Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
   
   
རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི་སྒྲུབ་ཐབས་འདོན་འགྲིགས་བུ་བཀོད་པ་མཁྱེན་བརྩེའི་ཞལ་ངོམ།
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི་སྒྲུབ་ཐབས་འདོན་འགྲིགས་བུ་བཀོད་པ་མཁྱེན་བརྩེའི་ཞལ་ངོམ།next

རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི་སྒྲུབ་ཐབས་འདོན་འགྲིགས་བུ་བཀོད་པ་མཁྱེན་བརྩེའི་ཞལ་ངོམ།

རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི་སྒྲུབ་ཐབས་འདོན་འགྲིགས་བུ་བཀོད་པ་མཁྱེན་བརྩེའི་ཞལ་ངོམ་ཞེས་བྱ་བ་བཞུགས། །རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི་སྒྲུབ་ཐབས་འདོན་འགྲིགས་སུ་བཀོད་པ་མཁྱེན་བརྩེའི་ཟལ་ངོམ་ཞེས་བྱ་བ། བླ་མ་སྐུ་ལྔའི་བདག་ཉིད་ལ་ཕྱག་འཚལ་ལོ། །ངོ་བོ་ཆོས་དབྱིངས་སྤྲོས་བྲ་ལ། །རང་བཞིན་ལྷུབ་ལོངས་སྤྱོད་རྫོགས། །སྤྲུལ་པས་འགྲོ་དོན་སམ་ལས་འདས། །སྐུ་གསུམ་རྒྱལ་བའི་ཚོགས་ལ་འདུད། །ཐིག་དགུའི་ཡང་རྩེ་ཨ་རི་ཡོད་བཀའི་བསྟན་པའི་མངའ་བདན་སྲོན་པ་བཅུ་གཉིས་ཞེས། །གྲགས་པའི་དབྱང་རྔ་སྲིད་འདིར་ལྡིར་ཡང་ནམས་ལེན་ཆོ་ནད་རྒྱ་མཚོའི་ནོར་བུའི་ལ། །འཇིངས་སུ་བཀབ་ཀྱང་སྐལ་བཟང་མཉན་པ་གང་གི་དད་པའི་གྲུ་གཟིངས་ལེགས་སྤྱོ་ཚེ། །སྔོན་ཆད་དབིན་པའི་མཁྱེན་བརྩེའི་འཛུམ་ཞལ་གསར་ངོམ་ཡིད་བཞིན་དབང་སོ་བླང་བྱའི་ཕུལ། །དེ་ལ་སྦྱོར་དངོས་རྗེས་གསུམ་གྱིས། །དང་པོ་གནས་དུས་ཡོ་བྱད་སོགས། །རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི་སྒྲུབ་ཐབས་འདོན་འགྲིགས་སུ་བཀོད་པ་མཁྱེན་བརྩེའི་ཞལ་ངོམ་ཞཻས་བྱ་བ། བླ་མ་སྐུ་ལྔའི་བདག་ཉིད་ལ་ཕྱག་འཚལ་ལོ། །ངོ་བོ་ཆོས་དབྱིངས་སྲོས་བྲ་ལ། །རང་བཞིན་ལྷུན་གྲུབ་ལོངས་སྤྱོད་རྫོགས། །སྤྲུལ་པས་འགྲོ་དོན་བསམ་ལས་འདས། །སྐུ་གསུམ་རྒྱལ་བའི་ཚོགས་ལ་འདུད། །ཐིག་དགུའི་ཡ་རྩེ་ཨ་རི་ཡོ་བཀའི་བསྟན་པའི་མངའ་བདག་སྟོན་ས་བཅུ་གཉིས་ཞེས། །གྲགས་པའི་དབྱར་རྔ་སྲི་འདིར་ལྡིར་ཡང་ཉམས་ལེན་ཆོ་ནད་རྒྱ་མཚོའི་ནོར་བུའི་ཟླ། །འཇིངས་སུ་གབ་ཀྱང་སྐལ་བཟང་མཉན་པ་གང་གི་དད་པའི་གྲུ་གཟིངས་ལེགས་སྤྱོ་ཚེ། །སྔོན་ཚེ་དབིན་པའི་མཁྱེན་བརྩེའི་འཛུམ་ཞལ་གསར་ངོམ་ཡིད་བཞིན་དབང་སོ་བླང་བྱའི་ཕུལ། །དེ་ལ་སྦྱོར་དངསོ་རྗེས་གསུམ་གྱིས། །དང་པོ་གནས་དུས་ཡོ་བྱད་སོགས། །སྤྱིར་བཏང་རྣལ་འབྱོར་བློ་དང་བསྟུན། །བྱེ་བྲག་རྡུལ་ཚོན་རས་བྲིས་སམ། །བསྡུ་ན་འབྲུ་ཚོམ་ལྷ་གྲངས་བཀོད། དེ་ཡང་མཎྜལ་རིན་ཆད་པས་དཔག རྟེ་གསུམ་སྤྱི་དང་ཁྱད་པར་དུ། །ཞི་ཀྲོ་དང་ནི་གཞུང་འདིས་ལྷ། །བཤམས་ཤིང་སྤྱི་གསོ་མཆོད་ཚོགས་ལྟར། །དེ་ཡང་མཆོད་གཏོར་ནོད་གཙང་མར། །བང་རིན་སུམ་བརྩེགས་གདན་སྲེང་དུ། །གཏོར་སྐྲུམ་རྒྱན་ལྡན་འཁོར་བཅུ་གཉིས། །སྐྱུ་གུ་གྲངས་ངེས་མེད་པས་བསྐོར། །ཕྱི་ནང་མཆོད་པ་ཚངས་བར་བསམས། །ཆོ་ག་ལ་ཡང་འདི་ལྟ་ཕྲེ། །དང་པོ་ཞེན་ལོག་ངེས་འབྱུང་དག སྐྱེ་ཤས་བསྐྱེད་པའི་གསོལ་འདེབས་ནི། མཁྱེན༷་རབ་ཐུགས་བརྩེ༷འི་དཔལ་འཛིན་འཇམ་དཔལ་དབྱངས། །འགྲོ་འདུལ་ཕྲིན་སལ་འོད༷་ཟེ༷ར་སྤྱན་རས་གཟིགས། །འཁོར་འདས་གནས་ལ་འཇི༷གས་མེ༷ད་གསང་བའི་བདག། །གསང་སྔགས་གླིང༷་པ༷་མཆོག་དེ་དུས་འདིར་དྲན༑ ཆོས་སྐུའི་མཁའ་ལ་ལོངས་སྐུའི་འོད་སྟོང་ལ། །སྤྲུལ་སྐུ་གང་ལ་གང་འདུལ་ཆུ་སྣང་ཟླ། །སྐུ་གསུམ་སྤྱི་གཟུགས་སྡོ་གསུམ་ཀློང་དགུའི་བདག །རྫོགས་ཆེན་སྟོན་པ་བཅུ་གཉིས་སྙིགས་ནས་བསྟོད། །བསླུ་མེད་སྐྱབས་མཆོག་རྩ་གསུམ་ངོ་བོ་ཉིད། །དྲིན་ཆེན་རྩ་བ་བརྒྱུད་པའི་བླ་མའི་ཚོགས། །གསོལ་འདེབས་ང་རོས་འབོད་པ་གསན་ལགས་སམ། །བརྩེ་ཆེན་ཐུགས་རྗེས་གཟིགས་སྐྱབས་མགོན་ཚོགས། །སྔོན་བསགས་མཐུ་ཡིས་རྙེད་དཀའི་རྟེན་ཐོབ་ཀྱང་། །བག་ཆགས་དབང་གིས་འདིར་སྣང་འཁྲུལ་པས་བསླུས། །དོན་མེད་ཆགས་སྡང་དབང་དུ་མི་ཚེ་ཐལ། །འཆི་བ་དྲན་པར་མདོད་དང་སྐྱབས་མགོན་ཚོགས། །དེ་ཤོན་ཚེ་འདིའི་རྟེན་འབྲེལ་ཕལ་ཆེར་རྫོགས། །ད་ན་ིནམ་འཆི་མེད་ལྦོ་གཏད་བྲ། །ཤི་ཚེ་མི་དགེ་སྤྱོད་ལ་འགྱོད་ཀྱང་ཕྱིས། །འཆི་བ་དྲན་པར་མཛོད་དང་སྐྱབས་མགོན་ཆོགས། །དགེ་སྡིག་རྒྱུ་ལས་བདེ་སྡུག་སྨིན་ངེས་ཀྱི། །ཆོས་མང་ཐོས་ཀྱང་བླང་དོར་མི་ནུས་པའི། །སེར་གཟུགས་ཆོས་དྲོད་ལོག་ལྟའི་དབང་གྱུར་ཚོགས། །བློ་སྣ་ཆོས་ལ་བསྒྱུ་དང་སྐྱབས་མགོན་ཚོགས། །འདི་བྱིའི་ཕན་བདེ་སྒྲུབ་དུས་སྙིང་སྟོབས་དམན། །དགྲ་འདུལ་གཉན་སྐྱོང་ལས་ལ་བཟོད་སྲན་ཆོ། །ནོར་རྫས་རྙེད་ཚོལ་སྒྲུབ་ལ་ངེ་རིང་སོ། །དོན་མེད་མགོ་འཁོར་རྣམས་ལ་ཐུགས་རྗེ་གཟིགས། །བླ་མས་བསླབ་པའི་བླང་དོར་གོ་ཡུལ་ལུས། །ཆོས་བརྒྱད་མཁན་པོའི་སྲོལ་ལ་པིད་སྨོན་བྱེད། །གཡོ་ཁྲོམ་སྒྱུ་ཡིས་མི་ཙེ་ཕུལ་བྱེད་པའི། །ལས་ངན་བཟང་རློམ་ཅན་ལ་ཐུགས་རྗེས་གཟིགས། །དྲིན་ཅན་བླ་མར་སྙིང་རྒྱུ་བཀའ་གཅིག་ཅིང་། །སྡེ་དཔོན་མི་ཆེན་ངོ་བསྲུང་བརྩེ་གདུང་ཆེ། །ཕན་གནོད་གོ་དོན་འཛོལ་བའི་བླུན་རྨོངས་ཚོགས། །སྐྱབས་གནས་གཞན་གྱི་བསླུས་ཚེ་ཐུགས་རྗེ་གཟིགས། །ཉིན་གཅིག་གེ་ལ་བརྩོན་ན་ཚར་ལ་རིགས། །དོན་མེད་བྱ་བར་གཡེང་ཚེ་ལོ་ཟླར་བརྩོན། །མི་ལུས་ཆུད་ཟས་བྱེད་པའི་སྙིང་མོད་པོ། །འཕྲལ་བུལ་གོས་དོན་ནོར་ལ་ཐུགས་རྗེས་གཟིགས། །རྣམ་ཀར་གོ་ལ་བརྩོན་དུས་ནོར་ཟས་འཕང་། །གཞན་གནོད་ཇག་ཆོམ་བྱེད་དུས་ལུས་སྲོག་གཏོང་། །མཁས་བླུན་བསམ་སྤྱོད་ལོག་པའི་འཁྲུལ་ཚབ་ཅན། །བློ་ནོར་གོལ་ཤོས་ཅན་ལ་ཐུགས་རྗེ་གཟིགས། །ལས་སུ་མི་དགེ་བཅུ་ལ་བརྩོན་བཞིན་དུ། །ཐར་ལམ་ཐོབ་ཏུ་རེ་བའི་ཤོས་མོད་སོ། །སྡུག་བསྔལ་རྦ་ཀློང་འཁྲུགས་པའི་རྒྱ་མཚོ་རུ་དབང་མེད་བྱིགས་པར་ཡུར་ལ་ཐུགས་རྗེ་གཟིགས། །རྣམ་མཁྱེན་ས་བོན་ལྷག་བསམ་རྒྱབ་ཏུ་དོར། །མངོན་མཐོའི་ས་བོན་མཆོད་སྦྱིན་འཛུངས་པས་བཀག །ངན་འགྲོའི་ས་བོན་ཆགས་སྡང་རྨོངས་གསུམ་སྤོས། །ལས་འབྲས་འཛོལ་མེད་མྱོགས་ཚེ་ཐུགས་རྗེ་གཟིགས། །འཁོར་བའི་རྒྱ་ཚད་བསམ་གྱི་མི་ཁྱབ་པའི། །གང་ལས་ངན་ཅི་ལེན་མི་ཤེས་ཀྱང། །ད་དུང་ཚེ་འདིའི་ཕུན་ཚོགས་དོན་གཉེར་བའི། །རྟག་འཛིན་ཞེན་པས་བཅིངས་ལ་ཐུགས་རྗེ་གཟིགས། །རང་གཞན་མཛའ་གྲོགས་ཟས་ནོར་འཁོར་འབངས་ཆོད། །སྡིག་སྡུག་ངལ་དུབ་བསགས་བསྲུང་ཅི་བྱས་ཀྱང་། །ནམ་ཞིག་ཕྱི་མའི་ལམ་ངག་འགྲོ་ངེས་དུས། །ཕན་མོད་གནོད་པར་གྱུར་ལ་ཐུགས་རྗེ་གཟིགས། །རྨི་ལམ་སྡབས་ལྟའི་ལུས་སྲོག་ལང་ཚོ་སོགས། །མྱུར་དུ་འཇིགས་པར་ཤོས་ཀྱང་མི་སྐྲ་གཡར། །ཚེ་འདིར་ཡུན་རིང་སྡོད་རློམ་བློ་རྒྱ་ཅན། །འཆི་བ་ཐོག་བབ་བྱུགས་ཚེ་ཐུགས་རྗེ་གཟིགས། །འདིར་སྣང་ཚོགས་དུག་བག་ཆགས་ཀུན་གཞིར་ཐིམ། བཟོད་མེད་འཆི་བདག་གཤེད་མས་བརྩོན་བཞིན་ཁྲི། །ཅི་བྱ་གཏོལ་མེད་མགོན་སྐྱབས་བྲལ་བའི་ཚོགས། །དྲིན་ཆེན་བླ་མའི་ཚོགས་ཀྱིས་ཐུགས་རྗེ་གཟིགས། །སྔོན་ཚེ་ཉོན་ལོངས་རྒྱུས་བསྲུན་སྡང་བྱེད་དགྲ། །འཕྲལ་རྐྱེན་བསམ་སྦྱོར་ངན་པས་རབ་བསླང་ནས། ཕན་ཚུན་འཚོ་བས་བསྟུངས་པའི་ལས་འབྲས་ཀྱིས། །དམྱལ་བའི་སྡུག་བསྔལ་མྱོང་ཚེ་ཐུགས་རྗེ་གཟིགས། །བདག་མེད་མ་རྟོག་དྲག་འཛིན་ལས་ཞེས་མཐུས་ལུས་ལོངས་སྤྱོད་བདག་པོ་དགུར་འཛུངས་པའི་བློས། །མཆོད་སྦྱིན་རྒྱང་བསྲིགས་གཞན་ལུས་ལོངས་སྤྱོད་པས། །ཡི་དྭགས་སྡུག་བསྔལ་མྱོང་ཚེ་ཐུགས་རྗེ་གཟིགས། །དགེ་སྒྲུབ་སྡིག་སྤོང་དད་དམ་སྙིང་རྗེ་སོགས། །བླང་དོར་མི་ཤེས་ལུག་ཟུང་ཤེས་བྱར་རྨོངས། །འདི་ཕྱིའི་ལེགས་ལམ་མི་གཉེར་བླུན་སྒོམ་བྱེད་གྲུན་པ་ཆོས་པར་ལོམ་ལ་ཐུགས་རྗེ་གཟིགས། །གཞན་དག་སྔོན་བསགས་མཐུ་ལས་རིགས་གཟུགས་དང་། །སྡོབས་འབྱོར་ལོངས་སྤྱོད་འཁོར་འབངས་སྙན་གྲགས་སོགས་བདེ་སྐྱིད་ཕུན་ཚོགས་གསན་ལ་ཕྲག་དོག་པས། འཐབ་རྩོད་སྡུལ་མྱོང་ཚེ་ཐུགས་རྗེ་གཟིགས། །དུས་ཀུན་བརྒྱད་ཁྲི་བཞི་སྟོང་ཉོན་མོངས་འཐིབས། །སྤངས་གཉེན་བསྒྱུ་སོགས་དྲན་ཤེས་སྟོབས་རྩལ་མན། །ཡང་དག་ལམ་དུ་མི་ཚུད་སྐྱོན་ལྡན་ལ། །དུས་གསུམ་རྒྱུན་ཆད་མདོར་ཐུགས་རྗེ་གཟིགས། །སྡིག་སྡུག་དྲིན་གྱིས་བསྐྱངས་པའི་ལྟོས་བཅས་ཀྱིས། །འཆི་ཚེ་གནོད་པས་ལས་ངན་ཕན་ཐོག་དཀའ། །དེ་ཕྱིར་རྩ་རྒྱུད་བླ་མའི་ཚོགས་བཅས་ཀྱིས། །རྒྱུན་ཆད་མདོར་རྟག་ཏུ་ཐུགས་རྗེ་གཟིགས། །ཚེ་འདིར་སྡིག་པ་བག་མེད་བྱས་རྣམས་ཀྱང་། །ཁ་ཞེ་མདེར་མཆོག་གསུམ་སྐྱབས་གཟུང་ནས། །འཁོར་བའི་འཇིགས་ལས་སྐྱོབ་ཞེས་དམ་བཅས་པའི། །ཞལ་བཞེས་ཡལ་བར་མ་དོར་ཐུགས་རྗེ་གཟིགས། །བསླུ་མེད་སྐྱབས་མགོན་དྲན་ནོ་ཐུགས་རྗེས་གཟིགས། །སྒོ་གསུམ་གུས་པས་འདུད་དོ་ཐུགས་རྗེ་གཟིགས། །སྙིང་ནས་འདོད་དོ་འབོད་དོ་ཐུགས་རྗེ་གཟིགས། །རེ་ས་གཞན་ན་མེད་དོ་ཐུགས་རྗེ་གཟིགས། །ཀྱེ་མ་ཀྱེ་ཧུ་སྐྱབས་གནས་མས་རྣམས། །སྡོམ་གསུམ་གནང་བཀག་མི་ཤེས་སོར་གཟུགས་དང་། །དབང་ཡོད་སྡིག་ལ་རྔམས་པའི་སྡེ་དཔོན་རིགས། །འཆི་བ་ཡིད་ལ་མི་དྲ་མཆོག་དམན་ཕལ། །ཐུགས་རྗེ་འཇུག་པའི་ཡུལ་དང་བྲ་མོད་ཀྱང་། །ཀྱེ་མ་ཀྱེ་ཧུད་རེ་ཡུལ་གཞན་མེད་པས། །སྡུག་བསྔལ་རྒྱུ་ལ་སྤྱོད་རྣམས་དགེ་ལ་བསྒྱུར་བཟོད་མོད་ལས་འབྲས་མྱོང་རྣསམ་ཐུགས་རྗེས་སྐྱབས་སོ། །གཞན་རྣམས་ཆོས་ཀྱིས་འདུལ་བ་ཆོས་ཉིད་ཀྱང་། ཆོས་དྲོད་ཆོས་ཀྱི་འདུལ་དཀར་པོར་གཟུགས་ཕལ། །ཆུ་དང་ཆུ་རྡོ་བཞིན་དུ་རྒྱབ་འགལ་ཞིང་དང་། ཐོས་བསམ་ལོག་རཔ་ཕྱོགས་རྣམས་ཐུགས་རྗེ་སྐྱོབས། །མདོར་ན་ཚེ་འདིའི་ལས་དང་མཁས་གྱུར་རྣམས། །ཕྱི་མ་གལ་ཆུང་བྱེད་པའི་བདག་སོགས་འགོར། །མྱུར་དུ་སྐྱོ་ཤས་ངེས་འབྱུང་དྲག་པོ་ཡསི། །ཡང་དག་ལམ་དུ་འཇུག་པར་བྱིན་གྱི་རློབས། །ཞེས་སྙིང་ཁུང་རྒྱུས་པའི་གཏི་བས་གསོལ་གདབ་སོ། །གཉིས་པ་སྐྱབས་སུ་འགྲོ་བ་ནི། །མཆོག་གསུམ་རྩ་གསུམ་ཞི་དང་ཁྲོ༔ མ་ཧ་སིབྷྲི་སྲོན་མཆོག་སྙམས། །མདུན་མཁར་གསལ་བར་རབ་དང་གསུམ་བློས། ཕ་མའི་རང་བཞིན་སྲིད་པའི་འགྲོ། །མཆོག་གསུམ་རྩ་གསུམ་སྐུ་གསུམ་ལྷ། །སྟོན་མཆོག་བཅུ་གཉིས་དཀྱིལ་འཁོར་ལ། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། །ལན་གསུམ། །གསུམ་པ་སེམས་བསྐྱེ་ནི། །ཆོས་རྣམས་སྟོང་ཞིང་བདག་མེད་དོན། །མ་རྟོགས་འགོར་རྣམས་སངས་རྒྱས་ཀྱི། །གོ་འཕགས་མཆོག་ལ་འགོད་བྱའི་ཕྱི། །བདག་གིས་རྒྱལ་བའི་དཀྱིལ་འཁོར་བསྒོམ། །ལན་གསུམ་བཞི་བ་ཚད་མེད་བཞི། སེམས་ཅན་བདེ་ལྷན་སྡུག་བསྔལ་བྲལ། །དགའ་བདེར་མི་འབྲལ་ཆགས་སྡང་སྙོམ། །སྨོན་དང་འཛུག་པའི་བྱང་ཆུབ་སེམས། །ནམ་ཡང་མི་གཏོགས་བཟུང་བར་བགྱི། །ལན་གསུམ་ལགས་པ་རྒྱུན་བཤགས་ནི། གུས་པས་ཕྱག་འཚལ་མཆོད་ཚོགས་འབུལ། །སྒོ་གསུམ་ཉམས་བཤགས་གོ་ལ་རགས། །འགོར་ལ་ཆོས་སྟོན་བརྟ་བཞུགས་གསོལ། །དུས་གསུམ་གོ་ཚོགས་འགོར་ལ་བསོ། །ལན་གསུམ་བརྡ་རྗེས་ཚོགས་ཞིང་ལྷ། །འོད་ཕུང་རྣམས་སར་བདག་ལ་ཐིམ། །དྲུག་པ་བགེགས་གཏོར་བྱིན་བླ་མ་བསྔོ། །ཨ་ཀ་རོ་ཡིས་སྔགས་བརྗོད་མཐར། །ཧཱུཾ་ང་ནི་པདྨ་དབང་གི་རྒྱལ། །གནོད་བྱེད་བགེགས་རིགས་འབྱུང་པོའི་ཚོགས། །འདི་རུ་མ་འདུག་གཞན་དུ་དངོས། བཀའ་ལས་འདས་ན་བརླག་པར་འགྱུར། །ཧཱུྃ་བཞིའི་སྔགས་དང་དྲག་སྔགས་བརྗོད། །བདུན་པ་བསྲུང་བའི་གུར་ཁང་ནི། ཧཱུཾ་རིགས་ལྔའི་ཕྱག་མཚན་འོད་ལྔའི་མེས། །སྟོང་འོག་ཕྱོགས་མཚམས་ཀུན་གཏམ་པས། །དུས་ལྔ་ལས་བྱུང་བགེགས་རིགས་ཀྱིས། །གཞོམ་མེད་ལྷུན་གྲུབ་དུ་གྱུར། །ཨོཾ་བུདྷ་བཛྲ་རརྞ་ཀརྨ་དྭ་ལ་རམ་རཀྵ་རཀྵ་སྭ་ཧཱ། བརྒྱ་པ་དངོས་གྲུབ་བྱིན་འབོབ་ནི། ཧཱུྃ་མཁའ་དང་འཇའ་ཚོན་ཉི་ཟླ་དང་། ནོར་བུ་ཇི་བཞིན་རྟོག་བྲལ་ཡང་། །གདུལ་བྱའི་འགྲོ་ལ་རྩ་གསུམ་ལྷའི། །མཁྱེན་བརྩེ་ནུས་པའི་བྱིན་ཆེན་ཕོབ། །བཛྲ་ས་མ་ཡ་ཨ་ཝེར་ཤ་པ་བེཾ་བེཾ་ཛ་ཛཿ དགུ་ས་མཆོད་པ་བྱིན་བརླབ་ནི། ཨོཾ་ཨཱཿ་ཧཱུཾ། དངོས་བཤམས་ཕྱིང་གསང་མཆོད་རྫས། །ཡདི་ཡུལ་ཀུན་བཞང་ལ་ཆོད་པའི་སྤྲིན། །འཛད་མེད་ནམ་མཁའ་མཛོད་ཀྱི་གཏེར། །བསམ་ཡས་ལྷུན་གྲུབ་ལོངས་སྤྱོད་གྱུར། །སརྦ་པུཙྪ་ས་མ་ཡ་ཧེ༔ དེ་ཡན་སྔོན་འགྲོའམ་རིམ་པའོ། །དངོས་གཞི་དང་པོ་ཏིང་འཛིན་གསུམ། །གཞི་དབྱིངས་བློ་འདས་དེ་བཞིན་ཉིད། །ལྷུན་གྲུབ་སྙིང་རྗེའི་རང་རྩ་གདངས། །དཀྱིལ་འཁོར་ཆེན་པོར་ལྷུན་རྫོགས་པའི། །ཕྲེང་སྒོ་གྲུ་རྟ་བབ་དང་། །གདུགས་ཏོག་ཆོས་འཁོར་རི་དྭགས་བཅས། །རྩིགས་པ་འདོད་སྣམ་ཕ་གུ་དང་། དྲྭ་བ་དྲ་ཕྱེད་ཕྱིངས་འཁྱམས། །ཀ་གདུང་ཕྱི་དང་དྲ་ཟིལ་སོགས། །གཞལ་ཡས་རྒྱན་བཀོད་དཔལ་ཡོན་རྫོགས། །ཐ་མལ་འདས་འོག་མིན་ཞིང་གཉིས་པ་ལྷ་བསྐྱེད་རིམ་པ་ནི། དེ་ནང་བུས་དང་ཕོགས་བཞི་རུ། །སེང་གེ་གླང་ཆེན་རྟ་མཆོག་དང་། །རྨ་བྱ་ཤང་ཤང་ཁྲི་སྟོང་དུ། །པདྨ་དང་ནི་ཟླ་གདན་ལ། །དབུས་སུ་རྣམ་པར་སྣང་མཛད་དཀར། །ཞལ་བཞི་ལུས་དཀར་གཡས་ཞལ་སེར། །གཡོན་དམར་རྒྱབ་ཞལ་ལྗང་པའོ། །མཉམ་དག་ཕྱག་རྒྱས་འཁོར་ལོ་བསྣམས་ཞབས་གཉིས་སྐྱིལ་མེ་ཀྲུང་གིས་བཞུགས། །ཕྱོགས་བཞིར་རྒ་བ་རིག་པ་བཞི་པོ། །གཡས་རྣམས་རྡོ་རྗེ་རིན་པོ་ཆེ། །པདྨ་རྒྱ་གྲམ་ཡུ་བཙན། །རྡོ་རྗེ་དང་ནི་གཡོན་དྲིལ་ཀུབ། །ཡུམ་ལྔས་འཁྲིལ་ཞིང་གཡས་རྣམས་ཀྱི། །གྲི་གུགས་དང་ནི་ཐོད་པ་འཛིན། །ཡབ་རྣམས་རྡོ་རྗེ་སྐྱིལ་ཀྲུང་ཅན། །རརྣའི་དབུ་རྒྱན་མགུལ་ཅན་དང་། །ཕྱག་ཞབས་གདུབ་བུས་ལེགས་པར་མཛེས། །ལོངས་སྐུའི་དཔལ་ཡོན་རྫོགས་པའི། །ཡུམ་རྣམས་ཡབ་བཞིན་ཆབ་གོས་སོགས། །རང་རང་ལོངས་སྤྱོད་ཕུན་སུམ་ཚོགས། །དེའི་ཕྱིའི་ཕྱོགས་བཞིའི་པརྨ་འདབ་བཞིིའི་ཤར། །ཁྱེའུ་སྣགས་བ་བསམ་གྱིས་མི་ཁྱབ་དཀར། ལྷོ་རུ་ཀེའུ་འདོ་མི་འཁྲུགས་པ་སེར། །ནུབ་ཏུ་འཇིགས་པ་སྐྱོབས་པའི་ཡདི་དམར་སོ། །བྱང་དུ་གཞོན་ནུ་རྣམ་པ་རོལ་པ་རྣམ་བརྩེ་ལྗང་། །བཞི་ཀ་རིགས་བཞིའི་རྒྱ་བའི་འདུག་སྟངས་དང་། ཕྱག་རྒ་ཆ་ལུགས་གཟི་འདོ་དཔལ་ཡོན་རྫོགས། །དེ་ཡི་ཕྱི་རོལ་པདྨ་འདབ་མ་བརྒྱད། ཕྱོགས་བཞིར་རང་མདོག་མཚམས་བཞི་མཐིང་འོད་ལྔ། །ཤར་དུ་རྡོ་རྗེ་འཆང་ཆེན་ནམ་མཁའི་མདོག །ལྷོ་རུ་གཞོན་ནུ་དཔའ་བོ་སྟོབས་ལྡན་སེར། །ནུབ་ཏུ་དྲང་སྲོང་ཁྲོས་པའི་རྒྱལ་པོ་དམར། །བྱང་དུ་གསེར་འོད་དམ་པ་སྐུ་མདོག་ལྗང་། །ཤར་ལྷོར་བརྩེ་བས་རོལ་པའི་བློ་གྲོས་དཀར། །ལྷོ་ནུབ་འདོ་སྲུང་བགྲོས་པོ་སྐུ་མདོག་མཐིང་། །ནུབ་བྱང་མངོན་རྫོགས་རྒྱལ་པོ་སྐུ་མདོག་སེར། །བྱང་ཤར་ཤཀྱ་ཐུབ་པ་སྐུ་མདོག་ལྗང་། ཕྱོགས་བཞི་གོང་བཞིན་རྒྱ་བ་རིགས་བཞིར་མཚུངས། །མཚམས་བཞི་དེ་བཞིན་མི་བཀྱེད་རིན་ཆེན་འབྱུང་། སྣང་མཐའ་དོན་ཡོད་གྲུབ་པ་ཇི་ལྟ་བུ། །བཟུགས་སྟངས་ཕྱག་རྒྱ་ཆ་ལུགས་དཔལ་ཡོན་ཏན། །མདོར་ན་ཀུན་བཟང་རྡོ་རྗེ་འཆང་ཆེན་གྱི། །སྤྲུལ་པའི་ཟློས་གར་སྒྱུ་འཕྲུལ་དྲ་བའི་གཟུགས། །རྡུལ་གཅིག་སྟེགས་ན་རྡུལ་སྙེད་སངས་རྒྱས་ཞིང་། །སྟོང་གསུམ་ཡུངས་འབྲུར་ཆུད་པའི་དཔེ་བཞིན་དུ། སྐུ་གསུམ་ཞིང་གི་རྒ་བ་ཞི་ཁྲོ་དང་། བྱང་སེམས་ཉན་རང་ཁྲོ་བོའི་ཁྲོ་མོའི་ཚོགས། །རྒྱ་མཚོ་གཟའ་སྐར་ཇི་བཞིན་ལྟམ་མེ་གསལ། །གསུམ་ས་དབང་བསྐུར་རྒྱས་གདབ་ནི། བདག་ཉིད་ཐུགས་ཀའི་འོད་ཟེར་གྱིས། །ཕྱོགས་བཅུ་དུས་བཞིའི་རྒྱལ་བ་རྣམས། །སྤྱན་འདྲེན་བཞུགས་གསོལ་མཆོད་ཚོགས་འབུལ། །གསང་གསང་གསུམ་ཡོན་ཏན་ཤེས་བཞིན་བསྟོད། །རྟོག་པས་འོག་མིན་དཀྱིལ་འཁོར་ལྷར། །གཤག་གསུམ་བ་བསྐུར་མཆོག་སྩོལ་ཞིག །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཨ་བྷི་ཥིཉྩ་ཏུ་མམ། དབང་བསྐུར་སྒྲིབ་དག་གཙོ་བོ་ལ། ཀུན་བཟང་ཡབ་ཡུམ་བུ་བརྒྱན་ཞིང་། འཁོར་རྣམས་གཙོ་བོས་དབུ་བརྒྱན་གྱུར། །གཙོ་འཁོར་ཡོངས་རྫོགས་གདན་གསུམ་དུ། །ཨོཾ་ཀར་ཨཱཿ མར་ཧཱུཾ་མཐིང་མཚན། རྒྱལ་ཀུན་གསང་གསུམ་ངོ་བོར། །གྱུར། ཨོཾ་ཨཱཿཧཱུཾ། བཞི་བ་སྐུ་ན་སུམ་རྒྱ་བ་སྲ་དང་། སྤྱན་འདྲེན་རིམས་འདི་བཞིན་ཏེ། སྤོ་བསྲེག་རོལ་མོ་འཁྲོལ་བ་དང་། དད་དམ་དག་སྣང་ཆེན་པོའི་བློས། ཧཱུཾ་ཧཱུཾ་ཧཱུཾ་འོག་མིན་ཆོས་དབྱིངས་ཕྲེང་ནས། །ཀུན་བཞག་ཡབ་ཡུམ་སྤྱན་འདྲེན་གཤེགས། །རང་སྣང་ལོངས་སྐུའི་ཞིང་ཁམས་ནས། རིགས་ལྔ་ཡབ་ཡུམ་སྤྱན་འདྲེན་གཤེགས། སྣ་ཚོགས་གདུལ་བྱའི་ཞིང་ཁམས་ནས། །རྫོགས་ཆེན་སྟོན་པ་བཅུ་གཉིས་གཤེགས། །སྤྲུལ་པ་ཡང་སྤྲུལ་ཉིད་སྤྲུལ་དང་། སུམ་སྤྲུལ་ཚུལ་གྱིས་འགྲོ་བ་རྣམས། བདེ་བར་ཀྲི་མཛད་མགོན་པོའི་ཚོགས། །སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །ཨོཾ་བཛྲ་ཛྙཱ་ན་ས་ཏྭ་ས་མ་ཡཱ་ཨ་ཝེ་ཤ་ཡ་ཨ་ཝེ་ཤ་ཡ་ཧཱུཾ་ཧཱུཾ་ཧུཾ་ཕེམ་ཕེམ་ཕེམ་པྲ་ཝེ་ཤ་ཡ་བཛྲ་ས་མ་ཛཿཧཱུཾ་བཾ་ཧོཿ དེ་བཞིན་ཕྱག་ན་དྲུངས་གཉིས་མཛད་བསྟིམས། །ལྔ་བ་བཟུགས་སུ་གསོལ་བ་ནི། ཧཱུཾ་གདོད་ནས་རགས་རིག་སྐུ་གསུམ་ལྷ༔ ཡིན་ལ་ཡིན་པར་གསལ་ཐེབས་ཕྲི། །རྒྱ་བ་རྒྱ་མཚོའི་ལྷ་ཚོགས་རྣམས། །སོ་སོའི་གདན་ལ་དགྱེས་པར་བཞུགས། །བཛྲ་ས་མ་ཡ་ཏིཥྛནྟུ༔ དྲུག་པ་སྒོ་གསུམ་དུས་ཕྱག་འཚལ། །ཧཱུཾ་སྣང་སྲིད་འཁོར་འདས་ཆོས་པོ་ཅིག །རང་རིག་བཞིར་རྫོགས་དཔལ་ཆེན་པོར། །སྟོན་པ་ཉི་མས་གྲངས་ལྡན་ལ། རྟག་པར་མོས་པས་ཕྱག་འཚལ་ལོ། །ཨ་ཏི་པུ་ཧེ༔ པྲ་ཏི་ཛ་ཧོཿ བདུན་པ་ཕྱི་མཆོད་འབུལ་བ་ནི། ཧཱུཾ་རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་ནས། ལ་ཆོད་ཡོན་ཞབས་བསིལ་མེ་ཏོག་དང་། བུདག་སྤོས་སྣང་རྩལ་དྲི་ཡི་ཆབ། །ཞལ་ཟས་རོལ་མ་ཇི་སྙེད་ཀུན། །སྟོན་མཆོག་རྒྱབ་རྒྱ་མཚོར་འབུལ། ཨོཾ་ཛྙཱ་ན་སཏྭ་མ་ཧཱ་ར་ཛ་ས་པ་རི་ཝ་ར་ཨརྒྷམ། སངས་རྒྱས། པུཥྤེ། དྷུཥྤེ ཨ་ལོ་ཀེ། གྷནྷེ། ནཻ་ཝི་ཏེ། ཤཔྟ་སྡུ་ཙྪ་ཨཱཿ་ཧཱུཾ྄། བརྒྱད་པ་ནང་མཆོད་འབུལ་བ་ནི། ཧུཾ་ཕྱི་ནང་སྣོད་བཅུད་སྣང་སྲིད་ཀྱིས། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་། རོ་མངར་རེག་འཇམ་འཛིན་བྲལ་ཆོས་སྟོན་མཆོག་རྒྱ་བ་རྒྱ་མཚོར་འུབལ། །ཨོཾ་བཛྲ་ཛྙཱ་ན་ས་ཏྭ་མ་ཧཱ་ར་ཛ་ས་པ་རི་ཝཱ་ར་རཱུ་པ་ཤཔྟ་གྷནྡྷེ་ར་ས། སྤཪྴེ་དྷརྨ་དྷཏུ་མ་ཧཱ་པུཙྪ་ས་མ་ཡེ་ཨཱཿཧཱུཾ། དགུ་བ་སྨན་རཀ་གཏོར་མས་མཆོད། ཧུཾ་རུས་ལྔ་སྨན་བསྒྱུར་བདུད་རྩི་མཆོག །ཁམས་གསུམ་འཁོར་བ་སྤོངས་བསྒྲོལ་ཁྲག། །བརྟེན་གཡོས་དངོས་པོ་གཏོར་མའི་རྫས། །ཁམས་གསུམ་འཁོར་བ་སྟོང་ཕྱིར་འབུལ། །ཨོཾ་བཛྲ་ཛྙཱ་ན་ས་ཏྭ་མ་ཧཱ་ར་ཛ་ས་པ་རི་ཝ་ར་སརྦ་པཉྩ་རཀྟ་བྷ་ལིཾ་ཏ་ཁཱ་ཧི། བཅུ་བ་གསང་བའི་མཆདོ་པ་ནི། ཧཱུཾ་གཉིས་སུ་འཛིན་པའི་ཆོས་རྣམས་ཀུན། །གཉིས་མེད་སྟོགས་པའི་ངང་དུ་སྦྱོར། །བདག་ཏུ་འཛིན་པའི་བདེ་སྡུག་ཚོགས། །གཉིས་མེད་ཤེས་རབ་མཚོན་གྱིས་བསྒྲ། ཨོཾ་བཛྲ་ཛྙཱ་ན་ས་ཏྭ་མ་ཧཱ་ར་ཛ་པ་པ་རི་ཝ་ར་ཏ་ན་ག་ན་གུ་ཧྱ་སྡུ་ཙྪ་ཧོ༔ བཅུ་གཅིག་བསྟོད་བསྔགས་གྱི་མཆོད་པ། ཧཱུཾ་སྐུ་མཆོག་འགྱུར་མེད་འཆི་མེད་ལམ། །གསུང་མཆོག་འགགས་མེད་རང་བྱུགས་སྒྲི། །ཐུགས་མཆོག་འཁྲུལ་མེད་མཐའ་དབུས་བྲ། །གསང་གསུམ་དཔལ་ཡོན་ཕུང་པོར་བསྟོད། མཐའ་ཡས་འགྲོ་བའི་ཚོགས་རྣམས་ལ། གང་འདུལ་ཆོ་འཕྲུལ་འཛད་མེད་སྟོན། འགྲོ་བའི་འདྲེན་མཆོག་བླ་ན་མེད། །སྟོན་པ་བཅུ་གཉིས་བསྟོད་རཔ་བཡི། གཞན་ཡང་རྒྱལ་བ་ཁྱོད་རྣམས་ཀྱི། སྐུ་གསུང་ཐུགས་ཡོན་ཕྲིན་ལས་དཔལ། ཡིད་ནི་ནོར་བུ་ལས་འཕགས་པའི། །འཕྲལ་ཕུག་ཀུན་བདེའི་འབྱུངས་བསྟོད། །བདག་སོགས་མཐའ་ཡས་འགོར་བ་ཀུན། །ཐར་མེད་འཁོར་བའི་རྒྱ་མཚོ་ལས། །སྐྱབས་མགོན་མཆོག་རྣམས་ཐུགས་རྗེ་གྲུབ། །བསྒྲ་ནས་མཆོག་དེར་དབུགས་བྱུགས་མཛོད། །ཅེས་བརྗོད་བཅུ་གཉིས་འཛབ་བཟླས་པ། ཕྱིང་གསང་བ་གསུམ་དུ་འོད། །དང་པོ་ཉིད་ནི་འདི་འདྲ་སྟི། གཙོ་འཁོར་རྒྱལ་བ་རྒྱ་མཚོ་རྣམས། །མཁྱེན་བརྩེ་ནུས་སྟོབས་དཔལ་མངའ་ཞིང་། །སྣ་ཚོགས་འོད་ཟེར་འབར་བའི་གཟིས། །འགྲོ་ཁམས་ལས་ཉོན་སྨག་བསལ་གྱུར། །ཞེས་བསམ་གསོལ་འདེབས་སྔགས་འདི་བརྗོད། ཨོཾ་ཨཱཿགུ་རུ་ས་མནྟ་བྷ་ཏྲ་སརྦ་སིདྡྷི་ཕ་ལ་ཧཱུཾ། ཨོཾ་ཧུཾ་ཏྲཾ་ཧྲཱི༔ཨཱཿ མྲུཾ་ལཱཾ་མཱཾ་པཱཾ་ཏཱཾ་སརྦ་སིདྡྷི་ཕ་ལ་ཧཱུཾ། ཨོཾ་ཨཱཿཁྱེའུ་སྣང་བ་བསམ་གྱི་མི་ཁྱབ་པ་སརྦ་སིདྡྷདྷི་ཕ་ལ་ཧཱུཾ། ཨོཾ་ཨཱཿཧཱུཾ་འོད་མི་འཁྲུགས་པ་སརྦ་སིདྡྷི་ཕ་ལ་ཧཱུཾ། ཨོཾ་ཨཱཿཧཱུཾ་འཇིགས་པ་སྐྱོབ་པའི་ཡདི་སརྦ་སིདྷི་ཕ་ལ་ཧཱུཾཿ ཨོཾ་ཨཱཿགཞོན་ནུ་རོལ་པ་རྣམ་བརྩེ་སརྦ་སིདྡྷི་ཕ་ལ་ཧཱུཾ༔ ཨོཾ་ཨཱཿརྡོ་རྗེ་འཆང་ཆེན་སརྦ༔ ཨོཾ་ཨཱཿ་གཞོན་ནུ་དཔའ་བོ་སྟོབས་ལྡན་སརྦ། ཨོཾ་ཨཱཿ་དྲང་སྲོང་འཁྲོས་པའི་རྒྱལ་པོ་སརྦ༴ ཨོཾ་ཨཱཿགསེར་འོད་དམ་པ་སརྦ༔ ཨོཾ་ཨཱཿབརྩེ་བས་རོལ་པའི་ལྦོ་གྲོས་སརྦ༴ ཨོཾ་ཨཱཿའོ་སྲུང་བསྒྲེས་སོ་སརྦ། ཨོཾ་ཨ་མངོན་རྫོགས་རྒྱ་པོ་སརྦ༴ ཨོཾ་ཨཱ༔ཤཀྱ་ཐུབ་པ་སརྦ་སིདྡྷི་ཕ་ལ་ཧཱུཾ། ཞེས་ཅི་ནུས་དང། གཉིས་པ་ནང་ལྟར་བཀླ་བ་ནི། ཨོཾ་ཨཱཿགུ་རུ་དྷརྨཱ་ཀཱ་ཡ། སམྦྷོ་ཀ་ཡ། ནིར་མ་ཀཱ་ཡ་སརྦ་སིདྡྷི་ཕ་ལ་ཧཱུཾ། ཞེས་བཟླ་བསྣེན་སྒྲུབ་གཅིག་དྲིལ་ལོ། གསུམ་པ་ཡིད་འགོག་བཟླས་དང་། རྡོ་རྗེའི་བཟླས་པ་རེ་མོས་ཀྱིས། ཨོཾ་ཨཿཧཱུཾ༔ མང་དུ་བཟླས་པ་གལ་ཆེའོ། ཐུན་མཐར་མཆོད་བསྡོད་དངོས་གྲུབ་ཞའི། ཉེར་བསྡུ་ལྷར་མཐོང་སྤྱི་ལྟར་རོ། རྗེས་ལ་ཚོགས་ཀྱི་ལས་རིལ་ནི། ཐབས་ཤེས་བཟའ་བརྒྱུ་མང་བཤམས་ཤིང་། རྃ་ཡྃ་ཁྃ་གིས་དངསོ་འཛིན་སྦྱངས། ཨོཾ་ཨཱཿ་ཧཱུཾ། གིས་སྦྱངས་སྤྲིལ་བསྒྱུར། ཧོ་བརྟེན་པ་སྣོད་ཀྱི་འཇིག་བརྟེན་གཏེགས་གཞོང་དུ། །གཡོ་བ་བཅུད་ཀྱིས་སེམས་ཅན་ཚོགས་ཀྱིས་རྫས། །སྣང་སྲིད་སྣོད་བཅུད་དཔལ་ཡོན་ལོངས་སྤྱོད་རྒྱན། །སྣང་སྟོང་འཛིན་བྲལ་སྒྱུ་མའི་རོལ་པ་བསྟར། །ཞེས་དང་། ཚོགས་ཞིང་སྤྱན་འདྲེན་ནི། སྐུ་གསུམ་དག་པ་ཆེན་པོའི་ཞིང་ཁམས་ནས། སྐུ་གསུམ་སྟོན་འཁོར་རྒྱ་མཚོའི་ཚོགས་དང་བཅས། །འདིར་གཤེགས་ཐབས་ཤེས་ཚོགས་ཀྱི་མཆོད་པ་བཞོས། མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ་བར་མཛོད། །བཛྲ་ས་མ་ཡ་ཛཿ ཧཱུཾ་སྐུ་གསུམ་རྒྱ་བའི་དཀྱིལ་འཁོར་ལ། ཕྱིང་གསང་གསུམ་ཚོགས་མཆོད་འབུལ། །སྒོ་གསུམ་ཉམས་ཚོགས་མཐོལ་ལོ་བཤགས། །དུག་གསུམ་བང་གྱུར་གྲ་ཛང་བགེགས། །གའུག་བསྒྲ་སྟབས་སོ་དགྱེས་པར་རོལ། །པྱི་མི་ལྡོག་པའི་ས་ཐོབ་ཤོག །ཨོཾ་ཨཱཿ་ཧཱུཾ་གདན་ཙཀྲ་སརྦ་སྟུ་ཙ་ཧོཿ བཛྲ་ས་མ་ཡ་ཤྲཱི་ཏེ་ཨཱ༔ གནོད་མ་སརྦ་ཤ་ཏྲུམ་མ་ར་ཡ་ཕཊ། དེ་ལྟར་ཕུད་ཀྱི་ལེགས་མཆོད་ནས། བདག་བསྐྱོད་གསལ་བར་མཆོགས་རྫས་ལ། ཆོས་ཉིད་ངང་ནས་རོལ་བར་བྱ། ཧོ་ཐབས་ཤེས་རྫས་མཆོག་བླ་ན་མེད། །གཉིས་འཛིན་བྲལ་བས་བླང་ནས་སུ། །གཙང་སྨེ་རོ་སྙོམས་ཚུལ་གྱི་ནི། །མྱོང་བས་སྐུ་གསུམ་གནས་ཐོབ་ཤོག །གྷ་ན་ཙཀྲ་སརྦ་སིདྡྷི་ཕ་ལ་ཧཱུཾ། ལྷག་མའི་ཆོ་ག་ཕུད་ལྷག་དང་། རྩོག་ལྷག་སོ་སོགས་བཤམས་ནས་སུ། རམ་ཡམ་ཁམ་གིས་བསྲེག་གཏོར་བཀྲུས། ཨོཾ་ཨཱཿཧཱུྃ་གིས་སྦྱངས་སྤྲེལ་བསྒྱུར། །དཔག་མེད་འདོད་ཡོན་མཚོར་བསམ་ལ། ཧཱུཾ་སྐུ་གསུམ་སྟོན་པ་གཙོ་འཁོར་གྱི། །བཀའ་དུང་དམ་ལ་སྡོམ་པ་ཡི། །བཀའ་སྲུང་ཆོས་སྲུང་གཏོར་སྲུང་སོགས། །ཕུད་ལྷག་ས་སོའི་དབང་སྐུལ་བཞིན། །བཞེས་ལ་གང་བཅོལ་ཕྲིན་ལས་སྒྲུབས། །ས་མ་ཡ་པུཥྚི་བྷ་ལིག་ཏ་ཁ་ཧི༔ ཆད་ཐོའམ་ཐ་ཚིག་གཏོར་མ་ནི། ཧཱུྃ་ཐོག་མ་བར་དང་མཉམ་ཉིད་དུས། །སྐུགསུམ་སྟོན་པའི་སྤྱན་སྔ་རུ། །དམ་མནོས་བཀའ་གཏེར་སྲུང་མའི་ཚོགས། །མཆོད་གཏོར་རྒྱན་ལད་འདི་ཤེས་ལས། །བྱང་ཆུབ་བསྒྲུབ་པའི་བར་ཆད་དང་། བརྟན་གཡོའི་མི་འདོད་ཉེར་འཚེ་སོགས། །འཕྲལ་འཕྲུལ་མི་དགེའི་རྟེན་འབྱུང་ན། །དགྲ་དང་བགེགས་ཀྱི་སྟོགས་དུ་བསྒྱུར། །རབ་འབྱམས་ཕྲིན་ལས་ཀུན་འགྲུབ་མཛོས། །ཆད་ཐོའི་གཏོར་མ་ཕུལ་ནས་སུ། །གཏོར་གཞོང་བཤལ་ཆུས་བརྟན་མར་འབུལ། བྷྱོ་བོད་ཁམས་སྐྱོང་བྱེད་བསྟམ་ནི། དཔོན་གཡོག་སྤྲུལ་པ་ཡང་སྤྲུལ་བཅས། །བསལ་ཆུས་གཏོར་མར་བྲ་ཏོ་ཕུལ། །འདོད་དོན་ཕྲིན་ལས་མྱུར་འགྲུབ་མཛོད། །གཏོར་མ་ཕུལ་ལ་གཏོར་གཞོ་སྦུབ། །དམ་སྲི་བཀུག་སྟིང་བྲོ་རྒྱས་གདབ། ཧཱུཾ་སྐུ་གསུམ་སྟོན་པའི་ཞིང་ཁམས་འོག །ཁམས་གསུམ་འཁོར་བའི་འདྲེ་བོ་ཆེ། །གཟུང་འཛིན་རུ་ཏྲའི་སྡོ་དཔོན་མནན། ནམ་ཡང་ལྡང་མེད་རྒྱས་ཐོབ་ཅིག །ཨོཾ་ཨཱཿཧཱུཾ་སྟྭཾ་བྷ་ཡ་ནནཿ ནོར་བརྡུང་རྗེས་སུ་མཆོད་བསྟོད་ནས། ནོངས་བཤགས་དངོས་གྲུབ་བླངས་པ་བྱ། །ཧཱུཾ་བདག་གི་སྒོ་གསུམ་སྐུ་གསུམ་དངོས། །ཡེ་ནས་ཡིན་པར་མ་རྟོགས་ཏེ། །གློ་བུར་སྒྲིབ་པས་ཉེས་ཚོགས་མུན། །རང་རིག་སྣང་བས་གསལ་ཞིང་བཤགས། །སྐུ་གསུམ་སྐུ་ལྔའི་དངོས་གྲུབ་བྱིག །བདག་གིས་ཐོབ་པར་མཛད་དུ་གསོལ། །བཛྲ་ས་མ་ཡ་ཤུདྷེ་ཨཱཿ ཨོཾ་ཨཱཿ་ཧཱུྃ་སརྦ་སིདྷི་བ་ལ་ཧཱུཾ་ཨཱཿ དངོས་གྲུབ་བླངས་ཤིང་ཉེར་ནས་སྡུ་དང་། ལྷར་ལྡང་རིག་པ་འདི་ལྟར་བྱ། ཨཿ སྣང་སྲིད་སྣོ་བཅུད་སྐུ་གསུམ་ལྷར། གསལ་བ་མཁར་སྣང་འཇའ་ཚོན་ལྟར། སྣང་ལ་རང་བཞིན་མདོ་པའི་ངང་། །བསམ་བརྗོད་བྲ་བའི་དབྱིངས་སུ་བཞག། །སླར་ཡང་ཕྱི་ནང་སྣོད་བཅུད་གཟུགས། །ཡེ་ནས་སྐུ་གསུམ་དཀྱིལ་འཁོར་ཛོངས། །ཡིན་ལ་ཡིན་པའི་ངོས་ཤེས་ཀྱི། འགྲོ་དོན་ཆུ་རྒྱུན་ལྟར་བྱའོ། །མཐར་དགེའི་བསྔོ་སྨོན་བཀྲ་ཤིས་ནི། དགེ་བ་འདིས་མཚོན་དུས་གསུམ་དགེ། །འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བཤོ། །མཐའ་ཡས་འགྲོ་བ་དབབ་ལོད་སྡོད། །དགོ་འདིས་སྐུ་གསུམ་པར་འགོད་ཤོག །ཞི་དང་སྲིད་པའི་ལོགས་ཚོགས་གོས། །འགྲོ་རྣམས་འཕྲ་དབུག་བདེ་ལེགས་ཤོག །དེ་ལྟར་མ་སིནྡི་ཡི། སྲིན་པ་ཉི་མའི་གྲགས་ལྡན་གྱི་སྒྲུབ་གཞུང་མཁྱེན་བརྩེའི་ཞལ་ངོམ་འདི། །ཡབ་རྗེ་ཆོས་ཀྱི་རྒྱ་པོ་ཡི། །སྤྲུལ་ཡང་ལུང་འཕྲན་བྱུང་བྱུང་བ། འཇིགས་མེད་རོག་པའི་རལ་དྲི་ཡིས། བསྐུལ་ངོར་ཀུན་བཞག་གཞན་ཕན་གྱིས། །སྲིས་འདིས་བསྟན་འགྲོར་རྟག་དགེ་ཤོག །རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི་དབང་ཆོག་བཅུད་དྲིལ་ཡིད་བཞིན་ལྷུན་སོ་བཞུགས། ༈ །ཀ་དག་འཁོར་འདས་སྐྱོན་ཡོན་དང་བྲལ་ཡང་། ལྷུན་གྲུབ་སྲི། ཞིའི་མཆོད་གཞི་མ་འགགས་གདངས། ཐུགས་རྗེའི་རོལ་རྩ་སྐུ་གཉིས་ཙུལ་ཤར་བར། ལོངས་སྤྲུལ་སྲིན་པའི་ཚོགས་གསལ་སྙིག་ནས་འདུད། །ཁྱད་རྟེན་འབྲེ་ལུགས་འབྱུག་བཅུ་གཉིས་སོ། །གནས་དག་སྟོན་མཆོག་བཅུ་གཉིས་སྐུར་བཞེངས་ནས། །ཡན་ལག་བཅུ་གཉིས་ཆོས་ཀྱིས་འགྲོ་བའི་ཁམས། །རྟེན་འབྲེལ་ལུགས་ལྡོག་པ་ལ་འགོད་དེ་བསྔག །བྱེ་བྲག་སྙིགས་དུས་བསྐལ་པར་སྤྱོད་མིན་བཞི། །གདུལ་དཀའ་འདུལ་ལ་སྟོན་པ་བཅུ་གཉིས་ཀྱི། བ་དྲན་སྙིང་མ་ཧཱ་སབྷིའི་ཆོས་འཁོར་ཆེ། ཡང་བསྐོར་མཁྱེན་བརྩེའི་འོད་ཟེར་སྲིད་ན་འབར། །གང་གི་བཀའ་དྲིན་ཉིན་བྱེད་གཟིས་བདག་བློའམ་མཚོ་སྐྱེས་བཞད་འབྲས་གཟུགས། །སྲོན་མཆོག་བཅུ་གཉིས་དབང་མཆོག་གཞུང་། བཅུ་དྲིལ་ཡིད་བཞིན་ལྷུན་སོ་ངོམ། །དེ་ལ་ཡ་སྦྱོར་དངོས་རྗེས་གསུམ་གྱི་དང་སོ་ལ་ཇི་ལྟར་འོས་པར་འབྲུ་ཚོམ་ཕྱོགས་བཞི་དབུ་དང་ལྔ་ལས་བཅུ་གཉིས་ཀྱི་བསྐོར་བར་གཏོར་ཟླུམ་ཡང་དེ་ལྟར་དང་གཙོ་ལས་ཀྱི་བུམ་པ་ཟུངས། །དབང་གོང་མ་གསུམ་གྱི་རྫས་ཀྱང་ཇི་བཞིན་བསམས་པ་དང་། བགེགས་གཏོར་སོགས་ཉེར་མཁོ་རྣམས་བསགས་ཤིང་། གཉིས་ས་ཆོ་གའི་དཀྱུས་བཞིན་བར་ཆང་ནས་བཟླས་པའི་སྐབས་སུ་བུམ་པའི་ནང་དུ་ལྷ་ཚོགས་སྐད་ཅིག་དྲ་རྫོགས་སུ་བསྐྱོད་ནས་མཐར་སྔགས་འཁོར་བསྐོར་བར་འོད་ཟེར་སྤྲོ་བསྡུའི་འཕྲུལ་ལས་བདུད་རྩི་བབས་པར་བསམ། མཐར་བདག་དབང་བླང་བ་ཡང་དམ་ཡེ་དབྱེར་མེད་སོགས་ཀྱི་དྲོགས་པ་རྒྱུད་ལ་སྐྱེས་ནས་མཆོག་ཡིན་ལ་དེ་འདྲ་བ་མིན་ཀྱང་མཐོག་རྒྱུ་ལྟར་བླང་ངོ། །ལས་བུམ་ཡང་དྲ་མགྲིན་བསྐྱེད་ལ་ནུས་ལྡན་དུ་བསྒྲུབ་ནས། སློབ་མ་འཚོགས་པར་ཁྲུས་བསྐྲད་བསྲུང་གསུམ་སྤྱི་ལྟར་གྱིས་མཐོང་ཆོས་བཤད་ཅི་རིགས་དང་མཎྜལ་ཕུལ་གྲུབ་ནས། གསོལ་འདེབས་ཀྱི་རྗེས་བཟློས་མཛོད་བྱས་ནས། ཨེ་མ་ཧོ། རྟེན་འབྲེལ་ལུགས་འབྱུགས་བཅུ་གཉིས་ཀྱི། །དབང་གྱུར་མཐའ་ཡས་འགྲོ་བའི་ཁམས། །སྟོན་མཆོག་བླ་པའི་པར་འགོད་ཕྱི། །གསོལ་བ་འདེབས་སོ་ཐུགས་རྗེ་ཟུགས། །ལན་གསུམ་བརྗོད་རྗེས་སྐྱབས་སེམས་དང་། ཡན་ལག་བདུན་པ་སྤྱི་ལྟར་དུ། །བཏང་ནས་ཐ་མལ་ལུས་བསྒྱུར་བ། སློབ་མའི་སྒོ་གསུམ་མི་དམིགས་གགས། །སྐད་ཅིག་དྲན་རྫོགས་བཅོམ་ལྡན་འདས། །རྡོ་རྗེ་སེམས་པའི་སྐུ་བསྒྱུར་ནས། །གནས་གསུམ་ཡི་གེས་མཚན་པ་ལས། །འོད་འཕྲོས་སྐུ་གསུམ་རྒྱ་བ་རྣམས། །འདོད་དང་ཐིག་ལེའི་རྣམ་པ་རུ། །སྤྱན་དྲངས་སློབ་མ་ལྷར་བསྐྱེད་པ། །གཉིས་མེད་གཉིས་སུ་མེད་པར་བསྟིམ། ཞེས་དང་ཨོཾ་ཨཱཿ་ཧཱུཾ། བརྗོད་ཅིང་རོལ་མོ་སྒྲ་ཡི་བྱིན་འབེབས་ཤིང་། སྐུ་གསུམ་རྒྱ་ན་བླ་མ་ཡི། གསང་གསུམ་ངོ་བོར་རྟོགས་བཞིན་དུ། སློབ་མ་སོག་གསུམ་བསྲེ་ནུས་ན། ཡེ་ཤེས་སེམས་དཔའ་བེབས་པའོ། དེ་རྗེས་ཨོཾ་ཨཱཿཧཱུཾ། བརྗོད་ནས་བུམ་པའི་དབང་བསྐུར་བ། ཧཱུཾ་ཆོས་ཅན་བུམ་པའི་གཞལ་ཡས་ན། ཆོས་ཉིད་སྟོན་པ་བཅུ་གཉིས་དལ་བཞུགས་པའི་སྐུ་ལ་ཡེ་ཤེས་ཀྱི། བདུད་རྩིའི་བསིལ་རྒྱུན་འདིར་ཕབ་པས། །བདག་འཛིན་གཉིས་ཀྱི་སྒྲིབ་གནས། །བདག་མེད་ཨ་ཏིའི་དོན་རྟོག་ཤོག །ཨོཾ་ཧཱུྃ། ཨོཾ་ཧཱུཾ་ཏྲཾ་ཧྲཱི་ཨཱཿ ཀ་ཡ་ཝཱཀྐཨ་བྷི་ཥིཉྩ་ཧཱུཾཿ ཞེས་བརྗོད་བུམ་པའི་དབང་བསྐུར་བས། །སྐུ་གང་དྲི་ག་ཆུ་ལྷག་མ། གྱེན་འཕྱུར་མི་བསྐྱོད་གཙོར་བཞུགས་པའི། །རིག་མཆོག་ལྔ་ཡི་དབུ་བརྒྱན་གྱུར། ཞེས་མོས། ཙིརྟ །དྷརྨདྷདྷུ་ཞེས་བ་བསྒྱུར། མཚན། གསང་དབང་བསྐུར་བ་ནི། བྷདྷ་བདུད་རྩིའི་ལེགས་བྱིན་ཏེ། ཧཱུཾ་ཐབས་མཆོག་བདེ་ཆེན་ལས་བྱུགས་བའི་དགའ་བཞིས་དྲངས་པའི་བྱང་ཆུབ་སེམས། །རིགས་ཀྱི་ཤ་ལ་ལེགས་བྱིན་པས། གསང་བའི་དབང་མཆོག་ཐོབ་པར་ཤོག །གོང་བཞིན་སྔགས་བརྗོད་དབང་བསྐུར་དོ། །ཤེས་རབ་ཡེ་ཤེས་དབང་བསྐུར་ནི། །རིག་མའི་གཟུགས་བརྣན་གཏད་བྱས་ནས། ཧུཾ་སོ་སོགས་ཐགས་པའི་སྡེ་སྣོ་ལས། །ཤེས་རབ་མུ་ཏྲ་དགག་མེད་ཀྱང་། །བྱང་སེམས་སྔགས་ཀྱི་ལམ་བསྒྲོད་གྲོགས་ཡིན་ཕྱིར་ཁྱོད་ལ་གཏད་པར་བྱ། གོང་བཞིན་སྔགས་བརྗོད་དབང་བསྐུར་རོ། བཞི་བ་རིགས་པའི་རྩལ་དབང་ནི། ཤེལ་རྡོ་མེ་ལོང་གཏར་གཏད་བྱས་ནས། ཧཱུཾ་དགའ་བཞིའི་ངོ་བོ་སྟོང་པ་ཉིད། སྣང་སྟོད་གཉིས་མེད་དེ་བཞིན་ཉིད། །མཚོན་བྱེད་ཤེལ་རྡོ་ཨ་དར་ཤ། གཏད་པས་སྐུ་ཐོབ་རང་གྲོལ་ཤོག །སྔགས་བརྗོད་རྫས་གར་གཏད་དོན་ངོ་སྤྲད། །དེ་ཡིས་དབང་བཞི་རྫོགས་པའོ། །རྗེས་སུ་དམ་གི་མཁས་ལེན་དང་། གཏང་རག་མཎྜལ་ཤིས་བརྗོད་སོགས། །སྤྱི་དང་མཐུན་པས་ཤེས་པར་བྱ། དེ་ལྟར་སྟོན་པ་བཅུ་གཉིས་པའམ། དབང་མཆོག་གཅིག་དྲིལ་ཡིད་བཞིན་གྱིས། །ནོར་བུའི་ལྷུན་པོའི་བསྐྲུན་དགེ། རྫོགས་ཆེན་དོན་ལ་རྨོངས་པའི་མུན། །ལྷག་མེད་མཐར་བསྐྲད་ཨ་ཏི་ཡི། །བསྟན་པའི་སྣང་བ་མཐའ་རྒྱས་ཤོག །ཅེས་རྫོགས་ཆེན་སྲོན་པ་བཅུ་གཉིས་ཀྱི་དབང་ཆོག་གཅིག་དྲིལ་ཡིད་ལྷུན་པོ་འདི་ཉིད་ཡབ་རྗེ་ཆོས་ཀྱི་རྒྱལ་པོས་ལུང་ཏུ་བསྟན་པ་ལས་ཨ་བྷྱོ་ཏིཀྵཱ་ཞེས་པས་ནན་རྟན་ཆེན་པོས་ངོར་བཟློག་པར་མ་ནུས་རེ། དམ་ཚིག་ནོར་བུ་མེ་ལྷར་མ་ཕུལ་བའི་སྔགས་ཀྱི་རྣོར་པ་ཨ་བྷྱོ་ཀརྨ་རསྨིས་གྲུབ་པར་བགྱི་པའི་ཡི་གེ་པ་ནི་རང་སློབ་ཨཪྱ་རྡོ་ཝས་བགྱིད་པའི་དགོ་བས་འགྲོ་རྣམས་ཀ་དག་རྫོགས་པ་ཆེན་པོའམ་ས་ལ་རོག་པར་གྱུར་ཅིག། དགེའོ། དགེའོ། དགེའོ། བཀའ་བསྒོ་དྲང་སྲོང་ཁོས་པའི་རྔམས་སྒྲ་བཞུགས། ཧཱུྃ་ཧཱུྃ་ཧཱུྃ། ང་ནི་ཡེ་ནས་སྐུ་གསུམ་དང་སོགས། །དྲག་ཤུལ་སྲོ་པ་ལས་འདས་ཀྱང་། །ལོག་འདྲེན་འདུལ་ཕྱི་རབ་འཇིགས་སྐུ། །ཁྲོ་མཆོག་བད་ཀུ་མ་ར། །མཐིང་ནག་ཞལ་གསུམ་ཕྱག་དྲུག་འཇིགས། །གཡས་གཉིས་རྩེ་དགུ་རྩ་ལྔ་དང་། །གཡོན་གཉིས་མེ་དབུང་ཁང་བཅས་ཁ། །མཐའ་གཉིས་རམ་དྲབ་ཕུར་པ་འདྲིལ། །དཔལ་དང་དུར་ཁྲོད་ཆས་བརྒྱད་རྫོགས། །འབར་བའི་གར་དགུའི་ཁྲོ་ཉམས་ལྡན། ཧཱུྃ་ཕཊཿསྒྲ་ཡིས་སྲིད་གསུམ་གཡོ། །ཞབས་བཞི་གྱད་ཀྱིས་དོར་སྟབས་བསྒྲད་དེ་ལྟའི་སྐུར་གསལ་གསང་བ་ལས། ཁྲོ་མཚོན་མེ་རུག་དྲག་སྔགས་སྒྲ། ཐོག་སེར་འཁྲུགས་པའི་རྣམ་འགྱུར་བཞིན། །མངོན་སུམ་ཇི་བཞིན་བཟོད་དཀའ་བསང་། གདོན་བགེགས་ལེག་འདྲེན་ཡོངས་བསྐྲད་ཡུར། ན་མོ་རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བཀའ༴ ཡི་དམ་ཆེན་པོ་རྒྱུ་སྡེ་བཞི་དྲུག་པའོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་སྲུང་མ་དང་བཅས་པ་རྣམས། །ཆོས་ཉིད་འགྱུར་བ་མེད་པའི༴ ཆོས་ཅན་བསྡུ་བ་མེད་པའི། །བདེན་པ་ཆེན་པོའི་མཐུ་སྟོབས་བྱིན་བརླབས་ནུས་པ་ལ་བརྟེན་ནས། །དེང་འདིར་བསྲུང་བྱ་འདི་ཉིད་ཀྱི་ལུས་ངག་ཡིད་གསུམ་དང་ཕུང་ཁམས་སྐྱེ་མཆེད་ལ་གནོད་ཅིག་འཚེ་བར་བྱེད་པའི་གདོན་བགེགས་ལེག་འདྲེན་འབྱུང་པོ་སྲི་དང་། ཁྱད་པར་རུ་ཡང་དང་པོ་ནད་ཀྱི་སྣ་འདྲེན་སགས། བར་དུ་ནད་ཀྱི་ཚངས་བཅའ་བ། ཐ་མ་ནད་ལ་མི་ཕན་པར་བྱེད་པའི། ཕོ་གདོན་རྒྱལ་འགོང་མོ་གདོན་བསེན་མོ། གནའ་འདྲེ་རྙིང་པ། ད་འདྲེ་གསར་པ། ཡུལ་འདྲེ་འཁྱམས་སོ། །ཟ་འདྲེ་ཤི་གཤེད། ལུས་སྲོག་ཚེ་བསོད་སྟོབས་འབྱོར་མ་བར་དུ་གཅོད་པར་བྱེད་པའི་གདོན་དོ་བགེགས་འབྱུང་པོའི་རིག་སུ་གྱུར་པ་ཐམས་ཅད་གནས་འདིར་མ་དུག་པར་དམིགས་པའི་ཡུལ་གཞན་དུ་འགོར་བར་གྱི་ཤིག་གང་དག་མི་འགྲོ་བ་དེ་ག་ཐམས་ཅད་ལ་བདག་སོགས་རྐོ་རྒྱ་འབར་བའི་ཚོགས་རབ་ཏུ་ཁྲོས་ནས་མགོ་བོ་ཚལ་ལ་བརྒྱ་ལུས་དུམ་བུར་སྟོག་དུ་གཏོགས་བར་གདོན་མི་ཟའོ། །ཨོཾ་པུམྦྷ་ནི་སོགས་ཧཱུཾ་བཞིའི་སྔགས་དང་། ཨོཾ་བཛྲ་ཀྲོ་ཏ་ཧུཾ་ཀ་ར་ཧཱུཾ་གརྫ་གརྫ་ཧཱུཾ་ཕཊཿ ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཧཱུཾ་ཧ་ན་ཧ་ན་ཧཱུཾ་ཊ༔ ཨོཾ་བཛྲ་ཀྲོ་ཏ་ཧི་ལནྟ་ཏྲ་ཧཱུཾ་དཱ་ཧ་དཱ་ཧ་ཧཱུཾ་ཕཊཿ ཨོཾ་བཛྲ་ཀྲོ་ཏ་ཡ་མནྟ་ཀཧཱུཾ་པ་ཙ་པ་ཙ་ཧཱུྃ་ཕཊ༔ ཨོཾ་བཛྲ་རྐོ་ཏ་ལ་ཪྱ་ཨ་ཙ་ལ་ཧཱུཾ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧཱུཾ་ཧུ་ལུ་ཧུ་ལུ་ཕཊཿ ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཙིཏྟ་ཧཱུྃ་ཏིཥྛ་ཏིཥྛ་ཧཱུཾ་པཊ༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཚིནྡ་ཚིནྡ། །


previousརྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི་སྒྲུབ་ཐབས་འདོན་འགྲིགས་བུ་བཀོད་པ་མཁྱེན་བརྩེའི་ཞལ་ངོམ།next