Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་མགོན་ཚོགས་ཀྱི་བདག་པོའི་དབང་ཆོག་དམ་ཚིག་ལྗོན་པའི་མྱུ་གུ་བསམ་འཕེལ་དབང་གི་རྒྱལ་པོ།
   
   


 
previousདཔལ་མགོན་ཚོགས་ཀྱི་བདག་པོའི་དབང་ཆོག་དམ་ཚིག་ལྗོན་པའི་མྱུ་གུ་བསམ་འཕེལ་དབང་གི་རྒྱལ་པོ།next

དཔལ་མགོན་ཚོགས་ཀྱི་བདག་པོའི་དབང་ཆོག་དམ་ཚིག་ལྗོན་པའི་མྱུ་གུ་བསམ་འཕེལ་དབང་གི་རྒྱལ་པོ།

དཔལ་མགོན་ཚོགས་ཀྱི་བདག་པོའི་དབང་ཆོག་དམ་ཚིག་ལྗོན་པའི་མྱུ་གུ་བསམ་འཕེལ་དབང་གི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །ན་མོ་ཤྲཱི་མ་ཧཱ་ཀ་ལ་ཡེ། །རྒྱལ་ཀུན་ངོ་བོ་བདེ་གཤེགས་སྙིང་པོའི་ཁམས། །འཆི་མེད་ལམ་བཞིན་ཕྱོགས་རིས་འཛིན་བྲལ་ཡང་། །གང་འདུལ་ཕྲིན་ལས་རོལ་གར་སྤྲིན་ཆར་བཞིན། །འགགས་མེད་སྒྱུ་འཕྲུལ་དྲ་བར་སྟོན་ལ་འདུད། །ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་གི །དགྲ་ལྷའི་མཆོག་གྱུར་རྒྱལ་བསྟན་བསྲུང་བའི་ལྷ། །བྷོ་ཊར་སྣང་མཛད་རྣམ་སྣང་ལོ་ཙ་སོགས། །རྩ་རྒྱུད་བླ་མའི་ཚོགས་ལ་གུས་པས་འདུད། །ཁྱད་པར་ལམ་འདིའི་སྨིན་བྱེད་བདུད་རྩིའི་རྒྱུན། །མཁས་གྲུབ་བླ་མ་ཟུང་གི་ཀེ་ལ་ཤར། །ལེགས་སོགས་བདག་རྒྱུད་དད་པའི་གཞིན་བརླན་འབྲས། །དམ་ཚིག་མྱུ་གུ་སྨིན་པའི་དབང་ཆོག་བཞུགས། །དམ་སེལ་སད་ཀྱིས་མ་གོས་མངར་བའི་རོ། །ལེགས་ལྡན་འཕྲལ་ཕུགས་བདེ་སྦྱོར་དཔག་བསམ་ཤིང་། །སྐལ་བཟང་རྗེས་འཇུག་གསོས་གྱུར་སྨན་མཆོག་འདི། །ལེགས་འདོད་བློ་གྲོས་ལྡན་རྣམས་ལ་བླང་བྱར་འོས། །དེ་ལ་འདིར་དཔལ་མགོན་ཚོགས་ཀྱི་བདག་པོའི་སྨིན་བྱེད་ཀྱི་དབང་བསྐུར་བའི་རིམ་པ་ལ། །སྤྱི་དོན་རྣམ་རྒྱལ་གསུམ་སྟེ་སྔོན་འགྲོ་ངོས་གཞི་རྗེས་སོ། །དང་པོ་ལ་སྟེ། གནས་དང་དཀྱིལ་འཁོར་ཁྲི་ཐིག་དང་། །བུམ་ལ་གཏོར་མ་རྫས་ཡོ་བྱད། །དབང་སྐུར་ལྗི་བཞིན་འགོད་དགོས་པས། །འདི་བཞིན་དུ་ནི་ཤེས་པར་བྱོས། །གཞུང་ལས། བསྙེན་པ་རྫོགས་པའི་རྣལ་འབྱོར་པས། །དུར་ཁྲོད་དབེན་པའི་གནས་མཆོག་ཏུ། །དྲག་པོའི་ས་ལ་མཎྜལ་བརྩེགས། །དུག་དང་ཁྲག་གིས་ཆགས་ཆགས་གདབ། །ཐིག་པ་དུར་ཁྲོད་ཚོན་གྱིས་བྲིཿ གྲུ་གསུམ་ནག་ལ་ཟླ་གམ་དམརཿ འཁོར་ལོའི་རྩིབས་ནག་རྩིབས་མཆན་དམརཿ གྲུ་ཆད་ལྗང་གུ་ལྟ་རྣམས་ནགཿ སྒོ་དང་དུར་ཁྲོད་རྡོ་ར་མེཿ སྤྱི་མཐུན་དག་ཏུ་བྲི་བར་བྱཿ དབུས་སུ་བུམ་པ་ཚད་ལྡན་བཤམསཿ ཤར་དུ་གཏོར་མ་སྐུ་དང་བཅསཿ ལྷོ་རུ་གྲི་སྙིང་སྲོག་སྔགས་བཅའཿ ནུབ་ཏུ་ཐོད་པར་བདུད་རྩི་བྲནཿ བྱང་དུ་ལིངྒ་མཚོན་ཐུན་ཆཿ མཆོད་གཏོར་གཡབ་དར་དུར་ཁྲོད་རྒྱནཿ སྤྱི་མཐུན་བག་དྲོ་བཤམས་པར་བྱཿ དགུ་བདུན་གསུམ་དུ་བསྙེན་པ་དགོསཿ ཡི་དམ་གཟུང་བསྟང་འཛབ་བསྙེན་རྗེསཿ བུམ་སོགས་ལྷ་བསྙེན་མཆོད་ཅིང་བསྟོདཿ ཅེས་པ་རྣམ་པ་དེ་བཞིན་དང་། བུམ་སོགས་ལྷར་བསྐྱེད་གསུངས་པ་བུམ་པ་དང་དབང་རྫས་རྣམས་ཆོག་གཞུང་བཞིན་གསལ་ཐེབ་པར་བྱས་ནས་བསྙེན་པའི་སྐབས་ལ་བབས་ཚེ། བཟླས་དམིགས་གཞུང་ལྟར་དང་། ༈ ཁྱད་པར་བདག་ཉིད་ཡི་དམ་གྱི་ཐུགས་སྲོག་གི་འོད་ཟེར་གྱིས་མགོན་པོའི་ལྷ་ཚོགས་བསྐུལ། དེ་དག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། དྲེགས་ལ་ཅན་ཐམས་ཅད་ཀྱི་སྲོག་སྙིང་ནུས་མཐུ་བཅས་བཀུགས་ནས་གཙོ་བོའི་ཐུགས་ཀར་བསྟིམ་ཞིང་། གཙོ་འཁོར་ཡོངས་རྫོགས་ཀྱི་མཐུ་བྱིན་ནུས་སྟོབས་ཐམས་ཅད་བྱང་སེམས་དཀར་དམར་གྱི་རྣམ་པར་བབས་ནས་བུམ་ཐོད་གཏོར་མ་སོགས་ལ་ཐིམ་པས་སོ་སོའི་བྱིན་ནུས་དང་ལྡན་པར། བསམ་ནས་བཻ་རོའི་སྔགས་འགྲིག་བཞིན་གཙོ་འཁོར་ཡོངས་རྫོགས་ཀྱི་སྔགས་གྲངས་མང་ཉུང་གྲངས་གོ་རིམ་བཞིན་བཟླས། མཐར་མཆོད་བསྟོད་བདག་དབང་ལེན་པར་བཅས་སྤྱི་ལྟར་དང་། སྐབས་འདིར་ལས་བུམ་དུ་བདུད་རྩི་འཁྱིལ་བ་བསྐྱེད་བཟླས་མཆོད་བསྟོད་སོགས་བྱ་ཞིང་། ཡི་དམ་གྱི་ཚོགས་གཞུང་བཞིན་དང་། མགོན་པོའི་བསྐང་བ་མངག་གསོལ་བཅས་ཀྱང་སླ་ཆོས་དེས་ཆོག་སོགས་སྲོལ་ངན་མཛོ་རྒན་ལམ་ཞུགས་ལྟར་མ་ཡིན་པར་ཁུངས་ལྡན་གྱི་ཕྱག་ལེན་ཇི་བཞིན་ཐེབས་པ་གལ་ཤིན་ཏུ་ཆེ། དེ་དག་གི་སྔོན་འགྲོའི་རིམ་པའོ། །གཉིས་པ་དངོས་གཞིའི་དབང་བསྐུར་བའི་རིམ་པ་ལ། གཞུང་ལས། དེ་ནས་ཡོལ་བའི་ཕྱི་རོལ་དུཿ སློབ་བུ་བཞག་ལ་བགེགས་གཏོར་གཏོང་ཿ འཚམས་བཅད་བསྲུང་འཁོར་མཎྜལ་འབུལཿ ཞེས་པ་སོགས་དེ་ལྟར་དང་། བསྲུང་འཁོར་རྗེས་སུ་ལོ་རྒྱུས་བཤད་པ་ནི། ༈ འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྐུ་བཞི་ཡེ་ཤེས་ལྔའི། བདག་ཉིད་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ལ་འགོད་པར་བྱ། དེ་ལ་བར་དུ་གཅོད་པའི་དགྲ་བགེགས་ལོག་པར་འདྲེན་པ་རྣམས་མངོན་སྤྱོད་དྲག་པོའི་སྒོ་ནས་ཚར་གཅོད་ནུས་པའི་ཆེད་དུ་དཔལ་མགོན་ཚོགས་ཀྱི་བདག་པོའི་སྨིན་བྱེད་ཀྱི་དབང་བསྐུར་བའི་རིམ་པ་གསན་ནས་ཚུལ་བཞིན་དུ་ཉམས་སུ་བླངས་པར་བགྱིས་སྙམས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་ཟློ་གཟོལ་ཏེ་ལེགས་པར་གསན་འཚལ། དེ་ཡང་ཆོས་ཉན་པའི་ཀུན་ཏུ་སྤྱོད་པ་ཡང་། སློབ་དཔོན་ཆེན་པོས། རྟོགས་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི་ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། བརྗེད་ངེས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། དུས་གསུམ་སངས་རྒྱས་རྣམས་ཀྱི་བྱིན་མི་རློབས། ཞེས་པ་ལྟར་སྣོད་ཀྱི་སྐྱོན་གསུམ་དྲི་མ་དྲུག་དང་བཅས་པ་སྤང་ཞིང་། ཇི་ལྟར་ཉན་པའི་ཚུལ་ནི། སྡུད་པ་ལས། དགའ་དང་གུས་དང་དད་པའི་མཆོག་ནི་ཉེར་བཞག་ཏེ། སྒྲིབ་པ་ཉོན་མོངས་བསལ་ནས་དྲི་མ་ལས་འདས་ལ། འགྲོ་དོན་མངོན་ཞུགས་ངེས་པས་ཤེས་རབ་ཕ་རོལ་ཕྱིན། གང་ལ་དཔའ་རྣམས་སྤྱོད་པ་དེ་ནི་མཉན་པར་གྱིས། ཞེས་གསུངས་པས། གང་མཉམ་པར་བྱ་བ་ཆོས་ཀྱི་རྣམ་གྲངས་ཡང་དུས་གསུམ་གྱི་རྒྱ་བ་རྣམས་ཐབས་མཁས་ཤིང་ཐུགས་རྗེ་ཆེ་བས་གདུལ་བྱ་སེམས་ཅན་རྣམས་ཀྱི་བསམ་པ་དང་། དབང་པོ་དང་སྐལ་པར་བརྒྱུད་ཅེས་ཟེར་བ་ཡིན་ལ། དེ་ཡང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་རྒྱ་ནག་པའི་རྒྱལ་པོ་ལང་ག་པཉྩི་ཞེས་པ་དགྲར་ལངས་པའི་ཚེ། དེ་འདུལ་བའི་མན་ངག་ཚོལ་དུ་བཏང་བས། ཚོགས་ཀྱི་བདག་པོའི་རྒྱུད་དང་མན་ངག་ཐམས་ཅད་པཎྜི་ཏ་དྷ་ན་སམ་ཀྲྀ་ཏ་ཡིས་བཻ་རོ་ཙ་ན་དང་ཙང་ལེགས་གྲུབ་ཟུང་ལ་གནང་བཞིན་བོད་ཡུལ་དུ་ཆོས་རྒྱ་ཁྲི་སྲོང་ལྡེའུ་བཙན་ལ་གནང་འཕྲལ་ཤར་རྒྱ་མོ་ཚ་བ་རོང་དུ་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