཤན་པ་མོ། དྲག་པོའི་ལས་ཀྱི་མངའ་བདག་མོ། དམ་ཉམས་སྒྲོལ་བའི་ཕྲིན་ལས་མཛོད། སྤྲུལ་པའི་མ་མོ་མང་པོ་དང་། ལས་བྱེད་མ་མོ་མང་པོས་བསྐོར། ཁྲག་ཡམས་བདག་མོ་དྲག་ཆེན་མོ། མཐུ་ཆེན་རྣམས་ཀྱི་རྗེ་མོའི་གཙོ། མཆོད་གཏོར་རྒྱ་ཆེན་འདི་བཞེས་ལ། དམ་ཉམས་རྣམས་ལ་བཀའ་ཆད་དང་། མནའ་ཟན་རྣམས་ལ་ཆད་པ་དང་། སྡིག་ཅན་རྣམས་ལ་ཕྲིན་ལས་མཛོད། ཡུན་དུ་མ་བཞག་མྱུར་དུ་ཁུག བཏང་སྙོམས་མ་མཛད་དྲག་ཏུ་ཁུག བཀའ་ཉན་མ་མོའི་དབུས་སུ་ཆུག ལས་བྱེད་རྣམས་ཀྱིས་དལ་ཡམས་ཕོབས། ཕོ་ཉ་རྣམས་ཀྱིས་ཤ་ཁྲག་ཟོ། ཐོག་དང་སེར་བའི་ཆར་བ་ཕོབས། རླུང་དམར་དྲག་པོས་འཚུབ་ཅིང་ཁྱེར། སྡིག་ཅན་དམ་ཉམས་བསྒྲལ་དུ་གསོལ། དེ་ནས་གཏོར་མ་སྒོའི་ཕྱིར་དཔག་ལ་རཀྟ་བྲན མཆོད་ཡོན་ཀུན་དྲག་པོའི་དམག་དཔུང་བཞིན། དར་འཕྱར། དུང་འབུད། རྔ་རོལ་གཞན་ཡང་གང་ཡོད་བསྒྲགས་ཤིང་། བསྭོ ཆའོ་ཆའོ་བསྲུང་མའི་དམག་ཚོགས་ཆོས། ཆོས་འཁོར་སྲུང་མ་དམག་ལ་ཆོས། མགོན་པོའི་ལྷ་ཚོགས་དམག་ལ་ཆོས། རྣལ་འབྱོར་དགྲ་ལྷ་དམག་ལ་ཆོས། མགྱོགས་པ་ཞོན་ལ་དགྲ་ལ་ཆོས། བརྩན་པོ་གྱོན་ལ་དགྲ་ལ༴ རྣོན་པོ་ཐོགས་ལ་དགྲ་ལ༴ འཁོར་གྱི་མགོན་དམག་དགྲ་ལ༴ ཕྱོགས་བཅུའི་མགོན་པོས་རྟ་ཡར་སྟོད། དགྲ་བགེགས་སྟེང་དུ་དམག་སྣ་དྲོངས། ཡམས་སྣ་བཟློག་ཕྱིར་དམག་སྣ༴ རིམས་སྣ་ཟློག་ཕྱིར་དམག་སྣ༴ བྱད་ཁ་བཟློག་པའི་དུས་ལ་བབསཿ ཕོ་ལྷ་ཆེན་པོ་དགྲ་ལ་ཆོསཿ བྱེས་ལྷ་ཆེན་པོ་དགྲ་ལཿ ལམ་ལྷ་ཆེན་པོ་དགྲ་ལ༴ མགོན་བྱེད་ཆེན་པོ་དགྲ༴ དམར་གྱི་གཏོར་མ་འདི་བཞེས་ལཿ སྲུང་མའི་ཚོགས་རྣམས་མ་ཞན་ཅིག སྲུང་མ་མཐུ་རྩལ་མ་ཞན་ཅིག བརྔན་ཡོན་བཞེས་ལ་མཐུ་མ་ཆུང་ཿ ཆོས་འཁོར་བསྲུང་མ་མཐུ་བོ་ཆེ། ཕྱོགས་བཅུའི་མགོན་པོ་འཁོར་དང་བཅསཿ སྡེ་བརྒྱད་ཕོ་ཉ་ལས་བྱེད་ཚོགསཿ མ་ལུས་ཇི་སྙེད་ཡོད་པ་རྣམསཿ ཕུད་ཀྱི་མཆོད་པ་འདི་ཞེས་ལཿ སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུཿ སྲོག་སྙིང་ཕུལ་ནས་དམ་བཅས་བཞིནཿ སངས་རྒྱས་བསྟན་པ་བསྲུང་དུ་གསོལཿ དཀོན་མཆོག་དབུ་འཕང་ཁྱེད་ཀྱིས་བསྟོད༔ བསྒྲལ་བའི་ཞིང་བཅུ་ཁྱེད་ཀྱིས་སྒྲོལཿ སྔགས་ཀྱི་སྲུང་མ་མཐུ་བོ་ཆེཿ འཁོར་དུ་ལས་བྱེད་འབུམ་གྱིས་བསྐོརཿ ཕུད་ཀྱི་མཆོད་པ་འདི་བཞེས་ལཿ སྡང་བའི་དགྲ་ལ་མཐུ་མ་ཆུང་ཿ བཅོལ་པའི་ལས་ལ་བང་མ་བུལཿ མངག་པ་ཡིན་ནོ་ཕྱིར་མ་ལྡོགཿ རྣལ་འབྱོར་དགྲ་ལྷའི་དམག་སྣ་དྲོངསཿ ཆོས་སྐྱོང་སྲུང་མས་དམག་སྣ་དྲོངསཿ བཀའ་སྡོད་ཆེན་པོས་དམག་སྣ༴ ནག་པོ་ཆེན་པོས་དམག༴ ཤ་ཟ་ཆེན་པོས་དམག་སྣཿ ཁྲག་འཐུང་ཆེན་པོས་དམག༴ དགྲ་བོའི་ཡུལ་མཁར་མགོ་རྟིང་བཟློགཿ བདག་ལ་ཉེས་བྱེད་སྡིག་ཅན་འདིཿ སྲུང་མ་ཆེན་པོས་མྱུར་དུ་སྒྲོལཿ མཚོན་ཁ་སྡང་བའི་དགྲ་ལ་སྟོནཿ ཟོར་ཁ་དགྲ་དང་བགེགས་ལ་ཕོབཿ ཕུར་བུའི་དབལ་དང་ཡུངས་དཀར་ཐུནཿ སྡང་བའི་དགྲ་བོའི་སྟེང་དུ་ཕོབསཿ དགྲ་བགེགས་མི་གཉན་མགོ་རྟིང་སྤྲུགསཿ ཡུལ་མཁར་མི་གཉན་རྨིངས་ནས་སྒྱེལཿ དཀོར་ནོར་མི་གཉན་ཕྱགས་མས་ཐོབཿ ཆོས་སྐྱོང་སྲུང་མ་འཁོར་དང་བཅསཿ དོ་ནུབ་དགྲ་བོའི་སྟེང་དུ་ཆོསཿ དགྲ་བོའི་སྟེང་དུ་གཡུལ་ཆེན་ཕོབཿ གོ་མཚོན་ཤུས་ལ་དགྲ་བོ་སོདཿ མགོ་བོ་ཆོད་ལ་དོན་སྙིང་ཕྱུངསཿ དགྲ་བགེགས་ཐལ་བའི་རྡུལ་དུ་རློགསཿ ཀྱཻ་དཀོན་མཆོག་གསུམ་གྱི་སྐྱབས་འོག་དུཿ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱིས༔ བསམ་གཏན་བྱང་ཆུབ་བསྒྲུབ་བསམ་ནཿ དགྲ་དང་བགེགས་ཀྱིས་མ་སྟེར་རོཿ བདག་མ་ཉེས་མ་ཡོ་སྲུང་མས་མཁྱེན༔ གཟུ་དཔང་དཀོན་མཆོག་གསུམ་གྱིས་མཛོདཿ ཆོས་སྐྱོང་སྲུང་མ་ར་མདའ་བཟློགཿ བསྟན་སྲུང་ཆེན་པོས་ར༴ སྔགས་ཀྱི་སྲུང་མ་ར༴ མ་མོ་ཤིན་རྗེ་ར༴ ཡང་སྤྲུལ་ཆེན་པོ༴ བཀའ་ཉན་ཆེན་པོ༴ ཡུལ་ལྷ་ཆེན་པོ༴ ལྷ་གཉན་ཀླུ་གཉན་ར༴ བདག་ཅག་བྱང་ཆུབ་བསྒྲུབ་པའི་ཚེཿ ཚེ་དང་སྲོག་ལ་བརྙབ་ལ་ཁདཿ བསྟན་པ་གཉན་པོ་བཤིག་ལ་ཁདཿ མ་ཉེས་མ་ཡོ་སྲུང་མས་མཁྱེནཿ བསྲུང་མའི་དམག་ཚོགས་མ་གཡེལ་ཞིགཿ ཤ་ཁྲག་དམར་ཕུད་འདི་བཞེས་ལཿ བསམ་པའི་དོན་རྣམས་སྲུང་མས་སྒྲུབཿ ཆོས་སྐྱོང་སྲུང་མ་འཁོར་བཅས་རྣམསཿ སྔོན་གྱི་དམ་བཅས་མ་གཡེལ་བརཿ དམ་བཅས་བཞིན་དུ་ཕྲིན་ལས་ཀྱིསཿ ཕར་ལ་འགྲོ་ན་རྒྱབ་ནས་སྐྱོལཿ ཚུར་ལ་འོང་ན་སྔོན་ནས་སུསཿ མི་དང་ནོར་གྱི་རྫི་བུ་གྱིསཿ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནསཿ བདག་ལ་སྡང་བྱེད་དགྲ་བགེགས་ཀྱིཿ མགོ་བོ་ཆོད་ལ་དོན་སྙིང་ཕྱུང་ཿ སྲུང་མ་ཆེན་པོས་ཞལ་དུ་སྟོབསཿ སྲུང་མ་མཐུ་རྩལ་མ་ཆུང་ཅིགཿ ཕྱོགས་བཅུའི་ཆོས་སྐྱོང་སྲུང་མ་རྣམསཿ ཕུད་ཀྱི་ཤ་ཁྲག་འདི་བཞེས་ལཿ ཕྱོགས་བཅུའི་དགྲ་བགེགས་གཡུལ་ངོ་བཟློགཿ བདག་ལ་སྡང་བྱེད་དགྲ་བོ་རྣམསཿ སྲུང་མ་རྣམས་ཀྱིས་མྱུར་དུ་སྒྲོལཿ དགྲ་བགེགས་སྡིག་ཅན་མ་ཤོར་ཅིགཿ རེངས་པར་ཁུག་ལ་མྱུར་དུ་སྒྲོལཿ ཕྱོགས་བཞི་མཚམས་བརྒྱད་དགྲ་ལམ་ཆོདཿ མིང་དང་གཟུགས་སུ་བྲིས་པ་ཡིཿ དགྲ་བོ་ཕ་འཁོར་བྲུབ་བྱོས་ཤིགཿ དགྲ་བོའི་མ་ཚན་སྒྱིད་ལིང་ཐོབཿ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོདཿ ཅེས་གཏོར་མ་བཏེགས་ལ། གང་དུ་འཕེན་པའི་སར་སོང་ནས་གཏོར་མ་རྣམས་གོ་རིམ་བཞིན་སྟེགས་ལ་བཀོད་ཅིང་ཿ དམིགས་འབེན་གྱི་ལིང་ག་ཡང་མདུན་དུ་མགོ་མཇུག་བཟློག་ལ་བཤམས། གཞན་ཡང་སྣ་སེལ་སྡེ་བརྒྱད་མཆོད་པ་གསེར་སྐྱེམས་སོགས་བཤམས་ཤིང་བྱིན་གྱིས་བརླབས་ནས་ཕུལ་མཐར གཟུ་དཔང་ནིཿ ཧཱུཾ་བྱིན་རླབས་འབྱུང་གནས་བླ་མ་དང་ཿ སྐྱབས་གནས་དམ་པ་དཀོན་མཆོག་གསུམཿ དངོས་གྲུབ་སྩོལ་བའི་ཡི་དམ་ལྷཿ དེ་རིང་གཟུ་དཔང་གཉན་པོ་མཛོདཿ བར་ཆད་སེལ་བའི་མཁའ་འགྲོ་དང་ཿ བསྟན་སྲུང་ཆོས་སྐྱོང་སྲུང་མའི་ཚོགསཿ བཀའ་སྡོད་འཁོར་ཚོགས་འབུམ་སྡེར་བཅསཿ དེ་རིང་གཟུ་དཔང༴ གཙང་རིས་དཔལ་གགོན་ཐམས་ཅད་དང་༔ ཡུལ་ལྷ་མཐུ་ཆེན་འཁོར་དང་བཅསཿ སྣང་སྲིད་ལྷ་འདྲེ་མ་ལུས་པཿ དེ་རིག་གཟུ་དཔང་ཿ ཧཱུཾ་སྡིག་ཅན་དགྲ་བོ་དམ་ཉམས་འདིསཿ སངས་རྒྱས་བསྟན་པ་གཉན་པོ་བཤིགཿ དཀོན་མཆོག་གསུམ་གྱི་དབུ་འཕང་སྨདཿ དཔལ་ལྡན་བླ་མ་སྨོད་ཅིང་འཚེཿ རིག་འཛིན་རྣལ་འབྱོར་རྣམས་ལ་བརྙསཿ བཀའ་སྲུང་མཐུ་སྟོབས་ཅིར་མ་བརྩིས༔ ལས་འབྲས་རྣམས་ནི་ཁྱད་དུ་བསདཿ སེམས་ཅན་ཀུན་ལ་གནོད་ཅིང་འཚེཿ འདི་ནི་བསྒྲལ་བར་བྱ་བར་འོསཿ བསད་པར་བྱ་བའི་མཆོག་ཡིན་པསཿ ཐུགས་ཀྱི་དམ་ཚིག་གཉན་དགོངས་ལཿ མྱུར་དུ་དྲག་པོའི་ལས་མཛོད་ཅིགཿ བླ་མ་དཀོན་མཆོག་བྱིན་མ་ཆུང་ཿ ཡི་དམ་མཁའ་འགྲོ་ཐུགས་མ་གཡེལཿ ཆོས་སྐྱོང་འཁོར་བཅས་མཐུ་མ་ཆུང་ཿ བཀའ་སྡོད་དྲེགས་པ་དམ་མ་འདྲལ༔ བདུད་ཕོ་འབུམ་སྡེ་སྟོབས་མ་ཆུང་ཿ མ་མོ་འབུམ་སྡེ་རྩལ་མ་ཞནཿ ལས་བྱེད་ཕོ་ཉ་ལས་མ་བྱོལཿ སྲོག་གཅོད་ཤན་པ་བང་མ་བུལཿ དགྲ་བོ་ཆོས་ཀྱི་དབྱིངས་སུ་སྒྲོལ་སྦྱོརཿ བག་ཆགས་གཉིས་སྣང་འཁྲུལ་འཁོར་ཤིགསཿ རྣམ་སྨིན་གཟུགས་ཕུང་རྡུལ་དུ་རློགསཿ ཚེ་སྲོག་དབུགས་ལ་ལས་མཛོད་ཅིག འདི་ཡི་ཤ་རུས་ཁྲག་ལ་རོལཿ དབང་པོ་དོན་སྙིང་ནང་རོལ་ཟོཿ རིགས་རྒྱུད་མ་ལུས་རྩད་ནས་གཞིག ཕྲིན་ལས་གཉན་པོའི་དུས་ལ་བབས་ཞེས་བསྐལ་ནས་དམིགས་རྟེན་གོང་གསལ་དང་། ཅན་ལིང་གསར་བཤམས་བཅས་ལ་རཀྟ་བྲན་ཞིང་། མདུན་དུ་སྐད་ཅིག་གིས་གནམ་ལྕགས་ལས་གྲུབ་པའི་ཁང་སྒྲོམ་གྲུ་གསུམ་སྒོ་མེད་པ། འོག་དུག་ཁྲག་གི་རྒྱལ་མཚོ་འཁྲུག་ཅིང་སྟེང་ནས་མཚོན་གྱི་ཆར་འབེབས་པ། ནང་དུ་ནད་རླངས་དང་དུག་རླངས་འཚུབས་ཅིང་ཕྱི་རུ་བསྐལ་པའི་མེ་དཔུང་འབར་བ། སྲོག་གཅོད་ཀྱི་ཤན་པ་རོལ་ཞིང་དབུགས ལེན་གྱི་ཕོ་ཉ་རྒྱུག་པ། ཤ་ཟན་རྣམས་རྐན་སྒྲ་རྡེབ་ཅིང་ཁྲག་འཐུང་རྣམས་ཧ་ཧ་སྒྲོགས་པ། འཇིགས་ཤིང་ཡ་ང་བ་ལས་ཀྱི་བྲུབ་ཁུང་གི་ནད་དུ་ནྲྀ་ལས་དམ་ཉམས་པའི་དགྲ་བོ་ཆྒཻ་མོ་ལུས་རིད་ཅིང་འདར་བས་མྱ་ངན་གྱི་ཕྱག་རྒྱ་བྱས་པ། ངག་དངངས་པའི་སྨྲེ་སྔགས་བགྲང་ཞིང་ངུ་འབོད་བྱེད་པ། སེམས་འཇིགས་སྐྲག་གིས་བརྒྱལ་ཞིང་སྡུག་བསྔལ་གྱིས་མྱོས་པ། ལུས་ལས་མི་གཙང་བའི་རྒྱུན་འཛག་ཅིང་མཚོན་ཆས་བཏབ་པ། ལས་ངན་གྱི་འབྲས་བུ་སྨིན་ཅིང་མགོན་སྐྱབས་དང་བྲལ་བར་གྱུར། ཞེས་མོས