Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
སྲོང་སྐོར་བ་འཇིགས་མེད་ཆོས་མཆོག་ལ་གདམས་པ།
   
   
   
   
   
   


 
previousསྲོང་སྐོར་བ་འཇིགས་མེད་ཆོས་མཆོག་ལ་གདམས་པ།next

སྲོང་སྐོར་བ་འཇིགས་མེད་ཆོས་མཆོག་ལ་གདམས་པ།

༢༽ ཕ་ཆོས་ཀྱི་རྒྱལ་པོ་འཇིགས་མེད་གླིང་། །དུས་ད་ལྟ་སྙིང་དབུས་དད་མཚོར་གསལ། །ཁྱོད་ཉོན་དང་འཇིགས་མེད་ཆོས་མཆོག་ལགས། །ལུས་དལ་འབྱོར་ལ་སྙིང་པོ་ལེན་དང་གཅིག །ཚེ་མི་རྟག་ལ་བློ་སྣ་བསྡུངས་དང་གཉིས། །ཡུལ་འཁོར་བ་ཡི་ཉེས་དམིགས་ཤེས་དང་གསུམ། །ལས་རྒྱུ་འབྲས་ཀྱི་སྤང་ལེན་མི་འཛོལ་བཞི། །ཡར་ཐར་པ་ཡི་ཡོན་ཏན་དོན་གཉེར་ལྔ། །རྗེ་བླ་མ་ཉིད་དད་པས་བརྟེན་དང་དྲུག །འདི་ཐུན་མོང་གི་སྔོན་འགྲོར་ཤེས་པར་མཛོད། །ཡང་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། །མ་སེམས་ཅན་གྱི་དོན་དུ་སེམས་བསྐྱེད་ཅིང་། །ལྷག་རྡོར་སེམས་ལ་བརྟེན་ནས་སྡིག་སྒྲིབ་སྦྱོངས། །ཚོགས་གཉིས་པོས་དེ་སྤེལ་ཕྱིར་མཎྜལ་འབུངས། །དབང་བྱིན་རླབས་འཇུག་ཕྱིར་བླ་མ་བསྙེན། །ཚུལ་དེ་རྣམས་ཁྱད་པར་སྔོན་འགྲོ་དྲུག །དོན་མ་བརྗོད་སློབ་སྦྱང་གཡེལ་མེད་གལ། །ཁྱོད་སྙིང་ནས་ཆོས་ལ་མ་བརྩོན་ན། །དུས་ཡུན་རིང་མི་སྡོད་ཉེར་འཚོ་མངོན། །དོན་དེ་ཕྱིར་རྩ་གསུམ་སྤྱི་དང་ནི། །ཁྱད་པར་དུ་རྟ་ཕྱག་མ་གཟའ་དེ། །འདི་རྣམས་ལ་བསྙེན་སྒྲུབ་གསོལ་མཆོད་འབུངས། །ཚུལ་དེ་རྣམས་ཀྱིས་ཕྲལ་ཕུག་དགའ་བདེར་འགྱུར། །སྐྱབས་བླ་མའི་ཚོགས་ཀྱིས་བདེན་མཐུས་ཡིས། །ཚུལ་དེ་རྣམས་གེགས་མེད་འགྲུབ་འགྱུར་སྨོན། ཞེས་པའང་རིག་འཛིན་བྱང་ཆུབ་རྡོ་རྗེས་སྲོང་སྐོར་བ་འཇིགས་མེད་ཆོས་མཆོག་ལ་གདམས་པ་དགེ་བར་གྱུར་ཅིག


previousསྲོང་སྐོར་བ་འཇིགས་མེད་ཆོས་མཆོག་ལ་གདམས་པ།next