Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

29 occurrences of གཡོན་རུ་
[Clear Hits]


  
  
  
  
  
  
  
  
  
 
དཔལ་མགོན་ཚོགས་ཀྱི་བདག་པོའི་སྨད་ལས་ཀྱི་འདོན་འགྲིགས་དམ་བཅའ་བཞི་ལྡན་རྡོ་རྗེའི་མཚོན་ཆ།
  
 
 
12   
 


29 occurrences of གཡོན་རུ་
[Clear Hits]

 
previousདཔལ་མགོན་ཚོགས་ཀྱི་བདག་པོའི་སྨད་ལས་ཀྱི་འདོན་འགྲིགས་དམ་བཅའ་བཞི་ལྡན་རྡོ་རྗེའི་མཚོན་ཆ།next

དཔལ་མགོན་ཚོགས་ཀྱི་བདག་པོའི་སྨད་ལས་ཀྱི་འདོན་འགྲིགས་དམ་བཅའ་བཞི་ལྡན་རྡོ་རྗེའི་མཚོན་ཆ།

༄༅། །དཔལ་མགོན་ཚོགས་ཀྱི་བདག་པོའི་སྨད་ལས་ཀྱི་འདོན་འགྲིགས་དམ་བཅའ་བཞི་ལྡན་རྡོ་རྗེའི་མཚོན་ཆ་ཞེས་བྱ་བ་བཞུགས། །

དཔལ་མགོན་ཚོགས་ཀྱི་བདག་པོའི་སྨད་ལས་གྱི་འདོན་འགྲིགས་དམ་བཅའ་བཞི་ལྡན་རྡོ་རྗེའི་མཚོན་ཆ་ཞེས་བྱ་བ། བླ་མ་དང་གཉིས་སུ་མེད་པའི་དཔལ་མགོན་མཐུ་སྟོབས་ཀྱི་བདག་པོ་ལ་ཕྱག་འཚལ་ལོ། ཆོས་ཅན་ངོ་བོས་སྟོང་ཀྱང་ཆོས་ཉིད་འགྱུར་མེད་རྡོ་རྗེའི་རང་བཞིན་ཅན། སྤྲོས་ཀུན་དབྱིངས་སུ་ཟད་ཀྱང་ཞི་ཆགས་ཁྲོ་བོའི་གཟུགས་སྐུ་ལྷུན་གྱིས་གྲུབ། འཁོར་འདས་གཉིས་སུ་མེད་ཀྱང་འགྲོ་དོན་རྒྱུན་ཆད་མེད་པའི་དཔལ་ཡོན་ཅན། གཟུང་འཛིན་བློ་ལས་འདས་ཀྱང་བླ་མ་མགོན་པོ་འདྲུལ་མེད་པས་སྐྱོངས། མི་སྡུག་བྲིན་གཟུགས་ཀྱིས་བདུད་དཔུང་གཞོམ། དྲག་ཤུལ་ང་རོའི་སྒྲ་ཡིས་ལྷ་མིན་བསྐྲད། རབ་ཁྲོས་སྙིང་རྗེའི་ཐུགས་ཀྱིས་འགྲོ་དྲུག་སྒྲོལ། དཔལ་མགོན་ཚོགས་ཀྱི་བདག་པོས་རྒྱལ་བསྟན་སྲུངས། ནག་པོ་ཆེན་པོའི་ཕྲིན་ལས་ཞོང་འཐུང་རུས་པ་ལས། བྱུང་བའི་འབོད་རྦད་བསད་མནན་དམ་བཅའ་བཞི་ལྡན་གྱི། རྩེ་བརྒྱ་རབ་གདེངས་རྡོ་རྗེའི་མཚོན་ཆ་ངར་ལྡན་འདི། སྔགས་འཆང་མིག་སྟོང་ལྡན་པའི་ཚོགས་ལ་ལག་ཆར་གཏད། དེ་ལ་འདིར་དཔལ་མགོན་ཚོགས་ཀྱི་བདག་པོའི་སྨད་ལས་དགྲ་བགེགས་སྒྲོལ་བའི་ལས་རིམ་ལ་སྤྱི་དོན་རྣམས་གཉིས་སྟེ། དང་པོ་བར་ཆ་ནི། སྤྱིར་རྦད་པའི་ལས་གཏོར་ཡིན་ནའང་འདིའི་གཞུང་དངོས་ཀྱིས་ཚིག་གིས་གསལ་བས། བཟློག་པའི་ཆོ་གར་སོམ་ཉི་བྲལ་བ་ལྟར། དེ་ལ་ནང་གསེས་ཀྱི་རྣམ་གྲངས་ལྔ་སྟེ། དེ་ལ་དང་པོ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ནི། ༀ་སྭཱ་བྷ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷ་ཝ་ཤུ དྷ྄ོ྅ཧཾ། གཏོར་མ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས་བྷྲུཾཿཅིག་སྤྲོས་པ་ལས། དུར་ཁྲོད་རྩུབ་འགྱུར་ཚལ། ཁྲག་གི་རྒྱ་མཚོ། ཤ་ཆེན་གྱི་ས་གཞི། ཞིང་ཆེན་གྱི་ཐང་བདལ། མི་རོ་རྟ་རོ་གཅལ་དུ་བཀྲམ་པ། མདུང་དང་རལ་གྲི་གཤིབས་པའི་དབུས་སུ། ཐོད་པ་དང་བམ་རོ་གསར་རྙིང་བརྩེགས་པའི་གཞལ་ཡས་ཁང་། གྲུ་བཞི་སྒོ་བཞི། དབུ་རྩེ་བྱ་འདབ་ལྔ་རིམ་ཐོག་ཁེབས། རྒྱན་རྟ་བབས་འཁོར་ཡུག་དང་བཅས་པའི་དབུས་སུ། དགྲ་བགེགས་བསྒྲལ་བའི་གདན་གྱི་སྟེང་དུ། མགོན་པོ་མ་ཧཱ་ཀཱ་ལ་སྐུ་མདོག་མཐིང་ནག་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། དབུ་སྐྲ་དམར་སེར་མེ་ལྟར་འབར་བ། ཕྱག་གཡས་ཙན་དན་གྱི་བིང་གཡོན་ན་དྲི་ཤུལ་རྩེ་གསུམ་བསྣམས་པ། སྐུ་ལ་དར་ནག་གི་འཇོལ་བེར་མནབས་པ། གསེར་གྱི་སྐ་རགས་བཅིངས་པ། ཞབས་ལ་སག་ཏིའི་ལྷྭམ་མནབས་པ། རྟ་ནག་རྟིང་དཀར་ལ་བཅིབས་པ། དེའི་གཡས་སུ་སྲས་མཆོག་ཐོད་པ་རྩལ། སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས། རྟ་ནག་པོ་ལ་བཅིབས་པ། ཕྱག་ན་གྲི་གུག་དང་ཐོད་ཁྲག་འཛིན་པ། གཡོན་དུ་དགྲ་ལྷའི་རྒྱལ་མོ་སྐུ་མདོག་ནག་མོ་དྲེལ་རྟ་རྐང་གསུམ་ལ་བཅིབས་པ། ཕྱག་ན་མདུང་དང་རལ་གྲི་བསྣམས་པ། མགོན་པོའི་དམག་ཚོགས་འབུམ་གྱིས་བསྐོར་བའོ། དེའི་ཕྱི་རོལ་འཁོར་ལོ་རྩིབས་བཅུ་ལ། ཕྱོགས་སྐྱོང་བཅུ་བསྣོལ་བའི་སྟེང་དུ། ཤར་དུ་དཔལ་རབ་འཆང་གི་མགོན་པོ་སྐུ་མདོག་སྨུག་ནག རྟ་ངང་བ་རྔོག་སྔོན་ལ་བཅིབས་པ། ཕྱག་ན་རིན་པོ་ཆེའི་ཞགས་པ་བསྣམས་པ། འཁོར་དུ་དྲི་ཟའི་ཚོགས་ཀྱིས་བསྐོར་བ། ལྷོར་མགོན་པོ་ལེགས་ལྡན་སྐུ་མདོག་མཐིང་ནག །རྟ་ངང་དཀར་སེར་ཆེན་ལ་བཅིབས་པ། ཕྱག་ན་ཙན་དན་གྱི་བེང་ཆེན་བསྣམས་པ། འཁོར་དུ་གཤིན་རྗེའི་ཚོགས་ཀྱིས་བསྐོར་བ་ནུབ་ཏུ་བྲག་ལྷ་མགོན་པོ་སྐུ་མདོག་དམར་ནག །རྟ་མཚལ་བུ་རྟིང་དཀར་ལ་བཅིབས་པ། ཕྱག་ན་ཙན་དན་གྲུ་ཚད་བསྣམས་པ། འཁོར་དུ་ཀླུ་ཡི་ཚོགས་ཀྱིས་བསྐོར་བ། བྱང་དུ་རྣམ་ཐོས་སྲས་སྐུ་མདོག་སེར་པོ་སེང་གེ་ལ་བཅིབས་ཤིང་། ཕྱག་ན་རྒྱལ་མཚན་དང་ནེའུ་ལེ་བསྣམས་པ། འཁོར་དུ་གནོད་སྦྱིན་ཚོགས་ཀྱིས་བསྐོར་བ། ཤར་ལྷོ་ཨཱཪྱ་ཛམ་བྷ་ལ་སྐུ་མདོག་སྔོན་པོ། རྟ་སྔོན་པོ་ཆུ་རིས་ལ་བཅིབས་པ། ཕྱག་ན་མེ་ཡི་བ་དན་བསྣམས་པ། འཁོར་དུ་མེ་ལྷའི་ཚོགས་ཀྱིས་བསྐོར་བ། ལྷོ་ནུབ་ཏུ་ཉི་མའི་སྲས་པོ་ཨཱཪྱ་རེ་མནྟ། རྟ་ཁམ་པ་བརྗིད་དཀར་ལ་བཅིབས་པ། ཕྱག་ན་བ་དན་རུ་མཚོན་བསྣམས་པ། འཁོར་དུ་སྲིན་དམག་འབུམ་གྱིས་བསྐོར་བ། ནུབ་བྱང་དུ་ཤ་བ་རི་སྐུ་མདོག་ལྗང་གུ་རླུང་ལྷ་མྱུར་མགྱོགས་ལ་བཅིབས་པ། ཕྱག་ན་རུ་མཚོན་སྔོན་པོ་བསྣམས་པ། འཁོར་དུ་རླུང་ལྷའི་ཚོགས་ཀྱིས་བསྐོར་བ། བྱང་ཤར་དུ་རྣམ་པར་སྣང་མཛད་དབུ་རྒྱན་ཅན་སྐུ་མདོག་དཀར་པོ་ཆིབས་སུ་ཁྱུ་མཆོག་འབར་བ་ལ་བཅིབས་པ། ཕྱག་ན་ཁ་ཊཱཾ་རྩེ་གསུམ་བསྣམས་པ། འཁོར་དུ་འབྱུང་བོའི་ཚོགས་ཀྱིས་བསྐོར་བ། སྟེང་གི་མགོན་པོ་དུང་གི་ཐོར་ཚུགས་ཅན། རྟ་གྱི་ལིང་ཁ་དཀར་ལ་བཅིབས་པ། ཕྱག་ན་གནམ་ལྕགས་ཀྱི་རལ་གྲི་ཕྱར་བ། འཁོར་དུ་གཟའི་ཚོགས་ཀྱིས་བསྐོར་བ། འོག་ཏུ་ཤྲྀ་བཻརྟ་ལི་སྐུ་མདོག་སྨུག་ནག གླང་ཆེན་སྣ་རིང་ལ་བཅིབས་ཤིང་། ཕྱག་ན་སྟྭ་རེ་བསྣམས་པ། འཁོར་དུ་ས་བདག་ཚོགས་ཀྱིས་བསྐོར་བ། དེའི་ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ། ཤར་དུ་སྲིད་པ་ལྷ་ཡི་གཙོ་བོ་སྐུ་ལ་དར་དཀར་གྱི་རལ་ག་གསོལ་བ། ཕྱག་གཡས་ན་ཤེལ་གྱི་རལ་གྲི། གཡོན་པས་དར་མདུང་དཀར་པོ་ཕྱར་བ། ལྷ་གཡག་དཀར་པོ་ལ་བཅིབས་ཤིང་། ལྷ་དམག་འབུམ་གྱིས་བསྐོར་བ། ལྷོར་གཤིན་རྗེ་ཡ་མ་ར་ཛ་སྐུ་མདོག་ནག་པོ་མ་ཧེ་ལ་བཅིབས་པ། ཕྱག་ན་བེ་ཅོན་དང་ཐོད་དབྱུག་བསྣམས་པ། འཁོར་དུ་གཤིན་རྗེ་འབུམ་གྱིས་བསྐོར་བ། ནུབ་ཏུ་སྲིད་པའི་རྒྱལ་མོ་སྐུ་མདོག་ནག་མོ་གཡུ་འབྲུག་ལ་བཅིབས་པ། ཕྱག་ན་མདའ་དར་དང་མེ་ལོང་བསྣམས་པ། འཁོར་དུ་མ་མོ་འབུམ་གྱིས་བསྐོར་བ། བྱང་དུ་བདུད་པོ་སྐོས་རྗེ་དྲང་དཀར་སྐུ་མདོག་མཐིང་ནག་རྟ་ནག་རྟིང་དཀར་ལ་བཅིབས་ཤིང་། ཕྱག་ན་ཁྲམ་ཤིང་དང་དགྲ་སྟྭ་བསྣམས་པ། འཁོར་དུ་བདུད་དམག་འབུམ་གྱིས་བསྐོར་བ། ཤར་ལྷོའི་མཚམས་སུ་བཙན་རྗེ་སྲོག་ཟན་སྐུ་མདོག་དམར་པོ། རྟ་དམར་པོ་ལ་བཅིབས་ཤིང་། ཕྱག་ན་མདུང་དང་མདའ་གཞུ་བསྣམས་པ། འཁོར་དུ་བཙན་དམག་འབུམ་གྱིས་བསྐོར་བ། ལྷོ་ནུབ་ཏུ་དགྲ་ལྷའི་རྒྱལ་པོ་བེ་དཀར་སྐུ་མདོག་དཀར་པོ་སེང་གེ་ལ་བཅིབས་པ། ཕྱག་ན་གསེག་ཤིང་དང་པར་བུ་བསྣམས་པ། འཁོར་དུ་དགྲ་བླ་འབུམ་གྱིས་བསྐོར་བ། ནུབ་བྱང་དུ་གནོད་སྦྱིན་ཀ་ལ་ཡཀྴ་སྐུ་མདོག་སྔོན་པོ། སྟག་མོ་དྲུས་མ་ལ་བཅིབས་ཤིང་། ཕྱག་ན་རལ་གྲི་དང་ནོར་བུ་བསྣམས་པ། འཁོར་དུ་གནོད་སྦྱིན་འབུམ་གྱིས་བསྐོར་བ། བྱང་ཤར་དུ་ཀླུ་བདུད་འཆི་བདག་མགོ་དགུ་སྐུ་མདོག་དུད་ཁ་ཆུ་སྲིན་ལ་བཅིབས་ཤིང་། ཕྱག་ན་སྦྲུལ་ཞགས་དང་ནད་རྐྱལ་བསྣམས་པ། འཁོར་དུ་ཀླུ་བདུད་འབུམ་གྱིས་བསྐོར་བ། དེའི་ཕྱི་རོལ་དུ་གྲུ་ཆད་ལ། སྲིན་པོ་རོ་ལངས་མཁའ་འགྲོ་ཤུགས་འགྲོ་རྣམས་ཀྱིས་བསྐོར་ནས་བཞུགས་པའོ། དེའི་ཕྱི་རོལ་དུ་སྒོ་བཞི་ལ་རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་འབུམ་སྡེའི་ཚོགས་ཀྱིས་བསྐོར་བའོ། དེའི་ཕྱི་རོལ་དུ་འཁོར་ཡུག་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་སྲིན་སྡེ་བརྒྱད་རྣམས་དང་། ཡེ་ཤེས་དང་ལས་ལ་གྲུབ་པའི་ཆོས་སྐྱོང་བའི་སྲུང་མ་རྣམས་དང་། སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཞལ་གྱིས་བཞེས་པའི་དྲེགས་བྱེད་དང་། མགྱོགས་བྱེད་ཀྱི་བྱ་ནག་ཀླད་ན་ལྡིང་བ། རྗེས་གཅོད་ཀྱི་ཁྱི་སྤྱང་མང་པོ་ངུ་ཞིང་རོལ་དུ་ཁྲིད་པ། རྔམ་བྱེད་ཀྱི་སྟག་གཟིག་མང་པོ་རྗེས་སུ་འབྲང་བ། མགོན་པོའི་འཁོར་དང་ཡང་འཁོར་སྤྲུལ་པ་དང་ཡང་སྤྲུལ་རྣམས་དང་། མགོ་བརྙན་དཔག་ཏུ་མེད་པ། ལག་ན་མཚོན་ཆ་སྣ་ཚོགས་བཟུང་ནས། དབྱར་གྱི་ཆར་སྤྲིན་གཏིབས་པ་ལྟར་གྱིས་བསྐོར་ནས་བཞུགས་པའོ། གཉིས་པ་སྤྱན་དྲངས་པ་ནི། བདག་གི་ཐུགས་ཀའི་ཡི་གེ་ཧཱུྃ་གཅིག་འཕྲོས་ནས། མདུན་གྱི་དམ་ཚིག་པ་རྣམས་ཀྱི་ཐུགས་ཀར་ཕོག དེ་རྣམས་ཀྱི་གནས་གསུམ་དུ་ༀ་ཨཱཿཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཆོས་ཀྱི་སྐུ་ལས། གཟུགས་སྐུ་མགོན་པོའི་ལྷ་ཚོགས་སུ་བཞེངས་ནས་མགོན་པོ་འཁོར་བཅས་སྤྱན་དྲངས་པར་གྱུར། བཛྲ་ས་མ་ཡ་ཛ་ཛ༔ ཛ༔ ཧཱུྃ་བཾ་ཧོ༔ བསྭོ། ཆོས་དབྱིངས་ཀུན་ཁྱབ་ནམ་མཁའི་ཀློང་དཀྱིལ་ནས། དུས་གསུམ་སངས་རྒྱས་སྤྲོས་མེད་ངང་བཞུགས་ཀྱང་། འགྲོ་དྲུག་སེམས་ཅན་དབྱིངས་སུ་འདྲེན་པའི་ཕྱིར། ལོངས་སྤྲུལ་ལ་སོགས་གདུལ་བྱའི་མཐུན་སྣང་བཞིན། དཔག་མེད་མཛད་པས་སངས་རྒྱས་པར་བཀོད་ཀྱང་། སྙིགས་དུས་དེ་ཡིས་མ་འདུལ་ལོག་ལྟ་བྱུང་། དགྲ་བགེགས་འདུལ་ཕྱིར་ཕྲིན་ལས་གཅིག་བསྡུས་པ། རྔམ་བརྗིད་ཁྲོ་བོའི་ཆ་ལུགས་བརྗིད་པར་སྤྲུལ། ལོག་ལྟ་བསྒྲལ་ནས་ཐར་བའི་ལམ་མཆོག་སྟོན། ལྷ་མི་གཉིས་ཀྱི་དགྲ་ལྷ་མགོན་པོ་ཡིན། འོ་སྐོལ་བཅོམ་ལྡན་འདས་ཀྱི་མཚན་གསོལ་བའི། མགོན་པོ་འཁོར་བཅས་སྤྱན་འདྲེན་གཤེགས་སུ་གསོལ། བསྭོ་ཆོས་དབྱིངས་སྐྱེ་མེད་ནམ་མཁའི་ངང་ཉིད་ལས། དབྱིངས་ལ་སྤྱན་འདྲེན་བཞེངས་བཞུད་མི་མངའ་ཡང་། ལོག་ལྟའི་དགྲ་བགེགས་བསྒྲལ་བའི་དོན་ཆེད་དུ། མགོན་པོ་འཁོར་བཅས་སྤྱན་འདྲེན་གཤེགས་སུ་གསོལ། བསྭོ་རྡོ་རྗེ་ཆོས་དབྱིངས་ནམ་མཁའི་དབྱིངས་རིམ་ན། དགྲ་བླ་མགོན་པོ་འཁོར་དང་བཅས་པ་རྣམས། བདག་ཅག་རྣམས་ཀྱི་རེ་བ་བསྐང་བའི་ཕྱིར། གནས་མཆོག་འདི་རུ་སྤྱན་འདྲེན་གཤེགས་སུ་གསོལ། བསྭོ་རི་རབ་རྣམ་པར་རྒྱལ་བའི་ཁང་བཟང་ནས། ཚངས་པ་བརྒྱ་བྱིན་ཉེ་དབང་སུམ་ཅུ་ཡི། དགྲ་བླ་མགོན་པོ་འཁོར་དང་བཅས་པ་རྣམས། མཆོད་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། བསྭོ་རྩུབ་འགྱུར་ཚལ་གྱི་དུར་ཁྲོད་ཆེན་པོ་ནས། འཕགས་པ་སྤྱན་རས་གཟིགས་དང་རྣམ་ཐོས་སྲས། ཞལ་གྱིས་བཞེས་པའི་མགོན་པོ་འཁོར་བཅས་རྣམས། མཆོད་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། བསྭོ་སྲིད་གསུམ་གྲོང་ཁྱེར་ནམ་མཁའི་ཀློང་དཀྱིལ་ནས། ཚོགས་བདག་མགོན་པོ་མ་ཧཱ་ཀཱ་ལ་དང་། སྲས་མཆོག་ཁྲོ་བོ་གྲི་གུག་ཐོད་ཁྲག་ཅན། བཙུན་མོ་མ་མོ་དགྲ་བླའི་རྒྱལ་མོ་དང་། ཡབ་ཡུམ་འཁོར་བཅས་སྤྱན་འདྲེན་གཤེགས་སུ་གསོལ། བསྭོ་ཕྱོགས་བཅུའི་ནམ་མཁའ་ཡངས་པའི་ཀློང་དཀྱིལ་ནས། དཔལ་རབ་འཆང་ཆེན་དང་ནི་ལེགས་ལྡན་དང་། བྲག་ལྷ་མགོན་པོ་དང་ནི་རྣམ་ཐོས་སྲས། ཛམ་ལྷ་ཉི་མའི་སྲས་པོ་རེ་མནྟ། ཤ་བ་རི་དང་རྣམ་པར་སྣང་མཛད་དང་། ཐོར་ཚུགས་ཅན་དང་ཤྲྀ་བཻ་ཏ་ལི། འཁོར་དང་བཅས་པ་མ་ལུས་གཤེགས་སུ་གསོལ། བསྭོ་བར་སྣང་ཕྱོགས་མཚམས་སྟེང་འོག་ནས། ལྷ་དང་གཤིན་རྗེ་མ་མོ་དང་། བདུད་བཙན་དགྲ་བླ་གནོད་སྦྱིན་དང་། ཀླུ་བདུད་ལ་སོགས་སྡེ་བརྒྱད་རྣམས། མ་ལུས་གནས་འདིར་གཤེགས་སུ་གསོལ། སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པའི། མགོན་པོའི་བཀའ་འཁོར་འཇིག་རྟེན་པ། དྲེགས་བྱེད་འཁོར་དང་བཅས་པ་རྣམས། ལོག་ལྟའི་དགྲ་བགེགས་བསྒྲལ་བའི་ཕྱིར། མཆོད་པའི་གནས་འདིར་གཤེགས་སུ་གསོལ། ཛཿཧཱུྃ་བམ་ཧོ༔ གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ་རྡོ་རྗེ་བྲག་ཆེན་རབ་ཏུ་གཏམས་པ་དང་། ཉི་ཟླ་པདྨ་རིན་ཆེན་བརྩེགས་པའི་སྟེང་། ལྷ་མིན་གདུག་པའི་དམག་དཔུང་ཚར་གཅོད་པ། ལེགས་ལྡན་ནག་པོ་འཁོར་བཅས་བཞུགས་སུ་གསོལ། ཤྲྀ་མ་ཧཱ་ཀཱ་ལ་རུ་ཊ་བམ། ས་མ་ཡ་ཏིཥྛ་ལྷན། ཀྱཻ་ཕྱོགས་བཅུའི་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། འགྲོ་བའི་མགོན་པོ་སྤྱན་རས་གཟིགས་དབང་དང་། མ་ཧཱ་ཀཱ་ལ་མགོན་པོ་འཁོར་བཅས་རྣམས། གནས་མཆོག་ལྷ་གཞི་འདི་ལ་བཞུགས་སུ་གསོལ། རིག་འཛིན་སྔགས་འཆང་རྣལ་འབྱོར་བདག་ཅག་གིས། མདའ་ནས་ཀུ་འདེབས་བྱས་ན་ཕུ་ནས་སྙན་མ་སྲ། ཕུ་ནས་གཡབ་འདེབས་བྱས་ན་མདའ་ནས་སྤྱན་མ་རྡུལ། སྙན་སྲ་སྤྱན་རྡུལ་བྱེད་ན་ཅི་ལ་འགྲོགས། ཕྱོགས་བཞི་མཚམས་བརྒྱད་གང་ན་གནས་པ་ཡིས། སྙན་ངག་ཚིག་གིས་བརྒྱ་སྟོང་འབོད་ན་ཡང་། གཞན་ལ་མ་བཞུད་གནས་འདིར་བརྟན་པར་བཞུགས། དམ་ཚིག་བདག་པོས་བརྒྱ་སྟོང་བསྙེན་ན་ཡང་། ལྷ་གཞི་འདི་ལ་བརྟན་པར་བཞུགས་སུ་གསོལ། ས་མ་ཡ་སྟྭམ། བཞི་བ་མཆོད་པ་འབུལ་བ་ནི། ཀྱཻ་མགོན་པོ་འཁོར་དང་བཅས་པ་ལ། དགྲ་བགེགས་བསྒྲལ་བའི་དོན་ཆེད་དུ། ཡན་ལག་བརྒྱད་ལྡན་དྲི་མེད་ཡོན་ཆབ་དང་། ཨུ ཏ་པལ་མེ་ཏོག་ཆུ་སྐྱེས་ཐང་སྐྱེས་དང་། ཙན་དན་ལ་སོགས་སྤང་སྤོས་རྒྱ་སྤོས་དང་། ཉི་ཟླ་ལ་སོགས་གསལ་བྱེད་མར་མེ་དང་། ཛ་ཏི་ག་བུར་སྨན་སྣ་དྲི་ཆབ་དང་། འབྲས་འབྲུའི་ཁྲེ་ཙི་ཞལ་ཟས་ཕུང་པོ་དང་། རྔ་དང་ཆ་ལང་སིལ་སྙན་དཔག་མེད་རྣམས། མགོན་པོ་འཁོར་དང་བཅས་ལ་མཆོད་པ་འབུལ། སྐུ་གསུང་ཐུགས་རྣམས་མཉེས་ཤིང་ཚིམ་གྱུར་ཅིག གཟུགས་དབྱིབས་ཁ་དོག་སྣ་ཚོགས་སྤྱན་ལ་འབུལ། པི་ཝཾ་རྔ་སྒྲ་གླུ་དབྱངས་སྙན་ལ་འབུལ། སྣང་སྲིད་དྲི་ཞིམ་བདུག་སྤོས་ཤངས་ལ་འབུལ། ཁ་མངར་སྐྱུར་འབྲས་རོ་མཆོག་ལྗགས་ལ༴ སྲབ་འཇམ་བདེ་བསྐྱེད་རེག་བྱ་སྐུ་ལ༴ འཁོར་འདས་སྣང་སྟོང་སྒྱུ་མ་ཐུགས་ལ༴ གསེར་དངུལ་ལ་སོགས་རིན་ཆེན་སྣ་ཚོགས་དང་། རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་བརྒྱད་དང་། ཉེ་བ་ལྔ་དང་དཀར་གསུམ་མངར་གསུམ་འབུལ། རི་རྒྱལ་ལྷུན་པོ་ལྟ་བུའི་གཏོར་མ་དང་། དགྲ་བགེགས་ཤ་ཁྲག་སྤུངས་བའི་མཆོད་པ་འབུལ། རིན་ཆེན་སྣོད་ཡངས་བཀང་བའི་རོལ་མཚོ་བཞིན། འབྲས་ཆང་རྒུན་ཆང་ལ་སོགས་བདུད་རྩི་འབུལ། ཁྱུང་དང་ཤང་ཤང་ལ་སོགས་པའི། འདབ་ཆགས་བརྒྱ་ཡི་མཆོད་པ་འབུལ། སེང་སྟག་དོམ་དྲེད་ལ་སོགས་པའི། སྡེར་ཆགས་བརྒྱ་ཡི་མཆོད་པར་འབུལ། རྟ་མཆོག་མ་ཧེ་ལ་སོགས་པའི། རྨིག་ཅན་བརྒྱ་ཡི་མཆོད་པར་འབུལ། གླང་ཆེན་སྟོབས་ལྡན་ལ་སོགས་པའི། ཡུན་དྭགས་བརྒྱ་ཡི་མཆོད་པ་འབུལ། ཆུ་སྲིན་ནག་པོ་ལ་སོགས་པའི། ཆུ་གནས་བརྒྱ་ཡི་མཆོད་པ་འབུལ། དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། ཀུན་བཟང་མཆོད་སྤྲིན་ཕུང་པོ་འདི། མགོན་པོ་འཁོར་དང་བཅས་ལ་འབུལ། བདག་དང་ཡོན་བདག་འཁོར་བཅས་ཀྱི། བར་ཆད་རྐྱེན་ངན་བཟློག་ཏུ་གསོལ། ཚེ་དང་བསོད་ནམས་རྒྱས་པ་དང་། བསམ་པ་ཡིད་བཞིན་འགྲུབ་པར་མཛོད། ལྔ་བ་བསྟོད་པ་ནི། ཧཱུྃ་ཟླ་གམ་དམར་ནག་རྡོ་རྗེའི་བྲག་སྟེང་ནས། མདུང་དང་རལ་གྲི་གཤིབས་པའི་ཕོ་བྲང་ནས། བམ་ཆེན་ཕོ་མོ་བསྣོལ་བའི་ཁྲི་སྟེང་ནས། མ་ཧཱ་ཀཱ་ལ་ཚོགས་ཀྱི་བདག་པོ་ནི། སྐུ་མདོག་མཐིང་ནག་འཇིགས་པའི་གཟུགས། སྤྱན་གསུམ་མཆེ་བ་གཙིགས་པའི་ཞལ། དབུ་སྐྲ་ཁམ་ནག་ཐོར་ཚུགས་ཅན། མཐིང་ནག་དར་གྱི་ཅོད་པཎ་ཅན། སྐུ་ལ་དར་ནག་བེར་ཆེན་གསོལ། གསེར་སྐུད་སེར་པོའི་སྐ་རགས་བཅིངས། སྦྲུལ་དང་ཐོད་པའི་ཕྲེང་བས་བརྒྱན། ཕྱག་གཡས་ཙན་དན་བེང་ཆེན་འཕྱར།  གཡོན་པས་མདུང་དང་རུ next hit་མཚོན་ཕྱར། ཆིབས་སུ་རྟ་ནག་ཕུམ་དམར་བཅིབས། འཇིག་རྟེན་ལྷ་དམག་ཡོངས་ཀྱི་གཙོ། ལྷ་མིན་གཡུལ་བཟློག་མཐུ་རྩལ་ཅན། ནག་པོ་ཆེན་པོ་ཁྱོད་ལ་བསྟོད། དམར་གྱི་གཏོར་མ་རྒྱན་ཅན་དང་། བདུད་རྩི་དམ་པ་འདི་བཞེས་ལ། དགྲ་བགེགས་གཉིས་ཀྱི་གཡུལ་ངོ་བཟློག བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། ཧཱུྃ་སྲས་མཆོག་ཆེན་པོ་ཐོད་པ་རྩལ། སྐུ་མདོག་ནག་པོ་འཇིགས་པ་ལ། སྤྱན་གསུམ་མཆེ་བ་རབ་ཏུ་གཙིགས། དབུ་སྐྲ་དམར་སེར་གྱེན་དུ་བརྫིས། སྐུ་ལ་འཇོལ་བེར་ནག་པོ་གསོལ། ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན། ཆིབས་སུ་རྟ་ནག་རྟིང་དཀར་བཅིབས། དགྲ་བགེགས་གཡུལ་བཟློག་མཐུ་བོ་ཆེ། སྲས་མཆོག་རྒྱལ་པོ་ཁྱེད་ལ་བསྟོད། དམར་གྱི་གཏོར་མ་རྒྱན་ཅན་དང་། བདུད་རྩི་དམ་པ་འདི་བཞེས་ལ། དགྲ་བགེགས་གཉིས་ཀྱི་གཡུལ་ངོ་བཟློག བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། བྷྱོ་སྲིང་མོ་ཆེན་མོ་དཀའ་བཟློག་མ། འདོད་ཁམས་ལྷ་མོ་རེ་མ་ཏི། གཅེར་བུ་ཁྲག་གི་རལ་གཡེངས་མ། ལག་ན་མདུང་དང་རལ་གྲི་བསྣམས། ནག་མོ་མཆེ་བ་གཙིགས་པའི་ཞལ། ལྷ་རྣམས་ཀུན་གྱི་མཆོད་ཅིང་བསྟོད། ལྷ་མིན་དམག་ཚོགས་འཇོམས་མཛད་ཅིང་། གཅེར་བུ་བོང་ཞོན་ཁྱོད་ལ་བསྟོད། དམར་གྱི་གཏོར་མ་རྒྱན་ཅན་དང་། བདུད་རྩི་དམ་པ་འདི་བཞེས༴ དགྲ་བགེགས་གཉིས་ཀྱི་གཡུལ་ངོ་ཟློག བཅོལ་བའི༴ ཧཱུྃ་ཤར་ཕྱོགས་མགོན་པོ་དཔལ་རབ་འཆང་། སྐུ་མདོག་དཀར་པོ་རྒྱན་གྱིས་མཛེས། ཆིབས་སུ་ངང་བ་རྔོག་ནག་བཅིབས། ཕྱག་གཡས་ཉི་ཟེར་ཞགས་པ་བསྣམས། གཡོན་པས་མདུང་དར་དཀར་པོ་ཕྱར། ལྷ་བརྒྱད་འཁོར་གྱིས་བསྐོར་ལ་བསྟོད། ཧཱུྃ་ལྷོ་ཕྱོགས་ལེགས་ལྡན་ནག་པོ་ཆེ། སྐུ་མདོག་མཐིང་ནག་བེར་ཆེན་མནབས། ཆིབས་སུ་རྟ་ནག་རྟིང་དཀར་ཆིབས། ཕྱག་ན་ཙན་དན་གྲུ་ཚད་བསྣམས། གཤིན་རྗེའི་འཁོར་གྱིས་བསྐོར་ལ་བསྟོད། ཧཱུྃ་ནུབ་ཕྱོགས་བྲག་ལྷ་མགོན་པོ་ནི། སྐུ་མདོག་དམར་ནག་རྒྱ་བེར་ཀླུབས། ཆིབས་སུ་མཚལ་བུ་རྟིང་དཀར་བཅིབས། ཕྱག་ན་ནེའུ་ལེ་རྐྱལ་བ་བསྣམས། ཀླུ་བརྒྱད་འཁོར་གྱིས་བསྐོར་ལ་བསྟོད། ཧཱུྃ་བྱང་ཕྱོགས་མགོན་པོ་རྣམ་ཐོས་སྲས། སྐུ་མདོག་སེར་པོ་གསེར་ཁྲབ་ཅན། ཕྱག་ན་གནམ་ལྕགས་མདུང་དར་བསྣམས། ཆིབས་སུ་སེང་གེ་དཀར་མོ་བཅིབས། གནོད་སྦྱིན་བརྒྱད་ཀྱིས་བསྐོར་ལ་བསྟོད། ཧཱུྃ་ཤར་ལྷོར་མགོན་པོ་ཛམ་བྷ་ལ། སྐུ་མདོག་སྔོན་པོ་ཟ་འོག་གསོལ། ཆིབས་སུ་སྔོན་པོ་ཆུ་རིས་བཅིབས། ཕྱག་གཉིས་མདུང་དང་ནེའུ་ལེ་བསྣམས། གནམ་ཁྱི་བརྒྱད་ཀྱིས་བསྐོར་ལ་བསྟོད། ཧཱུྃ་ལྷོ་ནུབ་མགོན་པོ་ཨཱཪྱ་རེ་མནྟ། སྐུ་མདོག་མཐིང་ནག་བསེ་ཁྲབ་གསོལ། ཆིབས་སུ་ངང་བ་རྔོག་ནག་བཅིབས། ཕྱག་གཉིས་རུ་མཚོན་དམར་པོ་ཕྱར། གཉན་ཆེན་བརྒྱད་ཀྱིས་བསྐོར་ལ་བསྟོད། ཧཱུྃ་ནུབ་བྱང་མགོན་པོ་ཤ་བ་རི། སྐུ་མདོག་དུད་ཁ་འཇིགས་པའི་གཟུགས། ཆིབས་སུ་རླུང་ལྷ་མྱུར་མགྱོགས་བཅིབས། ཕྱག་གཉིས་འཁོར་ལོ་རྩིབས་བརྒྱད་བསྣམས། རྒྱུ་སྐར་འཁོར་གྱིས་བསྐོར་ལ་བསྟོད། ཧཱུྃ་བྱང་ཤར་དཔལ་རབ་མགོན་པོ་ནི། སྐུ་མདོག་དཀར་སེར་བེར་ནག་གསོལ། ཆིབས་སུ་གླང་པོའི་རྒྱལ་པོ་བཅིབས། ཕྱག་གཉིས་མདའ་ཞུ་རལ་གྲི་བསྣམས། ཧལ་ཁྱི་བརྒྱད་ཀྱི་བསྐོར་ལ་བསྟོད། ཧཱུྃ་སྟེང་ཕྱོགས་མགོན་པོ་དུང་གི་ཐོར་ཚུགས་ཅན། སྐུ་མདོག་དཀར་ལ་དར་དཀར་མནབས། ཆིབས་སུ་ངང་བ་རྔོག་ནག་བཅིབས། ཕྱག་གཉིས་གཅོད་པའི་རལ་གྲི་ཕྱར། གཟའ་ཆེན་བརྒྱད་ཀྱིས་བསྐོར་ལ་བསྟོད། ཧཱུྃ་འོག་ཕྱོགས་རཀྴ་གཟི་འབར་ནི། སྐུ་མདོག་ནག་པོ་དར་ལྗང་གསོལ། ཆིབས་སུ་དུར་ཕག་ནག་པོ་བཅིབས། ཕྱག་གཉིས་གསེར་གྱི་སྟྭ་རེ་འཛིན། ས་བདག་བརྒྱད་ཀྱིས་བསྐོར་ལ་བསྟོད། ཧཱུྃ་ཤར་ཕྱོགས་ལྷ་ཡི་རྒྱལ་པོ་ནི། ལྷ་དམག་འབུམ་གྱི་དབུས་ན་བཞུགས། དུས་འཁྲུགས་གཏོང་བའི་མཐུ་བོ་ཆེ། ལྷ་ཡི་ཀིཾ་ཀ་ཁྱེད་ལ་བསྟོད། ལྷོ་ཕྱོགས་གཤིན་རྗེའི་རྒྱལ་པོ་ནི། གཤིན་རྗེ་འབུམ་གྱི་དབུས་ན་བཞུགས། གོད་ཡམས་གཏོང་བའི་མཐུ་བོ་ཆེ། ཚེ་བདུད་སྲོག་བདག་ཁྱེད་ལ་བསྟོད། ནུབ་ཕྱོགས་སྲིད་པའི་རྒྱལ་མོ་ནི། མ་མོ་འབུམ་གྱི་དབུས་ན་བཞུགས། ནད་རིམས་གཏོང་བའི་མཐུ་བོ་ཆེ། དལ་ཡམས་བདག་པོ་ཁྱེད་ལ་བསྟོད། བྱ ང་ཕྱོགས་བདུད་ཀྱི་རྒྱལ་པོ་ནི། བདུད་དམག་འབུམ་གྱི་དབུས་ན་བཞུགས། ཚེ་སྲོག་གཅོད་པའི་མཐུ་བོ་ཆེ། བདུད་ཀྱི་རྒྱལ་པོ་ཁྱེད་ལ་བསྟོད། ཤར་ལྷོ་བཙན་གྱི་རྒྱལ་པོ་ནི། བཙན་དམག་འབུམ་གྱི་དབུས་ན་བཞུགས། གྲི་ཐབས་གཏོང་བའི་མཐུ་བོ་ཆེ། ཤན་པ་དམར་པོ་ཁྱེད་ལ་བསྟོད། ལྷོ་ནུབ་བེ་དཀར་རྒྱལ་པོ་ནི། འགོང་པོ་འབུམ་གྱི་དབུས་ན་བཞུགས། སྨྱོ་འབོག་གཏོང་བའི་མཐུ་བོ་ཆེ། དགྲ་བླའི་རྒྱལ་པོ་ཁྱེད་ལ་བསྟོད། ནུབ་བྱང་གནོད་སྦྱིན་རྒྱལ་པོ་ནི། གནོད་སྦྱིན་འབུམ་གྱི་དབུས་ན་བཞུགས། ཐོག་སེར་གཏོང་བའི་མཐུ་བོ་ཆེ། སྟོབས་ལྡན་རྒྱལ་པོ་ཁྱེད་ལ་བསྟོད། བྱང་ཤར་ཀླུ་ཡི་རྒྱལ་པོ་ནི། ཀླུ་བདུད་འབུམ་གྱི་དབུས་ན་བཞུགས། མཛེ་ནད་གཏོང་བའི་མཐུ་བོ་ཆེ། དུག་ལྔ་འབར་བ་ཁྱེད་ལ་བསྟོད། རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། དྲེགས་པ་འབུམ་གྱི་ཚོགས་ལ་བསྟོད། བྱ་ནག་འབུམ་དང་ཁྱི་ནག་འབུམ། ཤན་པ་འབུམ་གྱི་ཚོགས་ལ་བསྟོད། ཧཱུྃ་དཔལ་ལྡན་མགོན་པོའི་དམག་ཚོགས་ཀྱིས། དམར་གྱི་གཏོར་མ་རྒྱན་ཅན་དང་། །བདུད་རྩི་དམ་པ་འདི་བཞེས་ལ། རྣལ་འབྱོར་བདག་གི་བསམ་པ་སྒྲུབས། ཡོན་བདག་མི་ནོར་སྲུངས་སྐྱོབས་མཛོད། དགྲ་བགེགས་གཉིས་ཀྱི་གཡུལ་ངོ་ཟློགས། བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། དེ་ལྟར་བསྟོད་ཅིང་ཕྲིན་ལས་བཅོལ་པའི་ལས་རིམ་གྲུབ་ནས། བཟླས་པ་ལ་འཇུག་པ་ནི། བདག་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། ཚོགས་བདག་ལ་ཕོག་པས་ཚོགས་བདག་གཙོ་འཁོར་ལས་འོད་ཟེར་སེར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས་ནས་བྱུང་བས། བདག་ཅག་ལ་ཕོག་པ་ཙམ་གྱིས་ཚེ་དང་བསོད་ནམས་དཔལ་དང་འབྱོར་བ། བཀྲ་ཤིས་པའི་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན་ལ་སོགས་འདོད་ཡོན་སྣ་ཚོགས་ཀྱི་ཆར་བབས་ནས་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་བསམ། སྒྲུབ་པ་བྱེད་ན། རང་གི་ཡིད་དམ་གྱི་ཐུགས་ཀའི་སྔགས་ཕྲེང་གི་ཕྱི་རོལ་དུ་མགོན་པོའི་སྔགས་ཀྱིས་འཁོར་བར་དམིགས། གསུམ་ལ་ཡང་དེ་ལྟར་དམིགས་ལ། ཐོག་མར་དབང་དུ་བསྡུ་ཞིང་ཟིལ་གྱིས་གནོན་པའི་སྔགས་འདི་བགྲང་ངོ་། ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ག་ཎ་གུ་ཏི་ཀཱ་མ་ལ་ཤྲཱྀ་ནག་མོ་ཏི་ལ་བྷྱོ༔ ཅེས་བརྒྱ་རྩ་བརྒྱད་ལ་སོགས་པ་མང་དུ་བཟླས་པས་སྲོག་གི་སྙིང་པོ་ཕུལ་བར་བསྒོམ་མོ། དེ་ནས་བསྙེན་པ་བྱ་བ་ནི། དེ་ཡང་གནད་ཀྱི་མན་ངག་གདམ་པ་སྟེ། རྒྱུད་ལས་ལྔ་འདུས་དངས་མ་འོད་ཀྱི་གའུ་ནས། རྩ་འདུས་ལས་ཀྱིས་འབྲེལ་བའི་སྲོག་སྙིང་ཕུལ། ཞེས་པ་ནི་འདི་ཡིན་ནོ། བདག་ཧེ་རུ་ཀའི་ཐུགས་ཀའི་ཧཱུྃ་གི་རྒྱབ་ཏུ་སྔགས་འཁོར་ལས་འོད་ཟེར་ཁ་དོག་སྣ་ལྔའི་གུར་ཆེ་ཆུང་བྱ་མ་སར་གྱི་སྒོ་ང་ཙམ་པ་གཅིག་བསམ། དེ་ལས་འོད་ཟེར་འཕྲོས་པས་ཚོགས་བདག་གི་སྤྱི་བོར་སྤྱན་རས་གཟིགས་ལ་ཕོག དེ་ལས་འོད་ཟེར་མར་འཕྲོས་ཚོགས་བདག་ལ་ཕོག་པས་སྔོན་གྱི་དམ་ཚིག་དྲན་ནས། དེའི་འོད་ཟེར་འཁོར་ཐམས་ཅད་ལ་རིམ་བཞིན་དུ་ཕོག