ན་མོཿ རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི༴ སངས་རྒྱས༴ ཆོས༴ དགེ་འདུན༴ སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིགས་སྔགས་དང་གཟུངས་སྔགས་རྣམས་ཀྱི༴ ཁྱད་པར་དུ་ལེགས་ལྡན་ཚོགས་ཀྱི་བདག་པོ་ཡབ་ཡུམ་སྲས་འཁོར་ཕོ་ཉ་སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ༴ ཆོས་ཉིད་འགྱུར་བ་མེད་པ་དང་ཆོས་ཅན་བསླུ་བ་མེད་པའི་བདེན་སྟོབས་ནུས་པའི་བྱིན་བརླབས་ལ་བརྟེན་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་ཁྱད་པར་སྔ་འགྱུར་རྡོ་རྗེའི་ཐེག་པ་ལ་དངོས་སམ་བརྒྱུད་ནས་ཕན་པ་འགོག་ཅིང་ལོག་སྦྱོར་ཤོམས་པའི་རིགས་སུ་གྱུར་པ་རྣམས་དང་། བྱེ་བྲག་བདག་དང་བསྲུང་བྱའི་མི་ནོར་སྟོབས་འབྱོར་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་གཟུགས་ཅན་སྡང་བར་བྱེད་པའི་དགྲ། གཟུགས་མེད་གནོད་པར་བྱེད་པའི་བགེགས་རིགས་ལོག་པར་འདྲེན་པ་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་སྐད་ཅིག་ཐང་ཅིག་ཡུད་ཙམ་ཞིག་ལ་གཟུགས་མིང་རི་མོར་བཀོད་པའི་ལིངྒ་འདི་ལ་ཁུག་ཅིག སྟིམས་ཤིག རྩ་སྔགས་གཤམ་དུ། ནྲྀ་ཏྲི་ཨ་ཀཪྴ་ཡ་ཛཿ ཞེས་ལན་གྲངས་གང་ནུས་ལྡབ་ལ་འགུགས་འཆིངས་སྡོམས་མྱོས་གྱི་མཐར་བསྒྲལ་བསྟབས་བྱ་བ་ནི། ཕུར་བ་སྐ་སྟོད་མ་ཧཱ་ཀ་ལ་སྲིན་པོ་ཁྲོས་པའི་རྣམ་འགྱུར་དང་། སྐ་སྨད་གནམ་ལྕགས་ཀྱི་ཕུར་པ་མགར་གྱི་སོལ་མེ་ནས་བྱུང་བ་ལྟ་བུ་དམར་ཟང་ངེ་བ་དེ་གཟས་པོའི་སྙིང་གར་དྲིལ་བས་དུས་གསུམ་གྱི་སྡིག་སྒྲིབ་དག་པར་བསམ་ཞིང་། སླར་ཡང་དྲིལ་བས་ཁོའི་ཚེ་སྲོག་གི་ངོ་བོ་ནྲྀ་ཡིག་གསེར་བཙོ་མའི་མདོག་ཅན་དེ་ཕུར་རྩེས་བླངས་ཏེ་རང་གི་སྙིང་གར་ཐིམ་པར་བསམ་ལ། ཕུར་རྩེ་རང་གི་སྙིང་གར་རེག་མཐར་སྡུག་བསྔལ་བདེན་པའི་རྟེན་ཕུང་ཁམས་སྐྱེ་མཆེད་ཀྱི་དོ་ར། བླ་ཡི་གནས་མལ་རྩད་ནས་བཤིག་པར་བསམ་ཞིང་ཁྱེར། ཕུར་པ་དང་། མཚོན་ཆས་བསྒྲལ་ཞིང་། ཧཱུཾ་ང་ནི་དཔལ་ཆེན་ཧེ་རུ་ཀ། ང་ནི་སངས་རྒྱས་ཀུན་གྱི་ཡབ། ང་ནི་ཁྲོ་རྒྱལ་ཀུན་གྱི་གཙོ། ང་ནི་དྲེགས་པ་ཀུན་གྱི་བདག དམ་ཉམས་དགྲ་བོ་སྡིག་ཅན་འདི། དང་པོ་ཞེ་སྡང་ཕ་ལས་བྱུང་། བར་དུ་འདོད་ཆགས་མ་ཡིས་བསྐྱེད། ཐ་མར་གཏི་མུག་སྡིག་ལ་སྤྱད། ད་ནི་སྒྲོལ་བའི་དུས་ལ་བབ། དབྱིངས་སུ་སྦྱོར་བའི་དུས་ལ༴ བག་ཆགས་བསད་པའི་དུས༴ གཟུགས་ཕུང་གཞིག་པའི་དུས༴ ཧཱུཾ་ཧཱུཾ་ཧེ་རུ་ཀ་ཡི་སྤྱན་སྔ་རུ། ཇི་ལྟར་ཁས་བླངས་དམ་བཅས་པ། དཀོན་མཆོག་བླ་མ་བརྙས་བྱེད་ལ། དུས་ལ་བབ་པོ་ཀཱི་ལ་ཡ ། ཧཱུཾ་སྐ་སྟོད་ཞལ་ཅིག་ཕྱག་གཉིས་པ། ཕྱག་གཡས་གྲི་གུག་ནམ་མཁར་ཕྱར། ཕྱག་གཡོན་ཐོད་པ་ཁྲག་བཀང་གསོལ། དམ་ཉམས་སྙིང་ལ་ཀཱི་ལ༴ ཧཱུཾ་སྐ་སྨད་གསལ་ཕུར་ཟུར་གསུམ་སོ ། བློ་སྟོབས་རྡོ་རྗེའི་ཐོ་བ་ཡིས། གནས་བཅུ་རྣམས་སུ་གདབ་པར་བྱ། འོད་ཟེར་འབར་བ་ཀི་ལ༴ ཧཱུཾ དུར་ཁྲོད་བདག་པོ་སྲིན་པོའི་གཟུགས། ཁམ་ནག་རལ་པ་གྱེན་དུ་བརྗེས། མ་མོ་འབུམ་གྱི་འཁོར་གྱིས་བསྐོར། གསོད་བྱེད་ལས་བྱེད་ཀཱི་ལ༴ ཧཱུཾ་ལང་ཀའི་གྲོང་ཁྱེར་འཇོམས་བྱེད་པ འཇིགས་བྱེད་དཀའ་ཐུབ་ཐོད་ཕྲེང་ཅན། འོད་ཟེར་མང་པོ་འདུ་འཕྲོ་བ། གདུག་པ་བརླག་མཛད་ཀཱི༴ ཧཱུཾ་ཉི་མ་ལྟ་བུ་དམར་བའི་སྤྱན། འོད་ཟེར་རྣོ་བཞིན་འཁྲུག་ཅིང་འཕྲོ། སྨིན་མ་ཁྲོ་གཉེར་གྱེན་དུ་བསྐྱོད། བདུད་ཚོགས་བསྲེག་བྱེད་ཀཱི༴ ཧཱུཾ་རྔམ་པའི་ཧ་ཧ་ཆེར་སྒྲོགས་པས། རི་རབ་རྡུལ་ཕྲན་བཞིན་དུ་གཏོར། སྟོབས་ཆེན་བྱང་ཆུབ་སེམས་དཔའ་སྟེ། ཉོན་མོངས་དགྲ་འཇོམས་ཀཱི་ལ༴ ཧཱུཾ་ཁམས་གསུམ་དབང་དུ་བསྡུ་མཛད་པ། དུག་གསུམ་རྡུལ་དུ་བརླག་མཛད་པ། གྲོང་ཁྱེར་སུམ་བརྩེགས་འཇོམས་མཛད་པ། ལོག་འདྲེན་གསོད་བྱེད་ཀཱི་ལ་ཡ། ཞེས་གདབ། དེ་ནས་རོལ་མོ་དྲག་ཏུ་བྱ་ཞིང་། ལིངྒའི་མ་སྨིན་མཚམས་མགྲིན་པ་སྙིང་ག་ལྟེ་བ་མིག་རྣ་བ་སྣ་ལྕེ་གསང་གནས་རྣམས་སུ་དྲག་ཏུ་ུ གདབ་ཅིང་། ཁ་ཁ་ཁཱ་ཧི་ཀཱི་ལ་ཡ། མཱ་ར་མ་ར་ཀཱི༴ གྷྲྀ་ཧྞ་གྷྲྀ་ཧྞ། བནྡྷ་བནྡྷ༴ ཧ་ན་ཧ་ན༴ ད་ཧ་ད་ཧ༴ པ་ཙ་པ་ཙ་ཀཱི༴ དཱི་ན་མི་ཀེ་ན་ཀཱི༴ ༀ་མ་ཧཱ་ཀཱ་ལ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊཿ ཞེས་བརྗོད་ཅིང་། འབོད་རྦད་བསད་གསུམ་གྱི་དྲག་སྔགས་ཀྱིས་གཏུབ་ཅིང་ཁྲག་གིས་བྲན། བྱིན་གྱིས་བརླབས་ནས། ཞལ་བསྟབ་ནི། ཧཱུཾ་མ་ཧཱ་ཀཱ་ལ་ཞལ་ཕྱེས་ཤིག སྲོག་བདུད་ནག་པོ་ཞལ༴ སྲིང་གཅིག་ལྷ་མོ་ཞལ༴ བཀའ་སྡོད་ཕོ་ཉ་ཞལ༴ རྡོ་རྗེ་སློབ་དཔོན་སྨོད་པ་དང་། རྡོ་རྗེའི་སྤུན་ལ་འཁུ་བ་དང་། རྣལ་འབྱོར་བདག་ལ་འཚེ་བ་དང་། དེ་དག་ནག་པོ་ཆེན་པོས་སྒྲོལ། ཡན་ལག་ཀུན་གྱི་ཤ་ཆོད་ལ། མགོན་པོ་འཁོར་བཅས་ཞལ་དུ་གསོལ། ཁྲག་གི་རྒྱུན་ཡང་འཐུང་བར་གྱིས། དེ་ཡི་ཚེ་སྲོག་དབང་དུ་སྡུས། ཡང་ན་དེ་ཡི་སྤྱིར་གནས་ནས། ཏིལ་ཙམ་དུ་ནི་མཛད་དུ་གསོལ། ཤ་རྒྱུས་ཁྲག་ལ་ཚིམ་པ་རུ། བཞེས་ཤིག་རོལ་ཞིག་ཁ་རམ་ཁཱ་ཧི། ཞེས་དྲག་རོལ་དང་བཅས་པས་གཏོར་ཆེན་དུ་འབོད་རྦད་བསད་སྔགས་དྲིལ་བས་ཕུལ་ཞིང་། དགྲ་བོའི་ཤ་ཁམ་ཁྲག་ཐིགས་ཙམ་ཡང་མ་ལུས་པར་ཆོས་སྐྱོང་འཁོར་བཅས་ཀྱིས་གསོལ་བས་ཚིམ་པར་གསམ་མོ། དེ་ནས་ཟོར་གྱི་ལས་དངོས་ལ་འཇུག་པ་ནི། ཕྱོགས་འཚམས་ཀུན་ཏུ་གསེར་སྐྱེམས་འཐོར་ཞིང་། ཧཱུཾ་ཤར་ལྷོ་ནུབ་བྱང་ཕྱོགས་ཤེད་ན། དབང་པོ་གཤིན་རྗེ་ཆུ་ལྷ་དང་། གནོད་སྦྱིན་ཚོགས་རྣམས་གནས་པ་ལ། དྲག་པོའི་ཟོར་འདི་མི་འཕེན་ནོ། བྱང་ཤར་ལ་སོགས་མཚམས་ཤེད་ནས། དབང་ཕྱུག་མེ་ལྷ་སྲིན་པོ་དང་། རླུང་ལྷའི་ཚོགས་རྣམས་གནས་པ་ལ། དྲག་པོའི་ཟོར་འདི་མི་འཕེན་ནོ། སྟེང་དང་འོག་དང་བར་དག་ན། ཚངས་སོགས་དང་ནི་ས་ཡི་ལྷ། བཙན་དང་འབྱུང་པོ་རྒྱུ་བ་ལ། དྲག་པོའི་ཟོར་འདི༴ ཧཱུཾ་བསྒྲོད་པ་དྲག་པོའི་ཟོར་འདི་ཡིས། རི་རབ་ཡིན་ཀྱང་ཕྱེ་མར་བརླག རྒྱ་མཚོ་ཡིན་ཡང་སྐེམ་པར་བྱེད། མེ་དཔུང་ཡིན་ཀྱང་འཇོམས་པར་བྱེད། དེ་བས་འབྱུང་པོ་མ་ལུས་པ༔ མཐོ་བ་རྣམས་ནི་ཞབས་སྐམ་ཤིག །དམའ་བ་རྣམས་ནི་དབུ་ཚུམས་ཤིག བར་པ་རྣམས་ནི་སྐ་བཟུར་ཞིག དོ་ནུབ་ཕྲིན་ལས་གཉན་པོ་ཡི། ཟོར་འདི་སྡང་བའི་དགྲ་ལ་འཕེན། ཟོར་འདི་གནོད་པའི་བགེགས་ལ་འཕེན། དགྲ་བགེགས་ཐལ་བ་རྡུལ་དུ་རློགས། ཧཱུཾ་རྩ་རྒྱུད་བླ་མ་དམ་པ་དང་། ཡི་དམ་དཀྱིལ་འཁོར་ལྷ་ཡི་ཚོགས། གནས་གསུམ་དཔའ་འོ་མཁའ་འགྲོ་རྣམས། འདིར་གཤེགས་དགྲ་ལ་ཟོར་འདི་ཕོབ༴ བསྟན་སྲུང་ཆོས་སྐྱོང་འཁོར་དང་བཅས། གཙང་རིས་དཔལ་མགོན་མ་ལུས་དང་། དྲེགས་ས་ལྷ་སྲིན་སྡེ་བརྒྱད་རྣམས། འདིར་གཤེགས་དགྲ་ལ་ཟོར་འདི་ཕོབས། མཐུ་ཆེན་འཇིག་རྟེན་སྐྱོང་བའི་ཚོགས། ཡུལ་གྱི་གཞི་བདག་རྫུ་འཕྲུལ་ཅན། སྣང་སྲིད་ལྷ་འདྲེའི་ཚོགས་བཅས་རྣམས། འདིར་གཤེགས་དགྲ་ལ་ཟོར་འདི་ཕོབས། ཞེས་ཟོར་ལམ་ཕྱེས་ནས། འཕང་བ་དངོས་ནི། ལྟ་སྒོམ་སྤྱོད་པའི་གནད་དང་ལྡན་པས་དཀར་པོ་རྣམས་རིམས་བཞིན་ཐོགས་ཏིཿ ཧཱུཾ་དཔལ་ཆེན་སྐ་ལས་སྤྲུལ་པ་ཡི། གཏོར་ཟོར་ཤན་པ་མྱུར་མགྱོགས་ཅན། རྔམ་པའི་རྐན་སྒྲ་དི་རི་རི། ནད་ཀྱི་ཁུ་རླངས་ཐུ་ལུ་ལུ། དུག་གི་ཁ་ཕྲུ་ཅི་ལི་ལི། མཚོན་གྱི་ཆར་པ་ཤ་ར་ར། གཏོར་ཟོར་གཉན་པོ་སྲོག་ལ་ཡ། སྔགས་ཐུན་ལུས་ངག་སེམས་ལ་ཡ། ཛ་ཛ་སྡིག་ཅན་སྙིང་ལ་ཡ། ཡམ་ཡམ་ཉམས་པའི་སྲོག་ལ་ཡ། ཆུམ་ཆུམ་གནམ་དང་དབུགས་ལ་ཡ། རྦད་རྦད་དགྲ་བོའི་ལུས་ལ་ཡ། ཞེས་བད། འབོད་བོད་བསད་སྔགས་བརྗོད་ནས་གཏོར་ཟོར་བརྡེགས་ལ་ལྟས་ཀྱང་བརྟགས། དེའི་འགྲེས་ཀྱིས། ཧཱུཾ་དཔལ་ཆེན་སྐ་ལས། སྐམ་ཟོར་བདུད་དམག་ཁྲོ་གཏུམ་འབར། རྔམ་པའི་རྐན་སྒྲ་དི་རི༴ ནད་ཀྱི་ཁ་རླངས༔ དུག་གི་ཁ་ཕྲུ་ཅི་ལི༴ མཚོན་གྱི་ཆར་པ་ཤ་ར༴ སྐམ་ཟོར་ཕུང་པོ་ལྔ་ལ་ཡ། རྔམས་ཟོར་ལུས་ངག་སེམས་ལ་ཡ། ཛ་ཛ་སྡིག་ཅན་སྙིང་ལ་ཡ། ཡམ་ཡམ་ཉམས་པའི་སྲོག་ལ༴ ཆུམ་ཆུམ་གནོད་བྱེད་དབུགས་ལ༴ རྦད་རྦད་དགྲ་བོའི་ལུས་ལ་ཡ། གོང་ལྟར་འབོད་རྦད་བསད་སྔགས་ཀྱིས་སྐམ་ཟོར་བརྡེགས། ཧཱུཾ་དཔལ་ཆེན་སྐ་ལས༴ རློན་ཟོར་མ་མོ་དྲག་ཤུལ་ཅན༴ རྔམ་པའི་རྐན་སྒྲ༴ ནད་ཀྱི་ཁ་རླངས༴ དུག་གི་ཁ་ཕྲུ་ཅི༴ མཚོན་གྱི་ཆར་པ་སི༴ རློན་ཟོར་འབྱུང་བ་བཞི་ལ་ཡ། སྔགས་ཟོར་ལུས་ངག་སེམས་ལ༴ ཛ་ཛ་སྡིག་ཅན་སྙིང་ལ༴ ཡམ་ཡམ་ཉམས་པའི་སྲོག་ལ༴ ཆུམ་ཆུམ་གནོད་བྱེད་དབུགས་ལ༴ རྦད་རྦད་དགྲ་བོའི་སྲོག་ལ་ཡ། ཞེས་དང་། ༀ་ཤྲཱྀ་མ་ཧཱ་སོགས། ༀ་བཛྲ་ཡཀྴ་སོགས། མ་ཧཱ་ཀཱ་ལ་སིདྡྷིི་ཡཾ་སོགས། ༀ་ཤྲཱྀ་མ་ཧཱ་ཀཱ་ལ༴ མ་ཧཱ་ཀཱ་ལ་དགྲ་བོའི་སྙིང་འབྱིན་སོགས། ཐུམ་རི་ལི་ལི་བྷྱོཿ བར་རོ། རློན་ཐུན་རྣམས་བརྡེགས༴ དེ་ནས་མདའ་ཟོར་རྒྱགས་པ་ནི། མདའ་གཞུ་སྤྲད་དེ་ཕྱོགས་མཚམས་བརྒྱད་དུ་འཕེན་སྟངས་ཀྱིས་བསྡིགས་མོ་བྱ་ཞིང་། ཧཱུཾ་གཞུ་འདི་སྲིན་པོ་ཛྭ་ལ་རམ། རྒྱུད་འདི་སྦལ་མགོ་ཁྲག་མིག་མ། མདའ་འདི་སྲས་མཆོག་རཱ་ཧུ་ལ། གོ་མཚོན་ལྷ་སྲིན་སྡེ་བརྒྱད་དེ། མདའ་ཟོར་དགྲ་བོའི་སྙིང་ལ་རྒྱོབ། དགྲ་སྲོག་ཨ་ཝ་དྷུ་ཏི་ཆོད། རལ་གྲིས་དགྲ་བོའི་ལྷུ་ཚིགས་ཕྱེས། ལྷ་སྲིན་སྡེ་བརྒྱད་དྲེགས་པའི་ཚོགས། གདུག་པའི་མདུང་དར་དབལ་སོ་ཅན། རྒྱོབ་ཅིག་དགྲ་བོའི་སྙིང་ལ་རྒྱོབ། དགྲ་སྲོག་དྲེགས་པའི་དམག་གིས་ཆོད། མཚོན་ཆའི་ཆར་པ་དགྲ་ལ་ཕོབས། ནག་པོ་ཆེན་པོ་གཙོ་འཁོར་གྱི། མཐུ་ནུས་མདའ་ཟོར་འདི་ཡི་དབལ། དམ་ཉམས་དགྲ་བོའི་སྟེང་དུ་ཕོབས། ཕུང་པོ་ལྔ་ལ་མདའ་ཟོར་ཡ། འབྱུང་ཁམས་ལྔ་ལ་མདའ༴ སྐྱེ་མཆེད་ཀུན་ལ་མདའ༴ འཁོར་བའི་ཕུང་ཁམས་རྡུལ་དུ་རློགས། བདག་འཛིན་གཉིས་ལ་མདའ༴ མ་རིག་གཉིས་ལ་མདའ༴ འཁྲུལ་གཞི་རྩད་ནས་ཆོད་པ་དང་། གྲོལ་གཞི་མངོན་གྱུར་ཕྲིན་ལས་མཛོད། ཅེས་གོང་བཞིན་སྔགས་བརྗོད་ཅིང་མདའ་ཟོར་འཕེན་ནོ། དེ་ནས་གཏོར་མ་རྣམས་རིམ་བཞིན་བརྡེག་ས་ནི། ཧཱུཾ་ཕྲིན་ལས་དབང་ཕྱུག་ནག་པོ་ཆེ། སྣ་ཚོགས་སྤྲུལ་པའི་འཁོར་རྣམས་དང་། ཡང་སྤྲུལ་ཕོ་ཉ་འབུམ་ཕྲག་བརྒྱ། མཚོན་ཆ་སྣ་ཚོགས་རབ་འཛིན་ཞིང་། རི་རབ་ཆེན་པོ་ཕྲག་ལ་གཟར། རྡོ་རྗེའི་བྲག་རི་རིང་དུ་འདོར། རྒྱ་མཚོ་ཆེ་ཡང་ཧུབ་ཀྱིས་འདེབས། གནམ་ལྕགས་རྡོ་རྗེའི་ཐོག་མདའ་འཕེན། སྣ་ཚོགས་མཚོན་ཆའི་སེར་ཆེན་འབེབས། དྲག་པོའི་ནད་ཀྱི་ཆར་པ་གཏོང་། སྡིག་ཅན་དགྲ་བོའི་སྙིང་ལ་ཡ། དམ་ཉམས་རྣམས་ཀྱི་ལུས་ལ་ཡ། བསྟན་དགྲ་རྣམས་ཀྱི་སེམས་ལ་ཡ། གཟུགས་ཕུང་ཤིག་ལ་རྣམ་ཤེས་ཕྲོལ། ཁུག་ཅིག་དྲོངས་ཤིག་ཨཾ་ཀུ་ཤ། བརྒྱལ་ཞིག་རེངས་ཤིག་སྟྭོམ་བྷ་ཡ། ཕྱེས་ཤིག་ཁྲོལ་ཞིག་བི་དེ་ཤ། ཕྱུངས་ཤིག་བསྐྲོད་ཅིག་ཨུ་ཙ་ཊ། སོད་ཅིག་ཆོམས་ཤིག་མཱ་ར་ཡ། རྡུལ་ཕྲན་ཙམ་དུ་ཙུརྞ་ཡ། ཅེས་པའི་མཐར་འབོད་རྦད་བསད་པའི། སྔགས་ཚང་མ་བརྗོད་ཅིང་འཁོར་གཏོར་རྣམས་འཕངས་ལ། དོ་གལ་ཆེ་ན་གཙོ་གཏོར་ཡང་མཆོད་གཡོག་གི་བཏེགས་ལ་བཞེས་འབོད་དང་། དམོད་བཅོལ་འདི་བཞིས་བྱེད། ཧོ་དགོངས་སུ་གསོལ་ལོ་རབ་འབྱམས་རྒྱ་མཚོའི་ཞིང་ན་བཞུགས་པའི་སྐ་གསུམ་རྒྱལ་བ་རྒྱ་མཚོ་སྲས་དང་བཅས་ས་རྣམས་དང་། རྩ་གསུམ་ཆོས་བཀའ་གཏེར་སྲུང་དཀར་སྐྱོང་ཡུལ་ལྷ་གཞི་བདག་ཕོ་ཉ་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་མ་ལུས་ཤིང་ལུས་པ་མེད་པའི་ལྷ་ཚོགས་བསམ་གྱིས་མི་ཁྱབ་ཅིང་བརྗོད་པའི་མཐའ་དང་བྲལ་བ་ཁྱེད་རྣམས་ཀྱིས། སྐ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་མཐུ་སྟོབས་ནུས་པའི་རྩལ་ཤུགས་ཁྲོ་གཏུམ་མི་བཟད་པ་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་མྱུར་བ་ཉིད་དུ་བཞེངས་ཤིང་དུས་གསུམ་ཆགས་ཐོགས་བྲལ་བའི་ཐུགས་ཀྱིས་དགོངས་ནས། སྒྲིབ་བྲལ་ཡེ་ཤེས་ཆེན་པོའི་སྤྱན་གྱིས་གཟིགས་ཤིང་། རང་བྱུང་ཆོས་ཉིད་དག་པའི་སྙན་གྱིས་གསོན་ལ། ལེགས་ཉེས་ཀྱི་སྟངས་ཟུངས་བདེན་རྫུན་གྱི་ཤག་ཕྱེས། ཉེས་བྱེད་དམ་ཉམས་དགྲ་ལ་བཀའ་ཆད་དྲག་པོ་ཕོབ་ཅིག གཞན་ཡང་མངོན་སྤྱོད་དྲག་པོའི་ཕྲིན་ལས་སུ་བཅོལ་བའི་མདོ་ནི། སྤྱིར་སངས་རྒྱས་ཀྱི་བསྟན་པ་གཉན་པོ་བཤིག་པ། དཀོན་མཆོག་གསུམ་གྱི་དབུ་འཕང་སྨད་པ། དགེ་བ་བཅུ་ལ་བརྩོན་པའི་ཉེས་མེད་ཀྱི་སེམས་ཅན་སྡུག་ལ་སྦྱོར་བ། གཞི་བསམ་སྦྱོར་བ་མཐར་ཐུག་གི་སྒོ་ནས་མི་དགེ་བ་ཁོ་ན་ལས་རྣམ་དཀར་གྱི་བསམ་སྦྱོར་དུག་ལྟར་སྤངས་པའི་རིགས་ཐམས་ཅད་དང་། ཁྱད་པར་དུ་བདག་ཅག་དཔོན་སློབ་མཆོད་ཡོན་ལྟོས་འཁོར་དང་བཅས་པ་རྣམས་ལ་དམག་ཇག་ཆོམ་རྐུན་དགྲ་གྱོད་མི་ཁ་ཕུང་སྦྱོར་མཐོ་གནོན་དོ་བསྡོ་ཕོད་བཙུགས། འགྲན་ཚོལ་བརྙས་གཤུང་སྨོད་སྐར་འདེབས་པའི་རིགས་སུ་གཏོགས་པ་རྣམས་དང་། བྱེ་བྲག་ཏུ་སྔ་དགྲ་ལག་ལ་བདར་བ། ཕྱི་དགྲ་ཡིད་ལ་ཤོམ་པ། ད་དགྲ་ཐད་དུ་ལངས་པའི་དམ་ཉམས་ཉེས་བྱེད་ཁ་དྲག་དཔུང་ཤོད་ངོམ་ཞིང་ཕན་བདེ་བསུབས་ནས་ཉེས་སྐྱོན་སྤེལ་ཐབས་ལ་བརྩོན་པའི་བསམ་ངན་སྦྱོར་རྩུབ་ཅན། ཁ་དཀར་སྙིང་གནག་བྱད་ཕུར་རྦོད་གཏོང་སོགས་དངོས་སམ་བརྒྱུད་ནས་སྡང་བའི་སེམས་དང་། གདུག་པའི་སེམས་དང་། དྲག་ཤུལ་གྱི་བསམ་སྤྱོད་ངན་པས་མནར་སྤྱོད་ལ་རྟག་ཏུ་བརྩོན་པ༴ མི་ལ་ལྷ་མེད་ཟེར་ཞིང་ལྷ་ལ་མཐུ་མེད་ཟེར་བ། མཐུ་བུ་ལོན་བཞིན་དུ་ུ སྙོགས་ཤིང་། ཆོས་དང་གདམ་ངག་ལྷ་དང་བཅས་པ་ཁྱད་དུ་གསོད་པའི་དགྲ་བོ་དམ་ཉམས་གནོད་ཅིང་འཚེ་བའི་ལས་ལ་བརྩོན་པ་གང་དག་སུ་ཡང་རུང་བ་འདི་རྣམས་ཐམས་ཅད་མིང་རུས་ཡུལ་ཁྱིམ་སོགས་འདྲ་འདྲའི་ནང་ནས་མ་ནོར་བར་ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས། ཞགས་པ་ཅན་གྱིས་མགུལ་ནས་ཆིངས། ལྕགས་སྒྲོག་ཅན་གྱིས་ཡན་ལག་སྡོམས། དྲིལ་བུ་ཅན་གྱིས་མྱོས་སུ་ཆུག ལས་ཀྱི་རླུང་གིས་རྒྱབ་ནས་ཕུལ། འཇིགས་པའི་མུན་ནག་གིས་སྡུན་ནས་སུས་ལ་ལུས་སེམས་སོ་སོར་ཕྲོལ་ཅིག དམ་ཉམས་པའི་དགྲ་བོ་འདི་རྣམས་ཀྱི་གཟུགས་ཀྱི་ཕུང་པོ་ཁང་རུལ་ལ་སྒྱོགས་རྡོ་ཕོག་པ་བཞིན་དུ་ཐོང་ཞིག ཚོར་བའི་ཕུང་པོ་ཤིང་ཏ་ལེའི་རྩེ་མོ་བྲེགས་པ་བཞིན་དུ༴ འདུ་ཤེས་ཀྱི་ཕུང་པོ་ཙི་ཙི་ཛྭ་ལས་གདུང་བའི་ནད་ས་བཞིན་དུ༴ འདུ་བྱེད་ཀྱི་ཕུང་པོ་སྣུམ་ཟད་ཀྱི་མར་མེ་ཤི་པ་བཞིན་དུ༴ རྣམ་ཤེས་ཀྱི་ཕུང་པོ་བྱ་སྒོང་བྲག་ལ་བརྡབ་པ་བཞིན་དུ༴ ཚེའི་ངོ་བོ་དྭངས་མ་ལྔ་འདུས་ཀྱི་ཐིག་ལེ་ལྟག་ཆུ་ཆད་པའི་གོ་མོག་སྐམ་ས་བཞིན་དུ༴ སྲོག་གི་རྟེན་ཡུལ་རྩ་རླུང་ཐིག་ལེའི་དྲྭ་བ་པི་ཝཾ་གི་རྒྱུན་ཐག་བཅད་པ་བཞིན་དུ༴ བླའི་ངོ་བོ་ཡུལ་སེམས་ཟུང་འབྲེལ་གྱི་མངོན་རྟོགས་ཆུ་ཟོམ་ཆག་པའི་ཟླ་གཟུགས་ཡལ་བ་བཞིན་དུ༴ ཁྱིམ་གྱི་མི་ལ་བབས་ན་ལྗོན་ཤིང་རྩད་ནས་བཅད་པ་བཞིན་དུ༴ སྒོའི་ནོར་ལ་བབས་ན་ལོ་ཐོག་སེར་བས་བརྡུངས་པ་བཞིན་དུ༴ སྦྲ་ཁང་ལ་བབས་ན་རྩྭ་ཕུང་མེས་བསྲེགས་པ་བཞིན་དུ༴ ལོངས་སྤྱོད་སྟོབས་འབྱོར་ལ་བབས་ན་ཉི་མས་བ་མོ་བསྐམས་པ་བཞིན་དུ༴ འདུན་གྲོས་ཤོམས་ར་ལ་བབས་ན་ཤོག་སྐྱ་རླུང་གིས་གཏོར་བ་བཞིན་ཏུ༴ བཀྲག་མདངས་གཟི་བརྗིད་ལ་བབས་ན་འཇའ་མཚོན་རི་མོ་ཡལ་བ་བཞིན་དུ༴ དཔལ་རྩལ་རྟུལ་ཕོད་ལ་བབ་ན་བྱ་རྒོད་འདབ་གཤོག་བྲེགས་པ་བཞིན་དུ༴ བློ་དཀྱིལ་སྒྱུ་ཐབས་ལ་བབས་ཀ༵། ཧོ་དགོངས་སུ་གསོལ་ལོ། །ལྷུན་གྲུབ་ཆོས་དབྱིངས་ན་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་འོ་མཁའ་འགྲོ་ཆོས་སྐྱོང་བསྲུང་མ་མགོན་པོ་ཕོ་རྒྱུད་ལྷ་མོ་མོ་རྒྱུད་དམ་ཅན་སྲུང་མ་ཁྱད་པར་དུ་ཡང་གཟའ་ཆོག་ཆེན་པོ་རཱ་ཧཱུ་ལ་ལ་སོགས་པའི་ནམ་མཁའ་གང་བའི་སྲུང་མ། ཀླུ་བདུད་མགོ་དགུ་ལ་སོགས་པའི་ས་གཞི་གང་བའི་སྲུང་མ། དྲེགས་པ་སྡེ་བརྒྱད་ལ་སོགས་པའི་ས་བླར་གནས་པའི་སྲུང་མ། མགོན་པོ་མ་ནིང་ནག་པོ། གནོད་སྦྱིན་ཤན་པ་དམར་ནག གསང་བའི་བཀའ་སྲུང་རྡོ་རྗེ་ལེགས་པ། ཡང་གསང་བཀའ་སྲུང་ཀླུ་བདུད་ནག་པོ། གཏེར་སྲུང་སྤུ་གྲི་མཆེད་གསུམ། གཏེར་བདག་དགེ་གཉེན་བསྙོ་ཁ་སོགས་རྫོགས་པ་ཆེན་པོའི་སྲུང་མ། བམ་རི་ཁྲག་མཚོ་ཁོལ་མའི་ཀློང་དཀྱིལ་ནས