Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
ཀློང་ཆེན་སྙིང་གི་ཐིག་ལེ་ལས་རྔ་ཚིགས་མ་རིག་གཉིད་སྐྲོག་ལྷའི་རྔ་བོ་ཆི།
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀློང་ཆེན་སྙིང་གི་ཐིག་ལེ་ལས་རྔ་ཚིགས་མ་རིག་གཉིད་སྐྲོག་ལྷའི་རྔ་བོ་ཆི།next

ཀློང་ཆེན་སྙིང་གི་ཐིག་ལེ་ལས་རྔ་ཚིགས་མ་རིག་གཉིད་སྐྲོག་ལྷའི་རྔ་བོ་ཆི།

༄༅། །ཀློང་ཆེན་སྙིང་གི་ཐིག་ལེ་ལས་རྔ་ཚིགས་མ་རིག་གཉིད་སྐྲོག་ལྷའི་རྔ་བོ་ཆི་བཞུགས་སོ། །ན་མོ་གུ་རུ་ཨ་བྷྱ་བྷྱོ་དྲ་ཡེ། སྐུ་གསུམ་ཞིང་གི་རྒྱལ་བ་དཔག་མེད་གྱི། །མཁྱེན་བརྩེ་ནུས་པའི་སྤྱི་གཟུགས་རྡོ་རྗེ་འཛིན། །དྲི་མེད་འོད་ཟེར་སྟོང་དུ་འབར་བའི་གཟིས། །སྐལ་བཟང་ཡིད་ཀྱི་ཆུ་སྐྱེས་བཞད་པར་མཛོད། །ཆོས་དབྱིངས་སྤྲོས་བྲལ་སུམ་རྩེན་ཁང་བཟང་རྩེར། །རྟེན་ཅིང་འབྲེལ་འབྱུང་སྒྲ་སྒྲོག་ལེགས་བྲིས་རྔ། །བསོད་ནམས་དཔལ་གྱིས་ལྷ་རྣམས་བག་མེད་ལས། །སྐྱོབ་ཕྱིར་རང་སྒྲ་འབྱུང་བཞིན་འདི་ཀོ་ངོམ། །དེ་ལ་ཡང་འདིར་རྗེ་བཙུན་ཆོས་ཀྱི་རྒྱལ་པོ། པདྨ་དབང་ཆེན་ཡེ་ཤེས་རོལ་བའི་རྡོ་རྗེའི་དགོངས་གཏེར་སྐོར་གྱི་རྔ་ཆིངས་རེག་གཟིགས་སུ་བཀོད་པ་ལ། དང་པོ་ཁུངས་དང་ལོ་རྒྱུས། གཉིས་པ་ལག་ཏུ་བླང་ཚུལ་མཐར་བསླབ་བྱ་སྟོན་པའོ། །དེ་ལ་དང་པོ་སྟོན་པ་ཐུབ་པའི་དབང་པོས་གསེར་འོད་དམ་པའི་མོད་སྡེ་ལས། རྔའི་མིང་དོན་བསྟན་པ་དང་། འཆི་མེད་དབང་པོའི་ཁང་བཟང་གི་རྩེར་ལྷའི་རྔ་བོ་ཆེ་ཡོད་པར་ལེགས་ཉེས་ཀྱི་སྒྲ་འབྱུང་བར་བཤད་པ་དང་། །སྔགས་རྒྱུད་རྣམས་སུ་རྔའི་རྣམ་གཞག་ཡོད་པ་མང་ཞིང་། ཕྱི་ནང་གི་བསྟན་པའི་ཆེ་ཁྱད་རྩོད་དུས་མུ་སྟེགས་ཕམ་པར་བྱས་རྗེས་ནང་བའི་ཐེ་ལེས་བཏབ་ཅིང་རྒྱལ་རྔ་བརྡུང་བ་སོགས་རྔ་བོ་ཆེ་དང་ཁ་གཅིག་པ་དང་། རྫ་རྔ་རྔེའུ་ཆུང་གསང་བའི་རྔེའུ་ཆུང་སོགས་ཡོད་པ་རྣམས་ཀྱི་ནང་ནས་འདིར་སྔོན་མའི་རྡུལ་ཚུགས་ལག་ཏུ་བླང་ཚུལ་ལ། བྲིས་མེད་༑༑༑༑རིག་འཛིན་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་ཡབ་རྗེ་དམ་པའི་ཞབས་པད་རི་ཞིག་བསྙིན་ཚེ་མཐོང་བརྒྱུད་ཡོད་རིགས་དང་གཞུང་ཁུངས་ཐུབ་རྣམས་དང་ཀུན་བསྒྲིགས་མཛད་པ་ལ་ཁ་སྐོང་ཅུང་ཟད་གསང་སྔགས་འཁོར་ལོ་ནས་བསྣན་ཡོད་པས་ཤེས་རློམ་སུས་ཀྱང་མི་འཆོལ་པར་གཞུང་གཞན་ཡང་འགེབ་ཏུ་རུང་བའི་ལུགས་སུ་བགྱིས་ཡོད་པས་ངེས་པར་མཛོད། འདིར་སྨྲས་པ། སྔ་འགྱུར་བཀའ་གཏེར་འཆི་མེད་ལམ་ཆིན་དུ། །རྣམ་དག་ཕྱག་ལེན་ཆུ་འཛིན་འཁྲིགས་པ་ལས། །སྒྲ་དབྱངས་རོལ་མོའི་མཆོད་པའི་རྔ་ཚིགས་སྒྲ། །འདི་ཀོ་སྔ་འགྱུར་བསྟན་པའི་རྒྱ་རྔར་གྱུར། །ཞེས་པ་འདི་ཉིད་ཀུན་ནས་ཀུན་ཏུ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །


previousཀློང་ཆེན་སྙིང་གི་ཐིག་ལེ་ལས་རྔ་ཚིགས་མ་རིག་གཉིད་སྐྲོག་ལྷའི་རྔ་བོ་ཆི།next