Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
  expand section
   
བྱང་ཆུབ་བསྔོ་བའི་ཐབས་མཆོག་རྣམ་མཁྱེན་ལམ་བཟང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབྱང་ཆུབ་བསྔོ་བའི་ཐབས་མཆོག་རྣམ་མཁྱེན་ལམ་བཟང་།next

བྱང་ཆུབ་བསྔོ་བའི་ཐབས་མཆོག་རྣམ་མཁྱེན་ལམ་བཟང་།

བྱང་ཆུབ་བསྔོ་བའི་ཐབས་མཆོག་རྣམ་མཁྱེན་ལམ་བཟང་བཞུགས།། ཕྱོགས་བཅུ་དུས་གསུམ་ཡི་རྒ་བ་སྲས་དང་བཅས་པའི་སྤྱི་གཟུགས་ཏྲིན་འབྲེལ་རྩ་བའི་བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །དེ་ཡང་སྦྱོར་བ་སེམས་བསྐྱེད་དམ་པ་དང་། དངོས་གཟི་མིགས་མེད་མ་པ། རྗེས་ལ་བསྒོ་བ་དམ་པ་གསུམ་པོ་འདི་ནི་བྱང་ཆུབ་ཀྱི་ལམ་དུ་འགྲོ་བའི་མིག་དང་སྙིང་དང་རྐང་བ་ལྟ་ནུ་ཡིན་པས་སེམས་གཟན་དུ་མ་ཡེངས་པའི་ངང་ནས་འདི་བཞིན་བརྗོད། འོ་སྦྱིན་པའི་བདག་པོ་ཁྱེད་རང་གི་སེམས་ལ་འདི་ལྟར་འཇོག་པར་མཛོད། ཇི་སྐད་དུ་མོད་ལས། ཚོགས་བསག་ལས་བདེ་བ་འབྱུང་། དེ་ཕྱིར་མི་ཡིས་བསོད་ནམས་བསག །དེ་ནས་ཡང་དང་ཡང་དུ་བསག །དེ་ཉིད་ལ་ནི་འདུན་པར་བྱ། ཞེས་གསུངས་པས་འབྱོར་བ་ཡོད་མེད་ལ་མ་ལྟོས་པར་རགས་གི་ནུས་ཚོད་ཀྱི་བསོད་ནམས་ཀྱིས་ཚོགས་བསག་པ་གལ་ཆེ་ཞིང་། བསག་པ་དེ་ཉིད་བླ་མེད་ཀྱི་བྱང་ཆུབ་ཏུ་བསྔོ་སྨོན་གྱི་རྒྱས་འདེབས་བྱེད་པ་གལ་ཆེ་སྟེ། སྟོན་པས་སངས་རྒྱས་ཀྱི་ཞལ་ནས། སྦྱིན་པ་པོ་ཡིས་ལེགས་པར་སྦྱིན། ལེན་པ་པོ་ཡིས་ལེགས་པར་བྱ། ཡོན་འབུལ། བསྔོ་བ་བྱ། དེ་ལྟར་བྱས་ན་རྒྱུ་མི་ཟད་པའི་གཏེར་ལ་ལོངས་སྤྱོད་པར་འགྱུར་རོ། །ཞེས་དང་། སློབ་དཔོན་ཆེན་པོས། དང་པོ་མི་རྟག་པ་ནི་ནན་ཆེར་སྒོམ། བར་དུ་སྐྱབས་འགོར་སེམས་བསྐྱེད་རེམ་ལ་གྱིས། རྗེས་ལ་བཤོ་བ་སྨོན་ལམ་རྒྱ་ཡིས་ཐོབ། ཅེས་དང་། གྲུབ་པའི་ཁྱུ་མཆོག་ཏེ་ལོ་པས། སྣང་བ་རྟེན་ཅིང་འབྲེལ་འབྱུང་བ། དོན་སྐྱེ་བ་མེད་པར་མ་རྟོགས་པགས། ཚོགས་གཉིས་ཤིང་རྟའི་འཁོར་ལོ་དང་། འབྲས་བར་མ་བྱེད་ན་རོ་པ། ཞེས་དང་། རྗེ་བཙུན་དབང་ཕྱུག་མི་ལ་རས་པས། རི་ལ་སྡོད་པའི་སྒོམ་ཆེན་དང་། འཚོ་བ་སྦྱོར་བའི་ཡོན་བདག་གཉིས། སངས་མཉམ་དུ་རྒྱ་བའི་རྟེན་འབྲེལ་ཡོད། རྟེན་འབྲེ་གྱི་སྙིང་པོ་བསྔོ་བ་ཡིན། རྗེས་བསྔོ་བ་འདི་ལ་ནན་ཏན་མཛོད། ཞེས་དང་། མཉམ་མེད་དགས་པོ་རིན་པོ་ཆེས། བདག་སྔོན་བསོད་ནམས་བསགས་པ་གཅིག་ཡིན་ཀྱང་། རྒྱུ་བར་མ་དེ་ཏུ་ཆུ་ཟོས་པས། །དུས་ད་རུང་བྱང་ཆུབ་མ་ཐོབ་པ། །གནས་བསྒོ་བ་མ་ཤེས་གཅིག་པོས་ལན། །རྗེས་བསྔོ་བ་འདི་ལ་ནན་ཏན་མཛོད། །ཞེས་པ་ལ་སོགས་ལུང་མང་ངོ་། །དེ་ལྟར་བསྒོ་ན་དོན་འབྲལ་གང་ཐོབ་སྙམ་ན། །བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། །ཇི་ལྟར་ཆུའི་ཐིགས་པ་གཅིག་རྒྱ་མཚོར་ལྷུང་ན། །རྒྱ་མཚོ་མ་སྐམས་ཀྱི་བར་དུ་དེ་མི་འདད་པ་ལྟར། །དགེ་རྩ་ཆེ་ཆུང་གང་ཡིན་ཀྱང་བྱང་ཆུབ་བསྔོ་བས་རྒྱས་ཐེབས་ན་བྱང་ཆུབ་མ་ཐོབ་ཀྱི་བར་འཛད་པར་མི་འགྱུར། ཞེས་གསུངས་པ་ལྟར་བསླབ་པ་གསུམ་དང་ལྡན་པའི་དགེ་འདུན་པ་རྣམས་བསྔོ་བའི་མཐུན་འགྱུར་ཐུགས་ལ་འདོག་པར་ཞུ། ཞེས་པ་ལྟར་ལགས་ཀྱང་། སྲོས་པ་སྐྱུང་ན་འདི་མན་གྱི་ཆོག །ན་མོ་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་མཆོག་གསུམ་རྩ་གསུམ་དམ་ཅན་སྲུང་མ་སོགས་སྐྱབས་གནས་རེ་ལྟོས་ཀྱི་ཡུལ་དུ་གྱུར་པ་ཐམས་ཅད་དང་། དྲང་སྲོང་སྨོན་ལམ་བདེན་ཚིག་གྲུབ་པའི་ཚོགས་དང་བཅས་པ་རྣམས་སྦྱིན་པའི་བདག་པོའི་གསོན་པོ་ཚེ་དང་ལྡན་པ་རྣམས་དང་། གཤིན་པོ་དུས་ལས་ཡོལ་བའི་ཚོགས་དང་བཅས་པ་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་གཟིགས་ཤིང་དགོངས་སུ་གསོལ། བདག་དང་སྦྱིན་པའི་བདག་པོས་ལྷག་བསམ་རྣམ་དག་གིས་བསྒྲུབས་པས་དགེ་བའི་རྩ་བ་འདིའི་མཚོན། དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཇི་སྙེད་ཡོ་པ་ཐམས་ཅད་གཅིག་ཏུ་བསྡུ་ཤིང་བཟླུམ་ཏེ་བསྡོམ་ནས་དྲིན་ཅན་ཕ་མ་གཉིས་དང་དགྲ་བགེགས་གཉིས་ཀྱི་གཙོས་འཇིག་རྟེན་བདུན་དུ་ཡང་ཡང་འཁོར་བའི་སེམས་ཅན་ཐམས་ཅད་གཅིག་ཀྱང་མ་ལུས་པ་མྱུར་བ་ཉིད་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་བ་ཉིད་དུ་ཐོབ་པའི་རྒྱུར་ཡོངས་སུ་བསྔོ་བར་བགྱིའོ། །དེ་ལྟར་འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བ་རྒྱ་ཆེན་པོ་ལ་བརྟེན་ནས་སྟོན་པ་འཇིག་རྟེན་གསུམ་གྱི་སྒྲོན་མེའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གསན་པར་གྱུར་ཅིག །རྒྱལ་བསྟན་རིན་པོ་ཆེ་གཏད་རབས་བདུན་དང་འཛམ་བུའི་ལྒིང་གི་རྒྱན་དྲུག་མཆོག་གཉིས་རྣལ་འབྱོར་དབང་ཕྱུག་བརྒྱ་ཅུ་རྩ་བཞི། ཤམྦྷ་ལའི་ཆོས་རྒྱ་རིགས་ལྡན་རིམ་བྱོན་བོད་ཀྱི་མེས་དབོན་རྣམས་གསུམ་རྗེས་འབངས་ཉེར་ལྔ། སོ་ཟུར་གནུབས་གསུམ། མར་མི་དྭགས་གསུམ། ས་དགེ་ཞི་གཅོད། ཀད་པར་བསྟ་ས་རྒྱ་མཚོའི་མངའ་བདག་རིག་འཛིན་འཇིགས་མེད་གླིང་པ་སོགས། བསྟན་འཛིན་གྱི་སྐྱེས་བུད་མ་པ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པ་རྣམས་ཀྱི་ཐུགས་འགོངས་ཡོངས་སུ་རྫོགས་པར་གྱུར་ཅིག །ད་ལྟ་མངོན་སུམ་དུ་འཚོ་ཞིང་གཞེས་པའི་མདོ་སྔགས་ཀྱི་བསྟན་འཛིན་དམ་པ་གང་དག་ཇི་སྙེད་བཞུགས་པ་ཐམས་ཅད་འཆི་མེད་མགོན་པོའི་རྣམ་རོལ་ཏུ་ཞབས་སད་བརྟན་བཞིན། བྱ་བ་ལས་ཀྱི་འཁོར་ལོ་དང་། ཀློག་པ་ཐོས་བསམ་གྱི་འཁོར་ལོ། སྤོང་བ་བས་གཏན་གྱི་འཁོར་ལོར་སྟེ། འཁོར་ལོ་གསུམ་དང་འབྲེལ་བའི་རྣམ་ཀར་དགེ་བའི་མཛད་པ་དང་། ལས་བཞི་དང་ལས་རབ་འབྱམས་ཀྱི་ཕྲིན་ལས་ཐམས་ཅད་བསྡུ་བ་རྣམས་པ་བཞིས་དང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ཅུང་ཟ་ཙམ་ཡང་མི་འགལ་ཞིང་ཤིན་ཏུ་མཐུན་པའི་སྒོ་ནས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེ་རྒྱུན་མི་འཆད་པ་བྱེད་ནུས་པར་གྱུར་ཅིག །རྒྱལ་བསྟན་རིན་པོ་ཆེའི་སྒོར་གསར་དུ་ཞུགས་ནས་བཀའ་རྟག་ཕྱག་རྒྱ་བཞི་ལ་ཡི་དམ་དུ་བྱེད་པའི་ལས་དང་པོ་བ་རྣམས་རང་རང་སོ་སོའི་དབང་སྐལ་དང་མཐུན་པའི་ལམ་ཡང་དག་པ་ལ་ཞུགས་ནས་ས་བཅུད་དང་ལམ་ལྔའི་དཔལ་ཡོན་མཐའ་དག །གསང་སྔགས་རྡོ་རྗེའི་ཐེག་པའི་ཡང་རྩེ་མ་ཧཱ་མུ་ཏྲ་དང་རྫོགས་པ་ཆེན་པོའི་ལམ་ལྟར་མྱུར་དུ་བགྲོད་པ་བྱ་ཁྱུད་གི་རླབས་ཀྱིས་ལྷ་ལམ་ཐོགས་མེད་དུ་འགྲོད་བཞིན་གྱུར་ཏེ་རྒྱལ་བ་སྐུ་གསུམ་ཡི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག་འཇིག་རྟེན་ཁམས་ཀྱི་རྒྱལ་པོ་དང་རྒྱལ་ཕ་མི་དཔོན་སོགས་བཙན་ཕྱུགས་ཁེ་དྲེགས་ཀྱིས་རྒྱགས་པས་ཁེངས་ཤིང་རྒྱལ་བ་རྣམས་ཀྱང་རང་རང་གི་དཔལ་དང་ལོངས་སྤྱོད་ཀྱིས་ཆོག་ཤེས་ཤིང་ཆོས་དགེ་བ་བཅུད། མི་ཆོས་གཙང་མ་བཅུ་དྲུག་དང་འབྲེ་བའི་རྣམ་དཀར་ལ་སྤྱོད་བཞིན་འཁོར་འབངས་བྱམས་བརྩེས་སྐྱོང་བ་མ་བུ་འབྲེལ་བཟངས་ཀྱིས་བརྩེ་གདུང་ལྟར་ཞི་དེས་ཀྱིས་བསམ་སྤྱོད་དང་ལྡན་པར་ཡུར་ཅིག །རྒྱལ་ཁམས་ཀུན་ཏུ་མི་ནད་ཕྱུགས་ནད་ལོ་ཉེས་བཙའ་ཐན་པད་སེར་འབུ་སྲིན་དང་གཞན་ཡངས་གཡོ་ཤྭ་འུད་རི་ཏུད་ཆུ་ལོག་རླུང་ཐོག་མེད་ཤོར་ལ་སོགས་འབྱུང་བཞི་གཡོ་འཁྲུགས་ཀྱིས་འཚེ་བ་དང་། བྱེ་བྲག་ཏུ་ལྷ་ཀླུ་ལྷ་མིན་གཞི་བདག་སོགས་ཀྱིས་འཁྲུགས་རྩོད་དང་། དེའི་རྐྱེན་གྱིས་ལྷ་སྡེ་མི་སྡེ་ཕུ་ནུ་ནེ་འཐབ་སོགས་དང་བྱ་གཅན་གྱིས་ཟ་ཁ་བཏོད་པ་ལྟས་ངན་མཚན་ངན་ལ་སོགས་མདོར་ན་མི་འདོད་པའི་ནེ་བར་འཚེ་བ་མི་མཐུན་པའི་ཕྱོགས་ངན་པ་ཐསམ་ཅད་མྱུར་བ་ཉིད་དུ་ཞི་བར་གྱུར་ཅིག །ཁྱད་པར་དུ་སྦྱིན་པའི་བདག་པོའི་མི་ཕྱུགས་འཁོར་དང་བཅས་པ་རྣམས་ཀྱི་ནད་གདོན་སྡིག་སྒྲིབ་འགའ་རྐྱེན་བར་ཆོད་མི་འདོད་པའི་ཉེ་བར་འཚེ་བ་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ནེ་བར་ཞི་བར་གྱུར་ཅིག །བྱེ་བྲག་མིའི་ན་ཚད་ཕྱུགས་ཀྱི་གོད་ཡམས་ཞིང་ལ་སད་སེར་བཙའ་འབུ་ཐོག་དབྱི་ལ་སོགས་པའི་ནེ་བར་འཚེ་བ་ཐམས་ཅད་ཞི་བར་གྱུར་ཅིག་ཚེ་དང་བསོད་ནམས་དཔལ་དང་འབྱོར་བ་སྟོབས་དང་མངའ་ཐང་གཟུགས་དང་གཟི་བརྗིད་བུ་ནོར་ལོངས་སྤྱོད་ཡེ་ཤེས་ཡོན་ཏན་འཁོར་འབངས་མངའ་རིས་ཐམས་ཅད་དར་ཞིང་རྒྱས་ལ་ཡུན་རིགས་དུ་གནས་པར་གྱུར་ཅིག །ཇི་ལྟར་བསམ་པ་དང་འོདད་པའི་དོན་ཐམས་ཅད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་ཡོངས་སུ་འགྲུབ་པར་ཡུར་ཅིག །མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་དཔལ་དང་ཡོན་ཏན་ཐམས་ཅད་ཀྱིས་ཀུན་ནས་འབྱོར་ཞིང་བདེ་སྐྱིད་ཕུན་སུམ་ཚོགས་པའི་དཔལ་ལ་ལོངས་སྤྱོད་པར་གྱུར་ཅིག །གཞན་ཡང་སྦྱིན་པའི་བདག་པོ་ལ་རེ་ཞིང་ལྟོས་པར་གྱུར་པའི་དྲིན་ལན་མ་འཁོར་བའི་རིགས་དང་ལན་ཆགས་ཤ་མཁོན་གྱི་བདག་པོ་ལྔ་ལམ་དུ་ཞུགས་ནས་འཇིག་རྟེན་ཕྱི་མར་འཚམས་སྦྱར་བའི་རིགས་གྱུར་ཐམས་ཅད་དམྱལ་བ་ཚ་གྲགས་གི་སྡུག་བསྔལ་ལས་གྲོལ་ཞིང་ཐར་བར་གྱུར་ཅིག །ཡི་དྭགས་བཀྲེས་སྐོམས་ཀྱི་སྡུག་བསྔལ་ལས་གྲོལ་ཞིང་ཐར་བར༔ རྒྱུ་འགྲོ་བླུན་རྨོངས་དང་བཀོལ་སྤྱོད་སོགས་ཀྱི་སྡུ་བསྔལ་ལས༴ ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ༴ ལྷ་ལེ་ལོ་གཡེང་བ་དང་འཕོ་ལྟུང་གི་སྡུག་བསྔལ་མི་རྣམས་སྡུག་བསྔལ་ཆེན་པོ་བརྒྱད་དང་གསུམ་གྱིས་མནར་སྤྱོད་ལས་གྲོལ་ཞིང་ཐར་བར་གྱུར་ཅིག །མ་དོར་ན་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་གྲོལ་ཞིང་ཐར་ནས་རྣམ་མཁྱེན་ཡང་དག་རྫོགས་པ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །མཐར་ཐུག་གདོད་མའི་མགོན་པོ་ཀུན་བཟང་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མངོན་སུམ་རུ་ཐོབ་པར་གྱུར་ཅིག །ཐོབ་ནས་ཀྱང་མཐའ་ཡས་པའི་འགྲོ་བ་རྣམས་ལ་མཐའ་ཡས་པའི་མངོན་རྟོགས་གང་ལ་གང་འཚམས་ཀྱི་སྒྲ་སྐད་སྣ་ཚོགས་ཀྱིས་སྒོ་ནས་འགྲོ་བའི་དོན་རྒྱ་ཆེན་རྒྱུན་མི་འཆང་པར་འབྱུང་བར་གྱུར་ཅིག །དཀོན་མཆོག་གསུམ་གྱི་བདེན་པས་བདག་གིས་སྨོན་ལམ་བཏབ་པ་དེ་བཞིན་དུ་ཡོངས་སུ་འགྲུབ་པར་གྱུར་ཅིག །བསོད་ནམས་འདི་ཡིས༴ དགེ་བ་འདི་ཡིས༴ འགྲོ་ཀུན་དགེ་བ༴ འཇམ་དཔལ་དཔའ་བོའི༴ གང་རུ་སྐྱེ་བའི་སྐྱེ་བ༴ ཀུན་བཞག་སྣང་མཐའ་སད་འབྱུང་མན་ཆད་དུང། ཏྲིན་ཅན་རྩ་བའི༴ སངས་རྒྱས་གསུམ་བརྙེས་པའི༴བསྔོ་སྨོན་གང་བྱུས་ཀྱིས་མཐའ་བརྒྱན་རཔ་བྱའོ། །འདིར་སྨྲས་པ། ཁོ་བོ་སྔོན་ནས་ལས་སྨོན་དག་པ་ཡིབ། རྣམ་པ་ཉི་ཤུའི་གྲངས་དན་མ་པའི་མགོན། སྐྱབས་སུ་བརྟེན་ནས་གཙུག་ཏུ་ཁུར་བ་ལ། དམ་སེལ་གྲིབ་ཀྱིས་ཉེས་པ་མེད་དམ་སྙམ། དེ་པྱིར་འཆད་རྩོ་རྩོམ་པའི་བྱ་བ་རྣམས། །བསྟན་འགྲོགས་ཅུང་ཟད་ཕན་པའི་རྟེན་འབྲེལ་འགྲིགས། །འོན་ཀྱང་འཁྲིས་ན་ཅན་གྱི་ཀེ་ལ་ཤ། སེར་པོ་བཟུང་ལྟར་གཤེ་ཡང་ཕར་མི་གསི། དེ་ཕྱི་རང་གི་ངན་རྟོག་ཁོ་ན་ཡིས། ཆོས་དང་གང་ཟག་གཞལ་ན་མི་ལེགས་ཞེས། སྟོན་པ་ཉིན་མོར་བྱེད་དཔེ་གསུགཤ་པའི་དོན། སོམ་ལ་དུག་པའི་སྣང་བ་སྦྱངས་འཚལ་ལོགས། དེ་ལྟར་བསྒོ་བ་རྣམ་མཁྱེན་ལམ་བཟང་འདི། །སྐྱེ་མང་གོང་ནས་བྱང་ཆུབ་མངོན་བྱས་ཀྱང། དུས་འདིར་བསྟན་འགྲོར་ཕན་བྱེད་རྣལ་འབྱོར་པ། རས་པ་ཤིནྟ་རསྨིས་བསྐུལ་བའི་ངོར། བྱང་སེམས་ཀུན་བཟང་གཟན་ལ་ཕན་བྱེད་དེས། བྲིས་ཤིང་ཡི་གེ་གཉིས་པར་འབེབས་མཁན་གང་།


previousབྱང་ཆུབ་བསྔོ་བའི་ཐབས་མཆོག་རྣམ་མཁྱེན་ལམ་བཟང་།next