ཤན་པ་སྲོག་སྒྲུབ་ནག་མོ། ལྷ་བཙན་ཡིད་བཞིན་ནོར་བུ་དཀོར་བདག་རྒྱལ་པོ་བེ་དཀར་འཁོར་བཅས་པ་ཁྱེད་རྣམས་ཀྱིས་ལེགས་ཉེས་ཀྱི་སྟངས་འཛིན་ཅིང་། དམ་ཚིག་གི་རྗེས་གཅོད་པ། དམ་ཉམས་དགྲ་བོའི་གཤེད་མ་མཛད་པ་ཁྱེད་རྣམས་ཀྱིས་གཟུ་དང་དཔང་པོ་མཛོད་ཅིག དམ་ལྡན་རྣལ་འབྱོར་བ་བདག་གིས་བྱང་ཆུབ་མ ཆོག་ཏུ་སེམས་བསྐྱེད། དུས་གསུམ་རྒྱལ་བའི་གདུང་འཚོབ། བདག་གཞན་དོན་གཉིས་སྒྲུབ་པ་འདི་ལ་གཞན་ཕ་རོལ་བའི་དགྲ་བགེགས་ལོག་པར་འདྲེན་པ་རྣམས་དང་། སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ། བླ་མའི་སྐ་ལ་བསྡོ་བ། དགོན་གནས་དབེན་གནས་བཤིག་པ། ཆོས་འདོད་རྣམས་ལ་ཕྲག་དོག་བྱེད་པ། བཀའ་དང་དམ་ལས་འགལ་བ། ཆོས་ཁྲིམས་བཀའ་རྒྱ་ལ་འགལ་བ། རི་རྒྱ་རྔོན་རྒྱ་བཤིག་པ། བསམ་པ་ངན་ཞིང་སྦྱོར་བ་རྩུབ་པ། མཐུ་བུ་ལོན་བཞིན་དུ་བསྙེགས་མི་རྣམས་ལ་བཀའི་ཆད་པ་དྲག་པོ་ད་ལྟ་ཉིད་དུ་ཆོད་ཅིག དམ་ཉམས་པའི་དགྲ་བོའི་མི་ནོར་འཁོར་དང་བཅས་པ། ཕུང་ཁྲོལ་བརླག་ཏུ་ཆུག་ཅིག མེ་འབར་བ་ལ་ཆུ་བརྒྱབ་པ་བཞིན་དུ་ཐོངས་ཤིག །ཐལ་བ་རླུང་གིས་གཏོར་བ་བཞིན་དུ༴ བྲག་རི་ཐོག་གིས་བཤིག་པ་བཞིན་དུ་ཐོང་༴ རྩི་འབྲས་སེར་བས་བརྡུང་བ་བཞིན་དུ་ཐོང་༴ མཛའ་བའི་གཉེན་འཁོར་ཕོབ་ཅིག གསོ་བའི་ཕུང་པོ་ཤིགས་ཤིག གཅེས་པའི་སྲོག་རྩ་ཆོད་ཅིག ཁ་རྗེ་དབང་ཐང་སྤྲུགས་ཤིག །དམ་ཉམས་པའི་མི་ནོར་འཁོར་དང་བཅས་པ་གར་སོང་རྗེས་མེད་དུ་ཐོངས་ལ་རྣམ་པར་ཤེས་ས་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་དྲོངས་ཤིག ཅེས་དམོད་བཅོལ་བསད་བཟློག་པའི་སྔགས་དང་བཅས་པས་བརྗོད་ཅིང་ཐལ་མོ་དང་དུལ་མོ་བརྡབ་སོ། ཅེས་པ་འདི་རྫོགས་ཆེན་པདྨ་རིག་འཛིན་གྱིས་སྦྱར་བའོ། ཁ། ན་དབྱར་ཁའི་ཆབ་རོམ་ཟད་པ་བཞིན་དུ༴ དམ་ཉམས་པའི་དགྲ་བོ་འདིས་ཕོ་རྒྱུད་རྩད་ནས་ཐོན་ཞིག །མོ་རྒྱུད་མངའ་ནས་སྐོམ་ཞིག །ཆུ་རྒྱུད་རུམ་ནས་སོད་ཅིག །མི་དཔའ་རྟ་མགྱོགས་སྒྲོལ་ཞིག །གོ་ཁྲབ་མཚོན་གསུམ་ཕྲོལ་ཞིག མཐུན་པའི་གཉེན་གྲོགས་སྡང་བའི་དགྲར་སྒྱུར་ཞིག །བྱམས་བརྩེའི་མཛའ་གྲོགས་སྲོག་གཅོད་ཀྱི་གཤེད་མར་ཕོབ་ཅིག །འགོ་བའི་ལྷ་གནོད་པའི་བདུད་དུ་སྒྱུར་ཞིག །འཚོ་བའི་སྨན་རེག་ཕུང་གི་དུག་དུ་སྒྱུར་ཞིག །བསྲུང་བྱེད་ཀྱི་རིམ་གྲོ་ཚེ་སྲོག་གི་སྤུ་གྲིར་སྒྱུར་ཞིག །མདོར་ན་སྡུག་བསྔལ་བདེན་པའི་ཕུང་ཁམས་སྐྱེ་མཆེད་སོགས་འཁོར་བའི་མངོན་རྟོགས་གི་ཆོས་སོ་ཅོག་དང་བཅས་པ་ཐམས་ཅད་ཆོས་ཉིད་སྟོང་པ་ཆེན་པོའི་དབྱིངས་སུ་སྟོང་པར་གྱུར་ཅིག ཟད་པར་གྱུར་ཅིག མེད་པར་གྱུར་ཅིག ཕྱིར་མི་ལྡོག་པའི་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་དབྱིངས་སུ་མངོན་པར་བྱང་ཆུབ་པར་གྱུར་ཅིག ཅེས་བརྗོད་ཅིང་གཏོར་ཆེན་བརྡེགས་པའམ། ཡང་ན་དེ་ཕྱོགས་སུ་འབུལ་ཚུལ་སོགས་དོ་གལ་ཆེ་ཆུང་ལྟར་བྱས་མཐར། གཏོར་གཞོང་རྣམས་བཤལ་ཆུར་བསྟན་པའི་གཏོར་མ་བཤམས་ཏེ་སོ་སོར་གང་ལ་གང་འདོད་ཀྱི་ལོངས་སྤྱོད་དུ་བྱིན་གྱིས་བརླབས་ནས་ཡི་དམ་གཞུང་བཞིན་བརྟན་མ་བརྐྱང་ལ། དགྲ་མནན་དང་འབྲེལ་ན་མནན་པའི་ལས་སྦྱོར་རྡོ་རྗེའི་ལྷུན་པོ་ལྟར་དཔྱིས་ཕྱིན་པར་གྲུབ་མཐར་ཡར་ལོག་སྐབས་སྒབ་འདྲེ་ཕྱིར་འབྲང་མི་འོང་བའི་རྟེན་འབྲེལ་དུ་ཐོ་བརྩིགས་ཤིང་། ཁྲོམཿ བྲིས་པས་བརྒྱན་ཏེ་ཁྱུང་སྔགས་བརྗོད་པས་བྱིན་གྱིས་བརླབས་ནས། ཡེ་ཤེས་ཀྱི་བྱ་ཁྱུང་འཇིགས་སུ་རུང་བས་ཕྱི་ལམ་བཅད་པར་དམིགས་ནས། རྡོ་རྗེ་སློབ་དཔོན་གྱི་ཏིང་འཛིན་གྱིས་མནན་ཞིང་འོངས་ཤིང་སྒོ་རྩར་སླེབ་པ་དང་། སླར་ཡང་ས་ལ་བྲུབ་བྲིས་པར་དམ་སྲི་རྗེས་འབྲང་རྣམས་མནན་པའི་དམིགས་འདུན་གྱིས་གཞུང་བཞིན་བྲོ་མནན་རྒྱས་པར་བྱས་ནས། རྒྱལ་དབྱངས་གྱེར་བ་ནི། ཀྱཻ། བཅོམ་ལྡན་ཐུབ་པ་ཆེན་པོ་ཡིས། བདུད་ཀྱི་སྡེ་ཚོགས་ཕམ་བྱས་པའི། རྨད་བྱུང་དགེ་ཚོགསརྟེན་འབྲེལ་བཞིན། བདག་ཅག་འཁོར་བཅས་དེ་རིང་རྒྱལ། དེ་བཞིན་པདྨ་ཐོད་ཕྲེང་གིས། འཕགས་ཡུལ་དང་ནི་བྷོ་ཌར་སོགས། ཡུལ་གྲུ་ཀུན་གྱི་ལྷ་མ་སྲིན། བཏུལ་བཞིན་བདག་གིས་དགྲ་བགེགས་ཐུལ། ལྷ་ཡི་དབང་། བཏུང་བ་གཡོན་དུ་བཤམས་ཤིང་། རཾ་ཡཾ་ཁཾ། གིས་མི་གཙང་བའི་དྲི་མ་སྦྱངས། ༀ་ཨཱཿ་ཧཱུཾ། གིས་སྦྱངས་སྤེལ་བསྒྱུར་ཞིང་། སྤོས་སོགས་དྲི་ཞིམ་པོས་ངད་འཐུལ་བར་བྱས་ནས་རོལ་མོའི་སྒྲས་བྱིན་དབབ་སྟེ། དང་པོ་མངའ་གསོལ་གྱི་ཞིང་མགོན་པོའི་ལྷ་ཚོགས་སྤྱན་དྲང་པ་ནི། བདག་མདུན་གཉིས་ཀའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འོག་མིན་རྣམ་སྣང་གངས་ཆེན་གྱི་ཐུགས་ཀ་ནས་མགོན་པོ་དང་ལྷ་མོ། རང་བཞིན་ཕྱོགས་བཅུའི་ཞིང་ཁམས་ནས་སྐ་གསུང་ཐུགས་ུཕྱོགས་བཅུའི་མགོན་པོ་ལས་བྱེད་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་དགྲ་ལྷ། ལྷ་དམག་བྱེ་བའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛ༔ རྔམས་པའི་དབྱངས་དང་བཅས་པས་འདི་སྐད་དོ། ཧཱུཾ་འོག་མིན་རྣམ་སྣང་གངས་ཆེན་ཐུགས་ཀ་ནས། །མྱུར་མཛད་སྤྱན་རས་གཟིགས་ཀྱི་དངོས་སྤྲུལ་པ། ཚོགས་བདག་མ་ཧཱ་ཀ་ལ་མཐུ་བོ་ཆེ། བསྟན་པ་བསྲུང་ཕྱིར་གནས་འདིར་གཤེགས་སུ་གསོལ། རང་བཞིན་རྣམ་དག་དབྱིངས་ཀྱི་ཕོ་བྲང་ནས། ཡུམ་ཆེན་བཻ་ཏ་ནག་མོ་གཤེགས་སུ་གསོལ། མི་འགྱུར་ལྷུན་གྲུབ་སྐ་གསུམ་གནས་མ ཆོག་ནས། སྐ་གསུང་ཐུགས་ཀྱི་མགོན་པོ་གཤེགས་སུ་གསོལ། འོག་མིན་ཆོས་སྐྱོང་ཕྱོགས་བཅུ་རབ་འབྱམས་ནས། ཕྱོགས་བཅུའི་མགོན་པོ་འཁོར་བཅས་གཤེགས༴ རང་བཞིན་རྣམ་དག་དུར་ཁྲོད་གནས་བརྒྱད་ནས། སྡེ་བརྒྱད་མགོན་པོ་འཁོར་བཅས་གཤེགས་སུ་གསོལ། བསིལ་ཚལ་འཇིགས་རུང་རྒོད་པའི་གནས་མཆོག་ནས། སྤྲུལ་བའི་ཕྲ་མེན་སྤྱན་འདྲེན་གཤེགས༴ གར་བྱེད་སོ་ས་གླིང་གི་གནས་མཆོག་ནས། ཀཾ་ཀ་ཏ་རི་མིང་སྲིང་གཤེགས༴ པོ་ཊ་ལ་ཡི་གནས་ཀྱི་བྱང་ཕྱོགས་ནས། ལྕམ་སྲིང་མ་བཞི་སྤྱན་འདྲེན་གཤེགས་སུ་གསོལ། ཞིང་དང་ཆོས་འཁོར་གཉན་པོའི་ཕོ་བྲང་ནས། དགྲ་ལྷ་ལྷ་དམག་སྤྱན་འདྲེན་གཤེགས༴ བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་ནས། བཀའ་སྲུང་ཕོ་ཉ་སྤྱན་འདྲེན་གཤེགས་སུ་གསོལ། ཧཱུཾ་འཇིགས་རུང་ཆར་སྤྲིན་རླུང་གིས་བསྐྱོད་པ་བཞིན། དཔལ་ལྡན་མ་ཧཱ་ཀཱ་ལ་གནས་འདིར་བྱོན། དུས་མཐའི་མེ་ལྕེ་བརསྣང་འཕྲོ་བ་བཞིན། དཔལ་ལྡན་ལྷ་མོ་ནག་མོ་གནས་འདིར་བྱོན། ལྷོ་སྤྲིན་ནག་པོ་ངོས་ལ་རྒྱུགས་པ་ལྟར། སྐ་གསུང་ཐུགས་ཀྱི་མགོན་པོ་གནས་འདིར་བྱོན། ལྟོ་འཕྱེ་གཡོས་པའི་ས་ཆེན་ལྡིར་བ་ལྟར། མཐུ་ཆེན་དགྲ་ལྷ་མཆེད་གསུམ་གནས་འདིར་གཤེགས། ཐོག་འབྲུག་གློག་གིས་སེར་ཆེན་བསྐྱོད་པ་བཞིན། ཕྱོགས་བཅུའི་མགོན་པོ་འཁོར་བཅས་གནས་འདིར་བྱོན། འདམ་བུ་ནགས་ཚལ་མེས་འཇིགས་འཁྲུགས་པ་བཞིན། སྡེ་བརྒྱད་མགོན་པོ་འཁོར་བཅས་གནས་འདིར་བྱོན། ཐོག་སྦྲང་སྤེལ་མས་སྟོང་གསུམ་སྡུད་པ་བཞིན། ཡུམ་ཆེན་ལྕམ་སྲིང་འཁོར་བཅས་གནས་འདིར་བྱོན། གློག་དམར་ཕྲེང་བས་སྟོང་གསུམ་བསྐོར་བ་ལྟར། སྤྲུལ་པ་ཕྲ་མེན་བརྒྱད་རྣམས་གནས་འདིར་བྱོན། ཁྱིམ་བགྲོད་མེལ་ཚེ་ཁྱིམ་བདག་འདུག་པ་ལྟར། བཀའ་སྡོད་ཀཾ་ཀ་ཏ་རི་གནས་འདིར་བྱོན། དམར་ནག་འཚུབས་མས་རི་ལུང་བསྐོར་བ་ལྟར། ལྷ་དམག་བྱེ་བ་དུང་ཕྱུར་གནས་འདིར་བྱོན། མུན་པ་སྨག་རུམ་རླུང་ནག་འཁྲུགས་པ་ལྟར། བཀའ་སྡོད་ཕོ་ཉ་ལས་མཁན་གནས་འདིར་བྱོན། ཚོགས་བདག་མ་ཧཱ་ཀཱ་ལ་འཁོར་བཅས་རྣམས། སློབ་དཔོན་རྒྱུད་དང་དགོངས་ནས་གནས་འདིར་བྱོན། ཕ་མྱེས་རྒྱུད་དང་བརྩེ་ནས་གནས་འདིར་བྱོན། རྣལ་འབྱོར་བདག་ལ་གདུང་ནས་གནས་འདིར་བྱོན། ད་ལྟ་གནས་མཆོག་འདི་རུ་གཤེགས་སུ་གསོལ། ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་རྣམས་མདུན་གྱི་ནམ་མཁར་སྤྲིན་ནག་འཚུབས་མའི་དབུས་མེ་རི་དགུ་འཁྲུགས་ཀྱི་ཀློང་དུ་རྔམ་པའི་ཧཱུཾ་སྒྲ་དང་བཅས་ཏེ་བྱོན་པར་བསམ་ལ། ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ཀཱ་ལི་དྷེ་ཝི་ཡེ་ཨེ་ཧྱ་ཧི་ཛཿཧཱུཾ་བཻ་ཧོཿ གཉིས་པ་མངའ་གསོལ་དངོས་ནི། ཧཱུཾ་དཔལ་ལྡན་མགོན་པོ་ནག་པོ་ལ། སངས་རྒྱས་རྣམས་ཀྱིས་མངའ་གསོལ་ཕྱིར། སྐ་མདོག་མཐིང་ནག་འཇིགས་པའི་གཟུགས། དེ་བཞིན་བདག་གིས་མངའ་གསོལ་ལོ། དཔལ་ལྡན་མགོན་པོ་ནག་པོ་ལ། རིགས་གསུམ་མགོན་པོས་མངལ་གསོལ་ཕྱིར། ཁྲོ་གཉེར་སྤྱན་གསུམ་གློག་ལྟར་འགྱུར། དེ་བཞིན་བདག་གིས་མངའ་གསོལ་ལོ། དཔལ་ལྡན་མགོན་པོ་ནག་པོ་ལ། ཆོས་སྐྱོང་རྣམས་ཀྱིས་མངལ་གསོལ་ཕྱིར། དབུ་སྐྲ་དམར་པོ་གྱེན་དུ་བརྫེས། དེ་བཞིན་བདག་གིས༴ དཔལ་ལྡན་མགོན་པོ༴ རིགས་ལྔའི་སངས་རྒྱས་མངའ་གསོལ་ཕྱིར། དབུ་ལ་ཐོད་སྐམ་ལྔ་ཡིས་བརྒྱན། དེ་བཞིན་བདག་གིས༴ དཔལ་ལྡན་མགོན་པོ༴ གཤིན་རྗེ་རྣམས་ཀྱིས་མངལ་གསོལ་ཕྱིར། ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༴ དེ་བཞིན་བདག་གིས༴ དཔལ་ལྡན་མགོན་པོ༴ རྒྱུ་སྐར་རྣམས་ཀྱིས་མངའ་གསོལ་ཕྱིར། སྨིན་མ་སྨ་ར་མེ་ལྟར་འབར། དེ་བཞིན་བདག་གིས༴ དཔལ་ལྡན་མགོན་པོ༴ བདུད་ཀྱི་རྒྱལ་པོས་མངལ་གསོལ་ཕྱིར། དར་ནག་འཇོལ་བེར་སྐ་ལ་གསོལ། དེ་བཞིན་བདག་གིས༴ དཔལ་ལྡན་མགོན་པོ༴ ལྷ་སྲིན་སྡེ་བརྒྱད་མངའ་གསོལ་ཕྱིར། དཔའ་བོ་སྟག་གི་ཤམ་ཐབས་ཅན། དེ་བཞིན་བདག་གིས༴ དཔལ་ལྡན་མགོན་པོ༴ གཟའ་ཆེན་རྣམས་ཀྱིས་མངའ་གསོལ་ཕྱིར། ཤངས་ནས་གདུག་པའི་རླུང་ནག་འཚུབས། དེ་བཞིན་བདག་གིས༴ དཔལ་ལྡན་མགོན་པོ༴ དཔའ་འོ་རྣམས་ཀྱིས་མངལ་གསོལ་ཕྱིར༴ གྲུ་གུག་འབར་བ་གཡས་ན་འཕྱར། དེ་བཞིན་བདག་གིས༴ དཔལ་ལྡན་མགོན་པོ་ནག་པོ༴ མ་མོ་རྣམས་ཀྱིས་མངའ༴ ཐོད་ཁྲག་འབར་བ་ཐུགས་ཀར་བསྣམས༴ དེ་བཞིན་བདག་གིས༴ དཔལ་ལྡན་མགོན་པོ༴ གནོད་སྦྱིན་རྣམས་ཀྱིས་མངའ༴ རིན་ཆེན་འབར་བས་སྐ་ལ་བརྒྱན། དེ་བཞིན་བདག་གིས༴ དཔལ་ལྡན་མགོན་པོ༴ ཀླུ་ཆེན་རྣམས་ཀྱིས་མངའ་གསོལ༴ སྦྲུལ་གྱི་ཆུན་པོས་སྐ་ལ་བརྒྱན༴ དེ་བཞིན༴ དཔལ་ལྡན་མགོན་པོ༴ སྲིན་པོ་རྣམས་ཀྱིས་མངའ༴ ཐོད་རློན་ཕྲེང་བའི་དོ་ཤལ་ཅན། དེ་བཞིན་བདག་གིས༴ དཔལ་ལྡན༴ དྲང་སྲོང་རྣམས་ཀྱིས་མངའ་གསོལ༔ ཆ་སྒྲ་དྲག་པོ་གསུམ་དང་ལྡན། དེ་བཞིན༴ དཔལ་ལྡན༴ སྲིད་པ་གསུམ་གྱིས་མངའ༴ སྐ་ཡི་ལྟེ་བ་ཟུར་གསུམ་ཟབ། དེ་བཞིན་བདག་གིས༴ དཔལ་ལྡན་མགོན་པོ༴ མེ་ལྷ་རྣམས་ཀྱིས༴ མེ་དཔུང་འབར་བའི་ཀློང་ན་བཞུགས། དེ་བཞིན༴ དཔལ་ལྡན་མགོན་པོ༴ ས་བདག་རྣམས་ཀྱིས་མངའ༴ བམ་ཆེན་གདན་ལ་བརྐྱངས་བསྐམ་བཞུགས༴ དེ་བཞིན་བདག་གིས༴ དཔལ་ལྡན་མགོན་པོ༴ ལྷ་ཆེན་རྣམས་ཀྱིས་མངའ་གསོལ༴ བསོ་སྒྲ་དྲག་པོ་གསུམ་དང་ལྡན༴ དེ་བཞིན༴ དཔལ་ལྡན་མགོན་པོ༴ ལྷ་མིན་རྣམས་ཀྱིས་མངའ༴ ཆ་སྒྲ་དྲག་པོ་གསུམ་དང་ལྡན༴ དེ་བཞིན་བདག་གིས༴ དཔལ་ལྡན་མགོན་པོ༴ མི་རྣམས་ཀུན་གྱི་མངའ༴ རིན་ཆེན་སྣ་ལྔས་སྐ་ལ་བརྒྱན། དེ་བཞིན་བདག་གིས༴ དཔལ་ལྡན་མགོན་པོ༴ བྱོལ་སོང་རྣམས་ཀྱིས་མངའ༴ ཤེས་རབ་ཡེ་ཤེས་སྒྲོན་མེ་བསྣམས། དེ་བཞིན་བདག་གིས༴ དཔལ་ལྡན་མགོན་པོ༴ ཡི་དྭགས་རྣམས་ཀྱིས་མངའ་གསོལ་ཕྱིར། རིན་ཆེན་འབར་བའི་གཙུགས་ཕུད་ཅན། དེ་བཞིན་བདག་གིས༴ དཔལ་ལྡན་མགོན་པོ༴ དམྱལ་བ་རྣམས་ཀྱིས་མངའ༴ སྤྱན་རས་བསྐལ་བའི་མེ་ཆེན་འབར། དེ་བཞིན་བདག་གིས༴ དཔལ་ལྡན་མགོན་པོ༴ བ་ཡ་བེ་ཡིས་མངལ་གསོལ༴ ཤངས་ནས་བསྐལ་པའི་རླུང་ཆེན་འཚུབས། དེ་བཞིན་བདག་གིས༴ དཔལ་ལྡན་མགོན་པོ༴ ཆུ་ལྷ་རྣམས་ཀྱིས་མངའ་གསོལ༴ ཞལ་ནས་བསྐལ་པའི་ཆུ་ཆེན་འཁྱིལ༴ དེ་བཞིན་བདག་གིས་མངའ་གསོལ་ལོ ། ཐུགས་དམ་རྒྱུད་བསྐལ་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། ཅེས་མངའ་གསོལ་གྱི་ཆི་བ་བསྐྱེད་མཐར། ཆོས་སྐྱོང་སྲུང་མ་དབུ་འཕང་བསྟོད་ཅིང་འདོད་གསོལ་འཕྲིན་བཅོལ་བྱ་བ་ནི། དཀྱིལ་འཁོར་གྱི་ལྷར་མེ་ཏོག་གཏོར་ཞིང་འདི་སྐད་བརྗོད་པར་བྱའོ། ཧཱུཾ་ཐབས་མཆོག་བདེ་ཆེན་དཔལ་ཡོན་ཚོགས་ཀྱི་བདག །རྣམ་ཀུན་མཆོག་ལྡན་ཡཀྴ་བཻ་ཏ་ལི། སྐ་གསུང་ཐུགས་མགོན་ཕྱོགས་བཅུའི་སྡེ་བརྒྱད་སོགས། ཆོས་ཀྱི་དབྱིངས་སུ་དབུ་འཕང་བསྟོད་པར་བགྱི། རྣམ་པ་ཀུན་གྱི་མཆོག་ལྡན་སྟོང་པའི་གཟུགས། ཀུན་ཁྱབ་བདེ་ཆེན་ངང་དུ་རོ་གཅིག་ཀྱང་། མ་རིག་འཛིན་པའི་ལས་རླུང་གིས་སྤྲུལ་པའི། གཡར་དམ་གཉན་པོ་ཆོས་ཀྱི་དབྱིངས་སུ་བསྲེ། འདས་པའི་རྣམ་པར་རྟོག་པ་ཡོད་དོ་ཅོག སྔར་བཅོལ་ལེགས་པའི་གཏང་རག་གཉན་པོ་སྤེལ། མ་འོངས་རྣམ་པར་རྟོག་པ་གནས་བསྒྱུར་ནས། ད་བཅོལ་ལེགས་པའི་ཞུ་བ་གཅིག་ཏུ་འབུལ། ཆད་པའི་གཞུང་ཅིག་བདག་གིས་མི་བསྲང་རྒྱུ། ཆད་ལས་དོན་འབྱུང་དོན་ལས་མ་གཡེལ་ཅིག བཅོལ་པའི་ཕྲིན་ལས་ཁྱོད་ཀྱི་མི་མཛད་རྒྱུ། ཕྲིན་ལས་དོན་དུ་གཟུགས་སྐར་བཞེངས་ལ་དགོངས། དབུ་འཕང་གཉན་པོ་དེ་རིང་མི་བསྟོད་རྒྱུ། ཕྱོགས་ལས་རྣམ་རྒྱལ་བརྟུལ་ཞུགས་འཛིན་པའི་ཕྱིར། ལྷུན་པོའི་སྤོ་དང་ཉི་ཟླའི་བཀྲག་མདངས་ཀྱང་། རྔམས་བརྗིད་ཡོན་ཏན་འབར་བའི་དཔྱིད་དུ་སྤྲུངས། སྙིགས་མ་ལྔ་ཡི་ཡང་མཐར་ལྷུང་བ་རྣམས། ནད་མཚོན་དམག་འཁྲུགས་མུ་གེས་མནར་བའི་ཚེ། སྐྱབས་འོས་དཀོན་མཆོག་རིན་ཆེན་རྣམས་པ་གསུམ། དམ་ཅན་ཆོས་སྐྱོང་རྒྱ་མཚོར་བཞེངས་ལ་འབོད། ཞི་བ་ཕྱོགས་གཅིག་མྱ་ངན་མི་འདས་བ། སློབ་པ་ལམ་གྱི་དམ་བཅའི་མཐར་ཐུག་ཕྱིར། སྟོང་ཉིད་དབྱིངས་ལས་སྙིང་རྗེའི་སྒྱུ་ཐབས་གར། རྣམ་བཞིའི་ཕྲིན་ལས་རོལ་མོར་མངའ་གསོལ་ལོ། རྟ་གདོང་མེ་ལྕེ་འབར་བའི་མུ་ཁྱུད་ནང་། ལས་དབང་བསོད་ནམས་རླུང་རྟ་དར་དྲགས་པའི། དཔུང་ཚོགས་གཡན་ལག་བཞི་པའི་རྩིབས་རྣོན་གྱིས། གཞན་སྡེའི་བསྟན་པ་འཕྲོག་པར་མངའ་གསོལ་ལོ། །གཞན་དབང་ཉིད་དུ་ཡོང་ཡེར་མ་བཟུང་ཡང་། གང་ལ་གསོལ་བ་བཏབ་ན་ཡིད་བཞིན་དོན། འབད་མེད་གྲུབ་པའི་ནོར་བུར་མངའ་གསོལ་ལོ། རང་སྡེ་བསྲུང་ལ་ཤིན་ཏུ་མཛངས་བཞིན་དུ། གཞན་སྡེ་དབང་བྱེད་སྒྱུ་རྩལ་ལ་གོམས་པས། ཐབས་ལ་མཁས་པའི་ཤེས་རབ་མིག་ཡངས་མས། ཁམས་གསུམ་དབང་བྱེད་བཙུན་མོར་མངའ་གསོལ་ལོ། འདུ་འཇིའི་གནས་ཀྱང་བསྡུ་བའི་དངོས་སོ་དང་། ཚངས་གནས་བཞི་ཡི་དོན་ལ་སྦྱོར་བྱེད་ཅིང་། འབྱོར་ཞིང རྒྱས་ལ་སྲིད་སྡེ་བསྲུང་མཁས་པའི། ཁྱིམ་བདག་རིན་ཆེན་མཆོག་ཏུ་མངའ༴ རྟག་ཆད་དོན་ལ་སེམས་པའི་མུ་སྟེགས་དང་། འཚེ་བ་ཆོས་སུ་སྨྲ་བའི་ཀླ་ཀློའི་དཔུང་། ཐེག་ཆེན་ལུས་སྟོབས་རྒྱས་པའི་སྣ་ཞགས་གི། རལ་གྲིད་གཅོད་པའི་གླང་པོར་མངའ༴ བསྐལ་སར་ཡུད་ཀྱིས་ཕྱིན་པས་མགྱོགས་པའི་བང་། རྦད་སར་ཐོགས་རྡུགས་མེད་པའི་རླུང་གི་ཤུགས། ཕ་རོལ་རི་རབ་ཡིན་ཀྱང་རྫུ་འཕྲུལ་གྱིས། བརླག་བྱེད་རྟ་མཆོག་ཆེན་པོར་མངའ༴ ལེགས་ཉེས་སྟངས་འཛིན་བདག་གོ་ཁྱེད་རྣམས་ནི། རྫུ་འཕྲུལ་རྐང་བ་བཞི་ལ་མཆོག་ཐོབ་ཅིང་། སྟོབས་བཅུ་མི་འཇིགས་རྣམ་བཞིའི་རྩལ་རྫོགས་པའི། དགྲ་འཇོམས་དམག་དཔོན་ཆེན་པོར་མངའ༴ ཁྱད་པར་རང་སྲིད་འབྱོར་བས་མི་ངོམས་པར། གཞན་སྡེ་བཟའ་བའི་ལྷ་མིན་འཇུག་པ་ཅན། བྱེད་པ་རྒྱུ་མཐུན་མཚོན་ཅའི་རྣོ་དབལ་རྩེར། རང་སྲོག་རང་གིས་འཕྲོག་པར་མངའ༴ གང་ལ་བསྲུང་སྐྱོབས་བྱེད་པའི་ལྷ་སྲུང་དང་། མཛའ་གཙུགས་དམ་བཅའི་རི་མོ་ཉེར་སུབས་ལ། བསྟན་འགྲོའི་ཕན་བདེ་བཤིག་པའི་འདུན་གྲོས་དཔུང་། ནང་དབྱེན་དམེ་འཁྲུགས་སྦྱོར་བས་བཀོང་ཞིག །རིགས་གསུམ་མགོན་པོ་མེས་དབོན་རྣམ་གསུམ་གྱིས། རྒྱལ་བསྟན་གངས་རིར་དྲངས་པ་ཆུད་གསན་ནས། དགེ་བཅུའི་ཁྲིམས་ཀྱི་མུ་ཁྱུད་བཤིག་པ་རྣམས། དོན་སྙིང་ལྐོག་མར་འབྱིན་པར་མངའ་གསོལ་ལོ། འཇིག་རྟེན་ལས་ཀྱིས་སྤྲུལ་པའི་གཞན་དབང་ལ། ཕྱྭ་དང་དབང་ཕྱུག་རང་དབང་ཡིན་ཟེར་ན། བདེན་པ་གཉིས་དང་དེ་ཡི་བསྟན་སྲུང་ལ། བསྟེན་གོམས་བྱས་པའི་འབྲས་བུ་གཡེལ་ལམ་ཅི། ཆོས་ཀྱི་སྐ་ནི་དུས་གསུམ་སྐྱེ་འགགས་མེད། ལོངས་སྤྱོད་རྫོགས་ལས་རྣམས་སྤྲུལ་ཆོས་སྐྱོང་རྣམས། དམ་ཅན་ཉིད་ཕྱིར་དམ་ཚིག་དང་བཞེས་ལ། ལྔ་བདོའི་འགྲོ་འདི་བསྲུང་སྐྱོབས་དུས་ལ་བབ། མིག་འཕྲུལ་ལས་ཀྱང་མྱུར་བའི་འཇིག་རྟེན་གྱི། རྒུད་པ་སྣ་ཚོགས་དམ་ཅན་ཆོས་སྲུང་མཐུས། བསྲུང་ཞིང་ཁྱད་པར་བདག་ཅག་ཡོན་མཆོད་ལ། ལུས་དང་གྲིབ་བཞིན་འགྲོགས་ནས་གྲོགས་དན་མཛོད། གཞི་རུ་འདུག་ན་རྫོགས་ལྡན་དགའ་སྟོན་སྤེལ། བྱེས་སུ་གཅན་འཕྲང་ཆོམ་རྐུན་ཁ་ཆར་སྲུངས། དགྲ་དང་འགྱེད་ན་དཔའ་རྡགས་རུ་མཚོན་ཕྱོར། ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་བདེ་ལེགས་མཛོད། ཞེས་པས་གཏོར་ཕུད་སྐྱེམས་ཕུད་ཅུང་་ཟད་སྟེང་ཆར་བྲན་ཞིང་། ལྷག་མ་སྦྲའམ་ཁང་པའི་ཡང་ཐོག་ཏུ་མཆོད་པར་བྱའོ། གསུམ་པ་ཚོགས་ལྷག་བཏང་བ་ནི། དཀྱིལ་འཁོར་གྱི་མདུན་དུ་སྟེགས་ཀྱི་ཁར་གཅན་གཟན་པགས་པ་ལ་སོགས་པའི་སྟེང་དུ། དང་པོ་ལྷ་ལ་མཆོད་པའི་ལྷག་མ་གཡས་ཕྱོགས་དང་། རྡོ་རྗེ་སློབ་དཔོན་ནས་བཟུང་འཁོར་རྣམས་ལ་དྲངས་པའི་ལྷག་མ་གཡོན་ངོས་སུ་བཞག དེ་གཉིས་ཀྱི་བར་དུ་ཡོལ་གོར་ཛས་དུམ་ཅུང་ཟད་དམ། ཡང་ན་དཔལ་ཆེན་གཏོར་མ་ནས་སྐྱུ་གུ་ཞིག་བླངས་ལ་བཞག་ཅིང་། ཚོགས་ལྷག་བྱིན་བརླབས་དང་བསྔོ་ཚིག་གཞུང་བྱིན་བཏང་ནས་གཙང་སྨེ་བསྲེ་སྐབས་སྔ་མའི་ཡོལ་གོང་མཉམ་དུ་བསྲེ་བ་ལག་ལེན་ཡིན་ནོ། ལྷག་མ་ལ་ཁ་ཕྲུ་འདེབས་པ་ཡང་རྡོ་རྗེ་སློབ་དཔོན་ལྟ་དགོངས་དང་ལྡན་པའི་སྤྱོད་ཡུལ་ཡིན་གྱི། ཐོ་ཅོའི་རྩིངས་སྤྱོད་ཅན་རྣམས་ཀྱིས་དེ་ལྟར་བྱས་ན་སྐྱོན་ཆེན་པོའི་རྒྱུ་རུ་འགྱུར་བར་བཤད་པས་དཔའ་ཐལ་དུ་མ་སོང་བ་ཞིག་གལ་ཆེའོ། འདིར་སྨྲས་པ། དེ་ལྟར་དཔལ་གགོན་ཚོགས་ཀྱི་བདག་པོ་ཡི། སྟོད་ཆའི་འ དོན་འགྲིགས་དངོས་གྲུབ་རྒྱ་མཚོའི་གཏེར། སྐལ་བཟང་རྗེས་འཇུག་རེ་སྐོངས་དབང་གི་རྒྱལ། རྣམ་གསུམ་དད་པས་ལོངས་དང་དགོས་དགུ་འབྱུང་། བན་མིན་བོན་མིན་གླེགས་བམ་ཆེན་པོ་ཞིག །ཀློག་ཅིང་འབོད་རྦད་གསད་གསུམ་མ་ངེས་པའི། འདོན་རྩར་སྤྲུགས་ཀྱང་ཅིར་འགྱུར་འཕྱང་མོ་ཉུག དེ་ཕྱིར་རྣམ་དག་ལམ་འདིར་ཞུགས་དང་ཀྱཻ། ཁོ་བོས་མཁས་གྲུབ་བླ་མ་མང་བསྙེན་ཞིང་། སྨིན་གྲོལ་གདམས་པས་སྒོ་གསུམ་ལས་རུང་བྱས། ཟབ་དང་རྒྱ་ཆེའི་ཆོས་རྣམས་ཉན་བསམ་མཐུས། འདི་འདྲའི་ཕྱག་ལིན་འདྲི་བའི་སྤོབས་པ་ཐོབ། དེ་ཕྱིར་འདི་ལ་མཁས་དང་གྲགས་འདོད་ཀྱིས། བློ་ངན་དྲི་མས་གོས་པར་མ་གྱུར་ཞིང་། བསྟན་དང་འགྲོ་ལ་ཕན་སེམས་ཆེར་བསྐྱེད་གཞུང་། ཡིན་ཕྱིར་ཕན་པའི་འབྲས་བུའང་དེ་རྗེས་འབྲང་། འོན་ཀྱང་སོ་སྐྱོས་དབང་ཕྱུར་ནོངས་པའི་རིགས། རྩ་གསུམ་ལྷ་དང་ཚོགས་ཀྱི་བདག་པོར་འཆགས། རྣམ་དཀར་དགེ་བའི་འབྲས་བཟང་དལ་འགྲོའི་རྒྱུན། ཀུན་མཁྱེན་རྒྱ་མཚོར་རོ་གཅིག་འདྲེས་པར་སྨོན། རྣམ་དག་ལམ་འདིར་དགའ་ཞིང་དད་གུས་བརྟན། ཐོས་བསམ་བོམ་པས་ཉམས་ལེན་བརྩོན་པ་རྣམས། ལྷ་ཆེན་ཚོགས་ཀྱི་བདག་པོས་སྲས་བཞིན་དུ། སྐྱོང་ཞིང་བྱམས་པའི་ཕྲིན་ལས་ཡོངས་འགྲུབ་ཤོག །གང་གི་ལོག་ལྟའི་ཕུག་སྒོ་བྱང་བསྟན་དུ། གནས་བཅས་བླུན་སྐད་ཧུང་སྒྲ་སྒྲོགས་པའི་བྱ། རྣམ་དག་ལམ་བཟང་འོད་སྟོང་མི་བཟོད་ཀྱང་། ཕྱོགས་སྔའི་མུན་པར་ཞུགས་ན་དེས་ཆོག་གོ གཞན་ཡང་བཞུང་འདིར་བཟང་ངན་འབྲེལ་ཐོགས་ཀུན། ཉེས་ཚོགས་ཀུན་ཟད་རྣམ་དཀར་སྟོབས་རྒྱས་ཤིང་། འཕྲལ་ཕུག་དགའ་བདེའི་དཔལ་ཡོན་དང་འགྲོགས་བཞིན། བྱང་ཆུབ་སྙིང་པོར་མངོན་གྱུར་བཀྲ་ཤིས་ཤོག ཞེས་དཔལ་མགོན་ཚོགས་ཀྱི་བདག་པོའི་སྟོད་ལས་ཀྱི་འདོན་འགྲིགས་དངོས་གྲུབ་རྒྱ་མཚོའི་གཏེར་མཛོད་ཅེས་བྱ་བ་འདི་ཉིད་བཻ་རོའི་དངོས་སློབ་ལྡི་རི་ཆོས་ཀྱི་གྲགས་པས་གཞུང་གསང་བ་སྤུ་གྲི་སེར་བཞག་ལ་རིགས་མཐུན་གྱི་གཞུང་རྣམ་དག་ནས་ཁ་བསྐང་དགོས་རིགས་རྣམས་དང་། གསར་རྩོམ་ཅུང་ཟད་ཀྱིས་ཀྱང་བརྒྱན་ཏེ་ཕྱོགས་མེད་རྒྱལ་ཁམས་ཉུལ་བའི་བྱ་བྲལ་བ་ཀུན་བཟང་གཞན་ཕན་ནམ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་ཤིང་གླང་ཟླ་བ་གསུམ་པའི་ཚེས་གསུམ་གྱིས་ཉིན་གྲུབ་པར་བགྱིས་པའི་ཡི་གེ་པ་ནི་ཀུན་བཟང་ཕུན་ཚོགས་ཀྱིས་བགྱིས་པའི་དགེ་བས་བསྟན་འགྲོ་ཡོངས་ལ་ཕན་བདེ་རྒྱ་ཆེན་པོ་རྒྱུན་མི་འཆད་པའི་རྒྱུར་གྱུར་ཅིག དགེའོ། དགེའོ། དགེའོ། #div1

༄༅། མགོན་པོའི་ཕྱེ་མར་འབུལ་བ་བཞུགས། ཀྱཻ་ཕྱེ་མར་གཏོར་བ་གང་ནས སྲིད། སྔོན་ལྷ་མི་དམག་ལས་རྒྱལ་བའི་དུས། ལྷ་མིན་དམག་རྣམས་ཕམ་པའི་དུས། ལྷ་དང་མི་རྣམས་ཀུན་འདུས་ནས། མགོན་པོའི་དམག་ལ་གཏང་རག་ཕྱེ་མར་གཏོར། འབྲུ་སྣ་དགུ་ལ་འཐག་པའི་ཕྱེ་མ་ལ། འབྲི་མར་སེར་མོས་ཞལ་སྲོས་པས། ཕྱེ་མར་སྤྲིན་ཕུང་གནམ་ལ་གཏོར། མགོན་པོའི་ལྷ་ཚོགས་དགྱེས་པས་ཧ་ཧ་མཛད། མགོན་པོའི་ལྷ་ཚོགས་དགྱེས་པའི་བྱིན་བརླབས་ཀྱིས། དཀར་ཕྱོགས་རྒྱལ་གྱུར་ནག་ཕྱོགས་ཕམ་གྱུར་ཅིག ལྷ་རྣམས་རྒྱལ་གྱུར་ལྷ་མིན་ཕམ་གྱུར་ཅིག མགོན་པོ་རྒྱལ་གྱུར་བདུད་སྲིན་ཕམ་གྱུར་ཅིག ཆོས་རྣམས་རྒྱལ་གྱུར་ཆོས་མིན་ཕམ་གྱུར་ཅིག དགེ་འདུན་རྒྱལ་གྱུར་མུ་སྟེགས་ཕམ་གྱུར་ཅིག སྔགས་འཆང་རྒྱལ་གྱུར་གདོན་བགེགས་ཕམ་གྱུར་ཅིག ཡོན་བདག་རྒྱལ་གྱུར་དགྲ་བགེགས་ཕམ༴ ཡུལ་ལྷ་རྒྱལ་གྱུར་ཡུལ་འདྲེ་ཕམ༴ མཁར་ལྷ་རྒྱལ་གྱུར་མཁར་སྲི་ཕམ༴ ཁྱིམ་ལྷ་རྒྱལ་གྱུར་ཁྱིམ་འདྲེ་ཕམ༴ ཕོ་ལྷ་རྒྱལ་གྱུར་ཕོ་སྲི་ཕམ༴ མོ་ལྷ་རྒྱལ་གྱུར་མོ་སྲི་ཕམ༴ སྲོག་ལྷ་རྒྱལ་གྱུར་ཚེ་བདུད་ཕམ༴ ཆུང་ལྷ་རྒྱལ་གྱུར་ཆུང་སྲི་ཕམ༴ ནོར་ལྷ་རྒྱལ་གྱུར་གོད་སྲི་ཕམ་གྱུར་ཅིག ཞང་ལྷ་རྒྱལ་གྱུར་ཞང་སྲི་ཕམ༴ གཡང་ལྷ་རྒྱལ་གྱུར་འགོང་པོ་ཕམ་གྱུར་ཅིག དེ་ལྟར་རྒྱལ་རབས་ལྷ་མི་གཡས་སུ་རྒྱལ། གཏང་རག་ཕྱེ་མར་མཆོ་པ་བཞེས། རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ། མགོན་པོའི་ལྷ་ཚོགས་རྒྱལ་རབ་ཐོབ། ཕྱེ་མར་འོལ་ཀུན་གནམ་ལ་གཏོར། མགོན་པོའི་ལྷ་ཚོགས་རྣམས་ལ་གཏང་རག་འབུལ། བདག་ཅག་དཔོན་སློབ་ཡོན་མཆོད་ལ། སྡོང་གྲོགས་དཔུང་ཤུགས་རྒྱབ་བརྟེན་མཛོད། ཕྱེ་མར་མཆོད་པའི་གཏང་རག་འབུལ། མགོན་པོའི་ལྷ་ཚོགས་འཁོར་བཅས་ལ། སྔོན་བཟང་པོ་བྱས་པའི་གཏང་རག་འབུལ། ད་ལྟ་བཟང་པོ་བྱེད་པས་ཞུ་སྐྱེམས་གསོལ། ད་ཕྱིན་བཟང་པོ་བྱེད་པའི་གཉེར་ཟས་འབུལ། སྔོན་ཚེ་ད་ལྟ་ཡི་དམ་ལྷ། ཕྱི་མ་བྱང་ཆུབ་ལམ་ལ་གྲོགས་མཛོད་ཅིག ད་ལྟ་འཁོར་རྣམས་བསྲུང་ལ་རྐྱེན་རྣམས་བཟློག རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། མགོན་པོའི་ཕྱེ་མར་གཏང་རག་མཆོད་པ་རྫོགས་སོ། སརྦ་མངྒ་ལཾ། པོས་ལྷ་མིན་དཔུང་། ཕམ་པར་བྱས་ལྟར་བདག་ཅག་གིས། དགྲ་ཟླ་ལྷག་མེད་གཞོམ་པ་ཡིས། རྒྱལ་སྒྲ་འཇིག་རྟེན་ཁམས་སུ་སྒྲོགས། ཨེ་མ་དཔལ་མགོན་ཚོགས་བདག་གིས། འབོད་རྦད་བསད་འཕང་མནན་པའི་ལས། མཐར་ཕྱིན་འབྲས་བུས་རྒྱལ་བསྟན་དར། དགེ་བཅུའི་དཔལ་འཛིན་དཔོན་འབངས་སྐྱིད། རྣལ་འབྱོར་བདག་གིས་དགྲ་ཚོགས་བརླག རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ། ལྷ་རྒྱལ་དགྲ་འདྲེ་ཕམ་པར་མཛོད། བདག་རྒྱལ་སྲིད་གསུམ་ཟིལ་གནོན་མཛོད། རྒྱལ་རྟག་བཀྲ་ཤིས་ཕུན་ཚོགས་མཛོད། ལྷ་རྒྱལ་ལོ། ཞེས་བརྗོད་པ་དང་ཆབ་གཅིག་ནང་དུ་ཕྱིན་ནས་དཔའ་ཟས་སྐྱེམས་སོགས་ལ་རོལ། ༈ གཉིས་པ་གཏང་རག་གཏོང་བ་ལ་ཡང་། མངའ་གསོལ་བྱ་བ། གཏང་རག་གཏོང་ཞིང་ཕྲིན་ལས་བཅོལ་བ། དངོས་གྲུབ་བླང་བ། མཆོད་བསྟོད་བྱ་བ། ནོངས་བཤགས། གཤེགས་གསོལ། བསྔོ་སྨོན། བཀྲ་ཤིས་བརྗོད་པ་རྣམས་སོ། དེ་ལས་དང་པོ་མངའ་གསོལ་ནི། སླར་ཡང་ཕྱི་ནང་གི་མཆོད་རྫས་ཁ་གསོ་ཞིང་། བྷ་ལིང་སྐྱེམས་ཕུད་སོགས་གསར་དུ་བཤམས་པ་བྱིན་གྱིས་བརླབས་ནས། མངལ་གསོལ་གཞུང་མན་བཏང་མཐར་གཉིས་པ་ནི་མོས་གདུང་རྩེ་གཅིག་གིས་ངང་ནས། ཧོ་ཡེ་ཤེས་ཀྱི་མགོན་པོ་རྣམ་པར་སྣང་མཛད། གསང་བའི་མགོན་པོ་ནག་པོ་ཆེན་པོ། འཇིག་རྟེན་གྱི་མགོན་པོ་ཚོགས་བདག་གླང་སྣ། ཉི་མ་དབུས་ཕྱོགས་ཀྱི་མགོན་པོ་ཚོགས་རྗེ་ཚོགས་བདག །ཤར་ཕྱོགས་ཀྱི་མགོན་པོ་དཔལ་རབ་འཆང་བ། ལྷོ་ཕྱོགས་ཀྱི་མགོན་པོ་ལེགས་ལྡན་ནག་པོ། ནུབ་ཕྱོགས་ཀྱི་མགོན་པོ་བྲག་ལྷ་མགོན་པོ། བྱང་ཕྱོགས་ཀྱི་མགོན་པོ་རྣམ་ཐོས་སྲས། བྱང་ཤར་མཚམས་ཀྱི་མགོན་པོ་ལྷ་ཆེན་དཔལ་འབར་དཀར་པོ་གླང་སྣ། ཤར་ལྷོ་མཚམས་ཀྱི་མགོན་པོ་ཨཱཪྱ་ཛམ་བྷ་ལ། ལྷོ་ནུབ་མཚམས་ཀྱི་མགོན་པོ་གསེར་མདོག་གཟི་འཕགས་པོ། ནུབ་བྱང་མཚམས་ཀྱི་མགོན་པོ་ནག་པོ་རྒྱན་ཅན། སྟེང་གི་མགོན་པོ་ཚངས་པ་དུང་གི་ཐོར་ཚུགས་ཅན་བདག་ཅག་སློབ་འཁོར་དང་བཅས་པ་མཐོ་ལ་ཁ་དམའ་ལུང་ཁུང་། ཆུ་ཁ་རབས་སོ། ཕྱོགས་བཞི་མཚམས་བརྒྱད་གར་འགྲོ་གར་འདུག