་རྒྱས་པར་བྱེད་པའི་ཆེད་དུ་ཕྲ་མ་སྔ་བཙན་གྱི་བརྫུ་བག་བྱས་ནས་ཡུལ་འདོན་ཚུལ་གྱིས་རྒྱལ་རོང་ལ་ཕེབས་ལམ་དུ་ལྡི་རི་ཆོས་ཀྱི་གྲགས་པ་ལ་སོགས་སློབ་མ་མང་རབ་ཞིག་དྲག་སྔགས་གསང་བ་སྤུ་གྲི་སྒོ་ནས་རྗེས་སུ་བཟུང་། རྒྱ་དཔེ་དེ་མ་འོངས་པའི་འགྲོ་བའི་ཆེད་དུ་གསེར་སྟོད་ཀྱི་འབྲོང་རི་རྙེད་དུ་འཆར་ནུས་པ་ལྟར་དཔལ་མགོན་ཚོགས་ཀྱི་བདག་པོ་དེ་ཡང་། ཕུང་ཁམས་སྐྱེ་མཆེད་ཀྱི་མ་བཏང་བའི་ཁྲོ་བོ་རང་རྒྱུད་པ་སྲིན་པོ་ཤ་ཁྲག་གི་འཚོ་བར་རྒྱུན་དུ་སྤྱོད་པ་ལྟ་བུ་མ་ཡིན་ལ། བཤད་མ་ཐག་པའི་འཕགས་མཆོག་ཐུགས་རྗེའི་དེ་ཉིད་བསྟན་འགྲོར་འཚེ་བའི་འགྲོ་བ་མ་རུངས་པ་རྣམས་འདུལ་བའི་ཆེད་དུ་དཔལ་མགོན་ཚོགས་ཀྱི་བདག་པོའི་སྐུར་སྤྲུལ་བ་ཡིན་ཞིང་། དེ་ཉིད་ཀྱི་རྒྱུད་ལུང་མན་ངག་དང་བཅས་པ་རྣམས་འཕགས་མཆོག་དེ་ཉིད་ཀྱི་ཐུགས་རྗེ་ཡེ་ཤེས་ཆེན་པོའི་དབྱིགས་སུ་བཞུགས་ཚེ་རྒྱལ་བ་དགོངས་བརྒྱུད་དང་། རྒྱལ་ཆེན་རྣམ་ཐོས་སྲས་ལ་གསུངས་ཤིང་དེ་ཉིད་ནས་དྷ་ན་སཾ་ཀྲྀ་ཏ་ཉིད་ལ་བརྒྱུད་པ་ཡན་ཆད་རིག་འཛིན་བརྡའ་བརྒྱུད་དང་། རྣམ་སྣང་ལོ་ཙ་ནས་བོད་ཆེ་ཆུང་རྣམས་དར་བར་མཛད་པ་ལ་གང་ཟག་སྙན་མཚམས་པའི་རྩ་གསུམ་སྲུང་མ་དག་བཅས་པའི་དབང་བཀའ་ཇི་སྙེད་ཅིག་མཆིས་པ་རྣམས་ཀྱི་ནང་ནས། ད་ལམ་འདིར་དཔལ་མགོན་ཚོགས་ཀྱི་བདག་པོའི་དབང་བསྐུར་བའི་སྐབས་སུ་བབས་པ་ལས། ཆོས་བཀའ་འདི་ཉིད་ཀྱི་ལོ་རྒྱུས་ཅུང་ཞིག་བརྗོད་ན། སྔོན་འབྱུང་དང་འཕགས་བོད་དུ་ཇི་ལྟར་དར་བའི་ཚུལ་ནི། སྔོན་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨ་དེ་ཉིད་ངོ་བོ་ཆོས་སྐུའི་ཞི་བའི་ངང་ལས་མ་གཡོས་ཀྱང་། རོལ་རྩལ་འགགས་མེད་ཞི་ཆགས་ཁྲོ་བོའི་སྒྱུ་འཕྲུལ་བསམ་ལས་འདས་པ་དང་གང་འདུལ་ཕྲིན་ལས་ཀྱི་རྣམ་རོལ་མཐའ་ཡས་པའི་མཛད་པ་སྣ་ཚོགས་སུ་སྟོན་པ་ནི། ནམ་མཁའ་ཟླ་བ་གཅིག་པོ་འཇིག་རྟེན་ཁམས་ཀྱི་ཆུ་སྣོད་ཆེ་ཆུང་ཇི་སྨུག་པོར་གཏེར་དུ་སྦས་པ་ཕྱིས་ཆུ་ཕོ་རྟོག་ལྡན་ཡིས་བཏོན་ནས་མིག་ལུང་བླ་ནག་དགེ་འདུན་རྒྱལ་མཚན་ལ་གནང་། དེས་མདོ་ཤེས་ཆོས་ནག་ལ། དེས་ལབ་ནག་བུའམ་རིན་ཆེན་ལ་གནང་ཞིང་། དེ་ཡང་བཀའ་མ་གསང