འཁོར་རྣམས་ཀྱིས་དམ་ཚིག་དྲན་ནས་འདར་ཕྲི་ལི་ལི་བྱེད་ཅིང་། དྲན་པ་བསྐུལ་ནས་དེ་རྣམས་ཀྱི་སྲོག་སྙིང་དེ་འོད་ཁ་དོག་སྣ་ལྔའི་ཚུལ་དུ་གཅིག་གིས་གཅིག་བསྐུལ་ནས་ཡར་ཕུལ་ནས་ལས་མགོན་གསུམ་ལ་ཕུལ། ལས་མགོན་གསུམ་གྱིས་དེ་རྣམས་ཀྱིས་ཕུལ་བའི་སྲོག་སྙིང་ཐམས་ཅད་དང་། རང་གི་སྲོག་གི་སྙིང་པོ་འོད་ཀྱི་རྣམ་པ་དེ་ཡང་རིམ་བཞིན་དུ་བརྒྱུད་དེ་མགོན་པོ་ལ་ཕུལ་བས། མགོན་པོས་སྔོན་གྱིས་དམ་ཚིག་དྲན་ནས། བདག་གིས་བཀའ་ཉན་གསུང་སྡོད་ཅི་བཅོལ་པའི་ལས་ཐམས་ཅད་མྱུར་དུ་བྱེད་པར་ཁས་བླངས་དམ་བཅས་ནས། སྲོག་གི་སྙིང་པོ་ཡི་གེ་ཧཱུྃ་གི་ཚུལ་དུ་བདག་ལ་ཕུལ་ནས། ཐུགས་ཀའི་ཧཱུྃ་གི་ཞབས་ཀྱུའི་ནང་དུ་ཚུད་པར་བསམ་ལ། སྲོག་སྙིང་གཏའ་རུ་གཟུང་བའི་མན་ངག་གོ ཡང་བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས། མགོན་པོ་འཁོར་དང་བཅས་པའི་ཐུགས་ཀར་ཕོག་པས་དེ་རྣམས་ཀྱི་སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་བ་ནི། ཉི་མའི་ཟེར་རམ་གདུགས་ཀྱིས་རྩིབས་བཞིན་དུ་བདག་གིས་ཐུགས་ཀར་འདུས་པར་བསམ་ལ། ༀ་ཤྲྀ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ འདི་ནི་ཡབ་ཀྱི་བསྙེན་པའམ་འབོད་པའོ། མ་ཧཱ་ཀཱ་ལ་སིདྷི་ཡཾ་དུ་ཛ༔ བསྙེན་པ་འདིས་ནི་རང་ལ་མྱུར་བར་འདུ་འོ། །རླུང་ལྟར་མགྱོགས་པའི་དངོས་གྲུབ་ཀྱི་རྩེ་མོའོ། ༀ་བཛྲ་ཡཀྴ་བཻ་ཏ་ལི་ཧཱུཾ༔ འདི་ནི་ཡུམ་གྱི་བསྙེན་པའོ། དྲག་རཀྴ་རཀྨོ་ཐུམ་ལུམ་སྙིང་ལ་འདུས་འདུས། སྲོག་ལ་སྲིང་སྲིང་ཤམ་ཤམ་ཁྱེར་བྷྱོཿ དྲག་སྔགས་འདིས་ནི་འཇིག་རྟེན་གསུམ་གྱི་མ་མོ་འདུའོ། ཡབ་ཀྱི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་གི་མཐའ་མར་སྔགས་ཀྱིས་འཁོར་བའོ། ཡུམ་ལ་བྷྱོའི་མཐའ་མར་སྔགས་ཀྱིས་འཁོར་བའོ། ལས་མགོན་གསུམ་ལ་ཡང་དེའི་རིགས་འགྲེས། ཡབ་ཡུམ་འཁོར་དང་བཅས་པའི་ཞལ་ནས་སྔགས་ཏི་རི་རི་བརྗོད་པར་བསམ་ལ། ཡབ་ལ་སྟོང་བསྙེན་ཡུམ་ལ་བརྒྱ། ཡབ་ལ་ཁྲི་བསྙེན་ཡུམ་ལ་སྟོང་། ཡབ་ལ་འབུམ་བསྙེན་ཡུམ་ལ་ཁྲི་བསྙེན་ནོ། ཉིན་པར་ཡབ་ཀྱི་བསྙེན་པ་བྱ། ནུབ་མོ་ཡུམ་གྱི་བསྙེན་པ་བྱེད་དོ། ཐུན་བཞག་པའི་ཚེ། ཐུན་མཚམས་སུ་ཕྱི་ཡི་མཆོད་པའི་མཆོད་ལ། བསྟོད་པ་ནི། ཧཱུྃ་བསྐལ་པའི་མེ་ལྟར་འབར་བའི་དབུས། དུར་ཁྲོད་ཆེན་པོའི་གནས་མཆོག་ནས། བམ་ཆེན་སྟེང་ན་འགྱིང་བག་ཅན། དཔལ་ལྡན་མགོན་པོ་ནག་པོ་ནི། བདུད་དང་དགྲ་བགེགས་བཟློག་པའི་ཕྱིར། བྱམས་པའི་སེམས་ཀྱིས་མཆོད་འབུལ་བསྟོད། དེ་དག་ནི་བར་ཆའི་ལས་རིམ་མོ། སྤྱི་དོན་གཉིས་པ་སྨད་ལས་དངོས་ལ་རྣམ་གྲངས་བཅུ་བཞི་སྟེ། དང་པོ་གསེར་སྐྱེམས་འབུལ་བ་ནི། སྐྱེམས་ཕུད་འབྲུ་སྨན་གྱིས་བསྐོལ་པ་བཤམས་ལ། རཾ་ཡཾ་ཁཾ། གསེར་སྐྱེམས་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཞེས་བསམ་ལ། ༀ་ཨཱཿཧཱུྃ་རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། བདེ་བཤེགས་ཀུན་འདུས་ཞི་ཁྲོ་རབ་འབྱམས་ལྷ། གནས་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས། གསེར་སྐྱེམས་འདི་བཞེས་རྣལ་འབྱོར་སྡོང་གྲོགས་མཛོད། ཁྱད་པར་དཔལ་མགོན་ཚོགས་བདག་ཡབ་ཡུམ་སྲས། ལས་མགོན་རྣམ་གསུམ་ཕྱོགས་སྐྱོང་སྡེ་བརྒྱད་མགོན། སྤྲུལ་པ་ཡང་སྤྲུལ་ཕོ་ཉ་ཕྱག་བརྙན་བཅས། གསེར་སྐྱེམས་འདི་བཞེས༴ མ་མགོན་ལྕམ་དྲལ་ཚེ་རིང་མཆེད་ལྔ་དང་། དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། བཀའ་ཉན་བྲན་གཡོག་མངགས་གཞུག་བཅས་པ་རྣམས། གསེར་སྐྱེམས་འདི་བཞེས་རྣལ་འབྱོར་སྡོང་གྲོགས་མཛོད། སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། ས་ཕྱོགས་འདི་ཡི་ཡུལ་གཞིའི་གནས་ཀྱི་བདག ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷ། གསེར་སྐྱེམས་འདི་བཞེས་རྣམ་འབྱོར་སྡོང་གྲོགས་མཛོད། ཅེས་ཕུད་གཏོར་རོ། གཉིས་ལ་གཟུ་དཔང་ནི། དབྱིངས་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དཔང་པོ་དྲང་ཤན་གྱི་ཚུལ་དུ་མངོན་སུམ་དུ་བཞུགས་པར་བསམ་ལ། ཧཱུྃ་བྷྱོ། རང་དོན་གྲུབ་ནས་གཞན་དོན་རྫོགས་པའི་དཔལ། ཆོས་སྐུ་ཀུན་དུ་བཟང་པོ་ནས་བཟུང་ཏེ། དཔལ་མགོན་རྩ་བའི་བླ་མ་ཡན་ཆད་དུ། སངས་རྒྱས་ཆོས་དང་སྙན་བརྒྱུད་མ་ཆད་པའི། རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་བརྒྱུད་དང་། གང་ཟག་སྙན་བརྒྱུད་བླ་མ་སྙན་གསོན་ཅིག གསང་སྔགས་བླ་མེད་དགོངས་པའི་སྙིང་པོའི་དོན། འཁོར་འདས་བྱང་ཆུབ་སེམས་སུ་རོ་གཅིག་ཀྱང་། འོད་གསལ་ཐིག་ལེ་ཆེན་པོའི་ངང་ཉིད་ལས། རིགས་ཅན་རྣམས་ཀྱིས་སྨིན་གྲོལ་བྱེད་པ་ལ། དམ་ཉམས་ཞིང་བཅུ་འདི་ཡིས་མ་སྟེར་རོ། རིག་འཛིན་བླ་མས་གཟུ་དང་དཔང་མཛོད་ཅིག ཚོགས་གཉིས་རྫོགས་ནས་སྐུ་གསུམ་མངོན་དུ་གྱུར། དུས་གསུམ་རྒྱལ་བ་ཕྱོགས་བཅུའི་སངས་རྒྱས་དང་། བསྟན་པའི་བདག་པོ་ཐུབ་དབང་བཅོམ་ལྡན་འདས། །ས་ཆེན་བཞུགས་པའི་སེམས་དཔའ་མཆོག་རྣམས་དང་། བདེ་གཤེགས་བཀའ་བསྒྲུབ་རིག་འཛིན་སྙན་གསོན་ཅིག ཇི་ལྟར་ཁྱོད་ཀྱིས་བསྒྲུབ་པའི་ལམ་ཆེན་དུ། འགྲོ་ལ་ཕན་ཕྱིར་ཡང་དག་ཞུགས་གྱུར་ནས། བསླབ་གསུམ་རིན་ཆེན་རྒྱལ་མཚན་བརྟན་པར་བཟུང་། བསྡུ་དངོས་བཞི་ཡིས་འགྲོ་དོན་བྱ་སྙམ་ཡང་། དམ་ཉམས་འདི་ཡིས་བྱེད་དུ་མ་སྟེར་རོ། དཀོན་མཆོག་གསུམ་པོས་གཟུ་དང་དཔང་མཛོད༴ དབྱིངས་དང་ཡེ་ཤེས་དཀྱིལ་འཁོར་ཀུན་གྱི་བདག རིགས་ལྔ་རིགས་གསུམ་དང་ནི་སྐུ་གསུང་ཐུགས། ཡོན་ཏན་ཕྲིན་ལས་མ་ལུས་འདུས་པའི་སྐུ། ཞི་ཁྲོ་རབ་འབྱམས་བསྒྲུབ་པ་བཀའ་བརྒྱད་ལྷ། བཀའ་བརྒྱུད་མན་ངག་སྒྲུབ་ཐབས་གཉན་པོའི་ལྷ། ལས་དང་ཡེ་ཤེས་ལྷ་ཚོགས་སྙན་གསོན་ཅིག བླ་མ་མཆོག་མཇལ་དབང་བསྐུར་མན་ངག་ཞུས། རྒྱུད་སྡེའི་དགོངས་པ་བསྐྱེད་རྫོགས་ཟབ་མོ་བརྟེན། རིག་འཛིན་སྡོམ་པ་བསྙེན་བསྒྲུབ་ཚུལ་བཞིན་སྤྱད། ལྟ་དགོངས་ཟབ་མོ་མདོ་སྔགས་སྙིང་པོའི་དོན། བདེ་བཤེགས་བཀའ་བཞིན་བསྒྲུབ་པའི་རྣལ་འབྱོར་བདག བསྟན་པའི་དགྲ་བོ་འདི་ཡིས་སེམས་དཀྲུགས་སོ། ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དཔང་མཛོད་ཅིག དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ། ཀུན་དུ་བཟང་མོ་སྤྱན་མ་མཱ་མ་ཀི། གོས་དཀར་སྒྲོལ་མ་རིགས་ལྔའི་མཁའ་འགྲོ་མ། གནས་དང་ཡུལ་གྱི་དཔའ་བོ་མཁའ་འགྲོ་དང་། སྤྲུལ་བ་ཡང་སྤྲུལ་མ་སྲིང་རྒྱ་མཚོ་དང་། དུར་ཁྲོད་བརྒྱད་ཀྱི་མཁའ་འགྲོ་སྙན་གསོན་ཅིག བས་མཐའ་ནགས་འདབས་གངས་དང་རི་ཁྲོད་དུ། ལྷག་པའི་སེམས་ལ་སྦྱོར་བའི་བརྟུལ་ཞུགས་ཀྱིས། ཞི་གནས་ལྷག་མཐོང་ཉམས་རྟོགས་ལྡན་པའི་དོན། འཇིག་རྟེན་བྱ་བ་བཏང་ནས་རྩེ་གཅིག་ཏུ། བསྒྲུབ་པ་ཚུལ་བཞིན་བྱེད་པའི་གང་ཟག་རྣམས། ཕུང་བྱེད་དམ་ཉམས་འདི་ཡིས་མ་སྟེར་རོ། དཔའ་བོ་མཁའ་འགྲོ་གཟུ་དང་དཔང་མཛོད༴ སྔོན་ཚེ་ཀུན་བཟང་དཔལ་ཆེན་ཧེ་རུ་ཀ། །གསང་བདག་རིག་འཛིན་རྒྱ་མཚོའི་ཚོགས་རྣམས་དང་། །པདྨ་ཐོད་ཕྲེང་སྤྱན་སྔར་ཐུགས་དམ་ཕུལ། །བཀའ་དང་བསྟན་པ་བསྲུང་བར་ཞལ་བཞེས་པ། །སྔགས་བདག་ཆེན་མོ་ཨེ་ཀ་ཙ་ཏི་དང་། །ཤན་པ་སྲོག་སྒྲུབ་གཟའ་མཆོག་རཱ་ཧུ་ལ། །ཕུང་བྱེད་དམར་ནག་དམ་ཅན་ཐིག་ལེ་རྩལ། །བསྐལ་པ་ཞིང་གི་རྡུལ་སྙེད་འཁོར་དང་བཅས། །ཕོ་ཉ་ཡང་སྤྲུལ་ཚོགས་རྣམས་སྙན་གསོན་ཅིག །སྔགས་འཆང་རིགས་འཛིན་བཟང་པོའི་རྒྱུད་དུ་འཁྲུངས། །དགྲ་བོ་ཀུན་ལ་ཡིད་ནི་མཉམ་གྱུར་པས། །མི་རབས་མངར་པོར་སེམས་ཅན་ཕན་བདེ་བྱས། །ད་ལྟའང་བསྡུ་བཞི་སེམས་ཅན་དོན་བྱེད་ཅིང་། །ཅི་ཡོད་ནུས་པས་ཕན་པ་ལྷུར་བྱས་ཏེ། །གནོད་པར་གྱུར་པ་རྡུལ་ཙམ་མ་བྱས་ཀྱང་། །དམ་ཉམས་དགྲ་བོས་ཅི་བྱར་མ་སྟེར་རོ། །དམ་ཅན་སྲུང་མས་གཟུ་དང་དཔང་༴ ལྷ་མི་ཀུན་གྱི་བསོད་ནམས་ལས་འཁྲུངས་པ། །ལྷ་ཡི་དབང་པོ་ཚངས་པ་བརྒྱ་བྱིན་དང་། །ལྷ་ཡི་དམག་དཔོན་ལེགས་ལྡན་ནག་པོ་དང་། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་ཞིང་སྐྱོང་བཅས། །གཙང་རིགས་བདུན་ཅུ་རྩ་ལྔ་སྙན་གསོན་ཅིག །དད་པས་བྱིན་པའི་ཟས་དང་ནོར་རྣམས་ཀྱིས། །འཕགས་པ་མཆོད་ཅིང་ཕྱོགས་བཅུའི་དགེ་འདུན་སྐྱོང་། །མཆོད་བཞིན་ཕུལ་ཞིང་དབུལ་ཕོངས་རྣམས་ཀྱང་བརྟེན། །ཕ་རོལ་ཕྱིན་དྲུག་ཚུལ་བཞིན་སྤྱོད་པ་རྣམས། །ཞིང་བཅུ་དགྲ་བོ་འདི་ཡིས་མ་སྟེར་རོ། །བཀའ་སྲུང་རྣམས་ཀྱིས་གཟུ་དང་དཔང་མཛོད་ཅིག །ཞི་རྒྱས་དབང་དྲག་ཕྲིན་ལས་རྣམ་བཞིའི་སྐུ། །དཀར་སེར་དམར་ལྗང་ལས་ཀྱི་མ་མོའི་ཚོགས། །བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་དང་། །དགེ་བསྙེན་ཉི་ཤུ་རྩ་གཅིག་འཁོར་དང་བཅས། །དྲེགས་པའི་སྡེ་བརྒྱད་བཅས་པ་སྙན་གསོན་ཅིག །རི་དགོན་དབེན་པར་བསམ་གཏན་དོན་བསྒོམ་ཞིང་། །འགྲོ་བ་ཀུན་ལ་མ་བཞིན་བྱམས་པར་བྱས། །ཟས་ནོར་སྦྱིན་པ་རྒྱ་ཆེན་ཕྱོགས་མེད་བཏང་། །ཆོས་ཀྱི་སྦྱིན་པས་ཐར་བའི་ལམ་ཡང་བསྟན། །མགོན་སྐྱབས་མི་འཇིགས་སྦྱིན་པ་ཕྱོགས་མེད་བྱས། །ནད་གདོན་བསལ་ཞིང་སྡུག་ཕོངས་སྙིང་རྗེའི་སྐྱོང་། །རྒྱལ་སྲས་སྤྱོད་པ་དམ་པའི་ལམ་ཞུགས་ཏེ། །འགྲོ་བའི་ཡིད་བཞིན་ནོར་བུ་བྱ་སྙམ་ཡང་། །དམ་ཉམས་དགྲ་བོས་བྱེད་དུ་མ་སྟེར་རོ། །མ་སྲི་རྒྱ་མཚོས་གཟུ་དང་དཔང་མཛོད་ཅིག །ཞི་བ་བརྙེས་ཀྱང་ལས་ཀྱི་སྐུར་སྟོན་པ། །འཇིག་རྟེན་ཚུལ་འཆང་ལས་ཀྱི་ཕོ་ཉར་བཅས། །དྲེགས་པ་ཕོ་མོ་མ་ལུས་སྙན་གསོན་ཅིག །དབེན་པའི་གནས་སུ་བསྒྲུབ་པའི་རྒྱལ་མཚན་བཙུགས། །ཁ་དྲག་དྲེགས་པའི་ཡུལ་གྱི་མ་བསྙེམས་ཤིང་། །རི་དྭགས་བཞིན་དུ་ཀུན་ལ་བག་ཡོད་བྱས། །དྲང་པོའི་ལམ་ལ་བདེན་པའི་དོན་གཉེར་ཞིང་། །དམའ་བའི་ས་བཟུང་ཧྲུལ་པོའི་གོས་གྱོན་ནས། །དམ་ཆོས་རིན་ཆེན་ཚུལ་བཞིན་སྤྱད་ན་ཡང་། །རང་ཡུལ་བག་ཡང་སྡོད་དུ་མ་སྟེར་རོ། །ལས་ཀྱི་ཕོ་ཉས་གཟུ་དང་དཔང་༴ མཐུ་རྩལ་དྲག་པོའི་མངོན་སྤྱོད་ལས་མཛད་པ། །ཀུན་དུ་རྒྱུ་ཞིང་རྣམ་འཕྲུལ་བསམ་མི་ཁྱབ། །སྤྲུལ་པ་ཕྱག་བརྙན་བཅས་པ་སྙན་གསོན་ཅིག །སེམས་མེད་བེམ་པོའི་རྡོ་ལ་ངན་ཁྲག་ཕྱུངས། །ཧ་ལ་ཧ་ལའི་དུག་ལ་བཟའ་ཤ་བཙལ། །འབྱུང་བ་དྭངས་མའི་རླུང་ལ་ཞགས་པས་བཏབ། །རྒྱ་མཚོ་དངས་མའི་ཆུ་ལ་སྐྱོགས་ཀྱིས་བཅུས། །ཆོས་བྱེད་རྣམས་ལ་དམ་ཉམས་དགྲ་བོས་བསྡོས། །རྡོ་རྗེ་རྒྱལ་པོ་དེ་རིང་དམངས་སུ་ཕབ། །སྒྲོལ་གིང་ཤན་པས་གཟུ་དང་དཔང་མཛོད་ཅིག །ལས་ཀྱི་ཡང་སྤྲུལ་ཟ་བྱེད་རྔམ་པའི་ཚོགས། །ལྕེ་སྤྱང་བདུད་བྱ་སྟག་གཟིག་དོམ་དྲེད་སོགས། །སྣ་ཚོགས་སྤྲུལ་པའི་ཚོགས་ལ་མངའ་མཛད་པ། །འཇིགས་པའི་འབྱུང་པོ་མ་ལུས་སྙན་གསོན་ཅིག །སེང་གེས་གངས་སྟོད་ཉུལ་ཡང་བུ་ཡུག་བྱུང་། །སྟག་མོས་ནགས་ཁྲོད་འགྲིམས་ཀྱང་ས་མདའ་བྱུང་། །རྒོད་པོས་གནམ་འཕངས་གཅོད་ཀྱང་རྙི་ཡིས་བཟུང་། །ཀྱུར་ལྕམ་རྒྱ་མཚོར་ཉལ་ཡང་ལྕགས་ཀྱུས་བཟུང་། །ཆོས་བྱེད་དབེན་གནས་བརྟེན་ཡང་གནས་ནས་འབྱིན། །མང་དུ་བརྙས་ཤིང་ཕུང་ཁྲོལ་བཅོམ་བརླགས་བྱས། །སྣང་སྲིད་ལྷ་འདྲེས་གཟུ་དང་དཔང་མཛོད་ཅིག །རང་བཞིན་བསོད་ནམས་ལས་གྲུབ་དགེ་བའི་ལྷ། །མངོན་ཤེས་རྫུ་འཕྲུལ་མངའ་བ་སྙན་གསོན་ཅིག །བདེ་གཤེགས་བཀའ་བཞིན་སྒྲུབ་པའི་རྣལ་འབྱོར་བདག །མཁའ་ལྟར་ཡངས་ཀྱང་སྤྲིན་ལྟར་འཐིབ་ཏུ་བྱུང་། །སྤྱི་མཐུན་བསོད་ནམས་ཉི་ཟླ་འཆར་དབང་མེད། །གདགས་སྲིབ་གཉིས་ཀྱི་ཁོད་ལ་སྙོམས་དབང་མེད། །དཀར་བའི་ཕྱོགས་རྣམས་གཟུ་དང་དཔང་མཛོད་ཅིག །གངས་ལྟར་དཀར་ཡང་གཡའ་ལྟར་གནག་ཏུ་བྱུང་། །བཟང་སེམས་ཀུན་སྤྱོད་དགེ་བ་བྱ་དབང་མེད། །དམ་ཆོས་རིན་ཆེན་ཚུལ་བཞིན་སྤྱད་དབང་མེད། །སྟེང་གི་ལྷ་རྣམས་གཟུ་དང་དཔང་མཛོད་ཅིག །མཚོ་ལྟར་འཁྱིལ་ཡང་རྦ་ལྟར་འཁྲུག་ཏུ་བྱུང་། །མ་ཉེས་རང་བཞིན་བདེ་བར་སྡོད་དབང་མེད། །ཁ་ཉན་དམན་པའི་ས་ལ་སྡོད་དབང་མེད། །བར་གྱི་གཉན་རྣམས་གཟུ་དང་དཔང་མཛོད་ཅིག །བྱ་ལྟར་བྲོས་ཀྱང་ཁྲ་ལྟར་འདེད་དུ་བྱུང་། །རང་བཞིན་དབེན་པའི་གནས་ལ་བརྟེན་དབང་མེད། །ལན་ཉེས་མེད་པའི་ས་ལ་སྡོད་དབང་མེད། །འོག་གི་ཀླུ་རྣམས་གཟུ་དང་དཔང་མཛོད་ཅིག །ཤ་ལྟར་བྲོས་ཀྱང་ཁྱི་ལྟར་འདེད་དུ་བྱུང་། །མ་ཉེས་བདེན་པའི་བྲག་ལ་ཞེན་དབང་མེད། །བདེན་རྫུན་ཉན་པའི་གཏམས་ལ་སྨྲ་དབང་མེད། །ཡུལ་ལྷ་གཞི་བདག་གཟུ་དང་དཔང་༴ ནང་པ་རྣམས་ལ་མུ་སྟེགས་བཞིན་དུ་འཚེ། །སངས་རྒྱས་བསྟན་པ་འདི་ལ་དར་དབང་མེད། །ཆོས་བྱེད་རྣམས་ལ་བགེགས་རིགས་བཞིན་དུ་འཚེ། །ཐར་ལམ་བྱང་ཆུབ་འདི་ལ་སྒྲུབ་དབང་མེད། །རྣལ་འབྱོར་རྣམས་ལ་གཤེད་མ་བཞིན་དུ་འཚེ། །རི་ངོགས་དབེན་པའི་གནས་དེ་འཛིན་དབང་མེད། །ཉ་ལྟར་བྲོས་ཀྱང་དོལ་ལྟར་འདེད་དུ་བྱུང་། །ངན་པའི་བློ་ལ་ནམ་ཡང་འཛད་དུས་མེད། །ལྷ་ལྟར་བསྟེན་ཡང་བདུད་ལྟར་འབབ་དུ་བྱུང་། །བཤེས་ལྟར་བསྟེན་ཡང་དགྲ་ལྟར་མཁོན་དུ་བྱུང་། །རིགས་དང་མི་རིགས་བདེན་རྫུན་ཡུལ་ན་མེད། །ཕུབ་ལྟར་ཟེད་ཀྱང་མདའ་ལྟར་འབིགས་སུ་བྱུང་། །སྦྲུལ་ལྟར་འཁྱིལ་ཡང་ཤིང་ལྟར་འཇུགས་སུ་བྱུང་། །ངན་པའི་ཀུན་སྤྱོད་འདི་ལ་བཟོད་བརླག་མེད། །ཡོངས་ལ་འཚེ་ཞིང་བསྟན་ལ་གནོད་ན་ཡང་། །སྡིག་པའི་རྣམ་སྨིན་འདི་ལ་ཡོང་དུས་མེད། །ཆོས་བྱེད་བརྙས་ཤིང་སྲུང་མ་ཁྱད་དུ་གསོད། །སྐྱེ་བོ་ཡོངས་ཀྱི་མི་ཁ་ཕྱོགས་བཅུར་བསྒྲགས། །ནག་པོའི་མཐུ་ལ་བུ་ལོན་བཞིན་དུ་བསྙེགས། །གཏེར་བདག་དམ་ཅན་རྒྱ་མཚོའི་ཚོགས་རྣམས་དང་། །སྣང་སྲིད་ལྷ་འདྲེའི་གཟུ་དང་དཔང་མཛོད་ཅིག བྷྱོཿ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀུན། །སྔོན་གྱི་ཐུགས་དམ་དམ་བཅའ་མ་གཡེལ་བར། །ལེགས་ཉེས་སྟངས་གཟིགས་བདེན་རྫུན་ཤན་ཕྱེས་ལ། །དམ་ཉམས་དགྲ་ལ་ཆད་པ་མྱུར་དུ་ཕོབས། །བདག་ལ་སྡང་བྱེད་དམ་ཉམས་དགྲ་བོ་འདིས། །བསྟན་པ་སྨད་ཅིང་སྐྱེ་བོ་ཡོངས་ལ་འཚེ། །དབེན་གནས་བཤིག་ཅིང་ཆོས་བྱེད་བསྒོམ་བསྒྲུབ་དཀྲུགས། །སྲུང་མ་རྣམས་ལ་མཐུ་སྟོབས་མེད་ཅེས་བསྒྲགས། །དེ་བས་དྲག་པོའི་བཀའ་ཆད་མྱུར་དུ་ཕོབས། །བདག་ཅག་དམ་ལྡན་རྡོ་རྗེ་རྣལ་འབྱོར་བས། །མ་ལན་མ་ཉེས་རང་བཞིན་བདེན་པ་ལ། །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་དང་། །བཀའ་སྲུང་དམ་ཅན་རྒྱ་མཚོའི་བདེན་ཚིག་གིས། །དགྲ་བགེགས་ཐུལ་ནས་བསྟན་པ་རྒྱས་པར་ཤོག ས་མ་ཡ་བྷྱོ་བྷྱོ། གསུམ་པ་བྲུབ་ཁུང་བསྐྱེད་པ་ནི། མདུན་གྱི་གྲུ་གསུམ་མི་དམིིགས་པ་ལས། ཁཾ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ་དཔངས་མཐོ་ལ་ལོགས་གཟར་བ། ཡངས་ཤིང་རྒྱ་ཆེ་བ། ནག་ལ་གཏིང་ཟབ་པ། ནད་ཀྱི་ན་བུན་འཐིབས་པ། དུག་གི་རླངས་པ་འཕྱོ་བ། མཚོན་ཆའི་ཆར་བ་འབེབས་པ། སོད་སོད་དང་རྒྱོབ་རྒྱོབ་ཆོད་ཆོད་ཀྱི་སྒྲ་སྒྲོགས་པ། མ་མོ་དང་མཁའ་འགྲོ་མ་རྣམས་འདུ་ས། བཀའ་ཡི་ལྷ་སྲིན་སྡེ་བརྒྱད་ཀྱི་རྒྱུག་སྲང་། སྟོད་ན་ཞེ་སྡང་གི་མེ་འབར་བ། སྨད་ན་འདོད་ཆགས་ཀྱི་ཁྲག་མཚོ་འཁྱིལ་བ། བར་ན་ཕྲག་དོག་གི་རླུང་ནག་འཚུབས་པ༴ གཤིན་རྗེའི་བཤའ་ཁང་ནག་པོ། དེའི་ནང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ནྲྀཿཡོངས་སུ་གྱུར་པ་ལས། དགྲ་བོ་གན་རྐྱལ་དུ་མགོ་ཚུར་བསྟན་ཏེ་རྐང་པ་ཕྱིར་བརྐྱང་པ། ཤ་རིད་ཅིང་སྐྲ་འཛིངས་པ། ཁ་ནས་ཁྲག་སྐྱུགས་ཤིང་འོ་འདོད་སྨྲེ་སྔགས་སྣ་ཚོགས་འདོན་པ། གཅེར་བུ་མགོན་སྐྱབས་མེད་པར་འདར་ཕྲི་ལི་ལི་བྱེད་པ། ལག་པ་གཉིས་བྲང་བརྡུངས་པར་གྱུར་པ། དེའི་སྙིང་གར་ཚེའི་ངོ་བོ་ཨཱཿདཀར་པོ། སྲོག་གི་ས་བོན་ནྲྀཿལྗང་ཀུ། ནྲྀཿལས་རླངས་པ་སྔོ་དམར་རང་གནས་སུ་སོང་བར་བསམ། བཞི་པ་ཕོ་ཉ་བསྐུལ་ཞིང་འགུག་པ་བྱ་བ་ནི། ཧཱུྃ་བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། འཇིགས་བྱེེད་ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། ཐུགས་ཀར་ཉི་མའི་དཀྱིལ་འཁོར་དུ། ཡི་གེ་ཧཱུཾ་གི་འོད་འཕྲོས་ལས། ཕོ་ཉ་ཕྲ་མེན་མང་པོ་ཕྱོགས་བཅུར་འགྱེད། སྤྲུལ་པའི་ཕོ་ཉ་མང་པོ་ཕྱོགས་བཅུར་འགྱེད་པ་ནི། ཉི་མ་ཕྱོགས་བཞི་མཚམས་བརྒྱད་ནས། སྡང་བའི་དགྲ་དང་གནོད་པའི་བགེགས། ཟུངས་ལ་ཆིངས་ལ་ཁྲིད་ལ་ཤོག ལས་ཀྱི་ལིང་ག་འདི་ལ་ཁུག དགྲ་བོའི་བླ་ཡི་བྲོས་ལམ་ཆོད། དགྲ་བོ་ནམ་མཁའི་ཁམས་སུ་བྲོས་པ་ན། ཕྲ་མེན་འབྲུག་གི་མགོ་ཅན་གྱིས། ནམ་མཁའི་ཁམས་ནས་ཁུག་ལ་ཤོག དགྲ་བོ་བར་སྣང་ཁམས་སུ་བྲོས་པ་ན། ཕྲ་མེན་གློག་གི་ཞགས་པ་ཡིས། བར་སྣང་ཁམས་ནས་ཁུག་ལ་ཤོག དགྲ་བོ་སྤང་ཐང་ཡངས་ལ་བྲོས་པ་ན། ཕྲ་མེན་སྤང་ཐིལ་མགོ་ཅན་གྱིས། སྤང་ཐང་ཡངས་ནས་ཁུག་ལ་ཤོག དགྲ་བོ་གངས་ཀྱི་རྩེ་ལ་བྲོས་པ་ན། ཕྲ་མེན་སེང་གེའི་མགོ་ཅན་གྱིས། གངས་ཀྱི་རྩེ་ནས་ཁུག་ལ་ཤོག དགྲ་བོ་རི་ཡི་ཟུར་ལ་བྲོས་པ་ན། ཕྲ་མེན་སྤྱང་ཀིའི་མགོ་ཅན་གྱིས། རི་ཡི་ཟུར་ནས་ཁུག་ལ་ཤོག དགྲ་བོ་རི་ཡི་སུལ་ལ་བྲོས་པ་ན། ཕྲ་མེན་ཤ་བའི་མགོ་ཅན་གྱིས། རི་ཡི་སུལ་ནས་ཁུག་ལ་ཤོག དགྲ་བོ་ནགས་གིས་གསེབ་ལ་བྲོས་པ་ན། ཕྲ་མེན་སྟག་གི་མགོ་ཅན་གྱིས། ནགས་ཀྱི་གསེབ་ནས་ཁུག༴ དགྲ་བོ་ནགས་ཀྱི་ཟུར་ལ་བྲོས༴ ཕྲ་མེན་དྲེད་ཀྱི་མགོ་ཅན་གྱིས། ནགས་ཀྱི་ཟུར་ནས་ཁུག༴ དགྲ་བོ་བྲག་གི་གསེབ་ལ་བྲོས༴ ཕྲ་མེན་འུག་པའི་མགོ་ཅན༴ བྲག་གི་གསེབ་ནས་ཁུག༴ དགྲ་བོ་ཆུ་ཡི་ནང་དུ་བྲོས་པ་ན། ཕྲ་མེན་ཆུ་སྲིན་མགོ་ཅན་གྱིས། ཆུ་ཡི་ནང་ནས་ཁུག༴ དགྲ་བོ་ས་ཡི་འོག་ཏུ་བྲོས་པ་ན། ཕྲ་མེན་སྲེ་མོང་མགོ་ཅན་གྱིས། ས་ཡི་འོག་ནས་ཁུག་ལ་ཤོག ཧཱུྃ་ནག་པོ་ཆེན་པོའི་མཐུ་སྟོོབས་ཀྱིས། རང་དབང་མེད་པར་དབང་དུ་བསྡུས། ལིང་ག་འདི་ལ་མྱུར་དུ་ཁུག ཧཱུྃ་ནག་པོ་ཆེན་པོའི་ཐུགས་ཀ་ནས། ཛཿལས་ལྷ་མོ་ལྕགས་ཀྱུ་མ། ཡང་སྤྲུལ་སུམ་སྤྲུལ་ཕོ་ཉར་འགྱེད། སྤྲུལ་པའི་ལྕགས་ཀྱུ་གྲངས་མེད་ཀྱིས། དགྲ་བོའི་སྲོག་སྙིང་དྲོངས་ལ་ཤོག བཛྲ་ཀོའུ་རཱི་ཨ་ཀཪྴ་ཡ་ཛ་ཛ༔ ཧཱུྃ་ནག་པོ་ཆེན་པོའི་ཐུགས་ཀ་ནས། ཧཱུྃ་ལས་ལྷ་མོ་ཞགས་པ་མ། ཡང་སྤྲུལ་སུམ་སྤྲུལ་ཕོ་ཉར་འགྱེདཿ སྤྲུལ་པའི་ཞགས་པ་གྲངས་མེད་ཀྱིས། དགྲ་བོའི་ཡན་ལག་ཆིངས་ལ་ཤོག བཛྲ་ཙོའུ་རཱི་ཨ་ཝེ་ཤ་ཡ་ཧཱུྃ་ཧཱུྃ༔ ཧཱུྃ་ནག་པོ་ཆེན་པོའི་ཐུགས་ཀ་ནསཿ བམ་ལས་ལྷ་མོ་ལྕགས་སྒྲོག་མ། ཡང་སྤྲུལ་སུམ་སྤྲུལ་ཕོ་ཉར་འགྱེད། སྤྲུལ་པའི་ལྕགས་སྒྲོག་གྲངས་མེད་ཀྱིས། དགྲ་བོའི་ཡན་ལག་སྡོམ་ལ་ཤོག བཛྲ་བཻ་ཏ་སྥོ་ཊ་བམ་བམ། ཧཱུྃ་ནག་པོ་ཆེན་པོའི་ཐུགས་ཀ་ནས། ཧོ་ལས་ལྷ་མོ་དྲིལ་བུ་མ། ཡང་སྤྲུལ་སུམ་སྤྲུལ་ཕོ་ཉར་འགྱེད། སྤྲུལ་པའི་དྲིལ་བུ་གྲངས་མེད་ཀྱིས། དགྲ་བགེགས་ཐལ་བའི་རྡུལ་དུ་རློགས། བཛྲ་གྷཎྜེ་ཧོ་ཧོ། ཛཿཧཱུྃ་བཾ་ཧོ་བཞི་པོ་ཡིས། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས། །དགྲ་བོ་དམ་ཉམས་བདེན་བྲལ་འདི། །ལིང་ག་འདི་ལ་མྱུར་དུ་ཁུག །དགྲ་བོ་དམ་ཉམས་བདེན་བྲལ་འདི། །ལྕགས་ཀྱུ་ཅན་གྱིས་སྙིང་ནས་དྲོངས། །ཞགས་པ་ཅན་གྱིས་མགུལ་ནས་ཁྲིད། །ལྕགས་སྒྲོག་ཅན་གྱིས་ཡན་ལག་ཆིངས། །དྲིལ་བུ་ཅན་གྱིས་རྡུལ་དུ་རློགས། །བྲོས་སུ་མེད་དོ་མྱུར་དུ་ཁུག །གབ་ཏུ་མེད་དོ་མྱུར་དུ་ཁུག །སྤྲུལ་དུ་མེད་དོ་ཕྱག་རྒྱས་ཆིངས། །མཐོ་རི་རབ་རྩེ་ནས་ཁུག་ལ་ཤོག །དམའ་རྒྱ་མཚོའི་གཏིང་ནས་ཁུག་ལ་ཤོག །བར་སྣང་ཁམས་ནས་ཁུག་ལ་ཤོག །ཅི་རུ་བརྫུས་ཀྱང་ཁུག་ལ་ཤོག །གང་དུ་སྤྲུལ་ཀྱང་ཁུག་ལ༴ ལ་ནས་དེད་ལ་ལུང་ནས་ཁུག །ལས་ཀྱི་རླུང་གིས་རྒྱབ་ནས་དེད། །ཡཾ་ལས་རླུང་གིས་ཞབས་ནས་ཁྱོགས། །མེ་དཔུང་འབར་བས་ཕྱི་ནས་བསྐོར། །ཐོ་བ་ཅ ན་གྱིས་རྒྱབ་ནས་དེད། །འཇིགས་པའི་མུན་པས་སྡུན་ནས་སུས། །ཆོས་སྐྱོང་སྲུང་མའི་དམག་ཚོགས་ཀྱིས། །ལ་ལས་དེད་ལ་ལ་ལས་ཁྲིད། །རང་དབང་མེད་པར་གཟུགས་ལ་ཕོབ། །ལིང་ག་འདི་ལ་མྱུར་དུ་ཁུག །ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ཆེ་གེ་མོ་ཨ་ཀཪྴ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ ནྲྀ་ཛ་བཛྲ་ཨཾ་ཀུ་ཤ་ཛ་ཛ༔ ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི༴ གསང་སྔགས་དང་། །རིག་སྔགས་དང་། །གཟུངས་སྔགས་དང་། །སྙིང་པོ་དང་། །ཕྱག་རྒྱ་དང་། །བཟླས་བརྗོད་དང་། ཏིང་འཛིན་གྱི་བདེན་སྟོབས་དང་། བཀའ་བརྒྱུད་བླ་མ་ཡབ་སྲས་རིགས་འཛིན་བརྒྱུད་པ་རྣམས་ཀྱི་མཐུ་སྟོབས་དང་། ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། དམ་པ་ཡེ་ཤེས་ཀྱི་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བདེན་པ་དང་། ཁྱད་པར་དུ་དཔལ་མགོན་ཚོགས་ཀྱི་བདག་པོ་ཡབ་ཡུམ་སྲས་འཁོར་སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདག་ཅག་རྣམས་ཀྱི་ལྷག་པའི་བསམ་པ་རྣམ་པར་དག་པའི་བདེན་པ༴ བདེན་པའི་མཐུ་དང་སྟོབས་ཀྱིས་གཟུགས་ཅན་གྱི་དགྲ། གཟུགས་མེད་ཀྱི་བགེགས། ཚེ་ལེན་གྱི་བདུད། བར་ཆད་ཀྱི་རྐྱེན། ཕ་རོལ་པའི་བྱད་མ། ཡིད་ལ་བརྣག་པའི་དགྲ་བོ་མིང་ཡི་གེ་ལ་བྲིས་པ། གཟུགས་བྱང་བུ་ལ་བཀོད་པ། ཁྲམ་ལ༷་གང་བཏབ་པ་རྣམས་དང་། ཁྱད་པར་དུ་རྣལ་འབྱོར་པ་བདག་ཅག་སློབ་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་ལ་བརྡར་བ། ཕྱི་དགྲ་ཡིད་ལ་ཤོམས་པ། ད་དགྲ་ཐད་ཀར་ལངས་པ་བསམ་པ་ངན་ཞིང་སྦྱོར་བ་རྩུབ་མོ་ཤོམ་པ། མི་ལ་ལྷ་མེད་ཟེར་ཞིང་ལྷ་ལ་མཐུ་མེད་ཟེར་བ། མཐུ་བུ་ལོན་སྙགས་པ། ཁ་དཀར་ལ་སྙིང་གནག་པ། ཁ་དྲག་དཔུང་བ་ཕྱར་བ་སོགས་དངོས་དང་བརྒྱུད་ནས་གནོད་པར་བྱེད་པའི་དགྲ་བོ་ཡིད་ལ་དམིགས་པ་དེ་རྣམས་ཚེ་བླ་སྲོགས་གསུམ། ཤ་རུས་ཁྲག་གསུམ་མཐའ་རྩ་སྐྱེ་རྒྱུད་དང་བཅས་པ་ཐམས་ཅད་མཐོ་རི་རབ་ཀྱི་རྩེ། དམའ་རྒྱ་མཚོའི་གཏིང་། བར་འབྱུང་བ་བཞིའི་དཀྱིལ་འཁོར་གར་འགྲོ་གར་གནས། གར་འདུག་ཀྱང་ཕོ་ཉ་ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས། ཞགས་པ་ཅན་གྱིས་མགུལ་ནས་ཆིངས། ལྕགས་སྒྲོག་ཅན་གྱིས་ཡན་ལག་ཆིངས། དྲིལ་བུ་ཅན་གྱིས་མྱོས་སུ་ཆུགས། ལས་ཀྱི་རླུང་དམར་གྱིས་རྒྱབ་ནས་དེད། འཇིགས་པའི་མུན་ནག་གིས་སྔན་ནས་སུས། རང་དབང་མེད་པར་ལིང་ག་འདི་ལ་མྱུར་དུ་ཁུག་ཅིག བསྟིམས་ཤིག ༀ་བཛྲ་ཨཾ་ཀུ་ཤ་ཡ་ཛཿ ཅེས་རབ་བརྒྱད་རྩ་འབྲིང་ཉི་ཤུ་རྩ་གཅིག་ཐ་མ་བདུན་རེ་ལ་སོགས་རྟགས་མ་བྱུང་བར་དུ་བརྗོད། ཕོ་ཉ་འགྱེད་ཅིང་འགུག་སྔགས་བཟླ། ཀ་ལ་རུ་པ་ནྲྀཿཨ་ཀཪྴ་ཡ་ཨ་ཀཪྴ་ཡ། ཐེད་ལ་ཐེད་ལ། ཧྲཱིཿསྟེ། དམུ་ཀ་ཡེ་མུ་ཀ་ཡེ། ཨུ་ནེ་ཨུ་ནེ། མཱ་ར་ཡ་ཛ་ཛཿ དུ་ནེ་དུ་ནེ། ཁྲིཾ་ཤིཾ་མཱ་ར་ཡ། ཧྲཱིཿསྟེ་ཨ་མུ་ཀ་ཀ་པ་ཡེ། ཨ་ནེ་ཨ་ནེ། ཐབ་མཱ་ར་ཡ་ཛ་ཛཿ དགྲ་བོ་དམ་ཉམས་ལིང་ག་འདི་ལ་མྱུར་དུ་ཁུག་ཅིག་རྡོ་ནག་འདི་ལ་མྱུར་དུ་ཁུག་ཅིག ས་དུག་འདི་ལ་མྱུར་དུ་ཁུག་ཅིག ཤིང་དུག་འདི་ལ་མྱུར་དུ་ཁུག་ཅིག་རྣམ་ཤེས་རྟེན་འདི་ལ་མྱུར་དུ་ཁུག་ཅིག ཛ་ཛ༔ མདུན་དུ་འདར་ཞིང་འདུག་པར་བསམ་ལ། ལིང་ག་ལ་ནག་ཏིམ་གྱིས་བསྟིམ། ལྔ་པ་ནི། གཞུང་ལས། ཡེ་ཤེས་ལྷ་དང་མཁའ་འགྲོ་དང་། སྡེ་བརྒྱད་ཀུན་ལ་དཔང་བཙུགས་ཏེ། ཞེས་པ་ལྟར། སླར་ཡང་སྦྲན་ཞིང་། ཉེས་པ་བསྒྲགས་པ་ནི། བདག་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པས་ཕྱག་གཡས་ཕུར་པ་མཚོན་ཆ་ཐོགས་ལ་འདི་སྐད་དོ། ཧཱུྃ་ཧེ་རུ་ཀ་ཡི་དཀྱིལ་འཁོར་དུ། དམ་ཉམས་དགྲ་བགེགས་བསྒྲལ་བའི་ཕྱིར། བདེ་གཤེགས་ཞི་ཁྲོའི་ལྷ་ཚོགས་བཞུགས། གཟུ་དང་དཔང་དུ་བཞུགས་སུ་གསོལ། ཚངས་པ་བརྒྱ་བྱིན་ཚོགས་རྣམས་ཀྱིས། དགྲ་བགེགས་བསྒྲལ་བའི་གཟུ་དཔང་མཛོད། ནག་པོ་ལྕམ་དྲལ་ཚོགས་རྣམས་ཀྱིས། དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད། །བདག་ནི་མ་ཉེས་མ་ལན་ཏེ། །གཟུ་དང་དཔང་དུ་དཀོན་མཆོག་བཞུགས། །སྡིག་ཅན་སྲུང་བྱེད་ལྷ་ཁྱོད་ཉོན། །སྡིག་ཅན་དགྲ་བོ་ལས་ངན་འདི། །དང་པོ་ཞེ་སྡང་ཕ་ཡིས་བསྐྱེད། །དེ་ནས་འདོད་ཆགས་མ་ཡི་མངལ། །དེ་ནས་ཉོན་མོངས་གཟུགས་སུ་གྲུབ། །ཐ་མར་སྐྱེ་བའི་སྒོ་རུ་ལེན། །ད་ནི་བསྒྲལ་བའི་ཞིང་དུ་གྱུར། །དགེ་བ་བཅུ་ནི་ཁྱད་དུ་བསད། །མི་དགེ་བཅུ་ནི་དང་དུ་བླངས། །མཚམས་མེད་ལྔ་ཡི་ལས་རྣམས་སྤྱད། །དཀོན་མཆོག་གསུམ་གྱི་དབུ་འཕང་སྨད། །ཐེག་པ་ཆེ་ལ་སྙད་འདོགས་བྱས། །དྲིན་ཅན་ཕ་མའི་སེམས་ཡིད་དཀྲུགས། །དགེ་བའི་བཤེས་གཉེན་སུན་ཡང་ཕྱུངས། །ལྷ་ཁང་གཉན་པོའི་ཁྱུང་མགོ་བཅད། །མཆོད་རྟེན་གཉན་པོའི་བུམ་པ་བཤིག །གསུང་རབ་འབུམ་སྡེའི་གཞུང་ནས་བཀྲལ། །ལྷ་གྲོང་བྱང་ཆུབ་གླིང་ཡང་བཀྲལ། ། དཔལ་དང་མཆོད་འོས་རྣམས་ལ་རྒྱབ་ཀྱིས་ཕྱོགས། །དགེ་འདུན་ཚོགས་པའི་ནང་དབྱེན་བྱས། །རྡོ་རྗེ་སློབ་དཔོན་སྐ་ལ་བསྡོས། །སྔགས་འཆང་བདག་གི་དགྲ་རུ་ལངས། །སྣང་སྲིད་ལྷ་འདྲེ་ཀུན་དང་འགྲས། །སངས་རྒྱས་ཆོས་ལ་ལྟ་བ་ལོག །མི་དགེའི་ལས་ལ་ཡི་རང་བྱས། །ལྷ་མོ་ནག་མོའི་བོང་བུ་བརྐུས། །མགོན་པོ་ནག་པོའི་བེང་དབྱུག་བཅག །རྡོ་རྗེ་ལེགས་པའི་ར་ཐུང་བཤས། །རྣམ་ཐོས་སྲས་ཀྱི་ནེའུ་ལ་བཀྲལ། །ནམ་མཁའི་ལྷ་ལ་ཁ་ཏོ་བྱས། །བར་སྣང་གཉན་གྱི་བུ་ཆུང་བསད། །ས་སྟེང་མི་ལ་འཕྲོག་བཅོམ་བྱས། །ས་འོག་ཀླུ་ཡི་གྲོང་ཁྱེར་བཤིག །ནག་པོ་བདུད་ཀྱི་གོས་ནག་བཤུས། །མགྱོགས་པ་བཙན་གྱི་འོག་རྟ་ཕྲོག །རི་གཉན་མཚོ་གཉན་རྡོ་གཉན་དང་། །ཤིང་གཉན་ཆུ་མིག་གཉན་དང་འདྲེས། །ཁམས་གསུམ་འཁོར་བའི་ས་བོན་འདེབས། །དུག་ལྔའི་འབྲས་བུ་སྨིན་པ་ན། །དགྲ་བོ་སྲུང་བྱེད་ལྷ་རྣམས་ཀྱིས། །དེ་ཡི་མགོན་སྐྱབས་མ་བྱེད་པར། །གཞན་དུ་བདེ་བའི་གནས་སུ་སོང་། །གལ་ལྟེ་མི་འགྲོ་སྲུང་བྱེད་ན། །ཡེ་ཤེས་ལྷ་མི་དམ་ཚིག་ཉམས། །འཇིག་རྟེན་ལྷ་ནི་བརླག་པར་བྱེད། །དེ་བས་མགོན་སྐྱབས་མ་མཛད་ཅིག །སྡིག་ཅན་དགྲ་བོ་ལས་ངན་འདི། །འགོ་བའི་ལྷ་ལྔ་མགོན་དང་ཕྱེས། །ཚེ་ལྷ་སྲོག་ལྷ་གཉིས་དང་ཕྱེས། །ཞང་ལྷ་འཚོ་བའི་ལྷ་དང་༴ ཕ་ལྷ་མ་ལྷ་གཉིས་དང་༴ བྱེས་ལྷ་ཡུལ་ལྟ་གཉིས་དང་༴ ལྷན་ཅིག་སྐྱེས་པའི་ལྷ་དང་༴ མཉམ་པོར་འོང་བའི་བདུད་དང་སྤྲོད། །ཟ་བྱེད་འཆི་བདག་བདུད་དང་སྤྲོད། །སྲོག་གཅོད་གཤེད་བདུད་རྣམས་དང་སྤྲོད། །བདག་གིས་མ་ཉེས་འདི་ཡིས་ཉེས། །ཆོས་སྐྱོང་སྲུང་མའི་ར་མདའ་ཟློག །དཀོན་མཆོག་གསུམ་ལ་དགྲ་བྱུང་ན། །ལྷ་སྲིན་སྡེ་བརྒྱད་ར་མདའ་ཟློག །ཕོ་ཉ་སྤྲུལ་པའི་དམག་ཚོགས་རྣམས། །སྡིག་ཅན་དགྲ་བོ་ལས་ངན་འདི། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུ། །གང་དུ་བྲོས་ཀྱང་མ་བཏང་ལ། །ནམ་མཁའི་དབྱིངས་ནས་ཁུག་ལ་ཤོག །བར་སྣང་ཁམས་ནས་དེད་ལ་ཤོག །རྒྱ་མཚོའི་གཏིང་ནས་དྲོངས་ལ་ཤོག །ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས། །ཞགས་པ་ཅན་གྱིས་མགུལ་ནས་ཁྲིད། །ལྕགས་སྒྲོག་ཅན་གྱིས་ཡན་ལག་སྡོམ། །དྲིལ་བུ་ཅན་གྱིས་དབང་དུ་སྡུས། །ཐོ་བ་ཅན་གྱིས་རྒྱབ་ནས་དེད། །རླུང་གི་འཁོར་ལོའི་རྟ་ལ་སྐྱོན། །བསྐལ་པའི་མུན་ནག་འཐིབས་པོས་སུས། །ལས་ཀྱི་རླུང་དམར་རྒྱབ་ནས་དེད། །གྲུ་གསུམ་ཧོམ་ཁུང་ཕོ་བྲང་དུ། །མ་ཐོག་མྱུར་དུ་གཟུགས་ལ་ཁུག །གཤིན་རྗེའི་བཤའ་ཁང་དམར་པོའི་ནང་། །འཆི་བདག་ཟ་འདྲེའི་ལག་ཏུ་གཏད། །སྲོག་གཅོད་ཤན་པ་སྤུ་གྲི་ཡིས། །དབང་པོ་ལུས་སྲོག་འབྲེལ་ཐག་ཆོད། །མྱུར་དུ་ཁུག་ཅིག་སྲུང་མའི་ཚོགས། །ༀ་བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃཿ བཛྲ་སྥོ་ཌ་བཾཿ བཛྲ་གཎྜེ་ཧོ། བཛྲ་ཨ་ཝེ་ཤ་ཡ་ཨཱཿ ཀྱཻ་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱིས། །བསམ་གཏན་བྱང་ཆུབ་བསྒྲུབ་བསམ་ཀྱང་། །དགྲ་དང་བགེགས་ཀྱིས་མ་སྟེར་རོ། །བདག་མ་ཉེས་མ་ཡོ་སྲུངས་མས་མཁྱེན། །གཟུ་དཔང་དཀོན་མཆོག་གསུམ་གྱིས་མཛོད། །ཆོས་སྐྱོང་སྲུངས་མས་ར་མདའ་ཟློག །སྔགས་ཀྱི་སྲུངས་མས་ར་མདའ་ཟློག །བསྟན་སྲུང་ཆེན་པོའི་ར༴ མ་མོ་གཤིན་རྗེ༴ ཡང་སྤྲུལ་ཆེན་པོ་ར༴ བཀའ་གཉན་ཆེན་པོ་ར༴ ཡུལ་ལྷ་ཆེན་པོ་ར༴ ལྷ་གཉན་ཀླུ་གཉན་ར༴ བདག་ཅག་བྱང་ཆུབ་སྒྲུབ་པ་ཡིས། །བསམ་པའི་དོན་རྣམས་སྲུངས་མས་སྒྲུབ། །ཆོས་འཁོར་སྲུང་མ་འཁོར་བཅས་རྣམས། །སྔོན་གྱི་དམ་བཅའ་མ་གཡེལ་ཅིག །དམ་བཅའ་བཞིན་དུ་ཕྲིན་ལས་མཛོད། །མ་ཉེས་མ་ཡོ་སྲུང་མས་མཁྱེན། །སྲུང་མའི་དམག་ཚོགས་མ་གཡེལ་ཅིག །ཤ་ཁྲག་དམར་ཕུད་འདི་གསོལ་ཞིག །བདག་དང་རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས། །ཕར་ལ་འགྲོ་ན་རྒྱབ་བརྟེན་གྱིས། །ཚུར་ལ་འོང་ན་སྔན་ནས་སུས། །མི་དང་ནོར་གྱི་རྫི་བོ་གྱིས། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས། །བདག་ལ་སྡང་བྱེད་དགྲ་བགེགས་ཀྱི། །མགོ་བོ་ཆོད་ལ་དོན་སྙིང་ཕྱུངས། །བསྲུང་མ་ཆེན་པོས་ཞལ་དུ་གསོལ། །སྲུང་མ་མཐུལ་རྩལ་མ་ཆུང་ཅིག །ཕྱོགས་བཅུའི་ཆོས་འཁོར་བསྲུང་མ་རྣམས། །ཕུད་དང་ཤ་ཁྲག་འདི་གསོལ་ལ། །ཕྱོགས་བཅུའི་དགྲ་བགེགས་གཡུལ་ངོ་བཟློག །བསྟན་ལ་སྡང་བའི་དགྲ་བོ་འདི། །སྲུང་མ་རྣམས་ཀྱིས་མྱུར་དུ་སྒྲོལ། །དགྲ་བགེགས་སྡིག་ཅན་མ་ཤོར་ཁུག །རེངས་པར་ཁུག་ལ་མྱུར་དུ་སྒྲོལ། །ཕྱོགས་བཞི་མཚམས་བརྒྱད་དགྲ་ལམ་ཆོད། །དགྲ་བོའི་ཕ་འཁོར་གྲུམ་ཆིངས་གྱིས། །དགྲ་བོའི་མ་ཚན་སྒྱིད་ལིང་གྱིས། །ད་ནི་བསྒྲལ་བའི་དུས་ལ་བབ། །ཧཱུྃ་དཔལ་ལྡན་མགོན་པོ་མཐུ་ཆེན་ཁྱོད། །ལེགས་ལྡན་ནག་པོ་ར་མདའ༴ ལྷ་དམག་དབུགས་འབྱིན་ལྷ་མིན་གཡུལ་བཟློག་ར༴ བཀའ་སྲུང་ནག་པོ་ར༴ སྲོག་བདག་ནག་པོ་ར༴ འདིར་བྱོན་དམ་བསྐང་ཕྲིན་ལས་མཛོད། །བཀའ་ཡི་བསྟན་སྲུང་ནག་པོ་ཁྱོད། །བཅོམ་ལྡན་འདས་ཀྱི་ཞབས་དྲུང་དུ། །སྲོག་སྙིང་མདོངས་གསོལ་ཕུལ་བའི་ཚེ། །བསྟན་པ་གཉན་པོ་བསྲུང་བར་བཅས། །དམ་ལྡན་རྣལ་འབྱོར་སྐྱོང་བར་བཅས། །དམ་ཉམས་སྡིག་ཅན་བསྒྲལ་བར་བཅས། །དམ་ཚིག་གཉན་པོ་བསྐལ་བའི་ཚེ། །དམ་རྫས་བདུད་རྩི་འདི་འབུལ་བས། །དམ་ལས་འདའ་ན་འགལ་ཏ་རེ། །ནག་པོ་ཆེན་པོ་འཁོར་བཅས་ཁྱོད། །དམ་ལས་མ་འདའ་དམ་ཚིག་སྲུངས ། །གང་ལ་བྱ་བ་ནོར་ཏ་རེ། །ཡུལ་ནི་མ་ནོར་བརྟེན་པའི་གྲོང་། །མིང་ནི་མ་ནོར་དམིགས་པའི་དགྲ། །གཟུགས་ནི་མ་ནོར་སྲིད་པའི་གཟུགས། །རིགས་རྒྱུད་རྩད་ནས་ཆོད་ལ་ཤོག །རྩ་བ་དྲུང་ནས་ཕྱུངས་ལ་ཤོག །གྲོང་མཁར་རྨིང་ནས་སྒྱེལ་ཤོག །ལྷ་འདྲེ་གཤེད་དུ་ཕོབས་ལ༴ འབྱུང་བ་གཤེད་དུ་སྐོར་ལ༴ གཟུགས་ཕུང་རྡུལ་དུ་རློགས་ལ༴ རྣམས་ཤེས་རྟེན་དང་ཕྲོལ༴ ཁོང་ཁྲག་ཞལ་དུ་གསོལ་ལ༴ བླ་སྲོག་ལེན་དུ་ཆུག་ལ༴ བསྟན་བསྲུང་ནག་པོ་ཆེན་པོ་ཁྱོད། །བརྟེན་པའི་ཚེ་ན་རྒྱང་མ་རིང་། །འབོད་པའི་ཚེ་ན་སྙན་མ་སྲ། །གཡབ་པའི་ཚེ་ན་སྤྱན་མ་རྡུལ། །མངགས་པའི་ཚེ་ན་བང་མ་བུལ། །རྦད་པའི་ཚེ་ན་མཐུ་མ་ཆུང་། །ཆོས་སྐྱོང་བསྲུང་མ་ར་མདའ་མཛོད། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། དྲུག་པ་ལྷ་དང་དབྱེ་བ་ནི། གཞུང་ལས། དགྲ་བོ་ལྷ་དང་ད བྱེ་བའི་ཕྱིར། དབྱེ་བ་ལྔ་ཡི་རྫས་ཀྱིས་དབྱེ། ཕྱེས་ནས་མ་ལ་གཏད་པར་བྱ། ཞེས་པ་ལྟར་སྒྲུབ་ཁང་གི་ཕྱི་རོལ་དུ་དབྱེ་རྫས་ཀྱིས་བདུག་ཅིང་། དུ་བ་རང་ལ་མི་འགོ་བར་བྱས་ཏེ། ཧཱུྃ་ཁ་ཁ་མུ་ཁ་མཐུ་མོ་ཆེ། །སྐ་མདོག་ནག་པོ་མུན་པའི་མདོག །ཕྱག་ན་ཕྱེ་བའི་བ་དན་ཕྱར། །ཞལ་ནས་ཕྱེ་བའི་ངན་སྔགས་འདོན། །ཤྭ་ལོག་བྱེད་ཅིང་སྡང་མིག་བལྟ། །འདབ་གཤོག་གནམ་ལྕགས་ངར་ཆེན་གྱིས། །དེ་རིང་ཉིན་གྱི་གུང་ཐུན་ལ། །དམ་ཉམས་དགྲ་བོ་ལྷ་དང་དབྱེ། །ཧུ་ལུ་མུ་ཁ་མཐུ་མོ་ཆེ། །སྐ་མདོག་སེར་ནག་འཇིགས་པ་ལ། །ཕྱག་ན་ཕྱེ་བའི་མེ་ཆུ་བསྣམས། །ཞལ་ནས་ཕྱེ་བའི་ངན་སྔགས་འདོན། །ཤྭ་ལོག་བྱེད་ཅིང་སྡང་མིག་བལྟ། །འདབ་གཤོག་ཟངས་ཀྱི་སྤུ་གྲི་ཡིས། །དོ་ནུབ་ནམ་གྱི་གུང་ཐུན་ལ། །དམ་ཉམས་དགྲ་བོ་ལྷ་དང་ཕྱེས། །དགྲ་བོ་སྲུངས་བྱེད་ལྷ་ཁྱོད་ཉོན། །གདུག་པའི་སེམས་ལྡན་དགྲ་བོ་དམ་ཉམས་འདིས། །དཀོན་མཆོག་བླ་མ་ལ་སྨད་ཅིང་། །བསྟན་ལ་གནོད་ཅིང་སེམས་ཅན་འཚེ། །དཔག་ཚད་སྟོང་དུ་ལྷུང་བ་ཡིས། །དམྱལ་བའི་སྡུང་བསྔལ་མྱོང་འགྱུར་བས། །ཁྱོད་ཀྱིས་བསྲུང་བར་མ་བྱེད་ལ། །སྡིག་ཅན་དགྲ་འདི་མྱུར་དུ་སྒྲོལ། །ཧཱུྃ་སྡང་བའི་དགྲ་བོ་ལས་ངན་ཁྱོད། །ཁྱོད་སྡིག་པོ་ཆེ་ལ་ལྷ་མི་འཁོར། །ཉམས་པ་ཅན་ལ་སྤྲུལ་པ་མེད། །ཡེ་ཤེས་ལྷ་ལ་སྐྱབས་མ་བཙལ། །ཡེ་ཤེས་ལྷ་ལ་སྐྱབས་བཙལ་ན། །སྡིག་པ་སྣ་ཚོགས་འདི་ཡིས་བྱས། །སྤོས་དང་མེ་ཏོག་ཕུལ་བ་མེད། །དེ་བས་ཡེ་ཤེས་ལྷ་དང་ཕྱེས། །སྡང་བའི་དགྲ་བོ་སྡིག་ཅན་ཁྱོད། །ལེའུའི་ལྷ་ལ་སྐྱབས་མ་བཙལ། །ལེའུའི་ལྷ་ལ་སྐྱབས་བཙལ་ན། །ལྷ་ཡོན་གཉན་པོ་འདི་ཡིས་ཕྲོག །དེ་བས་ལེའུའི་ལྷ་དང་ཕྱེས། །སྡང་བའི་དགྲ་བོ་ལས་ངན་ཁྱོད། །མ་ལྷ་གཉན་ལ་སྐྱབས་མ་བཙལ། །མ་ལྷ་གཉན་ལ་སྐྱབས་བཙལ་ན། །དྲིན་ཅན་ཕ་མའི་སེམས་ཡིད་དཀྲུགས། །དེ་བས་མ་ལྷ་གཉན་དང་ཕྱེས། །སྡང་བའི་དགྲ་བོ་ལས་ངན་ཁྱོད། །འཇིག་རྟེན་ལྷ་ལ་སྐྱབས་མ་བཙལ། །འཇིག་རྟེན་ལྷ་ལ་སྐྱབས་བཙལ་ན། །ཕོ་ལྷ་དགྲ་ལྷ་ཁྱོད་ཀྱིས་བཙོང་། །དེ་བས་འཇིག་རྟེན་ལྷ་དང་དབྱེ། །ཤིང་གཉན་ཆེན་པོ་ཁྱོད་ཀྱིས་བཅད། །ཀླུ་མཚོ་དཀར་མོ་ཁྱོད་ཀྱིས་དཀྲུགས། །ཀླུ་བ་ཟལ་མོ་ཁྱོད་ཀྱིས་བཤས། །རིན་ཆེན་བྱི་རུའི་མཆོད་ནི་བཅོམ། །དཔལ་ལྡན་ལྷ་མོའི་ནེའུ་རྐྱལ་བཀྲལ། །མགོན་པོ་ནག་པོའི་བེང་དབྱུག་བཅག །རྡོ་རྗེ་ལེགས་པའི་ར་ཐུང་བརྐུས། །ནག་པོ་བདུད་ཀྱི་གོས་ནག་བཤུས། །མགྱོགས་པ་བཙན་གྱི་རྟ་ཕོ་ཕྲོག །རྣལ་འབྱོར་བདག་ལ་ཕོད་བཙུགས་བྱས། །དེ་བས་འཇིག་རྟེན་ལྷ་དང་ཕྱེས། །ཡུལ་ལྷ་སྲོག་ལྷ་རྣམས་དང་ཕྱེས། །ལྷན་ཅིག་སྐྱེས་པའི་ལྷ་དང་ཕྱེས། །མཉམ་པོར་འོང་བའི་བདུད་དང་སྤྲོད། །བྷི་ཤ་ཡ་བྷི་ཤ་ཡ་ཧཱུྃཊ། །མིང་དང་གཟུགས་སུ་བྲིས་པའི་དགྲ་བོ་ལས་ངན་སྡིག་ཅན་འདིའི་ལྷ་དང་སྲུང་མ་ཐམས་ཅད་ཨ་ནྲྀཿ དྲག་རཀྴ་མཱ་ར་ཡ་ཕྱེ་ཕྱེ། ཡང་དགྲ་བོ་འགོ་བའི་ལྷ་དང་དབྱེ་བ་ནི། ཧཱུྃ་ང་ནི་མ་ཉེས་ཁོ་ཡིས་ཉེས། ང་ནི་མ་ཉེས་མ་ཡོ་འོ། །དཀོན་མཆོག་གསུམ་གྱི་དཔང་མཛོད་ཅིག །དམ་ཉམས་དགྲ་བོ་སྡིག་ཅན་འདིས། །བླ་མ་རྣམས་ཀྱིས་སྐ་ལ་བསྡོས། །བླ་མ་རྣམས་དང་ཕྱེས་ལ་ཤོག །དཀོན་མཆོག་གསུམ་ལ་དགྲ་འདིས་བསྡོས། །དཀོན་མཆོག་གསུམ་དང་ཕྱེས༴ ཡི་དམ་ལྷ་ལ་འདི་ཡིས་བསྡོས། །ཡི་དམ་ལྷ་དང་ཕྱེས༴ ཆོས་སྐྱོང་བསྲུང་མ་རྣམས་ལ་འདི་ཡིས༴ ཆོས་སྐྱོང་བསྲུང་མ་རྣམས་དང་ཕྱེས༴ འགོ་བའི་ལྷ་ལ་འདི་ཡིས༴ འགོ་བའི་ལྷ་དང་ཕྱེས༴ སྐྱོབས་པའི་ལྷ་ལ་འདི་ཡིས༴ སྐྱོབས་པའི་ལྷ་དང་ཕྱེས༴ ཕ་མྱེས་རྒྱུད་ཀྱི་ལྷ་ལ་འདི་ཡིས༴ ཕ་མེས་རྒྱུད་ཀྱི་ལྷ་དང་ཕྱེས༴ ལེའུའི་ལྷ་ལ་འདི་ཡིས༴ ལེའུའི་ལྷ་དང་ཕྱེས༴ མ་ལྷ་ཞང་པོའི་ལྷ་ལ་འདི༴ མ་ལྷ་ཞང་པོའི་ལྷ་དང་ཕྱེས༴ ཡུལ་ལྷ་གཞི་བདག་རྣམས་ལ༴ ཡུལ་ལྷ་གཞི་བདག་རྣམས་དང་ཕྱེས་ལ་ཤོག ༀ་ས་ནཾ་མུ་རྦད། སྡེ་ཤིག་སྡེ་ཤིག གྲམ་ཡལ་གྲམ་ཡལ། མེས་ཚིག ཆུར་བསྐྱུར། རླུང་གིས་གཡེང་། སས་གཏིབས། ཁ་རུ་བལྡག སྣ་རུ་ཡན། ཚེ་རུ་གཏུབས། ནེ་རུ་ཁྱེར། དགྲ་བོ་སྲུང་བྱེད་ཀྱི་ལྷ་ཐམས་ཅད་དང་ཕྱེས་ཤིག ཡ་མ་དུ་ནེ་དུ་ཤི་དགྲ་བོ་མིང་དང་རུས་སུ་བྲིས་པ་རྣམས་ཕོ་ལྷ་དང་མཱ་ར་ཡ་ཕྱེས་རྦད། ན་ག་དུ་ནེ་དུ་ཤེ་དགྲ་བོ་མིང་དང་གཟུགས་སུ་བྲིས་པ་རྣམས་སྲོག་ལྷ་དང་མཱ་ར་ཡ༴ ན་ག་བེ་ནི་བེ་ཤི་དགྲ་བོ་མིང་དང་རུས་སུ་བྲིས་པ་རྣམས་དགྲ་ལྷ་དང་མཱ་ར་ཡ༴ ཡཀྴ་དུ་ནེ་དུ་ཤི་དགྲ་བོ་མིང་དང་རུས་སུ་བྲིས་པ་རྣམས་ཡུལ་ལྷ་དང་མཱ་ར་ཡ༴ ཀ་ལ་ཏི་ལ་ཙི་པ་ཡ་དགྲ་བོ་མིང་དང་རུས་སུ་བྲིས་པ་རྣམས་མ་ལྷ་དང་མཱ་ར་ཡ༴ དགྲ་བོ་ལྷ་སྲུང་དང་བཅས་པ་དྲག་རཀྴ་མཱ་ར་ཡ་ཤག་ཕྱེས་རྦད། ཁཾ་ཁཾ་ཁཾ་བུམ་བུམ་ཤད་དེ་ཤག་ཕྱེས། ཨ་ནྲྀ་ཏྲག་རཀྴ་ཕྱེས་ཕྱེས་དགྲ་བོ་ཨཱ་ཡུ་ཤེ་ཤག་ཕྱེས། ཞེས་ཡང་དང་ཡང་དུ་ད བྱེ་བའི་རྫས་ཐམས་ཅད་ཀྱི་བདུག་ཅིང་ལྷ་དང་དབྱེ་བའོ། །དམ་ཉམས་པའི་དགྲ་བོ་མིང་ལིངྒ་ལ་བྲིས་པ། གཟུགས་བྱང་བུ་ལ་བཀོད་པ། འཁོར་ལོའི་རྩིབས་ལ་བསྐྱོན་པ། དམིགས་པའི་རྟེན་དུ་གྱུར་པ། ཕྲིན་ལས་ཀྱི་ཡུལ་དུ་གྱུར་པ། བསྒྲལ་བའི་ཞིང་དུ་གྱུར་པ། སངས་རྒྱས་ཀྱི་བསྟན་པ་བཤིག་པ། དཀོན་མཆོག་གི་དབུ་འཕང་སྨད་པ། ཕ་མ་དང་མཁན་སློབ་བསད་པ། པོ་ཏི་དང་གླེགས་བམ་གཏོར་བ་ལྷ་ཁང་དང་མཆོད་རྟེན་བཤིག་པ། ཚ་ཚྭ་དང་སྐ་གདུང་བཅག་པ། དེ་བཞིན་གཤེགས་པའི་སྐ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དགེ་འདུན་མཐུན་གཉིས་ཀྱི་བར་ལ་དབྱེན་བྱས་པ། དགེ་སློང་མ་སུན་ཕྱུང་བ། བླ་མའི་སྐ་ལ་བསྡོ་བ། སྲུང་མ་རྣམས་ལ་ཕོད་བཙུགས་ཤིང་། དོ་བསྡོ་བའི་དགྲ་བོ་འདི་རྣམས། ལས་ཀྱི་ལིངྒ་འདི་ལ་ཁུག་ཅིག སྟིམས་ཤིག དེ་ནས་ཟིལ་གནོན་དམིགས་པ་ཡན་འདྲ་ལ། ཞེས་པས། རང་ཉིད་ཡི་དམ་གྱི་ཐུགས་ཀའི་སྔགས་འཕྲེང་གི་ཕྱི་རོལ་དུ་མགོན་པོའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་ཁ་དོག་སྣ་ལྔའི་གུར་ཆེ་ཆུང་བྱ་མ་སར་གྱི་སྒོ་ང་ཙམ་གཅིག་བསམ། དེ་ལས་འོད་ཟེར་འཕྲོས་པས་ཚོགས་བདག་གི་སྤྱི་བོར་སྤྱན་རས་གཟིགས་ལ་ཕོག དེ་ལས་འོད་ཟེར་འཕྲོས་པས་ཚོགས་བདག་ལ་ཕོག་པས་སྔོན་གྱི་དམ་ཚིག་དྲན་ནས་དེའི་འོད་ཟེར་ཡང་འཁོར་ཐམས་ཅད་ལ་རིམ་བཞིན་དུ་ཕོག དེ་རྣམས་ཀྱིས་སྔོན་གྱི་དམ་ཚིག་དྲན་ནས་སོ་སོའི་སྲོག་གི་སྙིང་པོ་འོད་ཟེར་ཁ་དོག་སྣ་ལྔའི་ཚུལ་དུ་ཡར་ལ་རིམ་བཞིན་ལས་མགོན་གསུམ་ལ་ཕུལ། དེ་གསུམ་གྱིས་འཁོར་རྣམས་ཀྱི་ཕུལ་བའི་སྲོག་གི་སྙིང་པོ་དང་རང་རང་གི་སྲོག་སྙིང་དང་བཅས་པ་གཙོ་བོ་ལ་ཕུལ་བས། གཙོ་བོས་སྔོན་གྱི་དམ་ཚིག་གི་ཆད་ཐོ་དྲན་ནས་སྲོག་གི་སྙིང་པོ་ཡི་གེ་ཧཱུྃ་གི་ཚུལ་དུ་འཁོར་གྱིས་ཕུལ་བ་དང་སྟབས་གཅིག་ཏུ་བདག་ལ་གུས་འདུད་ཀྱི་ཚུལ་དུ་ཕུལ་བ་ཐུགས་ཀའི་ཧཱུཾ་གི་ཞབས་ཀྱུའི་ནང་དུ་ཚུད་པར་བསམ། ཡུམ་ལ་ཡང་དེ་ལྟར་གྱི་དམིགས་པ་བསྒྱུར་ཤེས་པར་བྱ་ཞིང་། ཐོག་མར་དབང་དུ་བསྡུ་ཞིང་ཟིལ་གྱིས་གནོན་པའི་སྔགས་འདི་བགྲང་ངོ་། ༀ་ཤྲཱྀ་མ་ཧཱ་ཀ་ལ་ག་ན་གུ་ཏི་ཀཱ་མ་ལ་ཤྲཱྀ་ནག་མོ་ཏི་ལ་བྷྱོཿ ཅེས་བརྒྱ་རྩ་བརྒྱད་ལ་སོགས་པ་མང་དུ་བཟླ་བ་སྲོག་སྙིང་གཏའ་རུ་བཟུང་བའི་མན་ངག་གོ དེ་ནས་བསྙེན་པ་དངོས་ཀྱི་དམིགས་པ་ནི། ཡབ་ཀྱི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་གི་མཐའ་སྐོར་དུ་སྔགས་ཀྱིས་བསྐོར་བ་དང་། ཡུམ་ལ་བྷྱོ་ཡི་མཐའ་མར་སྔགས་ཀྱིས་བསྐོར་ཞིང་། ལས་མགོན་གསུམ་ལ་གཙོ་བོ་དང་མཚུངས་པར་བསྒོམ་ལ། ཡབ་ཡུམ་འཁོར་དང་བཅས་པའི་ཞལ་ནས་རང་སྔགས་ཏི་རི་རི་བརྗོད་པའི་ཚེ་བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས་མགོན་པོ་འཁོར་དང་བཅས་པའི་ཐུགས་ཀར་ཕོག་པ་ཙམ་གྱིས་སྲོག་གི་སྙིང་པོ་ཉི་མའི་ཟེར་རམ་གདུགས་ཀྱིས་རྩིབས་བཞིན་དུ་བདག་གི་ཐུགས་ཀའི་ཧཱུྃ་ལ་འདུས་པར་བསམ་ལ། ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊཿ འདི་ནི་ཡབ་ཀྱི་བསྙེན་པའམ་འབོད་པའོ། མ་ཧཱ་ཀཱ་ལ་སིརྡྷི་ཡཾ་དུ་ཛཿ འདི་ནི་ཉེ་བསྙེན་ནམ་རླུང་ལྟར་མགྱོགས་པའི་དངོས་གྲུབ་གྱི་རྩེ་མོའོ། །ༀ་བཛྲ་ཡཀྴ་བཻ་ཏ་ལི་ཧཱུྃ༔ འདི་ནི་ཡུམ་གྱི་བསྙེན་པའམ་འབོད་པའོ། དྲག་རཀྴ་རཀྨོ་ཐུམ་ལིཾ་སྙིང་ལ་འདུས་འདུས་སྲོག་ལ་སྲིང་སྲིང་ཤམ་ཤམ་ཁྱེར་བྷྱོཿ རགས་དྲག་འདིས་ནི་འཇིག་རྟེན་གསུམ་གྱི་མ་མོ་འདུའོ། འདིར་ཁྱད་པར་དུ་བདུན་པ་འབོད་རྦད་སྦྲེལ་བའི་དམིགས་པ་ནི། རང་ཉིད་དཔལ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་དམར་ནག་ཚྭ་ཞིང་རྩུབ་པ་མགར་གྱི་ཚ་ཚྭ་དང་བསྐལ་པའི་མེ་དཔུང་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས། མགོན་པོའི་ཐུགས་ཀར་ཕོག་པས། མ་བཟོད་ནས་ལན་ཅིག་འདར་ཞིང་། དགྲ་བགེགས་འགུགས་པའི་ལས་ལ་བསྐལ་བར་བསམ། དེ་ལས་འོད་ཟེར་དམར་ནག་འཕྲོས་ནས་འཁོར་ཐམས་ཅད་ལ་ཕོག་པས། སྔོན་གྱི་དམ་ཚིག་དྲན་ནས་འདར་ཕྲི་ལི་ལི་བྱེད་ཅིང་། ཁྱེད་ཀྱི་བཀའ་ཉན་གསུང་སྡོད་ཅི་བཅོལ་བའི་ལས་ཐམས་ཅད་མྱུར་དུ་བྱེད་པར་ཁས་བླངས་དམ་བཅས་ནས། རང་རང་འདྲ་བའི་སྤྲུལ་པ་དང་ཡང་སྤྲུལ་དཔག་ཏུ་མེད་པ་དང་བཅས་ནས། གཅིག་གིས་གཅིག་བསྐལ་ནས། དེ་དག་ཐམས་ཅད་ཀྱི་ཐུགས་ཀ་ནས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོ་བ་ཅན་ལ་སོགས་པ་སྤྲུལ་པའི་མགོ་བརྙན་དཔག་ཏུ་མེད་པ་འཕྲོས་ཏེ། དགྲ་བོ་གང་ན་གནས་པའི་སར་ཐལ་ནས། ལ་ལས་ལྕགས་ཀྱུས་སྙིང་ནས་བཟུང་། ལ་ལས་ཞགས་པས་མགུལ་ནས་ཁྲིད། ལ་ལས་ལྕགས་སྒྲོག་གིས་ཡན་ལག་སྡོམ། ལ་ལས་དྲིལ་བུས་མྱོས་པར་བྱེད། །ལ་ལས་སྲུང་སྐྱོབ་ཀྱི་ལྷ་དང་ཕྱེས། །ལ་ལས་ཕུམ་དང་ལྟག་པར་འཛིན། །ལ་ལས་རྐང་ཞབས་ནས་རླུང་གི་དཀྱིལ་འཁོར་གྱིས་བཏེགས། །ལ་ལས་ཐོ་བས་རྒྱབ་ནས་དེད་ནས་ཁང་སྒྲོམ་ནག་པོའི་ནང་དུ་ལིངྒ་ལ་ནག་ཏིམ་གྱིས་བསྟིམས་ནས་གན་རྐྱལ་དུ་མགོ་ཚུར་བསྟན་ནས་རྐང་པ་ཕྱིར་བརྐྱང་བའི་ཁ་ནས་སྨྲེ་སྔགས་སྣ་ཚོགས་འདོན་པ། གཅེར་བུ་མགོན་སྐྱབས་མེད་པར་འདར་ཕྲི་ལི་ལི་བྱེད་པར་བསམ་ལ། ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊཿ ༀ་མ་ཧཱ་ཀཱ་ལ་ཆྒཻའི་སྙིང་འབྱིན་ནོ༔ སྙིང་ལ་པུ་ཏྲི་ཆྒཻ་ཙིརྟ་རྦདཿ དེ་ནི་ཡབ་ཀྱི་རྦད་པའོ། ༀ་བཛྲ་ཡཀྴ་བཻ་ཏ་ལི་ཧཱུྃ༔ ཏྲག་རཀྴ་རཀྨོ་ཐུམ་ལུམ་ཆྒཻའི་སྙིང་ལ་འདུས་འདུས། སྲོག་ལ་སྲིང་སྲིང་ཤམ། ཤམ་ཁྱེར་བྷྱོཿ ཏྲག་རཀྴ་རཀྨོ་ཐུམ་ལམ་སྙིང་ཁ་རག་ཛ་ཛ༔ ཞེས་ཡུམ་གྱི་རྦད་པ་དང་། དྲག་སྔགས་འདིས་དགྲ་བོའི་ཚེ་སྲོག་མྱུར་དུ་འགུགས་པའོ། ཐུན་མཚམས་སུ་མཆོད་བསྟོད་བྱེད་ཅེས་པས། སྐབས་འདིར་ཐུན་གཏོར་ཤ་ཁྲག་གིས་བརྒྱན་པ་ལ་འགུགས་བསྟིམས་བསྒྲལ་བ་སོགས་ཀྱིས་མཐར། ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ་སརྦ་ཏཁཾ་ཨུརྒ་ཏེ་སྥ་ར་ཥ་ཨེ་མམ་ག་ག་ན་ཁཾ་གྷྲྀ་ཧྞ་ཨེ་དམ་བྷ་ལྟི་ཡེ་སྭཱ་ཧཱ། ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ཡཀྴ་བཻ་ཏ་ལི་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧིཿ མ་ཧཱ་རཀཱ་ལ༴ མ་ཧཱ་བ་ལཱི༴ དགྲ་བགེགས་མིང་དང་གཟུགས་སུ་བྲིས་པ་རྣམས་ཀྱི་མ་ཧཱ་མཾ་ལ་ཁཱ་ཧི། མ་ཧཱ་རཀྟ་ལ༴ མ་ཧཱ་ཙིརྟ་ལ༴ མ་ཧཱ་བ་སུ་ཏ་ལ༴ མ་ཧཱ་ཀོ་རེ་ཙ་ན་ལ༴ མ་ཧཱ་ཀེཾ་ནི་རི་ཏི་ལ༴ དབང་པོ་ནང་རོལ་ལ༴ དོན་སྙིང་རྣམ་ལྔ་ལ༴ ཤ་ཁྲག་སྲོོག་དབུགས་ལ༴ རྣམ་ཤེས་ཚོགས་བརྒྱད་ལ༴ སྐྱེ་མཆེད་བཅུ་གཉིས་ལ༴ ལྷག་མ་རྗེས་ཤུལ་ལ་ཁཱ་ཧིཿ བཛྲ་ཨརྒྷཾ་སོགས་ནས་ཤསྡ་པྲ་ཏིཙྪ་ཡེ་སྭཱ་ཧཱ། །སྡང་བའི་དགྲ་དང་གནོད་པའི་བགེགས། །ནག་པོ་ཆེན་པོའི་ཞལ་དུ་སྟོབས། །སློབ་དཔོན་སྐ་ལ་བསྡོ་བ་དང་། །རྣལ་འབྱོར་བདག་ལ་སྡང་བ་དང་། །རྡོ་རྗེ་སྤུན་ལ་འཁུ་བ་དང་། །བདག་གི་འཁོར་ལ་གནོད་པ་དང་། །མིང་དང་གཟུགས་སུ་བྲིས་པ་འདི། །ནག་པོ་ཆེན་པོའི་ཞལ་དུ་སྟོབས། །ཡན་ལག་རྣམས་ཀྱི་ཤ་ཆོད་ལ། །མགོན་པོ་ཆེན་པོའི་ཞལ་དུ་རོལ། །ཚེ་སྲོག་དམར་པོ་རྩད་ནས་ཆོད། །ཁྲག་གི་རྒྱུན་ཡང་འཐུང་བར་གྱིས། །སྙིང་ཁྲག་དྲོན་མོ་ཞལ་དུ་རོལ། །ཏིལ་འབྲུ་ཙམ་ཡང་མེད་པར་མཛོད། །ཅེས་པས་མཆོད་ཅིང་བསྟོད་པ་ནི། །ཧཱུྃ་དམར་སྨུག་ཟླ་གམ་བྲག་གི་གདན་སྟེང་ནས། །མདུང་དང་རལ་གྲི་གཤིབས་པའི་ཕོ་བྲང་དུ། །གྲི་གུག་བེང་གི་ར་བ་ནས། །མི་འགྱུར་རྡོ་རྗེའི་གདན་སྟེང་ན། །ཆགས་པའི་སྐྱོན་སྤངས་མ་ཆགས་པདྨའི་སྟེང་། །བམ་ཆེན་བསྣོལ་བའི་གདན་སྟེང་དུ། །མགོན་པོ་ཚོགས་ཀྱི་བདག་པོ་ནི། །སྐ་མདོག་མཐིང་ནག་འབར་བ་ལ། །འཇིགས་སུ་རུང་བའི་ཆ་བྱད་ཅན། །དབུ་སྐྲ་རལ་པ་གྱེན་དུ་བརྫེས། །སྨ་ར་སྨིན་མ་མེ་ལྟར་འབར། །ཞལ་གདངས་ལྗག་འདྲིལ་མཆེ་བ་གཙིགས། །རྐན་སྒྲ་རྡེབས་ཅིང་ཧཱུྃ་སྒྲ་སྒྲོགས། །དར་ནག་འཇོལ་བེར་སྐ་ལ་མནབས། །སག་ཏི་སྔོན་པོའི་ཆག་ལྷྭམ་གསོལ། །གཡས་ན་ཙན་དན་བེང་ཆེན་བསྣམས། །གཡོན་པས་ཐོད་ཁྲག་ཞལ་དུ་གསོལ། །ཐོད་སྐམ་ལྔ་ཡིས་དབུ་རྒྱན་ཅན། །མི་མགོའི་ཕྲེང་བའི་དོ་ཤལ་བྱས། །གསུས་ཁྱིམ་ཆེ་ལ་གསུས་པ་འཕྱངས། །མི་ཐུང་ཁྲོ་གཉེར་དྲག་པོ་ཆེ། །མཆུ་དང་སོ་ལ་ཁྲག་ཀྱང་འཛགས། །ལྷ་དམག་འབུམ་གྱི་གཙོ་བོ་མཛད། །ནག་པོ་འཇིགས་བྱེད་སྐ་ལ་ཕྱག་འཚལ་བསྟོད། །སངས་རྒྱས་བསྟན་བསྲུང་མཛད་ལ་ཕྱག་འཚལ་བསྟོད། །ལྷ་མིའི་མགོན་སྐྱབས་མཛད་ལ་ཕྱག་འཚལ་བསྟོད། བྷྱོཿ །ཡུམ་ཆེན་ཡཀྴ་བཻ་ཏ་ལི། །གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས། །རླུང་ནག་འཚུབས་མའི་ནང་ན་བཞུགས། །མ་མོ་ཀུན་གྱི་གཙོ་མོ་སྟེ། །ལྷ་མོ་དཔལ་འབར་མ་ལ་ཕྱག་འཚལ་བསྟོད། །ཧཱུྃ་མགོན་པོའི་སྐ་ཡི་སྤྲུལ་པ་ནི། །མཐིང་ནག་རྩེ་གསུམ་ཐོད་ཁྲག་བསྣམས། །ནག་པོ་སྟོང་གི་ཚོགས་ཀྱིས་བསྐོར། །སྐ་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུྃ་མགོན་པོའི་གསུང་གི་སྤྲུལ་པ་ནི། །ཙན་དན་བེང་ཆེན་ཐོད་ཁྲག་བསྣམས། །ཤ་ཟ་འབུམ་གྱི་ཚོགས་ཀྱིས་བསྐོར། །གསུང་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །ཧཱུྃ་མགོན་པོའི་ཐུགས་ཀྱི་སྤྲུལ་པ་ནི། །ཕྱག་མཚན་གྲི་གུག་ཐོད་ཁྲག་བསྣམས། །མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར། །ཐུགས་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུྃ་དཔལ་བ་འཆང་དང་ལེགས་ལྡན་ནག་པོ་དང་། །བྲག་ལྷ་མགོན་པོ་དང་ནི་རྣམ་ཐོས་སྲས། །ཛམ་བྷ་ལ་དང་ཨཱཪྱ་རེ་མནྟ། །ནག་པོ་རྒྱན་ཅན་ལྷ་ཆེན་དཔལ་འབར་དང་། །དུང་གི་ཐོར་ཚུགས་ཅན་དང་གཟི་འབར་མ། །ཀུན་ཀྱང་སྐ་མདོག་སྣ་ཚོགས་ལ། །བ་དན་མཚོན་ཆ་སྣ་ཚོགས་བསྣམས། །སྤྲུལ་པ་སྣ་ཚོགས་ཕྱོགས་བཅུར་འགྱེད། །ཕྱོགས་བཅུའི་མགོན་པོ་རྣམས་ལ་ཕྱག་འཚལ་བསྟོད། །ཧཱུྃ་ལྷ་དང་གཤིན་རྗེ་མ་མོ་བདུད་བཙན་དང་། །རྒྱལ་པོ་གནོད་སྦྱིན་ཀླུ་བདུད་རྣམས་ཀྱིས་ནི། །སྐ་མདོག་ཕྱག་མཚན་སྣ་ཚོགས་ཅིར་ཡང་སྟོན། །སྡེ་བརྒྱད་མགོན་པོ་རྣམས་ལ་ཕྱག་འཚལ་བསྟོད། །ཧཱུྃ་རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ་ལ་སོགས། །ལྷ་དང་ཀླུ་དང་གཟའ་དང་གནོད་སྦྱིན་དང་། །རྒྱུ་སྐར་དང་ནི་དཔལ་མགོན་འཁོར་དང་བཅས། །དཀར་ཕྱོགས་སྐྱོང་བ་རྣམས་ལ་ཕྱག་འཚལ་བསྟོད། །མགོན་པོ་ཁྱེད་མཆོད་བྱིན་རླབས་ཀྱིས། །སངས་རྒྱས་བསྟན་པ་སྲུང་བ་དང་། །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །འཁོར་རྣམས་བསྲུང་ལ་རྐྱེན་རྣམས་བཟློག །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། ཅེས་བསྟོད་ལ། གལ་ཏེ་རྟགས་མེད་ན། གནད་ལ་དབབ་པ་ནི། རང་ཉིད་དཔལ་ཆེན་ཤིན་ཏུ་འཁྲོས་ནས་མགོན་པོའི་དབུ་ཐོག་ཏུ་བྲོ་བརྡུངས་ཤིང་གར་བྱས་པས། མགོན་པོ་འཁོར་དང་བཅས་པས་སྔོན་གྱི་དམ་ཚིག་དྲན་ནས་ལས་མྱུར་དུ་བྱེད་པར་ཁས་བླངས་པར་བསམ་ལ། བྷྱོ་ལ་ཧི་མོ་ནག་རི་ཤི་ལ་མ་ཀཱ་ཏི་གུ་ཎ་གྷ་ལ་ཀཱ་ཧཱ་མཤྲྀ་ༀ༔ ཅེས་ཐུན་མགོར་བརྒྱ་རྩ་བརྒྱད་ལ་སོགས་པར་བགྲང་ངོ་། དེ་ལྟར་བཟླས་པས་རྟགས་ནི། དམག་ལ་ཆ་བ་དང་། རྐུན་ལ་ཆ་བ་དང་། ལིངས་ལ་ཆ་བ་དང་། བྱ་ཆེན་ལྡིང་བ་དང་། རི་མཐོན་པོའི་ཁར་རང་ཉིད་མཆིས་པ་རྣམས་སྲུང་མས་ལས་བྱེད་པའི་རྟགས་སོ། རི་དྭགས་རྒྱར་ཚུད་པ་དང་། འདབ་ཆགས་རྙི་ལ་ཟིན་པ་དང་། གཡུང་དྭགས་ར་བར་ཚུད་པ་དང་། ཐགས་པས་བཏགས་པ་རྣམས་བླ་ཁུག་པའི་རྟགས་སོ། དེ་ལྟར་ཁུག་པའི་རྟགས་ལེགས་པར་བྱུང་ན། བརྒྱད་པ་གསད་པའི་ལས་བྱ་བ་ནི། གཞུང་ལས། ལྔ་འདུས་དྭངས་མ་འོད་ཀྱི་གའུ་ནས། ཞེས་པའི་དོན་ནི། མདུན་དུ་གྲུ་གསུམ་གྱི་ནང་དུ་ལིངྒ་དང་དགྲ་བོ་དབྱེར་མེད་དུ་གནས་པའི་སྙིང་གར་འབྱུང་བ་ལྔའི་འཁོར་ལོ་འོད་ཟེར་ཁ་དོག་ལྔ་དང་ལྡན་པའི་ནང་དུ་ཧཱུཾཿལས་གྲི་གུག་བསྣོལ་མའི་ཡུ་བ་རྟཱཾ་གིས་མཚན་པ་གཅིག་ཡོད་པར་བསམ། དེ་ལ་སྔགས་འ ཁོར་མགོ་མཇུག་བཟློག་པ་གཅིག་གིས་འཁོར་བར་བསམ་ལ། གཞུང་ལས། དམོད་པ་གནད་ཀྱི་གདམས་པ་ལས། སྲོག་གཏུབས་ཤེས་པ་ཉེ་བར་དུ། རྩ་སྲོག་འབྲེལ་བ་སྤུ་གྲིས་གཅོད། ཅེས་པའི་དོན་ནི། བདག་མདུན་གཉིས་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་གྲི་གུག་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས་པས། ཁོའི་སྙིང་གའི་འོད་ཟེར་ལ་ཕོག འོད་ཟེར་གཡས་འཁོར་གཡོན་འཁོར་བྱས་པས། གྲི་གུག་གི་རྩེ་མོས་འཁོར་ལོའི་ཁ་ཕྱེས་ནས། རྣམ་པར་ཤེས་པའི་ངོ་བོ་འོད་ཀྱི་གོང་བུ་དེ་ཚུར་བྱུང་ནས། བདག་གི་ཐུགས་ཀའི་ཧཱུྃ་ལ་ཐིམ་པས། ཧཱུྃ་དེ་བཀྲག་མདངས་གཟི་བརྗིད་དང་ལྡན་པར་བསམ། ཁོའི་སྙིང་རྩ་སྲོག་རྩ་རྣམས། གྲི་གུག་གིས་རྦད་རྦད་བཅད་ནས་བཀྲག་མདངས་གཟི་བརྗིད་ཐམས་ཅད་ཉམས་ནས་མར་མེའི་སྡོང་བུ་འགྱེལ་བ་བཞིན་དུ་ནག་ཐིབས་ཀྱིས་སོང་བར་བསམ་ལ། ༀ་ཤྲྀ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ ༀ་མ་ཧཱ་ཀཱ་ལ་ཆྒཻ་སྙིང་འབྱིན་ནོཿ སྙིང་ལ་པུ་ཏྲི་ཆྒཻ་ཙིརྟ་རྦདཿ ༀ་ཡ་ཧཱ་ཀཱ་ལ་ནྲྀ་ཐུམ་ལུམ་ཐུམ་རིལ་རྦདཿ སུ་ནྲྀ་ཛཿཆྒཻ་སྙིང་ལ་ཡ་ཡཿ ཞེས་ཡབ་ཀྱི་གསད་པའོ། ༀ་བཛྲ་ཡཀྴ་བཻ་ཏ་ལི་ཧཱུྃཿ དྲག་རཀྴ་རཀྨོ་ཐུམ་ལམ་ཆྒཻ་སྙིང་ལ་འདུས་འདུས། སྲོག་ལ་སྲིང་སྲིང་ཤམ་ཤམ་ཁྱེར་བྷྱོ༔ དྲག་རཀྴ་རཀྨོ་ཐུམ་ལུམ་སྙིང་ཁ་རཀྴ་ཛ་ཛ༔ དྲག་རཀྴ་ཙིརྟ་ཤམ་ལམ་སྙིང་ཁ་རཀྴ་ཛ་ཛཿ ཐུམ་རི་ལི་ལི་བྷྱོཿ དེ་ནི་ཡུམ་གྱི་གསད་པ་སྟེ། དེ་མ་ཐག་ཏུ་བསྒྲལ་བར་བྱེད་པའོ། དགུ་བ་འོག་ཆ་ལ་གསུམ་སྟེ། དང་པོ་ལས་བྱེད་ཀྱི་ལྷ་བསྐྱེད་པ་ནི། བདག་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་གྱི་མགོན་པོའི་ཐུགས་ཀར་ཕོགཿ མགོན་པོའི་ཐུགས་ཀ་ནས་འོད་ཟེར་མཐིང་ནག་གཅིག་སྤྲོས་པས་གྲུ་གསུམ་ལ་ཕོགཿ གྲུ་གསུམ་ཡོངས་སུ་གྱུར་པ་ལས་ཨེ་མཐིང་ན ག་འབར་བ་འོད་དུ་ཞུ་བ་ལས་ཧོམ་ཁུང་ནག་པོ་ལས་ཀྱི་གཤིན་རྗེའི་ལྕགས་ཁང་གཏིང་མེད་ཅིང་ཕྱི་ནག་ལ་རྩུབ་པཿ ནང་དམར་ལ་ཟབ་པཿ ནང་ན་མཚོན་ཆ་མདའ་མདུང་རལ་གྲི་སྣ་ཚོགས་ཤིག་གེ་འདུག་པའི་འོག་དུ་དུག་མཚོ་ནག་པོ་ཁོལ་བཿ སྟེང་ན་དུག་མཚོན་གྱི་ཆར་བ་འབེབས་པཿ ནད་གྱི་ན་བུན་སྔོ་དམར་འཁྲིགས་པཿ བདུད་དང་ཿ གཤིན་རྗེ་དང་ཿ མ་མོ་དང་ཿ ཤ་ཟ་དང་ཿ དྲི་ཟ་དང་ཿ གྲུལ་བུམ་དང་ཿ གནོད་སྦྱིན་ལ་སོགས་པའི་ལྷ་སྲིན་སྡེ་བརྒྱད་ཀྱི་དམགས་ཚོགས་དཔུང་ངེ་འདུག་པཿ ཞལ་ནས་སོད་སོད་དང་རྒྱོབ་རྒྱོབ་གྱི་སྒྲ་སྒྲོགས་པཿ ཤིན་ཏུ་སྐྱི་གཡའ་ཞིང་ཡ་ང་བའི་ནང་དུ་ནྲྀ་ཏྲྀ་ལས་དགྲ་བགེགས་གང་ལ་དམིགས་པ་དེ་བསྒྲལ་བའི་ཞིང་གི་མཚན་ཉིད་དང་ལྡན་པཿ དེའི་སྟེང་དུ་མགོན་པོའི་ཐུགས་ཀ་ནས་ཕཊཿནག་པོ་ཅིག་སྤྲོས་པས། མགོན་པོའི་སྤྲུལ་པ་སྲོག་བདུད་ནག་པོ་ཕག་རྒོད་ཀྱི་མགོ་ཅནཿ ཕྱག་གཡས་ན་གནམ་ལྕགས་ཀྱི་སོག་ལེ་དགུ་ཕྲེང་བསྣམས་པ་ལས་མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབས་པཿ གཡོན་ན་བདུད་ཀྱི་ཐོད་པ་སྟོང་ཤོང་གི་ནང་དུ་དགྲ་བོའི་ཤ་ཁྲག་ཞལ་དུ་གསོལ་བ། ལུས་ལ་སྦྲུལ་དང་བདུད་སྟྭ་རྣོ་ཡམ་ཡམ་པས་བརྒྱན་པཿ མཇུག་མ་སྦྲུལ་དུ་འཁྱིལ་བཿ ཤིན་ཏུ་འཇིགས་སུ་རུང་བཿ ཕྱག་གི་སོག་ལེ་ལས་མཚོན་ཆའི་ཆར་འབབས་པཿ ཁྲག་གི་དངས་མ་ཐོད་པ་སྟོང་ཤོང་གི་ནང་དུ་གསོལ་བ༔ ལུས་ཀྱི་སྟྭ་རེ་ལས་བདུད་སྟྭའི་ཆར་འབབས་པས་དམ་ཉམས་དགྲ་བོའི་ཀླད་ཁྲག་གནམ་དུ་སྐྱ་ཕྱུར་གྱིས་ཕྱུངས་བར་བསམ༔ དེ་ལ་བདུད་དང་གཤིན་རྗེའི་ཚོགས་ཀྱིས་ཐོབ་ཁྱེར་བྱེད་པར་བསམཿ དེའི་རྒྱབ་ཏུ་ས་བད ག་རེ་འབྱམས་ཕག་མགོ་ཅནཿ གཏོད་ཀྱི་རེ་འབྱམས་གླང་མགོ་ཅནཿ ཀླུའི་རེ་འབྱམས་སྦྲུལ་མགོ་ཅནཿ བཙན་གྱི་རེ་འབྱམས་སྟག་མགོ༴ གཟའི་རེ་འབྱམས་ཁྱུང་མགོ༴ གཉན་གྱི་རེ་འབྱམས་འབྲུག༴ གནོད་སྦྱིན་རེ་འབྱམས་སྦལ་མགོ༴ དྲི་ཟའི་རེ་འབྱམས་སྤྲེལ་མགོ་ཅ ན་དེ་རྣམས་ལ་འཁོར་ས་བདག་རྣམས་ཀྱིས་བསྐོར་བཿ ལག་ན་མཚོན་ཆ་སྣ་ཚོགས་འཛིན་པཿ མཇུག་མ་སྦྲུལ་དུ་འཁྱིལ་བ༔ ལུས་ལ་མིག་གིས་གང་བ༔ ཤིན་ཏུ་འཇིགས་པའི་ཆ་ལུགས་ཅན་ནོ༔ དེ་རྒྱབ་ལོ་བདུད་བཅུ་གཉིས་དེ་རྒྱབ་ལོ་བདུད་རེ་འབྱམས་དྲུག་ཅུཿ དེ་རྒྱབ་སྲིན་པོ་རྣམ་བཞི་ནི༔ ལས་ཀྱི་སྲིན་པོ་ཕག་མགོ་ཅནཿ བཙན་གྱི་སྲིན་པོ་བྱ་མགོ་ཅནཿ བདུད་ཀྱི་སྲིན་པོ་ཁྱི་མགོ་ཅནཿ གནོད་སྦྱིན་སྲིན་པོ་སྦྲུལ་མགོ་ཅན་ནོཿ དེ་རྒྱབ་ཕུང་འདྲེ་བཅོ་བརྒྱད་ནི། དུར་སྲི་ནག་པོ་རྟ་ལ་ཞོན་པ། རབས་ཆད་ནག་པོ་མཛོ་ལ་ཞོན་པཿ ལྟ་ངན་ནག་པོ་བེའུ་ལ༴ རྨངས་འདྲེ་ནག་པོ་གླང་ལ༴ ཀླུ་ཐེའུ་ནག་པོ་སྦལ་བ་ལ༴ ཐེའུ་རང་ནག་པོ་ར་ལ༴ ཕུང་འདྲེ་ནག་པོ་རྔ་མོ་ལ༴ གྲི་བོ་ནག་པོ་ཕག་ལ༴ བཙན་སྲི་ནག་པོ་ཤ་བ་ལ༴ ཆུང་སྲི་ནག་པོ་སྲེ་མོ་ལ༴ འགབ་སྲི་ནག་པོ་འཕར་བ་ལ༴ འགོང་སྲི་ནག་པོ་རི་བོང་ལ༴ ཐབ་འདྲེ་ནག་པོ་ཡུ་མོ་ལ༴ གཟད་འདྲེ་ནག་པོ་ཁ་ཤ་ལ༴ ཡུལ་འདྲེ་ནག་པོ་ཁྱི་ལ༴ བྲག་ཐེའུ་ནག་པོ་འུག་པ་ལ༴ ཆུ་གྲི་ནག་པོ་ཆུ་སྲིན་ལ༴ ས་སྲི་ནག་པོ་སྤྲེའུ་ལ་ཞོན་པ་ཐམས་ཅད་ཀྱི་ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས་པཿ དེ་རྒྱབ་ལྷ་འདྲེ་གྲི་བོའི་དམག་ཚོགསཿ སྲི་ཅན་གདོན་གྱི་དམག་ཚོགས༔ བདུད་ཕོ་ཐོད་ཁུརཿ བདུད་མོ་ནད་བདགཿ ཐེའུ་རང་འགོང་པོ ། ཟ་བྱེད་གཤིན་རྗེ་དཔག་ཏུ་མེད་པས་བསྐོར་ནས་དགྲ་བགེགས་བསད་བཅད་བྱེད་པའི་ཤན་པར་རྔམ་ཞིང་ཡོད་པར་བསམཿ གཉིས་པ་སྤྱན་འདྲེན་ཅིང་བཞུགས་སུ་གསོལ་བ་ནི། དེ་ལྟར་དུ་གསལ་བའི་བདུད་མགོན་གྱི་ཐུགས་ཀར་ཕཊཿམཐིང་ནག་དང་འཁོར་རྣམས་ཀྱི་ཐུགས་ཀར་རང་རང་གི་མིང་ཡིག་དང་པོ་ཐིག་ལེའི་བརྒྱན་པ་ལས་འོད་ཟེར་འཕྲོས་པས་དེ་འདྲ་བའི་ལྷ་ཚོགས་སྤྱན་དྲངས་ནས་དམ་ཚིག་གི་འོད་ཟེར་དང་དབྱེར་མེད་དུ་ཐིམ་པར་བསམ་ཞིང་། ཚིལ་ཆེན་བསྲེེག་ཅིང་རོལ་མོའི་སྒྲ་དང་བཅས་ཏེ་འདི་སྐད་དོ། ཧཱུྃ་སྔོན་ཚེ་དངོས་གྲུབ་བསྒྲུབ་པའི་ཚེ། །བྱིན་རླབས་ཡ་མཚན་ཆེ་བའི་གནས། །བྱ་རྒོད་ཕུང་པོའི་རི་ཡི་གྲོང་། །འོད་མའི་ཚལ་གྱི་བྱང་གི་གནས། །གྒཱང་ཆེན་པོའི་ལྷོ་ཕྱོགས་ནས། །ནཱ་ལེན་ཏྲ་ཡི་ཤར་ཕྱོགས་ན། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །ཤི་རི་ཤ་དང་ཨ་ཤྭ་ཀ། །ཨུ་དུམ་ཝཱ་ར་ནྱ་ཀྲོ་ཏ། །ཤེལ་དང་མེ་ཏོག་ཚལ་གྱིས་བརྒྱན། །ཀེང་རུས་ཐོད་པའི་སྐ་མཁར་ནས། །ནག་པོ་ཆེན་པོ་སྤྱན་འདྲེན་ན། །ཆོས་དབྱིངས་ཕོ་བྲང་དམ་པ་འདིར། །ཐུགས་རྗེས་དབང་གིས་གཤེགས་སུ་གསོལ། །བྱིན་གྱིས་བརླབ་པའི་གནས་མཆོག་འདིར། །བསྟན་པ་བཤིག་བྱེད་བསྒྲལ་བའི་ཕྱིར། །ནག་པོ་ཆེན་པོ་གཤེགས་སུ་གསོལ། །ཤ་ཁྲག་དམར་གྱི་བདུད་རྩི་འདིས། །མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང་བའི་ཕྱིར། །ཡང་ཅིག་སྐ་ཅན་གཤེགས་སུ་གསོལ། །མཐིང་ནག་གྲུ་གསུམ་དཀྱིལ་འཁོར་ནས། །ཕུང་བྱེད་ནག་པོ་སྤྱན་འདྲེན་ན། །ཁྲག་འཐུང་ཆེན་པོ་གཤེགས་སུ་གསོལ། །ཆོས་དབྱིངས་མི་འགྱུར་ཀློང་དཀྱིལ་ནས། །དམ་ཅན་ནག་པོ་སྤྱན་འདྲེན་ན། །ལྷ་ཆེན་དཔལ་འབར་གཤེགས༴ དད་པ་དང་ནི་དམ་ཚིག་གིས། །ལེགས་ལྡན་ནག་པོ་སྤྱན་འདྲེན་ན། །བསྟན་བསྲུང་མགོན་པོ་གཤེགས༴ བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །བྱ་རོག་གདོང་ཅན་གཤེགས༴ ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བའི་ཚོགས་རྣམས་ཀུན། །བདེ་གཤེགས་སྤྲུལ་པ་གཤེགས་སུ་གསོལ། །བུདྡྷའི་རྗེས་འཇུག་དམ་ཚིག་ཅན། །རྣལ་འབྱོར་བདག་གིས་སྤྱན་འདྲེན་ན། །བསྟན་པ་རྒྱས་མཛད་གཤེགས༴ དྲག་པོའི་ལས་རྣམས་བསྒྲུབ་པའི་ཕྱིར། །སྡེ་བརྒྱད་མགོན་པོ་སྤྱན་འདྲེན་ན། །སྤྱན་འདྲེན་གནས་འདིར་གཤེགས་སུ༴ རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་པའི། །ཁྲག་འཐུང་ཆེན་པོ་གཤེགས༴ ནག་པོ་ཆེན་པོ་དྲག་ཤུལ་ཅན། །བྱ་རོག་མཚན་ཅན་སྟོབས་པོ་ཆེ། །ཁྱེད་ཀྱིས་མི་འདུལ་གང་ཡང་མེད། །སྔོན་གྱི་ཐུགས་དམ་དགོངས་མཛོད་ལ། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ནག་པོ་ཆེ། །བསྟན་དང་བསྟན་འཛིན་སྐྱོང་བ་དང་། །བསྟན་དགྲ་ལོག་འདྲེན་སྒྲོལ་ཕྱིར་དུ། །དྲག་པོའི་གནས་འདིར་གཤེགས་ནས་ཀྱང་། །དུར་ཁྲོད་རོལ་པའི་གདན་སྟེང་དུ། །མངོན་སྤྱོད་དབང་གིས་བཞུགས་སུ་གསོལ། ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ཡ། ས་མཱ་ཡ་ཛཿཧཱུྃ་བཾ་ཧོཿ གསུམ་པ་མཆོད་པ་འབུལ་ཞིང་ཕྲིན་ལས་བཅོལ་བ་ནི། །ཀྱཻ་མགོན་པོའི་ཐུགས་ཀྱི་སྤྲུལ་པ་ལས། །བདུད་མགོན་སྲོག་གཅོད་ནག་པོ་དང་། །བདུད་དམག་འབུམ་ཕྲག་འཁོར་བཅས་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །དགྲ་སྲོག་གཅོད་པའི་དུས་ལ་བབས། །ལས་བཅོལ་ཕྲིན་ལས་མྱུར་དུ་མཛོད། །ཀྱཻ་ས་བདག་རྒྱལ་པོ་ཕག་མགོ་ཅན། །རེ་འབྱམས་མཆེད་བརྒྱད་འཁོར་བཅས་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །རྒྱན་གྱི་གཏོར་མ་སོགས། །ཀྱཻ་མྱུར་མགྱོགས་ཕྲ་མེན་བཅུ་གཅིག་དང་། །བདུད་པོ་ལོ་བདུད་བཅུ་གཉིས་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །རྒྱན་གྱི་གཏོར་མ་སོགས། །ཀྱཻ་མི་ལུས་དུད་འགྲོའི་མགོ་བོ་ཅན། །ཕུང་འདྲེ་བཅོ་བརྒྱད་འཁོར་བཅས་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །རྒྱན་གྱི་སོགས། ཀྱཻ་ཕོ་བདུད་བདུད་ཕོ་ཐོད་ཁུར་དང་། །མོ་བདུད་བདུད་མོ་ནད་བདག་དང་། །སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། རྒྱན་གྱི་གཏོར་མ་སོགས། །ཀྱཻ་སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ། །འཕགས་པ་སྤྱན་རས་གཟིགས་དབང་དང་། །དཔལ་ལྡན་རྒྱལ་ཆེན་རྣམ་ཐོས་སྲས། །རིག་འཛིན་དྷ་ན་སཾ་སྐྲྀ་ཏ། །མཁས་པ་བཻ་རོ་ཙ་ན་ཡིས། །སྤྱན་སྔར་ཁས་བླངས་དམ་བཅས་པ། །བསྟན་སྲུང་མགོན་པོ་ལ་སོགས་པའི། །འཇིག་རྟེན་དྲེགས་པའི་ལྷ་འདྲེ་རྣམས། །དམ་ཚིག་གཉན་ལ་མ་འདའ་བར། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །དགྲ་བགེགས་མིང་གཟུགས་བྲིས་པ་རྣམས། །སོད་ཅིག་སྒྲོལ་གཅིག་དགྲ་ཤ་ཟོ། །གཏན་ནས་བརླག་པའི་ཕྲིན་ལས་མཛོད། །ཀྱཻ་སྐྱེ་འགྲོའི་སྲོག་ལ་དབང་བྱེད་པའི། །ས་བདག་རེ་འབྱམས་མཆེད་བརྒྱད་དང་། །ལོ་བདུད་བཅུ་གཉིས་འཁོར་བཅས་དང་། །སྲིན་པོ་སྡེ་བཞི་གྲི་བོའི་ཚོགས། །ཕུང་འདྲེ་བཅོ་བརྒྱད་ཁྱེད་རྣམས་ལ། ཕྲིན་ལས་དྲག་ཏུ་བཅོལ་བ་ནི། །བདག་ལ་བརྙས་བྱེད་སྡིག་ཅན་དང་། །ཉམས་པ་ཅན་གྱི་དགྲ་བོ་འདིའི། །སྲོག་སྙིང་ཕྱུངས་ལ་འབྱུང་བཞི་དཀྲུགས། །མེ་དབལ་གག་ལྷོག་གཟེར་གསུམ་སོགས། །ཚ་ནད་འབྲུམ་པ་ཁྲག་བཤལ་རིམས། །སྲོག་སྙིང་དཀྲུགས་པའི་ལས་རྣམས་ཀྱིས། །དམ་ཉམས་དགྲ་བོའི་མཐའ་རྩ་ཆོད། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་གྱི་མགོན་པོ་ཡབ་ཡུམ་བསྐལ་ནསཿ ཡབ་ལས་མགོན་པོ་དཔག་ཏུ་མེད་པཿ ཡུམ་ལས་མ་མོ་དཔག་ཏུ་མེད་པ། །འཁོར་རྣམས་ལས་རང་རང་འདྲ་བའི་སྤྲུལ་པ་དཔག་ཏུ་མེད་པ་འཕྲོས་པསཿ ལ་ལས་དགྲ་བོའི་སྲོག་གཅོདཿ ལ་ལས་དབུགས་ལེནཿ ལ་ལས་ཤ་ཟོསཿ ལ་ལས་ཁྲག་འཐུང་ཿ ལ་ལས་ལྤགས་པ་འདྲལཿ ལ་ལས་རུས་པ་འཆོས་ནས་ལྷག་མ་མེད་པར་་བྱས་པར་བསམ་མོཿ བཅུ་པ་ཕུར་པ་འདེབས་པ་ལ་བཞི་སྟེ། དང་པོ་གཙོ་བོའི་ཕུར་པ་ནིཿ ཕུར་པ་ལག་ཏུ་བླངས་ཏེ་བྱིན་གྱིས་བརླབས་པ་ནི། ཕུར་པ་མི་དམིགས་པའི་ངང་ལས་ཡི་གེ་ཧཱུྃཿམཐིང་ན ག་གཅིག་ཏུ་གྱུར་བར་བསྒོམཿ ཧཱུྃ་དེ་ཡོངས་སུ་གྱུར་པ་ལསཿ ནག་པོ་ཆེན་པོ་སྐ་སྟོད་ཁྲོ་བོ་སྐ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པཿ དབུ་སྐྲ་དམར་སེར་མེ་ལྟར་འབར་བཿ ཕྱག་གཡས་ན་ཙན་དན་གྱི་བེང་སྔོན་པོ་ཟུར་བརྒྱད་པཿ གཡོན་པས་ཐོད་ཁྲག་བསྣམས་པཿ སྐ་ལྟེ་བ་མན་ཆད་ལྕགས་བསྲེགས་མགར་གྱི་སོལ་ཁུང་ནས་ཕྱུང་བ་ལྟ་བུ་གནམ་ལྕགས་ཀྱི་ཕུར་པ་ཟུར་གསུམ་པ་ཆུ་སྲིན་གྱི་ཁ་ནས་བྱུང་བ་ལས་ཚྭ་ཚ་དང་མེ་འོད་འཕྲོ་བ། མཚོན་ཆ་དང་མེ་རིའི་ཆར་འབབ་པར་བསམཿ དེའི་སྤྱི་བོར་སྐ་མཆོག་མགོན་པོཿ མགྲིན་པར་གསུང་མཆོག་མགོན་པོ། ཐུགས་ཀར་ཐུགས་མཆོག་མགོན་པོཿ རྒྱ་མདུད་ལ་ཕྱོགས་བཅུའི་མགོན་པོཿ དབལ་སོ་ལ་ལྷ་དམག་བྱེ་བ་དུང་ཕྱུར། དེའི་འོག་ཏུ་ཚོགས་བདག་གི་བཀའ་བསྡོདཿ སྤྲུལ་པ་ཡང་སྤྲུལ་གྱི་ཚོགས་རྣམས་བསྒོམཿ ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ས་མ་ཡ་ཕེམ་ཕེམ་ཕེམཿ བཛྲ་ས་མ་ཡ་ཛཿཡིས་ཡེ་ཤེས་པ་སྤྱན་དྲངསཿ ༀ་ཨེ་ཧྱ་ཧིཿ ཤྲྀ་མ་ཧཱ་ཀཱ་ལ་ཛཿ ཛཿཧཱུྃ་བམ་ཧོཿ ཨ་ཀད་ཛ་ཡཿ ཨ་ཀད་ཛ་ཡཿ ཏིཥྛ་བཛྲ་ས་མ་ཡ་སྟྭཾཿཞེས་གཉིས་སུ་མེད་པར་བསྟིམཿ ༀ་ཨཱཿཧཱུྃ་ཨེ་རྔུབ་ཨེ་བཛྲ་སནྡྷ་ཧྲིལ་པ་ཧྲི་ཨེ་ནུ་ནི་ཨེ་ལམ་མེ་ནི་ཧཱུྃ༔ ཞེས་པས་སྐ་གསུང་ཐུགས་ཀྱི་བྱིན་རླབསཿ ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྐ་ཙིརྟ་ཨ་བྷི་ཥིཉྩ་དུ་མཾཿ གྱིས་དབང་བསྐར། ༀ་ན་མཿསརྦ་ཏ་ཐཱ་ཀ་ཏ་ཨརྒྷཾ་སོགས། ཤབྟ་སྲ་ཏིཙྪ་ཡེ་སྭཱ་ཧཱ། ལ་སོགས་པས་མཆོདཿ ཡིད་ཀྱིས་བསྟོདཿ ཕྱོགས་དུས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་བོ་ནས་དབང་བསྐརཿ ལུས་ངག་ཡིད་གསུམ་གྱི་དྲི་མ་དགཿ ཆུའི་ལྷག་མ་ཡར་ལུད་པ་ལས་ཚོགས་བདག་གི་སྤྱི་བོར་སྤྱན་རས་གཟིགས་ཐོ་རངས་སྐར་ཆེན་ཤར་བ་ལྟ་བུའི་དབུ་བརྒྱནཿ སྤྱན་རས་གཟིགས་ལ་འོད་དཔག་མེད་ཀྱི་དབུ་བརྒྱན་པར་གྱུར། ༀ་ཡེ་རྷརྨཱ་སོགས་ནས་སྭཱ་ཧཱས་བརྟན་པར་བྱེད་ཅིང་མེ་ཏོག་འཐོརཿ དེ་ནས་བདག་ཉིད་ཡིད་དམ་གྱི་ང་རྒྱལ་གྱིས་ཕུར་བ་འདྲིལ་ཏེ༔ ཧཱུྃ་བདག་ནི་ཁྲག་འཐུང་ཧེ་previous hit རུ་ཀཿ གཡས་པ་ཐབས་ཀྱི་རིགས་ལྔར་གསལཿ གཡོན next hit་པ་ཤེས་རབ་ཡུམ་ལྔར་གསལཿ ཐབས་ཤེས་གཉིས་མེད་བྱིན་རླབས་ལསཿ སྲས་མཆོག་བཛྲ་ཀཱི་ལ་ཡ༔ སྐ་སྟོད་ཁྲོ་བོ་ཆེན་པོ་ལཿ སྐ་སྨད་གནམ་ལྕགས་དབལ་དང་ལྡནཿ མགོན་པོ་རྒྱ་མདུད་ཞི་བའི་ལྷཿ ལྕམ་ཞོག་བརྒྱད་ལ་ཁྲོ་བོའི་ཚོགསཿ རྐེད་པ་རྒྱ་མདུད་འབྲུག་སྟོང་ལྡིརཿ ཆུ་སྲིན་ཁ་ནས་གློག་སྟོང་འགྱུཿ ཟུར་གསུམ་རྩེ་ལ་ཐོག་སྟོང་འདྲིལཿ སྐ་ལས་མེ་ཡི་ཚྭ་ཚྭ་འཕྲོསཿ དམ་ཉམས་སྡང་བའི་དགྲ་བོ་ཡིཿ སྙིང་གི་དཀྱིལ་དུ་ཀཱི་ལ་ཡཿ དཀར་ནག་མཚམས་སུ་ཀཱི་ལ་ཡཿ དགྲ་བོའི་ས་བོན་ནྲྀ་ཡིན་པསཿ ནྲྀ་ཡི་དཀྱིལ་དུ་ཀཱི༴ བགེགས་ཀྱི་ས་བོན་ཏྲི་ཡིན་པསཿ ཏྲི་ཡི་དཀྱིལ་དུ་ཀཱི་ལ༴ བལྟ་བར་བྱེད་པ་མིག་ཡིན་པསཿ མིག་གི་རྩ་ལ་ཀཱི་ལ༴ ཐོས་པར་བྱེད་པ་རྣ་བ་ཡིནཿ རྣ་བའི་རྩ་ལ་ཀཱི་ལ༴ སྣོམ་པར་བྱེད་པ་སྣ་ཡིན་པས། སྣ་ཡི་རྩ་ལ༴ སྨྲ་བར་བྱེད་པ་ལྕེ་ཡིན་པསཿ ལྕེ་ཡི་རྩ་ལ་ཀཱི་ལ༴ བརྟེན་པར་བྱེད་པ་ལུས་ཡིན་པས། ལྟེ་བའི་དཀྱིལ་དུ་ཀཱི་ལ༴ བསམ་པར་བྱེད་པ་སྙིང་ཡིན༴ སྙིང་དཀྱིལ་སྲོག་ལ༴ མཆན་གྱི་བུ་ལ་ཀཱི༴ སྒོ་ཡི་ནོར་ལ༴ བརྟེན་པའི་མཁར་ལ་ཀཱི༴ ཕོ་ཡི་སྲོག་ལ་ཀཱི༴ མོ་ཡི་མངལ་ལ་ཀཱི༴ འདུག་པའི་གནས་ལ་ཀཱི༴ འགྲོ་བའི་རྟ་ལ་ཀཱི༴ ཕ་ཁུ་སྤུན་ལ་ཀཱི༴ བུ་སྲིང་གཉེན་ལ་ཀཱི༴ བྲན་འཁོར་ཁྱི་ལ་ཀཱི༴ བདུན་རྒྱུད་ཚུན་ཆད་རྩད་ནས་ཆོདཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོདཿ ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ཧཱུྃཊཿ ༀ་མ་ཧཱ་ཀཱ་ལ་ཆྒཻའི་སྙིང་འབྱིན་ནོཿ སྙིང་ལ་སུ་ཏྲི་ཆྒཻ་ཙིརྟ་རྦདཿ ༀ་མ་ཧཱ་ཀཱ་ལ་ནྲྀ་ཐུམ་ལུམ་ཐུམ་རིལ་རྦདཿ སུ་ནྲྀ་ཛཿཆྒཻའི་སྙིང་ལ་ཡ་ཡཱཿ ༀ་བཛྲ་ཡཀྴ་བཻ་ཏ་ལི་ཧཱུཾཿ དྲག་རཀྴ་རཀྨོ་ཐུམ་ལུམ་ཆྒཻའི་སྙིང་ལ་འདུས་འདུསཿ སྲོག་ལ་སྲིང་སྲིང་ཤམ་ཤམ་ཁྱེར་བྷྱོཿ ཏྲག་རཀྴ་རཀྨོ་ཐུམ་ལུམ་སྙིང་ཁ་རཀྴ་ཛ་ཛཿ ཏྲག་རཀྴ་ཆྒཻའི་ཙིརྟ་ཤམ་ལམ་སྙིང་ཁ་རཀྴ་ཛ་ཛཿ ཐུམ་རི་ལི་ལི་བྷྱོཿ ༀ་ཤྲཱྀ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ཏ་ཀཱ་ཡ་ཝཱཀྐ་ཙརྟི་སརྦ་ཤ་ཏྲུཾ་དགྲ་བོ་མིང་དང་གཟུགས་སུ་བྲིས་པ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊཿ ཅེས་བརྗོད། བསྟོད་པ་ནི། ཧཱུྃ་བསྐལ་པ་མེ་ལྟར་འབར་བའི་དབུསཿ དུར་ཁྲོད་ཆེན་པོའི་གནས་མཆོག་ནསཿ དཔལ་ལྡན་མགོན་པོ་ནག་པོ་ནིཿ སྐ་མདོག་མཐིང་ནག་ཆར་སྤྲིན་མདོགཿ བམ་ཆེན་སྟེང་ན་འགྱིང་བག་ཅནཿ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དམརཿ རལ་པ་དམར་སེར་མཆེ་བ་གཙིགསཿ སྐ་ལ་དར་ནག་འཇོལ་བེར་གསོལཿ ཕྱག་གཡས་ཙན་དན་བེང་ཆེན་བསྣམསཿ གཡོན་པས་ཐོད་པ་ཁྲག་བཀང་གསོལཿ གསེར་སྐད་སེར་པོའི་སྐ་རགས་བཅིངསཿ ཞབས་ལ་སག་ཏིའི་ལྷྭམ་སྔོན་གསོལཿ བསྐལ་པའི་མེ་རིའི་ཀློང་ན་བཞེངསཿ བསྟན་པ་བསྲུང་བར་ཞལ་བཞེས་པའིཿ དཔལ་ལྡན་མགོན་པོ་ནག་པོ་ཆེཿ རལ་པ་གྱེན་དུ་འབར་བ་ཡིསཿ སྟེང་གི་ལྷ་བདུད་བཟློག་པར་བྱེདཿ དཔྲལ་བར་ཁྲོ་གཉེར་གསུམ་དང་ལྡནཿ སྲིད་གསུམ་བགེགས་རྣམས་བཟློག་པར་བྱེདཿ མཆེ་བ་ཟུར་གསུམ་གཙིགས་པ་ཡིསཿ བདུད་བཞིའི་བར་ཆད་བཟློག་པར་བྱེདཿ དར་ནག་འཇོལ་བེར་གསོལ་བ་ཡིསཿ ཚེ་བདུད་ནག་པོ་བཟློག་པར་བྱེདཿ ཙན་དན་བེང་ཆེན་འཕྱར་བ་ཡིསཿ ལྷ་མིན་གཡུལ་ངོ་བཟློག་པར་བྱེདཿ གཡོན་པས་ཐོད་ཁྲག་བསྣམས་པ་ཡིསཿ དགྲ་བགེགས་སྙིང་ཁྲག་འཐུང་བར་བྱེདཿ གསེར་སྐད་སྐེ་རགས་བཅིངས་པ་ནིཿ རྣལ་འབྱོར་བར་ཆད་བཟློག་པར་བྱེདཿ གཡས་བརྐུམ་གཡོན་བརྐྱངས་བྱེད་པ་ཡིསཿ འཆི་བདག་གཤིན་རྗེ་བཟློག་པར་བྱེདཿ བམ་ཆེན་སྟེང་ན་འགྱིང་བ་ནིཿ ས་བདག་གཉན་བཟློག་པར་བྱེདཿ བསྐལ་པའི་མེ་རླུང་ཀློང་ན་འགྱིང་བ་ཡིསཿ ཉོན་མོངས་བག་ཆགས་མ་ལུས་བསྲེག་པར་བྱེདཿ བཟློག་བྱེད་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་བསྟོདཿ བཟློག་བྱེད་ནག་པོ་འཁོར་བཅས་ལཿ བདག་གིས་མཆོད་ཅིང་བསྟོད་ནས་ནི༴ བཀའ་འཁོར་སྲུངས་ལ་བར་ཆད་སོལཿ སངས་རྒྱས་བསྟན་པ་བཤིག་པ་དང་ཿ དཀོན་མཆོག་དབུ་འཕང་སྨད་པ་དང་ཿ སློབ་དཔོན་སྐ་ལ་བསྡོ་བ་དང་ཿ བདག་ལ་བར་དུ་གཅོད་པ་ཡིཿ སྡང་བའི་དགྲ་དང་གནོད་པའི་བགེགསཿ ཐམས་ཅད་མ་ལུས་རྡུལ་དུ་བཟློགཿ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོདཿ བྷྱོཿ བསྐལ་པའི་མེ་རླུང་འཚུབས་པའི་ཀློང་དཀྱིལ་ནསཿ སྨོན་ལམ་སྟོབས་ཀྱིས་སངས་རྒྱས་བསྟན་པ་བསྲུངཿ དཔལ་ལྡན་ལྷ་མོ་ནག་མོ་ནིཿ སྐ་མདོག་མཐིང་ནག་མུན་ལྟར་གཏིབསཿ ཁྲག་གི་རལ་པ་གཡས་དང་གཡོན་དུ་འཁྱིལཿ ཕྱག་གཡས་གཅོད་བྱེད་གྲི་གུག་འཕྱརཿ གཡོན་པས་ཐོད་ཁྲག་ནད་རྐྱལ་བསྣམསཿ ཆིབས་སུ་དྲིའུ་དམར་གྭ་ས་བཅིབསཿ འཁོར་ནི་མ་མོ་འབུམ་གྱིས་བསྐོརཿ འདིར་གཤེགས་དམ་རྫས་གཏོར་མ་བཞེསཿ དགྲ་བོ་བསྒྲལ་བའི་ཕྲིན་ལས་མཛོདཿ གཉིས་པ་སྐ་མཆོག་གི་ཕུར་བ་ནིཿ ཕུར་པ་མི་དམིགས་པའི་ངང་ལས་ཡི་གེ་ཧཱུྃ་མཐིང་ནག་གཅིག་ཏུ་གྱུར་བར་བསམཿ དེ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་དང་ཿ འཇིག་རྟེན་གྱི་དྲེགས་བྱེད་རྣམས་ཀྱི་སྐའི་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ནས་ཧཱུྃ་ལ་ཐིམཿ ཧཱུྃ་དེ་ཡོངས་སུ་གྱུར་པ་ལསཿ སྐ་མཆོག་མགོན་པོ་གཏུམ་བྱེད་སྐ་སྟོད་ཁྲོ་བོ་སྲིན་པོའི་གཟུགས་ཅནཿ སྐ་སྨད་གནམ་ལྕགས་ཀྱི་ཕུར་པ་མགར་གྱི་སོ་མལ་ནས་ཕྱུང་བ་ལྟ་བུ་དམར་ཟང་ངེ་བཿ ཞལ་ནས་བསོ་སྒྲ་ཏི་རི་རི་སྒྲོགས་པཿ འཁོར་དུ་ལས་མཁན་གྱི་ཚོགས་ཀྱིས་བསྐོར་བཿ དེ་རྣམས་ཀྱིས་སྔོན་གྱི་དམ་ཚིག་དྲན་ནས་ཤིན་དུ་ཁྲོས་ཏེཿ དགྲ་བོའི་སྤྱི་གཙུག་ཏུ་བྲོ་བརྡུངས་ནསཿ ལུས་ངག་ཡིད་གསུམ་ཕྲལ་ཞིང་མགོ་ལུས་སྟོད་སྨད་ཕྱེས་པར་བསམཿ དབལ་སོ་ལས་གཅན་གཟན་དཔག་ཏུ་མེད་པ་འཕྲོས་པསཿ དགྲ་བོའི་ཤ་ཟོསཿ ཁྲག་འཐུང་རུས་པ་འཆོསཿ ལྤགས་པ་འདྲལཿ སྐའི་སྤྲུལ་པ་མཚོན་ཆ་སྣ་ཚོགས་ཐོགས་པ་དཔག་ཏུ་མེད་པ་འཕྲོས་པསཿ དགྲ་བོའི་སྟེང་དུ་ལོ་ཏོག་ལ་སེར་བ་ཕོག་པ་བཞིན་དུ་བཏང་བར་བསམ་ལཿ བཛྲ་ས་མ་ཡ་ཛཿསྤྱན་དྲངས་ཛ་ཧཱུྃ་བཾ་ཧོཿ ས་གཉིས་སུ་མེད་པར། ༀ་ཨཱཿཧཱུྃ་གིས་སྐ་གསུང་ཐུགས་བྱིན་རླབས། ཨ་བྷི་ཥིཉྩ་དུ་ལམཿཀྱིས་དབང་བསྐར། སྐ་མཆོག་ལ་འཇམ་དཔལ་གྱིས་བརྒྱན་པར་གྱུར་ༀ་ཡེ་དྷརྨཱ་ས་བརྟན་པར་བྱས་ལ། མེ་ཏོག་འཐོར། བསྐལ་བ་ནི། ཧཱུྃ་མགོན་པོ་སྐ་མཆོག་ཆེན་པོ་ནིཿ ཚོགས་བདག་མཐུ་ཆེན་ནག་པོ་དང་ཿ ལྷ་མོ་དཀའ་ཐུབ་བཟློག་མ་གཉིསཿ གཉིས་མེད་ཚུལ་དུ་འཁྲིལ་སྦྱོར་ཞིང་ཿ མཁའ་འགྲོའི་སྤྲུལ་པ་ཕྱོགས་བཅུར་འགྱེདཿ ཉེ་བར་དམ་ཚིག་ལས་འགྲུབ་ཤོགཿ ཁྲོ་མོའི་སྤྲུལ་པ་བསམ་མི་ཁྱབཿ དགྲ་བོའི་སྲོག་རྩ་ཆོད་ལ་ཤོག༴ ཁྱེད་ལ་དམ་བསྐལ་ལས་བཅོལ་ནཿ དཀོན་མཆོག་གསུམ་ལ་གནོད་བྱེད་དང་ཿ བླ་མ་སྨད་བྱེད་སེམས་ཅན་འཚེཿ རྣལ་འབྱོར་བདག་གི་དགོས་དགྲ་རྣམསཿ རིགས་དང་ཁ་དོག་མ་ནོར་བརཿ རེངས་པར་ཁུག་ལ་རྡུལ་དུ་རློགསཿ མྱོས་པར་གྱིས་ལ་ས་ལ་སྒྱེལཿ སྤྱི་བོའི་གཙུག་ཏུ་ཕུར་པ་ཐོབ༴ ལུས་ཀྱི་རྟེན་དང་ཕྲལ་བར་མཛོདཿ འབོད་པ་ནི། རང་ཉིད་དཔལ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་མགར་གྱི་ཚྭ་ཚྭ་དང་བསྐལ་པའི་མེ་རླུང་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པསཿ མགོན་པོ་འཁོར་དང་བཅས་པ་ལ་ཕོག་པས། སྔོན་གྱི་དམ་ཚིག་དྲན་ནས་འདར་ཕྲི་ལི་ལི་བྱེད་ཅིང་ཁྱེད་ཀྱིས་བཀའ་ཉན་གསུང་སྡོད་ཅི་བཅོལ་པའི་ལས་ཐམས་ཅད་མྱུར་དུ་བྱེད་པར་ཁས་བླངས་དམ་བཅས་ནསཿ རང་རང་འདྲ་བའི་སྤྲུལ་པ་ཡང་སྤྲུལ་དཔག་ཏུ་མེད་པ་དང་བཅས་པ་དགྲ་བོ་གང་ལ་གནས་པའི་སར་ཐལ་ནསཿ ལ་ལས་ལྕགས་ཀྱུས་སྙིང་ནས་བཟུང་ཿ ལ་ལས་ཞགས་པས་མགུལ་ནས་ཁྲིདཿ ལ་ལས་ལྕགས་སྒྲོག་གིས་ཡན་ལག་བསྡམསཿ ལ་ལས་དྲིལ་བུས་མྱོས་པར་བྱེདཿ ལ་ལས་བསྲུང་སྐྱོབས་ཀྱི་ལྷ་དང་ཕྱེསཿ ལ་ལས་ལྟག་པར་བརྗིསཿ ལ་ལས་རྐང་ཞབས་རླུང་གི་དཀྱིལ་འཁོར་གྱིས་བཏེགསཿ ལ་ལས་ཐོ་བས་རྒྱབ་ནས་དེདཿ ལས་ཀྱི་ཁང་སྒྲོ མ་ནག་པོའི་ནང་དུ་ལིངྒ་ལ་ནག་ཏིམ་གྱིས་བསྟིམས་ནས་གན་རྐྱལ་དུ་མགོ་ཚུར་བསྟན་ཏེ་རྐང་པ་ཕྱིར་བསྐྱང་བ་ཁ་ནས་སྨྲེ་སྔགས་སྣ་ཚོགས་འདོན་པ། གཅེར་བུ་མགོན་སྐྱབས་མེད་པར་འདར་ཕྲི་ལི་ལི་བྱེད་པར་བསམཿལ། ཡབ་ཡུམ་ཀྱི་བསྙེན་པ་དང་འབོད་སྔགས་བཟླས། ༀ་ཤྲཱྀ་མ་ཧཱ་ཀཱ་ལ་དགྲ་བོའི་སྙིང་འབྱིནཿ སྙིང་ལ་སུ་ཏྲི་ཆྒཻའི་ཙིརྟ་རྦདཿ ༀ་མ་ཧཱ་ཀཱ་ལ་ནྲྀ་ཐུམ་ལུམ་ཐུམ་རིལ་རྦདཿ སུ་ནྲྀ་ཛ་ཆྒཻའི་སྙིང་ལ་ཡ་ཡཿ ༀ་བཛྲ་ཡཀྴ་བཻ་ཏ་ལི་ཧཱུྃཿ ཏྲག་རཀྴ་རཀྨོ་ཐུམ་ལུམ་ཆྒཻའི་སྙིང་ལ་འདུས་འདུསཿ སྲོག་ལ་བྲིང་བྲིང་ཤམ་ཤམ་ཁྱེར་བྷྱོཿ ཏྲག་རཀྴ་རཀྨོ་ཐུམ་ལུཾ་སྙིང་ཁ་རཀྴ་ཛ་ཛཿ ཏྲག་རཀྴ་ཆྒཻའི་ཙིརྟ་ཤཾ་ལཾ་སྙིང་ཁ་རཀྴ་ཛ་ཛཿ ཐུམ་རི་ལི་ལི་བྷྱོཿ ༀ་ཤྲཱྀ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ཏ་ཀཱ་ཡ་སརྦ་ཤ་ཏྲུཾ་དགྲ་བོ་མིང་དང་གཟུགས་སུ་བྲིས་པ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊཿ ཅེས་བརྒྱ་རྩ་བརྒྱད་ལ་སོགས་པ་བགྲང་ངོ་ཿ གལ་ཏེ་རྟགས་མེད་ན་དམ་ཅན་ཤི་པ་བརྟན་པ་ནིཿ རང་ཉིད་དཔལ་ཆེན་པོ་ཤིན་ཏུ་ཁྲོས་ནས། མགོན་པོའི་ད བུ་ཐོག་ཏུ་བྲོ་བརྡུངས་ཤིང་གར་བྱས་པས་ཚོགས་འདག་འཁོར་དང་བཅས་པས་སྔོན་གྱི་དམ་ཚིག་དྲན་ནས་ལས་མྱུར་དུ་བྱེད་པར་ཁས་བླངས་པར་བསམ་ལཿ བྷྱོ་ལ་ཏི་མོ་ནག་རི་ཤྲཱྀ་ལ་མ་ཀ་ཏི་གུ་ཎ་གྷ་ལ་ཀཱ་ཧཱ་མ་ཤྲཱྀ་ༀཿ ༀ་ཤྲཱྀ་མ་ཧཱ་ཀཱ་ལ་གུ་ཎ་ཧྲཱི་ཏ་ཀཱ་ཡ་དགྲ་བགེགས་མཱ་ར་ཡ་ཧཱུྃཊཿ ཅེས་རྟགས་མ་བྱུང་བར་དུ་བཟླསཿ དེ་ནས་བསྟོད་པ་ནིཿ ཧཱུྃ་སྐ་ཡི་མགོན་པོ་གཏུམ་བྱེད་ནིཿ སྐ་མདོག་མཐིང་ནག་ཆར་སྤྲིན་འདྲཿ ཕྱག་ན་རྩེ་གསུམ་ཐོད་ཁྲག་བསྣམསཿ དགྲ་བོའི་སྙིང་ཁྲག་ཞལ་དུ་གསོལཿ བགེགས་དང་ལོག་འདྲེན་འདུལ་མཛད་པཿ སྐ་མཆོག་ཁྱེད་ལ་ཕྱག་འཚལ་བསྟོདཿ གསུམ་པ་གསུང་མཆོག་གི་ཕུར་པ་ནིཿ ཕུར་པ་མི་དམིགས་པའི་ངང་ལས་ཧཱུྃ་མཐིང་ནག་གཅིག་ཏུ་གྱུར་བར་བསམཿ དེ་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་ཞི་ཁྲོ་རྣམས་དང་ཿ འཇིག་རྟེན་གྱི་དྲེགས་བྱེད་རྣམས་ཀྱི་གསུང་གི་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ནས་ཧཱུྃ་ལ་ཐིམཿ ཧཱུྃ་དེ་ཡོངས་སུ་གྱུར་པ་ལསཿ གསུང་མཆོག་མགོན་པོ་གསོད་བྱེད་སྐ་སྟོད་ཁྲོ་བོ་སྲིན་པོའི་གཟུགས་ཅནཿ སྐ་སྨད་གནམ་ལྕགས་ཀྱི་ཕུར་པ་མགར་གྱི་སོ་མལ་ནས་ཕྱུངས་བ་ལྟ་བུ། ཞལ་ནས་བསོ་སྒྲ་ཏི་རི་རི་སྒྲོགས་པཿ འཁོར་དུ་གཤིན་རྗེའི་དམག་ཚོགས་གྱིས་བསྐོར་བཿ དེ་རྣམས་ཀྱིས་སྔོན་གྱི་དམ་ཚིག་དྲན་ནས་ཤིན་ཏུ་ཁྲོས་ཏེ༔ དགྲ་བོའི་ལྕེའི་དཀྱིལ་དུ་བྲོ་བརྡུངས་ནསཿ ལུས་ངག་ཡིད་གསུམ་འདར་ཞིང་མགོ་ལུས་སྟོད་སྨད་ཕྱེས་པར་བསམཿ དབལ་སོ་ལས་གཅན་གཟན་དཔག་ཏུ་མེད་པ་འཕྲོས་པསཿ དགྲ་བོའི་ཤ་ཟོས། ཁྲག་འཐུང་། རུས་པ་འཆོསཿ པགས་པ་འདྲལཿ གསུང་གི་སྤྲུལ་པ་མཚོན་ཆ་སྣ་ཚོགས་ཐོགས་པ་དཔག་ཏུ་མེད་པ་འཕྲོས་པསཿ དགྲ་བོ་ལོ་ཏོག་ལ་སེར་བ་ཕོག་པ་བཞིན་དུ་བཏང་བར་བསམཿ བཛྲ་ས་མ་ཡ་ཛཿས་སྤྱན་དྲངས། ཛ་ཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། ༀ་ཨཱཿཧཱུྃ་གིས་སྐ་གསུང་ཐུགས་བྱིན་གྱིས་བརླབཿ ཨ་བྷི་ཙཉྩི་ལམ། གྱིས་དབང་བསྐར། གསུང་མཆོག་ལ་རྟ་མགྲིན་གྱིས་དབུ་བརྒྱན་པར་གྱུརཿ ༀ་ཡེ་རྡརྨཱ་ས་བརྟན་པར་བྱས་ལཿ ནས་འབྲུ་འཐོར། བསྐལ་བ་ནིཿ ཧཱུྃ་མགོན་པོ་གསུང་མཆོག་ཆེན་པོ་ནིཿ རི་རབ་ཆེན་པོའི་ངོས་གནས་པཿ སྐ་ལ་མཐིང་ནག་བེར་ཆེན་གསོལཿ ཕྱག་ན་ཙན་དན་བེང་ཆེན་བསྣམསཿ ལྷ་དམག་དཀར་པོའི་ཚོགས་དང་བཅསཿ རི་རབ་རྩེ་ལ་བསོ་ཡིས་ཐོབཿ ལྷ་མིན་གཡུལ་རྣམས་བཟློག་པར་བྱེདཿ ཁྱེད་ལ་དམ་བསྐལ་ལས་བཅོལ་ནཿ དཀོན་མཆོག་གསུམ་ལ་གནོད་བྱེད་དང་ཿ བླ་མ་བརྙས་བྱེད་སེམས་ཅན་འཚེཿ རྣལ་འབྱོར་བདག་གི་བསྟན་དགྲ་རྣམསཿ རིགས་དང་ཁ་དོག་མ་ནོར་བརཿ རིངས་པར་ཁུག་ལ་རྡུལ་དུ་རློགསཿ མྱོས་པར་གྱིས་ལ་ས་ལ་སྒྱེལཿ ལྕེ་ཡི་དཀྱིལ་དུ་ཕུར་པ་ཐོབཿ ངག་གི་རྟེན་དང་ཕྲལ་བར་མཛོདཿ རྦད་པ་ནི། བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དམར་ནག་ཚ་ཞིང་རྩུབ་པ་ཞིག་འཕྲོས་པས་ཚོགས་བདག་ལ་ཕོག་པསཿ མ་བཟོད་ནས་ལན་ཅིག་འདར་ནས་དགྲ་བོ་འགུགས་པའི་ལས་ལ་བསྐལ་བར་བསམཿ དེ་ལས་འོད་ཟེར་དམར་ནག་འཕྲོས་པསཿ འཁོར་ཐམས་ཅད་ལ་ཕོག་པས་གཅིག་གིས་གཅིག་བསྐལ་ནསཿ དེ་དག་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོ་བ་ཅན་ལ་སོགས་པ་སྤྲུལ་པའི་མགོན་པོ་དཔག་ཏུ་མེད་པ་འཕྲོས་པསཿ དགྲ་བགེགས་བཀུགས་ནས་ལིངྒ་ཡང་ཡང་བསྟིམ་མོཿ ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊཿ ༀ་མ་ཧཱ་ཀཱ་ལ་ཆྒཻའི་སྙིང་འབྱིན་ནོཿ སྙིང་ལ་སུ་ཏྲི་ཆྒཻའི་ཙིརྟ་རྦདཿ ༀ་མ་ཧཱ་ཀཱ་ལ་ནྲྀྀ་ཐུམ་ལམ་ཐུམ་རིལ་རྦདཿ སུ་ནྲྀ་ཛ་ཆྒཻའི་སྙིང་ལ་ཡ་ཡཱཿ ༀ་བཛྲ་ཡཀྴ་བཻ་ཏ་ལི་ཧཱུྃཿ ཏྲག་རཀྴ་རཀྨོ་ཐུམ་ལུཾ་ཆྒཻའི་ཙིརྟ་ལ་འདུས་འདུསཿ སྲོག་ལ་སྲིང་སྲིང་ཤམ་ཤམ་ཁྱེར་བྷྱོཿ ཏྲག་རཀྴ་རཀྨོ་ཐུམ་ལུཾ་སྙིང་ཁ་རཀྴ་ཛ་ཛཿ རྟག་རཀྴ་ཆྒཻའི་ཙིརྟ་ཤམ་ལམ་སྙིང་ཁ་རཀྴ་ཛ་ཛཿཐུམ་རི་ལི་ལི་བྷྱོཿ ༀ་ཤྲཱྀ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ཏ་ཝཱཀྐ་སརྦ་ཤ་ཏྲུཾ་དགྲ་བོ་མིང་དང་གཟུགས་སུ་བྲིས་པ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊཿ ཅེས་པ་བརྒྱ་རྩ་བརྒྱད་ལ་སོགས་པ་བགྲང་ངོ་ཿ གཤམ་དུ། ༀ་ཤྲཱྀ་མ་ཧཱ་ཀཱ་ལ་དགྲ་བོའི་སྙིང་འབྱིན་ནོཿ སྙིང་ལ་སུ་ཏྲི་ཙིརྟ་རྦདཿ ཏྲག་རཀྴ་རཀྨོ་ཐུམ་རིལ་སྙིང་ཁ་རཀྴ་ཛ་ཛཿ ༀ་ཤྲཱྀ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ཏ་ཝཱཀྐ་དགྲ་བགེགས་མཱ་ར་ཡ་ཧཱུྃཊཿ ཅེས་རྟགས་མ་བྱུང་གི་བར་དུ་བཟླའོ། བསྟོད་པ་ནི། ཧཱུྃ་གསུང་གི་མགོན་པོ་གསོད་བྱེད་ནིཿ སྐ་ལ་དར་ནག་བེར་ཆེན་བརྒྱནཿ ཕྱག་གཉིས་བིང་དང་ཐོད་ཁྲག་བསྣམསཿ དགྲ་བགེགས་སྲོག་རྩ་གཅོད་པར་བྱེདཿ གཤིན་རྗེའི་ཚོགས་ཀྱིས་གདུག་པ་འདུལཿ གསུང་མཆོག་ཁྱེད་ལ་ཕྱག་འཚལ་བསྟོདཿ བཞི་པ་ཐུགས་མཆོག་གི་ཕུར་བ་ནི། ཕུར་པ་མི་དམིགས་པའི་ངང་ལས་ཡི་གེ་ཧཱུྃ་མཐིང་ནག་གཅིག་ཏུ་གྱུར་བར་བསམཿ དེ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས་པསཿ ཕྱོགས་བཅུའི་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་དང་འཇིག་རྟེན་གྱི་དྲེགས་བྱེད་རྣམས་ཀྱི་ཐུགས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ནས་ཧཱུྃ་ལ་ཐིམཿ ཧཱུྃ་དེ་ཡོངས་སུ་གྱུར་པ་ལསཿ ཐུགས་མཆོག་མགོན་པོ་སྒྲོལ་བྱེད་སྐ་སྟོད་ཁྲོ་བོ་སྲིན་པོའི་གཟུགས་ཅནཿ སྐ་སྨད་གནམ་ལྕགས་ཀྱིི་ཕུར་པ་མགར་གྱི་སོ་མལ་ནས་ཕྱུང་བ་ལྟ་བུ་དམར་ཟང་ངེ་བ། ཞལ་ནས་བསྭོ་སྒྲ་ཏི་རི་རི་སྒྲོགས་པ། འཁོར་དུ་མ་མོ་འབུམ་གྱིས་བསྐོར་བཿ དེ་རྣམས་ཀྱི་སྔོན་གྱི་དམ་ཚིག་དྲན་ནས་གཤིན་ཏུ་ཁྲོས་ཏེཿ དགྲ་བོའི་སྙིང་གར་བྲོ་བརྡུངས་པསཿ ལུས་ངག་ཡིད་གསུམ་ཕྲལ་ཞིང་མགོ་ལུས་སྟོད་སྨད་ཕྱེས་པར་བསམཿ དབལ་སོ་ལས་གཅན་གཟན་དཔག་ཏུ་མེད་པ་འཕྲོས་པསཿ དགྲ་བོའི་ཤ་ཟོས་ཁྲག་འཐུང་། རུས་པ་འཆོས། པགས་པ་འདྲལཿ ཐུགས་ཀྱི་སྤྲུལ་པ་མཚོན་ཆ་སྣ་ཚོགས་ཐོགས་པ་དཔག་ཏུ་མེད་པ་འཕྲོས་པསཿ དགྲ་བོ་ལོ་ཏོག་ལ་སེར་བ་ཕོག་པ་བཞིན་ཏུ་བཏང་བར་བསམཿ བཛྲ་ས་མ་ཡ་ཛ་སྤྱན་འ དྲངས་ཛཿཧཱུྃ་བཾ་ཧོས་གཉིས་སུ་མེད་པར་བསྟིམས། ༀ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། ཨ་བྷི་ཥཉྩ་ཏུ་ལཾ་གྱིས་དབང་བསྐར། ཐུགས་མཆོག་ལ་ཕྱག་ན་རྡོ་རྗེས་དབུ་བརྒྱན་པར་གྱུརཿ ༀ་ཡེ་རྷརྨཱས་བརྟན་པར་བྱས་ལ་ནས་འབྲུ་འཐོརཿ བསྐལ་བ་ནིཿ ཧཱུྃ་མགོན་པོ་ཐུགས་མཆོག་ཆེན་པོ་ནིཿ དུར་ཁྲོད་ཆེན་པོའི་གནས་མཆོག་ནསཿ མ་མོའི་གཙོ་བོ་དམ་ཚིག་ཅནཿ ཕྱག་ན་གྲི་གུག་ཐོད་ཁྲག་བསྣམསཿ དགྲ་བགེགས་མགོ་གཅོད་སྙིང་ཁྲག་འཐུང་ཿ སྒྲོལ་བྱེད་ཆེན་པོའི་དམ་ཚིག་ནིཿ རྣལ་འབྱོར་པ་ཡི་གྲོགས་བྱེད་ཅེསཿ དམ་བཅས་དུས་ནི་འདི་ཡིན་པསཿ ཕྲིན་ལས་མཛད་པའི་དུས་ལ་བབཿ གང་ཞིག་དཀོན་མཆོག་གསུམ་ལ་ཁྲོ་བ་དང་ཿ བླ་མ་བརྙས་བྱེད་སེམས་ཅན་ཡོངས་ལ་འཚེཿ རྣལ་འབྱོར་བདག་གི་བསྟན་དགྲ་རྣམསཿ རིགས་དང་ཁ་དོག་མ་ནོར་བརཿ རེངས་པར་ཁུག་ལ་རྡུལ་དུ་རློོགསཿ མྱོས་པར་གྱིས་ལ་ས་ལ་སྒྱེལ༔ སྙིང་གི་དཀྱིལ་དུ་ཕུར་པ་ཐོབཿ རྣམ་ཤེས་རྟེན་དང་ཕྲལ་བར་མཛོད༔ བསད་པ་ནི༔ མདུན་དུ་གྲུ་གསུམ་གྱིི་ནང་དུ་ལིངྒ་དང་དགྲ་བོ་དབྱེར་མེད་དུ་གནས་པའི་སྙིང་གར་འབྱུང་བ་ལྔའི་འཁོར་ལོ་འོད་ཟེར་ཁ་དོག་སྣ་ལྔ་དང་ལྡན་པའི་ནང་དུ་ཧཱུྃ་ལས་གྲི་གུག་བསྣོལ་མ་ཡུ་བ་ཏྲཱཾཿགིས་མཚན་པ་གཅིག་ཡོད་པར་བསམ་ལ༔ བསད་སྔགས་ནི། ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ཧཱུྃཊཿ ༀ་ཤྲྀ་མ་ཧཱ་ཀཱ་ལ་ཆྒཻའི་སྙིང་འབྱིན་ནོཿ སྙིང་ལ་སུ་ཏྲི་ཙིརྟ་རྦད༔ ༀ་མ་ཧཱ་ཀཱ་ལ་ནྲྀ་ཐུམ་ལུཾ་ཐུམ་རིལ་རྦདཿ སུ་ནྲྀ་ཛ་ཆྒཻའི་སྙིང་ལ་ཡ་ཡཿ ༀ་བཛྲ་ཡཀྴ་བཻ་ཏ་ལི་ཧཱུྃཿ ཏྲག་རཀྴ་རཀྨོ་ཐུམ་ལུཾ་ཆྒཻའི་སྙིང་ལ་འདུས་འདུསཿ སྲོག་ལ་སྲིང་སྲིང་ཤཾ་ཤཾ་ཁྱེར་བྷྱོཿ ཏྲག་རཀྴ་རཀྨོ་ཐུམ་ལུམ་སྙིང་ཁ་རཀྴ་ཛ་ཛཿ ཏྲག་རཀྴ་ཆྒཻའི་ཙིརྟ་ཤམ་ལམ་སྙིང་ཁ་རཀྴ་ཛ་ཛཿ ཐུམ་རི་ལི་ལི་བྷྱོཿ ༀ་ཤྲཱྀ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ཏ་ཙིརྟ་སརྦ་ཤ་རླུམ་དགྲ་བོ་མིང་དང་གཟུགས་སུ་བྲིས་པ་ཐམས་ཅད་མཱ་ར་ཡ་ཕཊཿ ཅེས་པ་བརྒྱ་རྩ་བརྒྱད་ལ་སོགས་པ་བགྲང་ངོ་ཿ འབོད་རྦད་རྣམས་ཀྱི་གཤམ་དུ། ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ནྲྀ་ཐུམ་ལུམ་ཐུམ་རིལཿ སུ་ནྲྀ་ཛཿདགྲ་བོའི་སྙིང་ལ་ཡ་ཡཿ དྲག་རཀྴ་ཙིརྟ་ཤམ་ལམ་སྙིང་ཁ་རཀྴ་ཛ་ཛཿ ཐུམ་རི་ལི་ལི་བྷྱོཿ བདག་མདུན་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་གྲི་གུག་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས་པས། ཁོའི་སྙིང་གི་འཁོར་ལོ་ལ་ཕོག་པས་འོད་ཟེར་གཡས་འཁོར་གཡོན་འཁོར་བྱས་པས་གྲི་གུག་གི་རྩེ་མོས་འཁོར་ལོའི་ཁ་ཕྱེས་ནསཿ རྣམ་པར་ཤེས་པའི་ངོ་བོ་འོད་ཀྱི་གོང་བུ་དེ་ཚུར་བྱུང་ནས་བདག་གི་ཐུགས་ཀའི་ཧཱུྃ་ལ་ཐིམ་པསཿ ཧཱུཾ་དེ་བཀྲག་མདངས་གཟི་བརྗིད་དང་ལྡན་པར་བསམ་ལ། ཁོའི་སྙིང་རྩ་ཁྲག་རྩ་རྣམས་གྲི་གུག་གིས་རྦད་རྦད་བཅད་ནས་བཀྲག་མདངས་གཟི་བརྗིད་ཐམས་ཅད་ཉམས་ནས་མར་མེའི་སྡོང་བུ་འགྱེལ་བ་བཞིན་དུ་ནག་ཐིབས་ཀྱིས་སོང་བར་བསམ་ལ། སྔགས་བཟླས། ཡང་བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་གྱི་གཙོ་བོ་ཡབ་ཡུམ་བསྐལ་ནསཿ ཡབ་ལས་མགོན་པོ་དཔག་ཏུ་མེད་པཿ ཡུམ་ལས་མ་མོ་དཔག་ཏུ་མེད་པཿ འཁོར་རྣམས་ལས་རང་རང་འདྲ་བའི་སྤྲུལ་པ་དཔག་ཏུ་མེད་པ་འཕྲོས་པསཿ ལ་ལས་དགྲ་བོའི་སྲོག་གཅོད། ལ་ལ ས་དགྲ་བོའི་དབུགས་ལེནཿ ལ་ལས་ཤ་ཟོསཿ ལ་ལས་ཁྲག་འཐུང་ཿ ལ་ལས་པགས་པ་འདྲལཿ ལ་ལས་རུས་པ་འཆོས་ནས་ལྷག་མ་མེད་པར་བསམ་ལཿ བསད་སྔགས་མང་དུ་བཟླས༔ ཡང་། བདག་ཉིད་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པསཿ མདུན་གྱི་མགོན་པོ་ལ་ཕོགཿ ཐུགས་དམ་བསྐལཿ ཡང་། འོད་ཟེར་འཕྲོས་པས་འཁོར་རྣམས་ལ་ཕོག་པསཿ འཁོར་རྣམས་འདར་ཕྲི་ལི་ལི་སོང་ནསཿ རང་རང་གི་སྲོག་སྙིང་གཙོ་བོ་ཡབ་ཡུམ་ལ་ཕུལ་བར་བསམཿ བདག་ཡི་དམ་གྱི་ཚོགས་བདག་ཟིལ་གྱིས་གནོནཿ སྲོག་གི་སྙིང་པོ་འོད་ཟེར་དང་བཅས་པ་བདག་གི་ཐུགས་ཀར་ཐིམ་ནས་བདག་གིས་ཅི་བཅོལ་བའི་ལས་ཐམས་ཅད་བྱེད་པར་བསམཿ ཡང་། བདག་ལས་འོད་ཟེར་འཕྲོས་པས་མགོན་པོ་ལ་ཕོགཿ དེ་ལས་འོད་ཟེར་འཕྲོས་པས། ལས་མགོན་གསུམ་གྱིས་དམ་ཚིག་དྲན་ནས། སྐ་མཆོག་གི་སྤྲུལ་པ་སྲོག་གཅོད་བྱ་རོག་མགོ་ཅནཿ གསུང་མཆོག་གི་སྤྲུལ་པ་བདུད་པོ་འུག་པའི་མགོ་ཅན། ཐུགས་མཆོག་གི་སྤྲུལ་པ་བཙན་པོ་སྟག་གི་མགོ་ཅན་ལ་སོགས་པཿ རང་རང་འདྲ་བའི་འཁོར་དཔག་ཏུ་མེད་པ་འཕྲོས་པསཿ དགྲ་བོ་གང་ན་ཡོད་པ་དེ་རང་དབང་མེད་པར་བཀུག་ནས་ལིངྒ་ལ་བསྟིམཿ བསད་སྔགས་མང་དུ་བཟློས། ཡང་། བདག་གི་ཐུགས་ཀ་ནས་འོད་ཟེར་ཚྭ་ལ་རྩུབ་པ་གཅིག་འཕྲོས་པསཿ བླ་མ་ཡི་དམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཁའ་འགྲོ་ཆོས་སྐྱོང་ལ་ཕོག་པས་ཐུགས་དམ་བསྐལ་ནས་དེ་དག་ལས་འོད་ཟེར་ཚྭ་ལ་རྩུབ་པཿ རྣོ་ལ་མྱུར་བ་གཅིག་འཕྲོས་པས་མགོན་པོ་ལ་ཕོགཿ མགོན་པོ་ལས་འོད་ཟེར་ཚྭ་ལ་རྩུབ་པ་རྣོ་ལ་མྱུར་བ་འཕྲོས་ནས་ལས་མགོན་གསུམ་ལ་ཕོག་པས་ཐུགས་དམ་བསྐལ་ནས༔ སྔོན་གྱི་དམ་ཚིག་དྲན་ནས་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་གསུམ་མར་འཕྲོསཿ དགྲ་བོའི་སྙིང་གར་ནག་མཚམས་སུ་བབཿ ཧཱུྃ་ཡོངས་སུ་གྱུར་པ་ལསཿ སྤྲུ་གྲིའི་རྩེ་མོ་འཁོར་ལོ་རེག་གཅོད་རྣོ་ངར་དང་ལྡན་པཿ རྩིབས་གསུམ་པ་ལ་ཡུ་བ་གཅིག་ཏུ་གྱུར་ནསཿ བདག་དང་མགོན་པོ་ལས་མགོན་གསུམ་ལས་འོད་ཟེར་འཕྲོས་པསཿ གྲི་གུག་འཁོར་ལོ་ལ་ཕོག་པསཿ དེ་མ་ཐག་ཏུ་གཡོན་སྐོར་དུ་སྒ་ར་ར་འཁོར་བསཿ དགྲ་བགེགས་ཀྱི་སྲོག་སྙིང་དམྱལ་དམྱལ་གཏུབས་ནསཿ རྡུལ་ཕྲན་བཞིན་དུ་བྱས་ཏེ་ལྷ་དམག་གིས་གསོལ་བར་བསམཿ ཡང་། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོསཿ མགོན་པོའི་ཐུགས་ཀར་ཕོགཿ མགོན་པོའི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་གཅིག་མར་འཕྲོསཿ དགྲ་བོའི་ཚངས་བུག་ཏུ་ཞུགས་སྙིང་གར་ཕྱིན་ནས་རྣོ་ངར་དང་ལྡན་པ་གཅིག་ཏུ་གྱུར་པ་གཡོན་སྐོར་དུ་སྒ་ར་ར་འཁོར་བསཿ ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་དམྱལ་དམྱལ་བཏང་བར་བསམ་མོཿ རྩ་སྔགས་མང་དུ་བགྲང་། ༀ་ཤྲཱྀ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ཏ་ཙིརྟ་མཱ་ར་ཡ་ཧཱུྃ་ཕཊཿ བསད་རྟགས་མ་བྱུང་བར་དུ་བཟླའོ། ༀ་ཤྲཱྀ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ཏ་ཙིརྟ་སརྦ་ཤ་ཏྲུཾ་དགྲ་བོ་མིང་དང་གཟུགས་སུ་བྲིས་པ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊཿ ཅེས་བརྒྱ་རྩ་བརྒྱད་ལ་སོགས་པ་བགྲང་ངོ་། དེ་ནས་བསྟོད་པ་ནིཿ ཧཱུྃ་ཐུགས་ཀྱི་མགོན་པོ་སྒྲོལ་བྱེད་ནི༔ སྐ་ནི་རྔམ་བརྗིད་མཐིང་ནག་ལཿ ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣམསཿ སྡང་བྱེད་དགྲ་བོ་གསོད་ཅིང་གཏུབསཿ མ་མོའི་ཚོགས་གྱིས་གདུག་པ་འདུལཿ ཐུགས་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད༔ སྔགས་སྒྲུབ་ལྟར་བྱེད་ན་རེ་རེ་ལ་ཡང་བརྒྱ་རྩ་བརྒྱད་ལ་སོགས་པར་བྱ༔ བཅུ་གཅིག་པ་མིང་ཐུན་མཚོན་གསུམ་ལས། དང་པོ་ནི། ཐུགས་དམ་བསྐལ་ཏེ་མིང་གིས་བརྡེགས་པ་ནིཿ བདག་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་མགོན་པོ་འཁོར་དང་བཅས་པ་ལ་ཕོག་པས་སྔོན་གྱི་ཐུགས་དམ་བསྐལ་ནས་ཚོགས་བདག་ལས་ཚོགས་བདག་ཁོ་རང་འདྲ་བ་མར་མེ་གཅིག་ལས་གཅིག་ཆད་པ་བཞིན་དུ་འཁོར་ཐམས་ཅད་ཀྱིས་དམག་དཔོན་བྱས་ནས་གྲུ་གསུམ་གྱི་ཁར་བྱོན་ནས་རྒྱལ་བ་ཞི་ཁྲོའི་མཐུ་སྟོབས་བསྡུས་ནས་དེ་རྣམས་ལ་བསྟིམཿ དེའི་ཕྱག་གཡས་བེང་ཟོར་བསྣམས་པཿ previous hit གཡོན་པས་རུ next hit་མཚོན་དང་དྲི་ཤུལ་ཕྱར་བཿ བེང་ཟོར་ཡར་རྩེ་གསེར་གྱི་ཐ་རམ་གྱི་ནང་དུ་གཤིན་རྗེའི་དམག་ཚོགསཿ རྐེད་པ་ཟངས་ཀྱི་ཐ་རམ་གྱི་ནང་དུ་མགོན་པོའི་དམག་ཚོགསཿ མར་རྩེ་ལྕགས་ཀྱི་ཐ་རམ་གྱི་ནང་དུ་མ་མོའི་དམག་ཚོགས་ཀྱིས་གང་བར་བསམ་ལཿ དེ་ནས། བེང་བསྐྱེད་པ་ནིཿ བེང་ལག་ཏུ་བླངས་ཏེཿ བེང་མི་དམིགས་པའི་ངང་ལས་ཧཱུྃ་མཐིང་ནག་ཅིག་ཏུ་གྱུརཿ ཧཱུྃ་དེ་ཡོངས་སུ་གྱུར་པ་ལསཿ ཙན་དན་གྱི་བེང་སྔོན་པོ་ཟུར་བརྒྱད་པའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ་ཅིག་ཏུ་གྱུར་བར་བསྒོམཿ ཡར་རྩེ་ལ་འབྲུག་སྟོང་ལྡིར་བཿ མགོན་པོའི་སྐ་གསུང་ཐུགས་ཀྱི་སྤྲུལ་པ་ཁྱུང་གསུམ་ལ་སོགས་པའི་འདབ་ཆགས་དཔག་ཏུ་མེད་པ་བྲིས་ཤིང་བསྒོམ་པ་དེ་ལས་དེ་འདྲ་བའི་སྤྲུལ་པ་དཔག་ཏུ་མེད་པ་འཕྲོས་པསཿ དགྲ་བོའི་མགོ་ལུས་ཕྱེས་ནས་བཏང་བར་བསམཿ རྒྱ་མདུད་དང་ལྕམ་བཞོག་ལ་མཚོན་ཆ་སྣ་ཚོགས་བྲིས་ཤིང་བསྒོམ་པ་དེ་ལས་དེ་འདྲ་བའི་མཚོན་ཆ་སྣ་ཚོགས་འཕྲོས་པས་དགྲ་བོ་ལོ་ཏོག་ལ་སེར་བ་ཕོག་པ་བཞིན་དུ་བཏང་བར་བསམཿ མར་རྩེ་ལ་གློང་སྟོང་འགྱུ་བ་དང་ཿ སྤྲུལ་པ་སེང་འབྲུག་སྟག་གཟིག་དོམ་དྲེད་འཕར་སྤྱང་ལ་སོགས་པའི་གཅན་གཟན་དཔག་ཏུ་མེད་པ་བྲིས་ཤིང་བསྒོམ་པ་དེ་ལས་དེ་འདྲ་བའི་གཅན་གཟན་དཔག་ཏུ་མེད་པ་འཕྲོས་པསཿ དགྲ་བོའི་ཤ་ཟོསཿ ཁྲག་འཐུང་རུས་པ་འཆོསཿ པགས་པ་འདྲལཿ ལྷག་མ་མེད་པར་བསམཿ དེ་ནས་བེང་གསོར་ཞིང་། བསྐལ་བ་ནི་འདི་སྐད་དོཿ ཧཱུྃ་མགོན་པོ་ཆེན་པོའི་ཐུགས་དམ་ནིཿ དགྲ་བགེགས་འདུལ་བར་དམ་བཅས་པའིཿ དམ་ལས་མ་འདའ་འཕྲིན་ལས་མཛོདཿ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིཿ སྐ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིསཿ ལྷ་དང་མི་ཡི་མགོན་དུ་སྤྲུལཿ དམག་དཔོན་ཆེན་པོ་རྔམས་པའི་སྐཿ གསོད་བྱེད་མ་ཧཱ་ཀཱ་ལ་ནིཿ སྐ་མདོག་མཐིང་ནག་འཇིགས་པའི་གཟུགསཿ དབུ་སྐྲ་དམར་སེར་གྱེན་དུ་བརྫེསཿ དར་ནག་འཇོལ་བེར་སྐ་ལ་གསོལཿ གསེར་གྱི་སྐ་རགས་རྐེད་དུ་བཅིངསཿ ཞབས་ལ་སག་ཏིའི་ལྷྭཾ་ཆེན་མནབསཿ ཕྱག་ན་ཙན་དན་བེང་ཆེན་བསྣམསཿ གསོར་ཞིང་དགྲ་བོའི་ཀླད་ལ་རྒྱོབཿ previous hit གཡོན་པས་དྲི་ཤུལ་རུ next hit་མཚོན་འཕྱར ཿ འབྱུང་པོའི་སྲོག་གཅོད་བྱ་ར་མཛོདཿ ཧཱུྃ་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནསཿ ཁྲག་འཐུང་ནག་པོ་ཆེན་པོ་ནིཿ སྐ་མདོག་མཐིང་ནག་འཇིགས་པའི་གཟུགསཿ དབུ་སྐྲ་རལ་པ་གྱེན་དུ་བརྫེསཿ སྤྱན་གསུམ་སྡང་མིག་གློག་ལྟར་འགྱུཿ ཕྱག་གཡས་གྲི་གུག་ནམ་མཁར་འཕྱརཿ གཡོན་པས་ཐོད་ཁྲག་བདུད་རྩི་གསོལཿ མི་ཐུང་གསུས་ཆེ་ཁྲོ་གཉེར་ཅནཿ ཞལ་ནས་ཁྲག་འཛག་མཆེ་བ་གཙིགསཿ ཁྱེད་ཀྱི་འཁོར་དང་ཕོ་ཉ་རུ༔ སྲོག་གཅོད་སྤྲུལ་པ་བཤན་པ་འབུམཿ ཕྱག་ན་མཚོན་ཆ་སྣ་ཚོགས་ཀྱིསཿ དམ་ཉམས་དགྲ་བགེགས་རྡུལ་དུ་བཟློག༔ ཟ་བྱེད་ཚོགས་ཀྱིས་ཤ་ལ་ཟོཿ འཐུང་བྱེད་ཚོགས་ཀྱིས་ཁྲག་ལ་འཐུང་ཿ འཆའ་བྱེད་ཚོགས་ཀྱིས་རུས་པ་འཆོཿ འཇིབས་བྱེད་ཚོགས་ཀྱིས་རྐང་ལ་འཇིབསཿ གཅོད་བྱེད་ཚོགས་ཀྱིས་སྲོག་རྩ་ཆོདཿ འདྲེན་བྱེད་ཚོགས་ཀྱིས་དོན་སྙིང་དྲོངསཿ ཕྲལ་བྱེད་ཚོགས་ཀྱིས་ལུས་སེམས་ཕྲོལཿ དམ་ཉམས་དགྲ་བོ་འཁོར་བཅས་རྣམསཿ མིང་ཡང་མེད་པར་རྡུལ་དུ་རློགསཿ ནག་པོ་ཆེན་པོ་འཁོར་བཅས་ཀྱིསཿ དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོདཿ ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ཧཱུྃཊཿ ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ཆྒཻའི་སྙིང་འབྱིནཿ སྙིང་ལ་སུ་ཏྲི་ཆྒཻའི་ཙིརྟ་རྦདཿ ༀ་མ་ཧཱ་ཀཱ་ལ་ནྲྀ་ཐུམ་ལུང་ཐུམ་རིལཿ རྦདཿ སུ་ནྲྀ་ཛ་ཆྒཻའི་སྙིང་ལ་ཡ་ཡཿ ༀ་བཛྲ་ཡཀྴ་བཻ་ཏ་ལི་ཧཱུྃཿ ཏྲག་རཀྴ་རཀྨོ་ཐུམ་ལུཾ་ཆྒཻའི་སྙིང་ལ་འདུས་འདུསཿ སྲོག་ལ་སྲིང་སྲིང་ཤམ་ཤམ་ཁྱེར་བྷྱོཿ ཏྲག་རཀྴ་རཀྨོ་ཐུམ་ལུཾ་སྙིང་ཁ་རཀྴ་ཛ་ཛ༔ ཏྲག་རཀྴ་རཀྨོ་ཆྒཻའི་ཙིརྟ་ཤམ་ལམ་སྙིང་ཁ་རཀྴ་ཛ་ཛཿ ཐུམ་རི་ལི་ལི་བྷྱོཿ ༀ་ཤྲཱྀ་མ་ཧཱ་ཀཱ་ལ་གུ་ཎ་ཧྲཱི་ཏ་དགྲ་བོ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊཿ བསྟོད་པ་ནི། ཧཱུྃ་ལྷ་དམག་བྱེ་བའི་ཚོགས་རྣམས་ནི༔ དགྲ་བགེགས་འགུགས་པའི་དོན་ཆེད་དུཿ ཞལ་ནས་ཆ་སྒྲ་ཏི་རི་རི༔ དགྲ་བགེགས་འགུགས་པའི་ལས་མཛོད་ཅིགཿ གཉིས་པ་ཐུན་རྫས་བསྐྱེད་ཅིང་ཐུན་བརྡེགས་པ་ནི༔ ཐུན་རྫས་རྣམས་མི་དམིགས་པའི་ངང་ལས་ཧཱུྃ་མཐིང་ནག་གཅིག་ཏུ་གྱུརཿ དེ་ཡོངས་སུ་གྱུར་པ་ལསཿ ནག་པོ་ཆེན་པོའི་སྤྲུལ་པ་ཕྱོགས་སྐྱོང་བཅུཿ ལྷ་སྲིན་ལྷ་འདྲེ་དུར་ཁྲོད་ཀྱི་མ་མོ་བདུནཿ སྤྲུལ་པ་བྱེ་བ་ས་ཡ་དང་བཅས་པ་རྣམས་ཀྱི་ཕྱག་ན་མཚོན་ཆ་སྣ་ཚོགས་དང་ཿ ཁྱད་པར་དུ་ཡུངས་དཀར་ལས་དཔལ་མགོན་པོ་ལ་སོགས་པའི། ལྷ་དམག་བྱེ་བ་དུང་ཕྱུར་གྱི་ཚོགས་དང་བཅས་པཿ ཡུངས་ནག་ལས་དཔལ་ལྷ་མོ་ལ་སོགས་པ་མ་མོ་བྱེ་བ་དུང་ཕྱུར་གྱི་ཚོགས་དང་བཅས་པཿ དུག་རིགས་དང་ཁྲག་སྣ་རྣམས་ལས་དུག་ནད་སྣ་ཚོགས་ཀྱིས་ཆར་བབ་པསཿ དགྲ་བོ་མྱོས་ཤིང་། འཐིབ་པར་བྱེད་པ་དང་ཿ ཟངས་ཕྱེ་དང་ལྕགས་ཕྱེ་ལ་ཡེ་ཤེས་ལྷའི་ཕྱག་མཚན་དང་ཿ དྲེགས་བྱེད་ལྷ་འདྲེའི་ཕྱག་མཚན་དང་ཿ འཇིག་རྟེན་མིའི་ཕྱག་མཚན་མཚོན་ཆ་སྣ་ཚོགས་གྱིས་ཆར་བབ་པསཿ དགྲ་བོ་ལོ་ཏོག་ལ་སེར་བ་ཕོག་པ་བཞིན་དུ་ཕོ་ཉ་ལས་མཁན་རྣམས་ཀྱིས་ལ་ལས་སྲུང་སྐྱོབས་ཀྱིས་ལྷ་ཐམས་ཅད་དང་ཕྱེསཿ ལ་ལས་སྲོག་གཅོདཿ ལ་ལས་དབུགས་ལེནཿ ལ་ལས་ཤ་ཟོསཿ ལ་ལས་ཁྲག་འཐུང་ཿ ལ་སལ་རུས་པ་འཆོསཿ ལ་ལས་པགས་པ་འདྲལ་ནས་སྐད་ཅིག་ཉིད་ལ་བརླག་པར་བསམ་ལཿ བསྐལ་བ་ནི། ཧཱུྃ་ཕྱོགས་མཚམས་སྟེང་འོག་ལ་སོགས་པཿ མ་ཧཱ་ཀཱ་ལའི་ཚོགས་ཀྱིས་གཏམསཿ དྲི་ཟ་མེ་ལྷ་གཤིན་རྗེ་དང་ཿ བདེན་བྲལ་ཆུ་ལྷ་རླུང་ལྷ་དང་ཿ གནོད་སྦྱིན་དབང་ལྡན་པ་བདག་དང་ཿ ཉི་ཟླ་གཟའ་སྐར་ཚོགས་དང་བཅསཿ ལྷ་ཡི་ཚོགས་དང་ཀླུ་ཡི་ཚོགསཿ སྲིན་པོ་རོ་ལངས་ཤ་ཟ་དང་ཿ མཁའ་འགྲོ་ཤུགས་འགྲོ་མ་སྲིང་རྣམསཿ ཐམས་ཅད་མ་ལུས་གནས་འདིར་བྱོནཿ བསྒྲལ་བའི་ཞིང་བཅུར་གྱུར་པ་རྣམསཿ བསད་ཅིང་བཅིངས་པའི་ལས་རྣམས་ཀྱིིསཿ ཁྱེད་ཀྱི་ཐུགས་དམ་དུས་ལ་བབཿ དཀོན་མཆོག་གསུམ་ལ་གནོད་བྱེད་དང་ཿ ཐེག་པ་ཆེན་པོ་སུན་འབྱིན་དང་ཿ བསྟན་པ་བཤིག་པའི་གནོད་བྱེད་དང་ཿ རྣལ་འབྱོར་བདག་གི་བསྟན་དགྲ་རྣམསཿ མ་ལུས་པར་ནི་ཞལ་དུ་གསོལཿ ཧཱུྃ་ནག་པོ་ཆེན་པོའི་ཚོགས་རྣམས་ཀྱིསཿ དགྲ་བགེགས་བསྒྲལ་བའི་དུས་ལ་བབཿ ཡུངས་དཀར་ཐུན་དང་ཡུངས་ནག་ཐུནཿ སྐེ་ཚེ་ཤིང་ཚེ་ཏིལ་ནག་དང་ཿ རྡོ་ཐུན་མཚེ་མདའ་དུག་རིགས་དང་ཿ ཟངས་ཕྱེ་ལྕགས་ཕྱེ་ཁྲོ་ཆུའི་ཐུནཿ མི་ཁྲག་རྟ་ཁྲག་སྣ་ཚོགས་དང་ཿ ཧ་ལ་ནག་པོའི་དུག་རྣམས་ཀྱིསཿ དམ་ཉམས་དགྲ་བོ་མྱོས་སུ་ཆུགཿ ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ཧཱུྃཊཿ ༀ་མ་ཧཱ་ཀཱ་ལ་དགྲ་བོའི་སྙིང་འབྱིནཿ སྙིང་ལ་སུ་ཏྲི་ཆྒཻའི་ཙིརྟ་རྦདཿ ༀ་མ་ཧཱ་ཀཱ་ལ་ནྲྀ་ཐུམ་ལུམ་ཐུམ་རིལ་རྦདཿ སུ་ཏྲི་ཛ་ཆྒཻའི་སྙིང་ལ་ཡ་ཡཿ ༀ་བཛྲ་ཡཀྴ་བཻ་ཏ་ལི་ཧཱུྃཿ དྲག་རཀྴ་རཀྨོ་ཐུམ་ལུམ་ཆྒཻའི་སྙིང་ལ་འདུས་འདུསཿ སྲོག་ལ་སྲིང་སྲིང་ཤམ་ཤམ་ཁྱེར་བྷྱོཿ དྲག་རཀྴ་རཀྨོ་ཐུམ་ལུམ་སྙིང་ཁ་རཀྴ་ཛ་ཛཿ དྲག་རཀྴ་༵ཆྒཻའི་ཙིརྟ་ཤམ་ལམ་སྙིང་ཁ་རཀྴ་ཛ་ཛཿ ཐུམ་རི་ལི་ལི་བྷྱོ༔ ༀ་ཤྲྀ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ཏ་དགྲ་བོ་མིང་དང་གཟུགས་སུ་བྲིས་པ་རྣམས་སརྦ་ཤ་ཏྲཱུཾ་མཱ་ར་ཡ་ཧཱུྃཊ༔ ཅེས་སྔགས་མང་དུ་བཟླ་ཞིང་བརྡེག་གོ་བསྟོད་པ་ནི། ཧཱུྃ་ཕྱོགས་སྐྱོང་བཅུ་པོ་འཁོར་དང་བཅསཿ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་དང་ཿ མཁའ་ལ་རྒྱུ་བ་མ་མོའི་ཚོགས༔ འགལ་རྐྱེན་བཟློག་ལ་དངོས་གྲུབ་སྩོལ༔ གསུམ་པ་དཀར་པོ་བསྐྱེད་ཅིང་ཟོར་བརྡེགས་པ་ནིཿ ཟོར་དང་མཚོན་ཆ་རྣམས་མི་དམིགས་པའི་ངང་ལས་ཧཱུྃ་མཐིང་ནག་གཅིག་ཏུ་གྱུརཿ དེ་ཡོངས་སུ་གྱུར་པ་ལས་ཡང་སྤྲུལ་ནག་པོ་ཆེན་པོ་གྲི་གུག་ཐོད་ཁྲག་ཅནཿ དེའི་ཐུགས་ཀའི་ཧཱུྃ་ལས་དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང་ཿ མ་མོ་སུམ་བརྒྱ་དྲུག་ཅུ་འཕྲོས་པསཿ ཕྱག་ན་ཁྲག་ནད་ཀྱི་རྐྱལ་བ་བསྣམས་ནས་དགྲ་བོ་རྣམས་ལ་བརྒྱབ་པསཿ ལ་ལས་ཁྲག་སྐྱུགསཿ ལ་ལས་ཁྲག་བཤལཿ ལ་ལ་ནད་ཀྱིས་མྱོསཿ ལ་ལ་གྲིར་ཤི་ནས་ལྷག་མ་མེད་པར་བསམ་ལ༔ བསྐལ་བ་ནི། ཧཱུྃ་གཞན་ཡང་བཀའ་ཉན་ལས་མཛད་པའིཿ མཁའ་ལ་རྒྱུ་བ་མ་མོའི་ཚོགས༔ དུར་ཁྲོད་བདག་མོ་ཟ་བྱེད་མོཿ ཚངས་པ་ཆེན་པོ་གཞོན་དུ་མོཿ ལྷ་ཆེན་མོ་དང་གཏོགས་འདོད་མོཿ རྒྱལ་ཆེན་མོ་དང་སྣ་ཆེན་མོཿ འབར་མ་མོ་དང་སྲིན་མོའི་ཚོགསཿ རེས་འགའ་མགོ་བརྙན་དག་ཏུ་སྤྲུལ༔ སྦྲུལ་དང་གཟིག་དང་བྱི་ལ་དང་ཿ ཕ་ཝཾ་དྲེད་མོང་ཕག་དང་ནི༔ སེང་གེ་སྟག་གཟིག་ཁྱི་སྤྱང་དང་ཿ རྔ་མོ་ལ་སོགས་མགོ་བརྙན་ཅནཿ ཟ་བྱེད་གདུག་པ་ཆེན་པོའི་ཚོགསཿ དམ་ཉམས་འདུལ་བར་དམ་བཅས་པཿ ཐུགས་དམ་བཞིན་དུ་ཕྲིན་ལས་མཛོདཿ ཧཱུྃ་ནག་པོ་ཆེན་པོའི་ཕོ་ཉ་རུཿ ཐོ་བ་ཅན་གྱི་དུས་ལ་བབཿ གཡས་པས་ཐོ་བ་ནམ་མཁར་ཕྱརཿ གཡོན་པས་ལྕགས་ཀྱུ་འབར་བ་བསྣམས། ལྕགས་ཀྱུས་ཟུངས་ལ་ཐོ་བས་ཐོབཿ ཁྲོ་མོའི་གསང་བའི་ཧོམ་ཁུང་དུཿ ཁྲོ་བོའི་རྡོ་རྗེ་ཐོ་བ་ཡིསཿ དགྲ་བགེགས་མ་ལུས་བརྡུངས་བྱས་ནསཿ རྡུལ་དུ་བརླག་པའི་ཕྲིན་ལས་མཛོད༔ ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊཿ ༀ་མ་ཧཱ་ཀཱ་ལ་ཆྒཻའི་སྙིང་འབྱིནཿ སྙིང་ལ་སུ་ཏྲི་ཆྒཻའི་ཙིརྟ་རྦདཿ ༀ་མ་ཧཱ་ཀཱ་ལ་ནྲྀ་ཐུམ་རིལ་རྦདཿ སུ་ནྲྀ་ཛ་ཆྒཻའི་སྙིང་ལ་འདུས་འདུས༔ ༀ་བཛྲ་ཡཀྴ་བཻ་ཏ་ལི་ཧཱུྃཿ དྲག་རཀྴ་རཀྨོ་ཐུམ་ལུཾ་ཆྒཻའི་སྙིང་ལ་འདུས་འདུསཿ སྲོག་ལ་སྲིང་སྲིང་ཤམ་ཤམ་ཁྱེར་བྷྱོཿ དྲག་རཀྴ་ར ཀྨོ་ཐུམ་ལུམ་སྙིང་ཁ་རཀྴ་ཛ་ཛཿ ཏྲག་རཀྴ་རཀྨོ་ཆྒཻའི་ཙིརྟ་ཤམ་ལམ་སྙིང་ཁ་རཀྴ་ཛ་ཛཿ ཐུམ་རི་ལི་ལི་བྷྱོཿ ༀ་ཤྲཱྀ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ཏ་དགྲ་བོ་མིང་དང་། གཟུགས་སུ་བྲིས་པ་སརྦ་རླུམ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་མང་དུ་བཟླའོཿ བསྟོད་པ་ནི། ཧཱུྃ་ཡང་སྤྲུལ་ཕོ་ཉའི་ཚོགས་རྣམས་ནིཿ མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམསཿ དགྲ་བོའི་སྲོག་རྩ་གཅོད་ཅིང་གཏུབསཿ མི་མཐུན་རྐྱེན་དང་བར་ཆད་བཟློག༔ མཐུན་པའི་དངོས་གྲུབ་བདག་ལ་སྩོལ༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བཅུ་གཉིས་པ་སྔགས་པ་རྣམས་ཆས་གོས་གྱོན། གོ་མཚོན་ཐོགསཿ རྔ་བརྡུངསཿ རང་གི་སྲུང་མ་དགྲ་བོའི་སྟེང་དུ་ཆས་པར་བསམ་ལ་འདི་སྐད་དོཿ བསྭོ་ཆའོ་ཆའོ་སྲུང་མའི་ཚོགསཿ སངས་རྒྱས་ཆོས་ལ་བསྭོ་མེད་ཀྱང་ཿ མགོན་པོ་ནག་པོ་བསྭོ་ལ་དགྱེསཿ སངས་རྒྱས་ཆོས་ཀྱི་སྲུང་མ་བསྭོཿ གཙུག་ལག་ཁང་གི་སྲུང་མ་བསྭོཿ རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ་བསྭོཿ དམ་ཚིག་ཅན་གྱི་སྲུང་མ་བསྭོཿ དམ་ཉམས་རྣམས་གྱི་གཤེད་མ་བསོཿ སྡིག་ཅན་རྣམས་ཀྱི་སྲོག་གཅོད་བསྭོཿ སྲུང་མའི་དམག་ཚོགས་དགྲ་ལ་ཆོསཿ མ་ཧཱ་ཀཱ་ལ་དགྲ་ལ་ཆོསཿ ནག་པོ་ཆེན་པོ་དམ་ལ་འདུསཿ ལེགས་ལྡན་ནག་པོ་དམ་ལ་འདུསཿ བཀའ་སྡོད་ཆེན་པོ་དམ་ལ༴ བསྟན་སྲུང་ཆེན་པོ་དམ༴ མྱོས་བྱེད་ཆེན་པོ་དམ་ལ༴ ཕྱོགས་བཅུའི་མགོན་པོ་དམ༴ དཔལ་ལྡན་ལྷ་མོ་དམ༴ སྔགས་ཀྱི་སྲུང་མ་དམ༴ དགྲ་ལྷའི་རྒྱལ་པོ་དམ༴ བདག་མ་ཉེས་མ་ཡོ་སྲུང་མས་མཁྱེནཿ གཟུ་དང་དཔང་དུ་དཀོན་མཆོག་བཞུགསཿ བསམ་གཏན་བྱང་ཆུབ་བསྒོམ་བསམ་ཡང་ཿ དགྲ་དང་བགེགས་ཀྱི་མ་སྟེར་རོཿ རྣལ་འབྱོར་བདག་ལ་དགྲ་བྱུང་ནཿ སྲུང་མའི་དམག་དཔུང་ར་མདའ་བཟློག༔ སྲུང་མའི་མཐུ་རྩལ་མ་ཞན་ཅིག༔ མིང་དང་གཟུགས་སུ་བྲིས་པ་ཡི། དམ་ཉམས་དགྲ་བགེགས་སྡིག་ཅན་འདི༔ སྲུང་མ་ཁྱེེད་ཀྱིས་མྱུར་དུ་སྒྲོལཿ བདག་དང་ཡོན་གྱི་བདག་པོ་ལཿ ཕྱོགས་བཅུའི་ཁམས་ནས་དགྲ་བྱེད་དམཿ བསམ་ངན་འཆང་བའི་དགྲ་དང་བགེགསཿ གཏོར་མ་འདི་དང་མཉམ་དུ་ནིཿ མ་ཧཱ་ཀཱ་ལའི་ཞལ་དུ་སྟོབསཿ ཕྱོགས་བཅུའི་མགོན་པོའི་ཞལ་དུ་སྟོབསཿ སྡེ་བརྒྱད་མགོན་པོའི་ཞལ་དུ༴ མིང་དང་གཟུགས་སུ་བྲིས་པ་ཡིཿ དགྲ་བགེགས་སྡིག་ཅན་མ་ཤོར་ཁུགཿ རྟ་རྨིག་གཡོན་མའི་ནང་དུ་བྲུབཿ གཡག་previous hit རུགཡོན next hit་མའི་ནང་དུ་བྲུབཿ ལྕགས་ཁང་སྒོ་མེད་ནང་དུ་བྲུབ༔ ཞེས་དང་། དམོད་བཅོལ་བྱ་ཞིང་ལིངྒ་བསྒྲལ་བ་ནིཿ དམ་ཉམས་པའི་དགྲ་བོ་བསྒྲལ་བའི་ས་འདི་ནིཿ ལས་ཀྱི་གཤིན་རྗེ་ནག་པོའི་ལྟོ་བཿ གཟའ་བདུད་རཱ་ཧུ་ལ་ཡི་གདོང་བཿ ལྷ་མ་སྲིན་སྡེ་བརྒྱད་ཀྱི་འཚོགས་རཿ རྡོ་རྗེ་ལེགས་པའི་འགྲིམས་སྲེང་ཿ བདུད་བཙན་གཉིས་ཀྱི་སོ་བརཿ ཀླུ་བདུད་ནག་པོའི་ཕོ་བྲང་ཿ ནད་ཀྱི་རླངས་པ་འཐིབས་པཿ མཚོན་གྱི་ཆར་བ་འབེབས་པཿ ཁྲག་གི་རྒྱ་མཚོ་འཁྱིལ་བཿ རིམས་ཀྱི་རླངས་པ་འཕྱོ་བཿ ཐོག་གི་བུ་ཡུག་འཚུབས་པཿ བྱད་མའི་མདའ་ཐུན་འདྲིལ་བཿ སྲོག་གཅོད་ཀྱི་ཕོ་ཉ་ངུ་བཿ ཤ་ཟན་གྱི་ཕོ་ཉ་རྒོད་པཿ ཁྲག་འཐུང་གི་ཕོ་ཉ་རྒྱུག་པཿ ལག་དམར་གྱི་བཤན་པ་རྔམ་པཿ བླ་ཟན་གྱི་ཁྱི་ནག་ངུ་བཿ བླ་འཛིན་གྱི་དྲྭ་བ་བྲེས་པཿ བླ་འགུགས་ཀྱི་ཤ་ཟུང་ཐོགས་པཿ ཕྱི་ལྕགས་རི་ནག་པོ་ལཿ ལོགས་མཚོན་ཆའི་དྲྭ་བ་བྲེས་པཿ སྲིད་པ་གསུམ་ཡང་མི་མངོན་པཿ བདུད་ཀྱི་ལག་པ་བརྐྱང་བཿ གཤིན་རྗེའི་ལྟོ་བ་ཟེད་པཿ དཔག་ཚད་དགུ་སྟོང་ཡོད་པའི་ནང་དུཿ དམ་ཉམས་པའི་དགྲ་བོ་བསམ་པ་ངན་པཿ སྦྱོར་བ་རྩུབ་པཿ ཁ་ངན་པཿ ལག་པ་རྩུབ་པཿ ཁ་དཀར་ལ་སྙིང་གནག་པཿ སྔ་དགྲ་བྱས་པཿ ད་དགྲ་བརྩམས་པཿ ཕྱི་དགྲ་ཤོམ་པཿ རྐུན་མ་ཞགས་ཆིངས་ཁུར་བཿ ཇག་པ་རྟ་ཁ་བསིགས་པཿ མཐོ་ལ་ཁཿ དམའ་ལུང་ཁུང་ཿ ཆུ་ཁ་རབ་སོཿ གཞི་བྱེས་གཉིས་ཀྱི་བར་ན་ངན་སེམས་འཆང་བའི་དགྲ་བོ་མིང་དང་གཟུགས་སུ་བྲིས་པ་རྣམས་སོད་ཅིགཿ སྒྲོལ་ཞིགཿ ཁ་སྐོར་ཅིགཿ ཚངས་སྤྲུགས་ཤིགཿ ལིང་ཐོབ་ཅིགཿ མིག་ཕྱུངས་ཤིགཿ རོའི་ཟམ་པ་ཚུགས་ཤིགཿ ཁྲག་གིས་ཆག་ཆག་ཐོབ་ཤིགཿ གྲིའི་ས་བོན་ཐོབས་ཅིགཿ ལིང་ཁུང་ཆེན་པོའི་ཁ་མ་དོགཿ ཤན་པ་ལག་དམར་གྱི་སྤུ་གྲི་མ་རྡུལཿ སྐྱེ་བ་ཕྱི་མ་ལ་ཤོལ་མ་བཏབཿ ལས་ཀྱི་རྣམ་པར་སྨིན་པ་ལ་ཁུངས་མ་འབྱིནཿ དུས་ད་ལྟ་ཉིད་དུ་སོད་ཅིགཿ སྒྲོལ་ཞིགཿ བཅུ་གསུམ་པ་བསྟབ་པར་བྱ་བ་ནི། རྩྭ་གཟུགས་མཚོན་གྱིས་གཏུབས་ལ་འདི་སྐད་དོཿ ཧཱུྃ་ཁྲག་འཐུང་ཆེན་པོའི་ལྷ་ཚོགས་རྣམསཿ སྡིག་ཅན་བསྒྲལ་ཕྱིར་ཞལ་ཕྱེས་ཤིགཿ དཔལ་རབ་འཆང་བ་ལ་སོགས་པའིཿ སྟེང་འོག་ཕྱོགས་བཅུའི་མགོན་པོ་རྣམསཿ གནམ་ས་ཙམ་གྱིས་ཞལ་གདངས་ལཿ རི་རབ་ཙམ་གྱིས་མཆེ་བ་གཙིགསཿ བར་སྣང་ཙམ་གྱིས་ལྗགས་རྐྱོང་ལཿ སྟོང་གསུམ་ཙམ་གྱི་མིད་པ་རུཿ དམ་ཉམས་དགྲ་བགེགས་ཞལ་དུ་བསྟབཿ ཚངས་པ་བརྒྱ་བྱིན་ལ་སོགས་པའིཿ དཔལ་མགོན་བདུན་ཅུ་ཞལ་ཕྱེས་ཤིགཿ དམ་ཉམས་དགྲ་བགེགས་ཞལ་དུ་སྟོབསཿ དཔལ་ལྡན་ལྷ་མོ་ལ་སོགས་པའིཿ མ་མོ་བྱེ་བའི་ཞལ་ཕྱེས༴ དམ་ཉམས་དགྲ་བགེགས་ཞལ་དུཿ འཁོར་ལོས་རྒྱུར་རྒྱལ་ལ་སོགས་པའིཿ ཙང་ཀུན་དགུ་སྐོར་ཞལ་ཕྱེས༴ དམ་ཉམས་དགྲ་བགེགས་ཞལ་དུཿ རེ་འབྱམས་མཆེད་བརྒྱད་ཞལ་ཕྱེས༴ དམ་ཉམས་དགྲ་བགེགས་ཞལ་དུ༴ ལོ་བདུད་བཅུ་གཉིས་ཞལ་ཕྱེས༴ དམ་ཉམས་དགྲ་བགེགས་ཞལ་དུཿ དུས་ཀྱི་གཤེད་བཞི་ཞལ་ཕྱེས༴ དམ་ཉམས་དགྲ་བགེགས་ཞལ་དུ༴ དུར་སྲི་བཅུ་བདུན་ཞལ་ཕྱེས༴ དམ་ཉམས་དགྲ་བགེགས་ཞལ་དུ་སྟོབས༔ ཐོད་ཁུར་ཉེར་གཅིག་ཞལ་ཕྱེས་ཤིགཿ དམ་ཉམས་དགྲ་བགེགས་ཞལ་དུ་སྟོབས༔ བཞེས་ཤིག་རོལ་ཞིག་ལིང་ག་འདིའི་ནང་དུ་མིང་དང་གཟུགས་སུ་བྲིས་པའི་བསྟན་དགྲ་གནོད་བྱེད་ཀྱི་ཚེ་བླ་སྲོག་གསུམ་ཁ་རྗེ་དབང་ཐང་དང་། བཅས་པ་ཐམས་ཅད་དཔལ་མགོན་པོ་ནག་པོཿ ཤྲཱྀ་མ་ཧཱ་ཀཱ་ལཿ ལེགས་ལྡན་ནག་པོཿ སྐའི་མགོན་པོཿ གསུང་གི་མགོན་པོཿ ཐུགས་ཀྱི་མགོན་པོཿ ཡོན་ཏན་གྱི་མགོན་པོཿ ཕྲིན་ལས་ཀྱི་མགོན་པོཿ ཕྱོགས་བཅུའི་མགོན་པོཿ སྡེ་བརྒྱད་ཀྱི་མགོན་པོཿ འཁོར་ནག་པོ་སྟོང་ཿ ཤ་ཟ་འབུམཿ དྲི་ཟ་བྱེ་བཿ དཔལ་ལྷ་མོ་ནག་མོཿ སྔགས་ཀྱི་སྲུང་མཿ མ་གཤིན་འབུམཿ སྤྲུལ་པ་ཡང་སྤྲུལ་དང་ལྷ་མ་སྲིན་སྡེ་བརྒྱད་འཁོར་དང་བཅས་པའི་ཞལ་དུ་སྟོབས་ཤིགཿ བཞེས་ཤིགཿ རོལ་ཞིགཿ གསོལ་ཞིག༔ མ་ཧཱ་མཾ་ས་ལ་ཁ་ཧིཿ མ་ཧཱ་རཀྟ་ལ༴ མ་ཧཱ་ཙིརྟ་ལ༴ མ་ཧཱ་བ་སུ་ཏ་ལ༴ མ་ཧཱ་ཀོ་རོ་ཙ་ན་ལ༴ དབང་པོ་ལྔ་ལ༴ རྣམ་ཤེས་ཚོགས་བརྒྱད་ལ༴ སྐྱེ་མཆེད་བཅུ་གཉིས་ལ༴ ལྷག་མ་རྗེས་ཤུལ་ལ་ཁཱ་ཧི༔ རྒྱན་གྱི་གཏོར་མ་ཕུད་ཀྱི་མཆོད་པ་འདི་བཞེས་ལཿ སྡང་བའི་དགྲ་ལ་མཐུ་མ་ཆུང་ཿ གནོད་པའི་བགེགས་ལ་རྩལ་མ་ཞནཿ བཅོལ་པའི་ལས་ལ་བང་མ་བུལཿ དགྲ་བོ་ཆེ་བ་ལ་བབ་ན་སྡོང་རྒན་ལ་མེ་མཆེད་པ་བཞིན་དུ་ཐོངས་ཤིགཿ དགྲ་བོ་འབྲིང་བ་ལ་བབ་ན་ལྕུག་ཕྲན་ཟེར་བས་བརྔས་པ་བཞིན་དུ༴ དགྲ་བོ་ཆུང་བ་ལ་བབ་ན་མེ་ཏོག་སད་ཀྱིས་ཁྱེར་བ་བཞིན་དུ༴ དགྲ་བོའི་དར་མ་ལ་བབ་ན་ཐང་ཕྲན་སྟྭ་རེས་བཅད་པ་བཞིན་དུ༴ དགྲ་བོའི་བུ་མེད་ལ་ལ་བབ་ན་མེ་ཆུས་བསད་པ་བཞིན་དུ༴ དགྲ་བོའི་ཡུལ་ཞིང་ལ་བབ་ན་སྤངས་ལ་མེ་མཆེད་པ་བཞིན་དུ༴ དགྲ་བོའི་ཁ་རྗེ་ལ་བབ་ན་རྟ་དཀར་པོ་ལ་སྟན་ནག་པོ་བསྟད་པ་བཞིན་དུ་ཐོངས༴ དགྲ་བོའི་ཟས་ནོར་ལ་བབ་ན་མཚལ་རིས་ཆུས་ཁྱེར་བ་བཞིན་དུ༴ དགྲ་བོའི་གྲོང་མཁར་ལ་བབ་ན་བྲག་རུལ་ལ་ཐོག་ཕོག་པ་བཞིན་དུ༴ དགྲ་བོའི་ལོ་ཏོག་ལ་བབ་ན་འདམ་བུ་ནགས་ཚལ་མེས་ཚིག་པ་བཞིན་དུ༴ དགྲ་བོའི་ཕོ་རྒྱུད་རྩ་བ་ཀླུ་ལ་གཏོད་ཅིགཿ མོ་རྒྱུད་མངལ་གྱི་ཆགས་འཛིན་བཙན་ལ་གཏོད༴ སྐྱེས་པ་དར་མ་གྲི་ཁར་སོད་ཅིགཿ ཆུང་མ་དར་མ་འགགས་གྲིར་སོད༴ བུ་ཚ་ཚང་ཕྱིང་ནང་དུ་སོད༴ རིང་པོར་སྐྱེ་བའི་རྩ་བ་ཆོད༴ ཐུང་ངུར་སྐྱེས་པའི་རྩ་བ་ཕྱུངས་ཤིགཿ སྦོམ་པོར་སྐྱེས་པའི་ཁོག་པ་སྤྲུགས་ཤིགཿ ཡལ་ག་སྐྱེ་བའི་ཡན་ལག་ཆོད་ཅིགཿ དམ་ཉམས་པའི་དགྲ་བོ་མི་ནོར་འཁོར་བཅས་ཀྱི་ཚེ་བླ་སྲོག་གསུམ་ཁ་རྗེ་དབང་ཐང་བསོད་ནམས་ཐམས་ཅད་མཱ་ར་ཡ་ནནཿ སྟྭཾ་྄ བྷ་ཡ་ནནཿ གོད་འདྲེ་གོད་སྲི་མི་ཁ་བྲ་མཆུ་ཐམས་ཅད་མཱ་ར་ཡ་ནནཿ སྟྭཾ་བྷ་ཡ་ནན་ཛ་ཛཿ དལ་ཡམས་རིམས་ཡམས་ནད་ཡམས་དགྲ་སྣ་གོད་སྣ་བྱད་སྣ་ཐན་སྣ་ལྟས་ངན་པ་མོ་རྨི་ངན་པ་བཀྲ་མི་ཤིས་པ་ཐམས་ཅད་དམ་ཉམས་པའི་བསྟན་དགྲ་སྡིག་ཅན་གྱི་སྟེེང་དུ་བསྒྱུར་ཞིགཿ བཟློག་ཅིགཿ དེ་ལྟར་བྱས་པས་གློ་སྙིང་དང་ཤ་ཁྲག་སྟེར་འོང་བ་དང་། བཤན་པས་སེམས་ཅན་བསད་པ་དང་ཿ རི་དྭགས་བསད་པ་དང་ཿ གཅན་གཟན་གྱི་ར་ལུག་བསད་པའི་རྟགས་རྣམས་འོང་ངོ་ཿ གལ་ལྟེ་རྟགས་མེད་ནཿ དམ་ཅན་འདས་བསྟན་པ་ནིཿ ཙ་ཀ་ལི་གྲུ་གསུམ་ཁ་ནས་མགོ་ཐུར་དཔྱངསཿ རུས་ཆེན་མཆོད་ཁུར་སྙིང་ཀར་གཟིརཿ པདྨ་ཁྲག་འཐུང་ཡིན་པར་བསམཿ གཞན་ཡང་བླ་མ་ཡི་དམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ཿ རྒྱུད་སྡེ་བཞིའི་ལྷ་ཚོགས་རྣམས་ཀྱིས་ཁོའི་སྙིང་ཁྲག་འཐུང་བར་བསྒོམ་ཞིང་ཿ བྷྱོ་ལོ་ཏི་མོ་ནག་ཤྲཱྀ་ལ་མ་ཀ་ཏི་གུ་ཎ་གྷ་ལ་ཀཱ་ཧཱ་མ་ཤྲཱྀ་ༀ་ཅེས་བཟླཿ རང་ལ་ཕྱག་བྱེད་པ་དང་ཿ ཁྱེད་ཀྱིས་ཅིད་འདོད་ཟེར་བ་རྨི་ལམ་དུ་འོང་ནཿ ཐུན་མགོར་བརྒྱ་རེ་བཟླས་པས་ཆོགཿ རྟགས་ཕྱུང་བ་དང་། རྒྱུས་ཆེན་ཕུར་པ་མགོན་པོའི་སྐའི་རྣམ་པར་བཞེངསཿ ཁྲུས་གསོལ། བསྐང་བཤགས་བྱའོཿ བཅུ་བཞི་པ་བསྐལ་ཞིང་བཟློག་པའི་ཕྲིན་ལས་བཅོལ་བ་ལ་གསུམ་སྟེཿ ལྷ་དམག་སྤྱི་བསྐལ་དང་ཿ ཚོགས་བདག་དངོས་ཀྱི་བསྐལ་བ་དངཿ བཟློག་པ་རྣམས་རིམ་པ་བཞིན་དུ་བྱའོཿ དེ་ལས་དང་པོ་སློབ་དཔོན་ཆེན་པོས་མཛད་པའི་ལེགས་ལྡན་ནག་པོའི་ལྷ་དམག་སྤྱི་བསྐལ་འདི་ཉིད་སྐབས་འདིར་སྦྱོར་རྒྱུད་འབྲེལ་ཆགས་པར་འདུག་པ་དང་ཿ སྤྱིར་ཐུགས་དམ་བསྐལ་བའི་རིགས་རྣམས་སྨད་ལས་ཀྱི་ཐོག་མཐའ་བར་གསུམ་གང་དུ་བཏགས་ཀྱང་ཆོག་པར་མངོན་ཏེ་རྦད་བསད་ལས་སྦྱོར་མཐའ་དག་བསྐལ་བ་ལས་དམ་འདས་པའི་དོན་ཤེས་པར་བྱ་དགོས་སོ། ལ་ལ་དག་བསྒྲལ་བ་དང་ཕུར་གདབ་ཐུན་ལས་སོགས་རིམ་བཞིན་བྱས་ནས་གདོད་བསྐལ་བ་བྱེད་པ་ལ་བརྒལ་བརྟགས་བྱས་པ་དག་མཐོང་ཡང་། བསྒྲལ་བ་ལ་བླ་བསྒྲལ་བ་དང་། དེ་བཞིན་དུ་སྡིག་པ་བསྒྲལ་བ། ཚེ་བསྒྲལ་བ། ཕུང་ཁམས་སྐྱེ་མཆེད་ཀྱི་རྟེན་སོ་སོར་རམ་གཅིག་ཆར་དུ་སྒྲོལ་བ། རྣམ་ཤེས་ཆོས་ཉིད་ཀྱི་ངང་དུ་སྒྲོལ་བ་དེའི་རྗེས་སུ་ཀུན་གཞིའི་སྟེང་ན་ཡོད་པའི་བག་ཆགས་མ་ལུས་པ། མིང་ཐུན་མཚོན་གསུམ་གྱིས་བརླག་པར་བྱས་པས་གཟུགས་ཕུང་གཏུབས་ཤིང་ཞལ་དུ་སྟོབས་པ་རྣམས་ཀྱི་གོ་དོན་སློབ་པ་ཤིན་དུ་གལ་ཆེ། དེ་ནས་བསྐལ་བྱ་དང་། བསྐལ་བྱེད། བསྐལ་ཡུལ་སོགས། དམིགས་གནད་ངེས་པར་བྱས་ནས་བཤད་མ་ཐག་པ་ལྟར་བསྐལ་བཟློག་གཉིས་ཀའི་དོན་མི་མཐུན་པའི་རྐྱེན་ངན་རྣམས་ཕྱིར་བཟློག་པའི་ཆེད་དུ། སྲུང་མའི་དམག་ཚོགས་དགྲ་ལ་རྦད་པའི་དོན་ཡིན་བཞིནཿ བསྐལ་གྱི་ལྷ་གྲངས་དང་མཚུངས་པའི་དམར་གཏོར་ཤ་ཁྲག་གིས་བརྒྱན་པ་དང་། ལིངྒ་ཆུང་ངུ་དེ་མཚུངས་ལྕགས་སྣོད་སོགས་སུ་བཤམས་པ་གཉིས་ཀར་རཀྟ་བྲན་ཞིང་འགུགས་འདྲེན་དྲག་པོ་གང་ནུས་གྱི་མཐར། རཾ་ཡཾ་ཁཾ་གིས་མི་གཙང་བའི་དྲི་མ་སྦྱངས། ༀ་ཨཱཿཧཱུྃ་གིས་གཏོར་མ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས་གསུམ་ངོ་བོ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བྱིན་གྱིས་བརླབས་ཏེ་ཕུལ་བས་ལྷག་མེད་དུ་གསོལ་ནས་བདག་གིས་ཇི་ལྟར་བཅོལ་པའི་ལས་རྣམས་ཐོག་མེད་དུ་བསྒྲུབ་པར་བསམ་ལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །ནག་པོ་ཆེན་པོའི་ཞལ་དུ་སྟོབ། །སློབ་དཔོན་སྐ་ལ་བསྡོ་བ་དང་། །རྣལ་འབྱོར་བདག་ལ་སྡང་བ་དང་། །རྡོ་རྗེ་སྤུན་ལ་འཁུ་བ་དང་། །བདག་གི་འཁོར་ལ་གནོད་པ་དང་། །མིང་དང་གཟུགས་སུ་བྲིས་པ་རྣམས། །ནག་པོ་ཆེན་པོའི་ཞལ་དུ་སྟོབས། །ཡན་ལག་རྣམས་ཀྱི་ཤ་ཆོད་ལ། །མགོན་པོ་ཆེན་པོའི་ཞལ་དུ་རོལ། །ཚེ་སྲོག་དམར་པོ་རྩད་ནས་ཆོད། །ཁྲག་གི་རྒྱུན་ཡང་འཐུང་བར་བྱེད། །སྙིང་ཁྲག་དྲོན་མོ་ཞལ་དུ་གསོལ། །ཏིལ་འབྲུ་ཙམ་ཡང་མེད་པར་མཛོད། ཀྱིས་གཏོར་མ་འབུལ། ཁྲག་སྐྱེམས་དང་ཆང་གི་སྐྱེམས་ཀྱིས་བྲན་ལ། དང་པོ་ལྷ་དམག་སྤྱི་བསྐལ་བྱ་བ་ནི། ཧཱུྃ་དདཔ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མ་ཧཱ་ཀཱ་ལའི་ཚོགས། །སངས་རྒྱས་ཐུགས་རྗེ་སྤྲུལ་པའི་སྐ། །བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །བསྐལ་ལོ་བསྟན་པ་བསྲུང་ཕྱིར་བསྐལ། །མཛོད་ཅིག་དགྲ་བགེགས་འདུལ་པར་མཛོད། །གདུག་པ་འདུལ་མཛད་ཐོད་ཕྲེང་ཅན། །ཕ་ནི་ཚོགས་བདག་དབང་ཕྱུག་ཆེ། །མ་ནི་ལྷ་མོ་རྫུ་འཕྲུལ་ཅན། །སྲིང་མོ་དཔལ་ལྡན་རེ་མ་ཏི། །སྔོན་ཚེ་བསྐལ་པ་དང་པོ་ལ། །ལྷ་དང་ལྷ་མིན་དམག་འགྱེད་ཚེ། །སུམ་ཅུ་རྩ་གསུམ་ལྷ་གནས་སུ། །ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས། །ལྷ་མི་འདུལ་བའི་དཔང་པོ་རུ། །ཡབ་ཡུམ་སྲས་བཅས་སྤྱན་དྲངས་ནས། །འཁོར་ནི་ལྷ་དམག་བྱེ་བ་འབུམ། །ལྷ་མིན་དམག་ཚོགས་གཡུལ་བཟློག་ཅིང་། །ལྷ་རྣམས་རྟག་ཏུ་རྒྱལ་བ་ལྟར། །བདག་ཀྱང་དགྲ་ལས་རྒྱལ་བའི་ཕྱིར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །རྒྱལ་བ་ཤཱཀྱ་ཐུབ་པ་དང་། །དཔལ་ལྡན་ཕྱག་ན་རྡོ་རྗེ་ཡི། །སྤྱན་སྔར་ཁས་བླངས་དམ་བཅས་བཞིན། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ༀ་ཨེ་ཧྱ་ཧི་མ་ཧཱ་ཀཱ་ལ་ས་མ་ཡ་ཧཱུྃ་ཛ་ཛ༔ དེ་ནས་བསྟོད་པ་བྱ་བ་ནི། ཧཱུྃ་ལྷ་དམག་འབུམ་གྱི་དཀྱིལ་འཁོར་ནས། །ཡབ་ནི་མཐུ་ཆེན་ཚོགས་ཀྱི་བདག །དབང་ཕྱུགས་ཆེན་པོ་ལྷ་ཆེན་པོ། །མཐིང་ནག་ལྕགས་ཀྱི་རལ་པ་ཅན། །སྤྱན་གསུམ་མཆེ་བ་གཙིགས་པའི་ཞལ། །ཕྱག་གཡས་མདུང་དང་རལ་གྲི་བསྣམས། །གཡོན་པས་མདའ་གཞུ་ཞགས་པ་བསྣམས། །སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན། །གླང་ཆེན་སྟོབས་ལྡན་ཁྲི་ལ་བཞུགས། །ལྷ་དམག་དཀར་པོའི་དབུགས་འབྱིན་པ། །ལྷ་མིན་དམག་ཚོགས་གཡུལ་བཟློག་ཅིང་། །ནག་པོ་ཆེན་པོ་ཁྱོད་ལ་བསྟོད། །བུ་ནི་རིག་འཛིན་མཐུ་བོ་ཆེ། །མ་ཧཱ་ཀཱ་ལ་ཚོགས་ཀྱི་བདག། །སྐ་མདོག་མཐིང་ནག་རལ་པ་ཅན། །སྤྱན་གསུམ་མཆེ་བ་གཙིགས་པའི་ཞལ། །དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས། །མཐིང་ནག་དར་གྱི་ཅོད་པཎ་ཅན། །སྐ་ལ་མཐིང་ནག་བེར་ཆེན་གསོལ། །ཕྱག་གཡས་ཙན་དན་བེང་ཆེན་བསྣམས། །previous hit གཡོན་པས་མདུང་དང་རུ next hit་མཚོན་ཕྱར། །ཆིབས་སུ་རྟ་ནག་ཕུམ་དམར་བཅིབས། །འཇིག་རྟེན་ལྷ་དམག་ཡོངས་ཀྱི་གཙོ། །ལྷ་མིན་གཡུལ་ཟློག་མཐུ་རྩལ་ཅན། །ལྷ་མིན་འདུལ་མཛད་ཁྱེད་ལ་བསྟོད། །དམར་གྱི་གཏོར་མ་རྒྱན་ཅན་དང་། །བདུད་རྩི་དམ་པ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོཿསྲིང་མོ་ཆེན་མོ་དཀའ་བཟློག་མ། །འདོད་ཁམས་ལྷ་མོ་རེ་མ་ཏི། །གཅེར་བུ་ཁྲག་གི་རལ་གཡེང་མ། །ལག་ན་མདུང་དང་རལ་གྲི་ཐོགས། །ནག་མོ་མཆེ་བ་གཙིགས་པའི་ཞལ། །ལྷ་རྣམས་ཀུན་གྱིས་མཆོད་ཅིང་བསྟོད། །ལྷ་མིན་དམག་ཚོགས་འཇོམས་མཛད་པ། །གཅེར་བུ་བོང་ཞོན་ཁྱོད་ལ་བསྟོད། །བཀའ་ཡི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །དགྲ་བགེགས་གཉིས་ཀྱི་གཡུལ་ངོ་བཟློག །དེ་ནས་རྡས་རུ་བསྐལ་ཅིང་རྦད་པ་ནི། །ཧཱུཾ་སྔོན་གྱི་བསྐལ་པ་དང་པོ་ལ། །ལྷ་དང་ལྷ་མིན་འཐབ་པའི་ཚེ། །དེ་ཚེ་ལྷ་ཚོགས་ཀུན་གྱི་བདག །ཚངས་པ་དང་ནི་བརྒྱ་བྱིན་དང་། །མ་ཧཱ་དེ་ཝ་ལྷ་ཡི་གཙོ། །ནག་པོ་ཆེན་པོ་ར་མདའ་ཟློག །ཁྱོད་ནི་དྲག་པོ་ལྷ་ཡི་གཙོ། །དྲག་པོ་བདུད་ལ་མཐུ་རྩལ་ཅན། །ལྷ་མིན་འདུལ་བར་ཞལ་བཞེས་པ། །སྐ་ནི་གདུག་པ་འདུལ་བའི་ཕྱིར། །དྲག་པོའི་ལས་མཛད་མཐིང་ནག་འབར། །དབུ་སྐྲ་རལ་པ་ཐོར་ཚུགས་བཅིངས། །དར་ནག་ཅོད་པཎ་དབང་མཆོག་བསྐར། །རལ་པ་གསིག་ཅིང་སྲིད་གསུམ་འདུལ། །སྐ་ལ་དར་ནག་འཇོལ་བེར་གསོལ། །ཕྱག་གཡས་ཙན་དན་བེང་ཆེན་གསོར། །དགྲ་བགེགས་ཀླད་པའི་རྒྱབ་ཏུ་བརྡེག །previous hit གཡོན་པས་མདུང་དང་རུ next hit་མཚོན་འཕྱར། །བདུད་དང་སྲིན་པོ་ལྷ་མིན་འདུལ། །སྟོང་གསུམ་བདུད་འདུལ་རྟ་ནག་བཅིབས། །ཁྱེད་ཀྱི་སྤྲུལ་པ་ཆེན་པོ་ནི། །བྱོང་ཕྱོགས་གནོད་སྦྱིན་ཆེན་པོ་བརྒྱད། །ལྕགས་ཀྱི་བྱ་ཁྲ་བརྒྱད་དུ་སྤྲུལ། །ལྷོ་ཕྱོགས་གཤིན་རྗེ་ཆེན་པོ་བརྒྱད། །སྟག་གཟིག་དོམ་དང་སྤྱང་ཀུར་སྤྲུལ། །བྷྱོ་ནག་མོ་དགྲ་ལ་ཆས་པའི་ཚེ། །དཔའ་བོ་གིང་དང་ཆོས་བསྒྲོགས་པས། །ལྷ་དམག་བྱེ་བ་དུང་ཕྱུར་ཚོགས། །རྒྱལ་པོ་བློན་ཆེན་སྡེ་དཔོན་དང་། །རུ་འདྲེན་ཆེན་པོ་ལ་སོགས་པའི། །ནག་པོ་ཆེན་པོས་སྣ་དྲངས་ནས། །རི་རབ་རྩེ་ལ་ཀུས་བཏབ་ནས། །རི་རབ་ཟོམ་ལ་ཐུར་དུ་བབས། །ལྷ་དམག་བྱེ་བས་གཡུལ་བཤམས་ནས། །ལྷ་མིན་དམག་ཚོགས་གཡུལ་ངོ་བཟློག །རྒྱ་མཚོ་ཆེན་པོའི་རླབས་ཀྱིས་བདས། །དེ་ཚེ་བདུད་ཀྱི་སྡེ་ལས་རྒྱལ། །བྷྱོཿལྷ་ཡི་དཔའ་བོ་དགྲ་ལ་ཆོས། །ལྷ་དམག་དཀར་པོ་དགྲ་ལ་ཆོས། །བྷྱོ་ཁྱེད་ཀྱི་སྔོན་གྱི་རུ་འདྲེན་པ། །ལྷ་ཆེན་དབང་པོ་བརྒྱ་བྱིན་ལགས། །ལྷ་མིན་འདུལ་བར་མཆོག་ཏུ་བརྩོན། །སྐ་ལ་དར་ནག་འཇོལ་བེར་གསོལ། །སྟོབས་ཆེན་གླང་ཆེན་ས་སྲུངས་བཅིབས། །དབུ་ལ་རིན་ཆེན་རྨོག་ཞུ་མནབས། །གསེར་གྱི་སྤུ་གྲི་ཀླད་ལ་བསྐོར། །རྡོ་རྗེའི་ཐོག་དང་སེར་བ་འབེབས། །བཀའ་ཡི་བློན་པོ་རྫུ་འཕྲུལ་ཅན། །ཉེ་དབང་སུམ་ཅུ་རྩ་གཉིས་པོ། །གསེར་གྱི་གོ་ཁྲབ་སི་ལི་ལི། །ང་རྒྱལ་བསྭོ་སྒྲ་དི་རི་རི། །རྔ་སྒྲ་མོང་འུ་རུ་རུ། །སྔོན་ཚེ་ལྷ་མིན་བཏུལ་བ་ལྟར། །དམར་གྱི་གཏོར་མ་འདི་བཞེས་ལ། །ད་ཡང་དགྲ་བགེགས་རྡུལ་དུ་ཟློགས། །ཁྱོད་ཀྱི་གཡས་ཀྱི་རུ་འདྲེན་པ། །ལྷ་ཆེན་དཔའ་བོ་ཚངས་པ་ལགས། །ཚངས་པ་གདོང་བཞིས་གླིང་བཞི་འདུལ། །སྐ་ལ་ཤེལ་ཁྲབ་དཀར་པོ་གསོལ། །སྐ་ནི་དམར་སེར་འོད་དང་ལྡན། །སྟོབས་ཆེན་གླང་ཆེན་རབ་བརྟན་བཅིབས། །དབྱུག་པ་སྔོན་པོ་གནམ་དུ་ཕྱར། །གྷནྡྷེ་རིན་ཆེན་ས་ལ་བརྡབ། །སྟོང་གསུམ་འཇིག་རྟེན་དབང་དུ་བསྡུས། །གོ་ཆ་སྲ་ལ་མཚོན་ཆ་རྣོ། །དཔའ་པོའི་རུ་དར་ལྷབས་སེ་ལྷབ། །སྔོན་ཚེ་ལྷ་མིན་བཏུལ་བ་ལྟར། །ད་ཡང་དགྲ་བགེགས་རྡུལ་དུ་རློགས། །དམར་གྱི་གཏོར་མ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཁྱོད་ཀྱི་previous hit གཡོན་གྱི་རུ next hit་འདྲེན་པ། །རྒྱལ་པོ་ཆེན་པོ་སྡེ་བཞི་ནི། །རིན་ཆེན་འཕྲུལ་གྱི་གོ་ཆ་གྱོན། །རྟ་དམར་དཔུང་ཚོགས་ཤ་ར་ར། །སྟོང་སྡེའི་དམག་ཚོགས་མེ་རེ་རེ། །གོ་ཆ་སྲ་ལ་མཚོན་ཆ་རྣོ། །དཔའ་བོའི་རུ་དར་ལྷབས་སེ་ལྷབ། །སྔོན་ཚེ་ལྷ་མིན་བཏུལ་བ་ལྟར། །ད་ཡང་དགྲ་བགེགས་རྡུལ་དུ་ཟློག །དམར་གྱིི་གཏོར་མ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཁྱོད་ཀྱི་སླད་ཀྱི་རྗེས་འབྲང་ནི། །དྲག་པོའི་བཀའ་ཉན་ཕྱོགས་སྐྱོང་བཅུ། །བརྒྱ་བྱིན་དཀར་པོ་གླང་ཆེན་ཞོན། །རྡོ་རྗེ་གསོར་ཞིང་དགྲ་སྙིང་འདུལ། །དྲི་ཟའི་དམག་ཚོགས་མེ་རེ་རེ། །གོ་ཆ་སྲ་སོགས། མེ་ལྷ་དམར་ནག་ར་སྐྱེས་བཅིབས། །ལག་ན་མེ་ཡི་འཁོར་ལོ་བསྣམས། །མེ་ལྷའི་དམག་ཚོགས་མེ་རེ་རེ། །གོ་ཆ་སྲ་སོགས། །གཤིན་རྗེ་མཐིང་ནག་དབྱུག་པ་ཕྱར། །ཆིབས་སུ་མ་ཧེ་སྔོན་པོ་བཅིབས། །གཤིན་རྗེའི་དམག་ཚོགས་མེ་རེ་རེ། །གོ་ཆ་སྲ་སོགས། །སྲིན་པོ་དམར་ནག་རལ་གྲི་བསྣམས། །མི་རོ་དམར་པོའི་རྟ་རུ་ཞོན། །སྲིན་པོའི་དམགས་ཚོགས་མེ་རེ་རེ། །གོ་ཆ་སྲ་སོགས། །ཆུ་ལྷ་དམར་པོ་སྦྲུལ་ཞགས་བསྣམས། །ཆུ་སྲིན་སྔོན་པོ་ཁ་དམར་བཅིབས། །ཆུ་ལྷའི་དམགས་ཚོགས་མེ་རེ་རེ། །གོ་ཆ་སྲ་སོགས། །རླུང་ལྷ་ལྗང་ནག་ཤྭ་བ་ཞོན། །ཕྱག་ན་བ་དན་ནག་པོ་བསྣམས། །རླུང་ལྷའི་དམག་ཚོགས་མེ་རེ་རེ། །གོ་ཆ་སྲ་སོགས། གནོད་སྦྱིན་མཐིང་ནག་དབྱུག་པ་ཕྱར། །སེང་གེ་སྔོན་པོ་ཆིབས་སུ་བཅིབས། །གནོད་སྦྱིན་དམག་ཚོགས་མེ་རེ་རེ། །གོ་ཆ་སྲ་སོགས། །འབྱུང་བོ་ཐལ་མདོག་རྩེ་གསུམ་འཕྱར། །ཆིབས་སུ་ཆུ་གླང་དཀར་པོ་བཅིབས། །འབྱུང་བོའི་དམག་ཚོགས་མེ་རེ་རེ། །གོ་ཆ་སྲ་སོགས། ཉི་མ་དམར་པོ་པདྨ་བསྣམས། །ཆིབས་སུ་རྟ་ནག་ཕུམ་སྔོན་བཅིབས། །ཉི་མའི་དམག་ཚོགས་ཀྱི་ལི་ལི། །གོ་ཆ་སྲ་སོགས། ཟླ་བ་དཀར་པོ་གཟི་བརྗིད་ཅན། །ཨུཏྤལ་སྔོན་པོ་ཕྱག་ན་བསྣམས། །ཟླ་རྟ་ངང་པ་ཆིབས་སུ་བཅིབས། །ཟླ་བའི་དམག་ཚོགས་སྒ་ར་ར། །གོ་ཆ་སྲ་ལ་མཚོན་རྣོ། །དཔའ་བོའི་རུ་དར་ལྷབས་སེ་ལྷབ། །སྔོན་ཚེ་ལྷ་མིན་བཏུལ་བ་ལྟར། །ད་ཡང་དགྲ་བགེགས་རྡུལ་དུ་བརློགས། །དམར་གྱི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ས་ཡི་ལྷ་མོ་སྐ་མདོག་སེར། །ཕག་རྒོད་དམར་བཀྲ་ཆིབས་སུ་བཅིབས། །ཕྱག་ན་བདུད་རྩིའི་བུམ་པ་བསྣམས། །ས་བདག་དམག་ཚོགས་མེ་རེ་རེ། །གོ་ཆ་སྲ་ལ་སོགས། དགྲ་བགེགས་གནམ་ས་ཁ་ཞབས་ཟློག །ཆོས་སྐྱོང་ཆེན་པོ་ཁྱེད་རྣམས་ཀྱང་། །གོ་ཆ་སྲ་ལ༴ དཔའ་བོའི་རུ་དར༴ སྔོན་ཚེ༴ ད་ཡང་༴ དམ་རྫས་གཏོར་མ་འདི་བཞེས་ལ། །དམག་དཔུང་བསྐྱེད་ལ་དགྲ་དཔུང་ཐུལ། །བྷྱོ་མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །ཡོངས་སུ་གྲགས་པའི་མཐུ་རྩལ་ཅན། །ནག་པོ་ཆེན་པོ་ལྷ་དམག་ཚོགས། །སྔོན་ཚེ་ལྷ་མིན་བཏུལ་བ་ལྟར། །དེ་རིང་དགྲ་བགེགས་འདུལ་དོན་དུ། །དམ་རྫས་གཏོར་མ་འདེ་བཞེས་ལ། །དམག་དཔུང་བསྐྱོད་ལ་རུ་མཚོན་ཕྱོར། །དྲག་ཤུལ་བསྐྱེད་ལ་སྐ་ཤུགས་ཕྱུངས། །ཆོས་འཁོར་ཐམས་ཅད་བསྲུང་དུ་གསོལ། །བདག་གི་དགྲ་བོ་བསྒྲལ་དུ་གསོལ། །བྷྱོ་བྱང་ཤར་ཐོད་པའི་ལྡིང་ཁང་ནས། །སྨོན་ལམ་ཤུགས་ཀྱིས་འབྲེལ་བའི་ལྕམ། །སྲིང་གཅིག་དཔལ་ལྡན་རེ་མ་ཏི། །ནག་མོ་གཅེར་བུ་རལ་པ་ཅན། །སྤྱན་གསུམ་མཆེ་བ་གཙིགས་ནས་ནི། །ལག་ན་མདུང་དང་རལ་གྲི་བསྣམས། །མ་མོ་འབུམ་གྱི་འཁོར་གྱིས་བསྐོར། །དམར་གྱི་གཏོར་མ་འདི་བཞེས་ལ། །སྡང་བའི་དགྲ་བོའི་གཡུལ་ངོ་བཟློག །གནོད་པའི་བགེགས་རྣམས་ཐལ་བར་རློག །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་གཏོར་མ་དང་ལིངྒ་དགྲ་ཕྱོགས་སུ་བསྐྱལ་ལོ། ལམ་རྒྱ་གྲམ་དུ་མནན། ཆོས་སྐྱོང་ལྷ་དམག་སྤྱི་བསྐལ་འདི། སློབ་དཔོན་པདྨས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་གནང་ངོ་། དེས་ཉང་ཏིང་འཛིན་བཀོད་ལ་གནང་། དེས་སྲས་ཕུན་ཚོགས་ལ་གནང་ནས་རིམ་པར་བརྒྱུད་དོ། དགེའོ། དགེའོ། ༈ གཉིས་པ་ཚོགས་བདག་དངོས་ཀྱི་བསྐལ་བ་ནི། བདག་ཉིད་ཡི་དམ་ལྷའི་ང་རྒྱལ་དང་ལྡན་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་གྱི་གཙོ་བོའི་ཐུགས་དམ་བསྐལ། ཡབ་ལས་མགོན་པོ། ཡུམ་ལས་མ་མོ། འཁོར་རྣམས་ལས་རང་རང་འདྲ་བའི་སྤྲུལ་པ་དཔག་ཏུ་མེད་པ་འཕྲོས་པས། དེ་དག་གི་སྔོན་གྱི་དམ་ཚིག་རྗེས་སུ་དྲན་ནསཿ སྐ་རྔམ་པ་ཤིན་ཏུ་ཁྲོས་པའི་གཏུམ་བག་དང་ལྡན་པ་ཙམ་གྱིས། དགྲ་བགེགས་རྣམས་ཤིན་ཏུ་སྐྲག་ནས། འདར་ཕྲི་ལི་ལི་བྱེད་ཅིང་བཀྲག་མདངས་ཡལ་བར་བསྒོམས་ལ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ཐམས་ཅད་མ་ཧཱ་ཀཱ་ལའི་དམག་ཚོགས་ཀྱིས་ནམ་མཁའ་བར་སྣང་ས་གཞི་གང་ནས་ཧཱུྃ་སྒྲ་དང་། བསྭོ་སྒྲ་འབྱིན་པས་དགྲ་བགེགས་རྡུལ་དུ་བརླགས་པར་བསམ་ལ། གོང་ལྟར་འགུགས་བསྒྲལ་བྱིན་རླབས་བསྟབས་པ་སོགས་བྱས་ལ་འདི་སྐད་དོ། ཧཱུྃ་མགོན་པོ་ཆེན་པོའི་ཐུགས་དམ་ནི༔ དགྲ་བགེགས་འདུལ་བར་དམ་བཅས་པའིཿ དམ་ལས་མ་འདའ་ཕྲིན་ལས་མཛོདཿ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི༔ སྐ་གསུང་ཐུགས་ཀྱི་བྱིན་བརླབས་ལསཿ ལྷ་མིའི་དགྲ་བླ་མགོན་དུ་སྤྲུལཿ དམག་དཔོན་ཆེན་པོ་རྔམ་པའི་སྐཿ གསོད་བྱེད་མ་ཧཱ་ཀཱ་ལ་སྟེ༔ སྐ་མདོག་མཐིང་ནག་འཇིགས་པའི་གཟུགསཿ དབུ་སྐྲ་ཁམ་ནག་གྱེན་ཏུ་བརྫེསཿ དར་ནག་འཇོལ་བེར་སྐ་ལ་མནབསཿ གསེར་སྐ་རིན་ཆེན་སྐེད་ལ་བཅིངསཿ ཞབས་ལ་སག་ཏིའི་ལྷྭམ་པོ་ཆེཿ གཡས་ན་ཙནྡ་དན་བེང་ཆེན་བསྣམསཿ དགྲ་བགེགས་སྡིག་ཅན་ཀླད་ལ་རྒྱོབ༔ previous hit གཡོན་ནས་དྲི་ཤུལ་རུ next hit་མཚོན་འཕྱརཿ འབྱུང་པོའི་སྲོག་གཅོད་བྱ་ར་མཛོད༔ སྟེང་འོག་ཕྱོགས་མཚམས་ལ་སོགས་པཿ མ་ཧཱ་ཀཱ་ལའི་ཚོགས་ཀྱིས་གཏམསཿ དྲི་ཟ་མེ་ལྷ་གཤིན་རྗེ་དངཿ བདེན་བྲལ་ཆུ་ལྷ་རླུང་གི་ལྷཿ གནོད་སྦྱིན་དབང་ལྡན་ས་བདག་དངཿ ཉི་ཟླ་གཟའ་སྐར་ཚོགས་དང་བཅསཿ ལྷ་ཡི་ཚོགས་དང་ཀླུ་ཡི་ཚོགསཿ སྲིན་པོ་རོ་ལངས་ཤ་ཟ་དང་ཿ མཁའ་འགྲོ་ཤུགས་འགྲོ་མ་སྲིང་རྣམསཿ ཐམས་ཅད་གནས་ནས་འདིར་བྱོན་ལཿ དགྲ་བོ་བསད་དང་བཅིངས་པ་ཡི༔ མངོན་སྤྱོད་དྲག་པོའི་ལས་རྣམས་མཛོདཿ ཁྱེད་ཀྱི་ཐུགས་དམ་དུས་ལ་བབཿ དཀོན་མཆོག་གསུམ་ལ་སྨད་པ་དང་ཿ ཐེག་པ་ཆེན་པོ་སུན་འབྱིན་པཿ བསྟན་པ་བཤིག་པའི་སྡིག་ཅན་རྣམས༔ མ་ལུས་པར་ནི་ཞལ་དུ་གསོལ༔ གཞན་ཡང་བཀའ་ཉན་ལས་མཛད་པཿ མཁའ་ལ་རྒྱུ་བ་མ་མོའི་ཚོགསཿ དུར་ཁྲོད་བདག་མོ་ཟ་བྱེད་མོ༔ ཚངས་པ་ཆེན་མོ་གཞོན་ནུ་མོཿ ལྷ་ཆེན་མོ་དང་གཏོགས་འདོད་མོ༔ བརྒྱ་བྱིན་མོ་དང་རལ་གཅིག་མོ༔ འབར་མ་མོ་དང་སྲིན་མོའི་ཚོགསཿ རེས་འགའ་མགོ་བརྙན་ཚུལ་དུ་སྣང་ཿ སྦྲུལ་དང་གཟིག་དང་བྱི་ལ་དང་ཿ ཕ་བཾ་དྲེད་མོང་ཕག་དང་ནི༔ རྔ་མོ་ལ་སོགས་མགོ་བརྙན་ཅནཿ ཟ་བྱེད་གདུག་པ་ཆེན་པོའི་ཚོགསཿ དམ་ཉམས་འདུལ་བར་དམ་བཅས་ནསཿ ཐུགས་དམ་བཞིན་ཏུ་ཕྲིན་ལས་མཛོདཿ དགྲ་བགེགས་སརྦ་ཤ་དྲུམ་མཱ་ར་ཡ་ཛ་ཛཿ ཧཱུཾ་བྱང་ཤར་མཚམས་ཀྱི་ཕར་མཐའ་ནསཿ རྩུབ་འགྱུར་ཚལ་གྱི་དུར་ཁྲོད་ནསཿ མདུང་དང་རལ་གྲི་གཤིབས་པའི་ཕྲོང་ན༔ ལྷ་ཡི་རྒྱལ་པོ་ལྷ་ཡི་གཙོ༔ བདུད་ཀྱི་བདུད་དེ་བདུད་ཀྱི་རྗེཿ དཔལ་ལྡན་མ་ཧཱ་ཀཱ་ལ་ནི༔ མཐིང་ནག་སྤྱན་གསུམ་མཆེ་བ་ཅནཿ སྐ་ལ་དར་ནག་བེར་ཆེན་ཀླུབསཿ སག་རི་སག་ཏིའི་རྒྱ་ལྷྭམ་ཅནཿ སྟག་རལ་གཡས་ལ་གཟིག་ཤུབ་གཡོནཿ ཆིབས་སུ་བྲ་ནག་རྟིང་དཀར་བཅིབསཿ ཕྱག་ན་ཙནྡ་བེང་ཆེན་བསྣམསཿ འཁོར་དུ་མགོན་དམག་འབུམ་གྱིས་བསྐོར༔ ལས་སུ་སངས་རྒྱས་བསྟན་པ་སྲུངསཿ རྒྱན་གྱི་གཏོར་མ་འདི་བཞེས་ལཿ བདག་ལ་སྡང་བའི་དགྲ་བོ་དང་ཿ དཀོར་ལ་རློམས་པའི་སྡིག་ཅན་དང་ཿ དཀོན་མཆོག་གསུམ་གྱི་བསྟན་དགྲ་དང་ཿ ཡོན་བདག་སྙིང་རིང་བྱེད་པ་དང་ཿ སློབ་མ་དམ་ལས་ལོག་པ་དང་ཿ ལྐོག་ལ་སྨྲ་བླག་བྱེད་པ་དང་ཿ མ་ཉེས་ཞལ་ལྕེ་འབེབས་པ་དང་ཿ མི་ཆགས་བུ་ལོན་བསྙགས་པ་དང་ཿ ངན་སྣ་ཚུར་ལ་འདྲེན་པ་དང་ཿ བདག་ལ་ཐུབ་ཚོད་བྱེད་པ་དང་ཿ ནད་སྣ་ཡམས་སྣ་འདྲེན་པ་དང་ཿ ངན་སེམས་རྐུ་དུག་བྱེད་པ་དང་ཿ རྐུ་དགོས་ཟེར་ཞིང་འཇབ་པ་དང་ཿ མི་ཁ་འཕྱ་བཞད་བྱེད་པ་དང་ཿ འཕྲོག་དགོས་ཟེར་ཞིང་བརློམས་པ་རྣམསཿ མཆོས་སྐྱོང་རྒྱལ་པོའི་དམག་དྲོངས་ལཿ ཡུད་ཙམ་གྱིས་ནི་མྱུར་དུ་སྒྲོལཿ སྲོད་ལ་བླ་འཁྱམས་ཁུག་ལ་ཤོགཿ ནམ་ཕྱེད་སྲོག་རྩ་རྒལ་ནས་ཆོདཿ ཐོ་རངས་སྙིང་ཁྲག་དྲོན་མོ་གསོལཿ དགྲ་དང་བགེགས་ལ་ཕྲིན་ལས་མཛོདཿ ཧཱུཾ་མི་འགྱུར་རྡོ་རྗེའི་བྲག་སྟེང་ནསཿ གྲུ་གསུམ་མཐིང་ནག་འབར་བའི་གཞལ་གཡས་ནཿ སྲོག་བདག་ནག་པོ་འཇིགས་ཚུལ་ཅནཿ ཕྱག་ན་གྲི་གུག་ཐོད་ཁྲག་འཛིནཿ དེ་ཡི་འཁོར་དུ་གྱུར་པ་ནིཿ མོན་པའི་གར་བྱེད་ལོགས་སེ་ལོགཿ ཤན་པ་གྲི་ཐོག་ཁེངས་སེ་ཁེང་ཿ ལ་ལས་མདའ་མདུང་རལ་གྲི་འཛིནཿ ལ་ལས་ཁ་ཊྭཱཾ་བ་དན་འཛིན༔ ལ་ལས་ཙན་དན་གྲུ་ཚད་འཛིནཿ སྲས་མཆོག་དམག་དཔུང་མ་ཉུང་ཅིགཿ མགྱོགས་པ་ཆིབས་ལ་རྣོ་མཚོན་ཐོགསཿ དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོདཿ བདག་མ་ཉེས་མ་ཡོ་སྲུང་མ་མཁྱེན༔ རྣལ་འབྱོར་བདག་ལ་དགྲ་བྱུང་ནཿ གཟུ་དང་དཔང་དུ་དཀོན་མཆོག་བཞུགསཿ ཞལ་ལྕེ་སྣང་སྲིད་ཡོངས་ཀྱིས་ཆོད༔ བདག་དང་རྒྱུ་སྦྱོར་ཡོན་བདག་ལཿ སྡང་བའི་དགྲ་དང་གནོད་པའི་བགེགསཿ མྱུར་དུ་བསྒྲལ་བའི་ཕྲིན་ལས་མཛོདཿ འཁོར་གྱི་དམག་དཔུང་མ་ཞན་ཅིགཿ དགྲ་བགེགས་མ་བཏང་མྱུར་དུ་ཁུགཿ སྲུང་མ་མཐུ་ཆེན་འཁོར་བཅས་ཀྱིསཿ རྒྱན་གྱི་གཏོར་མ་འདི་བཞེས་ལཿ སྡང་བའི་དགྲ་དང་གནོད་པའི་བགེགསཿ དགྲ་བགེགས་དམ་ཉམས་དམྱལ་ཐག་ཆོདཿ དགྲ་བོའི་ཕ་ཚན་མ་ཚན་རྡུལ་དུ་རླགསཿ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོདཿ ཧཱུཾ་ཡང་ཅིག་མགོན་པོའི་བཀའ་ཉན་པཿ ཤར་ཕྱོགས་སྐྱོང་བའི་མགོན་པོ་ནིཿ དཔལ་འབར་འཇིགས་པའི་ཆ་བྱད་ཅནཿ ཆིབས་སུ་ངང་བ་རྔོག་ནག་བཅིབསཿ ཕྱག་ན་ཉི་ཟེར་ཞགས་པ་བསྣམསཿ དྲི་ཟ་བྱེ་བའི་ཚོགས་ཀྱིས་བསྐོརཿ རྒྱན་གྱི་གཏོར་མ་འདི་བཞེས་ལཿ ཤར་གྱི་དགྲ་བགེགས་གཡུལ་ངོ་བཟློགཿ ཤར་ནས་དགྲ་སྣ་མ་ལྡང་ཅིགཿ ཤར་ནས་བསམ་ངན་འཆང་བ་ཡིཿ དཔུང་བ་ཕུད་ལ་རྒྱུས་པ་ཆོདཿ ཤར་གྱི་དགྲ་སྣ་ཡམས་སྣ་དང་ཿ དམག་སྣ་བྱད་སྣ་དགྲ་ལ་བསྒྱུརཿ ནད་སྣ་རིམས་སྣ་དགྲ་ལ་བཟློགཿ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོདཿ ཧཱུཾ་ཡང་ཅིག་མགོན་པོའི་བཀའ་ཉན་པཿ ལྷོ་ཕྱོགས་སྐྱོང་བའི་མགོན་པོ་ནིཿ ཆིབས་སུ་ངང་དཀར་སེར་ཆེན་བཅིབསཿ ཕྱག་ན་ཙན་དན་བིང་ཆེན་བསྣམསཿ གཤིན་རྗེ་འབུམ་གྱི་འཁོར་གྱིས་བསྐོརཿ རྒྱན་གྱི་གཏོར་མ་འདི་བཞེས་ལཿ ལྷོ་ཡི་དགྲ་བགེགས་གཡུལ་ངོ་བཟློགཿ ལྷོ་ནས་དགྲ་སྣ་མ་ལྡང་ཅིགཿ ལྷོ་ནས་བསམ་ངན་འཆང་བ་ཡིཿ དཔུང་བ་ཕུད་ལ་རྒྱུས་པ་ཆོདཿ ལྷོ་ཡི་དགྲ་སྣ་ཡམས་སྣ་དང་ཿ དམག་སྣ་བྱད་སྣ་དགྲ་ལ་བསྒྱུརཿ དལ་ཡམས་རིམས་སྣ་དགྲ་ལ་བཟློགཿ བཅོལ་པའི་ཕྲིན་ལས༴ ཧཱུཾ་ཡང་ཅིག་མགོན་པོའི་བཀའ་ཉན་པ། ནུབ་ཕྱོགས་སྐྱོང་བའི་མགོན་པོ་ནིཿ ཆིབས་སུ་མཚལ་བུ་རྟིང་དཀར་བཅིབསཿ ཕྱག་ན་ཙན་དན་གྲུ་ཚད་བསྣམསཿ ཀླུ་བདུད་མང་པོའི་འཁོར་གྱིས་བསྐོརཿ རྒྱན་གྱི་གཏོར་མ་འདི་བཞེས་ལཿ ནུབ་ཀྱི་དགྲ་བགེགས་གཡུལ་ངོ་བཟློགཿ ནུབ་ནས་དགྲ་སྣ་མ་ལྡང་ཅིགཿ ནུབ་ནས་བསམ་ངན་འཆང་བ་ཡིཿ དཔུང་བ་ཕུད་ལ་རྒྱུས་པ་ཆོདཿ ནུབ་ཀྱི་དགྲ་སྣ་ཡམས་སྣ་དང་ཿ དམག་སྣ་བྱད་སྣ་དགྲ་ལ་བསྒྱུརཿ དལ་ཡམས་རིམས་སྣ་དགྲ་ལ་བཟློགཿ བཅོལ༴ ཧཱུཾ་ཡང་ཅིག་མགོན་པོའི་བཀའ་ཉན་པཿ ཤར་ལྷོ་སྐྱོང་བའི་མགོན་པོ་ནིཿ སྔོན་པོ་ཆུ་རིས་ཆིབས་སུ་བཅིབསཿ ཕྱག་ན་མེ་ཡི་བ་དན་བསྣམསཿ མེ་ལྷ་དྲང་སྲོང་འབུམ་གྱིས་བསྐོརཿ རྒྱན་གྱི་གཏོར་མ༴ ཤར་ལྷོའི་དགྲ་བགེགས་གཡུལ་ངོ་བཟློགཿ ཤར་ལྷོར་དགྲ་སྣ་མ་སྡལྡང་ཅིགཿ ཤར་ལྷོར་བསམ་ངན་འཆང་བ་ཡིཿ དཔུང་བ་ཕུད་ལ་རྒྱུས་པ་ཆོདཿ ཤར་ལྷོའི་དགྲ་སྣ་ཡམས་སྣ་དང་ཿ དམག་སྣ་བྱད་སྣ་དགྲ་ལ་བསྒྱུརཿ དལ་ཡམས་རིམས་སྣ་དགྲ་ལ་བཟློགཿ བཅོལ་པའི་ཕྲིན་ལས༴ ཧཱུཾ་ཡང་ཅིག་མགོན་པོའི༴ ལྷོ་ནུབ་སྐྱོང་བའི་མཛེས་ལྡན་སྲས༴ ཆིབས་སུ་ཁམ་པ་བརྗིད་དཀར་བཅིབསཿ ཕྱག་ན་བ་དན་རུ་མཚོན་བསྣམསཿ འཁོར་དུ་སྲིན་དམག་འབུམ་གྱིས་བསྐོརཿ རྒྱན་གྱི་གཏོར་མ༴ ལྷོ་ནུབ་དགྲ་བགེགས་གཡུལ་ངོ་བཟློགཿ ལྷོ་ནུབ་དགྲ་སྣ་མ་ལྡང་ཅིགཿ ལྷོ་ནུབ་བསམ་ངན་འཆང་བ་ཡིཿ དཔུང་བ་ཕུད་ལ་རྒྱུས་པ་ཆོདཿ ལྷོ་ནུབ་དགྲ་སྣ་ཡམས་སྣ་དང་ཿ དམག་སྣ་བྱད་སྣ་དགྲ་ལ་བསྒྱུརཿ དལ་ཡམས་རིམས་སྣ་དགྲ་ལ་བཟློགཿ བཅོལ་པའི༴ ཧཱུཾ་ཡང་ཅིག་མགོན་པོའི་བཀའ་ཉན་པཿ ནུབ་བྱང་སྐྱོང་བའི་མགོན་པོ་ནིཿ རླུང་ལ་བཅིབས་ཏེ་མྱུར་མགྱོགས་ཅནཿ ཕྱག་ན་རུ་མཚོན་སྔོན་པོ་བསྣམསཿ འཁོར་དུ་རླུང་ལྷ་འབུམ་གྱིས་བསྐོརཿ རྒྱན་གྱི་གཏོར་མ༴ ནུབ་བྱང་དགྲ་བགེགས་གཡུལ་ངོ་བཟློགཿ ནུབ་བྱང་བསམ་ངན་འཆང་བ་ཡིཿ དཔུང་བ་ཕུད་ལ་རྒྱུས་པ་ཆོདཿ ནུབ་བྱང་དགྲ་སྣ་ཡམས་སྣ་དང་ཿ དམག་སྣ་བྱད་སྣ་དགྲ་ལ་བསྒྱུརཿ དལ་ཡམས་རིམས་སྣ་དགྲ་ལ༴ བཅོལ་པའི༴ ཧཱུཾ་ཡང་ཅིག་མགོན་པོའི༴ བྱང་ཤར་སྐྱོང་བའི་མགོན་པོ་ནིཿ ཆིབས་སུ་ཁྱུ་མཆོག་འབར་བ་བཅིབསཿ ཕྱག་ན་ཁ་ཊྭཱཾ་རྩེ་གསུམ་བསྣམསཿ འཁོར་དུ་འབྱུང་པོ་འབུམ་གྱིས་བསྐོརཿ རྒྱན་གྱི་གཏོར་མ༴ བྱང་ཤར་དགྲ་བགེགས་གཡུལ་ངོ་བཟློགཿ བྱང་ཤར་དགྲ་སྣ་མ་ལྡང་༴ བྱང་ཤར་བསམ་ངན་འཆང་བ་ཡིཿ དཔུང་བ་ཕུད་ལ་རྒྱུས་པ་ཆིངསཿ བྱང་ཤར་དགྲ་སྣ་ཡམས་སྣ་དང་ཿ དམག་སྣ་བྱད་སྣ་དགྲ་ལ་བསྒྱུརཿ དལ་ཡམས་རིམས་སྣ་དགྲ་ལ་བཟློགཿ བཅོལ་པའི༴ ཧཱུཾ་ཡང་ཅིག་མགོན་པོའི་བཀའ་ཉན་པཿ སྟེང་ཕྱོགས་སྐྱོང་བའི་མགོན་པོ་ནིཿ དེ་བ་མགོན་པོ་གཙུག་ཕུད་ཅནཿ ཆིབས་སུ་ངང་པ་རྔོག་སྔོན་བཅིབསཿ དམག་དཔོན་ཆེན་པོ་ཡ་བདུད་འཇོམསཿ གཟའ་ཆེན་བརྒྱད་ཀྱི་འཁོར་གྱིས་བསྐོརཿ རྒྱན་གྱི་གཏོར་མ༴ སྟེང་ཕྱོགས་དགྲ་བགེགས་གཡུལ་ངོ་བཟློགཿ སྟེང་ནས་དགྲ་སྣ་མ་ལྡང་ཅིགཿ སྟེང་ནས་བསམ་ངན་འཆང་བ་ཡིཿ དཔུང་བ་ཕུད་ལ་རྒྱུས་པ་ཆོདཿ སྟེང་གི་དགྲ་སྣ་ཡམས་སྣ་དང་ཿ དམག་སྣ་བྱད་སྣ་དགྲ་ལ་བསྒྱུརཿ དལ་ཡམས་རིམས་སྣ་དགྲ་ལ་བཟློགཿ བཅོལ་པའི༴ ཧཱུཾ་ཡང་ཅིག་མགོན་པོའི༴ འོག་ཕྱོགས་སྐྱོང་བའི་མགོན་པོ་ནིཿ ཆིབས་སུ་གླང་པོ་ཆེ་བཅིབསཿ འཁོར་དུ་ས་བདག་འབུམ་གྱིས་བསྐོརཿ རྒྱན་གྱི་གཏོར་མཿ འོག་ཕྱོགས་དགྲ་བགེགས་གཡུལ་ངོ་བཟློགཿ འོག་ནས་དགྲ་སྣ་མ་ལྡང་ཅིགཿ འོག་ན་བསམ་ངན་འཆང་བ་ཡིཿ དཔུང་བ་ཕུད་ལ་རྒྱུས་པ་ཆོདཿ འོག་གི་དགྲ་སྣ་ཡམས་སྣ་དང་ཿ དམག་སྣ་བྱད་སྣ་དགྲ་ལ་བསྒྱུརཿ དལ་ཡམས་རིམས་སྣ་དགྲ་ལ་བཟློགཿ བཅོལ་པའི༴ ཧཱུཾ་ཡང་ཅིག་བཀའ་ཉན་བསྐལ་པ་ནིཿ བདུད་དམག་བྱེ་བ་འབུམ་གྱིས་དབུསཿ གདུག་པ་འདུལ་མཛད་ཐོད་ཕྲེང་ཅནཿ ཆིབས་སུ་ནག་པོ་རྟིང་དཀར་བཅིབསཿ ལས་སུ་སངས་རྒྱས་བསྟན་པ་བསྲུང་ཿ རྒྱན་གྱི་གཏོར་མ༴ སྡང་བའི་དགྲ་ལ་ཕྲིན་ལས་མཛོདཿ དགྲ་སྣ་བྱད་སྣ་བསྒྱུར་དུ་གསོལཿ ཕུར་ཁ་ཟོར་ཁ་བཟློག་ཏུ་གསོལཿ བདག་ཅག་འཁོར་དང་བཅས་པ་རྣམསཿ བྱེས་སུ་འགྲོ་ན་བསུ་སྐྱེལ་གྱིསཿ དགྲ་བོའི་མི་ནོར་ཕྱགས་མས་ཐོབཿ གཞི་ལ་འདུག་ན་ཁ་འཛིན་མཛོདཿ ཡུལ་འཁོར་སྲུངས་ལ་བུ་རྟ་འཚོསཿ བཅོལ་པའི༴ ཧཱུཾ་ཡང་ཅིག་ཕོ་ཉ་བསྐལ་བ་ནིཿ ཁྲག་འཐུང་མ་མོ་རྫུ་འཕྲུལ་ཅནཿ དགྲ་བླའ ི་རྒྱལ་མོ་མཐུ་མོ་ཆེཿ སྐ་ལ་དར་ནག་གོ་ཟུ་གསོལཿ ཆིབས་སུ་དྲིའུ་རྟ་རྐང་གསུམ་བཅིབསཿ ཕྱག་ན་མདུང་དང་རལ་གྲི་བསྣམསཿ འཁོར་དུ་མ་མོ་འབུམ་གྱིས་བསྐོརཿ ཡང་འཁོར་བརྟན་མ་བཅུ་གཉིས་མངའཿ ལས་སུ་སངས་རྒྱས་བསྟན་པ་བསྲུང་ཿ རྒྱན་གྱི་གཏོར་མ༴ བདག་ལ་སྡང་བའི་དགྲ་བོ་ལཿ རྟགས་དང་མཚན་མ་མྱུར་དུ་སྟོནཿ དལ་ཡམས་རིམས་སྣ་དགྲ་ལ་བསྒྱུརཿ དགྲ་བགེགས་ཐལ་བའི་རྡུལ་དུ་རློགསཿ བཅོལ་བའི་ལས་ལ་མཐུ་མ་ཆུང་ཿ བདག་ལ་ངན་སེམས་འཆང་བ་དང་ཿ འཁོར་ལ་གདུག་པ་སྟོན་པ་ཡི༔ དགྲ་བགེགས་སྲོག་རྩ་དམར་པོ་ཆོདཿ བཅོལ་བའི་ཕྲིན་ལས༴ མ་མོའི་ཁྲག་ཐུན་དགྲ་ལ་རྒྱོབཿ སྡང་དགྲ་ལས་ངན་སྐྱེ་རྒྱུད་ཆོདཿ མ་མོའི་ཟོར་ཁ་དགྲ་ལ་སྟོནཿ དགྲ་བོའི་མི་རྟ་དུམ་བུར་ཐོང་ཿ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོདཿ ས་མ་ཡ་མ་མ་རཀྨོ་ཐུན་བྷྱོཿ མ་མ་ཁ་རཀྵེ་ཐུན་བྷྱོཿ ཅེས་ཁྲག་བྱར་རོཿ ཧཱུཾ་ཡང་ཅིག་མགོན་པོའི་བཀའ་འཁོར་དུཿ སྡེ་བརྒྱད་མགོན་པོས་བསྐོར་བ་ནི༔ ཤར་གྱི་ཕྱོགས་ནས་བསྐལ་བ་ནིཿ སྲིད་པ་ལྷ་ཡི་གཙོ་བོ་སྟེཿ སྐ་མདོག་དུང་ལྟར་དཀར་བ་ལཿ སྐ་ལ་དར་དཀར་གོ་ཟུ་གྱོནཿ གཡས་ན་ཤེལ་གྱི་རལ་གྲི་བསྣམསཿ དགྲ་སྲོག་གཅོད་པའི་དུས་ལ་བབཿ གཡོན་པས་དར་མདུང་དཀར་པོ་འཕྱར༔ སྲིད་པའི་ལྷ་དམག་ཁ་ལོ་བསྒྱུརཿ ཆིབས་སུ་ལྷ་གཡག་ཁམ་པ་བཅིབསཿ ལྷ་དམག་འབུམ་གྱི་འཁོར་གྱིས་བསྐོརཿ ནང་འཁྲུགས་གཏོང་བའི་མཐུ་བོ་ཆེཿ རྒྱན་གྱི་གཏོར་མ་འདི་བཞེས་ལཿ དགྲ་བགེགས་མ་བཏང་མྱུར་དུ་ཁུགཿ དལ་ཡམས་རིམས་སྣ་དགྲ་ལ་བསྒྱུརཿ དམག་སྣ་བྱད་སྣ་དགྲ་ལ་བཟློགཿ བཅོལ་པའི་ཕྲིན་ལས༴ ལྷོ་ཡི་ཕྱོགས་ནས་བསྐལ་བ་ནིཿ གཤིན་རྗེ་ཡ་མ་རཱ་ཙ་ནིཿ སྐ་མདོག་ནག་པོ་སྟག་ལྤགས་གྱོནཿ གཡས་པས་བེ་ཅོན་གཡོན་ཐོད་དབྱུགཿ སྲིད་པའི་ཡི་དྭགས་ལས་ལ་འགྱེདཿ ཆིབས་སུ་མ་ཧེ་སྔོན་པོ་བཅིབསཿ གཤིན་རྗེ་འབུམ་གྱི་འཁོར་གྱིས་བསྐོརཿ རྒྱན་གྱི་གཏོར་མ༴ དགྲ་བགེགས་མ་བཏང་མྱུར་དུ་ཁུགཿ དལ་ཡམས་རིམས་ཡམས་དགྲ་ལ་བསྒྱུརཿ དམག་སྣ་བྱད་སྣ་དགྲ་ལ༴ བཅོལ་པའི༴ ཧཱུཾ་ནུབ་ཀྱི་ཕྱོགས་ནས་བསྐལ་བ་ནིཿ མ་མོ་སྲིད་པའི་རྒྱལ་མོ་ནིཿ སྐ་མདོག་ནག་ལ་བརྗིད་པའི་ཞལཿ དར་དཀར་རལ་ག་སྐ་ལ་གསོལཿ གཡས་ན་མདའ་དར་གཡོན་མེ་ལོང་ཿ ཆིབས་སུ་གཡུ་འབྲུག་སྔོན་པོ་བཅིབསཿ མ་མོ་འབུམ་གྱི་འཁོར་གྱིས༴ ནད་རིམས་གཏོང་བའི་མཐུ་མོ་ཆེཿ རྒྱན་གྱི་གཏོར་མཿ དགྲ་བགེགས་མ་བཏང་མྱུར་དུ་སྒྲོལཿ དལ་ཡམས་རིམས་ཡམས་དགྲ་ལ་བསྒྱུརཿ དམག་སྣ་བྱད་སྣ་དགྲ་ལ་བཟློགཿ བཅོལ་བའི༴ ཧཱུཾ་བྱང་གི་ཕྱོགས་ནས་བསྐལ་བ་ནིཿ བདུད་པོ་རྐོས་རྗེ་དྲང་དཀར་ནིཿ སྐ་མདོག་མཐིང་ནག་འབར་བ་ལཿ དར་ནག་འཇོལ་བེར་སྐ་ལ་གསོལཿ གཡས་པས་ཁྲམ་ཤིང་གཡོན་དགྲ་སྟྭཿ ཆིབས་སུ་བདུད་རྟ་རྟིང་དཀར་བཅིབསཿ བདུད་དམག་བྱེ་བ་འབུམ་གྱིས་བསྐོརཿ ཚེ་སྲོག་གཅོད་པའི་མཐུ་བོ་ཆེཿ རྒྱན་གྱི་གཏོར་མ༴ དགྲ་བགེགས་མ་གཏོང་མྱུར་དུ་ཁུགཿ དལ་ཡམས་རིམས་ཡམས་དགྲ་ལ་བསྒྱུརཿ དམག་སྣ་བྱད་སྣ་དགྲ་ལ་བཟློགཿ བཅོལ་བའི་ཕྲིན་ལས༴ ཧཱུཾ་ཤར་ལྷོ་མཚམས་ནས་བསྐལ་བ་ནིཿ བཙན་རྗེ་སྲོག་ཟན་དམར་པོ་ནིཿ སྐ་མདོག་མེ་དཔུང་འབར་བ་འདྲཿ སྐ་ལ་དར་དམར་ལེ་བརྒན་གསོལཿ གཡས་པས་མདུང་དར་གཡོན་མདའ་གཞུཿ ཆིབས་སུ་བཙན་རྟ་དམར་པོ་བཅིབསཿ འཁོར་དུ་བཙན་དམག་འབུམ་གྱིས་བསྐོརཿ གྲི་ཐབས་གཏོང་བའི་མཐུ་བོ་ཆེཿ རྒྱན་གྱི་གཏོར་མ༴ དགྲ་བགེགས་མ་གཏོང་མྱུར་དུ་ཁུགཿ དལ་ཡམས་རིམས་ཡམས་དགྲ་ལ་བསྒྱུརཿ དམག་སྣ་བྱད་སྣ་དགྲ་ལ་བཟློགཿ བཅོལ་པའི་ཕྲིན་ལས༴ ཧཱུཾ་ལྷོ་ནུབ་མཚམས་ནས་བསྐལ་བ་ནིཿ དགྲ་ལྷའི་རྒྱལ་པོ་བེ་ཧར་ནིཿ སྐ་མདོག་དཀར་པོ་བརྗིད་པའི་ཞལཿ ཆོས་གོས་ངུར་སྨྲིག་སྐ་ལ་གསོལཿ གཡས་པས་གསེགས་ཤིང་གཡོན་ལྷུང་བཟེདཿ ཆིབས་སུ་སེང་གེ་དཀར་མོ་བཅིབསཿ འཁོར་དུ་འགོང་པོ་འབུམ་གྱིས་བསྐོརཿ སྨྱོ་འབོག་གཏོང་བའི་མཐུ་བོ་ཆེཿ རྒྱན་གྱི་གཏོར་མཿ དགྲ་བགེགས་མ་གཏོང་མྱུར་དུ་ཁུགཿ དལ་ཡམས་རིམས་ཡམས་དགྲ་ལ་བསྒྱུརཿ དམག་སྣ་བྱད་སྣ་དགྲ་ལ་བཟློགཿ བཅོལ་པའི༴ ཧཱུཾ་ནུབ་བྱང་མཚམས་ནས་བསྐལ་བ་ནིཿ གནོད་བྱིན་ཀཱ་ལ་ཡཀྴ་ནིཿ སྐ་མདོག་སྔོན་པོ་གཡུ་འོད་འབརཿ ཟ་འོག་སླག་པ་སྐ་ལ་གསོལཿ གཡས་པས་རལ་གྲི་གཡོན་ནོར་བུཿ ཆིབས་སུ་སྟག་མོ་དྲུས་མ་བཅིབསཿ འཁོར་དུ་གནོད་སྦྱིན་འབུམ་གྱིས་བསྐོརཿ ཐོག་སེར་འབེབས་པའི་མཐུ་བོ་ཆེཿ རྒྱན་གྱི་གཏོར་མཿ དགྲ་བགེགས་མ་གཏོང་མྱུར་དུ༴ དལ་ཡམས་རིམས་ཡམས་དགྲ་ལ་བསྒྱུརཿ དམག་སྣ་བྱད་སྣ་དགྲ་ལ་བཟློགཿ བཅོལ་པའི༴ ཧཱུཾ་བྱང་ཤར་མཚམས་ནས་བསྐལ་བ་ནིཿ ཀླུ་བདུད་འཆི་བདག་མགོ་དགུ་ནིཿ སྐ་མདོག་དུད་ཁ་འཇིགས་པའི་གཟུགསཿ སྐ་ལ་སྦྲུལ་གྱི་ལྤགས་པ་གྱོནཿ གཡས་པས་རལ་གྲི་གཡོན་ནད་རྐྱལཿ ཆིབས་སུ་ཆུ་སྲིན་འབར་བ་བཅིབསཿ ཀླུ་བདུད་འབུམ་གྱི་འཁོར་གྱིས་བསྐོརཿ མཛེ་ནད་གཏོང་བའི་མཐུ་བོ་ཆེཿ རྒྱན་གྱི་གཏོར་མ༴ དགྲ་བགེགས་མ་གཏོང་མྱུར་དུ་ཁུགཿ དལ་ཡམས་རིམས་ཡམས་དགྲ་ལ་བསྒྱུརཿ དམག་སྣ་བྱད་སྣ་དགྲ་ལ་བཟློགཿ བཅོལ་པའི༴ ཧཱུཾ་དཔལ་ལྡན་མགོན་པོའི་བཀའ་འཁོར་དུཿ སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབཿ དཔལ་གྱི་བཀའ་ཉན་མཐུ་བོ་ཆེཿ གཅན་སྤྱང་མང་པོས་ངུ་ཟུག་བྱེདཿ སྡང་བའི་དགྲ་ལ་ལྟས་ངན་ཐོང་ཿ བྱ་ནག་མང་པོ་ཀླད་ན་ལྡིང་ཿ སྟག་གཟིག་མང་པོ་ཕྱི་ནས་འབྲང་ཿ ཁྱི་སྤྱང་མང་པོ་སྡུན་ནས་འགྲོལཿ མི་ནག་འོ་དོད་གནམ་དུ་འབོདཿ རྒྱན་གྱི་གཏོར་མ་འདི་བཞེས་ལཿ བསྟན་པའི་དགྲ་ལ་མ་ཞན་ཅིགཿ དགྲ་བོ་མི་ནོར་འཁོར་བཅས་རྣམསཿ མྱུར་དུ་ཁུག་ལ་དོན་སྙིང་ཕྱུངསཿ མ་ཧཱ་ཀཱ་ལའི་ཞལ་དུ་སྟོབསཿ དགྲ་བགེགས་ཐལ་བའི་རྡུལ་དུ་རློགསཿ བཅོལ་པའི་ཕྲིན་ལས༴ ཡང་སྤྲུལ་ཆེན་པོའི་དུས་ལ་བབཿ ཕོ་ཉ་མང་པོ་དགྲ་ལ་ཡཿ བདག་ཅག་བསྲུང་བའི་དུས་ལ་བབཿ བྱེས་ལྷ་ལམ་ལྷ་ཁྱེད་ཀྱིས་མཛོདཿ བདག་གི་མི་ནོར་འཁོར་བཅས་ཁྱེད་ཀྱིས་སྲུངསཿ བིང་ས་མ་ཡ་ཛཿཛཿ ཧཱུཾཿགསོན་ཅིག་དགོངས་ཤིག་འཕགས་པའི་ཚོགསཿ དཀོན་མཆོག་གསུམ་པོ་དགོངས་སུ་གསོལཿ དམ་ཉམས་དགྲ་བགེགས་སྡིག་ཅན་འདིསཿ དང་པོ་སངས་རྒྱས་བསྟན་པ་བཤིགཿ དཀོན་མཆོག་དབུ་འཕང་འདི་ཡིས་སྨདཿ བླ་མའི་སྐ་དགྲ་འདི་ཡིས་བྱསཿ ལྷ་གྲོགས་བྱང་ཆུབ་འདི་ཡིས་སྨདཿ རྣལ་འབྱོར་བདག་ལ་འདི་ཡིས་བསྡོསཿ མངའ་ཐང་དཀོར་ལ་རློམ་པ་དང་ཿ མི་ཆགས་བུ་ལོན་སྙོགས་པ་དང་ཿ མ་ཉེས་སྟོབས་ཀྱིས་བཅོམ་པ་དང་ཿ ཉེས་མེད་ཞལ་ལྕེ་གཅོད་པ་དང་ཿ ལེའུ་སྙིང་རིང་བྱེད་པ་དང་ཿ བན་བོན་དམ་ཚིག་མེད་པ་དང་ཿ སློབ་བུ་དམ་ལས་ལོག་པ་དང་ཿ ཆུང་མ་ཕྱིར་གྱུ་སྙིང་རིང་དང་ཿ ཤག་རོགས་མནའ་སྲིད་མི་བསྲུང་དང་ཿ རྐུ་དགོས་ཟེར་ཞིང་རློམ་པ་དང་ཿ འཕྲོག་དགོས་ཟེར་ཞིང་བཅོམ་པ་དང་ཿ བདག་ཅག་འཁོར་དང་བཅས་པ་ལཿ ངན་སེམས་རྐུ་དུག་འཆང་བ་རྣམསཿ སྲུང་མ་ཁྱོད་ཀྱིས་མྱུར་དུ་སྒྲོལཿ སྲུང་མའི་མཐུ་རྩལ་མ་ཆུང་ཅིགཿ ཕོ་ཉའི་སྤྲུལ་པ་མ་ཞན་ཅིགཿ ལས་པ་ལས་ལ་མ་ཞན་ཅིགཿ ལིང་པ་ལིང་ལ་མ་ཞན་ཞིགཿ ཤན་པའི་སྤུ་གྲི་མ་རྡུལ་ཅིགཿ དགྲ་བོ་དཔའ་བའི་དོན་སྙིང་ཕྱུངསཿ ནག་པོ་ཆེན་པོས་ཞལ་དུ་སྟོབསཿ དགྲ་བགེགས་སྲོག་རྩ་རྒལ་ནས་ཆོདཿ སྲུང་མས་དགྲ་བགེགས་མྱུར་དུ་སྒྲོལཿ བཅོལ་པའི་ཕྲིན་ལས་མྱུར་དུ་མཛོདཿ དམ་ཉམས་དགྲ་བགེགས་རྡུལ་དུ་རློགསཿ མཱ་ར་ཡ་ཛ་ཛཿ འདིར་བྷ་ལིངྟ་བརྗོད་ལ་ཆོས་སྐྱོང་ཁཱ་ནི་བསྔ་ཅེས་བ་ནམ་ཉི་ཤུ་རྩ་གཅིག་ལ་སོགས་གང་སྐབས་འདོན་པར་བྱའོ། ཆོས་སྐྱོང་ལྔཿ ༀ་ཙཎྜ་མ་ཧ་ཀ་ལ་ཡཿ ཤ་ས་ནཿ ཨུ་པ་ཧ་རི་ཎིཿ ཨེ་ཇ་ཨ་པཉྩི་མ་ཀཱ་ལོཿ ཨ་ཡཾ་ཨེ་དམཿརརྣ་དྲ་ཡ་ཡཿ ཨ་པ་ཀ་རི་ཎིཿ ཡ་ཏི་པྲ་ཏི་ཛྙཿ སྨ་ར་སི་ཏ་དཿ ཨེ་དམ་དུཥྚཾཿ ཁ་ཁ་ཁ་ཧི་ཁ་ཧིཿ མ་ར། མ་རཿ གྷྲྀཧྞ་གྷྲྀཧྞཿ བྷནྡྷ བྷནྡྷཿ ཧ་ན་ཧ་ནཿ ད་ཧ་་ད་ཧཿ པ་ཙ་པ་ཙཿ དི་ན་མི་ཀེ་ན་མ་ར་ཡཿ ཧཱུཾ་ཧཱུཾ༔ ཕཊ་ཕཊཿ སྭཱ་ཧཱཿ


previousདཔལ་མགོན་ཚོགས་ཀྱི་བདག་པོའི་སྨད་ལས་ཀྱི་འདོན་འགྲིགས་དམ་བཅའ་བཞི་ལྡན་རྡོ་རྗེའི་མཚོན་ཆ།next