གར་གནས་ཀྱང་སྡུན་ནས་སུས་ཤིག རྒྱབ་ནས་སྐྱེལ་ཅིག བར་དུ་སྡོང་གྲོགས་དམ་པ་མཛོད་ཅིག བསམ་པ་ཐམས་ཅད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་མྱུར་དུ་ལྷུན་གྱིས་གྲུབ་པར་མཛོད་ཅིག ཆུ་རབས་མེད་ལ་རབས་ཚུགས་ཤིག བྲག་སྐས་མེད་ལ་སྐས་ཚུགས་ཤིག བཟང་དང་ལ་ཁར་སྤྲོད། ངན་དང་ལུང་ཁོང་དུ་བསྣོལ། དཔའ་བའི་དཔུང་མཛོད། བརྩན་པའི་མཁར་མཛོད། སྲ་བའི་གོས་སྐོན། རྣོ་བའི་མཚོན་ཐོགས། རིང་ན་རྟ་བཏོད། བྲེལ་ན་གཞུ་རྡུངས། ཁའི་ཟས་འདོད་ཟས་དང་སྤྲོད། ལག་པའི་ནོར་འདོད་ནོར་དང་སྤྲོད། མི་ནོར་ལ་མིག་མ་ཕྲ། མི་ཟས་ལ་ཁམ་མ་ཆུང་། མིའི་ཟས་ནོར་ཆོད་ལ་རང་གི་ཟས་ལ་སྣོན། དགྲ་ནོར་ཆོད་ལ་རང་ནོར་གྱིས། སངས་རྒྱས་ཀྱི་བསྟན་པ་མི་གཉན་པར་བྱེད་པ། དམ་ཆོས་མི་གཉན་པར་བྱེད་པ། དགེ་འདུན་མི་གཉན་པར་བྱེད་པ། ཚིག་མ་ཡིན་པར་ཟློ་བ། ཀློང་འདེབས་པ། རྡོ་རྗེ་སློབ་དཔོན་གྱི་སྐ་ལ་བསྡོ་བ། དཀོར་ལ་རློམས་པ། བདག་ཅག་ལ་ཁ་ངན་དུ་སྨྲ་བ། ལག་པ་ཚིག་ཏུ་རྔོ་བ། སྔ་དགྲ་བྱས་པ། ཕྱི་དགྲ་ཤོམ་པ། ད་དགྲ་བརྩོམ་པ། སྐ་ལ་བསྡོ་བ། རྒྱུས་ལ་ཚད་པ། པོད་བཙུགས་པ། དོ་བསྡོ་བ། ཡ་འགྲན་པ། རྐུན་མ་ཤ་ཆང་ཁུར་བ། ཇག་པ་རྟ་ཁ་བསིགས་པ། ཡོབ་ཆེན་བཀྲོལ་བ། མདའ་ཁ་འཕེན་པ། མདུང་ཁ་བཙུགས་པ། རྐུ་ཚད་པ། འཕྲོག་ཚད་པ། བཅོམ་ཚད་པ། ཡིད་ལ་བརྣག་པའི་བསྟན་དགྲ་དམ་ཉམས་སྡིག་ཅན་འདི་རྣམས་ཀྱི་གཉའ་ནོན་མཛོད་ཅིག ཚོམ་ལ་ཕོབ་ཅིག འོག་གི་མགོན་པོ་ཁྲོ་མོ་རཀྴ་གཟི་འབར་མ། བར་སྣང་ཁམས་ཀྱི་མགོན་པོ་དཔལ་ལྡན་ལས་ཀྱི་དབང་ཕྱུག གཞན་ཡང་འཁོར་དང་ཡང་འཁོར་གཡོག་དང་ཡང་གཡོག སྤྲུལ་པ་ཡང་སྤྲུལ་དང་བཅས་པ་རྣམས་ལ་མཆོད་པ་འབུལ་ལོ། གཏང་རག་གཏོང་ངོ་། ངོ་སོ་བསྟོད་དོ། གཞན་ཡང་ཁ་དྲག་སྤྱི་བཙན་གྱི་དགྲ་བླ། དཔའ་རྩལ་ཆེ་བའི་དགྲ་བླ། མི་གྲངས་སྤེལ་བའི་དགྲ་བླ། མགྱོགས་བྱེད་རྩེ་དགུའི་དགྲ་བླ། གྲངས་འཛིན་སྤྲུལ་པའི་དགྲ་བླ། ཁ་དོག་འོད་ཀྱི་དགྲ་བླ། རྫུ་འཕྲུལ་མཛད་པའི་དགྲ་བླ། དགྲ་བླ་དར་མ་སྐད་ཆེན། དགྲ་བླ་དོམ་མགོ་གླང་སྙིང་། དགྲ་བླ་དཔའ་བརྟན་ལྡོག་མེད། རྣོ་གཅོད་གཏིང་འབྱིན། འཐབ་རྐྱེན་རྣ་གསང་ལ་སོགས་པའི་འཇིག་རྟེན་པའི་དགྲ་བླ། དཔལ་མགོན་པོ་འཁོར་དང་བཅས་པ་རྣམས་ལ་མཆོད་པ་འབུལ་ལོ། གཏང་རག་གཏོང་ངོ་། ངོ་སོ་བསྟོད་དོ། མགོན་པོའི་དམག་ཚོགས་ཁྱེད་རྣམས་ཀྱི་ལྷའི་དམག་དཔུང་ནི་མ་ཉུང་ཞིག མཐུ་སྟོབས་ནི་མ་ཆུང་ཞིག བྱིན་རླབས་ནི་མ་ཞན་ཞིག གོ་ཁྲབ་ནི་མ་སྲབ་ཅིག བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ། མཐོ་མཐོ་ལ་བྱ་ར་མཛོད་ཅིག དམའ་དམའ་ལ་མེལ་ཚེ་མཛོད་ཅིག དགྲ་འོང་ན་བྱ་ཐོང་། བདུད་འོང་ན་ཤེལ་ཐོབ། དུག་འོང་ན་སྨན་སྐྱོལ། ནད་འོང་ན་རྩི་སྐྱོལ། བདག་བཅག་གི་ཁ་འཛིན་མཛོད། མཐུ་རོགས་ཀྱིས། རྒྱབ་བརྟེན་མཛོད། དཔུང་གཉེན་གྱིས་མགོན་སྐྱབས་དང་ཚེ་རྫི་མཛོད། དགྲ་སོགས ། བགེགས་ཐུལ། བར་ཆད་སོལ། བསམ་པ་སྒྲུབ། རེ་བ་སྐོངས། ཅི་བསམ་པ་དང་། ཅི་རེ་བ་དང་། ཅི་སྨོན་པའི་དོན་ཐམས་ཅད་ཆོས་དང་མཐུན་པར་མཛད་དུ་གསོལ། མགོན་པོའི་རྒྱལ་དབྱངས་བཞུགས། །ཧཱུཾ་བཀའ་རྒྱུད་བླ་མ་རྣམས་ཀྱི་བྱིན་བརླབས་དང་། ཡི་དམ་ལྷ་ཚོགས་རྣམས་ཀྱི་བདེན་སྟོབས་དང་། ཆོས་སྐྱོངས་སྲུང་མ་རྣམས་ཀྱི་མཐུ་སྟོབས་ཀྱིས། མགོན་པོ་ཡོན་ཏན་བསྙེན་སྒྲུབ་དེ་རིང་བྱུང་། འཆང་ཡོན་བདག་བསམ་པ་དེ་རིང་འགྲུབ། ཆོས་སྐ་མི་འགྱུར་བརྩན་ས་དེ་རིང་ཟིན། ལོངས་སྐ་རང་སྣང་འཁོར་ནི་དེ་རིང་ཐོབ། སྤྲུལ་སྐའི་དགྲ་དཔུང་འཇོམས་པའི་དམག་དཔུང་བསྒྱུར། ༣ཆོག་དང་ཐུན་མོང་དངོས་གྲུབ་དེ་རིང་ཐོབ། ངན་སོང་གསུམ་གྱི་སྡུག་བསྔལ་དེ་རིང་ཞི། དུས་གསུམ་སངས་རྒྱས་བསྟན་པ་དེ་རིང་དར། དགྲ་བགེགས་གནོད་བྱེད་འདྲེ་གདོན་དེ་རིང་ཕམ། སྔགས་འཆང་ཡོན་བདག་ཚོགས་རྣམས་དེ་རིང་རྒྱལ། ནག་ཕྱོགས་ལྷ་སྲིན་ཚོགས་རྣམས་དེ་རིང་ཕམ། དཀར་ཕྱོགས་ལྷ་སྲིན་ཚོགས་རྣམས་དེ་རིང་རྒྱལ། མི་ནད་ཕྱུག་ནད་ཇག་རྐུན་དེ་རིང་ཕམ། བདག་ཅག་མི་ཕྱུགས་ཚོང་མགྲོན་དེ་རིང་རྒྱལ། བྱད་ཁ་ཕུར་ཁ་ཟོར་ཁ་དེ་རིང་ཕམ། སྔགས་འཆང་ལྷ་སྲུང་འཁོར་བཅས་དེ་རིང རྒྱལ། སྔ་དགྲ་ཕྱི་དགྲ་སྡང་སེམས་དེ་རིང་ཕམ། དུས་གསུམ་རྒྱུན་ཆད་མེད་པར་སྔགས་འཆང་རྒྱལ། རྒྱལ་ལོ་རྒྱལ་ལོ་དེ་རིང ལྷ་སྲུང་རྒྱལ། རྒྱལ་བྱེད་ཆོས་སྐྱོང་མགོན་པོ་འཁོར་བཅས་རྣམས། དང་པོ་སྐྱེ་མེད་ཆོས་སྐའི་ངང་ལས་འབྱུང་། བར་དུ་འགགས་མེད་ལོང་སྐའི་དགྲ་བགེགས་འདུལ། ཐ་མ་ཕྲིན་ལས་རྫོགས་ནས་ཆོས་སྐར་ཐིམ། སརྦ་དཱ་ཀ་མྱ་ཎཾདྷབནདྷ། དེ་རྣམས་བསད་པ་དང་། བཅིངས་བ་དང་། བསྒྲལ་བ་དང་། སྤ་བཀོང་བ་དང་། རྡུལ་དུ་བརླགས་པ་དང་། དྲག་པོས་ཚར་གཅོད་པའི་ཕྲིན་ལས་དམ་པ་མཛོད་ཅིག འདོན་པ་དང་ཆབ་གཅིག་ཏུ་མཆོད་ཡོན་ཀུན་གྱིས་སྐྱེམས་ཕུད་གཏོར་ཞིང་འབྲུ་སྣའི་མེ་ཏོག་ཀྱང་དབུལ། མཐར་བསོ་སྒྲས་སྣ་དྲངས་པའི་རྒྱལ་བ་བརྗོད་པ་དང་གི་སྒྲ་སྒྲོགས་པ་སོགས་སྣང་བ་འགྱུར་བའི་དཔའ་ཟིལ་བསྐྱེད་ཐབས་བྱས་ན་ཐུབ་པའི་ལྷ་དགྱེས་ཤིང་འཁོར་བ་རིགས་པས་གྲུབ་སོ། གཞན་ཡང་། སངས་རྒྱས་བསྟན་སྲུང་མའི་འདོད་དོན་གསོལ་ལ། ཤིང་ཅི་སྣ་ཚོགས་མེར་བསྲེག་གོ། བསྒྲུབ་ཁང་སྟེང་དུ་བསྐྱལ་བ་སོགས་གང་འོས་བྱའོ། གསུམ་པ་ནི། ལྷག་མ་དངོས་གྲུབ་དུ་ལེན་ཞིང་གཞན་ལ་མི་འཁྱེར་བར་བདག་བྱེད་པ་ལྟར་དངོས་གྲུབ་ཀྱི་རྫས་བཟང་པོ་མཐོང་བརྒྱུད་ལྟར་བཤམས་པ་ལ། སྟེང་ཆའི་གཏོར་མའི་རྫས་སོགས་བསྣན་ནས། ཡབ་ཡུམ་ཀྱི་སྔགས་ལ། མ་ཧཱ་ཀཱ་ལ་སིདྡྷི་ཡཾ་དུ་ཛཿ བཏགས་པ་བརྒྱ་རྩ་སོགས་ཀྱི་དངོས་གྲུབ་ཀྱི་ཕུང་པོར་བལྟས་ལ་བླངས་པ་ནི། ༀ་བདུད་རྩི་དངོས་གྲུབ་འབྱུང་བའི་གནས་ཉིད་དུ། བདུད་ལས་རྒྱལ་བྱེད་མགོན་པོ་ལེགས་ལྡན་གྱི། ཐུགས་ཀྱི་དཔལ་བེའུ་འོད་ཀྱི་གོང་བུ་རུ། ཡེ་ཤེས་རྣམ་ལྔའི་འོད་ཟེར་རབ་ཏུ་འཕྲོ། ཡེ་ཤེས་སེམས་དཔའི་དངོས་གྲུབ་བདག་ལ་སྩོལ། སྐ་གསུང་ཐུགས་ཀྱི་སྤྲུལ་པ་ལས་མགོན་གསུམ། ཕྲིན་ལས་མཐའ་རྒྱས་དངོས་གྲུབ་བདག་ལ་སྩོལ། ཡུམ་ཆེན་མུ་ལེ་ཡཀྴ་བཻ་ཏ་ལི། སྦྱོར་སྒྲོལ་འདྲེན་པའི་དངོས་གྲུབ་བདག་ལ་སྩོལ། དཔལ་རབ་འཆང་དང་ཕྱོགས་བཅུའི་མགོན་པོ་སྟེ། ཡུལ་འཁོར་སྲུང་ནི་རྒྱལ་ཆེན་ཀུན་གྱི་དཔོན། ཕྲིན་ལས་བཞི་ཡི་དངོས་གྲུབ་བདག༴ ལྷ་ཡི་གཙོ་བོ་དཔལ་རབ་ཆེན་པོ་སྟེ། བདུད་འདུལ་སྔགས་ཀྱི་དངོས་གྲུབ་བདག༴ བཀའ་སྡོད་མགོ་བརྙན་དྲི་ཟ་ཕྱོགས་སྐྱོང་བཅུ། ལོག་ལྟ་ཚར་གཅོད་དངོས་གྲུབ་བདག༴ མགོན་པོའི་སྐ་ཉིད་མི་འགྱུར་རྡོ་རྗེའི་སྐ། རྡོ་རྗེ་སྐ་ཡི་དངོས་གྲུབ་བདག༴ མགོན་པོའི་གསུང་ཉིད་འགགས་མེད་པདྨ་སྟེ། པདྨ་གསུང་གི་དངོས་གྲུབ་བདག༴ མགོན་པོའི་ཐུགས་ཉིད་འཁྲུལ་མེད་གཡུང་དྲུང་སྟེ། གཡུང་དྲུང་ཐུགས་ཀྱི་དངོས་གྲུབ་བདག༴ མགོན་པོའི་ཡོན་ཏན་མི་ཟད་ནོར་བུ་རྒྱས། ནོར་བུ་ཡོན་ཏན་དངོས་གྲུབ་བདག༴ མགོན་པོའི་ཕྲིན་ལས་རྒྱས་པའི་འཁོར་ལོ་བསྐོར། འཁོར་ལོ་ཕྲིན་ལས་དངོས་གྲུབ་བདག༴ སྤྱན་རས་གཟིགས་ནི་འགྲོ་འདུལ་སངས་རྒྱས་གཙོ། འགྲོ་བ་འདུལ་བའི་དངོས་གྲུབ་བདག༴ ལྷ་དབང་བརྒྱ་བྱིན་ལྷ་ཡི་ཁ་འཛིན་གྱིས། མཐུན་འཇུག་རིགས་ཀྱི་དངོས་གྲུབ༴ མགོན་པོའི་ལྷ་ཚོགས་སྐྱེ་མེད་དོན་གྱི་ལྷ། མུ་མེད་མཐའ་རྒྱས་དངོས་གྲུབ་བདག༴ རིག་འཛིན་ཚེ་ཡི་དངོས་གྲུབ་བདག༴ དབང་ཐང་བུ་ཡི་དངོས་གྲུབ་བདག༴ མཛོད་ལྡན་ནོར་གྱི་དངོས་གྲུབ༴ སྐྱིད་སྤྱོད་ཟས་ཀྱི་དངོས་གྲུབ་བདག༴ སྤྱན་རས་གཟིགས་ཀྱི་དངོས་གྲུབ་ད་སྩོལ་ཅིག ལེགས་ལྡན་མགོན་པོས་དངོས་གྲུབ་ད༴ ཚོགས་བདག་མགོན་པོས་དངོས་གྲུབ་ད༴ ཡུམ་ཆེན་ཡཀྴ་བཻ་ཏ་ལི་ཡིས་དངོས་གྲུབ་ད༴ སྐ་གསུང་ཐུགས་ཀྱི་མགོན་པོས་དངོས་གྲུབ་ད༴ ཕྱོགས་བཅུ་སྡེ་བརྒྱད་མགོན་པོས་དངོས་གྲུབ་ད༴ ལྷ་དམག་བྱེ་བ་དུང་ཕྱུར་དངོས་གྲུབ་ད་སྩོལ་ཅིག ༀ་མ་ཧཱ་ཀཱ་ལ་ས་པཱ་རི་ཝ་ར་ཀཱ་ཡ་སིདྡྷི་ༀ། ཝཱཀྐ་སིདྡྷི་ཨཱཿ ཙིརྟ་སིདྡྷི་ཧཱུཾཿསརྦ་སིདྡྷི་ཧྲཱི༔ སྐ་གསུང་ཐུགས་ཀྱི་དངོས་གྲུབ་དུས་འདིར་སྩལ་དུ་གསོལ། དཔལ་ལྡན་མགོན་པོའི་དངོས་གྲུབ་བླང་བ་སློབ་དཔོན་བཻ་རོ་ཙ་ནས་མཛད་པའོ། བཞི་པ་མཆོད་ཅིང་བསྟོད་པ་ནི། ༀ་ཤྲྀ་མ་ཧཱ་ཀཱ་ལ་ཡཀྴ་བཻ་ཏ་ལི་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤཔྡ་དྷུ་པ་ཤཔྡ་གྷནྡྷེ་ར་ས་སྤར་ཤེ་པྲ་ཏིཙྪ་སྙུ་ཛ་མེ་གྷ་ས་མུ་ཏྲ་སྥ་རེ་ཎ་ས་མ་ཡེ་ཨཱཿཧཱུཾ། སྨན་གཏོར་རཀྟའི་སྔགས་ཀྱང་བརྗོད་ཅིང་ཕུལ་ལ། ཧཱུཾ་བཅོམ་ལྡན་ཐུགས་རྗེའི་བདག་ཉིད་མཆོག གདུལ་དཀའ་འདུལ་ཕྱིར་ཁྲོ་བོའི་སྐར། ཡོངས་བཞེངས་དཔལ་མགོན་ཚོགས་ཀྱི་བདག ཡུམ་སྲས་སྤྲུལ་འཁོར་བཅས་ལ་བསྟོད། ཅེས་པས་བསྟོད་ཅིང་ལྔ་བ་ནོངས་བཤགས་ནི། མ་རྙེད་ཡོངས་སུ་མ་ཚང་དང་། གཙོ་བོ་ནུས་པ་མ་མཆིས་པ། འདིར་ནི་ནོངས་པ་གང་བགྱིས་པ། དེ་ཀུན་མགོན་པོས་བཟོ་པར་གསོལ། ༀ་བཛྲ་ས་ཏྭ་ས་མ་ཡཱཿ སོགས། ཡིག་བརྒྱ་ལན་གསུམ་བརྗོད་པས་བཤགས རྟེན་ཡོད་ན་བཞུགས་གསོལ་དང་། མེད་ན་དྲུག་པ་གཤེགས་གསོལ་ནི། ཀྱཻ་ཆོས་སྐའི་མགོན་པོ་རྣམ་པར་སྣང་མཛད་ཡང་། འོག་མིན་ཆོས་དབྱིངས་ལྷ་ཡི་གནས་སུ་གཤེགས། ལོངས་སྐའི་མགོན་པོ་མ་ཧཱ་ཀཱ་ལ་ཡང་། ཆོས་བཟང་ལྷ་ཡི་འདུན་སའི་གནས་སུ་གཤེགས། སྤྲུལ་སྐའི་མགོན་པོ་ལེགས་ལྡན་ནག་པོ་ཡང་། དགའ་བའི་ཚལ་དང་འདྲེས་པའི་ཚལ་དུ་གཤེགས། ཚངས་པ་བརྒྱ་བྱིན་ལ་སོགས་ལྷ་ཆེན་བརྒྱད། རྣམ་པར་རྒྱལ་བའི་ཁང་བཟང་གནས་སུ་གཤེགས། ཀླུ་ཆེན་བརྒྱད་དང་གཟའ་བརྒྱད་གནོད་སྦྱིན་བརྒྱད། རྒྱུ་སྐར་ཉེར་བརྒྱད་ཚོགས་དང་བཅས་པ་རྣམས། རང་རང་གཞི་དང་གནས་སུ་ད་བྱོན་འཚལ། འཕྲེང་ཐོག་གཞོང་ཐོག་ལྷ་ཡི་ཚོགས་རྣམས་ཀྱང་། རང་རང་གཞི་དང་གནས་སུ་ད་བྱོན་འཚལ། དམ་ཚིག་སྤ་རང་ལ་བསྟིམ་པ་ནི། ཀྱཻ་སྣང་ཞིང་སྲིད་པའི་དཔལ་མགོན་མོ་རྒྱུད་རྣམས། བསྟིམ་མོ་དམ་ཚིག་མཁའ་འགྲོ་རྣམས་ལ་ཐིམ། དམ་ཚིག་མ་མོ་མཁའ་འགྲོ་ཐམས་ཅད་ཀྱང་། ཡེ་ཤེས་མཁའ་འགྲོ་རིགས་ལྔ་མཁའ་འགྲོར་ཐིམ། རིགས་ལྔ་ཡཀྴ་བཻ་ཏ་ལི་ལ་ཐིམ། ཡུམ་ཡང་མ་ཧཱ་ཀཱ་ལའི་ཐུགས་ཀར་ཐིམ། ཀྱཻ་སྣང་ཞིང་སྲིད་པའི་ལྷ་འདྲེ་ཕོ་རྒྱུད་རྣམས། སྲིད་པའི་དགྲ་བླ་དཔའ་བོ་རྣམས་ལ་ཐིམ། དགྲ་བླ་རྣམས་ཀྱང་ལྷ་དམག་རྣམས་ལ་ཐིམ། ལྷག་མ་གཙང་རིས་མགོན་པོ་རྣམས་ལ་ཐིམ། དཔལ་མགོན་སྡེ་བརྒྱད་མགོན་པོ་རྣམས་ལ་ཐིམ། སྡེ་བརྒྱད་ཕྱོགས་བཅུའི་མགོན་པོ་རྣམས་ལ་ཐིམ། ཕྱོགས་བཅུའི་མགོན་པོ་སྐ་གསུང་ཐུགས་ལ་ཐིམ། སྐ་གསུང་ཐུགས་ཡང་གཙོ་བོའི་ཐུགས་ཀར་ཐིམ། གཙོ་བོ་ཞུ་ནས་ཐུགས་ཀའི་ཧཱུཾ་ལ་ཐིམ། ཧཱུཾ་ཉིད་བདག་ཉིད་དཔལ་ཆེན་ཐུགས་ཀར་ཐིམ། བདག་ཉིད་གཞལ་ཡས་ཁང་དང་ལྷ་ཚོགས་རྣམས། གཙོ་བོའི་ཐུགས་ཀའི་སྔགས་འཁོར་དག་ལ་ཐིམ། རིམ་བཞིན་ཐིམ་ནས་ཐིག་ལེ་སྐྱེ་མེད་པའི། སྨྲ་བསམ་བརྗོད་བྲལ་ཡེ་སྟོང་གདོད་མ་ལས། ཁྱབ་པ་ཆེན་པོའི་ངང་དུ་བཛྲ་མུ་མུཿ མུ་མུ་བཛྲ་མུཿ དགེ་རྩ་བྱང་ཆུབ་ཏུ་བསྔོ་བ་ནི། དགེ་བ་འདིའི་མཐུས་འབོད་རྦད་བསད་པའི་ལས། ཡོངས་གྲུབ་བསྟན་འགྲོའི་ཕན་བདེའི་རྒྱུར་གྱུར་ནས། རྨད་བྱུང་བསོད་ནམས་དལ་འགྲོའི་རྒྱུན་ལྟ་བུ། རྣམ་མཁྱེན་རྒྱ་མཚོར་དབྱེར་མེད་ཆེད་དུ་བསྔོ། སྨོན་ལམ་ནི། ཐོག་མཐའ་བར་གསུམ་དགེ་བའི་བསམ་སྦྱོར་གྱིས། དགྲ་བགེགས་བརླག་པའི་དྲག་སྔགས་འདི་བསྒྲུབ་མཐུས། ལས་ངན་རྒྱུ་ུའབྲས་ལྡན་པའི་ཞིང་བཅུའི་དགྲ། ཡོངས་བསྒྲལ་མི་ལྡོག་བདེ་ཆེན་དཔལ་ཐོབ་ཤོག བདུན་པ་ཤིས་བརྗོད་ནི སྤྲོ་ན་ཟུར་བཀོད་ལྟར་དང་། ཡང་ན་འདི་བཞིན་བརྗོད་དེ་མེ་ཏོག་འཐོར། ༀ་བདེ་ལེགས་སུ་གྱུར་ཅིག དཔག་ཡས་ཞིང་ཁམས་རྒྱ་མཚོའི་སངས་རྒྱས་དང་། ལེགས་གསུང་བདེན་གཉིས་ཟུང་འཇུག་དམ་པའི་ཆོས། རིག་གྲོལ་གཉིས་ལྡན་དགེ་འདུན་འདུས་པའི་སྡེ། མཆོག་གསུམ་བདེན་པས་དེང་འདིར་ཤིས་པ་སྩོལ། རྩ་བརྒྱུད་རིག་འཛིན་བླ་མའི་ཚོགས་རྣམས་དང་། ཡི་དམ་ཞི་ཚགས་ཁྲོ་པོའི་དཀྱིལ་འཁོར་ལྷ། གནས་གསུམ་དཔའོ་མཁའ་འགྲོ་ཆོས་སྐྱོང་བཅས། རྩ་གསུམ་ཆོས་སྐྱོང་སྲུང་མས་དགེ་ལེགས་སྩོལ། དམིགས་མེད་ཐུགས་བརྩེའི་གཏེར་མཛོད་སྤྱན་རས་གཟིགས། མ་རུང་འགྲོ་ངོར་ཁྲོ་བོའི་སྐར་བཞེངས་ས། རྒྱལ་བསྟན་སྐྱོང་མཛད་ཚོགས་བདག་གཙོ་འཁོར་གྱི། མཐུ་སྟོབས་ནུས་པས་དེང་འདིར་བདེ་ལེགས་ཤོག ཆོས་སྐྱོང་ཡོངས་ཀྱི་སྤྱི་རྗེ་ནག་པོ་ཆེའི། གསང་གསུམ་བསྒྲུབ་ལ་བརྩོན་འབྲས་ཡོངས་སྨིན་པའི། མཁས་ཤིང་གྲུབ་བརྙེས་གང་དག་ཇི་སྙེད་ཀྱི༑ རབ་འབྱམས་འཕྲིན་ལས་བཀྲ་ཤིས་དེང་འདིར་ཤོག །མཆོག་གསུམ་རྩ་གསུམ་སྲུང་མ་ཀུན་འདུས་པའི། ངོ་བོ་ལེགས་ལྡན་ཚོགས་ཀྱི་བདག་པོ་ཡིས། ལྷ་མིན་དཔུང་ཚོགས་གཞོམ་པའི་དགེ་མཚན་དཔལ། དེང་འདིར་བདག་ཅག་རྣམས་ལ་ཐོབ་པར་ཤོག ལམ་མཆོག་འདི་བསྒྲུབ་མཐུ་ཡིས་རྒྱུད་ལྔའི་འགྲོའི། སྡུག་བསྔལ་སྨག་རུམ་བསལ་བའི་ལྷ་ལམ་དུ། འཕྲལ་ཕུགས་བདེ་ཞིང་སྐྱིད་པའི་འོད་བརྒྱའི་ཞལ། མངོན་གྱུར་བྱང་ཆུབ་སྙིང་པོའི་བཀྲ་ཤིས་ཤོག ཞེས་དང་། གཞན་ཡང་བཀྲ་ཤིས་ཅི་རིགས་བརྗོད་པར་བྱའོ། སྨྲས་པ། དེ་ལྟར་དཔལ་མགོན་ཚོགས་ཀྱི་བདག་པོ་ཡི། གཞུང་དོན་ཞོ་འཐུང་རུས་པ་ཇི་བཞིན་ལས། འབོད་རྦད་བསད་འཕང་དམ་བཅའ་བཞི་ལྡན་མཚོན། སྔགས་འཆང་ཉེ་དབང་ཚོགས་ཀྱི་ཕྱག་ཆར་འོས། དེ་ལྟ་ནའང་རྨོངས་དང་མཁས་རློམ་འགས། མགྲིན་བཟང་ལམ་ཞུགས་བརྡུལ་ཞུགས་ལས་བཟློག་ཕྱིར། ཡིན་མིན་བརྒལ་བརྟག་རློམ་པའི་འབྱུང་བྱའི་སྐད། སྒྲོགས་ཀྱང་རང་སྐྱོན་ངོམ་པ་ཙམ་དུ་ཟད། ལམ་བཟང་མཆོག་འདི་རྡ་ན་སཾ་སྐྲྀ་ཏས། བཻ་རོར་གདམས་བཞིན་ཆོས་རྒྱལ་ཁྲི་སྟོང་དང་། ཁམས་གསུམ་སྔགས་འཆང་ལྡི་རི་ཆོས་གྲགས་ལ། གནང་བ་ཇི་བཞིན་འཁྲུལ་མེད་ཡི་གེར་བཀོད། དེ་ཡང་བཀའ་གཏེར་ནག་འགྱུར་མཚུངས་ལྡན་ཆོས། དུ་མའི་འོ་མཚོ་བསྲུབས་འབྲས་སྙིང་པོའི་ཟླ། རྣམ་དག་སྒྲིབ་བྲལ་མཁའ་ལ་མངོན་སྣང་ཚེ། རྗེས་འཇུག་སྐལ་བཟང་ཀུ་མུད་འཛུམ་བག་གཡོ། གངས་རི་སེར་པོར་འཛིན་པའི་མཁྲིས་སྐྱོན་དང་། ནམ་མཁར་སྐྲ་ཤད་གཟིངས་མཐོང་མིག་སྐྱོན་དཔེའི། རང་སྐྱོན་སྦེད་བཞིན་གཞན་སྐྱོན་ཐབས་ཀྱིས་ཕྱར། དེ་ལྟའི་རིགས་ལ་བདག་འདྲས་ཅི་བྱར་ཡོད། དེ་ཕྱིར་བཀའ་གཏེར་ཀོང་ཆེའི་འགྱུར་དང་ནི། བཻ་རོས་ཆོས་བོན་མཉམ་བསྒྱུར་རྣམ་དག་ལུགས། རྒྱ་བོན་ཕྱི་རོལ་དང་མཚུངས་མ་འདྲེས་པར། སྔོན་བྱོན་མཁས་རྣམས་ལུགས་འདི་འཁྲུལ་བ་བྲལ། ཅིས་ཕྱིར་ཞེ་ན་ལེགས་ལྡན་ཚོགས་བདག་གི། གཞུང་མང་འོ་མར་ཐོན་པའི་མར་གོང་དང་། རྒྱུད་ལུང་མན་ངག་གཞན་གྱི་བཅུད་བསྡུས་རོ། དོན་གཉེར་སྐྱེ་བོས་མྱོང་ཚེ་ནུས་བཅུད་མངོན། དེ་ལྟའི་དགེ་མཐུ་འོད་སྟོང་འབར་བའི་གཟིས། སྙིགས་དུས་མུན་པའི་སྨག་རུམ་མཐར་བསྐྲད་ནས། བསྟན་འགྲོའི་ཕན་བདེའི་པད་ཚལ་ཡོངས་རྒྱས་ཤིང་། རབ་བྱམས་ཕྲིན་ལས་དྲི་བཟང་རྟག་འབྱུང་ཤོག ཞེས་དཔལ་མགོན་ཚོགས་ཀྱི་བདག་པོའི་སྨད་ལས་ཀྱི་འདོན་འགྲིགས་དམ་བཅའ་བཞི་ལྡན་རྡོ་རྗེའི་མཚོན་ཆ་ཞེས་བྱ་བ་འདི་ཡང་། རྫོགས་པ་ཆེན་པོའི་རྣལ་འབྱོར་པ་འཇགས་མེད་ཕྲིན་ལས་འོད་ཟེར་གྱིས་ལྡི་རི་ཆོས་ཀྱི་གྲགས་པའི་ཡི་གེའི་གཞུང་བཞིན་བཀོད་ནས། གསེར་སྐྱེམས་གཟུ་དཔང་སོགས་ཁ་བསྐང་དགོས་རིགས་རྣམས་ཀུན་མཁྱེན་བླ་མ་རྣམ་གཉིས་ཀྱི་མགོན་ནག་དང་། རྒྱུད་མགོན་དྲུག་གི་གཞུང་སོགས་ནས་བླངས་ཤིང་། རྒྱལ་དབྱངས་བཀྲ་ཤིས་བསྔོ་སྨོན་བཅས་ཚིག་ཞུང་དོན་འདུས་ཀྱི་ལུགས་སུ་རང་ཉིད་ཀྱིས་གསར་རྩོམ་བྱས་ཏེ་ཤིང་གླང་ཟླ་བ་བཞི་པའི་ཚེས་ཉེར་གཅིག་ལ་གྲུབ་པར་བགྱིས་པའི་དགེ་བས་བསྒྲལ་བའི་ཞིང་བཅུ་དང་། ཉམས་པ་བདུན་དུ་གཏོགས་པའི་དགྲ་སྡེའི་དཔུང་ཚོགས་མིང་ཡང་མེད་པར་བརླགས་ནས། རྒྱལ་བསྟན་རིན་ཆེན་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག་གུ །དགེའོ། དགེའོ། དགེའོ།


previousསྲུང་མས་བཟློག་པ།next