Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
  collapse section
དམ་ཆོས་བདེ་ཆེན་ལམ་ལམ་མཆོག་ལསཿ ལག་ན་རྡོ་རྗེའི་རྒྱུན་ཁྱེད་སྙིང་པོའི་བཅད་སྡུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདམ་ཆོས་བདེ་ཆེན་ལམ་ལམ་མཆོག་ལསཿ ལག་ན་རྡོ་རྗེའི་རྒྱུན་ཁྱེད་སྙིང་པོའི་བཅད་སྡུས།next

དམ་ཆོས་བདེ་ཆེན་ལམ་ལམ་མཆོག་ལསཿ ལག་ན་རྡོ་རྗེའི་རྒྱུན་ཁྱེད་སྙིང་པོའི་བཅད་སྡུས།

དམ་ཆོས་བདེ་ཆེན་ལམ་ལམ་མཆོག་ལསཿ ལག་ན་རྡོ་རྗེའི་རྒྱུན་ཁྱེད་སྙིང་པོའི་བཅད་སྡུས་བཞུགསཿ ན་མ་བཛྲཤ་ཛི་ཡེཿ དུས་གསུམ་རྒྱལ་བ་ཁྱ་མཚོ་ཡིཿ ཐུགས་ཀྱི་གསང་འཛིན་གསང་བའི་བདགཿ བཅོམ་ལྡན་ཕྱག་ན་རྡོ་རྗེ་ལཿ བཏུད་ནས་རྒྱུན་གྱི་ཉམས་ལེན་སྤེལཿ དེ་ལ་དང་པོ་སྐྱབས་སེམས་དང་ཿ ཡན་ལག་བདུན་པས་ཚོགས་བསག་ནིཿ ན་མོ་རྒྱལ་ཀུན་ཐུགས་ཀྱི་ཡེ་ཤེས་གཟུགསཿ རྡོ་རྗེ་འཛིན་ལ་སྐྱབས་སུ་མཆིཿ འགྲོ་རྣམས་ཁྱེད་ཀྱི་གོ་འཕང་ལཿ འགོད་ཕྱིར་བྱང་ཆུབ་སེམས་ཆག་བསྐྱེདཿ ཕྱག་འཚལ་མཆོད་འབུལ་ཉེས་ཚོགས་བཤགསཿ དགེ་ལ་ཡི་རང་ཆོས་སྟོན་བསྐུལཿ རྟག་བཞུགས་དགེ་རྩ་འགྲོ་ལ་བསྔོཿ གཉིས་པ་ལྷ་བསྐྱེད་སྤྱན་དྲངས་དང་ཿ བཞུགས་ཕྱག་མཆོད་འབུལ་བསྟོད་བཅོསཿ ཧཱུཾ་དམིགས་མེད་ངང་ལས་སྙིང་རྗེའི་རྩལཿ ཧཱུཾ་ལས་རང་ཉིད་གསང་བའི་བདགཿ བཛྲ་པཎི་ནམ་མཁའི་མདོགཿ ཞལ་གཅིག་ཕྱག་གཉིས་གཡས་པ་ཡིསཿ གནམ་ལྕགས་རྡོ་རྗེའི་རྩེ་ལྔ་དང་ཿ གཡོན་པ་ཐུགས་ཀར་བསྡིགས་མཛུབ་མཛདཿ ཞལ་གདགས་མཆེ་གཙིགས་སྤྱན་གསུམ་བསྒྲདཿ དབུ་སྐྲ་དམར་སེར་མེ་ལྟར་འབརཿ ཞབས་གཉིས་བརྒྱད་ཀྱི་དོར་སྟབས་ཅནཿ དཔལ་དང་དུར་ཁྲོད་ཆས་རྣམས་རྫོགསཿ མེ་དཔུང་རབ་འབར་ཀློང་ན་འགྱིངསཿ གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་དེ་ལས་འོད་ཟེར་རབ་འཕྲོས་པསཿ སྐུ་གསུམ་རྒྱལ་བ་སྲས་བཅས་རྣམསཿ སྤྱན་དྲངས་དབྱེར་མེད་རོ་གཅིག་གྱུརཿ ཧཱུཾ་རྒྱལ་བ་ཀུན་གྱི་ཐུགས་གསང་དང་ཿ འོག་མིན་ཅང་ལོ་ཅན་གྱི་གནསཿ རང་བཞིན་གར་བཞུགས་ཕོ་བྲང་ནསཿ རྡོ་རྗེ་འཛིན་དབང་གཤེགས་སུ་གསོལཿ དམ་ཡེ་གཉིས་མེད་གདན་ལ་བཞུགས་ཿ མཉམ་ཉིད་ངང་ནས་གུས་ཕྱག་འཚལཿ ཕྱི་ནང་གསང་བའི་མཆོད་ཚོགས་འབུལཿ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བསྟོདཿ ཉམས་ཆགས་འགལ་འཁྲུལ་མཐོལ་ཞིང་བཤགསཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ གསུམ་པ་བཟླས་བསྲོད་དངོས་གྲུབ་བླངཿ བསྡུ་རིམ་བསྔོ་སྨོན་བཀྲིས་སོཿ རང་གི་ཐུགས་ཀར་པར་ཉིའི་སྟེང་ཿ ཧཱུཾ་མཐིང་སྔགས་ཀྱིས་བསྐོར་བ་ལསཿ འོད་ཟེར་འཕྲོ་འདུས་དོན་གཉིས་བྱསཿ ཚུར་འདུས་ཐུགས་སྲོག་ལ་ཐིམ་པསཿ སྲིད་ཞིའི་སྤྱི་དཔལ་ཆག་ཏུ་བསམཿ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊཿ ཅེས་དང་ཧཱུཾ་བཟླས་ཅི་ནུས་བྱཿ རྗེས་ལ་མཅོད་ཅིག་བསྟོད་པའི་རྗེསཿ ཨོཾ་བཛྲ་པཱ་ཎི་ས་པཱ་རོི་ཝ་ར་ཀ་ཡ་ཝག་ཙིརྟ་སརྦ་སིདྡྷི་ཕ་ལ་ཧཱུཾཿ ཞེས་དང་། ཧཱུཾ་སྣང་སྲིད་སྣོད་བཅུད་འོད་དུ་ཞུཿ ཐུགས་སྲོག་ལ་ཐིམ་སྟོང་པར་ཡལཿ སླར་ཡང་ཕུང་ཁམས་སྐྱེ་མཆེད་དལཿ ཕྱག་ན་རྡོ་རྗེར་ལྷུན་གྲུབ་ཀྱིས་གྲུབཿ ཧཱུཾ་ཧཱུཾ་ཧཱུཾཿ ཞེས་དང་མཐར་སྡུད་སྤྱི་ལྟར་བྱཿ བཅོདམ་ལྡན་རྡོ་རྗེ་འཛིན་པ་ཡིཿ རྒྱུན་ཁྱེར་སྙིང་པོའི་བཅུད་བསྡུས་འདིཿ རོང་ཐའི་མཉྫུ་གྷོ་ཥ་ཡིསཿ བསྐུལ་ངོར་དྷོ་བླས་བྲིས་པ་དགེཿ རྡོ་རྗེ་ཕུར་པའི་དྲེགས་འདུལ་གནམ་ལྕགས་འཁོར་ལོའི་ལས་མཐའ་དམེ་བརྩེགས་ཀྱི་བདག་བསྐྱེད་རྒྱུན་ཁྱེར་བཞུགས། ༈ དལ་བརྩེགས་བདག་བསྐྱེད་ལ་བརྟེན་ནས་བསྟེན་པ་འདོད་པས་དང་པོ་སྐྱབས་སེམས་ནི། རང་རིག་ཀུན་བཟང་རང་གོ་མ་འཕྲོད་པར། །རྩ་གསུམ་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་མི་གཙག་དྲི་མའི་ཚོགས། །དག་བྱེད་ཁྲོ་རྒྱལ་དམེ་བརྩེགས་སྒོལ་པར་བྱ། ཞེས་ལན་གསུམ་སྐྱབས་སེམས་སྔོན་དུ་གྲུབ་རྗེས་རིག་པ་བྱང་ཅུབ་སེམས་ཀྱི་དཀྱིལ་འཁོར་དུ་ཀ་དག་གི་གསལ་ཆ་ལྷ་ལྡང་བ་ནི། སྐད་ཅིག་རིག་པ་ཧཱུཾ་གི་འཕྲོ་འདུ་ལས། །དམེ་བརྩེགས་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། །གཡས་དཀར་གཡོན་དམར་དབུས་མཐིང་དགོད་གཤེ་རྔམས། །གཡས་གསུམ་རྡོ་རྗེ་རྩེ་དགུ་རལ་གྲི་ཞགས། །གཡོན་གསུམ་དགྲ་སྟྭ་དྲི་ཤུལ་གནྡེ་བསྣམས། །ཞབས་གཉིས་གཡས་བརྐྱངས་ཉི་མའི་ལྟེ་བར་གནས། །གཡོན་བསྐུམ་ཟླ་བའི་སྟེང་ན་འགྱེངས་ཤིང་བརྗིད། །དུར་ཁྲོད་དཔལ་ཆ་ཡོངས་རྫོགས་མེ་དཔུང་འཚུབས། །ཐུགས་ཀར་ཧཱུཾ་མཐིང་རཾ་གྱི་ཚྭ་ཚྭ་ཅན། །དེ་མཐར་སྔགས་ཕྲེང་ལས་འཕྲོས་མེ་ཟེར་གྱིས། །བྱད་གྲིབ་དམེ་གྲིབ་རྩ་རླུང་ཉམས་པའི་གྲིབ། །བསྲེག་སྦྱངས་བ་སྤུའི་བུ་གར་ཁྲོ་ཆུང་དང་། །རྡོ་རྗེའི་ཚྭ་ཚྭ་མེ་དཔུང་སྟོང་གསུམ་འཁྱིལ། ཨོཾ་བཛྲ་བྷུར་ཁུང་མ་ཧཱ་པྲ་མ་ན་ཡེ་བྷུརྩི་བུར་ཁང་བྷི་མ་མོ་ཨུ་ཙུ་ཥྨ་ཀྲོ་ཏ་ར་ཛ། རང་སློབ་དད་ལྡན་ཙནྟ་ཀིརྟི་ཡིས། བགྱིས་པའི་དགེ་བས་འགྲོ་ཕན་མཆོག་འགྲུབ་ཤོག དགེའོ། དགེའོ། དགེའོ།

སྔོ་བའི་ཏོག་མར་ཡོན་བཤད་ཅུང་སྤྲོས་ན།།

