Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
མཁས་གྲུབ་ཀརྨཱ་ཆགས་མེད་ཀྱིས་མཛད་པའི་དྲག་པོའི་ལྕགས་འདུལ་གྱི་དོན་བསུདས་པ་གཤེར་འདུམ་གནམ་ལྕགས་མཚོན་ཆ།
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁས་གྲུབ་ཀརྨཱ་ཆགས་མེད་ཀྱིས་མཛད་པའི་དྲག་པོའི་ལྕགས་འདུལ་གྱི་དོན་བསུདས་པ་གཤེར་འདུམ་གནམ་ལྕགས་མཚོན་ཆ།next

མཁས་གྲུབ་ཀརྨཱ་ཆགས་མེད་ཀྱིས་མཛད་པའི་དྲག་པོའི་ལྕགས་འདུལ་གྱི་དོན་བསུདས་པ་གཤེར་འདུམ་གནམ་ལྕགས་མཚོན་ཆ།

མཁས་གྲུབ་ཀརྨཱ་ཆགས་མེད་ཀྱིས་མཛད་པའི་དྲག་པོའི་ལྕགས་འདུལ་གྱི་དོན་བསུདས་པ་གཤེར་འདུམ་གནམ་ལྕགས་མཚོན་ཆ་ཞེས་བྱ་བ་བཞུགས་སོ། །རབ་བྱམས་ཚི་གྱི་ཐམ་ཅད་རྒྱལ་པ་ཉིས། །འགྲོ་ཕན་ཁོ་ན་ལས་གཞན་རང་དོན་བྲ། དེ་ཕྱི་ཞི་ཆགས་ཁྲོ་བོའི་རྣམ་འཕྲུལ་གྱིས། སྣ་ཚོགས་མཛད་པ་ངོམ་དེར་གུས་ཕྱག་འཚལ། །སྡུད་དང་མན་ངག་ཞོ་འཐུང་རྒྱུས་པའི་རྫས། ཞམ་དཔྱོ་འཕྲུལ་གྱིས་བཟོས་པའི་རྩིབས་སྟོང་ལྡན། སྔགས་ཚངས་དབང་ཕྱག་ཆར་སྦྱིན་མཛད་པའི། །ཀརྨ་ཆད་ཚད་སྙིང་དབུས་པད་ཀླར་རོལ། གང་དེའི་བཞེད་གཞུང་གཤེད་འདུལ་སྣ་ཙོགས་མཚོན། སྙིང་པོའི་བཅུད་དུ་དྲིལ་བའི་གནམ་ལྕགས་དཔལ། ཟ་འདྲེའི་མིང་བཞིའི་ཕུང་པོ་ཁང་རྡུལ་སྤོར། འབེབས་བྱེད་གནམ་ལྕགས་མཚོན་ཆ་འདིར་གསལ་བྱ། དེ་ལ་འདིར་ཡེ་བྲུབ་ཀརྨ་ཆགས་མེད་གྱིས་མཛད་པའི་འདུལ་ནག་གི་ཚིག་སྦྱོར་བསྡུས་ཏེ་བཀོད་པ་གཤེད་བདུལ་གནམ་ལྕགས་མཚོན་ཆགས་འདི་ལ་དོན་གསུམ་ཏེ། བྱོར་གོས་མཛས་གསུམ་མོ། །དང་པོ་ནི་བདག་ངམ་དུ་ཟུང་འབྲེ་ལམ་བདག་བསྐྱེད་ཡི་དམ་དྲག་ཡོ་གང་དེ་ནས་ལྕགས་འདུལ་གྱི་ལིང་ག་བྲི་ཐབས་ནི། སྙིང་ཀར་བྲི་རྟི་ཛ་ཁ་སྤྲོད་བར་དུ་སྲིས་དེའི་མཐར་ཡིག་འོག་ནང་བསྟན་དུ་འདི་བྲི། །སྤྱི་བསྟ་པ་དང་སེམས་ལ་གནོད་ཅིག་འཚི་བའི་དགྲ་བོ་འབྱུང་ངོ་སྣོས་དང་ཁྱད་དུ་གསོན་གྱི་དུས་༈༈༈༈༈ཞེས་བྱ་དེའི་ཕྱེ་ཨུ་ལོ་མིང་གནུགས་སྐྱི་མཆེད་ཚང་བ་གནས་ཡིག་དང་བཅས་པ་སྤྱི་ལྟར་སྲིས་པའི་མཐའ་སྐོར་ཡིག་མགོ་ཕྱི་བསྟན་ལ་ཨོཾ་ཤྲཱི་བཛྲ་ཀྲོ་ཏ་༈༈༈༈༈རྦད་ནན་ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ན་ཕཊཿ གནོད་བྱེད་ཀ་འདྲེ་ཤི་གཤེད་ཀྱི་སྟོག་ཟིང་ལ་མ་ར་མ་རྦད་ནན། ཨོཾ་ལམ་ཧཱུྃ་ལམ དགྲ་བགེགས་གནདོ་བྱེད་དམ་སྲི་སྟྭམ་བྷ་ཡ་ནན༴ དེའི་མཐའ་གོར་ཛ་ཁམ་ཀྱི་བར་འཚམས་ཚད་དར་བྲིས ཟ་འདྲེ་ཤི་གཤེད་ཁུག གཤེད་པོ་ལས་ངན། གསོན་བདུད་གཤིན་ལྕགས སྲོག་གཅོད་དབུགས་ལེན། གཞོན་སྟི་དར་སྲིད ནད་འདྲི་ཤི་སྡི༔ ཚི་ལེན་བདུད་གཅོད། ཤི་འདྲེ་ཤི་གཤེད༴ མདང་འཕྲོག་ཁུག ཀྱི་བྱང་ཕོ་ཤིང་མོ་ཤིང་གཉིས་བྲིས་རུང་གི་སྐྱབས་སེམས་ནས་བཟུང་ལས་བྱང་བསྙེན་བསྟོད་བསྐང་ཚགས་བཀའ་གཏིར་བསྲུག་བཅས་འགྲུབ་ནས། དངོས་གཞི་གཤེད་འདུལ་ལ་མཁོ་བའི་ཡོ་བྱད་སོང་བཀོལ་དང་། དཔིའུ་རིས་ལྟར་ཤེས་པར་བྱས་ལ། རྣལ་འབྱོར་པ་རྣམས་ལྷའི་ང་རྒྱ་ཛང་ལྡ་པའི་ངང་ནས། ཨོཾ་སྭཱ་བྷ་ཝས་སྦྱངས། སྟོངཔའི་ངང་ལས་རང་ཉིད་ཡི་དམ་དུ་གསལ་བའི་མདུན་དུ་འགྲོ་རྒྱུད་ཀྱི་ཉོན་མོངས་པ་འདུས་པའི་ངོ་བོ་མ་དྲཾ་རུ་ཊ་ཀན་རྐྱལ་དུ་གནས་པ་ལ། བདག་ཉིད་ཡི་དམ་གྱི་ཐག་ཀ་ནས་ཁ་ཊཾ་སོང་མཚོན་ཆའི་ཆར་ཕབ་པས། ཕུང་པོ་བསྒྲ་བ་ལས་བྱུང་བའི་འདུལ་ཆས་རྣམས་རྣོ་ངར་ནསུ་པ་དང་ལྡན་པར་གྱུར། །ཨེ་ཡཾ་རམ་བམ་ལམ་སུམ། ཧཱུྃ་གསོན་བདུད་གཤིན་ལྕང་མི་ཟབ་ལ། རང་གཤེད་རང་ལ་དབབ་པའི་ཕྱི། །ཏུ་ཊ་བསྒྲ་བའི་གཟུགས་ཕུང་ལ། །བྱུང་བའི་འདུལ་ཆེས་སྣ་ཙོགས་ཀུན། །རང་རང་ནུས་པ་ཡོངས་སུ་རྫོགས། །ཁྱད་པར་སྙིང་ལས་གཏོར་མ་དང་། ཤ་དང་ཁྲག་གི་གཏོར་རྒྱན་དང་། ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིས། །བྱིན་རླབས་ནུས་མཐུས་སྦྱངས་སྤྲེལ་བསྒྱུར། །ཨོཾ་ཨཱཿ་ཧཱུྃ་ཧོས་བྱིན་གྱི་རླབས་ནས་འདུལ་ཐོད་ཀྱི་ལྷ་སྤྱན་གྲེན་པ་ནི། རང་ཉིད་ཡི་དམ་གྱི་ཐུག་ཀ་ནས་འོད་ཟེར་ཕྱུག་པོ་འཕྲོས་པའི་ཁྲུགཾ་རིང་ལྔ་ཁྲོ་བཅུ་ཕྲ་ཐབས་དག་བཅས་པ་སྐད་ཅིག་ལ་སྤྱན་དྲངས་ནས་ནམ་མཁའ་པ་གཞི་བར་སྣང་གང་ནས་བཞུགས་པར་གྱུར། ཧཱུཾ་དང་པོ་ཆོས་སྐྱིངས་སྟོང་པ་ལ། ནང་བཅུད་པེ་ནམ་མི་རྣམས་ལང་ཕན་གནོད་བྱེད་པའི་ལྷ་འདྲེ་བྱུང་། །གནོད་ཆེད་མ་དྲཾ་རུ་ཊ་དེས། གསོན་བདུད་གཤིན་ལྕགས་མི་འདོད་བྱས། །དེ་ཚེ་དུས་གསུམ་སངས་རྒྱས་ཀྱི། །སྤྲུལ་པ་དཔལ་ཆེན་ཧེ་རུ་ཀ་པ། གནོད་ཆེད་མ་དྲཾ་རུ་ཊ་བསྒྲལ། གཟུགས་ཕུང་དུར་ཁྲོད་རྫས་སུ་བསྒྱུར། །ཧཱུཾ་མ་ཊཾ་བྱ་བའི་སྡིག་ཅན་ཁོད། ཉོན་མོངས་དུག་ལྔ་ཁྱོད་ལས་སྲུང་། །དུག་ལྒ་གནས་ཀྱང་ཁྱོད་ལ་གནས། འདུལ་བྱེད་རིགས་ལྔའི་ཧེ་རུ་ཀ དུག་ལྔ་འདུལ་ཕྱི་གཤོག་སུ་གསོལ། །ལ་ཊཾ་བྱ་བའི་སྡིག་ཅན་ཁྱོད། །མི་དགེ་བཅུ་པོ་ཁྱོད་ལ་སྲུང་། །མི་དགེ་གནས་ཀྱང་ཁྱོད་ལ་གནས། །འདུལ་བྱེད་ཁོར་བཅུ་ཕྲ་ཐབས་ཚོགས། །མི་དགེའི་རྒྱུད་ལསབྱུང་བ་ཡི། །ཤིགཤེད་འདུལ་བྱེད་གཤེགས་སུ་གསོལ། །ལོག་འདྲེན་བསྣོལ་བའི་གདན་ལ་བཞུགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཧཱུཾ་ང་ནི་དཔལ་ཡོན་ཧེ་རུ་ཀ ཆེ་བའི་ལྷ་རྣམས་ང་ཡི་འཁོར། ཕྱོགས་བཅུའི་དྲེགས་པ་འདུལ་བའི་ཕྱིར། །ཕྱོགས་བཅུར་ཁྲོ་བོའི་སྤྲུལ་པ་འགྱོད། །ཧཱུྃ་སྟོང་འོག་ཕྱོགས་མཚམས་འཁོར་ལོའི་སྟེང་༑ ཕྱོགས་སྐྱོག་བཅུ་ཡི་གདན་སྟེང་ནས། ཧཱུྃ་དཀར་རྣམ་རྒྱལ་གཤིན་རྗེ་གཤེད། རྟ་མཁྲིན་བདུད་རྩི་འཁིལ་བ་དང་། དབྱུག་སྔོན་ཅན་དང་མི་སྤྱོ་མཁྱེན། །འདོད་པའི་རྒ་དང་ཁམས་སུ་རྒྱལ། །སྟོབས་པོ་ཆེ་སོགས་ཁྲོ་བོ་བཅུ། །གདོན་བཅུ་འདུལ་ལ་ཕྱག་འཚལ་བསྟོད། །དམ་རྫས་གཏོར་མ་འདི་བཞེས་ལ། །གང་ལ་བྱ་བ་ཁོད་ཤེས་ཀྱིས། །ཟ་འདྲེ་གསོན་བདུད་གཤིན་ལྕགས་འདི། །དབང་དུ་བསྡུས་ལ་རྡུལ་དུ་རློག །ཁྱེད་ཀྱི་ཐམས་ཅད་དུས་ལ་བབ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཧཱུཾ་ཡེ་ཤེས་ཁྲོ་བོ་བཅུ་རྣམས་ཀྱང་། །མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །ཁྲོ་གཉེར་མཆེ་བ་རབ་ཏུ་གཙིགས། །སྐུ་མདོག་ཞིང་གི་སྤྱན་གཞི་ལ། །སྐུ་སྨ་སྟག་གི་ཤམ་ཐབས་གསོལ། །དུར་ཁྲོད་ཆས་ཀྱི་སྐུ་ལ་གསོལ། །གཡོན་པའི་འགུགས་པའི་ལྕག་ཀྱུ་ཡིས། །དགྲ་བགེགས་སྙིང་ནས་བཟུང་ནས་ཀྱང་། །གཡས་པའི་རྡོ་རྗེ་ཐོ་བ་ཡིས། །དགྲ་བགེགས་རྡུལ་དུ་བརླག་པར་བྱེད། །རང་འདྲའི་སྤྲུལ་པའི་ཚོགས་དངས། །ཧཱུྃ་གི་སྒྲ་སྒྲོགས་ཏི་རི་རི། །ཕཊ་གྱི་སྒྲ་སྒྲོགས་ཁྲ་ལ་ལ། །ཨོཾ་བདྲ་མ་ཧའ་ཀྲོ་ཏ་སརྦ་ས་མ་ཡ་བྷ་ལིང་ཏ་ཀཱ་ཧི་ཁཱ་ཧི། ཅེས་སྟོང་བའི་གཏོར་ཆེན་ལ་བསྔོས་ནས། དེ་ནས་གཤེད་སྒྲོ་ནང་གི་ལིངྒ་བྲ་ལ། ཕཊ༔ སྐདཅིག་གིས་རུ་དྲྭའི་ཕོ་བ་ལས་གྲུབ་པའི་གཤེད་སྒྲོ་རླུང་ཐུབ་བསྐལ་པའི་མུན་ནག་འཐིབས་པའི་ནང་དུ་ལིངྒ་ཏྲིཿ ལྗང་ཤོན་ལས་གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོ་ལིངྒ་དེ་ཉིད་ཕུང་ཁམས་སྐྱེ་མཆེད་སོགས་མྱ་ངན་གྱི་མཚན་ཉིད་ཡོངས་སུ་རྫོགས་པར་གྱུར། །བདག་མདུན་གྱི་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་བོ་ཐམས་ཅད་ཀྱི་ཟ་འདྲེ་ཤི་གཤེད་གསོན་བདུད་གཤིན་ལྕགས་ཐམས་ཅད་བཀུགས་ནས་ལིང་ག་འདི་ཉིད་ལ་ཐིམ་པར་གྱུར། འགུགས་པ་ནི། ན་མོ་རིག་འཛིན་རྩུད་ཀྱི་བླ་མ་ཡི་དམ་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། ཡེ་ཤེས་ཀྱི་ཁྲོ་བོ་བཅུ། ཁྲོ་མོ་བཅུ། ཟ་བྱེད་ཕ་བཅུ། གསོད་བྱེད་མ་བཅུ་རྣམས་ཀྱི་བདེན་པའི་མཐུས། །བསྲུང་བྱའི་མི་ཕྱུག་འཁོར་དངས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་ཟ་འདྲེ་ཤི་གཤེད་གསོན་བདུད་གཤིན་ལྕགས་སྤྱི་དག་ཁྱད་པར་དུ་གཤིན་པོ་གནས་མི་བདེ་ཞིག་གསོན་པོ་བཀྲ་མི་ཤེས་པར་བྱེད་པའི་དྲི་ཟ་འཆི་ཁའི་སེམས་ལ་ཉེ་བར་འཇུག་པའི་རིང་དང་། དྲི་ཟ་ཁྱབ་བྱེད་ཀྱི་རིག་དང་། དྲི་ཟ་བི་ཤ་ཙ་བའི་རིང་དང་། གནོད་ཆེན་སྨྲ་འདོད་ཀྱི་རིང་དང་། གནོད་སྦྱིན་ཝཱ་ར་ཧི་ཀ་ཏུན་ཏུ་གཏོགས་འདོད་ཀྱི་རིགས་དང་། །ཡི་དྭགས་གཤིན་རྗེའི་ཆད་པ་ཞེས་བྱ་བ་དང་། །ཤ་ཟ་འབྱུང་པོའི་རིང་ཟ་འདྲེ་ཤི་གཤེད་གང་ཡིན་པ་ཐམས་ཅད་གཟུགས་ལིངྒ་མིང་བྱང་འདི་ལ་ཁུ་ཅིག །ཛཿཧཱུཾ་བམ་ཧོཿ ཅེས་འགུགས་གཞུང་རྒྱས་པར་ལན་དགུ། བསྡུས་ན་ལན་ལྔའམ་གསུམ་བྱས་ནས། ཁྲོ་བོའི་སྲུལ་པ་འགྱེད་ཅིང་ཕོ་ཉ་བསྐུལ་པ་ནི། ཧཱུཾ་བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། རྔམས་པའི་ག་རོ་ཁྲོ་བོའི་སྐུར་ཕྱུངས་ཏེ། དྲག་ཤུལ་ཕོ་ཉ་སྤྲུལ་པའི་སྐུར་སྟོན་པ། གཏུམ་ཆེན་རབ་འཇིགས་ཀྲོ་བོ་ཆེན་པོ་བཅུ། །ཕོ་ཉ་ཟ་གསོད་ཉི་ཤུར་བཅས། །གཤེད་པོ་ལས་ངན་ཁུག་ལ་ཤོག །ཕོ་ཉ་འགུགས་བྱེད་ཟ་གསོད་དང་། འཛིན་བྱེད་སྡོམ་བྱེད་སྤྲུལ་པར་བཅས། །ཛཿ དམ་ཚིག་ཆེན་པོའི་དུསལ་བབས། །སྤྲུལ་པ་འགྱེད་པའི་དུས༴ མཐུ་རྩ་འབྱུང་བའི་དུས༴ དོ་ནུབ་ལྷ་ཚོགས་བྱིན་མ་ཆུང་། །བླ་མཆོད་བྱ་ར་མིག་མ་རྡུལ། །ཀིང་བདུད་ཤན་པ་རྩ་མ་ཞན། །ཆོས་སྐྱོང་བསྲུང་མ་མཐུ་མ་ཆུང་། །མངགས་པའི་ཕོ་ཉ་བང་མ་བུལ། །ཡུངས་དཀར་ཐུན་ཟེར་ངར་མ་ཞན། །འཇིག་བརྟེན་འདི་ན་སྦྱིན་བདག་ལ། །གསོན་བདུད་ཤིན་རྗེ་ལྕགས་བྱེད་པ་དང་། སྲོག་གཅོད་དབུགས་ལེན་བྱེད་པ་དང་། རྒ་འདྲེ་དར་སྲི་བྱེད་པ་རྣམས། །ལྕག་ཀྱུ་ཅན་གྱི་སྙིང་ནས་ཟུངས་། ཞགས་པ་ཅན་གྱི་སྐེ་ནས་ཐོག །ལྕགས་སྒྲོགས་ཙམ་གྱི་ཡན་རླག་སྡོམ། །དྲིལ་དུ་ཅན་གྱིས་དབང་དུ་བསྡུས། །ཐོ་བ་ཅན་གྱིས་སྤྱི་ནས་ཆོམ། གཤོག་པ་ཅན་གྱིས་མཐའ་ནས་ཚུམས། །སྡེར་མོ་ཅན་གྱི་གློ་སྙིང་ཕྱུངས། །མཆུ་ཐོ་ཙན་གྱི་མི་གཉིས་འབྲུ། མ་ཐོང་མྱུར་དུ་ཁྲུག་ལ་ཤོག །གཤེད་གཞི་ནག་པོའི་སྟེང་དུ་ཁུག །གྲུམ་འབར་བའི་ནང་དུ༴ གཤེད་སྒྲོ་ནག་པོའི་ནང་དུ༴ གཤེད་ཀྱི་ཀ་ཆའི་རྩ་རུ༴ གཤེད་འབྲེང་མཉེན་མོའི་ཡན་རླག་སྡོམས། །གཤེད་སྒྲོ་ཁ་གཅིངས་མཆོད་གཡོག་ལག་པས་བཟུང་། ལག་གཡོན་ཟེར་བ་ཕྲ་གཡོན་སྟྭ་རི་བཀལ། སྒྲོ་བ་ཕྱོགས་རེ་བརྟབ་རྗེས་སླང་ངར་བྱོས། ཕོ་བྱང་ཁ་སྦུབ་མོ་བྱང་ཀན་རྐྱལ་ནི། ཁུག་རྟགས་ཡིན་པའི་ལྕགས་ཁང་ན་དུ་འཕེན། མ་ཁུག་བྱང་བུ་སྒྲོར་བཅུག་སླར་ཡང་བརྡབ། སྐབས་ན་གཤེད་འགགས་ལོག་ནས་བྱུང་ལྟར་སྦྱར། །དེ་ནས་གཤེད་ཕུད་བྱེད་པ་དང་བསྒྲགས་ཏི། །ཟ་གསོད་ཉི་ཤུའི་དེ་ནས་ལིངྒ་བྱང་བུ་རྣམས་སྒྲོ་བར་བཅུག་ལ་གཤེད་འབྲིང་གིས་སེ་འཆིང་མདུད་པ་བྱས་ལ་མཆོད་གཡོག་པས། སྟྭ་རི་ཕྲག་པ་གཡས་སུ་ཕྱར་འབྲིང་བ་འཕྲག་པ་གྲུ་མོ་གཡོན་ལ་བསྐོར། ཉེར་བ་སྤྱོན་དུ་ཐོག་ལ། ལག་པསགཤེད་སྒྲོ་བཞུང་ནས་ལངས་ཏེ་འདུག །ཕྱོགས་སོ་སོར་ཁ་གྱུ་བཞིན། ཧཱུྃ་ང་ནི་དཔལ་ཆེན་ཧེ་རུ་ཀ་སྲིད་གསུམ་འདུལ་པའི་མཐུ་བོ་ཆེ། །དབུ་ནི་གཟུགས་མེད་ཁམས་སུ་སླེབས། །སྐུ་སྟོད་གཟུགས་ཁམས་གནས་སུ་འགྱེང་། སྐུ་སྨ་འདོད་ཁསམ་གནས་སུ་རོལ། །ཞབས་ནི་ངན་སོང་གསུམ་པོ་མནན། །མི་ཤ་གཤེད་ལ་བརྡའ་བའི་ཕྱིར། །སྤུརལ་པའི་ཕོ་ཉ་སྟོང་གསུམ་གང་། །སྐུ་ལས་སྤྲུལ་པའི་ཕོ་ཉ་ནི། །ལྕགས་ཀྱི་སྤྱང་ཀྱུ་སྔོན་མོ་ལ། །དུང་གིས་བུ་མེད་དཀར་མོ་བརྩིབས། །ཡོན་ཏན་སྤྲུལ་པའི་ཕོ་ཉ་ནི། །ལྕགས་ཀྱི་སྤྱང་ཀྱུ་སྒོན་མོ་ལ། །གསེར་གྱི་བུད་མེད་སེར་མོས་བཅིབས། །གསུང་ལས་སྲུལ་པའི་ཕོ་ཉ་ནི། །ལྕགས་ཀྱི་སྤྱང་ཀྱུ་ཤོན་མོ་ལ། བྱུ་རུའི་བུད་མེད་དམར་མོས་བཅིབས། །ཕྲིན་ལས་སྤྲུལ་པའི་ཕོ་ཉ་ནི། །ལྕགས་ཀྱི་སྤྱང་ཀྱུ་ཤོན་མོ་ལ། གཡུ་ཡི་བུད་མེད་ལྗང་མོས་བཅིབས། །ཐུགས་ལས་སྤྲུལ་པའི་ཕོ་ཉ་ནི། ལྕགས་ཀྱི་སྤྱང་ཀྱུ་སྔོན་མོ་ལ། །མཐིང་གི་བུད་མེད་སྒོན་མོས་བཅིབས། །སྤྲུལ་པའི་ཕོ་ཉ་མཁའ་འགྲོ་ལྔའི། །གླད་ན་བླ་བྱ་རང་མདོག་ལྡིང་། །རོལ་དུ་བླ་ཁྱི་རང་མདོག་ཁྲིད། །མཁའ་འགྲོ་སྡེ་ལྔ་སོ་སོ་ཡིས། །བླ་འཛིན་དྲ་བ་རྒྱབ་ཏུ་ཁུར། །གཤེད་སྟྭར་ཁ་ཆེ་འཕྲག་ལ་གཟར། །གཤེད་ཟེར་འགུག་མོ་ལག་ཏུ་ཐོག །གཤེད་སྲོ་རླུང་ཐུབ་མཆན་ཏུ་བཅུག །གཤེད་འབྲིང་འདོམ་དགུ་གྲུ་ལ་བསྐོན། །མི་ཤ་གཤེད་ལ་བརྡའ་བའི་ཕྱི། །གནོད་བྱེད་ཟ་འདྲེ་ཤི་བྱེད་འདི། །ཕྱོགས་རྣམས་ཀུན་ནས་ཁུག་ལ་ཤོག །མི་ལྤགས་གཡང་གཞིའི་རྡོབ་ལ་ཤོག །གཤེད་སྟྭར་ཁ་ཆེ་རྒྱོབ་ལ་ཤོག །གཤེད་ཟོར་འགུགས་མོའི་ཟུང་ལ་ཤོག །གཤེད་སྒྲོ་རླུང་ཐུབ་ནང་དུ་ཆུག །གཤེད་འབྲིང་འདོམ་དགུའི་སྡོམ་ལ་ཤོག །བླ་འཛིན་དྲ་བས་དྲིལ་ལ་ཤོག །སྐད་ཅིག་ཉིད་ལ་འདིར་ཁུག་ཅིག །ཨོཾ་བཛྲ་ཀྲོ་ཏ་ཀཱི་ལི་ཧ་རི་ནི་ས་གནོད་བྱེད་ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུགས་ལེན་ཤི་སྲི་གསོན་བདུད་གཤིན་ལྕགས་ཐམས་ཅད་ནྲྀ་ཏྲི་ཨཾ་གུ་ཤ་ཛ་ཛཿ དེ་ནས་བྱང་བུ་མ་ཁུག་པ་འདུག་ན། མིང་བྱང་ཟན་ལིང་སྒྲོ་བར་བཅུག་ལ་ཁྱིམས་ཀྱི་སྒོ་བར་རྣམས་ཀུན་ལ་གཤཻད་སྒྲོ་རྡོབ་ཅིང་འདི་སྐད་དོ། །ཧཱུྃ་ད་ནི་དཔལ་ཆེན་ཧེ་རུ་ཀ ཁམས་གསུམ་འདི་ན་ང་དབང་ཆེ། །གཤེད་པོ་ལས་ངན་སྡིག་ཅན་ཁྱོད། །ཁྱོད་ལ་གབ་པའི་ཡུལ་མེད་ཅིང་། །ཁྱོད་ལ་སྐུང་པའི་ས་ཡང་མེད། །ཁོད་འབྱུང་ལྔའི་ཁམས་སུ་གབ་སྙམས་ཞིང་། །ཁ་དོག༴ ལྔ་པོར་སྐུང་སྙམས་ན། །འབྱུང་ལྔ་ཡུམ་ཆེན་ལྔ་ཡིན་ཕྱིར། །དེ་ཡང་ང་ཡི་སྤྲུལ་པ་ཡིན། །ཁྲོ་བོ་འབྱུང་ལྔའི་ཁམས་ལྟར་སྤྱོད། །རང་མདོག་ཁྲག་འཐུང་ཁྲོ་བོ་ཡིས། །ཁྲོ་འབུམ་བྱེ་བ་ས་ཡའི་ཚོགས། །ཁྱོད་རྣམས་ཐུགས་དམ་དུས་ལ་བབས། །གཤེད་པོ་གབ་པའི་གབ་སྐུང་ཕུད། །ལྕགས་ཀྱུ་འབར་བའི་སྙིང་ནས་ཟུང་། །ཞགས་པ་འབར་བའི་མགུལ་ནས་ཆིངས། །ལྕགས་སྒྲོག་འབར་བའི་ཡན་ལག་སྡོམས། །དྲིལ་བུ་འབར་བའི་མྱོས་སུ་ཆུགས། །ལས་ཀྱི་རླུང་གིས་རྒྱབ་ནས་དོད། །བསྐལ་པའི་མུན་པས་མདུན་ནས་བསུས། །གཟུགས་བརྙན་ལིང་ག་འདི་ལ་ཁུག །མིང་ཡིག་བྱང་བུ་འདི་ལ་བསྟིམ། །རང་དབང་མེད་པར་འདིར་ཁུག་ཅིག །ཅེས་གབ་སྐུང་ཕུད་པར་བྱའོ། །ད་རུང་མ་ཁུག་པ་རྣམས་འདུག་གམ་མིན་ཀྱང་ཉན་ལི་ཤོག་ལི་བཅས་སྒྲོ་བར་བཅུག་ལ། ཁྲོ་བཅུ་ཉ་གསོད་བསྐུལ་བ་གཤེད་སྒྲོ་དེ་གཤེད་འབིར་གིས་བཀྱིག་ལ་རུས་མི་གཅིག་པ་གཉིས་ཀྱི་ཕར་འཐོན་ཚུར་འཐོན་བྱེད་ཅིང་། ཕྱོགས་བཞིར་བསྡོབས་བཅུག་གོ །བྱང་སེསམ་ཀུན་བཟང་གཞན་ཕན་གྱིས་སྤེལ་བཞིན་ཀློང་ཆནེ་འོད་གསལ་རྡོ་རྗེས་བྲིས་པའི་འགྲོ་རྣམས་བདེ་ཆེན་འགྱུར་མེད་པ་ཐོབ་ཤོག །བསྐུལ་པ་འདི་ལྟར་བྱ། ཧཱུྃ་རྟོག་པའི་འོག་མིན་སྟེང་ཕྱོགས་དང་། །ཕྱོགས་བཞི་མཚམས་བཞི་འོག་རྣམས་ན། །ཁྲོ་བཅུའི་ཕྱག་བརྙན་ཟ་གསོད་བཅུ། །རང་རང་གནས་ནས་འགུགས་བསྒྲལ་ལས། །དུས་ལ་བབ་སོ་མྱུར་དུ་མཛོད། །གཤེད་པོ་ལས་ངན་ཁུག་ལ་ཤོག །གསོན་བདུད་གཤིན་ལྕགས་ཁུག༴ ཟ་འདྲེ་ཤི་གཤེད༴ །སྲོག་གཅོད་དབུགས་ལེན༴ གཞོན་སྲི་དར་སྲི༴ ནད་འདྲེ་ཤི་སྲི་ཁུག་ལ་ཤོག །བཛྲ་ཧཱུྃ་བྷྱོ་བཛྲ་ཨཾ་ཀྱུ་ཤ་དཛཿ ཏྲི་ཡཾ་ཛ་ཛཿ ཤིང་བྱང་མ་ཁུག་བར་དུ་ཡང་སྐྱར་བྱང་། །དེ་ནས་ཚེ་འདས་དང་གཤེད་སོ་ཕལ་བར་བསམ། །རྡིའུ་དཀར་པོ་རེ་རེ་བཞིན་ཡར་གཞིའི་ཐོག་དང་། ནག་པོ་མར་ཧོཾ་དུ་འཕང་ལ། ཧཱུྃ་དུག་གསུམ་གཤེད་དུ་ཆེ་བ་ལ། །སྟོབས་ཆེན་ཡེ་ཤེས་སྒྲོན་མེ་ཡི། །མ་རིག་འཁྲུལ་བའི་གཤེདདང་དབྱེ། །དབྱེའོ་དབྱེའོ་གཤེད་དང་དབྱེ། །ཕྲལ་ལོ་ཕྲལ་ལོ་གཤེད་དང་ཕྲལ། །གཤེད་པོ་ལས་ངན་ཆི་ཟན་ལ། །གུ་གུལ་ཁྱི་ནག་བྲུན་དང་ནི། །ལྷྭམ་འབོག་བསྲེག་པའི་དུད་པ་འདིས། །འགོ་བའི་ལྷ་ལྔ་གཤེད་དང་དབྱེ། དབྱེའོ༴ ཕྲལ་ལོ༴ སྤོས་ཀྱི་དུད་པས་ཆོག་གསུམ་དང་། །གཤེད་པོ་ལས་ངན་མི་ཟན་དབྱེ། དབྱེའོ༴ ཕྲལ་ལོ༴ མ་རིག་ཉོན་མོངས་དུག་ལྔ་གཤེད། །བྱམས་སྦྱིན་ཡེ་ཤེས་མཉམ་པ་ཉིད། །དགའ་བ་བཏོང་སམ་བདེན་སྟོབས་ཀྱིས། །རྣམ་ཐོག་འཁྲུལ་བའི་གཤེད་དང་དབྱེ། །དབྱེའོ༴ ཕྲལ་ལོ༴ བསྲུང་བྱ་སྦྱིན་པའི་བདག་པོ་རྣམས། །ཟ་འདྲེ་ཤི་བྱེད་དང་ཕྲལ་ལོ་ཙིག །སྲོག་གཅོད་དབུགས་ལེན་དང་༴ གསོན་བདུད་གཤིན་ལྕགས་དང་། །སྲོག་བདུད་གཤེད་འཁྱམས་དང༴ གཤེད་པོ་མི་ཟན་ལས་ངན་དང་ཕྲལ་ལོ་ཅིག །དབྱེའོ༴ ཕྲལ་ལོ༴ བསྲུང་བྱ་སྦྱིན་པའི་བདག་པོ་ལ། །གནོད་པར་བྱེད་པའི་གཤེད་མ་འདི། །སྐད་ཅིག་ཉིད་ལ་ཕྲལ་བར་གྱིས། །ཤག་ཤག་པྲ་མ་དུ་ཤག །ཕྱེ་ཕྱེ་ཡ་ཡ་མ་མ་ཕྱོ་ཕྱོ་དེ་ནས་མཆོད་གཡོག་དང་ཡོན་བདག་ཕོ་མོ་རྣམས་འདུལ་ཆས་རྣམས་བཟུག་ལ་བརྡེག་ཚུལ་བྱ་ཞིང་། །ཧཱུྃ་གནོད་བྱེད་གསོན་བདུད་གཤིན་ལྕགས་རྣམས། །ལ་ཡོག་ལས་ཀྱི་དོད་ལ་ཤོག །མ་རིག་དུག་སུམ་གྱིས་བསྐྱེད་པའོ། །ཞེ་སྡང་སྲིན་པོ་སྦྲུལ་མགོ་དང་། །གཏི་མུག་གཤིན་རྗེ་ཕག་གི་མགོ །འདོད་ཆགས་བདུད་རྗེ་གླང་མགོ་བྱུང་། །གསོད་པའི་མཚོན་ཆ་སྣ་ཙོགས་ཐོག །གཤེད་དང་སྲི་ཡི་མཆདོ་གཞི་བྱས། ཕོ་སྲི་མོ་སྲི་ལོགས་བྱུང་། །དེ་དག་འདུལ་བྱེད་སྟོབས་ཀྱི་ལྷ། །དཔལ་ཆེན་ཁྲག་ཐུང་ཐུགས་ཀ་ནས། །སྤྲུལ་པའི་འོད་ཟེར་སྣ་ཚོགས་འཕྲོས། །ཕྱོགས་བཞི་འོད་དང་ཟེར་ནང་ནས། །ཤར་དུ་འོད་ཀྱི་སིང་གེ་ལ། །སྤྱང་མོ་མགོ་བརྒྱ་ལྡན་པའི་ཞོན། ལག་པ་གཡས་བརྒྱས༴རྡོ་རྗེ་ཡིས། །གཤེད་པོའི་རྣམ་ཤེས་དབྱིངས་སུ་སྒྲོལ། །གཡོན་བརྒྱས་ལྕག་ཀྱུའི་གཤོད་དོ་ཟུངས། །ལྷོ་རུ་ཟ་བྱེད་སྟག་མོ་ལ། །ཁྲོ་རྔམས་འབྲུག་མགོ་བརྒྱ་ལྡན་ཞོན། །ལག་པ་གཡས་བརྒྱས་རལ་དྲི་ཡིས། །གཤེད་པོ་མི་ཟན་དུམ་བུར་གཏྲུབས། །གཡོན་བརྒྱས་ཞགས་པས་གཤོད་དེ་ཆིངས། །ནུབ་ཏུ་ཁྲོ་རྔམས་ཕག་མགོ་མ། །གདུག་བྱེད་སྦྲུལ་མགོ་བརྒྱན་ལྡན་ཞོན། །གཡས་བརྒྱས་དགྲ་སྟྭའི་གཤེད་པོ་གཤགས། །གཡོན་བརྒྱས་ལྕགས་སྒྲོགས་གཤེད་པོ་སྡོམ། །བྱང་དུ་གསོད་བྱེད་སྤྱང་མགོ་ལ། །རྔམས་བྱེད་དྲོད་མགོ་བརྒྱ་ལྡན་ཞོན། །གཡས་བརྒྱས་ཐོ་བས་གཤེད་པོ་བརྡུང་། །གཡོན་བརྒྱས་དྲིལ་བུས་གཤེད་པོ་རློག །བཛྲ་ཨཾ་ཀྱུ་ཤ་ཛཿ རརྣ་པ་ཤ་ཧཱུཾ། པདྨ་སྥོ་ཊ་བམ། ཀརྨ་གྷནྱོ་ཧོ། རགཡུས་རིགས་ཆོ་འབྲག་ཕོ་མོ་ཡིས། །གཤེད་པོར་བརྡེགས་པའི་སྣ་ཚོགས་རྫས། །ཐོགས་ནས་ལ་ཡོག་དམོད་ཚིག་གིས། །གནོད་བྱེད་ལས་ངན་ཁུག་ལ་ཤོག །གཤེད་པོ་མི་ཟན་ལས་ངན་འདི། །མཐུ་རྩལ་མྱུར་མྱོག་སྡུག་ཡུས་ཅན། །དཔལ་རྩ་ལད་སཔ་ཁུག་ལ་ཤོག །ཧཱུཾ་རིགས་ལྔའི་ཁྲ་ཁྲུག་ཐག་ཀ་ནས། །སྤྲུལ་པའི་འོད་ཟེར་སྣ་ཚོགས་འཕྲོས། །ཕྱོགས་བཞི་དབུས་ལྔའི་འོད་ཕུང་ནང་། །ཤར་དུ་ཤེལ་གྱི་སེང་གེ་ལ །གསལ་བྱེད་སྟག་མགོ་བརྒྱ་ལྡན་ཟོན། །ལྷོ་རུ་སྟོབས་ཆེན་བ་གླང་ལ། ཁྲོ་བྱེད་དོམ་མགོ་བརྒྱ་ལྡན་ཞོན། ནུབ་ཏུ་རྔམས་བྱེད་ཆུ་སྲིན་ལ། །ཁྲོ་གཏུམ་ཕག་མགོ་བརྒྱ་ལྡན་ཞོན། །བྱང་དུ་གསོད་བྱེད་སྤྱང་མོ་ལ། །མཁའ་ལྡིང་ཁྱུང་མགོ་བརྒྱ་ལྡན་ཞོན། །དབུས་སུ་ཤང་ཤང་ལྡོམ་བྱེད་མོར། །རྔམས་བྱེད་དྲོད་མགོ་བརྒྱ་ལྡན་ཞོན། །ཕྱོགས་བཞིས་མགོ་བརྒྱ་ལྡན་རྣམས་ཀྱིས། །གཡས་བརྒྱས་རྒ་ནག་གཡབ་མོ་ཡིས། །གཤེད་བྱེད་ལས་ངན་ཁུག་ལ་ཤོག །གཡོན་བརྒྱས་བརྡུང་ཤ་ལག་པ་ཡིས། །གནོད་བྱེད་ཐལ་བའི་རྡུལ་དུ་རློག །དབུས་ཀྱི་གཡས་བརྒྱས་རི་རབ་ཀྱིས། །གཤེད་བྱེད་མི་ཟན་ལས་ངན་ནོན། །གཡོན་བརྒྱས་ཕུར་བུས་གཤེད་པོ་སྒྲོལ། ཧཱུཾ་གཤེད་པོ་འགུགས་ཆིགས་སྡོམ་མྱོས་དང་། །བརྡེགས་སྒྲོལ་གསོད་པའི་རྫས་རྣམས་ཀྱིས། །གཤེད་པོ་རང་གཤེད་རང་ལ་ཕོབ། །ཐལ་བའི་རྡུལ་ཕྲལ་བཞིན་ཏུ་ལོག །རྩ་གསུམ་བསྲུང་མ་མཐུ་མ་ཆུང་། །དགྲེགས་དམ་སྲི་ད་ཐུལ་ཅིག །སརྦ་ན་ཏྲི་ནི་ཧཱུྃ་ཛཿ ཤན་ཏྲི་ནི༴ དུ་ཏྲི་ནི༴ ཛ་ཏྲི་ནི་ཧཱུྃ་ཛཿ གུ་གུམ་གུ་གུམ་ཛ་ཛ་ཛ་ཧུར་ཐུམ་ཛ་ཛཿ ཟ་འདྲེ་ཤི་གཤེད་མཱ་ར་ཡ་ད་ཛ༔ ཅེས་འདུལ་ཆས་རྣམས་སླང་ངར་བརྒྱབ། དེ་ནས་ཁྲོ་བཅུའི་བསྒྲལ་ལས་བྱེད་པའི་དམིགས་གནད་ལྡན་པས་མཆོད་གཡོག་གིས་བསྒྲ་བྱེད་དང་བསྒྲགས་ཏེ། སླང་ངའི་ཕྱོགས་མཚམས་བསྐོར་ཏེ། ཧཱུཾ་ད་ནི་དཔལ་ཆེན་ཧེ་རུ་ཀ །ཁྲོ་བཅུའི་སྤྲུལ་པ་ཕྱུར་རོ་འགྱོད། །བཟའ་བཏྲུང་ཐམས་ཅད་དམར་ཆེན་ཚོགས། །ཧཱུཾ་ངས་ནི་སྤྲུལ་པ་ཕྱུར་རོ་འགྱེད། །ཕྱོང་མཚམས་བརྒྱད་དང་སྟེང་འོག་ཏུ། །གཤེད་འདུལ་ཁྲོ་རྒྱལ་ཆེན་པོ་བཅུས། །རང་རང་ཕྱག་མཚན་སྣ་ཚོགས་ཀྱིས། །གཤེད་པོ་འགུགས་འཆིངས་སྡོམ་མྱོས་དང་། །གསོད་གཅོད་མནན་སྒྲོལ་ལས་ཀུན་གྱིས། །ཐལ་བའི་རྡུལ་ཕྲན་བཞིན་ཏུ་རློག །ཨོཾ་བཛྲ་ཀྲོ་དྷཱ་བི་ཛ་ཡ་ཧཱུཾ། ཨོཾ་བཛྲ་ཀྲོ་ཏ་ཡ་མནྟ་ཀ་ཧཱུཾ། ཨོཾ་བཛྲ་རྐོ་དྷ་ཧྱ་གྷྲྀ་ཝ་ཧཱུྃ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུནྚ་ལི་ཧཱུྃ། ཨོཾ་བཛྲ་ཀྲོ་ཏ་ནི་ལན་ཏནྟྲ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཨ་ཪྱ་ཨ་ཙ་ལ་ཧཱུྃ་ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཙི་རྟ་ཧཱུྃ། ཨོཾ་བཛྲ་ཀྲོ་ཏ་ཏྲཻ་ལོ་ཀྱ་བྷི་ཛ་ཧཱུྃ། ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀ་ར་ཧཱུྃ། ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་པ་ལ་ཧཱུྃ། ཕྱོགས་མཚམས་སྟེང་འོག་གི་ཟ་འདྲེ་ཤི་གཤཻད་ཐམས་ཅད་ཧ་ན་ཧ་ན་ཧཱུྃ་ཕཊ༔ པ་ཙ་པ་ཙ་ཧཱུཾ། ཧུ་ལུ་ཧུ་ལུ༴ ཚིབྷ་ཚིནྷ་ཧཱུྃ༴ ད་ཧ་ད་ཧ༴ བྷནྟ་བྷནྟ༴ ཏིཥྛ་ཏིཥྛ༴ བྷིནྡ་བྷིནྟ༴ གརྫ་གརྫ༴ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ཧཱུཾ་ཧཱུཾ་མ་ཧཱ་ཀྲོ་ཏ་བྷི་ཤ་ཙཀྲ་མ་ཌྜ་ལ་ཧ་ལ་ཧ་ལ་ཧཱུཾ་ཕཊ། གཤེད་པོ་མི་ཟན་མཱ་ར་ཡ་ཁ་ཐམ་ཁ་ཐམ། དུལ་དུལ་མཱ་ར་ཡ་རྦད། ཅེས་པས་བསྒྲལ་ལས་བྱའོ། །དེ་ནས་བུར་བུ་ཐོགས་ལ། ཀླད་ལ་ལན་གསུམ། རྐེད་ལ་ལན་གསུམ་གཡས་གཡོན་དུ་འདྲིལ་ཞིང་། མཚམས་རྔམས་བྱས་ལ་གདབ་ཚུལ་གྱིས། །ཧཱུྃ་ལྕགས་སམ་དྲག་པོའི་ཤིང་རྣམས་ལ། མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ། །རྐེད་པ་རྒྱ་མདུད་གཞལ་གཡས། །རྩེ་མོ་ཟུར་གསུམ་དཔལ་དང་ལྡན། །ཆུ་སྲིན་ཁ་ནས་འབྲུག་སྟོང་ལྡིར། །རྒྱ་མདུད་རྩེ་ནས་གློག་སྟོང་འཁྱུག །ཞི་དང་སྲིད་པ་གཉིས་ཀའི་རྟེན། །བསྲུང་བརློག་བསད་དང་རབ་འབྱམས་ལས། ཀུན་གྱི་འབྱུངས་ཀཱི་ལ་ཡ། །ཐམས་ཅད་བསྐུལ་ལོ་དུས་ལ་བབས། །སྔོན་ཚེ་དཔལ་ཆེན་སྤྱན་ཤ་རུ། །ཇི་ལྟར་ཁས་ལྦགས་དམ་བཅས་བཞིན། །ཉམས་པ་བདུན་དང་ཞིང་བཅུའི་དགྲ། །གནོད་བྱེད་པའི་བེགས་རིགས་ཀྱི། །དུག་ལྔ་རྩས་ནས་གཅོད་པའི་ཕྱིར། །གནས་ལྔ་དག་ཏུ་གདབ་བར་བྱ། །འཁོར་བའི་རྒྱུ་རྐྱེན་འབྲས་བུར་བཅས། །རྩད་ནས་གཅོད་པའི་ཕྲིན་ལས་མཛོད། །སརྦ་ས་མ་ཡ་ཙིརྟ་ཙིརྟ་མ་ཐ་མ་ཐ། སུ་རུ་སུ་རུ། མུ་རུ་མུ་རུ། ཛྭ་ལ་ཛྭ་ལ། ཚིནྡ་ཚིནྡ། བྷི་ནྟ་བྷི་ནྟ། བཛྲ་ཀཱི་ལི་ཀཱི་ལ་ཡ་ཟ་འདྲེ་ཤི་གཤེད་མཱ་ར་ཡ་ཕཊ། ཅེས་ཕུར་བུ་གདབ་ལ། ཐུན་བྲབ་ས་ནི། ཐུན་བདྷིབ་ཅིང་། ཧཱུྃ་གསེར་དངུལ་ཟངས་ལྕགས་རྡོ་ཉུང་དཀར། །ལྷ་དང་ཏིང་འཛིན་ནུས་མཐུ་ཡིས། །རྟེན་འབྲེལ་ཟབ་མོའི་མཁར་སྣོད་དུ། །བརླག་ནུས་རྫས་སུ་བྱིན་རླབས་པས། །གཤེད་པོའི་དབང་པོའི་སྒོ་རྣམས་དང་། །ལུས་ཀྱི་ཆ་རྣམས་ལྷག་མེད་དུ། །ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག །ལོ་སརྦ་ད་ཏྲི་ནི་ཧཱུྃ་དཿ ཎི་ཏྲི་ནི༴ པུཏྲི་ནི༴ ཀཏྲི་ནི༴ ཤན་ཏྲི་ནི་ཧཱུྃ་ཛཿ མཆོད་གཡོག་གི་སླང་ང་ཧོམ་ཁུང་སྟོང་ནས་འགིབ་སྟངས་དབུ་བྱ་ཞིང་། ཕཊཿ ཨེ་ལས་གནམ་ལྕགས་ཁང་སྒྲོམ་ནི། ཟུར་གསུམ་དུག་གསུམ་རང་གཟུང་ལས། །གྲུབ་པའི་ཆོས་འབྱུང་ཁྲོ་བོ་དང་། །ཁྲོ་མོའི་སྤྲིན་ལྟར་གཏིབས་པའི་ནང་། །ཕོ་ཉ་ལས་མཁན་གྱིས་གཏམས་པའི། །འཆི་བདག་གཤིན་རྗེའི་བཤའ་ར་ནི། བདུད་ཀྱི་བཙོན་ཁང་བྲོས་གབ་གནས། །མོད་པའི་ལྕགས་རིའི་ཡོངས་བསྐོར་དབུས། །ནང་དུ་གནོད་བྱེད་ཚུད་པར་ཡུར། དེ་ནས་ལིང་རོ་བཙོན་དུ་བཟུག་བ་ནི། སླང་ན་ནང་གི་ཤིང་བྱང་རྣམ་རྡོ་རྗེ་ཁུང་དུ་བཅུག་ཅིང་། ཧཱུྃ་མ་རིག་གཤེད་དུ་ཆེ་བ་ལ། །རང་རིག་ཡེ་ཤེས་ཐབས་ཀྱི་བསད། །གཉིས་མེད་ཤེས་རབ་ཐུགས་རྗེས་བཟུང་། །དེ་ཡང་གཤེད་ཀྱི་ཐ་ཚིག་ཡིན། །དུག་གསུམ་དུག་ལྔ་གཤེད་དུ་ཆེ། །སྐུ་གསུམ་ཡེ་ཤེས་ལྔ་བོ་ཡིས། །ཐུགས་རྗེས་གཉིས་མེད་ཤུགས་ཀྱི་བསྒྲལ། །དེ་ཡང་གཤེད༴ བདག་འཛིན་རྟོག་པ་དགྲ་བར་ལངས་ཀྱང་། །དབང་ལྔ་ཚོགས་བརྒྱད་གཤེད་དུ་ཆེ། །ཕུང་ལྔ་ཡུལ་ལྒ་དབྱིངས་སུ་བསྒྲལ། །དེ་ཡང་གཤེད༴ །འདུ་བ་རྣམ་བཞི་དགྲར་ལངས་པས། །ལུས་སེམས་ཐ་དད་གཤེད་དུ་ཆེ། །གཉིས་མེད་ཡེ་ཤེས་ཐུགས་རྗེ་ཡིས། །ཀུན་ཏུ་བཟང་པོའི་བྱིན་རླབས་ཀྱིས། །སླང་ང་བདེ་ཆེན་ཀུན་བཟང་མོས། །འོག་ཏུ་མནན་པའི་དབྱིངས་སུ་ཚུད། །ལྡོག་མེད་ཆོས་སྐུར་བྱང་ཆུབ་ཧཱུཾ་ཧཱུཾ་མ་ཧཱ་ཀྲོ་ཏ་བྷི་ཤི་ཙཀྲ་མཎྜལ་ཧ་ལ་ཧ་ལ་ཡཱུཾ་ཕཊ༔ སརྦ་ཛ་ཏྲི་ནི་ཧཱུཾ་ཛཿ ཀ་ཏྲི་སུམ་ཏྲི་ནི་ཧཱུཾ་ཛཿ ཨ་ཏྲི་ག་ཏྲི་ནི༴ ཤ་ཏྲི་ནི༴ ཀ་ཏྲི་ན་ཏྲི་གྲུམ་གྲུམ་ཧཱུཾ། སརྦ་ཌི་ཏྲི་ནི་ཧཱུཾ་ཛཿ ཤན་ཏྲི་ནི༴ སུམ་ཏྲི་ནི༴ ཟ་འདྲ་ཤི་གཤེད་ཀྱི་སྲོག་སྙིག་མཱ་ར་ཡ་རྦད་ནན། སླང་ང་ཧོམ་ཁུང་སྟིང་དུ་སྦུབས་ལ་བཞག །དེ་ནས་སྔགས་དང་དམིགས་པའི་འཁྲུལ་འཁོར་ནི། ཧཱུཾ་བྲུབ་ཁུང་ནང་དུ་ཟས་འདྲེའི་མགོ་ཐུར་གནསཿ བདག་མདུན་ཐུགས་ལས་ཛཿཡིག་དམར་ནག་འཕྲོསཿ ཁོ་ཡི་སྣ་བུག་གསང་ལམ་གཉིས་ནས་ཞུགས༔ སྙིང་ཁར་ཕྱིན་པའི་ཟངས་ལྕགས་འཁོར་ལོ་གཉིས༔ རྣོ་ངར་ལྡན་པ་གཡས་གཡོན་དྲག་ཏུ་འཁོར༔ བླ་སྲོག་དོན་སྙིང་ནང་རོལ་ཐསམ་ཅད་གཏུབ༔ ཁོ་ལ་ན་ཚ་ཟུག་ཟེར་མི་སྐྱེ་བར༴ བདེ་བ་སྐྱེས་ནས་དྲ་མེད་དང་དུ་བརྒལ༔ ཕྱིན་ཆད་གནོད་པའི་ནུས་སྟོབས་མེད་པར་གྱུར༴ ཨོཾ་ཤྲྀ་བཛྲ་ཀྲོ་ཏ་སརྦ་ས་མ་ཡཿ ཟ་འདྲེ་ཤི་གཤེད་ཀྱི་སྲོག་ལ་ཏྲིག་ནན་ཨེ་ཧུར་ཐུམ་ཛ་མཱ་ར་ཡ་རྦད༔ རབ་ལ་དུས་དྲུག་འབྲིང་ལ་དུས་བཞི་དང་། ཐ་མ་དུས་གསུམ་སྔགས་མིགས་དེ་ལ་འབད། སྐབས་དའིར་འདུལ་དཀར་བླ་གུད་བསྡུས་པ་བཏང་། །འདུལ་གཞུང་དཀར་ནག་གཉིས་པོ་ཆ་ཚང་བ། །རབ་ཀྱི་དུས་གསུམ་འབྲིད་གི་དུས་གཉིས་དང་། ཐ་མ་ཉིན་ཚར་འཆག་ཏུ་མི་རུང་ངོ་། །ཉམས་དང་རྨིས་རྟགས་གཞུང་ལས་གསུང་བཞིན་འབྱུང་། དེས་ལྟར་བསྒྲུབ་པ་མཐར་ཕྱིན་ཚར་མི་ཉིན། །སྐྱེར་ལིང་ལིངྒ་ཡོད་རྣསམ་མདུན་དུཡ་བཞག །སླར་ཡང་པ་དྲ་འཕུགས་བྱས་ནས་ཁྲོ་བཅུ་ཡིས། གཏོར་མ་བཏིགས་ནས་གཏོར་རྒྱག་འིད་ལྟར་བྱེད། ཧཱུཾ་མི་དགེ་བཅུ་ཡི་དགྲེགས་འདུལ་བྱེད་པས། །ཡེ་ཤེས་ཁྲོ་བོ་བཅུ་ཡི་རང་བཞིན་ཉིད། །དམིགས་རྟེན་ལིང་གར་བརྒྱབ་པའི་རྩྭ་ཕུང་དང་། མེ་དཔུང་འཕྲད་བཞིན་ཐལ་བའི་རྡུལ་དུ་རློག༴ ཨོཾ་བཛྲ་ཀྲོ་ཏ་ཧཱུཾ་ཀ་ར་ཧཱུྃ། དགྲེགས་གནོད་བྱེད་གརྫ་གརྫ་ཧཱུྃ་ཕཊཿ ཨོཾ་བཛྲ་ཀྲོ་ཏ་བྷི་ཛ་ཡ་ཧཱུྃ། དགྲ་བགེགས་གནོད་བྱེད་ཧ་ན་ཧ་ན་ཧཱུཾ་ཕཊཿ ཨོཾ་བཛྲ་ཀྲོ་ཏ་ཡ་མནྟ་ཀ་ཧཱུྃ། དགྲ་བགེགས་གནོད་བྱེད་པ་ཙ་པ་ཙ་ཧཱུྃ་ཕཊཿ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧཱུྃ། དགྲ་བགེགས་གནོད་བྱེད་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུ་ཎྜ་ལི་ཧཱུྃ། དགྲ་བགེགས་གནོད་བྱེད་ཚིནྡ་ཚིནྡ་ཧཱུཾ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ནི་ལན་ཏནྟྲ་ཧཱུྃ། དགྲ་བགེགས་གནདོ་བྱེད་ད་ཧ་ད་ཧ་ཧཱུཾ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཨཱཪྱ་ཨ་ཙ་ལ་ཧཱུྃ། དགྲ་བགེགས་གནོད་བྱེད་བྷནྡ་བྷནྡ་ཧཱུཾ་ཕཊཿ ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཙརྟ་ཧཱུཾ། དགྲ་བགེགས་གནོད་བྱེད་ཏིཥྛ་ཏིཥྛ་ཧཱུཾ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཏྲཻ་ལོ་ཀྱ་བི་ཛ་ཧཱུྃ། དགྲ་བགེགས་གནོད་བྱེད་བྷིནྡ་བྷིནྡ་ཧཱུཾ་ཕཊ༔ ༔ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་པ་ལ་ཧཱུྃ། དགྲ་བགེགས་གནོད་བྱེད་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊཿ དེ་ལྟར་གཏོར་རྒྱག་ཚར་རྗེས་ལིངྒ་རྣམས། །དུམ་བུར་གཏུབ་ཏེ་ཤ་དུམ་དང་སྦྱར་བཤམས། །སྐྱིར་ཧོམ་བརྩིགས་ལ་མེ་སྦར་བྲན་བྱས་ལ། ཨོཾ་སྭ་བྷ་ཝ་སོགས་ནས་ཤུདྷོ་྅་ཧཾ། སྟོང་པའི་ངང་ལས་བྷནྡའི་སྣོ་ནང་དུ། ཟ་འདྲེའི་ཤ་ཁྲག་ལས་གྲུབ་བསྲེགས་རྫས་གསལ། ཨོཾ་ཨཱཿ་ཧཱུཾ་ཧ་ཧོ་ཧྲཱིཿ ཨེ་ལས་དྲག༴ པོའི་ཐབ་ཁུང་མོ་འབར་དབུས། པད་ཉིའི་གནད་ལ་ཧཱུཾ་ལས་དམེ་བརྩེ་ནི། ལྗང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་པ། གཡས་གསུམ་རྡོ་རྗེ་རལ་དྲི་སྦྲུལ་ཞགས་དང་། གཡོན་གསུམ་དགྲ་སྟྭ་ཁ་ཊཱཾ་བུམ་པ་བསྣམས། །ཁྲོ་ཆས་ཡོངས་རྫོགས་ཉི་ཟླ་བདུད་རིགས་བསྫིས། །ཞལ་གདོངས་མཆེ་གཙིགས་ཟ་འདྲེ་ཆེ་ཆེམ་གསོལ། །དམ་ཡེ་དབྱེར་མེད་དོན་འགྲུབ་དབུན་གྱུར། །ཧཱུཾ་ཆོས་དབྱིངས་རྣམ་དག་གསུང་གི་དཀྱིལ་འཁོར་ནས། །ཁྲོ་རྒྱ་དམེ་བ་བརྩེགས་པ་འདིར་གཤེགས་བཞུང་། །ལོངས་སྐུའི་ཆས་རྫོང་རྐོ་བོ་ཆེན་པོ་ཁྱོད། །གཟུགས་ཀྱི་དྲི་བྲ་རྩེག་དང་མི་གཙང་སེལ། །ངག་སྒྲིབ་འཇོམས་མཛད་བདེན་པའི་དྲག་སྔགས་སྒྲོགས། །ཟབ་ཞི་སྤྲོལ་གཉིས་མེད་ཡེ་ཤེས་ཐུགས། །ཁྲོ་མཆོག་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ན། །ཟ་འདྲེའི་སྒོ་གསུམ་བསྒྲལ་བའི་མཆོད་ཚོགས་འབུལ། །ཁྱེད་ཀྱི་མཐུ་སྟོབས་ནུས་པའི་འོད་ཟེར་གྱིས། །དམ་ཉམས་སྡོམ་འཆལ་གནས་གྲོགས་གྲིབ་ཚོགས་ཀུན། །མེ་མཆོད་ཡེ་ཤེས་སྣང་བས་གསལ་མཛོད་གསོལ། །ཨོཾ་བྷུར་ཁུང་མ་ཧཱ་པྲ་མ་ན་ཡེ་བྷུར་ཙི་བྷུར་ཀི་བི་མ་ཡེ་ཨུ་ཙུསྨ་ཀྲོ་ཏ་ཧཱུྃ་ཕཊ། ཟ་འདྲེ་ཤི་གཤེད་ཨགྣེ་ཡེ་མཱ་ར་ཡ་ཛཱ་ལ་རཾ་རཾ། སྔགས་དེ་རྒྱས་པར་སུམ་བརྒྱ་འབྲིང་དུ་བརྒྱ། །ཐ་མ་ཚེ་འདས་ལོ་གྲངས་ཕུལ་བས་ཆོག །འོན་ཀྱང་མང་ཉུང་ལོངས་སྐབས་དང་བསྟུན་ནས། ལིང་རོ་ཤ་དུམ་སྔགས་དང་སྦྲགས་ལ་འབུལ། །ལོངས་སྐབས་མེད་ཅིག་བསྡུ་ན་སྔགས་ཐུང་འདིར། །ཨགྷེ་མ་སོགས་ཤམ་བུར་བཏགས་ལ་འབུལ། ཨོཾ་བྷུར་ཁུ་དྷིས་སྭཱ་ཧཱ། ཟ་འདྲེ་ཤི་གཤེད་ཨགྣེ་ཡེ་མཱ་ར་ཡ་ཛྭ་ལ་རམ། ཞེས་པས་ཕུལ་ལ། ཨོཾ་བཛྲ་ཨརྒྷམ་སངས་རྒྱས་སོགས། ཤཔྟ་པྲ་ཏིཙྪ་ཡེ་སྭཱཧཱ༔ ཞེས་པས་སྔགས་རོལ་བཅས་ལ་རྣམ་ལྔ་འབུལ་ལ། གཏོར་ཆུང་གཅིག་བཤམས་འགུགས་པ་ཕུགས་བྱས་ལ་བྲན། ཧཱུཾ་སྔོན་ཚེ་ཁོ་ཆོག་རྡོ་རྗེ་གཞོན་ནུ་གཉིད། །དུར་ཁྲོད་གནས་ཕྱིན་རུ་ཊའི་ཡུམ་ལ་གཟིགས། །སྙོམས་པར་ཞུགས་ཏེ་དམེ་བ་བརྩེགས་པ་འཁྲུངས། །ཡབ་ལྟར་དབུ་གསུམ་ཕྱག་དྲུག་དམེར་སྐྲ། །གཡས་ཟལ་དཀར་བའི་ཁམས་སུ་དབང་དུ་སྡུད། །གཡོན་ཞལ་དམར་བའི་སྲིད་གསུམ་ཟིལ་གྱིས་གནོན། །དབུས་ཟལ་མཐིང་ག་དྲག་པོའི་ཕྲིན་ལས་མཛོད། །ཕྱག་དྲུག་གཡས་གསུམ་དང་པོའི་རྡོ་རྗེ་དང་། བར་བ་རལ་དྲི་ཐ་མ་སྦྲུལ་ཞགས་བསྣམས། །གདུག་པ་འདུལ་ཞིང་དགྲེགས་སྐྱེ་ཤི་གཅོད། །གཡོན་གསུམ་དང་པོའི་དགྲ་སྟྭ་བར་མ་ན། །དྲི་ཤུལ་ཐ་མས་བུམ་པ་ཐོགས་པ་ཡི། །དགྲ་བགེགས་ཉོན་མོངས་རྩད་གཅོད་དུག་ལྔ་འཁྲུད། །ཞབས༴ གཡས་ཉི་མ་གཡོན་པས་ཟླ་བ་བརྫིས། །ཕོ་བདུད་མོ་བདུད་ཟིལ་གྱི་གནོན་པའི་རྟགས། །ཞབས་གཉིས་འོད་ཟེར་ཐབས་སྐུ་ལས་མེ་དཔུང་འཕྲོས། །དུག་ལྔའི་སྒྲིབ་བསྲེགས་སྟོབས་བཅུ་ལྡན་ལ་བསྟོད། །དུག་གསུམ་རུ་ཊ་བསྒྲ་བའི་དམེ་བརྩེགས་ཞེས། །སྤོངས་གྲགས་མེ་ནལ་དམ་གྲིབ་སོགས་འཇོམས་པའི། །མཐུ་རྩ་ནུས་ལྡ་ཀོར་རྒྱ་སྟོབས་པོ་ཆེ། །གཏོར་མ་འདི་རྗེས་མི་གཙང་ཀུན་དག་ནས། །ཟ་འདྲེ་ཤི་གསེད་འདུལ་བའི་ལས་མཛོད་ཅིག །ཨོཾ་བྷུར་ཁུང་རི་ལི་ཤུ་ཐར་ཤ་ཧུར་ཤི་བྷི་མ་ལ། ཨུ་ཙུ་སྨ་ཀྲོ་ཏ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཟ་འདྲེའི་ཤ་ཁྲག་མ་ཧཱ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ གཏོར་ཆུང་ཐབ་ཏུ་ཕུལ། ཧཱུཾ་འོག་ཕྱོགས་ཁྲོ་བོ་དམེ་བ་སྟོབས་པོ་ཆེ། །ཁྱེད་ལ་མཆོད་བསྟོད་ཉེས་བསགས་དབྱིངས་སུ་གཤེགས། །བཛྲ་མུ༔ ཡེ་ཤེགས་པ་གཤེགས་དམ་ཚིག་པ་བདག་ལ་བསྟིམ། དེ་རྗེས་བསྲེང་ཐལ་བསྡུས་ཏེ་སླང་ང་སྦུབས། དེ་སྟེང་ཁྲོ་བཅུའི་གཏོར་རྣོད་སྦུབ་ལ་བརྗི། རི་རབ་འོག་ཏུ་གནོད་བྱེད་མནན་པར་བསམ། ཧཱུྃ་ཁྲོ་བཅུའི་སྟོབས་ཀྱིས་ཟ་འདྲེ་ཤི་གཤེད་རྣམས། །ཆུ་སྲིན་ཁར་བརྫངས་གྲི་ཐོགས་གྱི་བསྐོར་བཟག །རྒྱ་མཚོའི་གཏིང་བསྒྱུར་རོལ་མཛོས་ཡོངས་བསྐོར་བཞག །འཁོར་ལོའི་རྩིབས་བསྐྱོན་མཚོན་ཅའི་བསྐོར་ནས་བཞག །ཁྲོ་བོའི་ཞལ་བསྟབ་ཁྲོ་ཚོགས་གྱིས་བསྐོར་བཞག །མེ་དཔུང་ཀློང་བསྲེགས་ཡེ་ཤེས་མེས་བསྐོར་བཞག །ལས་གཤིན་ཞལ་བསྟབས་འབྱུང་རིམ་དགུས་མནན་ནོ། །ས་རིམ་དབུས་ཞབས་གསེར་གཞི་ལྷུན་པོའི་མནན༴ བྱམས་མགོན་བསྟན་པ་མ་བྱུང་བར་དག་ཏུ། །སྟོང་དུ་ཁྲོ་བོའི་བྲོ་ར་རྔམས་འཇིགས་རྔམས། །བགེགས་ཚོགས་ནམ་ཡང་ལྡང་བར་མ་བྱེད་ཅིག །ཨོཾ་ལོག་ཏྲི་ལ་ནན། ས་ག་པ་ཤ་ནན། ན་ག་དུ་དུ་ནན། མ་མམ་མ་མམ། ཙིད་ཙི་ར་ཙི་ར་ར། བམ་རུ་ལུ་བམ་རུ་ལུ། རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ། ཧེ་ར་ཧོ་ར། གནོད་བྱེད་ཙི་དུ་སོད། ལུས་ཤིག་ཧུར་གཏུབ། ཧ་ལ་པ་ཏི་ནན། འཁོར་བ་དུལ་དུལ། ཀཱ་ཡ་ཙིརྟ་ཟ་འདྲེ་ཤི་གཤེད་ཕོ་མོ་མཱ་ར་ཡ་ནན༔ ཨོཾ་ལམ། ཨཱཿ་ལམ། ཧུཾ་ལམ། སྟྭམ་བྷ་ཡ་ནན། མཱ་ར་ཡ་ནན། ཆིངས་ཤིག །སྦྱིན་བསྲེགས་ཐལ་རོ་ས་འཇིགས་ཆེ་སར་མནན། དེ་ཡི་མནན་བསྲེགས་འཕང་གསུམ་ཆོ་ག་རྫོགས། །རྒྱས་སར་མནན་པ་གཞུང་ནས་བྱུང་བ་ལྟར། །སྤྱི་བསྡུས་ཙམ་ལ་འདི་ཡི་ཆོགཔ་ཡིན། འདི་ལྟར་གཞུང་བཞིན་གྲུབ་པའི་ཤི་འཕྲོ་ཆོད། ཐུགས་རྗེ་ཆེན་པོའི་ཀློས་གར་ཀརྨ་ཨ་རཱ་གས། མཛད་པའི་འདུལ་ནག་ཆོ་གའི་སྙིང་པོའི་དོན་བསྡུས་འདི། འདི་འདྲ་དགོས་ཞེས་བྱང་ཕྱོགས་མཚོ་སྔོན་ཆར་གཏོགས་པ། པ་སངས་ལྟར་དཀར་དམ་ལྡན་བསོད་ནམས་ལྷུན་པོའི་བསྐུལ་བའི་དོན། །དོན་ཡོད་བྱ་ཕྱིར་འདུན་བཟང་གཞན་ལ་ཕན་དེའི་བྲིས། །བྲིས་པའི་དགེ་བ་རྣམ་དཀར་ཀླང་བའི་གཟུགས། །རྣམ་མང་གདུལ་བྱའི་ཆུ་གཏིར་ཡོངས་སར་ནས། །རྣ་པ་ཀུན་ནས་ཀུན་ཏུ་དགེ་འགྱུར་ཞིང་། རྣམ་མཁྱེན་རྒྱ་བའི་གོ་འཕང་མངོན་གྱུར་ཤོག །དགེའོ། དགེའོ། དགེའོ། །།འདི་པ་ཤིང་བྱན་དུག་པོ་ལ། ཕོ་ལ་ཕོ་ཤིང་སྟག་པ། སྐྱེར་བ། ཤུག་པ། མོ་ལ་མོ་ཤིང་གླང་མ། ལྕང་མ་བྱིས་བ་ལོ་བདུན་ནས་ཉི་ཤུའི་བར་ལ་ཙར་ཤིང་ཚ་བུ་ལ་བྱང་བུ་དགུ་བྱས་ལ་ཁྲག་གི་ཡི་གེ་བྲིས་ཏེ། ཤི་འདྲེ་ཤི་སྲི་ཁུག །གཤིན་ལྕགས་ཁུག་གསོན་བདུད་ལུག་༣ མདངས་ལེན་ཁུག༤ ཚེ་ལེན་ཁུག༥ དབུགས་ལེན་ཁུག༤ སྲོག་གཅོད་ཁུག༧ ཤི་འདྲེ་ཁུག༨ ཀྲ་འདྲེ་ཁུག་༩ ཅེས་པ་བྲིས་པ་བཞག །སྐྱབས་རྗེ་རིན་པོ་ཆེའི་ཀྶུ་མདུན་ལ་གཏུག་ནས་ཞུས་དག་པར་བགྱིས་དཔའོ། །དགེའོ། །


previousམཁས་གྲུབ་ཀརྨཱ་ཆགས་མེད་ཀྱིས་མཛད་པའི་དྲག་པོའི་ལྕགས་འདུལ་གྱི་དོན་བསུདས་པ་གཤེར་འདུམ་གནམ་ལྕགས་མཚོན་ཆ།next