Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

60 occurrences of གཙང་
[Clear Hits]


11   
རྨ་བྱ་དུག་འཇོམས་མི་གཙང་ཉམས་གྲིབ་ཀུན་སེལ།
  
  
14   
 
 
14   
 
 
 
 
 
 
 
 


60 occurrences of གཙང་
[Clear Hits]

 
no previousརྨ་བྱ་དུག་འཇོམས་མི་གཙང་ཉམས་གྲིབ་ཀུན་སེལ།next

རྨ་བྱ་དུག་འཇོམས་མི་ གཙང next hit་ཉམས་གྲིབ་ཀུན་སེལ།

༄༅། །རྨ་བྱ་དུག་འཇོམས་མི་previous hit གཙང next hit་ཉམས་གྲིབ་ཀུན་སེལ་བཞུགས། རྩ་བ་གསུམ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་བས་བསྙེན་སྒྲུབ་ལ་འཇུག་དུས་སམ། ཕྲལ་རྐྱེན་ངན་པའི་རྣམ་རྟོག་ལས་བྱུང་བའི་ཉམས་གྲིབ་དང་མི་previous hit གཙང next hit་བའི་ནད་གདོན་བསལ་ཐབས་ལ། དུག་ཤིང་སྟག་མ་རིས་ལྕགས་བུར་ནག་ཐང་ཕྲོམ་ཐར་ནུ་སྟག་འུ་ཆུང་། བོང་བ་ཐང་དམར་ལ་སོགས་དུག་ཤིང་སྣ་ཚོགས་ཀྱི་ཆུན་པོ་བཅིང་བའི་ནང་དུ་ཝ་ཤ་དང་གཞན་ཡང་ལྡོང་རོས། མཁར་གོང་བཙའ་ཆུ་སོགས་དུག་རིགས་ཀྱི་རྫས་སྣ་ཚོགས་བླུགས་ལ་མེ་སྦར་ཏེ། ལག་ཏུ་རྨ་བྱའི་མདོངས་ཐོགས་ལ་འདི་སྐད་དོ། །ༀ་མ་ཧཱ་མ་ཡཱུ་རི་བིདྱ་རཱ་ཛྙཱ་ཧཱུཾ་ཧཱུཾཿཕཊ་ཕཊ་སྭ་ཧཱཿ རང་ཉིད་སྐད་ཅིག་གིས་རྨ་བྱ་ཆེན་མོ་དུག་སེལ་མ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་གཡས་རྨ་བྱའི་མདངས་དང་། གཡོན་བདུད་རྩིའི་བུམ་པ་འཛིན་པ། འཇིག་རྟེན་ཁམས་ཀྱི་དུག་ལྔ་དང་སྨེ་རྩོག་མནོལ་གྲིབ་ཐམས་ཅད་འཇོམས་པའི་སྐུར་གྱུར། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་མུཾཿལྗང་ཀུའི་མཐའ་བསྐོར་དུ་ༀ་མ་ཧཱ་མ་ཡུ་རི་བིདྱཱ་རཱ་ཛྙཱ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭ་ཧཱ། ཞེས་པའི་སྔགས་ཀྱིས་བསྐོར་བར་བསམ། སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་ཕྱི་སྣོད་འབྱུང་བ་ལྔའི་དུག་རིགས་རྣམས་དབྱུང་ཞིང་ནང་བཅུད་སེམས་ཅན་ཐམས་ཅད་ལ་ཉོན་མོངས་པ་དུག་ལྔ་དུག་གསུམ་གྱི་རྒྱུ་ལས་བྱུང་བའི་ནད་གདོན་སྡུག་བསྔལ་སྡིག་སྒྲིབ་བག་ཆགས་སྨེ་བཙོག་མནོལ་གྲིབ་ཐམས་ཅད་སྦྱངས་ནས་དག་པར་གྱུར། བར་བསམ་ལ་སྔགས་བཟླ། དུག་མེར་ༀ་སྭ་བྷ་ཝ་ས་སྦྱངས་ཤིང་། མདུན་གྱི་དུག་བམ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར་སྟོང་པའི་ངང་ལས་དུག་མེ་དམར་ནག་ཕྱུ་རུ་རུ་འབར་ཞིང་དུག་གི་དུ་བ་ཐུ་ལུ་ལུ་འཐུལ་བའི་དབུས་སུ་ཁཾཿནག་པོ་ཡོངས་སུ་གྱུར་པ་ལས་དུག་སྦྲུལ་ནག་པོ་མགོ་དགུ་པ་ཤིན་ཏུ་ཆེ་ལ་འཇིགས་ཤིང་རྔམ་པ་ཁ་དགུ་གྱེན་ལ་གདངས་ཤིང་མིག་དགུ་བསྒྲད་པ་མཆེ་བ་བཞི་བཞི་གཙིགས་ཤིང་ལྕེ་དགུ་མྱག་མྱག་བྱེད་པ་ནད་རིམས་དང་གདོན་བགེགས་སྨེ་བཙོག་མནོལ་གྲིབ་ཐམས་ཅད་འཇོམས་པའི་གཉེན་པོར་གྱུར་པ་ལས་འོད་ཟེར་སྔོ་དམར་ཕྱོགས་མཚམས་ཐམས་ཅད་དུ་འཕྲོས་པས་འཇིག་རྟེན་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་ནད་རིམས་དང་གདོན་བགེགས་ཐམས་ཅད་དང་འབྱུང་བ་ལྔ་ལས་གྱུར་པའི་མཐོང་བའི་དུག་དང་རེག་པའི༴ ཁ་རླངས་ཀྱི༴ བསམ་པའི༴ སྦྱོར་བའི༴ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་དང་སྲུང་མ་རྣམས་ཀྱི་མི་འདོད་པ་མི་བཞེད་པའི་སྨེ་བཙོག་ཐམས་ཅད་དང་གནས་ཁང་སྒྲུབ་ཁང་འདི་རུ་བཤམས་པའི་ལྷ་རྟེན་མདའ་དར་མཆོད་རྫས་སྒྲུབ་རྫས་བརྟེན་རྫས་བསྐང་རྫས་ཡོ་བྱད་རྣམས་ལ་སེར་སྣ་བག་ཆགས་ལས་བྱུང་བའི་སྨེ་བཙོག་སྐྱོན་གྱིས་གོས་པ་ཐམས་ཅད་དང་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་རྣམ་པར་རྟོག་པའི་བག་ཆགས་ལས་བྱུང་བའི་སྨེ་བཙོག་མནོལ་གྲིབ་ནད་རིམས་དང་གདོན་བགེགས་ལ་སོགས་མི་previous hit གཙང next hit་བ་ཐམས་ཅད་རང་དབང་མེད་པར་འོད་ཟེར་སྔོ་དམར་གྱི་ཚུལ་དུ་བསྡུས་ནས་དུག་སྦྲུལ་ནག་པོ་མགོ་དགུ་པའི་ཁ་ལ་སིབ་སིབ་ཐིམ་ནས་ཧབ་ཧབ་མྱག་མྱག་ཟོས་པར་བསམ། ༀ་མ་ཧཱ་མ་ཡུ༴ ༀ་ཨེ་ཀ༴ ཨ་ཝ༴ དེ་ཙོ་བྷི༴ བྷ་ཡུ་བྷི༴ རཱ་ཛཱ༴ སརྦ་བྷི༴ དེ་ཝ༴ ནཱ་ག༴ ཨ་སུ་ར༴ ག་རུ་ཊ༴ ཀུ་བེ་ར༴ གྷནྡྷ་ར༴ རཀྴ༴ ཡཀྴ༴ མ་ནུ༴ མ་ནུ་ུསྨ་ར༴ བྷུ་མི་པ་ཏི༴ སརྦ་བྷི་རི༴ སརྦ་གླག་ཤ༴ ཚིནྡྷ་ཚིནྡྷ༴ ཧཱུཾཊཿ བྷིནྡྷ་བྷིནྡྷ༴ ད་ཧ་ད་ཧ༴ པ་ཙ་པ་ཙ༴ ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊཿ སརྦ་བྷི་ས་ཨ་པ་ན་ཡེ་སྭ་ཧཱཿ ཁཾ་ཧ་ལ་ཧ་ལ་དྲག་ཁཾཿ ཕུ་རུ་ཕུ་རུཿ ཀུ་ཀུ་ལ་ནི་སྲི་ཐོདཿ པྲཾ་པྲཾ་དྲཾ་དྲཾ་མཾ་མཾ་ཀླཾ་ཀླཾ་ཡ་བ་བྷ་དེ་ཐུ་ལུ་ཀུ་ལུ་ཡེ་སྭ་ཧཱཿ ཞེས་དུག་འཇོམས་གཟུངས་མང་དུ་བཟླའོ། །དགྲ་ཆོས་དུག་ཕྱུང་ནི། །ཀྱེ་ཀྱེ་དུག་འདི་ནི་ཆེ་རེ་ཆེ། །དུག་འདི་ནི་འབྲང་རེ་རེང་། །དུག་གི་མྱེས་པོ་ནི་གནམ་ཡིན། །དུག་གི་ཕྱི་མོ་ནི་ས་ཡིན། །ཕ་ནི་ཐང་ཕྲོམ་མགོ་བོོ་ཆེ། །མ་ནི་ཐར་ནི་ཞོ་མོ་ཆེ། །བུ་ནི་རེ་ལྗག་སེའུ་ཐུང་། །ཤིང་དུག་སྟག་མ་དང་། །ས་དུག་བོང་བ༴ རྡོ་དུག་མཁར་གོང་༴ མེ་དུག་སོལ་བ༴ ལྕགས་དུག་སོ་ཐོག༴ ཆུ་དུག་ན་ཆུ་བཙའ་ཅན་དང་། དུག་ནག་རིམས་དགུ་འདི་རྣམས་ཀྱིས། བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱིས་མི་བཞེད་པ། ཆོས་སྐྱོང་སྲུང་མ་རྣམས་ཀྱི༴ སྟེང་ལྷ་ཁམས༴ བར་གཉན་ཁམས༴ འོག་ཀླུ་ཁམས༴ ས་གཞི་ས་བདག་རྣམས་ཀྱི༴ ཡུལ་ལྷ་ཟོ་དོར༴ ལྷ་སྨན་ཀླུ་སྨན༴ གཏོད་སྡེ་འཁོར་དང་བཅས་པ་རྣམས་ཀྱིས་མི་འདོད་པ་མི་བཞེད་པ་དེ་དག་ཐམས་ཅད་དུག་མར་ཕྱུང་ལ་ཆགས་མར་བསལ་ལོ། །ཀྱཻ་ལྷ་གཞི་འདི་ལ་དུག་སོང་ན། རེ་བ་ནག་པོས་དུག་མར་ཕྱུང་། ལྷ་རྟེན་གསེར་ལ༴ ལྡོང་རོ་སེར་པོས༴ ལྷ་རྟེན་དངུལ་ལ༴ ཞ་ཉེ་ནག་པོས༴ ལྷ་རྟེན་གཡུ་ལ༴ མཐིང་ཤུན་སྔོན་པོས༴ ལྷ་རྟེན་དུང་ལ༴ མཐིང་ཞད་མགྲོན་བུས་དུག༴ ལྷ་རྟེན་ཤེལ༴ ལྷང་ཚེར་ཉེ་སྣས༴ ལྷ་རྟེན་ལྕགས༴ སོ་ཐོག་ནག་པོས༴ ལྷ་རྟེན་ས་ལ༴ རམ་ས་ཡི་མུག་པོས༴ ལྷ་རྟེན་མདའ་ལ༴ ཤིང་ནག་མདའ་ཡི༴ དགྲ་ལྷའི་ས་ན༴ མཚན་གྱི་རྩོག་དུག་དུག་མར༴ མི་གྲངས་ས་ན༴ དམེ་བཙོག་ནལ་གྱིས༴ འབག་འབོག་རྩག་རྩོག་གི༴ རློམ་སེམས་ཕུད་ཉམས་ལྷག་ཆད་ཀྱི༴ གཞན་ཡང་མཆོད་རྫས་ཡོ་བྱད་འདི་དག་ལ་རོ་བག་གཤིན་ཆགས་ཅི་ཡོད་པ་དེ་དག་ཐམས་ཅད་དུག་མར་ཕྱུང་ལ་ཆགས་མར་བསལ་ལོ། དམེ་མུག་ནལ་གསུམ་གྱི་དུག་མར་ཕྱུང་ལ་ཆགས༴ སྔ་ཐན་འཚེ་གསུམ༴ སྲིད་པའི་འདྲེ་དགུའི༴ གཙུག་ལག་ཁང་གི་གདོན་བཅུའི༴ རྩོག་སྨེས་བང་གྲིབ་དང་མི་བར་ན་ཡངས་ཀྱང་ལྷ་བར་ན་དོག་པ། ལྷ་བར་ན་ཡངས་ཀྱང་མི་བར་ན་དོག་པ། རྒྱུ་ཆུང་བ་ཕུད་ཉམས་པ་ཆེ་ཟིན་བསམ་ནས་ཚུར་ལ་བཅད་པ། ཆུང་ཟིན་བསམ་ནས་ཕར་ལ་བསྣན་པ། མཐོ་འགོམ་པ་དམའ་བཅག་པ་ཅི་སོང་བ་ཐམས་ཅད་དུག་ནག་རིམས་ད གུ་འདིས་དུག་མར་ཕྱུང་ལ་ཆགས་མར་བསལ་ལོ། །ཡས་མར་ཕུད་དོ་མགྲིན་མར་བཏོན་ནོ། །ༀ་ཨཱཿཧཱུཾ་ཕུད་ཀྱི་མངའ་བདག་མགྲོན་གྱི་གཙོ་བོ། །བཀའ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ནོར་ལྷ་གཏེར་བདག་དཔལ་མགོན་བསམ་གཏན་མགུར་ལྷ་དགེ་བསྙེན་ཡུལ་ལྷ་གཞི་བདག་དང་བཅས་པ་རྣམས་ཀྱིས་མི་འདོད་པ་མི་བཞེད་པ་དེ་དག་ཐམས་ཅད་དུག་མར་ཕྱུང་ལ་ཆགས་མར་བསལ་ལོ། །དཀྱིལ་འཁོར་མཆོད་རྫས་སྒྲུབ་རྫས་བརྟེན་རྫས་བསྐང་རྫས་སྤྱན་གཟིགས་ཡོ་བྱད་ཟས་གོས་མི་ནོར་ལོངས་སྤྱོད་དང་བཅས་པ་རྣམས་ལ་དམེ་མུག་ནལ་གསུམ་རོ་བག་གཤིན་ཆགས་ཀྱི་དྲི་མ་མཐོ་འགོམ་པ་དམའ་བཅག་པ་ཅི་སོང་བ་ཐམས་ཅད་དུག་ནག་རིམས་དགུ་འདིས་དུག་མར་ཕྱུང་ལ་ཆགས་མར་བསལ་ལོ། །ཡས་མར་ཕུད་དོ། །མགྲིན་མར་བཏོན་ནོ། །ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྒྱུ་འབྲས་བསླུ་བ་མེད་པ་ཆོས་ཉིད་དེ་བཞིན་ཉིད་ཀྱི་བཀའ༴ ཁྱད་པར་དུ་ཡི་དམ་རྩ་གསུམ་རྒྱལ་བ་རྒྱ་མཚོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་དང་ནུས་པའི་བྱིན་གྱིས་བརླབས་པ་ལ་བརྟེན་ནས། རྨེ་བཙོག་མནོལ་གྲིབ་ཐམས་ཅད་བསྡུས་པའི་དུག་ཟོར་འདི་ཉིད་བཀའ་ལ་མི་ཉན་ཅིང་དབང་དུ་མི་འདུ་བའི་དམ་སྲི་འབྱུང་་པོ་གདོན་བགེགས་ལོག་པར་འདྲེན་པ་རྣམས་དང་བསམ་ངན་སྦྱོར་རྩུབ་ཤོམ་པའི་སྡང་བྱེད་དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པའི་སྟེང་དུ་སྒྱུར་ཅིག །བྷྱོ་བྷྱོ་བཟློག་བཟློག་བྷྱོ་བཟློག་ཅིགཿ ཅེས་དུག་བམ་དེ་ཉིད་གནས་ཁང་ཡོ་བྱད་རྣལ་འབྱོར་པ་དཔོན་སློབ་མི་ནོར་ཐམས་ཅད་ལ་བསྐོར་ཞིང་དགྲ་ཕྱོགས་སུ་འཕེན་པར་བྱའོ། །ཁྲུས་ཆབ་གསོལ་བ་ནི། ཀྱཻ་དག་བྱེད་previous hit གཙང next hit་བྱེད་ཆུ་previous hit གཙང next hit་འདི། །ཤར་ཕྱོགས་སེང་གེ་དཀར་མོའི་ཁ་ནས་འབབས་པའི་ཆབ། ལྷོ་ཕྱོགས་གཡུ་འབྲུག་སྔོན་མོའི་ཁ༴ ནུབ་ཕྱོགས་བྱ་དམར་པོའི་ཁ༴ བྱང་ཕྱོགས་རུས་སྦལ་རྒྱ་བོའི༴ previous hit གཙང next hit་ཆབ་ཆེན་པོ་འདི་དག་གིས། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་སྐུ་ཁྲུས་གསོལ། མི་previous hit གཙང next hit་དྲི་མ་དག་གྱུར་ཅིག །ཆོས་སྐྱོང་སྲུང་མའི་ཚོགས་ལ༴ མི་previous hit གཙང next hit་༴ སྟེང་ལྷ་ཁམས༴ མི༴ བར་གཉན་ཁམས༴ མི༴ འོག་ཀླུ་ཁམས༴ མི༴ ས་གཞི་ས་བདག་རྣམས༴ མི༴ ཡུལ་ལྷ་གཞི་བདག༴ མི༴ ཟོ་དོར་ལྷ་སྨན་ཀླུ་སྨན་རྣམས༴ མི༴ ལྷ་གཞི་ལྷ་རྟེན༴ མི༴ མཆོད་པ་ཡོ་བྱད་རྣམས༴ མི་གཙང༴ ལྷ་བསང་ནི། ཀྱཻ་གླིང་བཞི་གླིང་མཆོག་ལྷོ་རྒྱལ་འཛམ་བུའི་གླིང་། །འཛམ་བུའི་གླིང་གི་བྱང་ཤར་མཚམས། །རི་བོ་ཆེན་པོ་རྟ་རྣ་རི། རྟ་རྣ་རི་ལ་ཤིང་གཅིག་སྐྱེས། །རྩ་བ་ཙན་དན་སྡོང་པོ་ལ། །རྩེ་མོ་ལྷ་ཤིང་སྣ་ཚོགས་སྐྱེས། །སྟག་པ་སེར་པོ་གསེར་གྱི་འདབས་མ་ཅན། །ཤུག་པ་སྔོན་པོ་གཡུ་ཡི་ལོ་མ་ཅན། མཁན་པ་སེར་པོ་གསེར་གྱི་ཐོག་བུ་ཅན། །ཉ་བྲུག་སྨུག་པོ་མཆོང་གི་གོ་ཟུ་ཅན། །སུར་བུ་དཀར་པོ་དུང་གི་མེ་ཏོག་ཅན། །ལྷ་ལོ་སྨན་ཤིང་བདུད་རྩིའི་དྲི་དུད་ཅན། །དེ་ལྟར་ཤིང་རྩི་སྣ་ཚོགས་བསང་དུད་ཀྱིས། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱང་བསང་བར་བྱ། བཀའ་རྒྱུད་བླ་མ༴ ཡི་དམ་ལྷ་ཚོགས༴ མ་དང་མཁའ་འགྲོ༴ ཆོས་སྐྱོང་སྲུང་མ༴ དགྲ་ཆོས་ལྷ་བདག༴ འཇིག་རྟེན་དཔལ་མགོན༴ བོད་ཁམས་བསྟན་སྐྱོང་༴ འཛམ་གླིང་གཞིག༴ ས་བདག་ཀླུན ༴ ཡུལ་ས་ཟོ་དོར༴ མི་previous hit གཙང next hit་དྲི་མ༴ གནས་ཁང་སྒྲུབ་ཁང་འདི་ཡང ༴ དམེ་མུག་ནལ་གསུམ་ཀྱི་དྲི་མ་དག༴ མཆོད་རྫས་སྒྲུབ་རྫས་རྣམས༴ ཕུད་ཉམས་ལྷག་མའི་དྲི་མ༴ རྣལ་འབྱོར་སྒྲུབ་པ་པོ་ཡང་༴ ཉམས་གྲིབ་བཙོག་གྲིབ་དྲི༴ རྒྱུ་སྦྱོར་ཡོན་བདག་རྣམས་ཀྱང་༴ དམེ་མུག་ནལ་གསུམ་གྱི་དྲི་མ་དག་གྱུར་ཅིག མི་previous hit གཙང next hit་བ་ཐམས་ཅད་ཞི་བ་ཤིན་ཏཾ་ཀུ་རུ་ཡེ་སྭ་ཧཱ། ཡོ་བྱད་བྱིན་གྱིས་བརླབ་པ་ནི། ༀ་ཨཱཿ ཧཱུྃཿཧྲཱིཿ ཕྱི་ནང་གསང་བའི་མཆོད་པ་འདི་དག་དང་ཿ སྨན་དང་རཀ་ཏ་གཏོར་མ་དང་བཅས་རྣམསཿ ཡེ་ནས་རང་བྱུང་དག་པ་ལྷུན་གྲུབ་ཕྱིརཿ བསང་སྦྱང་བྱིན་རླབས་མཚན་མའི་མཐའ་ལས་འདསཿ འོན་ཀྱང་ཀུན་རྫོབ་སྒྱུ་མའི་བག་ཆགས་རྣམསཿ རྣམ་འཕྲུལ་རོལ་པས་བསང་ཞིང་བྱིན་གྱིས་བརླབསཿ རཾ་ཡཾ་ཁཾཿ རམ་ཡེ་ཤེས་མེ་ཡིས་ཉོན་མོངས་བག་ཆགས་བསྲེགསཿ ཡཾ་སྐྱོད་བྱེད་རླུང་གིས་མཚན་འཛིག་བག་རྡུལ་གཏོརཿ ཁཾ་དག་བྱེད་ཆུ་ཡིས་ཀུན་རྫོབ་དྲི་མ་འཁྲུདཿ བསྲེགས་གཏོར་བཀྲུས་པས་རྟོག་པའི་སྐྱོན་དང་བྲལཿ རམ་ཛཱ་ལ་རམ་ཡཾ་སྥ་ར་ཎ་ཕཊཿ ཁཾ་བི་ཤུདྷེ་སཾ་ཧ་ར་ཎ་ཧཱུཾཿ ༀ་ཨཱཿཧཱུྃཿ ༀ་ནི་སྤེལ་བྱེད་སྐུ་ཡི་ཡིག་འབྲུ་གསལཿ ཨཱཿནི་སྦྱངས་བྱེད་གསུང་གི་ཡིག་འབྲུ་གསལཿ ཧཱུཾ་ནི་སྒྱུར་བྱེད་ཐུགས་ཀྱི་ཡིག་འབྲུ་གསལཿ དཔག་མེད་རྣམ་དག་ཡེ་ཤེས་ཆེན་པོར་གྱུརཿ སྐུ་གསུང་ཐུགས་མཆོག་ༀ་དང་ཨཱཿཧཱུཾ་གིསཿ སྣོད་བཅུད་རྒྱུ་རྐྱེན་རྟེན་འབྲེལ་ནུས་མཐུ་ལྡནཿ ༀ་སྣང་སྲིད་འདོད་ཡོན་ལོངས་སྤྱོད་མཆོད་པའི་ཚོགསཿ ཨཱཿརྣམ་དག་ལྷ་ཚོགས་དགྱེས་པ་སྐོང་བར་བྱེད། ཧཱུཾ་གཟུགས་སྒྲ་དྲི་རོ་རེག་བྱ་ནུས་མཐུ་ལྡནཿ ཧོཿཕྱི་ནང་གསང་བའི་མཆོད་པ་བླ་ན་མེདཿ ༀ་ཨཱཿཧཱུཾ་ཧོཿབཛྲ་ཨརྒྷཾ་པ་དྱཾ་སོགས་ནས། ཤས་ཏ་ཨཱཿཧཱུཾཿ ཧྲཱིཿབྷན་དྷ་འཁོར་ཡུག་བདུད་རྩིའི་སྣོད་ཆེན་པོརཿ དུག་ལྔ་དབྱིངས་སྒྲོལ་རང་བྱུང་ཡེ་ཤེས་རྫསཿ ཟག་མེད་བདེ་ཆེན་ལྷུན་གྲུབ་བདུད་རྩི་འཁྱིལཿ ལྷ་རྣམས་དགྱེས་པ་སྐོང་བའི་བཅུད་དུ་འཁྱིལཿ ༀ་ཨཱཿཧཱུཾ་སརྦ་པཉྩ་ཨམྲི་ཏ་ཧཱུཾ་ཧྲཱིཿཋཿ ཨཱཿ དབྱིངས་ཀྱི་རང་བ ཞིན་སྟོང་ཉིད་ཀཱ་པ་ལརཿ ཡེ་ཤེས་ཆེན་པོ་བདེ་བའི་རཀྟ་མཆོགཿ དབྱིངས་དང་ཡེ་ཤེས་བདེ་སྟོང་དམར་འོད་འདྲེསཿ ཁུ་བ་རཀྟའི་རྒྱ་མཚོ་རྦ་རླབས་འཁྲུགསཿ ༀ་ཨཱཿཧཱུཾ་མཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུཾ་ཧྲིཿཋཿ ཧཱུྃ་སྣོད་ཀྱི་འཇིག་རྟེན་ཡངས་པའི་གཏོར་གཞོང་དུཿ བཅུད་ཀྱི་སྐྱེ་འགྲོ་བྷ་ལིང་ཆེན་པོར་སྦྱརཿ རྒྱུ་རྐྱེན་རྟེན་འབྲེལ་ནུས་པས་བྱིན་བརླབས་ནསཿ ཀུན་རྫོབ་མཚན་མའི་བག་ཆགས་སྐྱོན་དང་བྲལཿ ༀ་ཨཱཿཧཱུྃཿ མ་ཧཱ་བྷ་ལེན་ཏ་བྷ་ཏྲ་བྷ་ལེན་ཏ་ཡེ་སྭ་ཧཱཿ ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་འཁོར་བཅས་གནས་འདིར་གཤེགསཿ ཕྱི་ནང་གསང་བའི་མཆོད་པ་འདི་དག་ཡོངས་བཞེས་ནསཿ སྒྲུབ་མཆོག་རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ལཿ བླ་མེད་མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལཿ དགེའོ། །


no previousརྨ་བྱ་དུག་འཇོམས་མི་གཙང་ཉམས་གྲིབ་ཀུན་སེལ།next