Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
   
རྫོགས་ཆེན་པ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་རང་གི་མངོན་རྟོགས་དྲང་པོར་སྨྲས་པ།
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྫོགས་ཆེན་པ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་རང་གི་མངོན་རྟོགས་དྲང་པོར་སྨྲས་པ།next

རྫོགས་ཆེན་པ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་རང་གི་མངོན་རྟོགས་དྲང་པོར་སྨྲས་པ།

རྫོགས་ཆེན་པ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་རང་གི་མངོན་རྟོགས་དྲང་པོར་སྨྲས་པ་བཞུགས། །མངྒ་ལམ། །ན་མོ་ཀུ་རུ་ཨ་མི་ཏཱ་བྷ་ཡ། །འོད་མཚན་སྟོང་འབར་འཆི་མེད་ཚེ་ཡི་ལྷ། །གདུལ་བྱའི་བློ་ངོར་སྣང་བ་ཆོས་ཀྱི་རྒྱལ་ལུང་བསྟན་རྡོ་རྗེ་ཀུ་རུམ་བཙན་པོ་དང་། །བུདྷ་དཱི་བར་བཅས་ལ་གསོལ་བ་འདེབས། །ཁྱད་པར་དྲ་མོད་སྨད་རྡོ་ཞེས་གྲགས་པའི་ཆར། །སྲིད་བཟུ་ནུ་ཞེས་འཚོ་བར་བརྟེན་པ་ནས། ཆོས་སྤ་ཁྲི་སྲོང་ལྡེའུ་བཙན་སྲས་གཏེར་སྟོབས་ས་གླིང་པ། བགྲང་བྱ་ལྔ་དྲུག་སྐབས་སུ་སྲོན་གོམས་པའི། །གཏེགས་གྱི་ལུང་བསྟན་ཐོབ་ལ་གསོལ་བ་འདེབས། །སྐབས་དེར་རྡོ་རྗེ་ལུག་རྒྱུད་མཐོང་བ་དང་། །ཁད་འཕགས་རྨི་ལམ་དག་སྣང་མང་བྱུང་ཞིང་། །མ་བསླབས་མི་གོ་ཀློག་འདྲེ་ཤེས་པ་སོགས། །ཤོན་གོམ་བག་ཆགས་སད་དེར་གསོལ་བ་འདེབས། །བགྲང་པྱ་བཅུ་བཞི་བཅོ་ལག་ནས་བཟུང་སྟེ། །མཚན་བླ་མའི་རྗེས་བཟུང་སྔོན་འགྲོ་ནས། །དངོས་གཞིའི་བར་མཉན་ཐོས་བསམ་མྱོང་བ་བྱས། །དལ་འབྱོར་དོན་ལྡན་མཛད་དེར་གསོལ་བ་འདེབ་ཉེར་གཉིས་བགྲགས་བྱར་ཆོས་འཁོར་རྣམ་གསུམ་དང་། །དཔལ་གྱི་ཙ་རི་གས་སོགས་གསན་སྐོར་ཛང་། །ཆབ་གཅིག་མཉམ་མེད་དྭགས་དྭགས་ལྟ་གོམ་པོ་པོའི་གདན་པ་རུ། །ལྷ་ས་བསལ་ཡས་ཁྲ་འབུག །ཕྱག་ཆེན་མཉམ་བསལ་མཛད་དེགས་གསོལ་བ་འདེབས། །སྐབས་དེར་མཁས་ཤིང་གྲུབ་པའི་སྐྱེས་བུ་མཆོག ཟེ་ཆེན་ཀུན་བཟང་རྣམ་པར་རྒྱ་བ་རབ་འབྱམས་ཀུན་གྲོལ་རྣམ་རྒྱལ་དང་། དྲི་མེད་ཀཿཐོག་ཟིང་སྐྱོང་ཨོ་རྒྱན་དཔལ་ཡུལ་བཀྲ་ཤིས་ལས་རྫོགས་ཆེན་མན་ངག་ཐོབ་ལ་གསོལ་བ། བགྲང་བྱ་ནེར་ལྔའི་དུས་སུ་ཕ་ཡུལ་དུ། སློབ་ནས་དགྲ་འདུལ་གཉེན་སྐྱོང་སོགས་བྱས་ཀྱང་། །དངུལ་ཆུ་རྡུལ་གྱི་ཁྲོད་ལྷུངས་པ་བཞིན། །སེམས་ཉི་སྐྱོན་དང་བྲ་ལ་གསོལ་བ༴ བགྱང་བྱ་སོ་བཞིའི་དུས་སུ་སྣང་མཐའ་ཡིས། །ལུང་གིས་དབུགས་དབྱུང་ཐོབ་པའི་རྟེན་འབྲེལ་གྱིས། །རྫོགས་ཆེན་ཨ་ཏིའི་བསྟན་པའི་བྱ་བ་མཚན་མཆོག་སྲུལ་དཔོན་སློབ་ནམ་མཁའ་འོད་གསང་དམ་པ་ཟུང་། བསྙེན་ནས་སྨིན་གྲོལ་ནོད་ལ་གསོལ་བ༴ སྐབས་དེར་སྐྱེ་ཤས་ངེས་འབྱུང་དྲག་པོའི་བློས། །སྐྱབས་སེམས་པྱག་དང་ཡིག་བརྒྱ་འབུལ་གཏེགས་དྲུག་བསྒྲུབ་དང་ཆབ་གཅིག་གསན་སྐོར་ལ་སོགས་པར། །སོག་གསུམ་བཀོལ་དུ་ནུས་གསོལ་བ༴ སོ་ལྔའི་བྲང་བྱར་ཏྲུ་དམ་གངས་རྫོགས་ཆེས་ཁྲོད་དུ་རི་ཁྲོད་རྣམས་སུ་རིམ་གཉིས་གནད་བསྣུན་པས། །རང་སྣང་དབང་འདུས་གཞན་སྣང་ཟིལ་གནོན་པའི། །ལམ་རྟགས་མངོན་དུ་གྱུར་ལ༴ སྐབས་དེར་གཅོད་ཡུལ་ལམ་ལའང་སྦྱངས་པའི་མནུས། །ཐོགས་བཅས་ཐོགས་མེད་སྙེམས་བྱེད་དགའ་བྲོད་བཞིའོ། །བདུད་ཀྱི་མི་བརྗིད་ཚར་སློང་འགྲིགས་པ་དང་། །ཆབ་གཅིག་རང་འདོད་སྤངས་ལ་གསོལ་བ༴ ཁམས་དབུས་སླར་ཡང་དབུས་གཙང་ཀུན་ཏུ་ཟང་ཟིང་དངོས་པོའི་ཚོགས། །གནས་མིན་དག་ལ་གོད་གཞག་མ་བྱས་ཤིང་། །ཡར་མཆོད་མར་སྦྱིན་གནས་ལ་མ་བདམ་པས་ཚོགས་གཉིས་བསགས་མཛད་དེ་ལ་གསོལ་བ་དེ་ཚེ་ལྷ་དང་བླ་མས་བསྐུལ་བའི་མཐུས། །རྒྱལ་བ་གཉིས་པ་འཇིགས་མེད་གླིང་པའི་ཞབས། །བསྙེན་ནས་ཟབ་དགུའི་མན་ངག་ལེགས་ནོད་པའི། །སློབ་མའི་ཡོན་ཏན་ཚང་དེར་གསོལ་བ༴ རྫོགས་ཆེན་མཁྱེན་བརྩེའི་འོད་ཟེར༴ སྐྱབས་རྗེ་གང་གི་ལུངབསྟལ་བསྟེན་ནས། ཀུན་བཟང་གཞན་ཕན་འཛགས་མེད་ཕྲིན་ལས་འོད་ཟེར་རང་ཉིད། ཁམས་སུ་ཕྱོགས་ཚེ་ས་སྐྱོང་དེ་དགེ་སོགས། །ཡུལ་བྱང་ཕྱོགས་ཡུལ་ལྗོངས་རྨ་ཤོར་ཀྱི་ཀློང་འགྲམ། དེ་མཆོག་དམན་ཀུན་གྱིས་བརྒྱུ་གྱུར་ཡང་། །རང་མཐོང་ང་རྒྱལ་ཟད་དེར་གསོལ་བ༴ ཚེ་གཅིག་སྒྲུབ་ལ་གཞོལ་ཞེས་རང་ཉིད་ཀྱིས་དམ་བཅས་ཚེ། རང་བདེ་དང་དུ་བླངས་བའི་བྱང་སེམས། །དེ་ཕྱིར་སྐྱེ་ངལ་མེད་པས་གཞན་གྱི་དོན་གྱིས་ཞེས་འཇིགས་མེད་གླིང་པས་ལུང་བསྟན་ཐོབ་དེར་གསོལ་བ༴ ལར་ཡང་དུས་རྣམས་ཀུན་ཏུ་གཞན་གྱ་ིདོན། །གཙོ་བོར་བྱེད་ལས་རང་དོན་ཡིད་བྱེད་ཀྱིས། གང་སེམས་འཁྲུལ་མམ་ཡིན་དཔང་པོ་རུ། །རྒྱལ་བ་སྲས་བཅས་བཞུགས་དེར་གསོལ་བ༴ ཕྱི་ཚུལ་ཕན་སྔགས་སྐྱ་ཆས་ཁྲལ་མ་ཁྲོལ། །སྤྱོད་པ་གང་གར་རོལ་མོ་འམ་ལ་འོལ། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཝལ་ལེ་ཝལ། །བཅོས་མའི་མངོན་རྫོགས་སྤང་དེར༴ བགྲང་བྱ་དང་དྲུག་དུས་ཀྱི་སྤུད་པས་ཚོ། །ཙི་རྒྱ་ནག་ནའི་ས་འཛིན་རི་བོའི་རྩེ་ལྷུན་པོའི་སྤོ་མདའ་རྒུ། །བསྣེགས་ལམ་ཐུགས་རྗེ་ཆེན་པོའི་བྱིན་ལྡན་གནས། །སྤྲོལ་སང་ཕྱོགས་སོགས་ཡུལ་གྱིས་ཆད་གཏོགས་པ་རྫོགས་བྲག་དཀར་བརྟེན་དེར་གསོལ༴ དེར་ཡང་ཕྱི་ནང་གསང་བའི་འཚུབ་སློང་གིས། །བར་ཆོད་མང་བརྩམས་ལུས་སྲོག་འོད་ཟེར་ཉོན་ཚོགས་བཟང་ངན་རེ་དོགས་གཟུང་འཛིན་ཟིལ་ཡི་ནོན་མཐུས། བྱང་ཕྱོགས་མཚོ་སྔོན་ས་ཆ་ན། སྡུག་བདེ་བར་བསྒྱུར་དེར་གསོལ་བ༴ སྐབས་དེར་མོད་སྔགས་བསྟན་ཀ་བ་ཆེ། ཀུན་བཞག་སྙན་སྒོ་མེ་དང་ཀྱ་མདའ་ཅུ་གྲགས་རྒྱ་མཚོའི་བཀའ་བཞིན་གྱིས། །ཡུལ་དེར་ཕྱིན་ཚེ་ལྷ་འདྲེས་ཉམས་སད་ཀྱང་། །བརྫི་བར་མ་ནུས་དེ་ལ་ཆོས་བརྒྱད་ཁྲིམས་ཀྱི་མངའ་བདག་སྟོབས་ཟད་པས། །ཆོས་མིན་སྤྱོད་པའི་ཆེ་ཐང་རབ་ཏུ་ཉམས། །ཆོས་དང་ཆོས་མིན་ཤེས་བཞིན་སྐོགས་ཉལ་མཁན། རྫོགས་ལྡ་མིང་དོན་མཐུན་དེར༴ དེ་ཚེ་གནམ་རྒྱ་ནག་གོང་མ་རྒྱ་ཡི་གྱི་བསྐོས་པའི་རྒྱ་པོ་ཆེའོ། །ལུང་གིས་སོག་པའི་རྒྱ་པོ་དབང་བསྔགས་པའི་ངག་དབང་དར་རྒྱས་ཟེས། ཡོངས་སུ་གྲགས་པའི་བཀའ་བཞིན་གང་གི་པར། གསང་སྔགས་ཆོས་འཁོར་བསྐོར་དེར༴ སྐབས་དེར་ལ་ཁ་གྲུབ་ཆེན་ཡང་སྲིད་སོགས། མཆོག་དམན་དུ་མར་སྨིན་གྲོལ་གདམས་པའི་བཅུད། །སྤྲེལ་ནས་འབྲེལ་ཚད་དོན་ལྡ་སྨོན་འདུན་གྱིས། །བསྔོ་སྨོན་ཡང་དག་འཁྱིད་དེར་གསོལ་བ༴ གཞན་ཡང་ཕྱིར་སྣང་མི་དང་ཚུལ་མཐུན་ཡང་། རང་རྒྱུ་གཞན་དང་མ་འདྲེས་རྣལ་འབྱོར་པ། །ཨུ་པ་སུ་ཀ་ཀུན་བཟང་གཞན་ཕན་ཞེས། །ཉེས་ལྟུང་སྣོད་ཆུང་དེ་ལ༴ སྔགས་ལ་མོས་པས་སྔགས་སྤྱོད་སྐྱེས་བུ་མཆོག །རྫོགས་ཅེན་པ་རང་ཉིད། །ཕྱོགས་དང་ཀླུ་བརྟེན་དམ་འཁོར་ཚིག་ལ་ཉམས་མཐུས། །མི་དོག་སྣང་བ་སྲབ་ཅིང་དག་སྣང་རྒྱས། །གྲུབ་མཐའི་ཕྱོགས་རིས་ཞིག་དེར་གསོལ་བ༴ མ་རོ་ཏ་ལྟ་བ་འདས་སེསམ་སུ་ཤེས། །སྒོམ་པས་མ་ཡོངས་མི་སྒོམ་དོན་ལ་ལྟ། །སྤྱོད་པས་གང་བྱས་གྲོགས་སུ་འཆར་ནུས་པའི། །འབྲས་བུ་རོ་དྭོགས་བྲ་དེར་གསོལ་བ༴ དེ་ལྟར་གསོལ་བ་བཏབ་པས་དུས་གསུམ་གྱི། བླ་མའི་མཛད་པར་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་དག་པའི་སྣང་བ་འཆར་ནུས་པས། །བྱང་ཆུབ་སྙིང་བོ་ཐོབ་པར་བྱིན་གྱིས་རློབས། །ཞེས་པ་འདི་མང་དགེ་སློང་ནམ་མཁའི་སྙིང་པོའི་སྤྲུལ་པ་ལ་ཁ་གྲུབ་ཆེན་གྱི་སྤང་སྲིད་ཨོ་རྒྱན་འཇིགས་མེད་ནམ་མཁའ་རྒྱ་མཚན་ཞལ་སྔ་ནས་ནན་གྱིས་འདི་ལྟར་རྩོམ་དགོས་ཀྱི་བཀའ་ཕེབ་དང་། དཔོན་པོ་འཇིག་མེད་མཐུ་སྟོབས་སོགས་དོན་གཉེར་ཅན་ཛུམས་བསྐུར་བར་རྟེན་རྒྱལ་ཁམས་ཉུལ་བའི་རྣལ་འབྱོར་པ་རིགས་མེད་ཕྲིན་ལས་འོད་ཟེར་གྱི་རང་གི་མངོན་རྫོགས་བྲང་སོར་སྨྲས་པ་འདིས་ལོག་ལྟའི་སྨག་རུམ་སེལ་བའི་འོད་ཟེར་སྟོངས་བར་དུ་གྱུར་ཅིག་གུ། དགེའོ། །དགེའོ། །དགེའོ། སྔགས་དྲུག་ཕྱག་དྲུག་གི་འགྲེ་བ་ཤེལ་གྱི་མེ་ལོང་བཞུགས་སོ། །གྲངས་མེད་བསྐལ་བར་ཚོགས་གཉིས་རིན་ཆེན་རྡུལ། །དཔག་ཡས་སྤྲུངས་པའི་རང་གཟུགས་རིས་དབང་རྒྱལ། །འཁོར་བ་རྒྱ་མཚོའི་ཀློག་ནས་ཡོངས་འཕག་པ། སྟོན་པ་འཇིག་བརྟེན་མགོན་པོ་དགེ་ལེགས་རྩོལ། །གསར་རྙིང་སྒྲུབ་ཕྲ་འགལ་ལ་ཉེར་མཁོ་བའི། །སྔགས་དྲུག་ཕྱག་རྒྱ་དྲུག་གི་རྣམ་གྲངས་གཟུགས། །དེང་འདིར་སྒྲིབ་བྲ་ཤེལ་གྱི་ཨ་དར་ཤར། གསར་བར་བགྱི་འདི་ལྟད་མོ་གནག་བར་མཛོད། །དེ་ལ་བལ་བྱའི་སྔགས་དྲུག་ཕྱག་རྒྱ་དྲུག །བསྐྱེད་པའི་ལྟ་དྲུག་ས་བོན་ཡེ་གེ་དྲུག །གསུངས་པའི་སྔགས་དྲུག་ཡོངས་གྲགས་ཇི་བཞིན་ལ། ཕྱག་རྒྱ་དྲུག་གི་དང་སོ། ཨོཾ་སྭ་བྷ་ཝ་ཤུདྷ་སརྦ་དྷརྨཱ་སྭ་ཧ་ཤུདྷོ་ཉ་ཧཾ། ལག་པས་བཟུང་། སྙིང་ཁར་ཐལ་མོ་པདྨ་ཁ་འབུས་ལྟར། བཅས་པའི་སྟེང་དུ་རྫས་ཀྱི་སྐྱོན་སྦྱངས་ལྷང་རིན་ཅེན་མདངས་ལས་མཆེད་པའི་འོད་ཟེར་གྱི། རྫས་ཀྱི་འབག་རྩོག་སེར་སྣའི་དྲི་མ་སོགས། མ་ལུས་ཡོངས་དག་སྟོང་པའི་ངང་དུ་སྦྱངས། གཉིས་པ། ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་བྷི་ཤྭ་མུ་ཁེ་བྷྱོཿ སརྦ་ཐཏྑཾ་ཨུཏྒ་ཏེ་སྤ་ར་ཎ་ཨེ་མམ་ག་ག་ན་ཁཾ་སྭཱ་ཧཱཿ གུང་སྲིན་བ་ཞི་སོ་རྩེ་སྤྲད་ཅིང་ཚིག་པ་བར་ཡང་ཙིག་ཅིང་མཐིབ་མཛུམས་གཞན་སྒྲངས་བ་རིན་ཆེན་སྒྲོམ་བུའི་ཕྱག་རྒྱ་བཅས། ཕྱག་རྒྱ་དེ་སྟེང་རྫས་སྤྲེལ་བའི་ལྷ། །ནམ་མཁའ་མཛོད་སེར་ཕྱག་གཉིས་རིན་པོ་ཆེའི། །སྒྲོམ་བུ་འཛིན་པའི་དབུས་སུ་ས་བོན་ཁཾ་སྔོན་པོ་གནལ་བ་དེ་མཚུངས་འོད་འཕྲོས་པས། །རྫས་རྣམས་གང་ལ་ག་འདོད་མཁོ་དགུའི་གཏེར། །ནམ་མཁའ་མཛོད་ཀྱི་རང་བཞིན་ཉིད་ཡུར་ནས། །མགྲོན་རིགས་མཉེས་ཤིང་ཚིམ་པའི་དཔལ་ལྡན་གྱུར། གསུམ་པ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ལ་གཉིས་མཐེ་བོང་གཉིས་བསྣོལ་ཞིང་། གཞན་རྣམས་ཐལ་མོ་ཁ་བྱི་པདམའི་དབྱིབས། །བཅས་པའི་སྟེང་དུ་དངོས་རྫས་བསྒྱུར་བའི་ལྷ། །བདུད་རྩི་འཁྱིལ་བའི་སྔོན་པོ་ཕྱག་གཉིས་ཀྱིས། །བདུད་རྩིའི་བཀང་བའི་རིན་ཆེན་བུམ་པ་འཛིན། །དེ་ཡིས་ཐུགས་ཁར་ས་བོན་ཧཱུཾ་སྔོན་པོ། གསལ་བ་དེ་ལས་འདོད་སྔོན་འཕྲོས་པ་ཡིས། །རྫས་རྣམས་དཀར་མངར་ཤ་ཁྲག་ལོགས་པ། གང་ལ་ཅི་འདོད་མཁོ་དགུའི་ལྷ་དོ་དུ། །བསྱུར་སན་མགྲོན་རྣས་མ་ལུས་མཉེས་པར་བསམ། །བཞི་པ།ན་མཿ སརྦ་ཏ་ཐའ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། ལག་གཡས་མཆོག་སྦྱིན་ཕྱག་རྒྱ་ནི། སུས་མོ་གཡས་པའི་སྟེང་ནས་མར་བརྐྱངས་ཏེ། །གཡོན་པ་ཐུགས་ཀར་ཁུ་ཚུར་མཛུབ་མོ་བསྒྲིངས། །དེ་སྟེང་རྫས་རྣམས་མགྲོན་རིགས་ཀུན་ཐོབ་ལྷ། །དམགིས་མེད་བྱམས་བརྩེའི་མངའ་བདབ་སྤྱན་རིགས་རྫགས། །ཐུགས་ཀར་ཧྲཱིཿ་དཀར་ཟླ་བའི་མདོག་འདྲ་ལས། །འོད་ཟེར་དཀར་པོ་བསིལ་ཟེར་འཛིན་འཕརོ། །ཁྱད་རཔ་བདག་བསྐྱེདཕྱག་གཡས་མཆོག་སྦྱིན་གྱི། །ཕྱག་རྒྱའི་མཛུབ་རྩེར་བདུད་རྩི་འོ་རྒྱུན་ལྟར། བབས་པས་མགྲོན་རིགས་མཆོག་དམན་ཐམས་ཅད་ཀུན། །ཆེ་ཆུང་པམ་རྒྱ་འཐབ་རྩོད་འཁོན་འཛིན་སོགས། །ཡོངས་བྲལ་ཉེ་རིགས་ཆགས་སྡང་བཏང་སྙོམས་བསམ། །ལྔ་པ་ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿ ས་མནྟ་སྥ་ར་ཎ་རསྨི་སམ་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་ཏུ་དུ་ཏུ་ཧྲཱི་ད་ཡ་ཛྭ་ལ་ནི་ཧཱུཾ་། ལག་གཡས་ཁུ་ཚུར་ཁ་སྦུབས་གྱིས། །མཐེ་བོང་བསྒྲེངས་ཞིང་སོར་མོ་གཞན་རྣམས་ཀྱུག །གཅིག་རྒྱབ་གཅིག་བསྐོར་དྲིལ་རྒྱ་ཏུགས་ཀར་བཅས། །གཡོན་པ་གྱེན་དུ་ཁ་བཟོད་སྣོ་བཏེགས་ཚུལ། ཅུང་ཟད་ལྟེ་བའི་ཐ་དུ་བཅས། ཕྱག་རྒྱ་དེའི་སྟེང་མགྲོན་རིགས་ཐམས་ཅད་ཀུན་ཚིམ་བྱེད་ལྷ་མཚག་དོན་ཡོད་གྲུབ་པ་ནི། སྐུ་མོདག་ལྗང་ཀྱུ་ཕྱག་གཡས་རལ་དྲི་དང་། གཡོན་པས་དྲིལ་བུ་འཛིན་སཡི། །ཐུགས་ཀར་ས་བོན་ཧ་ལྗང་གསལ་བ་ལས། །འོད་ཟེར་རང་མཚོན་བ་འཕྲོས་པའི་བྱིན་རླབས་ཀྱིས། །མགོན་ཀུན་ཡིད་ལ་གང་འདོད་རེ་བའི་དོན། །མ་ལུས་ཡོངས་སུ་བསྐང་བའི་མཐུ་ལྡན་བསམ། །དྲུག་པ་ན་མཿ ས་མནྟ་བུདྷ་ནཾ་གྲ་ཧེ་ཤྭ་རི་པྲ་བྷཉྩ་ཛ་ཏི་མ་ཧཱ་ས་མ་ཡེ་སྭཱ་ཧཱ། ལ་གཉིས་སོར་མོ་མདུན་ཐད་ནས། །རྒྱབ་སྤྲད་ངོས་སྦྱར་བཟང་དུ་བཀྱུག་ནས་སུ། །མཐེ་བོང་རང་རང་ལག་པའི་མཐིལ་བཀྱུག་པ། དབང་བསྒྱུར་འཁོར་ལོའི་ཕྱག་རྒྱ་ཞེས་བྱ་རྟེ། ཕྱག་རྒྱ་དེ་སྟིང་མགྲོན་ཚོགས་དབང་སྡུད་ལྷ། །ཕྱག་རྡོར་མཐིག་ནག་རབ་འཇིགས་རྔམ་བརྗིད་ལྡན། རྡོར་དྲིལ་འཛིན་པའི་ཐུགས་ཀའི་ས་བོན་ནི། ཐུ་ཡིག་མཐིང་ནག་གསལ་བ་དེ་ཉིད་ལས་དེར་མཐུན་འོད་ཟེར་མཐིང་ག་འཕྲོ་བ་ཡིས། །མགྲོན་རྣམས་ཐམས་ཅད་བདག་བཉའ་ཉན་ཞིང་། །བསྒོམ་པའི་ལས་ཀྱུན་ཐོག་མེད་བསྒྲུབ་པར་བསམ། དེ་ཚེ་ལྷ་རྣམས་སྐད་ཅིག་རེ་རེ་ཡིས། གསལ་ཞིང་ངོ་བོ་གཅིག་ལས་སྒྱུ་འཕྲུལ་གདང་རྣམ་བ་གང་ལ་གང་ལ་ལྷག་སྐུར་སྟོན་པ། སྐུ་གཟུགས་དང་ཡོན་ཏན་ཕྲིན་ལས་ཀྱི། མཛད་པ་བཤམ་ཁྱམས་མི་ཁྱབ་མཁྱེན་འཚལ་ལོ། །དེ་ལྟར་སྔགས་དྲུག་ཕྱག་རྒྱ་དྲུག་སོགས་ཀྱི། རྣམ་གྲངས་བཅལ་ཚུལ་དམིགས་རིམ་བྱིན་རླབས་སོགས། །སྟང་དབང་དམ་པའི་བཀའ་བཞིན་རྣལ་འབྱོར་པ། ཀུན་བཟང་མཁན་ཕན་གྱིས་སྨས་དགེ་གྱུར་ཅིག ༈ རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ལྕག་ཀྱུ་ལྟུར་འཕྲོས་པས་སྣང་བ་སྣོད་ཀྱི་འཇིག་བརྟེན་ནས་སྲིད་པའི་ལྷ་མ་སྲིན་དྲེགས་པ་སྡེ་བརྒྱད་ཀྱི་དམ་ཚོགས་ཡུལ་ལྷ་གཞི་བདག་དང་བཅས་པ་སྐད་ཅིག་གི་མདུན་གྱི་ནམ་མཁར་སྤྱན་དྲངས། །ཧཱུཾ་སྣང་ཡུལ་སྲིད་པའི་དཀྱིལ་འཁོར་ཆེན་པོ་ནས། འཇིག་བརྟེན་ལས་ལ་གྲུབ་པའི་མཐུ་རྩལ་ཅན། ལྷ་ཀླུ་མ་བདུད་གཤིན་རྗེ་སྲིན་པོ་བཙན། །གཟའ་སོགས་དྲེགས་པ་སྡེ་བརྒྱད་གཡེན་ནོ། །ཡུལ་ལྷ་གཞི་བདག་ཉེན་ལེགས་པ་ས་གསུམ་འབྱུང་པོའི་ཚོགས་རྣམས་མ་ལུས་ཀུན་ཡང་བྱེད་དོ་དགྲ་བགེགས་སྒྲོལ་ཕྱིར་འདིར་གཤེགས་ལ། རྣལ་འབྱོར་བདག་གི་བཀན་ཉན་ལས་བཅོལ་མཛོད། ཨོཾ་ཨ་ཡ་མ་དུ་ཏུ་ཙ་ཤ་ན་པ་པཱ་རི་ཝ་ར་སརྦ་བྷུ་ཏེ་བྷྱཿ ཨ་ཀཪྴ་ཡ་ཛཿ ཞེས་རོལ་སྒྲ་དག་བཅས་ཏེ་དྲག་ཏུ་བརྗོད་ལ། གནམས་བར་ཆང་གི་ཁྱོན་ཐམས་ཅད་གང་བར་དམིགས་ནས། པདྨ་ལམ་ལ་ཡེ་སྭཱཾ། ཞེས་གདན་ལ་འཁོད་པར་བསམ་ལ་དགེའོ། ན་མོ་གུ་རུ་བྷྱཿ གཟོད་ནས་ཀ་དག་དྲི་མེད་ཆོས་ཀྱི་སྐུ། །འདོ་གསལ་ལྷུན་གྲུབ་སྐུར་ངེས་ལོངས་སྤྱོད་རྫོགས། །ཟུང་ངག་སྲུལ་པའི་ཟིར་གྱིས་དྲིགས་ཅན་གསུམ། །ཕན་བདིའི་སྟང་བ་སྦྱིན་དེས་དགེ་ལེགས་རྩོལ། །དེ་ལ་སྐབས་འདིར་ཅི་རིགས་པར་འོད་གསར་སྙིང་ཐིག་གི་རིག་འཛིན་བརྒྱུད་པའི་བླ་མ་རྣམས་ཀྱི་ཐུགས་དམ་དར་འདོད་པས། །སྐོང་རྫས་རྣམས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ལ། ཧྲཱིཿ ཀུན་བརྟགས་གཞན་དབང་འཁྲུལ་བ་ལས་འདས་པས། །ཀུན་ཏུ་རྟོག་བྲལ་ཡོངས་སུ་གྲུབ་གནུག་མའི་དབྱིངས། །ཀུན་ནས་རྣམ་གྲོལ་ཡོན་ཏན་རྒྱ་མཚོའི་དཔྱིད། །ཀུན་བཟང་ཆོས་ཀྱི་སྐུ་ཡི་ཐམས་ཅད། བདེ་བའི་བདག་ཉིད་སྣ་ཚོགས་གཟུགས་ཅན་དང་། བདེ་ཆག་འོད་ཟེར་དེའི་དབང་ཕྱུག་ཟུང་ངག་པའི་བདེ་ཆེན་ཁ་སྦྱོར་ཡན་བྲུ་བདུན་ལྡན་དངོས། །བདེ་སྟོང་རྡོ་རྗེ་དེའི༴ དགའ་ལྡན་ལྷ་བརྒྱའི་ནོར་བུའི་ཅོད་པཎ་རྩེར། །དགའ་ཆེན་སྒྱུ་མའི་ཞབས་པ་ཉེར་བགོད་པའི། །དགའ་བཞིའི་ཡེ་ཤེས་མཚན་དཔེར་ཤར་བའི་གཟུགས། །དགའ་རབ་དགྱེས་པ་རྡོ་རྗེའི་དཔལ་ལྡན་མཁས་པའི་ཚོགས་ཀྱིས་ཕྱག་བྱས་ཤིང་། །དཔལ་ལྡན་གྲུབ་རིགས་རྒྱ་མཚོའི་འོད་ཟེར་བསྒྱུར། །དཔ་ལྡན་སྲས་རྒྱ་བའི་ཡེ་ཤེས་སྐུ། །དཔལ་ལྡན་མཉྫུའི་མི་དྲའི། རང་བཞིན་ཀ་དག་འདོལ་ཆེན་པོའི་ངང། །རང་གདངས་ལྷུན་གྲུབ་སྣང་བཞིའི་རྩ་རྫོགས་པས། །རང་བྱུང་གདོད་པའི་གནས་ལུགས་མངོན་གྱུར་ས། །རང་གསོལ་ཤྲཱི་སིདྷའི༴ རྣམ་བཅས་བདེ་བ་ཆེན་པོའི་བརྟ་དྲུགས་ཀྱིས། །རྣམ་མེད་སྡོང་མེད་ཕྱག་རྒྱར་མནམ་སྱོར་བས། །རྣམ་པ་ཀུན་གྱི་ཆག་ལྡན་ཡེ་ཤེས་དབྱིངས། །རྣམ་གྲོལ་ཛྙཱ་ན་པུ་དྲའི༴ འཕོ་འགྱུར་གཉིས་སུ་སྣང་བའི་ཉེར་ལེན་ཀུན། །འཕོ་བྲལ་དབུ་མའི་སྲོག་ཏུ་ཡོངས་སུ་གྲུབ་པས། །འཕོ་ཆེན་འཇའ་ལུས་རྡོ་རྗེའི་གོ་འཕང་ལས། །འཕོ་མེད་བི་མ་མི་དྲའི༴ འཆི་མེད་ཐོག་མའི་མགོན་པོའི་རྣམ་རོལ་ལོ་ནི་འཆི་མེད་རྟག་པདྨ་པའི་གཟུགས་འཆང་བ། འཆི་མེད་རིག་འཛིན་ཊཀིའི་ཚོགས་ཀྱི་རྗེ། འཆི་མེད་པདྨ་ཐོད་པྲེང་། །གྲུབ་པའི་སློབ་དཔོན་ཆེན་པོའི་རྗེས་བཟུང་ཞིང་གྲུབ་བརྙེས་ཡིད་མིན་གཏེར་ལ་དབང་འབྱོར་པས། གྲུབ་ཆག་བྱེ་བའི་གཙུག་ན་ངལ་འཚོ་བ། གྲུབ་ཆེན་རྗེ་འབངས་ཉེར་ལྔའི༴ ཀུན་ཏུ་ཟབ་ཞི་སྤྲོལ་ཆོས་ཉིད་དང་། ཀུན་སྣང་སྙིང་རྗེ་ཆེན་པོ་ཟུང་གནང་པ། ཀུན་གཟིགས་ཡེ་ཤེས་མེ་ལོང་འཆགས་བའི་དངོས། །ཀུན་ཟེམ་དྲི་མེད་འོད་ཟེར་རིགས་གཅིག་ལྷན་གཅེས་བདེ་ཆེན་ཐིག་གླེ་ལས། རིགས་རྣམས་སྣ་ཚོགས་སྤྲོས་དང་བསྡུ་བའི་གར། རིགས་དང་དཀྱིལ་འོར་རྒྱ་མཚོའི་ཁྱབ་ག་ཆག །རིག་འཛིན་རྩ་རྒྱུད་བླ་མའི༴ ཧྲིཿ ཐུགས་དམ་བསྐང་བའི་ཕྱི་ནང་མཆོད་པ་ནི། །ཚོགས་དྲུག་སྣང་བ་དབྱིངས་སུ་ཐིམ་པ་ལས། །གང་ཤར་འདོད་དོན་རྒྱན་གྱི་རོལ་མོའི་སྤྲིན། །མི་ཟད་ནམ་མཁའ་མཛོད་ཀྱིས། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མ་མེར་དྲི་ཆབ་ཞལ་ཟས་རོལ་མོའི་སྒྲ། །བཀྲ་ཤིས་རྫས་རྟགས་རིན་ཆེན་སྣ་བདུན་སོགས། །ལྷ་རྫས་ཕྱི་ཡི་མཆོད་པས༴ སྣང་སྟོང་སྒྱུ་མའི་གཟུགས་དང་ནཱ་དའི་སྒྲ། །བདེ་ཆེན་ཚུ་ཁྲིམས་དྲི་དང་དགའ་བཞིའི་རོ། །རབ་འབར་གཏུམ་མོའི་རེག་བྱ་ཆོས་སྐྱོངས། །རང་བྱུང་ནང་གི་མཆདོ་པས། །ཁམས་ལྔ་དབུ་མར་སྦྱོར་བའི་ཨ་མྲྀ་ཏ། རླུང་བཅུ་དབྱིངས་སུ་བསྒྲ་པའི་དམར་ཆེན་པོ། །ཟུང་ངག་བདེ་བ་ཆེན་པོའི་བ་ལིང་ཏ། ལྷན་སྐྱེས་གསང་པའི་མཆདོ་པས། ཀ་དག་འདོལ་དབྱིངས་ཀྱི་གསན་ལུགས་རྟོགས། །ལྷུན་གྲུབ་རིག་པ་ཆོས་ཉིད་ཆེན་པོར་འཁོར་འདས་གཞི་གྲོལ་གཞོན་ནུ་བུམ་སྐུའི་ངང། །བླ་མེད་ཆག་གི་མཆོད་པས། །སོ་ཐར་བྱང་སེམས་རིག་འཛིན་སྡེ་སྣོད་ཀྱི། །བཅས་དང་རང་བཞིན་ཉམས་པའི་སྡིག་ལྟུང་ཀུན། །རྩ་ཉ྄་ཀུན་འདུས་བླ་མའི་དཀྱིལ་འཁོར་ཆེར། །རང་གྲོལ་གཉུག་མའི་ངང་དུ་མཐོལ་ཞིང་བཤགས། །ཧྲཱིཿ དེ་ལྟར་བསྐང་ཞིང་བཤགས་པའི་བྱིན་རླབས་ཀྱི། །བདག་གཞན་འགྲོ་ཀུན་དེང་ནས་བྱང་ཆུབ་པར། །བརྒྱུ་ཉ྄་རིག་འཛིན་ཌཱཀིའི་རྗེས་བཟུང་ནས། །དོན་འདྲ་བསམ་སྦྱོར་ཡིད་བཞིན་འགྲུབ་པར་ཤོག། །གནས་སྐབས་བརྒྱད་གཉིས་འཇིགས་པ་ཀུན་ཞི་ཞིང་། །ཚེ་བསོད་ནམས་དཔལ་འབྱོར་ཉམས་རྟོགས་ཡོན་ཏན་རྒྱས། །འཁོར་འདས་སྣང་སྲིད་དབང་དུ་འདུ་བ་དང་། གཟུང་འཛིན་གྲོགས་རྩད་ནས་གཅོད་པར་ཤོག། །མཐུར་ཐུག་ཅིར་སྣང་ལྷ་ཡི་ཕྱག་རྒྱ་དག ༈། སྒྲ་གྲགས་བདེ་ཆེན་རྡོ་རྗེའི་དབྱིངས་སུ་རྫོགས། །རྟོགས་ཚོགས་འོད་གསལ་ཆོས་ཀྱི་སྐུར་སྨིན་ནས། །རང་བཞིན་གདོད་མའི་དབྱིངས་སུ་གྲོལ་པར་ཤོག །དེ་ལྟར་འོད་གསལ་སྙིང་ཐིག་གི་རིག་འཛིན་བླ་མ་བརྒྱུད་པའི་ཚོགས་ཀྱི་ཐམས་ཅད་ངའི་རིམ་པ་མཁྱོད་ཊཱ་ཀིའི་ཐོལ་གླུ་ཞེས་རྒྱ་བ་འདི་ཡང་། ཐེག་པ་ཆག་གི་རྣལ་འབྱོར་པ་ཀུན་མཁྱེན་བླ་མ་དགྱེས་པས་འབངས་འཇགས་མེད་སྡེས་ཕྱོགས་བྲ་ཡི་རྒྱལ་ཁམས་ཉུལ་བའི་སྐབས། །རྒྱ་བ་གཉིས་པ་དྲི་མེད་འོད་ཟེར་གྱི་སྡེ་གསུམ་རྫོགས་པ་ཆེན་པོ་སེང་གེའི་སྒྲ་བྱངས་ཀྱི་བསིལ་ལྡན་ཁ་དོན་པ་ཀུན་ཁྱབ་བར་མཛད་པའི་གནས་གངས་རི་ཐོད་དཀར་འོད་ཟེར་སྤྲིན་གྱི་སྐྱེད་མོའི་ཚལ་དུ་རྣམ་འཕྱགལོའི་ས་ཀི་ཟླའི་དམར་ཕྱོགས་ཌཱ་ཀི་འདུ་བའི་དུས་ཀྱི་མཆདོ་པ་ཅེན་པོའི་ནུབ་མོར་སྣང་གསལ་ཞིག་གི་ངག་སུ་ཤར་ལར་སྦྱར་བ་ཛ་ཡནྟུ་སརྦ་མངྒ་ལཾ། ལས་སློབ་པས་ཚོགས་བཏང་སྟེ། ཧོཿ བླ་མ་དཔལ་ལོ་ཆེན་པོ་དགོངས་སུ་གསོལ། །འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུས་པ་རྣམས་ལ་ཐེ་ཚེ་མེད། །བྲམ་སྙེ་ཁྱི་དང་གདོལ་བ་ཡང་། །རང་བཞིན་གཙིག་ཏུ་དགོངས་ཏི་རོལ། །བླ་མ་པད་སྐོར་གྱི་ཕྱག་རྒྱ་དང་བཅས་ཏེ། བདི་བར་ཤེགས་པ་ཆོས་ཀྱི་སྐུ། འདོད་ཆགས་ལ་སོགས་དྲི་མ་སྤངས། །གཟུང་འཛིན་རྣམས་པར་བྲ་བ་ཡིད། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཨ་ལ་ལ་ཧོཿ བདག་ལུས་ཕུང་ཁམས་སྐྱེ་མཆེད་ནིཿ གདན་གསུམ་ཙང་བའི་ངོ་བོ་སྟོཿ དམ་པ་རིགས་བརྒྱན་ནི་དཀྱིལ་ཁོར་ལྷཿ མགུལ་བསྐྱོད་ཐམས་ཅད་བདེ་བ་ཆེཿ རྡོ་རྗེའི་དམ་ཚིག་བླ་ན་མེཿ ནུབ་སེམས་ཀྱི་སྤྲིན་ཆེན་པོརཿ གཉིས་མེད་མཉམ་པའི་ངང་དུ་རོལཿ རྣལ་འབྱོར་ལམ་གྱི་ཚོག་ད་རྫོགས་ནས༔ ཟས་ཀྱི་སྒྲུབ་པ་མི་འགྱུར་གིང་ཿ གཏན་པ་མེད་སྦྱིན་བདག་ཉིད་ཐག་ཆེན་འབྲས་བུ་སྤྱོ་པར་ཤོགཿ ཅེས་དྲང་བ་བླང་བཙན་བསང་འདོད་དགུའི་གཏེར་མཛོད་བཞུགས། །རམ་ཡམ་ཁམ། ཨོཾ་ཨཱཿ་ཧཱུཾ། ཀྱེ་སྐུ་གསུམ་རྒྱ་བའི་ཞིང་ཁམས་ནས། །རྩ་གསུམ་ཟི་དང་ཁྲོ་བོའིཚོགས། །ཞི་དང་སྲིད་གར་བསྒྱུར་བ་བཞིན། །བཙན་རྒོད་རྣམ་པས་འདིར་གཤེགས་ལ། །བདུད་རྩི་ཅན་གྱི་ཤིང་སྣའི་ཚོགས། །འབྲུ་སྣ་ཕྱེ་མར་དར་ཟབ་སོགས། །མཉམ་པོར་བསྡོམས་ཏེ་འབྱུང་བའི་མེས། །དངོས་པོ་འཛིན་སྦྱངས་བའི་དྭངས་མའི་སྤྲིན། །ས་ལྦའི་གནས་ཀུན་ཡོངས་གང་བས། །ཕྱི་ནང་གསང་བའི་རྟོག་ཇོམས་བས། །བདེ་གཤེགས་སྙིང་པོའི་གཞི་དབྱིངས་ལས། །ཀུན་བྱེད་རྒྱལ་པོའི་བསྐུན་པའི་བཙན། །རོལ་བ་སྐྱ་བདུན་འཁོར་བཅས་བསང་། །རྟོགས་ན་པདྨ་ཧེ་རུ་ཀ། །མ་རྟོགས་རྒྱལ་བཙན་གྱི་རྗེ། །དྲེགས་པའི་གཙོ་བོར་བཞེངས་པ་ཡི། །དགྲ་ལྷའི་རྒྱལ་པོ་འཇིགས་པའི་བཙན། །འབར་བ་སྤུན་བདུན་འཁོར་བཅས༔ གཞན་ཡང་འབྱུང་བ་བཞི་ཡི་བཙན། །ཕྱོགས་བཞི་འཚམས་བརྒྱད་སྟེང་འོག་བཙན། །དུས་སུམ་དསུ་མེད་བཙན་གྱི་རྗེས། །གསོལ་ལོ་མཆདོ་དོ་མངའ་གསོལ་ལོ། །བསང་ངོ་ཉེས་ཚོགས་མཐོལ་སོགས། །ཕ་ཁུ་སྤུན་ལ་མཛའ་གྲོགས་བཞིན། །འགོ་ཞིང་སྡོག་གྲོགས་རྒྱ་ཆེན་མཛོད། །རྩོད་ཛང་དོན་གཉེར་ཀུན་ལ་ཡང་། །བདག་ཉིད་རྒྱ་བའི་གྲོགས་མཛོད་ལ་སྡང་དགྲ་པོད་ལ་བགེགས་དཔུང་ཐུལ། །གཞི་ཕྱེས་ཀུན་ལ་ཁ་འཛིན་དང་། །མེལ་ཚེ་བསུ་སྐྱེལ་གང་བཅོལ་ལས། །ཐོགས་མེད་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་པ་བཙན་གྱི་བསང་མཆོད་འདི། ཡ་རབས་དྲ་མའི་ངང་ཚུལ་ཅན། །ལྷ་རུའི་དཔོན་གྱི་བཞེད་དོན་དུ། རྡོ་བླས་བྲིས་བཞིན་དགེ་གྱུར་གྱི། དགེའོ། །ཨོཾ་རིན་ཆེན་སྣོད་དུ་བསངས་རྫས་བདུད་རྩིར་བསྒྱུར། །ཡེ་ཤེས་མེ་དང་མཉམ་སྦྱོར་བསང་མཆོད་འདིས། །སྲིད་པའི་བཙན་རིགས་ཁ་མགོན་བྱེད་རྣམས་བརྔན། དཀར་པོའི་བསམ་དོན་ཆོས་བཞིན་འགྲུབ་པར་མཛོད། །ཅེས་པའང་ཀྱ་ཀ་ཐུགས་མཆོག་ངོར་འཇིགས་མེད་སོས། ཧྲཱི་བཙན་ཆེན་ཁྲོ་ཆེན་བདག་གི་ཇི་ལྟར་འདོད་པ་ཡི། །ཕྲིན་ལས་ལྷུན་གྱིས་འགྲུབ་པར་མཛོད། །ཀློང་གསལ་སྙིག་པོས་སྦྱར་བའོ། །ཁམ་སུམ་དབང་བསྡུད་རིག་བྱེད་ལྷ་མོ༴ འཛད་མེད་ནོར་སྟེར་ཀླུ་མོ་གཞི་འབར༴ བར་ཆད་སེལ་བྱེད་དམ་ཅན་བཅུ་གཉིས། །དབུལ་བ་སེལ་སྦྱིན་རྣམ་ཐོས་སྲས་སོ༴ བསྟན་སྲུང་གཙོ་མོ་ས་ཟ་ཊཀྐི༴ བསྒྲུབ་ལ་སྙིང་ཉེ་རྡོ་རྗེ་གཤོག་རྒོད༴ མཐུ་སྟོབས་ལྡན་པ་རྒྱལ་ཆེན་སྐུ་ལྔ༴ དྲག་རྩལ་ཏོག་མེད་གནོད་སྦྱིན་ཅི་དམར༴ ལས་བྱེད་མྱུར་མྱོག་མི་ཟན་དམར་པོ། བསྟན་ན་བསྲུང་བའི་ཀླུ་འཛིན་སྤུན་བདུན༴ སྦས་བའི་དཀར་པོ་སྲུང་ངན་ནེ་མཆོད་བརྒྱད༔ དེ་ལྟར་མཆོད་ཅིག་བསྟོད་པའི་ཕྲིན་ལས་ཀྱི། སངས་རྒྱས་བསྟན་དང་བསྟན་རྫས་སྐྱེས་སུ་ཡི་སྐུ་ཚེ་འབད་མེད་བུ་བོའི་རྒྱུན་ལཏར་སྤྲེལ། །གྲ་སློབས་འདུས་པའི་སྡེ་རྣམས་གཡེལ་མེད་སྐྱོངས། །མི་ལ་ན་ཚ་ཕྱུག་ལ་གོད་ཁ་སོགས། མི་འདོར་ཉེ་བར་འཚི་བས་དངོས་སོ་ཀུན་སྡང་བྱེད་དགྲ་བོའི་སྟེང་དུ་མ་ར་ཡ། ཅེས་སོགས་མཆདོ་དེ་ལྟར་རྒྱུན་འདོན་ལྟུ་མང་འདོན་མི་ནུས་ས་རྣམས་ཕན་སེམས་ཀྱི་རྡོ་སྤྲུལ་དཔེ་སོ། དགེའོ། མངྒ་ལཾ། བླ་མ་ལ་ཕྱག་འཚལ་ལོ། །འདིར་སྔོམ་མཆོད་བསྐུས་པ་བྱ་བར་འདོད་ནས། ཧཱུ་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ཀྱི། ཆད་མེད་འདའ་ཀ་དམ་ཚིག་ལ་གནས་པའི། རྫོགས་ཆེན་བཀའ་ཡི་བསྲུང་མ་འཁོར་བཅས་རྣམ། །མ་ཐོགས་འབོད་པའི་གནས་འདིར་གཤེགས་སུ་གསོལ། །སརྦ་དྷ་མ་ས་ལ་ཀྵེ་དྲ་པ་ལ་ལོ་ཀ་ས་ལ་ས་པ་རི་ཝ་ར་བཛྲ་ས་མ་ཡ་ཛ་ཛ་ས་མ་ཏིཥྛ་ལྷན། ལན་གསུམ། རམ་ཡམ་ཁམ་འབུ་གསུམ། ལན་གསུམ། ན་མཿསརྦ༴ ཀྱེ་སྟིད་ཞེ་མཉམ་རྫོགས་བདེ་བ་ཆེན་པོའིདབྱིངས། སྲོས་པ་དང་བྲལ་རིག་སྟོང་གཤིས་ལུགས་ལས། མ་འགགས་རྒྱུ་མའི་རོལ་བའི་མཆོད་སྤྲིན་ནི། འཛད་པ་མེད་པ་བསྒྱུར་ཅིག་པུ་ཙ་ཧོ། ཨ་ལས་སྣོད་མཆོག་ཐདོ་པ་དུམགཅིག་པར་གཏོར་རྫས་ཤ་ཆེན་ལྔ་དང་བདུད་རྩི་ལྔ་སྦྱིངས་སྤྲེལ་བསྒྱུར་བའི་དང་མའི་བདུད་རྩི་འདིས། །ཁམས་སུ་ཟིལ་གནོན་སྔགས་ཀྱི་བསྲུངམ་མཆོད། སྦྱིན་བའི་གང་ཆེན་མ་ཧ་ཀ་ལ་མཆོད། སྒྲོལ་བའི་གང་ཆེན་བཛྲ་སདྷུ༔ གསང་བའི་སྒྲོལ་གང་ཁྱབ་འཇུག་ཆེན་པོ༔ ལས་བཞིའི་དཔལ་སྟེར་ཚེ་རིག་མཆེད་ལྔ༴ སྦྱོར་ཕོ་ཉ་རྡོ་རྗེ་གཡུ་སྒྲོན༴ བསམ་པ་སྒྲུབ་ལ་རེ་བ་བསྐོང་། །ནད་གདོན་གདོ་ཡམས་དགྲ་ཇག་བཟློག ཚེ་གཡང་ཟས་ནོར་དངོས་གྲུབ་སྩོལ། །བཀྲ་ཤིས་བདེ་སྐྱི་ལྡན་པར་ཤོག །སྤྲུལ་སྐུ་ངེས་དོན་པས་སྦྲ་འགོའི་རི་ཁྲོད་དུ་སྦྱར་བའོ། ༈།གཡུ་དྲུང་ལྕགས་རྩིའི་བསང་མཆོད་བཞུགས་སོ། །ཀྱཻ། དབྱིངས་ཕྱུགས་ནམ་མཁའི་ལས་བྱུག་པལའི། །གཡུ་དྲུང་ལྕགས་རྩི་ཐོགས་མེད་རྩེ། །མཆོང་གི་མི་ཕོ་ཟངས་རི་ལ། །ལྕགས་ཁབ་ཅན་ལ་ཁི་ཚོ་རི། །ལྕགས་ཀྱི་མདའ་གཞུ་རེ་རེ་ཐོགས། །ཆིབས་སུ་ལྕགས་རྟ་རེ་རེ་བཅིབས། །རལ་ལོ་དུ་དྲིལ་ནག་སུམ་བརྒྱད་ཁྲིད། །སྤྱང་མོ་ཁྲི་ཚོ་རྗེས་སུ་འབྲངས་སྡང་བྱེད་དགྲ་ལ་རྒྱུག་པའི་ཚེ། །དགྲ་ལ་རྒྱུག་འགྲོས་ཤ་ར་ར། །གློག་དམར་མདུང་རྩི་ལམས་སེ་ལམ། །དང་བྱེད་དགྲ་ལ་ཐོག་སེར་ཕོབས། །ཀྱཻ་གཡུ་དྲུག་ལྕགས་རྩེ་སྲུལ་པ་ཅན། །ཁྱེད་ལ་མཆོད་པ་འབུལ་བ་ནི། རིན་ཆེན་འབྲས་ཀྱི་གཡག་ལུག་ཕྱེར་གསེར་སྐྱེམས་ཕུད་ཀྱི་མཆོད། །སྤོ་དཀར་པཀུར་ཤུགས་དུད་པའི་བསང་། །རིག་འཛིན་བདག་གི་བསྟན་པ་སྲུང་། །སད་སེར་བ་ལ་བཏང་ཅིག །གཅན་སྤྱང་གནོད་པ་མ་བཏང་ཅིག །བདག་ལ་དངོས་གྲུབ་དུ་རྩོལ། །ཅི་བསམ་དོན་རྣམས་འགྲུབ་པར་མཛོད་ཅེས་ཡུལ་ལྟ་ལྕགས་རྩིའི་བསང་མཆོད་འདི་ཡང་བླ་མ་སངས་རྒྱས་ཀྱི་བསྐུལ་ངོར་རྒྱས་སྲ་བསོད་ནམས་སྙན་གྲགས་གིས་མཛད་པའོ། ༈ །གསིར་ཤོད་འབྲོང་རི་སྨུག་པོའི་གསོལ་མཆོད་དགོས་གྲུབ་ཆུ་བོ་ཞེས་རྒྱབ་ཞུགས་སོ། །དཀོན་མཆོག་སུམ་དང་རྩ་གསུམ་ལ། །སྙིང་ནས་དད་པས་སྐྱབས་སུ་སྐྱིད། །འགྲོ་ལ་ཕན་ཕྱི་སེམས་མཆོག་བསྐྱེད། །རང་ཉིད་ལྷར་གསལ་ཐུགས་ཀ་ནས། །འོད་འཕྲོས་འབྲོང་རི་སྨུག་པོར་ཕོག༴ སྔོན་གྱི་ཐ་ཚིག་རྗེས་དྲན་ནས། །སྲིན་གྱི་ལྕུག་མའི་ཚུལ་བཞིན་དུ། །མདུན་ཏུ་མངོན་སུམ་ལྷག་པར་གྱུར། །ཀྱེ་སྔོན་ཚེ་རྡོ་རྗེ་གྲོ་ལོད་ཀྱི། །བསོའི་ལྷ་འདྲེ་དབང་བསྡུས་ཚེ། །རང་རང་ཕོ་སོའི་དམ་བཅས་བླངས། །དེ་བཞིན་འབྲོང་རི་སྨུག་གོ་ལ། །བརྟེན་བཅས་དཔལ་འབྱོན་བྲག་ལྷ་མགོན། །ཡབ་ཡུམ་སྲས་འཁོར་ཡུལ་པར་བཅས། །ཀད་པར་ལྷ་ལུང་སྡོང་ར་དང་། ཐར་རོ་བོ་རི་བཀྲ་ལྷ་སྟག་ཟུང་། །རྫ་འཕན་མགར་བ་སིལ་དམར་དང་། རྔ་ལ་སྟག་རྩེ་ལེགས་པའི། །གསེར་གཞོང་སྟོད་སྨད་གཞི་བདག་སོགས། །མཆོད་པའི་གནས་འདིར་སྤྱེན་གྱིས། །སྐད་ཅིག་ཙམ་གྱིས་གནས་འདིར་བྱོན། །དགྱེས་པའི་གདན་ལ་བཞུགས་སུ་གསོལ། །སྲིད་ཞུའི་ཚུལ་གྱིས་ཕྱག་འཚལ་ལོ། །སྟོང་གསུམ་ཁྱོན་འདྲེའི་རིན་ཆེན་སྣོད། །གང་དེར་བཤམས་པའི་མཆོད་པས་སྤྲིན། །ཕྱིང་གསང་བ་དེ་ཁོ་ནས། །མཆོད་པའི་སྤྲིན་དཔུང་བསམས་པས། །གསོལ་ལོ་མཆོད་དོ་མངའ་གསོལ་ལོ། །ཐམས་ཅད་བསྐང་ངོ་ཉམ་སྔགས་བཤགས། །འབྲོང་རི་སྨུག་པོ་གསོལ་ཞིང་མཆོད། །ལྷ་ཆེན་སྡོང་རོ་གསོལ་ཞིང་མཆོད། །ཐོར་བོ་རི་བཀྲ་གསོལ༴ ལྷ་རྩེ་སྟག་རྩེ་གསོལ༴ སྔ་རྒྱལ་འཕན་སོ༴ དམ་ཅན་མགར་བ༴ སེ་བོ་སེལ་དམར་གསོལ༴ རྔ་ལ་སྟག་རྩེ༴ གསེར་གཞོང་ལཱ་ཀྲུང་གཞི་བདག་ཚོགས། གསོལ་ལོ་མཆོད་དོ་མངའ་གསོལ་ལོ་༴ དེ་ལྟར་གསོལ་ཞིང་མཆོད་པའི་མཐུས། །ནད་གདོན་འཇིགས་ཚོགས་བཅུ་དྲུག་སྨག །ཞི་འཕྲིན་འོད་སྟོང་འབར་བས་སོལ༴ ཚེ་བསོད་དཔལ་ཡོན་ཆུ་སྐྱེས་ཚལ། །རྒྱས་འཕྲིན་ཉི་མའི་ཟེར་གྱིས་སྤེལ། །ཁམས་སུ་སྲིད་གསུམ་འོད་ལྡན་རིགས། །དབང་འཕྲིན་མཛེས་མའི་འཕྲུལ་གྱིས་ཁུག །འགལ་སྦྱོར་དགྲ་བགེགས་བྲལ་རྡུལ་གཟིགས། །དྲག་ཕྲིན་གནམ་ལྕགས་དཔལ་གྱི་གཏོར་། ཡིད་ལ་འདོད་པའི་དོན་རྣམས་ཀུན། མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད། །སྣོད་དང་བཅུད་ཀྱི་ཕྱྭ་དང་གཡང་། །འདིར་ཤོག་འདིར་ཕོབ་འདི་རུ་ཁུག །མི་ལ་ནད་མེད་ཚེ་དཔལ་བསྐྱེད། ནོར་ལ་གོད་མེད་འགབ་འཕེལ་མཛོད། ཞིང་ལ་བཙའ་སད་སེར་བ་ཁོག །བཙན་ཕྱུགས་འཕན་དར་གཡུལ་ལས་རྒྱལ། །དགེ་བཅུ་དར་ཞིང་མི་དགེ་ནུབ། །དམར་འཁྲུགས་ནད་མུག་མཚོན་དབལ་གཞོམ། །རྒྱལ་བསྟན་དར་རྒྱས་བསྟིམ་རྫན་སྡེ། །ཡོངས་མཐུན་མོད་སྔགས་ཟླ་ཉི་གསལ། །སྲིད་ཞིའི་དཔལ་ཡོན་ཀུན་འཇོམས་ཤོག །རྗེས་ཀྱི་རིམ་ས་སྤྱི་ལྟར་བྱ། དེ་ལྟར་གསིར་སྟོད་འབྲོང་རི་ཡི། ཡུམ་འཁོར་བཅས་པའི་གསོལ་མཆོད་འདི། ཡོངས་ཀྱི་གྲུབ་མཐའི་སྤྱི་སལ་གང་། བླ་མ་པུཥྱེ་དྭ་ཛ་ཡིས། བསྐུལ་ངོར་གྲུབ་དབང་རྫོགས་ཆིན་པ། འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས། །ཐོལ་བྱུང་ཏོག་མེད་ཚུལ་གྱིས་བྲིས། །དགེ་དཔེ་བསྟན་འགྲོར་ཕན་པར་ཤོག །རྒྱལ་བའི་བསྟན་བསྲུང་རྡོ་རྗེ་གངས་ལྷར་རྩལ། །འབྲོང་རི་སྨུག་པོ་བཙུན་མོ་སྡོང་ར་སོགས། །ཡུལ་ལྷ་གཞི་བདག་གཉོན་འཁོར་བཅས་ལ། །མཆོད་པ་འབུལ་ལོ་བསྟན་དོན་མྱུར་དུ་འགྲུབ་མཛོད། འབྲོང་རིའི་བསང་བསྡུས་རྫོགས་སོ། །ཡུལ་ལྟང་ལྷ་རི་གཉན་བརྩེའི་བསག་མཆོད་བཞུགས་ཡོ། ཀྱཻ་འཛིན་སྐྱེ་ལྷ་རི་གཉན་རྩེ་ནི། །སྐུ་མདོག་དཀར་ལ་འོད་ཟེར་འབར། །སྐུ་ལ་དུང་ཁྲབ་དཀར་པོ་གསོལ། །དབུ་ལ་ཞྭ་དཀར་ལྡིམ་འཕྲུ་ཅན། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །གཡས་པའི་བ་དན་ལེ་བ་རྒན་ཕྱར། གཡོན་པའི་ནོར་བུ་ཐུགས་པར་འཛིན། །ཞབས་ལ་སྭག་ཏི་ལྷྭམ་ཆེན་མནབས། རིན་ཆེན་དངུལ་གྱིས་ལྷྭམ་སྒྲོགས་བཅིངས། །སྟག་རལ་གཡས་ལ་གཟིག་ཤུབ་གཡོན། གཡས་ཀྱི་སྟག་རལ་ཁྲ་བོ་ལ། ལྷ་མདའ་ལི་མ་སྐར་ལྟར་འཁྲུགས། །གཡོན་གྱི་གཟིག་ཤུབ་ཐིག་ལེ་ལ། རྫུལ། ༄༅། །གཅོད་གཞུང་སྤྱི་ལ་མཁོ་བའི་རབ་སྡུད་ཟིལ་གནོན་ཁྲོས་མའི་གད་རྒྱ་ས་བཞུགས༔ ན་མོ་གུ་རུ་ཌཱ་ཀྐི་ནིཿ གཅོད་ཀྱི་དབང་བསྡུད་ཟིལ་གནོན་ནིཿ ཕོ་ཚོད་ལྷ་འདྲེར་བརྙས་ཨི་དང་ཿ ཆོས་བརྒྱད་རེ་དོགས་མ་ཡིན་པརཿ ཚད་མེད་བཞི་ཡིས་སེམས་སྟོབས་བསྐྱིདཿ ཆགས་སྡང་སྣ་བ་ཐོག་བརྫིས་བྱཿ དམིགས་བྲལ་རིག་པ་ངར་བསྐྱིད་དེཿ ཕཊཿ ཅིས་བརྗོད་པའི་ངར་སྐད་དབྱངསཿ སིང་ལྕམ་དཀར་མོའི་ང་རོའི་སྒྲཿ རི་དྭགས་གཞན་གྱི་ཐོས་པ་མ་རིནཿ འདར་ཞི་ཞུམ་པའི་དང་ཉིད་ནསཿ དཔའ་ཟིལ་ཆགས་སྟི་བརྒྱལ་བར་བསམཿ ཕཊཿ ཡེ་གཞི་སྟོང་ཆེན་ཆོས་དབྱིངས་ནམ་མཁའ་ལཿ ཡིད་ཤེས་གྲོ་པ་འཁྲུལ་རླུགས་འགྱུས་སྒྱུ་འཕྲུལ་གརཿ གྲོལ་གཞི་བདག་མེད་ལྷ་མོ་རླབས་སྒྲོན་མཿ རྣམ་པ་ཁྲོས་མ་མ་མོ་རའི་སྐུར་གྱུར་ཏེཿ ཕྱག་གཡས་མི་ལྤགས་གཡང་གཞི་མཁས་ལ་འཕྱརཿ འཕྱགས་ཞིང་ས་བ་སུ་གཞི་ལ་བརྡབ་ཙམ་གྱིསཿ འཁྲུལ་གཞིའི་མངོན་རྟོགས་གཟུགས་ཅན་གཟུགས་མེད་འགྲོཿ རང་དབང་མེད་པར་བདག་གིས་དབང་དུ་བསྡུསཿ ཕཊཿཕཊཿཕཊཿ ཕྱག་གཡོན་མི་རྐང་གླིང་བུ་འབུད་པའི་སྒྲསཿ ལྷན་སྐྱེས་ཀུན་བརྟགས་མ་རིག་གཉིས་པ་རྩིགས༴ འཁྲུལ་སྣང་སེམས་ཀྱི་རྟོག་ཚོགས་ཟིལ་མནན་ཏེཿ བདག་གི་བཀའ་དང་དམ་ལ་གནམ་པར་གྱུརཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊཿཕཊ་ཕཊཿ སྔོན་དང་འདས་བར་དང་ཐ་མའི་དུས་དག་ཏུཿ འཁྲུལ་ངོར་སྣང་བའི་དུག་ལྔ་དུག་གསུམ་དང་ཿ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ལས་གྱུར་གནོདཿ བསྐྱོ་རྫོགས་ཟབ་མོའི་སྟོབས་ཀྱིས་དབང་དུ་བསྡུསཿ མགོན་གཉིས་ཡེ་ཤེས་རྩལ་གྱི་ཟིལ་གྱི་གནོནཿ འཁྲུལ་སྣང་གཞན་གནོད་བསམ་ངན་རང་རྒྱལ་ཏེཿ གཞན་ཕན་བྱང་སེམས་མུ་གུ་ལེགས་སྨིན་ནསཿ ཐར་དང་རྣམས་མཁྱེན་གོ་སར་དབུགས་དབྱུག་མཛོདཿ ཕཊཿཕཊཿཕཊཿ དབང་བསྡུད་ཟིལ་གནོན་མཁན་པོ་བདག་ཉིད་དང་ཿ དེ་ཡི་འགལ་ཟླར་ལྷ་འདྲེ་མི་གསུམ་སྡེཿ རྟེན་འབྲེལ་ཟབ་མོ་དབང་སྡུད་ཟིལ་གནོན་ཆོསཿ འཁོར་གསུམ་མི་དམིགས་དུ་མ་རོ་ཅིག་འགྱུརཿ ཕཊཿ ཕཊཿ ཕཊཿ ཅེས་བརྗོ་སྤྲོས་བྲ་དང་དུ་མཉམ་འཇག་ནསཿ གཅོད་གཞུང་ཆེ་ཆུང་གང་ཡང་རུང་བར་འཇུགཿ དེ་ཡི་བང་བསྡུད་ཟིལ་གནོན་དོན་ཚན་དེཿ འདི་ཉིད་དམ་ལྡན་ལོབ་མ་མཆོགཿ ཀུན་བཟང་ཕུན་ཚོགས་ཀྱིས་བསྐུལ་བརཿ རྡོ་བླ་ཀརྨ་དབང་དྲག་གིསཿ བྲིས་དམིགས་དོན་གཉིས་ལྷུན་གྲུབ་ཤོགཿ ཡི་དོ་དགེའོ། །དགེའོ། །ཟོ་དོར་ཆེན་པོ་ཉོའི་མགར་དམར་ལ་བསང་མཆོད་འབུལ་བར་འདོད་པས། གཙང་ཕྱེ་ལ་འབྲི་རས་བྲན་པ་དང་། འོང་ཞེ་ཇ་ཆང་གི་སྐྱེམས་ཅི་རིགས་བསགས་ལ། རམ་ཡམ་ཁམ། བསང་རྫས་འདོད་དགུའི་ཡོན་ཏན་མི་ཟད་པའི་གཏེར་ཀུན་རྫོབ་པའི་མཆོད་སྤྲིན་བཞིན་ཏུ་འབྱུང་ཞིང་རྒྱས་པར་གྱུར་རིག༴ ཨོཾ་ཨཱཿ་ཧཱུཾ། ལན་གྲངས་ཅི་ནུས་བརྗོ་ལ། ཀྱཻ་མི་ཤིག་བརྗོད་བྲལ་འདུས་མ་བྱས་པའི་ཀློང་། །སྤྲོས་རྡོ་རྗེའི་རང་གདངས་འགེགས་དམ་གཟུགས་རྒྱལ་ཀུན་མཐུ་སྟོབས་དབང་པྱུག་གསང་བའི་བདག༴ བཛྲ་པ་ཎིའི་སྒྱུ་འཕྲུལ་རོལ་བའི་གར། །འཇིག་བརྟེ་སྲིད་པའི་སྡེ་དཔོན་ཆེན་པོའི་ཚུལ། །ཡོངས་ཤར་ཐང་ཡག་དམ་ཅན་མགར་དམར་ནི། རེས་འགའ་ཞི་བ་དགེ་བསྙེན་ལྷ་ཡི་ཆས། བ་ན་ནོར་བུ་འཛིན་ཅིང་ཤ་བ་ཞོན། །རེས་འགའ་གནོད་འཛིན་ཁྲོས་པ་མ་རུངས་པས། རལ་དྲི་ཐོ་བ་འཛིན་ཅི་ལུང་ལ་བཅིབས། །རྡུལ་མཐུ་སྟོབས་ཆེ་བཙན་འགྲན་ལ་མེད། །རྣལ་འོར་བདག་དང་ཁོད་གཉིས་དབྱ་དམ་གཅིག༴ དེ་ཕྱི་ཏིང་འཛིན་དག་པས་ཁྱོད་འབོད་ན། །མ་ཐོགས་ཡིད་གནས་འདིར་ཤེས་སུ་གསོལ། །དཔག་ཡས་ཏིང་འཛིན་གྱི་བྱིན་རླབས་པའི། །བསང་རྫས་ཐབས་ཀྱི་རང་བཞིན་བསྲེགས་ཟའི་ཞལ། །སྟོང་ཆེན་ཤེས་རབ་དབྱིངས་དང་མཉམ་སྦྱོར་ལས། །བྱུང་བའི་དུད་སྤྲིན་ཟག་མེད་འདོད་དགུའི་རྫས། །མི་ཟད་ནམ་མཁའི་མཛོད་དུ་བྱིན་རླབས་པས། །དྲེགས་པའི་གཙོ་བོ་དམ་ཅན་ཆེན་པོ་བསང་། །དགྱེས་ཡུམ་སྨན་མོ་ཁྲག་གི་རལ་བ༴ མི་ཟ་ནམ་མཁའི་མཛོད་དུ་བྱིན་རླབས་པས། །དྲེགས་པའི་གཙོ་བོ་དམ་ཅན་ཆེན་པོ་བསང་། །དགྱེས་ཡུམ་སྨན་མོ་ཀྲག་གི་རལ་བ༴ ཕོ་ཉ་མན་ངག་གཞུགས་སྲིན་པོ་ཁྲག་མིག༴ ཤན་པ་འབུམ་སྡེའི་གཙོ་བོ་མྱུར་མྱོགས། །གནོད་སྦྱིན་བྱེ་བ་འབུམ་སྡེའི་འཁོར་ཚོགས༔ ཕོ་ཉ་ལས་བྱེད་བསམ་གྱིས་མི་ཁྱབ༴ དེ་ལྟར་བསངས་ཤིང་མཆོད་པའི་བྱིན་ནུས་ཀྱིས། །གསང་ཆེན་བསྟན་པ་ཕྱོགས༔ མཐར་རྒྱས་པ་དང་། །དགེ་བདུན་སྡེ་འཕེལ་བཤད་སྒྲུབ་གོང་འཕེལ་མཐུས། །རྒྱལ་ཁམས་ཀུན་ཏུ་ནད་མུག་འཁྲུགས་རྩེད་ཞི། །ཚེ་དང་བསོད་ནམས་གོང་ནས་གོང་དུ་འཕེལ། །སྲིད་པའི་འདོད་དོན་མི་ཟད་ཚར་དུ་སྙིལ། །ལོག་ལྟའི་དམ་ཉམས་དམ་སྲི་མྱུར་དུ་སྒྲོལ། །མདོར་ན་དུས་དང་རྣ་པ་ཐམས་ཅད་དུ། །ཉིན་གྱི་བྱ་ར་མཚན་གྱི་མེལ་ཚོ་དང་། །དགྲ་ཇག་ཆོམ་ཀྲུན་གཅན་སྤྱང་འཇིགས་པ་སྐྱོབས། །བསམ་པའི་དོན་ཀུན་མ་ལུས་ལྷུན་འགྲུབ་མཛོད། །ཅེས་པ་འང་རྡོ་རྗེའི་ཟོ་དོར་ཆེན་པོ་ཐང་ཡག་མགར་དམར་བ་མོ་ནས། བཀྲ་གསལ་འཇའ་འོད་འཀྲིག་པའི་གུར་ནང་ནས། །ཡུལ་ལྷ་རྨ་ཆེན་སོམ་ར་ལྷ་ཆེན་བཞུགས། །སྲས་མཆོག་དམ་ཅན་མྲ་སྡེ་རོལ་པ་དགུ། །ཡུམ་མཆོ་རབ་མཛེས་སྨན་བཙུན་ལྷ་མོ་བཅུ། །ཡང་འཁོར་འབུམ་བཅས་གནས་འདིར་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛ་ཛ། རྣམ་དག་འདོད་དོན་མཆོད་པ་ཡིད་འོང་རྫས། །བསང་རྫས་རིན་ཆེན་མཁོ་དགུའི་ལོང་སྤྱོད་ཉིད། །ཡུལ་ལྷ་མྲ་ཆེན་སྤོམ་ར་འཁོར་བཅས་ཀྱིས། །བཞེས་ནས་ཅི་བསམ་དོན་ཀུན་འགྲུབ་པར་མཛོད། །ཅེས་ས་འདི་ནི་རིག་འཛིན་ཀློང་གསལ་སྙིང་པོ་རྫ་ཆེན་གསེར་ཁྲབ་ཅན་གྱི་བསང་མཆོད་ནི། ཀྱཻ་བླ་མ་ཡི་དམ་མཁའ་འགྲོ་ནོར་ལྷ་དང་། །ཆོས་སྐྱོང་དམ་ཅན་རྒྱ་མཚོའི་སྡེ་རིས་ཚོགས་ཁྱད་པར་བདེ་ཡུལ་གཞི་བདག་ཐམས་ཅད་དང་། ཡུལ་འདི་སྐྱོང་བའི་རྨ་ཆེན་སྤོམ་ར་སོགས། །རྨ་ཡུལ་སྨར་སྐྱོང་གཉེན་པོ་གཡུ་རྩེའི་བྲ། །སྫ་ཆེན་གསེར་ཁྲབ་སྨུག་ནག་མདུང་དར་བསྣམས། །མྱུར་མགྱོགས་ལུག་གི་ཤུགས་ལྡན་ཡུམ་འཁོར་སྡེ། །ཡུལ་ལྷ་གཞི་བདག་མ་ལུས་འདིར་བཤེགས་ཤིགཿ བསང་མཆོད་འདོད་དགུ་ཕུན་ཚོགས་ལོངས་སྤྱོད་བཞེས། །དགོས་འདོད་ཀུན་འབྱུང་འདོད་དོན་ལྷུན་གྲུབ་ནས་ཡུལ་དའིའི་སྦྱིན་བདག་མི་ནོར་བསྲུང་སྐྱོབས་ལ། །ཁ་འཛིན་སྡོང་གྲོགས་རྒྱབ་བརྟེན་ཕྲིན་ལས་མཛོད། །འབད་མེད་ཆོག་ཐུན་དངོས་གྲུབ་རྩལ་དུ་གསོལ། །ཅེས་ས་འདི་ཡང་རྫ་ཡུལ་གསེར་ཁྲབ་ཅན་གྱི་བསངམཆོད་འདི་ཉིད་གཞི་ཆེན་གྲུབ་ཐོབ་ཐུག་རུ་བསྟན་འཛིན་གྱིས་མཛད་པའོ། ༄༅། །རྒྱལ་བ་ཀུན་དངོས་པདྨ་འབྱུང་གནས་ཀྱིས། །བཀའ་དང་དམ་ལ་བཏགས་པའི་ཡུལ་ལྷའི་གཙོ། གཉེན་པོ་གཡུ་རྩེ་བཀའ་སྡོང་དང་བཅས་ལ། འདོད་འབྱུང་བསང་གི་མཆོད་པ་འདི་འབུལ་བས། །གཡེལ་བ་མེད་པར་རྟག་ཏུ་གྲོགས་བྱེད་ཤོགཿ ཅེས་གཉེན་པོ་གཡུ་རྩེའི་བསང་མཆོད་འདི་ནི་རྨོག་སྤྲུལ་ཆོས་སྐྱིངས་རྡོ་རྗེས་མཛད་པ་དགེའོ། །དམ་ཆོས་བདེ་ཆེན་ལམ་མཆོག་ལསཿ ལྷུ་མོ་རིག་བྱེད་མའི་རྒྱུན་ཁྱེར་དབང་གི་ལྕག་ཀྱུ་ཞེས་བྱ་བ་བཞུགས། །ན་མོ་མཆོག་གསུམ་འདུས་པའི་ངོ་བོ་ཉིད། །རྗེ་བཙུན་ལྷ་མོ་རིག་བྱེད་མ། །སྐྱབས་མུ་མཆིའོ་ཐུགས་རྗེས་སྐྱོབ། །འགྲོ་རྣམས་བྱང་ཆུབ་སར་འགོད་ཕྱིར། །འཕགས་མ་ཁྱོད་བསྒྲུབ་སེམས་མཆོག་བསྐྱེད། །སྟོང་པའི་ངང་ལས་སྐད་ཅིག་གིས། །རང་ཉིད་འཕགས་མ་རིག་བྱེད་མ། དབང་དམག་པོ་ཁྲོ་འཇུམ་ཆགས་པའི་ཉམས། །སྐུ་གསུམ་སྤྱན་ལྡན་མཆེ་བཞི་གཙིགས། །ཕྱག་བཞིའི་དང་པོ་མདའ་གཞུ་འགེངས། །ཐ་གཉིས་ལྕགས་ཀྱུ་ཞགས་པ་བསྣམས། དམར་སེར་རལ་པ་ཐོད་སྐམས་བཅིངས། །ཞབས་གཉིས་པད་ཉི་འབྱུང་པོ་བསྗིས། །སྟག་ཤམ་རུས་རྒྱན་ཁྲོ་བོའི་ཆས་མེ་འོད་འཁྲུགས་པའི་དཀྱིལ་ན་བཞུགས། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཙན། །དེ་ལས་འོད་འཕྲོས་ཆོས་དབྱིངས་ནས། །བསྐྱེད་པ་དང་འདྲའི་ཡེ་ཤེས་པ། །སྤྱན་དྲངས་བརྟན་བཞུགས་ཕྱག་འཚལ་ལོ། །ཕྱི་ནང་གསང་མཆོད་བསམ་ཡས་འབུལ། །གསང་གསུམ་དཔལ་ཡོན་ལྡན་ལ་བསྟོད། །ཐུགས་ཀར་པད་ཉིའི་གདན་ལ་ཧྲཱི༔ མེ་འོད་ལྟ་ཤར་སྔགས་ཕྲེགས་གིས། །གཡོན་དུ་བསྐོར་ལ་གློག་ཞགས་ལྟའི། །འོད་ཟེར་ཡར་མར་འཕྲོས་པ་ཡིས། །འཕགས་མཆོད་འགྲོ་བའི་མས་ཉོན་སྦྱངས། །འཁོར་འདས་དཔལ་ཡོན་ཧྲཱིཿལ་བསྟིམ། །ཡོངས་ལ་དབང་བསྒྱུར་རྒྱལ་མོར་བསམ། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭ་ཧཱ། ཅི་ནུས་བལས་རྗེས་མཆོད་བསྲོད་ནས། བརྟན་གཡོ་འོད་ཞུ་རང་ལ་འགྲོ་དོན་དང་བྱིན་རླབས་ཀྱི་ཚན་ཁ་གཟསན་ལས་ཁྱད་འཕགས་དུ་འབྱུང་བ། ལོ་རྒྱུས་ཆེན་མོ་ལས། །ཐོས་བསམ་བསྒོམ་པའི་ཤེས་རབ་ཆོས༔ ཉམས་ལེན་སྐབས་མེད་རྩུབ་འགྱུར་ཚེཿ ལྷ་བ་ཡངས་ཤིང་སྤྱོད་ལམ་བདེཿ བསྒོམ་སྒྲུབ་མི་གཙོ་ཀླག་པས་འགྲུབ༔བྱ་སླ་ཚེག་ཆུང་འགྲུབ་རྟག་ཉེང་རང་བྱུག་མང་འབྱོན་ཀུན་ཡིད་ཚམ༔ འཕྲལ་རྐྱེན་བསྡུག་བསྔལ་མྱུར་དུ་འཇོམསཿ ལྷ་སྲིན་ཀུན་གྱི་བར་ཆད་ཉུང། །ཤེས་སླ་ཀུན་གྱི་ཁུགས་མར་ངེསཿ པུ་ཤེས་པུ་བསྒྲུབ་དབང་དྲག་ལྡན༔ ཐུགས་རྗེས་གྲུབ་བོ་མང་དུ་འབྱུངཿ མཐོང་ཐོས་དྲིགས་འཆང་ཀུན་བྱང་ཆུབཿ དེ་ཕྱིར་ཐུག་རྗེ་བསྟན་པ་རྒྱས། ཅེས་དངཿ དྲག་གི་མཆོག་རྒྱུད་ལས། །ཨེ་མ་ཡིག་བདུན་བདེ་གསེགས་སྲོགཿ ཇི་ལྟར་བརྗོ་ཀྱང་ཐུགས་རྗེ་ཆེ༔ ཀླག་པས་འགྲུབ་པ་ཐོབ་པ་སྟེ༔ འདི་ལས་ཁྱད་རཔ་སྔགས་མེད་དེཿ ཅེས་གསུངས་དཔསཿ ཡིད་བཞིན་ནོར་བུའི་གདམ་པ་དེ་ཉིད་གང་ལ་བརྒྱུད་ཚུལ་ལོ་རྒྱུས་ཀྱི་དབང་དུ་བགྱིས་ན། དུས་གསུམ་རྒྱ་བ་ཐམས་ཅད་ཀྱི་སྤྱེ་མྱེའི་ཁྱབ་བདག་གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་པོ། རང་བཞིན་ལོངས་སྤྱོད་རྫོགས་སྐུའི་བདག་ཉདི་རྡོ་རྗེ་འཆགས་ཆེན་ཉིད། །རྣམ་པ་ཐུགས་རྗེས་སྤྲུལ་པའི་སྐུ་འོད་དཔག་ཏུ་མེད་པ་མཚན་དཔེ་གཟི་བརྗིད་ཀྱི་ཕུག་པོ་མཐའ་ཡས་པའི་སྐུར་བཞིངས་ནས། །བདེ་བ་ཅན་གྱི་ཞིང་ཁམས་རྣམས་པར་དག་བ་རང་བཞན་མཛེས་ཀྱ་ིཕྲོང་རྒྱ་ཆད་ཕྱོག་ལྷུང་དང་བྲལ་བའི་གནས་སུ། །ཉིད་ལས་མི་གཞན་པའི་འཁོར་ཚོགས་སྤྲུལ་པའི་དཀྱིལ་འཁོར་ཆེན་པོ་ལ་ཆོས་རྣམ་གྲངས་རྒྱ་ཆེ་ཟིང་རྒྱུན་མི་འཅད་པ་དུས་གསུམ་དུས་མེད་རྟག་པ་རྒྱུན་གྱི་འཁོར་ལོ་སྟོ་ནཔའི་ངང་ན་གདུལ་བྱ་དང་གདུལ་བྱེད་གཉིས་སྣང་མཚན་འཛིན་གྱི་རྟོག་པ་མི་མངའ་ཡང་། །ཐུག་རྗེ་སྒྱུ་མའི་རྣམས་རོལ་གྱི་ཟློས་གར་ལས་འགོར་བ་འདྲེན་པའི་དོད་དཔོན་དུ་འཕགས་པ་སྤྱན་རས་གཟིགས་ཐུགས་པའི་བདག་ཉིད་སྐུར་སྲུལ་པའི། །རྫུ་འཕྲུལ་མངོན་པར་འདུ་མཛད་ཅིང་། །ཐུག་རྗེ་ཆེན་པོ་དེ་ཡང་དོན་དམ་པར་རྒྱལ་བ་དང་རྣམས། དབྱེར་མེད་ཀྱང་། རྣམས་པ་ལྟར་ན་པ་བཅུའི་བྱང་སེམས་ཀྱི་ཚུ་འཕྲུལ་བཟུག་ནས་སངས་རྒྱ་བྱེ་བ་ཕྲག་བརྒྱད་ཁྲི་བཞི་སྟོང་གི་སྤྱན་སྔར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཇི་ལྟར་ནམ་མཁའ་མ་ཟད་པར་དུ་བདག་གི་སྤྲུལ་པའི་ཕྲིན་ལས་མི་ཟད་པའི་འགྲོ་བ་མཐའ་དག་གི་སྐྱབས་དང་མགོན་དང་དཔུང་གཉེན་དུ་གྱུར་ཅིག །ཅེས་པ་ལ་སོགས་པའི་སྨོན་ལམ་སོ་བརྒྱ་ཕྲག་བཏབ་ནས་དམ་བཅའ་ཕྱོགས་བཅུའི་སངས་རྒྱས་དེ་དག་ཐམས་ཅད་ཀྱི་ཀྱང་དབང་བསྐུར་བྱིན་གྱི་བརླབས། །ལུག་བསྟ་དབང་ཕྱུག་དབང་ཕྱུག་གཟེང་བསྟོད་ཅིག་རྗེས་སུ་གནགས་རྒྱ་ཆེར་མཛད་པའི་མཐུས། །འཕགས་པའི་ཀྱང་ནམ་མཁའི་གར་ཁྱབ་ཀྱི་སེམས་ཅན་རེ་རེའི་མདུན་དུ་ཡང་གང་ལ་གང་འདུལ་དེ་ལ་དེར་སྟོན་གྱི་སྐུའི་བཀོད་པ་དང་མཚན་གྱི་རྣམས་གྲངས་གཞལ་དུ་མེད་པའི། ཐུག་རྗེས་སྒྱུ་འཕྲུལ་བསམ་གྱི་མ་ིཁྱབ་པའི་འཕྲིན་སལ་ཀྱི་ཚད་ནི་སངས་རྒྱས་ཀྱིས་ཀྱང་བཟུང་དུ་མིད་ན། སོ་སོའི་སྐྱེ་བོའི་བསམ་བརྗོད་ཀྱི་ཡུལ་དུ་ག་ལ་འགྱུར་ཏེ་དཔག་ཏུ་མེད་པའི་ཆོས་ཉིད་དོང་། །དེ་ལྟ་བུའི་ཐེག་པའི་བདག་ཉིད་འཕགས་པ་སྤྱན་དྲས་གཟིགས་དབང་ཕྱུག་གང་དེ། སྤྱི་བསྐ་པ་སྙིགས་མའི་འགྲོ་བ་རྨུ་རྒོད་གདུལ་བར་དཀའ་བ་རྣམས་དང་། ཁྱད་པར་བདུད་དང་མུ་སྟེགས་ལོག་འདྲེན་གདུག་པ་ཅན་དང་། གནོད་སྦྱིན་སྲིན་པོ་དམ་སྲི་མེ་རུ་དྲེགས་ཅན་གྱི་རིགས་ཚོགས་ཞི་བས་མི་ཐུལ་བའི་གདུལ་བྱ་རྣམས་ཕྲིན་ལས་དྲག་པོའི་ཚུལ་གྱིས་ཆར་གཅོད་རྗེས་འཛིན་གྱི་སོག་ནས་འདུལ་བར་བྱ་ཕྱིར། །དཔེལ་ཆེན་རྟ་མགྲིན་དབང་གི་རྒྱ་པོ་དང་ཐ་མི་དད་པའི་རིག་འཛིན་ཆེན་པོ་པདྨ་སམ་བྷ་ཝཱའི་སྐུར་སྤྲུལ་ཏ། སྐུ་ལ་མངལ་གྱི་དྲི་མས་མ་གོས་པར་མེ་ཏོག་པདྨའི་སྡོང་པོའི་རྩེ་ལས་རང་བྱོན་ཞིང་སྐྱེ་འཆི་བགྲེས་རྒུད་ཀྱི་སྐྱོན་དང་བྲ་བ། གསུང་མི་འགགས་ཚགས་པའི་དབྱངས་ཀྱི་ཐེག་ཆེན་པོ་གསང་སྔགས་ཟབ་མོའི་ཆོས་ཆར་འབེབས། །ཐུགས་ཆོས་དབྱིངས་མཁའ་ལྟར་དག་པའི་ཀློང་ནས་བྱིན་རླབས་ཡེ་ཤེས་ཀྱི་གཟིགས་པ། ཕྱོགས་རིས་མེད་པའི་འགྲོ་བའ་ིཁྲ་ལོ་ཁྱེན་ལ་བསྒྱུར་བར་མཛད་པའི། །བདག་ཉིད་ཆེན་པདྨ་འབྱང་ཆུབས་དེ་ཉིད་ཀྱི་བོད་ཡུལ་མུན་པའི་གླིང་དུ་ཆོས་ཀྱི་སྒྲོན་མེ་སྦར་བའི་ཚེ། །ཞལ་མཐོང་གསུང་ཐོས་ཀྱི་སྐལ་ལྡན་རྣམས་ཚེ་གཅིག་བྱང་ཆུབ་ཀྱི་ལམ་ལ་བཀོད། །ལྷ་སྲིན་གདུག་པ་ཅན་རྣམས་བཏུལ་ནས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་ཐམས་ཅད་ཀྱི་ས་འདུལ་རབ་གནས་མཛད། །རི་བྲག་དབེན་གནས་ཀུན་ཞབས་ཀྱིས་ཉེ་བར་བཅག་ཏེ་བསྒྲུབ་གནས་སུ་བྱིན་གྱི་ལབས་ཀྱི་ཟབ་མོའི་གཏེར་ཆེན་བརྒྱ་དག་རྩ་བརྒ། །གཏེར་ཕྲན་བྱེ་བ་དགུ་ཁྲི་སྦས་ཤིང་དེ་དག་གི་བདག་པོར་སྤྲུལ་པའི་སྐུ་མཆོག་རྣམ་ལྔ་སྐལ་ལྡན་སྙིང་གི་བུ་དགུ །རྗེ་འབངས་ཉི་ཤུ་རྩ་ལྔ་ལོ་ཙ་བརྒྱ་དང་རྩ་བརྒྱད་ལ་སོགས་སོ་སོར་མ་འོག་ལུང་བསྟན་ཞལ་གདམ་བྱིན་རླབས་བཀའ་གཏད་དབང་བསྐུར་སྨོན་སོགས་ནན་ཆགས་སུ་མཛད་དེ་དུས་ཛག་གནས་ཡུལ་སོ་སོའི་སྐབས་ལ་བབ་ཚེ་ཟབ་གཏེར་གྱི་མཛོད་ཕྱེས་ནས། སྙིགས་དུས་ཀྱི་གདུལ་བྱ་རྣམས་ཡདི་བཞིན་གྱི་ནོར་བུ་རྙེད་པ་ལས་ལྷག་པའི་བཀའ་འདྲིན་གྱིས་རྗེས་སུ་འཛིན་བར་མདད་པ་ལས་ཀད་པར་ཐུགས་རྗེས་ཆེན་པོའི་སྒྲུབ་སྐོར་བརྒྱ་རྩ་བརྒྱད་ཀྱི་ནང་ནས་མཆོག་ཏུ་གྱུར་པ། ཡང་སྙིང་འདུས་པའི་ཆོས་སྐོར་འདི་རྣམས་སྤྲུལ་པའི་ཆོས་རྒྱ་ཁྲི་སྲོང་ལྡེའུ་བཙན་ཉིད་ལ་ཆོས་ཀྱི་གཉེན་གཏད་ཅིག་ཕྱི་རབས་ཀྱི་དོན་དུ་གཏེར་ཤོག་ལ་བཀོད་ནས་བསེ་སྒྲོམ་སྨུག་པོའི་ནག་ཟབ་ཆོས་འདུས་པ་སྐོར་དགུ་དང་། བྱིན་རླབས་ཀྱི་བརྟེན་རྫས་མང་པོ་དང་བཅས་པ་ལྷན་ཅིག་ཏུ་བཅུག་ནས་བཀའ་རྟགས་ཀྱི་ཕྱག་རྒྱ་རིམ་པ་བདུན་གྱི་རྒྱས་བཏབ་ཅིག་གཏེར་གནས་ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་དུ་གཏེར་དུ་སྦས་པ་སླད་དུ་ཆོས་རྒྱ་ཆེན་པོ་དེ་ཉིད་དག་པའི་སྐྲེ་བ་བཅོ་ལྔ་བརྒྱུད་པའི་མཏར། །གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་ཏུ་སྐུ་འཁྲུངས་ཤིང་། །སྤྱིར་གཏེར་ཁ་ཆེན་པོ་བཅོ་བརྒྱད་དང་ཁད་པར་འདི་ཉིད་ཀྱི་གཏེར་ཁ་བཞེས་ནས་འགྲོ་བའི་དོན་རྒྱ་ཆེར་མདད་པའི་གདམ་ཟབ་དམ་པ་དྲིན་ཅན་རྩ་བའི་བླ་མའི་བར་དུ་ལེགས་པར་བརྒྱུད་ཅིང་དམ་ཚིག་ལ་སེལ་མ་ཞུག །བྱིན་རླབས་ཀྱི་ཆུ་རྒྱུན་མ་ཆད། ཕྱག་བཞེས་ཀྱི་གནད་མ་འཆུང་པའི་གདམ་པ་ཡིད་ཆེས་ཤིང་ཁུང་བཙུན་པའི་རིམ་པ་ཅན་ལེགས། །བརྒྱུད་པ་དེ་ལས་བྱུང་བའ་ིདབང་མཆོག་རྣམས་བསྐུར་བ་ལ་སློབ་དཔོན་གྱི་བ༈༈༈༈གྱི་འསོ་རྣམས་སྔོན་དུ་སོང་། །ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པས། དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཅེས་བརྗོད། ཨ་ཙཀྱུ་བྷ་བྷ་ཝ་ར་མ་ན་ཡེ་སྭ་ཧཱ༔ ས་མིག་དར་བཅི། ཨོཾ་ཨ་ཁམ་བྷི་ར་ཧཱུཾཿ གིས་མེ་ཏོག་གཏད་ལ། དེ་ནས་སློབ་བུ་དཀྱིལ་འཁོར་དུ་འཇུག་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །བླ་མ་རྡོ་རྗེ་ལོབ་དཔོན་དགོངས། །ཐུག་རྗེས་ཆེན་པོའི་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདི༴ ཀུན་གྱི་མཐོང་པ་མ་ཡིན་ཡི། །སྐལ་ལྡན་བུ་མཆོག་མཐོང་སྲིད་ཀྱིཿ སྐལ་ལྡན་བུ་ཁྱོད་འདིར་ཟུགས་མཛོདཿ ཨ་ལ་ལ་ཧོ་དེ་ནས་སེམས་བསྐྱེད་འཕོག་པ་ནི་ཧོ་ཐུགས་ཆེན་པོའི་དཀྱིལ་འཁོར་དུཿ བླ་མེད་དབྱང་སེམས་མ་བསྐྱེད་ན། བསྟན་པས་མཐོང་བར་མི་འགྱུར་ཕྱིར། བུ་ཁྱོ་འགྲོ་དོན་སེམས་བསྐྱེད་ཅིག༔ ཅེས་དང་། འོ་བུ་ཁྱོད་ཀྱི་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བསྒྲ་པར་བྱ་བའི་ཕྱིར། །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་འཇུག་པར་བྱ་ཉམས་དུ་སེམས་བསྐྱེད་ཅིག་ཅེས་བརྗོད། དེ་ལྟར་ཨེ་མ་བསྐྱེ་དང་ལྡན་པའི་ངང་ནས་བླ་མ་དང་དཀྱིལ་འཁོར་གཙོ་བོ་གཉིས་སུ་མེད་པའི་སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་རྣམས་དང་། མཐའ་བསྐོར་དུ་ཡི་དམ་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་སེམས་དཔའ་འོ་རྣལ་འབྱོར་མའི་ཚོགས་དང་བཅས་པ་སྤྲིན་དཔུང་གཏིབ་པ་བཞིན་དུ་བཞུགས་པར་བསིལ་ལ། བདག་གཞན་སེམས་ཅན་ཐམས་ཅད་བྱུང་མ་ཐོབ་པར་དུ་སྐྱབས་སུ་མཆིའོ། །སྙམས་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། ན་མོ་བྱང་ཆུབ་སྙིང་པོ་ལ་མཅིས་ཀྱི་སར་དུ། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད། སྐྱབས་ཀྱི་དམ་བཅས་དཀོན་མཆོག་གསུམ་ཡི་ངོ་བོར་གྱུར་བ། །བླ་མ་རྡོ་རྗེ་འཛིན་པ་ཆེན་ལ་སྐྱབས་སུ་མཆིའོ། ལན་གསུམ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། །དེའི་ཆེད་དུ་ལམ་ཟབ་མོ་འཕགས་པའི་དཀྱིལ་འཁོར་དུ་ཞུག་ནས་ཉམས་སུ་བླང་པར་བགྱིའོ་སྙམས་པ་འདིའི་རྗེས་ཟློས་མཛོད། །བདག་གི་སྒོ་གསུམ་འབད་རྩོལ་གྱི་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ༔ ཐུགས་རྗེ་ཆེན་པོའི་གོ་འཕང་ཐོབ་པར་བྱའོ། །ལན་གསུམ། དེ་ནས་སྡོམ་པ་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་སྙམས་པའི་སྔར་གྱི་སྐྱབས་ཡུལ་རྣམས་ཀྱི་སྤྱན་སྔར་ཚིག་ཕྱིར་སེམས་རྩེ་གཅིག་པའི་འདིའི་རྗེས་ཟློས་མཛོ། ན་མོ་བླ་མ་ཡི་དམ་ལྷ་ཚོགས་དགོངསཿ ཕྱི་ནང་ཐེག་པའི་སྡོམ་པ་དང་༔ རྩ་གསུམ་དམ་ཚིག་ཡང་དག་བསྲུངསཿ ལ་ཤོན་ཡི་འགལ་འཁྲུལ་དམ་ཉམས་བཤགསཿ ཕྱིན་ཆད་མི་བགྱི་གནོད་ངོ་འགྱོད༔ སེམས་ཀུན་གྱི་དོན་སྒྲུབ་ཕྱིར༔ བདག་གི་སྡོམ་པ་རྣམ་དག་ཤོག༔ ལན་གསུམ། དེ་ནས་དཀྱིལ་འཁོར་ཕྲེང་གསི་ཕྱོགས་བཞིར་སྒོ་བཞིའི་དྲུག་དུ་གསོལ་བ་གདབ་ས་འདིའི་རྗེས་ལོས་མཛོད། །ཧོ་དཀྱིལ་འཁོར་ཕྱོགས་བཞི་སྒོ་བཞི་ནསཿ བདུད་བཞི་འཇོམས་མཛད་ཁྲོ་བོ་བཞིའོ། །འགྲོ་དྲུག་འཁོར་བའི་སྒོ་ཆོད་ལཿ རྣམ་ཐར་བཞི་ཡི་སྒོ་ཕྱེས་ཤིགཿ བྱང་ཆུབཿ པྲ་ཝི་ཤ་ཡ་ཕཊ༔ ཅེས་བརྗོ་པའི་མཐར༔ དཀྱིལ་འཁོར་ཡོལ་བ་ཕྱིས་ལ། སྒོ་བསྲུང་ཆེན་པོ་བཞིའི་སྒོ་བཞི་ཕྱེས་ཏེ་ཕྱོགས་བཞི་ན་ཁྱེད་རང་ཕྱག་འཚལ་བར་མོས་ལ་འདི་བཞིན་དུ་རྗེབ་ཟློས་མཛོདཿ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིཿ སྐུ་གསུང་ཐུགས་ཀྱི་བདག་གི་མཆོག༔ བདེ་གཤེགས་རྒྱལ་བ་འཁོར་བཅས་ལ༔ ལུས་ངག་ཡིད་གྱིས་ཕྱག་འཚལ་ལོཿ ཅེས་བརྗོད། དེ་ལྟར་ཕྱོགས་བཞི་ནས་ཕྱག་བྱས་པའི་མཐརཿ ཤར་སོ་གའི་ནང་ཁྱབ་དུ་གནས་པའི་དམོད་པ་མཛོད་ཅིགཿ བྱས་ལ་དེ་ནས་དམ་བསྒྲགས་ཏེ། ཀ་སྡ་ལས་བདུད་རྩི་སྦྱོར་ཏེ། སློབ་བུའི་ལྕེ་ལ་བཞག་ཅིང་འདི་སྐད་དོ། །ཧཱུྃ་དམ་ཚིག་རྡོ་རྗེའི་ཆུ་འདི་ཉིད། །དམ་ཚིག་བསྲུང་ན་དངོས་གྲུབ་སྟེརཿ ཡེ་ཤེས་སེམས་དཔའ་འདི་གྱུར་ནསཿ སྒྲིབ་གཉིས་བྱང་ནས་སངས་རྒྱས་ཐོབཿ དམ་ཚིག་ཉམས་ན་ན་དྲག་གནསཿ ལྕགས་ཀྱི་སྡིག་པ་མོག་དགུ་བའིཿ སྙིང་ཁྲག་འཐུང་ཞིག་དམྱལ་སར་ལྷུངཿ མཆོག་ཏུ་དམ་ཚིག་གཙང་མ་གཅེསཿ ཨིདྷནྡྷེ་ས་མ་ཡཱ་ན་ར་ཀན། བག་ཤ་སི་ཧཱུཾཿ ཅེས་དམ་བསྒྲགས་གོ། དེ་ནས་ཡེ་ཤེས་པ་དབབ་པའི་ཆེད་དུ་གསོལ་བ་གདབ་རྗེས་ཟློས་འདི་བཞིན་མཛད་པར་ཞུ། ཧེ་རྗེ་བཙུན་ཐུགས་རྗེ་ཆེར་ལྡན་པཿ དུས་གསུམ་བཞུགས་པའི་བླ་མ་དང་༴ མཁའ་འགྲོ་རྣམས་དང་ཡི་དམ་ལྷསཿ བདག་ལ་ཡེ་ཤེས་དབབ་ཏུ་གསོལཿ ལན་གསུམ་གྱིས་གསོལ་བ་བཏབ་ཅིག །སྤོས་དང་རོལ་མོ་ལ་སོགས་ཚགས་སུ་ཚུད་པར་བྱས་ནས་དམིགས་པ་འདི་ལྷར་ཕོགས་ཏི། དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཁྱེ་རང་རྣམས་ཀྱི་ལུས་ལ་ཕོག་པ་ཙམ་གྱིས་ལུས་གདོས་ཆས་རྣམ་སྨིན་གྱི་ཕུང་པོ་སྦྱངས་ཏེ་དངོས་མེད་སྟོང་པར་གྱུར༔ སྭ་བྷ་ཝ་བརྗོད་སྟོང་པའི་ངང་ལས་པདྨ་ཉི་ལའི་གདན་སྟྭེང་དུ་རིག་པའི་ངོ་བོ་ཡེ་ཤེས་ཡི་གེ་ཧྲཱི་དམར་པོ་གཅིག་ཏུ་གྱུར་བ་ལས་འོད་ཟེར་འཕོསཿ རྒྱ་བ་ཐམས་ཅད་ལ་མཆོད་པ་ཕུལ༔ ཁམས་སུ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངསཿ འོད་ཟེར་ཚུར་འདུས་ནས་ཧྲཱི༔ལ་ཐིམ་པའི་དེ་ཉིད་གནས་འགྱུར་ཏེཿ སྐད་ཅིག་ཁྱོ་རང་འཕགས་པ་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་པདྨ་ར་གའི་ཕྲིང་བ་འཛིན་ཅིགཿ གཡོན་པདྨ་དཀར་པོའི་སྟེང་དུ་བདུད་རྩིའི་བུམ་པའི་མཚན་པ་བསྣམས་ཤིང་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་དང་ལྡན་པ་ཞབས་རྡོའི་སྐྱིལ་རྐུང་གི་པད་ལའི་གནད་ལ་བཞུགས་པའི་སང་དུ་ཡུམ་ཡི་གེ་དྲུག་མ་དམར་པོ་གྲི་གུག་དང་ཐོད་པ་བདུད་རྩིས་བཀང་པ་འཛིན་པས་ཡབ་ལ་འཁྲིལ་བ་ཡུམ་གཉིས་ཀྱི་སྐུ་གཟི་བརྗིད་དུ་འབར་བའི་སྤྱི་བོར་འོད་དཔག་མེད་སྤྲུལ་སྐུའི་ཆོ་བྱད་ཅན་མཉམ་ཆགས་ཚེ་བུམ་འཛིན་པ་དང་། རང་གི་ཐུག་ཀར་ཁོ་བོ་ཏྟ་མགྲིན་དམར་པོ་གཡས་སེང་དེང་གི་བེ་ཅོན་དང་། གཡོན་པས་ཞགས་པ་བསྣམས་ཤིང་ཁྲོ་ཆས་ཡོངས་སུ་རྫོགས་པར་རྔམ་པར་གསལ་བའི་ལྷ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ་མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾཿསྔོན་པོ་དང་། དེའི་འོག་ཏུ་ཧྲཱིཿ ཡིག་དམར་པོ་དང་བཅས་པ་རྣམས་ལ་འོད་ཟེར་ཁ་དོག་སྣ་ལྔ་དཔག་ཏུ་མེད་པ་སྟེག་འོག་ཕྱོགས་མཚམས་ཀུན་དུ་འཕྲོས་པས་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགོར་ཆོས་སྐྱོང་གི་ཆོང་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣལ་འབྱོར་བྱོན་ནས་ཁྱེ་རང་རྣམས་ལ་སི་ལ་སིབ་སིབ་ཐིམ་པའི་མོས་པ་རྩེ་གཅིག་ཏུ་མཛད་པར་ཞུ། སྤྲོ་ན་འདི་སྐབས་སུ་གུ་རུ་ཚིག་བདུན་གྱི་གསོལ་འདོབས་དང་བྱེད་ཆེན་པོའི་སྤྱན་འདྲེན་སོགས་བྱ་ཞིང་། སྤོ་དང་རོལ་མོའི་བྱིན་དབབ་པའི་མེ་ཏོག་གི་ཆར་ཕབ་སྟེ། ཨཱོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི་ལཿ ཀི་ཤྭ་རི་ཛ་ན་ཊཀྐི་ནི་ས་ས་རི་ཝ་ར་ཨེ་ཨ་ར་ལི་སརྦ་ཙིརྟ་ཧྲཱིང་ཛཿ པ་མ་ཡཱ་ཨ་ཝེ་ཤ་ཨ་ཨཱ༔ ཞེས་བརྗོད་སྤྱི་བོར་རྡོ་རྗེ་རྒྱ་གྲམ་བཞགས་པས་མེ་ཏོག་འཐོར་ཏི། དེ་ལྟར་བྱིན་དབབས་པའི་ཡེ་ཤེས་པ་རྣམས་བརྟེན་པར་བྱས་པའི་མེས་པ་མཛོདཿ ཨཱོཾ་པུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱཿ ས་བརྟན་པར་བྱ། དེ་ནས་ཁྱེ་རང་རྣམས་ཀྱི་ཕྱག་གི་མེ་ཏོག་ཕྲེང་བ་དེ་ཉིད་ཡི་དམ་གྱི་ལྷ་ལ་ཕྱག་རྟེན་གྱི་ཚུལ་དུ་དཀྱིལ་འཁོར་དབུས་ཀྱི་གཙོ་བོའི་ཐུགས་ཀར་འདུན་པ་གཏད་དེ་དོར་ལ་འདིའི་རྗེས་ལོས་མཛོད་ཧེ་དབང་མཛད་ཐུགས་རྗེའི་དཀྱིལ་འཁོར་དུཿ རིག་པའི་མེ་ཏོག་ལྷ་ལ་འབུལཿ ཐེགས་པའི་དགོངས་ལ་བཞེས་སུ་གསོལཿ པྲ་ཏིཙྩ་པུ་ཙ་ཧོཿ ཅེས་དབུས་སུ་དམིགས་ལ་དོར། ཚོམ་བུའི་དཀྱིལ་འཁོར་གོང་ན་ལྟར་གོན་བྱས་ས་དེ་དང་དར་བདུན་སོགས་ལས་བཟོས་པའི་མེ་ཏོག་ཅོད་པཎ་དོར་དུ་གཟུག་ཅིག་ཕྱོགས་ངོས་བཟུང། གལ་ཏེ་སློབ་མ་འཚོགས་ཆས་པས་དེ་ལྟ་བུའི་བྱ་རི་སྐབས་ལ་མི་བབ་ན། བརྡའ་མཚོན་ཙམ་དུ་ནས་འབུར་ལ་སོགས་མེ་ཏོག་སེལ་མ་དཀྱིལ་འཁོར་ཕྱོགས་སུ་གཏོར་དུ་གཞུགས་གོ། །དེ་ལྟར་དོར་བས་རིགས་གང་ལ་བབས་པའི་དངོས་གྲུབ་ཐོབ་ཅིག་གསང་མཚན་ཡང་འབུས་སུ་བབ་པ་རྣམས་ལ་ཐུགས་རྗེ་དབང་ཕྱུག་རྩལ། ཤར་དུ་ཐུགས་རྗ་མི་འགྱུར་རྩ་ལྷོར་ཐུགས་རྗེ་འདོ་བྱུག་རྩལ། ནུབ་ཏུ་ཐུགས་རྗེ་པདྨ་རྩལ བྱང་དུ་ཐུགས་རྗེས་བདུད་འདུལ་རྩལ་ཞེས་འཛིན་པར་ཞུས༔ དེ་ལྟ་བུའི་དབང་གི་གསང་མཚན་འདི་དག་འཆང་པའི་ཕན་ཡོན་ནི་དཔག་ཏུ་མེད་དེ་གནས་སྐབས་སུ་འགལ་སྐྱོན་བད་ཆད་ལ་སྐྱོབ་ཅིང་བསྲུང་པར་འགྱུར་བ་དང་། ལྷ་དང་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱིས་ཀྱང་སྲས་དང་སྤུན་གྲོངས་སུ་དགོགས་པར་མཛད་པ་དང་འཆི་བའི་དུས་ནའང་བར་དོའི་འཁྲུལ་སྣང་འཇིགས་སྐུག་ཀུན་ལ་གསང་མཚན་དྲན་པ་ཙམ་གྱི་ལྷ་དང་བླ་མ་དྲན། དེ་དྲན་སཔ་འཁྲུལ་སྣང་དྲག་གྲོལ་དུ་འགྲོ་པའི་ཕན་ཡོན་ཡོད་ལ་མཐར་ཐུག་མེ་ངོན་པར་རྫོགས་སངས་རྒྱས་པའི་དུས་ནའང། དེ་ལྟ་བུའི་གསང་མཚན་འདི་ཀ་དང་མཐུན་པའི་སངས་རྒྱས་ཀྱི་མཚན་འཇིག་ན་ཀུན་ཏུ་གྲགས་ཏེ། གང་གི་ཐོས་པ་ཐམས་ཅད་ཕྱིར་མི་ལྡོག་པའི་པ་ཐོབ་པར་འཡུར་མལ་སོགས་ཡོན་ཏན་བསམ་གྱི་མི་ཁྱབ་པ་ཡདོ་པས་ན་རྟག་ཏུ་མ་བརྗེད་པར་འཛིན་འཚོ། །ཞིས་བརྗོད་དེ་ནས་མི་ཏོག་ཙད་མཎ་སློབ་མའི་མོག་བོར་བཅིངས་ཏི། པྲ་ཏི་གྷྀ་ཧ་ན་ཨི་མམ་པ་ཏྭ་མ་བ་ལ་ཏིཥྛ་ཧྲཱི༔ ཞེས་བརྗོད། དེ་ནས་ཡེ་ཤེས་ཀྱི་སྤྱན་དབྱེ་བར་གསོལ་བ་གདབ་པ་ལ་སོགས་འདིའི་རྗེས་ལོས་མཛད་པར་ཞུ། ཀྱཻ་ཧོ་བདག་ནི་ཐོག་མ་མཛོད་དུས་ནསཿ མི་ཤེས་མ་རིག་མུན་པར་ཆུདཿ བླ་མའི་ཐུགས་རྗེའི་གསེར་ཐུར་གྱི༔ ཡེ་ཤེས་མིག་ཕྱེས་ལྷ་དང་སྤྲོ༔ ཅེས་ལན་གསུམ་ཞུ་རྗེས་ལ། །སྤྱན་དར་ཡོད་ན་ཕྱི་ཞིང་། །མེད་ནའང་བླ་མའི་ཕྱག་མཚན་སློབ་མ་རྣམས་ལ་སྤྱན་དབྱི་བའི་ཚུལ་བྱས་ལ་དཀྱིལ་འཁོར་བསྟན་ཏེ། བུ་ནི་མི་ཤེས་རྨོངས་འཁྲུལ་པའིཿ ལྡོང་ཞིང་སྒྲིབ་པར་གྱུར་པ་ནཿ རྡོ་གསེར་གྱི་ཐུར་མ་ཡི༔ །ལི་ཏོག་ངེས་བསལ་དཀྱིལ་འཁོར་ལྟོས༔ ཨཱོཾ་ཛྙ་ན་ཙཀྱུ་པྲ་ཝེ་ཤ་ཡ་ཕཊ༔ ཞིས་གསལ་ནས། ཀྱཻ་སྐལ་པ་དེང་དན་པའི་རིགས་ཀྱི་བུ་རྣམས་ཉོན་ཅིག༔ འདི་ལྟ་བུའི་དཀྱིལ་འཁོར་གྱི་ཞལ་མཐོང་པ་ནི་བསྐལ་པ་དཔག་ཏུ་མེད་པ་ནས་ཚོགས་བསགས་པ་སལ་བྱུག་བ་ཡིན་པས། དེའི་ཕྱི་ན་མིག་གི་དབག་པོ་མ་ཡོངས་པར་དཀྱིལ་འཁོར་ལ་ལྟོས་ལ། །རྣ་བའི་དབང་པོ་མ་ཡོངས་པར་ལེགས་པར་ཉོན་ཅིག་དེ་ཡང་དཀྱིལ་འཁོར་གྱི་བབ་གྲུ་བཞི་འབྱུང་བ་ནི་ཚད་མེད་བཞིས་འགྲོ་བའི་དོན་མེད་པའ་ིཔའི་བརྡའ་རྟག་མཚོན་བའོ། །ཁ་དོག་ལྔ་ལྡན་དུ་བྱུང་བ་ནི་ཡེ་ཤེས་རྣམས་པ་ལྔའི་རང་བཞིན་མཚོན་པའི་བརྡའོ། །དེ་བཞིན་དུ་འཕྲིན་ལས་རྣམ་པ་བཞིའི་མཚོན་པའི་སྒོ་བཞི། །འདོད་དོན་ལྷུན་གྲུབ་ཏུ་འབྱུང་བའི་འདོད་སྣམས། །སྐུ་ལྔ་ཡོངས་སུ་རྫོགས་པའི་རྩིག་པ་ལྔ་རིམ། དངོས་གྲུབ་ཟད་མི་ཤེས་ཤེས་པའི་རིན་པོ་ཆེའི་ཕ་གུ་མཚན་དཔེ་ཡོན་ཏན་གྱིས་མཛེས་པའི་དྲ་བ་དྲ་ཕྱེད། །མ་རིག་པ་སེལ་ཞིང་འགྲོ་དོན་ཆགས་ཐོག་མེད་པའི་ཤར་བུ་དང་མདའ་ཡབ། །འཕགས་ལམ་ཡན་ལག་བརྒྱད་ཀྱི་ཀ་བ། རྫུལ་འཕྲུལ་གྱི་རྐང་པ་བཞིའི་ཐིམ་རྐས། །དྲན་ཉེ་པར་བཞག་པ་བཞིའི་རྟ་བབས། །སྟོང་བ་དང་སྙིང་རྗེ་ཟུང་དུ་འགྲེལ་པའི་རི་དྭགས་ཕོ་མོ། །ས་ལོ་རིམ་པ་བཅུ་གསུམ། །ཉོན་མོངས་པའི་གདུག་པ་ལ་སྐྱོབ་པའི་ཆར་ཁེབ་ཕུབ་པ། ཐེག་པ་ཀུན་གྱི་རྩེ་རྒྱལ་དུ་གྱུར་པའི་དབུས་བྱུག་བུ་དྲིན་པོ་ཆེའི་ཏོག་གི་མཚོན་པ། ཆོས་ཉིད་འགྱུར་བ་མེད་པའི་འགོ་གཞི་སྣ་ཚོགས་རྡོ་འཁོར་པའི་སྐྱོན་གྱིས་མ་གོས་པའི་པདྨའི་ར་བ་བདུད་ཀྱི་དཔུང་འཇོམས་པའི་རྡོ་རྗེའི་ར་བ་ཉོན་མོངས་པ་ཚག་ཚིང་བསྲེག་ཅིང་མྲིག་མུན་པ་གསལ་བའི་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་གུར་ཁང་འཁྲིག་པ་དང་བཅས་པ་ནི་སྣོད་རྣམ་པར་གདག་པ་གཞལ་ཡས་ཁང་གི་དག་སྦྱོར་ཡིན་ལ། དེ་འང་ནང་དུ་བཅུད་རྣམ་པར་དག་པ་ཡེ་ཤེས་ལྷའི་བཞུགས་ཚུལ་ནི་གཞལ་ཡས་ཁང་གི་ལྟ་བར་གནས་པདྨ་གེ་སར་གྱི་དབུས་ན་དཀྱིལ་འཁོར་གྱི་བདག་པོ་བཅོམ་ལྡན་འདས་གཙོ་མཆོག་ཐུགས་རྗེ་ཚེན་ཡུམ་གསང་བ་ཡེ་ཤེས་དང་གཉམ་མེད་དུ་འཁྲིལ་པའི་དབུའི་གཙུག་ན་འོད་དཔག་མེད་དང་། ཐུགས་ཀའི་དབུས་སུ་དཔལ་རྟ་མགྲིན་དང་བཅས་བཞུགས་པའི་གཙོ་བོའི་གཡས་སུ་སྲས་ནོར་བུ་འཛིན་པ་དང་། གཡོན་དུ་སྲས་མེད་གསང་སྔགས་འཛིན་མ་དང་། མཐའ་བསྐོར་པདྨའི་འདབ་མ་དྲུག་ལ་བཅོམ་ལྡན་འདས་ཐུབ་པ་དྲུག་དང་། །དེའི་ཕྱི་བསྐོར་གྱི་མུ་ཁྱུད་པད་བསྐོར་རིམ་པ་བཞིའི་དང་བོ་ལ་སངས་རྒྱས་བརྒྱ། གཉིས་པ་ཉིས་བརྒྱ། གསུམ་པ་ལ་སུམ་བརྒྱ། བཞི་བར་བཞི་བརྒྱ་རྣམས་བསྡོམ་པའི་སྐལ་བཟང་སངས་རྒྱས་སྟོང་ཚངས་པར་བཞུགས་པ། དཀྱིལ་འཁོར་ཡི་སྒོ་བཞིང་བཛྲ་རཏྣ་པདྨ་ཀརྨ་ཧུ་ཀ་རིགས་བཞི་སྒོམ་སྲུང་ཚུལ་དུ་བཞུགས་པ་སྟེ། དེ་ལྟ་བུའི་ལྷ་ཚོགས་ཐམས་ཅད་གྱང་སྐུ་སྣ་ལ་རང་བཞིན་མེད་པ་མཚོན་དང་དཔེ་བྱད་ཀྱི་དཔལ་དུ་འབར་ཟིང་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ། གསལ་སྟོང་འཇའ་འོད་འཁྱིལ་པར་བཞུགས་པ་རྣམས་ཞལ་མངོན་སུམ་དུ་བཞུགས་པ་སྤྲོ་བ་རྒྱ་ཆེན་མཛད་པར་ཞུ། དེ་ལྟར་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ལེགས་པར་སོགས་ནས། དངསོ་བཞིའི་དབང་དོན་དུ་མི་ཕྱེད་དད་པའི་གདུང་ཤུགས་ཆེན་པོ་པོས་གསོལ་བ་གདབ་པ་འདིའི་རྗེས་ལོས་མཛོད། །ཧོ་བླ་མ་ལྷ་ཚོགས་དགོས་སུ་གསོལ། །བདག་ཡིད་སྨིན་ཅིང་གྲོལ་བ་དང་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །དབང་མཆོག་དམ་པ་བསྐུར་དུ་གསོལ། །ཞིས་ལན་གསུམ་གསོལ་བ་བཏབས་པའི་མཐར་གཙོ་བུམ་བླང་ནས། དེ་ནས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ་ཡེ་གདོད་མ་ནས་ཀྱང་ལྷུན་གྱིས་གྲུབ་པ་ལ། གོང་དུ་ལོབ་དཔོན་གྱི་གསལ་བཏབ་ཅི་ཡེ་ཤེས་དབབ། །བཅུག་ཏེ་བརྟན་པར་གྱིས་པས་ན། དེ་ལྟུའི་སྒོ་གསུམ་ལྷའི་རང་བཞིན་ཡིན་པ་ལ་ཡིན་པར་ཤེས་པའི་ངེས་ཤེས་མཛད་པ་དང་། བདག་སློབ་དཔོན་ཡང་འཕགས་པ་ཐུགས་རྗེ་ཆེན་པོ་དངོས་སུ་མོས་པ་མདད་ཅིག་། ཤམ་པ་འདི་ཉིད་ཀྱང་ཕྱི་བུམ་པའི་རྣམ་པ་ནི་སྐུ་གསུམ་མཚོན་པ་ཡིན་ཏེ། དབྱིབས་ཟླུམ་པོར་སྣང་བའི་ཆོས་སྐུ་སྤྲོས་པ་མེད་པའི་བརྡའ་དང་། ཁ་རྒྱན་མགུལ་ཚིངས་སོགས་ཀྱི་བརྒྱན་པ་ནི་ལོངས་སྐུ་མཚན་དཔེ་རྫོགས་པ་དང་། བུམ་རྫས་བདུད་རྩའི་ཆུ་ནི་སྤྲུལ་སྐུ་འགྲོ་དོན་མཛད་པའི་མཚོན་པ་སྟེ། ཕྱི་དབྱིབས་དེ་ལྟུ་ལས་ནང་ནི་ཡེ་ཤེས་འོད་ལྔ་འཁྲིག་པའི་གཞལ་གཡས་རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པའི་ནང་དུ་འཕགས་པ་ཐུགས་རྗེ་ཆེན་པོ་གཙོ་འཁོར་སྤྲུལ་པ་དང་བཅས་པའི་ལྷ་ཚོགས་བཞུགས་པ་ནདི་ཀོད་རང་རྣམས་ཀྱི་སྤྱི་བོར་བཞག་པ་ཙམ་གྱིས། ལྷ་རྣམས་བདུད་རྩིའི་རང་བཞིན་དུ་མེར་གྱི་ཞུ་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་བརྒྱུད་དེ་ལུས་ཀྱི་ནང་ཐམས་ཅད་བདུད་རྩིའི་ལྟེམས་གྱི་གང་ཚེ་རབས་འཁོར་བ་ཐོག་མེད་ནས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ནེས་ལྟུང་ཐམས་ཅད་ནས་བྱང་ཞིགདག །ལུས་ལྷའི་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲུས་སྤྲུལ་པའི་སྐུ་འགྲུབ་པའི་རྟེན་འབྲེལ་མཐའ་དག་དུས་འདི་ཉིད་ནས་འགྲིག་པའི་མོས་པ་བརྟན་ནོ་གནང་བར་ཞུ། །ཧྲཱིཿ བུམ་པ་སྤྲོས་བྲལ་ཆོས་སྐུ་ཟླུམ། །བཅུད་ནི་ལོངས་སྤྱོད་ཡི་དམ་ལྷ། །སྤྲུལ་སྐུས་རུས་ཀྱི་མ་རིག་འཁྲུ་དང་། །ལྷ་དབང་ལུས་ལ་རྫོགས་གྱུར་ཅིག །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀ་ཡ་ཨ་བྷི་ཥིཉྩ་ཨོཾཿ ཞེས་བུམ་དབང་བུས་སྐུར་ཞིང་རོལ་མོ་འདབ་དབྱངས་ལ་སོགས་ལས་བྱིན་དབབ་སོ། །དེ་ནས་གསང་དབང་ནི། །ཐོད་ས་བདུད་རྩིའི་བཀང་བ་ཐོགས་ལ། དེ་ནས་ཡང་ཁད་པར་འཕགས་པ་ཐུགས་རྗེ་ཆེན་པོའི་བསྐྱེད་རིམ་གསལ་བཞིན་པའི་ངང་ནས་མདུན་བསྐྱེད་ཀྱི་ལྷ་ཚོགས་ཡབ་ཡུམ་ཐེབས་མཉམ་རོལ་གྱི་སྦྱོར་མཚམས་ནས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒུན་བབ་ས་མཚན་ལྡན་ཀཱ་ཡལ་ཡི་ནང་དུ་འཁིལ་བ་ཁྱེད་རང་རྣམས་ཀྱི་མགྲིན་པར་བཞག་ཅིང་ཀླུ་དེ་དབང་བསྐུར་བས། དགེ་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིག་དག་ནས་རྩ་ཁམས་བདེ་བའི་ཡེ་ཤེས་ཀྱི་བཅུད་ཀྱིས་གང་སྟེ་གསང་བའི་དབང་ཐོབ། །ངག་བཟླས་པ་གསུང་གི་འཁོར་ལོ་ཉམས་སུ་ལེན་པ་ལ་དབང་འབྲུས་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་ནུས་པ་རྒྱུད་ལ་བཞག་པ་ཡིན་པས། །དེ་དང་མཐུན་པའི་ངེས་ཤེས་ལ་མཛད་པར་ཞུ། །ཧྲཱིཿ གསང་བ་ཡེ་ཤེས་བདུད་རྩི་ཆེ། །བྱང་ཆུབ་སེམས་ཀྱི་འཕྲོ་འདུ་གསལ། །རྩ་ཁམས་བདེ་བའི་རང་བཞིན་ལ། ཐབས་སེ་ཟུགས་འཇུག་དབང་ཐོན་ཤོག ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ བྷོ་དཧི་ཙིརྟི་ཨ་ཧོ་པུ་ཁ་ཝཱཀྐ་ཨ་བྷི་ཥིནྩ་ཨཱཿ ཞེས་དབང་བསྐུར་ཞིང་བདུད་རྩི་བླུད་དོ། །དབང་འདི་ཉིད་ཐོབ་པའི་ཕྱིག་གསང་བའི་དུ་གྱི་བསྙེན་བསྒྲུབ་བཟླས་བརྗོད་བགྱིད་པར་དབང་བ་ཡིན་པས། །དེ་ལ་ཕྱི་སྲོག་སྦས་ཞི་བའི་བཟླས་པ་འཁོར་བ་དོང་སྲུག །ནང་བར་ཆད་འདུལ་འདབ། གསང་བ་ཉམས་རྟོག་ཡར་འཛབ། འཁྱེར་པོ་གསུམ་འཛབ་དགོངས་པ་གསལ་འདེབས་ཀྱི་འཛབ་བཟླས་རྣམས་ལ་རྒྱུན་དུ་བཙོན་པར་མཛད་འཚལ་ཞིང་འདི་ཡི་རྗེས་ཟློས་མཛོད། ཡིག་དྲུག་དང་བཅུ་གཉིས་བདུན་པ་རྣམས་བླ་མས་ཕྲེང་བ་ཐོགས་པའི་སྣང་གཅིག་སློབ་མས་བཟུང་ནས་འདྲེན་ཅིང་བཟླས་ལུང་འབོག་པ་ཡང་ཕྱག་བཞེས་སོ། །དེ་ནས་ཤེས་རབ་ཀྱི་དབང་མཚོན་བྱེད་མེ་ལོང་མ་ཐོག་ལ། དོ་ནས་ཁྱོད་རང་རྣམས་ཀྱི་སྤྱི་བོའི་སྟེང་གི་ནམ་མཁར་རྩ་བའི་བླ་མ་རྡོ་འཆང་གི་ཆ་བྱེད་རུས་རྒྱན་གར་སྟབས་ཅན་ལ་སོགས་དཔའ་འོ་མཁའ་འགྲོའི་ཚོགས་ཀྱི་བསྐོར་བ་གསལ་བ་ལ་མོས་གུས་གདུང་ཤུགས་བསྐྱེད་ཅིག །ཏིང་འཛིན་རྒྱུ་ལ་སྐྱེ་བར་ཡིད་ཀྱིས་གསོལ་བ་བཏབ། སླར་ཡང་རང་གི་སྙིང་གར་རིག་པའི་ངོ་བོ་ཧྲཱི༔ དམར་པོ་མར་མེ་ལྟ་བུའི་འོད་ཀྱི་རང་འཛིན་ཅན་གཅིག་ལ་སེམས་རྩེ་གཅིག་ཏད་དེ་གཞན་དུ་སྐད་ཅིག་ཀྱང་མ་ཡེངས་པར་མཛོད་ཅིག །ཧྲཱིཿའཁོར་བ་མྱང་འདས་ཀུན་གྱི་གཞི། རང་སེམས་རིག་ན་འཆིང་གྲོལ་མེད། །མེ་ལོང་ནང་གི་གཟུགས་བརྙན་བཞིན། སྣ་ཚོགས་རང་གྲོལ་རིག་པའི་དབང་། །སྐལ་ལྡན་ཁྱོད་ཀྱི་ཐོབ་པར་ཤོག །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཙིརྟ་བཛྲ་ས་མ་དྷི་ཛ་ཉཱ་ན་་བྷི་ཥིཉྩ་ཧཱུཾ༔ ཞེས་སྙིང་གར་བསྐུར་ལ། །དེ་ཡང་མེ་ལོང་ལུམ་པོ་ནི་ཆོས་སྐུ་ཐིག་ལེ་ཉ་གཅིག་གི་པེ་མཚོན་ལ། དང་ཤིང་གསལ་བ་ནི་གཏིང་གསལ་གགས་མེད་ལོངས་སྐུ་དང་། །གཟུགས་བརྙན་སྣ་ཚོགས་སུ་སྣང་བ་འཆར་བ་ནི་རྩ་སྤྲུལ་སྐུ་ཅིར་ཡང་འཆར་བའི་བརྡའ་མཚོན་པའི་དབང་བསྐུར་བས། །ཡིད་ཀྱི་སྒོ་ནས་བསགས་པའ་ིསྡིག་སྒྲིབ་དག་ཅི་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། །རྫ་སོགས་རིམ་གསལ་སྟོང་ཟུང་ནག་བསྒོམ་པ་ལ་དབང་། འབྲུས་ཆོས་ཀྱི་སྐུ་འགྲུབ་པའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །འདི་སྐབས་སུ་ཆསོ་གཞན་ལས་ཀྱི་ཕྱག་རྒྱ་སོགས་ལ་བརྟེན་པའི་བདེ་སྟོང་ཟུང་འཇུག་གི་བང་དོན་ངོ་གྲར་པ་ཡིན་ལ། འདི་གསལ་སྟོང་ཟུང་འཇུག་ངོ་སྤྲད་པ་ཅི། །དོན་ལ་ཁྱད་མེད་དེ་རང་རིག་ལྷན་སྐྱེས་ཡེ་ཤེས་རང་ངོ་ཤེས་པས་ཐབས་ཤེས་རབ་ཡེ་ཤེས་ཀྱི་དབང་དུ་ནམ་ཀྱང་དགོངས་པ་མཐུན་ནམ། དེ་ནས་དབང་ཐམས་ཅད་ཀྱི་མཐར་ཐུགས་ཚིག་དབང་རིན་པོ་ཆེ་རིག་པ་རྩལ་གྱི་དབང་ནི་ཀུན་རྫོབ་རྫས་ཀྱི་དབང་ལ་མི་ལྟོས་པའི་ཕྱིར། །ཡེ་ཤེས་རིག་པ་མཆོག་གི་རྒྱུད་བསྐུར་བ་ལ། འཁོར་རྣམས་ཀྱིས་ནི་ཅིས་མི་བསྐུར། །བུམ་ཆུ་སྤྱི་བོར་བླུགས་དུས་སུ། །ལུས་ཀུན་ཁྱབ་པར་སྨོས་ཅི་གོས། །མཚོན་ཆའི་འཁོར་ལོ་བསྐོར་བའི་ཚེ། །གང་འཕྲད་གཅོད་པ་ཆོས་ཉིད་དེ། །ཡེ་ཤེས་འཁོར་ལོའི་མེ་འབར་བས། །མ་རིག་ནག་བསྲེག་ཐེ་ཙོལ་མེད། །ཐུགས་རྗེ་ཆེན་པོའི་དབང་དོན་ནི། །ཐམས་ཅད་ཡེ་སངས་རྒྱས་པའི་དབང། །རྟོགས་ཤིང་རང་དབང་རང་གིས་བསྐུར། །བསྐུར་ཐོབ་རྩོལ་བྲ་བདེ་ཆེན་ཡིན། །ཨཱོཾ་མ་ཎི་པདྨེ་ཧཱུཾ་ཧྲིཿ ཛཉཱ་ན་ཨ་བྷི་ཥིཉྩ་ཧྲཱིཿ ཞེས་གསུངས་པས་སྣང་སྲིད་འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་རང་རིག་དབང་ཕྱུག་སེམས་ཀྱི་རོལ་པར་རྟོགས་ཕྱིན་ཆད་ཅི་ཤར་ཐུགས་རྗེ་ཆེ་ནོར་མ་གྱུར་པ་རྡུལ་ཙམ་མེད་ཚེ། ཆོས་ཉིད་རྣམ་རོལ་ཁྱབ་རྡ་ཆེན་པོའི་སྤྱོ་པ་ལས་མི་འདའ་བ་ནི་དབང་ཐམས་ཅད་ཀྱི་རྒྱལ་པོ་ཡང་ཡིན་ལ། མན་སྔགས་ཉམས་ལེན་ཐམས་ཅད་ཀྱི་སྙོམ་མ་ཡིན་པས། དེ་ལྟུའི་དོན་ལ་གོམས་པར་བྱོས་ཤིག །དེ་ནས་འགྲོ་འདུལ་གྱི་འདུལ་དབང་ནི། ཡིག་བདུན་ཐ་དད་ཀྱི་ཅེས་ཀྱི་༈༈༈༈༈༈༈༈༤༡༦ཐོགས་ལ་རིམ་བཞིན་ཚིག་དང་མཐུན་པར་བསྐུར་སྟེ། །དེ་ལྟ་བུའི་དབང་བཞི་ཡོངས་སུ་རྫོགས་པའི་མཐའ་རྟེན་འགྲོ་བ་འདུལ་བའི་དབང་བསྐུར་བའི་རྫས་ཀྱི་ངོ་བོ་སྤྲུལ་པ་འགྲོ་འདུལ་ཡི་ལྷ་ཚོགས། །རྣམ་པ་ནི་ཡིག་དྲུག་ཧྲཱིཿབཅས་པ་འདི་དག་གི་དབང་བསྐུར་བསད་འཕགས་པའི་ལྷ་ཚོགས་དེ་དག་རྣམས་དང་། །དབྱེར་མེད་པའི་ཐུགས་རྗེ་དང་འཕྲིན་ལས་ལ་མངའ་བརྙེས་པར་གྱུར་བའི་མོས་པ་མཛོད། །ཨཱོཾ ལྷ་དབང་བརྒྱ་བྱིན་སྐུ་གསུང་ཐུགས། །ལྷ་རྣམས་ལུལ་བའི་སྲོག་སྙིང་ཨཱོཾ། ཨཱོཾ་བཟུག་ལྷ་ཡི་འགྲོ་བ་འདུལ། །ལྷ་ཡི་འཁོར་བ་སྟོང་པར་ཤོག །མ་ཐག་བཟང་རིགས་ཀྱི་སྐུ་གསུངས། །ལྷ་མིན་འདུལ་བའི་སྲོག་སྙིང་མ༔ མ་བཟུང་ལྷ་མིན་འགྲོ་བ་འདུལ། །ལྷ་མིན་འཁོར་བ་སྟོང་པར་ཤོག །ཎི་བཀྱ་ཐུབ་པའི་སྐུ་གསུངས། །མི་རྣམས་འདུལ་བའི་སྲོག་སྙིང་ཎི། །ཎི་བཟུང་མི་ཡི་འགོར་བ་འུདལ། །མི་ཡི་འཁོར་བ་སྟོང་པར་ཤོག །པད་སིང་གེ་རབ་བརྟན་སྐུ་གསུངས་ཐུགས༔ བྱོལ་སོང་འཁོར་བ་སྟོང་པར་ཤོགཿ བྱོལ་སོང་འདུལ་བའི་སྲོག་སྙིང་པཿ པད་ཟུང་བྱོལ་སོང་འགྲོ་བ་འདུལཿ བྱོལ་སོང་འཁོར་བ་སྟོངས་པར་ཤོགཿ མེ་ནམ་མཁའ་མཛད་ཀྱི་སྐུ་གསུངསཿ ཡི་དྭགས་འདུལ་བའི་སྲོག་སྙིང་མེདཿ མེ་ཟུང་ཡི་དྭགས་འགྲོ་བ་འདུལཿ ཡི་དྭགས་འཁོར་བ་སྟོང་པར་ཤོགཿ ཧཱུཾཿ ཆོས་ཀྱི་རྒྱལ་པོའི་སྐུ་གསུང་ཐུགསཿ དམྱལ་བ་འདུལ་བའི་སྲོག་སྙིང་ཧཱུཾ༔ ཧཱུཾ་ཟུང་དམྱལ་བའི་འགྲོ་བ་འདུལ༔ དམྱལ་བའི་འཁོར་བ་སྟོངས་པར་ཤོགཿ ཧྲཱི༔ ཐུགས་རྗེ་ཚེའི་སྐུ་གསུང་ཐུགས༔ བདེ་གཤེགས་འདུས་པའི་སྲོག་སྙིང་ཧྲཱིཿ ཧྲཱིཿཟུང་འཁོར་བ་དངོ་ནས་སྤྲུགཿ རྒྱུ་དྲུག་འཁོར་བ་སྟོང་པར་ཤོགཿ དེ་དག་གི་འཚམས་འཚམས་སུ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སརྦ་ཏ་ཏཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུཾ་ཧྲཱིཿ ཞེས་བརྗོད་ཅིང་དབང་བསྐུར་རོ། །དེ་ནས་དབང་གི་ཡོན་ཏན་བརྗོད་པ་ནི། །ཨེ་མ་ཧོཿ ལེགས་འོང་བུ་ཁྱོད་སྐལ་པ་བཟང་༔ དེ་ལྟར་དབང་རྫོགས་སྤྱན་རས་གཟིགསཿ ཁྱོད་ཡིན་སངས་རྒྱས་སྐུ་གསུང་ཐུགས་ཡོན་འཆངཿ མཁའ་མཉམས་འགོར་དོན་དང་སྤྱོད་ཅིགཿ དུས་གསུམ་བདེ་གཤེགས་སྐུ་གསུང་ཐུགསཿ ཡོན་ཏན་འཕྱིས་མ་ལུས་ཀུནཿ ཡིག་བདུན་དབང་ལ་ཡང་དག་རྫོགསཿ དབང་ཐོབ་ཡོན་ཏན་མཐའ་གཡས་ཏེཿ རྣམས་ཀུན་མཁྱེན་པའི་སངས་རྒྱས་ཀྱིཿ སྟོང་གསུམ་འཇིག་བརྟེན་ཁམས་འདི་དགཿ ཏིལ་འབུར་བསིལ་ནས་བགྲང་ཡང་འཛདཿ དབང་ཐོབ་ཡོན་ཏན་འཛད་མ་ཤེསཿ འཇིག་བརྟེན་སེམས་ཅན་སྲོལ་བཏོན་ཏེཿ བསོད་ནམས་འཕགས་པས་བགྲངས་ནུས་ཀྱིཿ ཡིག་བདུན་ལན་གཅིག་བརྗོད་པ་ཡིས༔ ཡོན་ཏན་བརྗོད་པར་ག་ལ་ནུསཿ ཁམས་སུ་སེམས་ཅན་ཐམས་ཅད་ཀུནཿ སངས་རྒྱས་པར་བཀོད་ཡོན་ཏན་རྣམསཿ བགྲངས་བར་ནུས་ཀྱི་ཡིག་བདུན་པཿ གཅིག་བརྗོད་ཡོན་ཏན་བགྲང་མི་ནུས༔ རྒྱ་བ་ནམ་མཁའ་གང་བ་ལཿ མཆོད་པ་ཕུལ་བའི་བསྒོམས་ཚོགསཿ བགྲང་བར་ནུས་ཀྱི་ཡིག་བདུན་པ༔ གཅིག་བརྗོད་བགྲང་མི་ནུསཿ རྒྱ་བ་ནམ་མཁའ་གང་བ་ལཿ མཆདོ་པ་ཕུལ་བའི་བསོད་ནསམ་ཚོགསཿ བགྲང་བར་ནུས་ཀྱི་ཡིག་བདུན་པཿ གཅིག་བརྗོད་ཡོན་ཏན་བགྲངས་མི་ནུསཿ རྒྱ་བ་ནམ་མཁའ་གང་བ་ལཿ མཆོད་པ་ཕུལ་བའི་བསོམས་ཚོགསཿ བགྲང་བར་ནུས་ཀྱི་ཡགི་བདུན་པ༔ གཅིག་བརྗོད་ཡོན་ཏན་བགྲངས་མི་ནུསཿ ཡིག་བདུན་དབང་ཐོབ་འཛིན་བཟླས་མིཿ ལས་དང་ལས་ཀྱི་རྣམ་སྨིན་རུང་ཿ མི་དགེ་བཅུ་དང་མཚམས་མེད་ལྔཿ དུས་འདི་ཉིད་དུ་བྱང་བར་བྱཿ ཡང་སྙིང་ཡིད་ལ་སུས་བྱེད་ཚདཿ ཐུགས་རྗེ་ཆེན་པོ་དེ་ཡིན་ཕྱིརཿ བར་ཆད་བགེགས་ཞིང་འགྲོ་བ་འདུལ་སྣད་སྲིད་འཁོར་འདས་དབང་དུ་གྱུརཿ ཡང་སྙིང་མཐོང་ཐོས་དྲ་རེག་ཏུང་ཿ བསྒོམ་བཟླས་བྲིས་འཆང་སྟོན་པ་རྣམསཿ ཡོན་ཏན་ལྡན་ཞིང་གར་སྐྱེས་ཀྱང་སྤྱན་རས་གཟིགས་དང་འབྲས་མི་སྲིད༔ ཅེས་པས་ངེས་ཤེས་བསྐྱེད་པར་བྱ་བོ། །དེ་ནས་གཏོར་མ་ཐོགས། །གཏོར་མ་འདི་ཉིད་ཡེ་ཤེས་ཀྱི་འོད་ལྔ་འཁྲིག་པའི་གཞལ་གཡས་གི་ནང་དུ། འཕགས་པའི་ལྷ་ཚོགས་བཞུགས་པ་རྣམས་ཀྱི་སྐུའི་གནས་ལྔ་ནས་ཡེ་ཤེས་ཀྱི་འོད་ཟེར་སྣ་ལྔ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་གནས་ལྔར་ཐིམ་པས་དུག་ལྔ། དུག་གསུམ་ལས་དང་ཉོན་མོངས་ཤེས་བྱའི་སྒྲིབ་པ་དང་བཅས་བྱང་ཞིང་དག་ནས། སྐུ་གསུང་ཡོན་ཏན་འཕྲིན་ལས་ཀྱི་དབང་དང་བྱིན་རླབས་ཡོངས་རྫོགས་སུ་ཐོབ་པའི་མོས་པ་མཛད་པར་ཞུ། །ཧྲཱི༔ ཆོས་སྐུ་སྐྱེ་བ་མེད་པ་ལསཿ ལོ་སྐུ་རྒྱལ་བའི་ལྷ་ཚོགས་ཤརཿ ཐུགས་རྗེ་སྤྲུལ་སྐུ་བླ་ན་མེདཿ གཏོར་མ་སྐུ་གསུམ་ཡོད་པ་རྫོགས་ཀྱིཿ སྐལ་ལྡན་དབང་བཞི་ཡོངས་རྫོགས་ཏེཿ འབྲུས་སྐུ་བཞི་མཆོག་ཐོབ་ཤོག༔ ཨཱོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི༔ ཀ་ཡ་ཝཀྐཱ་ཙིརྟ་སརྦ་ཨ་བྷི་ཥིཉྩ་ཧཱུཾ༔ ཞེས་བསྐུར་ཞིང་གཏོར་མ་དགོས་གྲུབ་དུ་བཀྱེལ་ཞིང་ཤིང་བརྗོད་རྣམས་བྱའོ། །དེ་ལྟར་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་ཞུགས་ཤིང་དབང་བསྐུར་ཟབ་མོ་ཐོབ་པའི་དམ་ཚིག་ཏུ་སྤྱིར་འགྲོ་བ་སེམས་ཅན་ཐམས་ཅད་གནོད་འཚེ་སྤངས་ཤིང་ཕན་པ་ཅི་ནུས་སུ་བསྒྲུབ། །དངོས་སུ་རྡོ་རྗེ་སློབ་དཔོན་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་དང་། མཆོད་ལྕམ་ལ་དཀྱིལ་འཁོར་ལྷའི་འདུས་ཞེས་རྟག་ཏུ་བྱ། ཁྱད་པར་སྐུ་ཡི་དམ་ཚིག་ཏུ་ལུས་ཀྱི་སྣོད་ནས་མི་དགེ་བ་མཐའ་དག་སྤངས་ཤིང་ཕྱག་མཆོད་བསྐོར་བ་སོགས་ལ་འབད་པ་དང་། ཐུགས་རྗེ་ཆེན་པོའི་བསྐྱེད་རིམ་བསྒོམ། གསུང་གི་དམ་ཚིག་ཏུ་ངག་གི་ཉེས་པ་སྤངས་ནས་ཁ་ཐོན་ཆོས་སྤྱོད་དང་ཡིག་དྲུག་འབུགས། ཐུགས་ཀྱི་དམ་ཚིག་ཡིད་ཀྱི་མི་དགེ་བ་མཐའ་དག་སྤངས་ཏེ། དག་སྣང་སྦྱངས་ཞིང་སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཉམ་ལེན་ལ་བརྩོན་པར་བྱ་བ་སྟེ། གསང་ཤགས་ཀྱི་དམ་ཚིག་ས་མ་ཡ་འབུམ་སྡེ་གསུངས་ཀྱང་རྩ་བ་འདི་དག་ཏུ་འདུས་པས་ན། །བླངས་དོར་ཚུལ་བཞིན་འབད་པའི་རང་གཞན་དོན་གཉིས་འགྲུབ་པར་མཛད་འཚལ། དེ་ནས་འདིའི་རྗེས་ཟློས་མཛོད། །གཙོ་བའི་ཇི་ལྟར་སོགས་གཏང་རག་མཎྜལ་སོགས་དང་རྗེས་ཆོ་ག་བྱ་བ་རྣམས་སྤྱི་ལྟར་བྱའོ། །དེ་ལྟར་ཐུགས་རྗེ་ཆེན་པོ་ཡངས་སྟིང་འདུས་པའི་དབང་བསྐུར་འདི་ནི་མ་གྲུབ་སྣ་ཚོགས་རང་གྲོལ་གྱིས་བསྒྲིགས་ཚིག་སོར་བུ་ཞག་ལ་ཅུང་ཟད་བསྐུས་ཏེ་གསལ་ཕར་བཀོད་པ་ཡིན་ནོ། ༈ །ཡང་ཀྲ་མོ་དབང་ཟུང་བྱེད་དགོས་ཚིག་གཞན་རྣམས་བཞག་ནས་ཁྲུས་ཀྱང་བ་ལེགས་བསྒྱུར་འཁོར་བརྒོམ་ཞིག་ཚིགས་བཤད་༈༈༈༈༈༤༢༠སྐབས་སེམས་ཡེ་ཤེས་དབབ་པ་རྣམས་གང་སུམ་དབང་འགྲོ་འདུལ་གང་འབྲུའི་དབང་དང་གཏོར་དབང་རྣམས་བྱས་ཟང་རུང་བླ་སྐབས་དང་བསྐུར་ཤེས་པར་དགེའོ། །དགེའོ། །


previousརྫོགས་ཆེན་པ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་རང་གི་མངོན་རྟོགས་དྲང་པོར་སྨྲས་པ།next