༈ སྔོ་བའི་ཏོག་མར་ཡོན་བཤད་ཅུང་སྤྲོས་ན། འདི་ལྟར། སྦྱིན་པའི་བདག་པོ་ཁྱོད་རང་གི་ཐུགས་ལ་འདི་ལྟར་འཇོག་པར་མཛོད། དེའང་རྒྱལ་བུ་བསོད་ནམས་ཀྱི་རྟོགས་བརྗོད་ལས། ཚོགས་བསགས་པ་ལས་བདེ་བ་འབྱུང་། དེ་ཕྱིར་མི་ཡིས་བསོད་ནམས་བསག །དེ་ནས་ཡང་དང་ཡང་དུ་བསག དེ་ཉིད་ལ་ནི་བདུན་པ་བྱ། ཞེས་སུ་གསུངས་པས། འབྱོར་པ་དང་ལྡན་པའི་དུས་སུ་བསོད་ནམས་ཀྱི་ཚོགས་བསགས་པ་གལ་ཆེ་ཞིང་། བསགས་པ་དེ་ཉིད་ཡུལ་ཁྱད་པར་ཅན་དུ་འདུན་པ་བསྒྱུར་བ་གལ་ཆེ། དེ་ཡང་གང་དུ་བསྔོ་ན་རྫོགས་པའི་བྱང་ཆུབ་ཏུ་བསྔོ། ཆེད་དུ་བྱ་བ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ། གང་བསྔོ་ན་རང་བཞིན་གྱིས་དུས་སུ་བསགས་པའི་དགེ་བའི་རྩ་བ་བསྔོ་བས་བསྒྱུར་དུ་རུང་བ་རྣམས་སོ། རྣམ་པ་ནི། སྦྱིན་པ་པོ་དང་། ལེན་པ་པོ་དང་། སྦྱིན་པར་བྱ་བའི་རྫས་དེ་འཁོར་གསུམ་མི་དམིགས་པར་རྟོགས་པའི་ཤེསརབ་ཀྱིས་ཟིན་ཞིང་སྣང་ཆ་མ་དོར་བའི་ཐབས་ཀྱིས་བསྔོ། དེ་ལྟར་བསྔོས་པ་བརྟེན་ནས། བྲལ་བའི་འབྲས་བུས་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ། རྣམ་སྨིན་དང་བདག་གཔོ་འབྲས་བུ་བདེ་འགྲོ་བེ་ཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ། མཐུན་པའི་འབྲས་བུ་ཚི་འདི་དང་ཕྱི་མ་ལོངས་སྤྱོད་ཆེན་པོ་འབྱུང་ཞེས་སོགས་གསུངས་པ་དང་། སྟོན་པ་སངས་རྒྱས་ཀྱི་ཞལ་ནས། སྦྱིན་པ་པོ་ཡིས་ལེགས་པར་སྦྱིན། ལེན་པ་པོ་ཡིས་ལེགས་པར་ལེན། ཡོན་འབུལ་བསྔོ་བ་བྱེད། དེ་ལྟར་བྱས་ན་རྒྱུ་མི་ཟད་པའི་གཏེར་དུ་འགྱུར་ཞེས་གསུངས་པ་བཞིན། བསྔོ་བའི་མཐུན་འགྱུར་མཛད་པར་ཞུ། ཞེས་པའང་རྡོ་བླས་པའོ། མཆོག་དང་ནམ་ཡང་མི་འབྲལ་ཞིང་། ཚོམ་བུ་གཅིག་ཏུ་མགོན་པར་སངས་རྒྱས་ཤོག །ཅེས་པའང་རྗེ་བཙུན་ཛྙ་བའི་མིག་སོགས་དང་ལྡན་འགས་བསྐུལ་བ་ལས་འཁྲུལ་སྣག་ལ་ཤར་ཚེ་ཙམ་པོར་བཞག་ནས་མཁྱེན་བརྩེའི་ལྷས་སོ། སྐྱེ་འཕྲོ་གསོལ་འདེབས་མེ་ཏོག་ཕྲེང་བ་བཞུགས། ༄༅། །ན་མོ་ཤྲྀ་གུ་ར་ཝེ། བདེ་གཤེགས་སྙིང་པོ་ཀུན་བྱེད་རྒྱལ་པོ་ཡིས། སྲིད་ཞི་ཡོངས་ལ་ཁྱབ་ཕྱིར་རིགས་དྲུག་འགྲོ། ཀུན་བཟང་ཉིད་ལས་མི་གཞན་དེ་ཡི་ཕྱིར། འཁོར་འདས་གཉིས་མེད་རྟོགས་པས་ཕྱག་བགྱིའོ། ཨེ་མ་གདོད་ནས་རྣམ་དག་བྱང་ཆུབ་སེམས་ཉིད་དེ། དམྱལ་མེས་མ་ཚིག་ཏུས་མ་ཕོངས་ཤིང་། དུད་འགྲོས་མ་འཐོམས་བདུདསྡེས་མ་ཐུལ་བས། སྟོང་ཡས་པ། མངའ་རིས་པཎ་ཆེན་ཆོས་རྒྱལ་ཕུན་ཚོགས་རྗེ། བཀྲ་ཤིས་སྟོབས་རྒྱལ་འཛམ་གླིང་རྡོ་རྗེའི་གར། འཇིགས་མེད་གླིང་པར་བསྒྱུར་ལ༴ འདི་འོག་ཡེ་ཤེས་རྡོ་རྗེའི་རོལ་པ་ཡི། རྡོ་རྗེ་སྙིང་པོའི་རིང་ལུགས་སླད་ནས་སླར་གཤེ་ཞིང་བསྐུར་པ་འདེབས་པ་རྣམས་ཀྱི་དོན། སྤྲུལ་པ་སྣ་ཚོགས་སྟོན་ལ་གསོལ་བ་འདེབས། མདོར་ན་འོད་སྲུང་དྲུང་དུ་སེམས་བསྐྱེད་ནས། བྱང་ཆུབ་སྤྱོད་པ་རླབས་ཆེན་རྫོགས་པའི་མཐར། རྣམ་པར་རྒྱལ་བ་ཅན་དུ་འཚང་རྒྱ་བའི། འདུས་པ་དང་པོའི་འཁོར་དུ་སྐྱེ་བར་ཤོག །ཅི་མཛད་ལེགས་པར་མཐོང་བའི་དད་གུས་ཀྱིས། ཁྱོདཞལ་ཡིད་ལ་བྱེད་པ་ལ་གོམས་པས། བླ་མ་ཉིད་སྙིང་རྗེར་འབྲེལ་དེར་གསོལ་བ་འདེབས། དེ་ལས་མཆེད་པའི་སྒྱུ་མའི་རྣལ་འབྱོར་པ། གས་དུས་བསྐལ་བར་ལུང་བསྟན་རྡོ་རྗེ་དང་། སྐུ་གསུམ་ཞིང་དུ་མ་ངེས་སྣ་ཚོགས་གཟུགས། གཉིས་ལྡ་འོག་ཏུ་བྲི་ཟེ་དཔལ་རབ་ལྡན། བོད་རྗེ་སྙན་སལ་རྒྱལ་པོར་གསོལ་བ༴ ཁྲི་སྲོང་སྲས་གྱུར་མུ་རུམ་བཙད་པོ་དང་། །ཐུགས་རྗེ་ཆེན་པོའི་རྣལ་འབྱོར་བསྟན་མ་པ། དྭགས་སྟོད་སྔགས་འཆང་རྡོ་ཇེ་རབ་བརྟེན་ཞེས། བུདྡྷ་དཱི་སར་བཅས་ལ༴ ཚ་རོང་ཆུ་མཚོར་བཱ་གའི་ཡེ་ཤེས་དཔའ་ཆེ། ཡུལ་དེའི་དཔོན་བླ་སྙིང་པོ་སྣང་མཛད་པ། རྡོ་ཡུལ་སྟོད་དུ་སོ་སྐྱེས་འཕགས་པའི་ཚུལ། ཀུན་བཟང་གཞན་ལཕནས་དེར་གསོལ༴ གཞན་ཡང་དཀར་ནག་ལས་ཀྱི་ཚོས་སྣ་ཡིས། སྦགས་པའི་རང་གཟུགས་བརྗོད་པའི་མཐར་འདས་ཡང་། བྱང་སེམས་དངུལ་ཆུ་དམན་འདྲིས་མ་གོས་པའི། ཕན་བདེའི་རྩ་ལག་དེ་ལ་གསོལ༴ འདི་འོག་ཏིང་འཛིན་རྣམ་གསུམ་རོལ་སྩལ་ལས། སྐུ་གསུམ་སྟོན་པའི་ཕྲིན་ལས་ཕོ་ཉ་བ། སྣ་ཚོགས་འཕྲུལ་གྱི་བྱེད་པོ་ཕན་བདེའི་བདག ཕུན་ཚོགས་འབྱུང་གནས་དེ་ལ༴ དེ་ལྟར་གསོལ་བ་བཏབ་པའི་མཐུ་ནུས་ཀྱིས། སྐྱེ་བའི་ཕྲེག་བ་བླ་མ་དམ་པ་དང་། འབྲལ་མེད་རིམ་དགུའི་ཐེག་པར་ལོངས་སྤྱོད་ནས། ས་བཅུའམ་ལྔའིདཔལ་ཡོན་མཐར་ཕྱིན་ཤོག འདི་ཉིད་དབུ་མཛད་འཇིགས་མེད་ཆོས་དར་ཀྱིས་བསྐུལ་ངོར་བཀུན་བཟག་གཞན་ཕན་གྱིས་བྲིས་པ་ཀུན་ནས་ཀུན་ཏུ་དགེ་བར་གྱུར་ཅིག །།

༈ །ཞི་བའི་ཆོས།

ཡོང་གཞི་ལམ་འབྲུར་འུབ་ཆུབ་པ། ཐོག་མ་གཞི་ཡི་གནས་ལུགས་ཏེ། འཁོར་འདས་ཀྱི་ཐ་སྙད་མ་སྲིད་སྔོན། སྟོང་ཆེན་བློ་འདས་ཀྱི་གཤིས་ལུགས་ལ། འཁྲུལ་གྲོལ་ཞིག་ཡེ་ནས་མ་གྲུབ་པས། ནང་དབྱིངས་སྐུ་གསུམ་གྱི་བདག་ཉིད་ཅན། མཐའ་གྲོལ་ཀློང་ཡངས་ལྗོངས་པ་ཆེ། དེར་ལུང་ལྔས་རིགས་དང་བསྐྱོད་པ་ལ། གཞི་སྣང་མཆེད་པའི་ཡེ་ཤེས་ཞེས། ལྷུན་གྲུབ་སྒོ་བརྒྱད་ཀྱི་འཆར་ཚུལ་སྟེ། འདི་འཁྲུལགྲོལ་གཉིས་ཀྱི་སྤྱི་གཞིའམ། འཁོར་འདས་ཀྱི་ས་མཚམས་མིང་གིས་བསྒྲུབ། སྣང་བདག་གཞི་ཅི་ཡིན་ལུགས་དེར། རྟོག་དཔྱོད་ཀྱི་ཤེས་པ་མ་སྤྲོས་ཤིང་། སྐད་ཅིག་མ་གསུམ་གྱི་ནད་དབྱིངས་སུ། ཁྱད་ཆོས་དྲུག་གིས་འཕགས་པས་ན། ཀུན་ཏུ་བཟང་པོའི་གྲོལ་ལུགས་ཞེས། ཐུགས་རྗེ་རིག་པའི་ཤེས་རབ་དེ། སྐུ་དག་ཡེ་ཤེས་སུ་ཡོངས་སྨིན་པས། དབྱིངས་ལ་གཡོ་བ་མ་མཆིས་ན། གདུལ་བྱའི་དོན་ལ་རྒྱུན་མེད། ༈ །ཡོད་མ་རྟྶྣྱ་སེམས་ཅན་འཁྲུལ་བའི་གཞི། རླུང་རིག་གཡོས་པའི་རྩལ་སྣང་ལ། དེར་འཛིན་གྱི་རྣམ་དོག་མཆེད་པའི་རྡུལ་བདག་ཉིད་གཅིག་པའི་མ་རིག་སོགས། རྒྱུ་གསུམ་དང་རྐྱེན་བཞིས་འཁོར་ལ་བསྒྲུབ། ༈ དེར་བག་ཆགས་ལུས་ཀྱི་ཀུན་གཞི་ལ་ཚོགས་བརྒྱད་ཀྱི་རྒྱུས་སོ་སོར་སྨིན། ལམ་དུས་སུ་ཐབས་མཁས་རྟེན་འབྲེལ་ཀྱིས། གཞིགདེགས་སྙིང་པོ་དྲི་བཅས་ཅན། རིག་སྟོང་རྗེན་པའི་གཤིས་སུ་དག །མཐའ་བརྒྱས་སྤྲོལ་མིན་ལུགས་དེ། བྱར་མེད་ལྷུག་པར་བཞག་པའི་འབྲས། གཞི་ཀ་དག་དོན་གྱི་གྲོལ་ས་ཆེ། དག་པ་གཉིས་ལྡན་གྱི་གྲོང་འཁྱེར་ན། འདོལ་ཟུག་དུ་འཇུག་པའི་འཚེ། སྐུ་གསུམ་ཡན་ལག་བདུན་ལྡན་གྱི། རྒྱུས་གཞོན་ནུ་བུམ་སྐུའི་ཀློང་། །མངོན་བྱང་ཆུབ་ལ་མཐུག་གིས། འབྲས་བུ་ཡེ་གྲོལ་ཆེན་པོ་ཞེས། གཞི་འབྲས་དབྱེར་མེད་ཀྱི་གོ་འཕང་སོགས། སྤྱིར་སྤྲོས་པའི་ལམ་ལ་མཐའ་མེད་ཀྱང་། མདོར་རིག་དང་མ་རིག་ཁྱད་པར་ལ། འཁོར་འདས་གཉིས་ཀྱི་ཐ་སྙད་གྲུག །ཐ་སྙེད་རྟོག་མེད་རྡོ་རྗེ་ཡིས། བཤེག་ལ་ཡེ་ནས་ཡོངས་གྲུབ་ཀྱི། འབྲས་བུ་རྒྱུ་བཞག་ཀྱང་བླ་དྭགས་ཙམ། ༈ དོན་ཧྲིལ་གྱིས་དྲིལ་ན་འདི་ལྟ་སྟེ། བལྟར་མེད་ཀྱི་ལྟ་བ་རྟོགས་པའི་ཚེ། མུལ་མེད་སྒོམ་གྱི་གནད་མཚང་གོ། སྤྱོད་པ་ལ་བླང་དོར་མ་མཆིས་ན། རེ་དྭོགས་བྲལ་བའི་འབྲས་བུས་ཞེས། བླ་མ་ཀུན་དང་གཞན་ཕན་གསུངས། དྭེ་དོན་ཕྱིར་རང་ཉམས་ལ་བསྡུར་ན། རྒྱུད་ལུང་དང་མན་ངག་ཀུན་གྱི་གནད། སེམས་བྲལ་རིག་པའི་གནས་ལུགས་ཞེས། ཡེངས་སྒོམ་ལས་འདས་པའི་ཆོས་ཉིད་ཞལ། གཏད་མེད་རང་ལོ་དུ་གས་ཙམ་ན། གཞིན་འཁོར་འདས་ཆོས་འདུས་མ་བྱས་པའི་དབྱིངས། ལམ་གསལ་དྭངས་ཕྱེད་པའི་ཡེ་ཤེས་ལ། མ་བཙལ་ལྷུན་གྲུབ་ཀྱི་འབྲས་བུས་རྫོགས། བཅིང་གྲོལ་ལས་འདས་པའི་ཆོས་ཉིད་འདི། ཕ་བླ་མའི་དྲིན་གྱིས་ཁོ་བོས་མཇལ། དུས་དེ་རིག་སྐྱབས་མྱོན་ཆོས་རྗེའི་དྲུང་། མཆོད་འབུལ་གྱི་ཚལ་དུ་དབྱངས་ལ་བསྟར། དགེ་བ་དེས་མ་རྟོགས་འགྲོ་བའི་ཁམས། ཡོངས་གདོད་མའི་མགོན་དག་རོ་གཅིག་ཤོག་ཅེས་པས་རྫོགས་ཆེན་སྤྲུལ་པའི་སྐུ་རིན་ཆེན་པས་ལྟ་སླས་ཀྱི་སྐྱེས་དང་བཅས་ཏེ་གཞི་ལམ་འགྲུའི་མགུར་མ་ཞིག་བྲིས་ཞེསགནང་བར་ཐོགས་མེད་དུ་མཆོད་དབྱངས་སུ་འབུལ་བའི་ལམ་འཇིགས་མེད་སྐལ་བ་བཟང་པོ་སྟེ་ཡོངས་ལ་དགེ་བར་གྱུར་ཅིག་བདུན། ༈ ཀ་ཡི་གསོན་དག་འདིར་འདུས་སྐལ་ལད་ཀུན། །ཁ་ཡེངས་མིག་ཡེངས་སྤོངས་ལ་ཡིག་དྲུག་གསུངས། །ག་ནས་སམ་ཀྱང་འཆི་ཆོས་བསྒྲུབ་སྙམ་པ། །ང་ཡི་བླ་མ་ཐུགས་རྗེ་ཆེན་པོ་སྒོམ། །ཅ་ཅོའི་ལུང་གཏམ་སྐྱུངས་ལ་ཆོས་བསྒྲུབ་ན། །ཆ་མེད་བར་དོའི་འགལ་ལ་བློ་བདེ་ཡོད། །ཇ་དར་གསེར་དངུལ་ནོར་གྱིས་ཕྱུགས་ན་ཡང་། །ཉ་བཞིའི་འཁོར་བའི་བརྒྱར་སོག་ནས་དགོས་སམ། །ཏ་ཐཱ་ག་ཏས་བསྟོད་བསྔགས་བརྗོད་པའི་ཡུལ། །ཐ་དམ་འགྲོ་བའི་བླ་མའི་ཐུགས་རྗེའི་གཏེར། །ད་ལྟ་བྱ་བྲལ་ཁོ་བོའི་དད་པའི་མཚོར། །ན་རཀཱ་སྡུལ་སྐྱོབ་ཕྱིར་མགྲོན་དུ་སྣང་། །པཱ་པི་སྡིག་དང་སྡུག་བསྔལ་བསགས་པའི་ཁར། །ཕ་མའི་སེམས་ཅན་འདི་ཚོ་གསོད་ཕོད་དམ། །བ་བཞིན་རྨོངས་པའི་སེར་སྐྱ་ཁྱོད་ཅག་ཚོས། །མ་ཤ་ཟོས་པའི་རྣམ་སྨིན་དམྱལ་བར་འཇིགས། །ཙ་རའི་ལྕེ་བཞིན་གཞན་ལ་སྒྲོ་སྐུར་མཁན། །ཚ་གྲང་དམྱལ་བའི་ཀློང་ན་འོ་རེ་བརྒྱལ། །ཛ་ཡ་གོང་མའི་གསུང་ལ་ཡིད་ཆེས་ཀྱིས། །ཝ་བཞིན་འཁོར་བའི་གལ་ལ་བྲོས་དགོས་སོམ། །ཞ་མོ་མགོ་ལ་གྱོན་བཞིན་དཀོན་མཆོག་གསུམ། །ཟ་འཆག་ཉལ་ལུག་ཀུན་ཏུ་བསྒོམ་ནུས་ན། །འ་འོལ་སྙན་པའི་དབྱངས་ཀྱི་རོལ་མོ་ཡིས། །ཡ་མནྟ་ཀར་མི་སྐྲག་ལུང་སྟོན་འགྱུར། །ར་ཤིང་རྡོ་བཞིན་ཤེས་རྒྱུད་མ་གྱོང་པར། །ལ་ལ་ཙམ་མིན་དག་སྣང་ཀུན་ལ་སྦྱངས་སོ། །ཤ་ཚ་རང་ལ་ཡོད་ན་སྡིག་པ་སྤོངས། །ས་གསུམ་ཞིག་ཀྱང་མ་ཎིའི་ཁ་འདོན་རིམ། །ཧ་ཅང་འཆི་ག་དྲན་ན་ལྷ་ཆོས་འགྲུབ། །ཧ་བགད་ཀུ་རེ་སྐྱུར་ལ་ཡིག་དྲུག་སུང་། །ཨ་རོག་ཁྱེད་ཚོ་འདུ་འཛིས་གཡེང་ལུགས་ལ། །ཨ་ཙིའི་དམྱལ་བ་དྲན་ཚོད་མི་འདུག་ཀྱང་། །ཨ་བགླང་མགོས་འབོད་པ་ཐོན་གྱུར་ཚེ། །ཨ་བུའི་འགྲོ་རོགས་ཡེ་གེ་དྲུགའམ་ཡིན། །ཨ་དགའ་དད་པ་ཅན་གྱི་ཡོན་བདག་ཚོམ་ཨ་ཏིའི་རྣལ་འབྱོར་མ་ཡིད་ཆེས་ན། །ཨ་དོན་ཡི་གེ་དྲུག་མ་རྟག་བཟླས་དང་། །ཨ་མིར་བྷའི་ཞི་སུ་སྐྱེ་བར་ངེས་པ་ཞེས་པའང་ཡེ་ཤེས་རྟོགས་སོ། ༈ །ཕལ་མོ་ཆེ་ལས། ཇི་ལྟར་ལོན་པའི་རོལ་མོ་མཁན། །གཞན་དག་དེ་ཡིས་དཔལ་ཕྱེད་ཀྱང་། །རང་ཉིད་ཀྱིས་ནི་མི་ཐོས་ལྟར། །མ་བསྒོམ་ཆོས་ཀྱང་དེ་དང་འདྲ། །ཇི་ལྟར་མ་ཉན་པ་མཁས་པ་ཡིས། །ཕྲོལ་གཞན་རྣམ་ཤེས་སྒྲོལ་གྱུར་ཡང་། །རང་ཉིད་དེ་རུ་འཆི་བ་བཞིན། །མ་སྒོམ་ཆོས༴ ཇི་ལྟར་སྐོམ་ལ་གདུང་བ་དག་ཆུ་ནི་མཐོང་དང་ཐོས་པ་ཡིས། སྐོམ་པས་གདུང་བ་མི་སེལ་བཞིན། །མ་སྒོམ་ཆོས་ཀྱང་དེ་དང་འདྲ། ཞེས་སོ། །༈ འཁོར་ལོ་གཉིས་ནི་བུམས་ལས་ཀྱི་འཁོར་ལོ་དགེ་འདུན་སྤྱི་ལས་ལ་ངན་གཡོ་མེད་པ་སྒྲུམས་བསྟ་མ་གྱི་སོ་སོར་བསྐྱེད་རྟགས་བསྒོམ་པ། ཀློངས་པ་ཐོས་བསམ་གྱི་འཁོར་ལོ་ཉན་བཤད་ཁ་འདོན་ནོ། །༈ ཧེ་རུ་ཀ་གལ་པོའི་རུས་ལས་གསོན་པོའི་དུས་ན་དགེ་བ་ཆེན་པོ་བྱས་པ་ཕས། གཤིན་པོའི་དུས་ག་དགེ་བ་ཆུང་ངུ་ཕན་པ་ཆེའོ་ཞེས་སོ། །ལྟ་སྒོམ་སྤྱོད་པའི་གནད་གོ་བདེ་བར་བཞུགས། ལྟ་བ་དྲི་མེད་ནམ་མཁའི་ཀློང་། སྒོམ་པཉི་མའི་འོད་ཟེར་ཤར། སྤྱོད་པ་དུས་ཚོད་དང་འབྲེལ་བའི། བློ་གྲོས་མཆོག་ལྡན་དེ་མ་འདུད། ལྟ་བ་ཐོས་པས་གཏན་འཕེལ་ཚེ་ལུག་དང་རིག་པའི་བཤད་སྦྱར་དགོས། སྒོམ་པ་མྱོང་བས་གཏན་འབེབས་ཚེ། སེམས་དང་རིག་པའི་ལ་ཤན་ཕྱེ། སྤྱོད་པ་ཚུལ་ཁྲིམས་རྣམ་པ་གསུམ། ལམ་ལྔའི་རྒྱུད་ཙོད་དག་དང་སྦྱོར། ད་ནི་དེ་དག་གི་དོན་སྒོམ་པས་ཀུ་པུ་ལུ་པ་ཐོས་པ་ཉུང་ངུ་དགི་གོ་བདེ་བར་བཤད་ན། ལྟ་བ་ཟིར་བ་དེ་ཏང་གི་སེམས་ལྷོད་དེ་བཞག་ཙ་ན། འདི་ཡིན་དང་འདི་མིན་གྱི་རྩིས་གདབ་མེད་ལ། གཉིད་སུ་སོང་བའམ་བརྒྱལ་བ་ལྟུ་ཡང་མ་ཡིན་ལ། རིག་པ་དངས་པ་ལ་ངོ་བོ་ཉིད་མེད་པ། གུས་ཡངས་པ་ཐ་མལ་དུ་མ་ཤོར་བ། ཚིག་གིས་སྨྲ་རུ་མི་བརྒྱུག །བློས་བསམ་དུ་མེད། གྲུབ་མཐའི་ཁས་ལེན་གྱི་བརྗོད་བྱས་མཐུག་པའི་འདི་ལྟ་བ་ཡིན། དེའི་དུ་མི་ཡོངས། མི་སྐོམ། རང་ངོ་ཤེས་པ་ལ་ཤིས་ཉོམ་པའི་བཅོས་བསླད་མ་ཞུགས་པ་དེ་དྲན་པའི་རྒྱུན་སྐྱོང་བ་ལ་སྒོམ་ཟེར། སྤྱོད་པ་ནི་བཟང་གོལ་དགའ་ནས་བསྒྲུབ་ཏུ་མེད། ངན་ལས་སྐྱོ་ཤས་དགག་ཏུ་མེད། རང་བབས་ཤུགས་འབྱུང་བླང་དོར་མེད་པ་དེ་ཡིན་ཡང་དང་པོའི་ལས་ཅན་གྱི་དི་མི་དུ་ཅང་མི་ལྷ་ཚོགས་པས་ལས་འབྲས་ལ་གུས་པ་མི་ལྷོད། ཨ་འཐས་ཀྱང་མི་བྱེད། བྱམས་དང་སྙིང་རྗེ་ལ་སོགས་པའི་ཚད་མེད་པ་བཞི་པོ་བྱང་ཆུབ་སེམས་ཀྱི་རྒྱུ་མ་ནོར་བ་ཡིན་པས་རྗེས་བསྔོ་བ་རྒྱུ་དེ་དང་མ་བྲལ་བ་བྱས་པས་བསོད་ནམས་ཀྱི་ཚོགས་རྫོགས་པ་ཡིན་རྣམ་རྟོག་སེམས་ཀྱི་རང་རྩལ་ཡིན་པས་ཤར་བ་དག་ཀྱང་མི་དགག །དེའི་རྗེས་སུ་མི་མནོ། མི་བསོད་དེ་ལ་བརྟག་དཔྱད་མི་བྱེད། ཤར་ཁུངས་ལ་བལྟས་པས་སྐྱེ་བ་མིད་པ་ཟིར་ཏེ་སྟོང་པའི་ངང་ནས་ཤར་བ་ཡིན་ཕྱིར་སྤྲིན་ནམ་མཁའ་ལ་དངས་པ་བཞིན་རང་ལམ་དུ་འགྲོ། ཤར་བའི་ཡུལ་ལ་ཕར་བལྟས་ན་ཕུང་པོ་ལྔ་དང་ཚོགས་དྲུག་གི་རྗེས་སུ་འགྲོ་བས་འཁྲུལ་པའི་གཞི་རྩ་མི་ཆོད། འུབས་ཀྱིས་དྲིལ་ན། སྒོ་ཆེན་ཏན་ཀྱིས་དྲན་པ་གཅིག་པུ་ལྟ་སྒོམ་སྤྱོད་པ་གསུམ་གའི་ཆོ་ཆོད་པ་མཛདོ་འབྲི་གིས་གསལ་སྟོང་གི་ངོ་བོ་དྲན་པའི་བྱ་རས་སྐྱོངས། ཐེ་མ་ལས་དང་པོ་རྣམས་ནི། ང་མ་ཡིངས་བྱེད་སྙམ་པའི་ངང་ནས་གསལ་སྟོང་དི་ལྟ་བ་ཡིན། དེ་མ་བརྗེད་པའི་དྲ་པའི་སྒོམ་པ་ཡིན། ཚུལ་འཆོས་དངོ་ངོ་ལྐོག་མེད་པའིབྱ་བ་ལ་འཛིན་པ་མ་ཞུགས་པ་དེ་སྤྱོད་པ་ཡིན། རང་ངོ་ཤིས་པ་ལྟ་བ་ལགས༈ །བརྗེད་པ་མིད་ན་སྒོམ་པ་ལོས། །ཆོས་དང་མཐུན་པ་སྤྱོད་པ་ཡིན། །ཞེས་པའང་འབྲི་གུང་མཐིལ་བུ་རི་པ་རྣམས་ལ་ཕོན་པའི་སེམས་ཀྱི་རྒྱུ་ཚོད་མཐུན་པ་རྫོས་ཆེན་པ་རང་བྱུང་རྡོ་རྗེས་སོ། །༈ ཆོས་ཉིད་བར་འདོ་ཡི་གི་དྲུག་པའི་སྒྲ་གསུངས་པ་དེ་གང་ཞི་ན། ལོང་སྐུ་ཡབ་ཡུམ་གྱི་ལྗགས་ལས། ཆོས་ཉིད་སྤྲོས་པ་དང་བྲ་བའི་སྒྲ། ཨ། གཟུད་འཛིན་གཉིས་སྣང་དག་པའི་སྒྲ། ཧ ཆོས་ཉདི་རང་བྱུང་ན་སྒྲ། ན ཤེས་རབ་འགགས་པ་མེད་པའི་སྒྲ། ས། ཆོས་ཉིད་འགྱུར་བ་མེད་བའི་སྒྲ། མ། ཆོས་ཉིད་མཉམ་པ་ཉིད་ཀྱི་སྒྲས་སྲུང་གོ ད། ཞེས་པའང་། རྒྱལ་བ་ཀློང་ཆེན་པའོ། ༄༅། །སྐྱེས་མཆོག་རྡོ་རྗེ་ལེགས་པའི་གསོལ་མཆོད་ཡིད་བཞིན་དབང་རྒྱལ་བཞུགས། །མཆོད་གཏོར་ལྟར་བཤམས་ཤིང་། རམ་ཡམ་ཁམ་གིས་བསྲེགས་གཏོར་བཀྲུས། ཨོཾ་ཨཱཿ་གིས་སྦྱངས་སྤྲེལ་བསྒྱུར་ནས་འདི་སྐད་དོ། ཀྱཻ། གཞི་དབྱིངས་སྤྲོས་བྲ་དེ་བཞིན་ཉིད། གཞི་སྣང་ལྷུན་གྲུབ་རང་གདངས་ལས། །གཞི་རྩ་བཅོམ་རྡོ་རྗེ་འདིན། །མ་རུང་འཇོམས་ཕྱི་དྲེགས་ནི་སྐུར། །ཡོངས་བཞེངས་བཛྲ་ས་དྷུ་རྩལ། ཡབ་ཡུམ་འཁོར་དང་ཡུལ་པར་བཅས། ཐུགས་དམ་དབང་གི་འདིར་གཤེགས་ལ། དགྱེས་པའི་གདན་ལ་བག་ཕེབས་པར། བརྟེན་པར་བཞུགས་ལ་དངསོ་འབྱོར་དང་། ཡིད་པྲུམ་མཆོད་པའི་ཚོགས་ཀུན་བཞེས། བརྟེན་རྫས་བསྒྲུབ་རྫས་བསྐང་རྫས་ཀྱིས། བསྐང་ངོ་མཆདོ་དོ་མངའ་གསོལ་ལོ། །ཉམས་ཆག་འགལ་འཁྲུལ་མཐོལ་ལོ་བཤགས། །སྲིད་དཔལ་ཞི་ཆགས་ཁྲོ་བོ་ཡིས། །ཡོན་ཏན་གནས་ལ་དད་པའི་བསྟོད། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། མཐུ་སྟོབས་ནུས་པས་བདག་སོགས་སྐྱོགས། གང་བཅོལ་ཕྲིན་ལས་ཡོངས་འགྲུབ་ཅིང་། །གཞི་ལས་བདེ་སྐྱེ་ཕུན་ཚོགས་ལྡན། །བྱེས་སུ་འཇིགས་བྲ་དོན་ཀུན་འགྲུབ། མ་རོ་ན་ལུགས་ཟུངས་དཔལ་ཡོན་སྟོབས། །གོང་ནས་གོང་འཕེལ་བསྟན་དང་འགྲོགས། ཕན་བདེ་རྒྱ་ཆེན་སྦྱོར་ནུས་མཛོད། ཅེས་པ་འདི་ཉིད་དད་དམ་ཐོས་པའི་ནོར་ལྡན་བླ་མ་འཇིགས་མེད་བླ་མ་གསལ་རྡོ་རྗེའི་རོ། །རྡོ་བླ་རྡོ་རྗེ་གཞོན་ནུས་བྲིས་པ་བསྟན་འགྲོར་ཕན་པར་གྱུར་ཅིག།


previousདམ་ཆོས་བདེ་ཆེན་ལམ་ལམ་མཆོག་ལསཿ ལག་ན་རྡོ་རྗེའི་རྒྱུན་ཁྱེད་སྙིང་པོའི་བཅད་སྡུས།next