་བ་སྤུ་གྲི་དང་། ཆུ་ཕོ་རྟོག་ལྡན་གྱིས་བཏོན་པའི་གཏེར་མ་གཉིས་དམ་པ་དེ་ཉིད་ནས་ཆུ་བོ་གཅིག་འདྲེས་སུ་གྱུར་བ་ལེགས་ཤིང་ཚུལ་དེ་ལྟ་བུའི་སྒོ་ནས་སློབ་མ་ལ་དབང་བསྐུར་བར་བྱེད་པ་ལ་བདག་གིས་བགྱི་འོས་སུ་གྱུར་བ་རྣམས་སྔོན་དུ་སོང་ནས་ཁྱེད་ཅག་གི་ངོ་སྐལ་དུ་གྱུར་བའི་མཎྜལ་འབུལ་བར་མཛོད། ཅེས་མཎྜལ་འབུལ་ཞིང་གསོལ་བ་གདབ་པ་ནི། བླ་མ་གསང་བདག་རྡོ་རྗེ་འཛིན། །ཐུགས་རྗེས་བརྩེ་བར་དགོངས་སུ་གསོལ། །བདག་ཅག་སངས་རྒྱས་བསྟན་སྲུང་ཕྱིར། །ནག་པོ་ཆེན་པོའི་དབང་བསྐུར་ཞུ། ལན་གསུམ་ཞུ། བླ་མས་ལན་དུ་འདི་སྐད་བརྗོད། སྐལ་ལྡན་ཡིན་ན་དམ་ཚིག་རྣམས། །སྲོག་ལ་བབ་ཀྱང་བསྲུང་ནུས་སམ། ཡང་ཅིག་སློབ་བུས་འདི་སྐད་ཞུས། བླ་མ་དཔལ་ཆེན་ཧེ་རུ་ཀ། །ཅི་གསུང་བཀའ་བརྩལ་ཚུལ་བཞིན་བསྲུང་། །ཡི་དམ་བསྒྲུབ་ཅིང་ཆོས་སྐྱོང་མཆོད། །དཀྱིལ་འཁོར་དམ་པར་བདག་འཇུག་འཚལ། ཞེས་བརྗོད་ཅིང་སྐྱབས་སུ་འགྲོ་བ་ནི། ༈ མདུན་མཁར་རྩ་གསུམ་རྒྱལ་བ་རྒྱ་མཚོ་སྲུང་མ་དང་བཅས་པ་གསལ་བར་བསམ་ནས། ༈ བདེ་གཤེགས་ཡོངས་རྫོགས་དཀོན་མཆོག་གསུམ་གྱི་ངངཿ དཔལ་ཆེན་འདུས་པའི་ངོ་བོར་ཡོངས་ཤར་བཿ སྤྲོ་བསྡུའི་བྱེད་པོ་བྱང་ཆུབ་སེམས་ཀྱི་ལྷརཿ རང་ངོ་ཤེས་པའི་ངང་ནས་སྐྱབས་སུ་མཆིཿ ལན་གསུམ་རྗེས་ཟློས་བྱ། སེམས་བསྐྱེད་པ་ནི། ༈ མཁའ་མཉམ་རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བརྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་བའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་གེགས༔ ཉེས་བྱས་མ་ལུས་བཤད་པར་བགྱི༔ ཕྱོགས་་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རང་༔ དག་པའི་མཐའ་བཞི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ༔ དག་པ་གསུམ་གྱི་ལུས་འབུལ་ལོ༔ ཚེ་རབས་བགྲངས་པའི་ལས་རྣམས་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ གྱི་འགྲོ་བ་སྤྱི་དང་ཁྱད་པར་ལོག་ལམ་དུ་ཞུགས་པའི་བསྒྲ་ཞིང་དུ་གཏོགས་པ་རྣམས་མངོན་སྤྱོད་དྲག་པོས་བསྒྲལ་ནས་བདེ་ཆེན་འགྱུར་མེད་ཀྱི་གོ་སར་དབུགས་དབྱུགས་བར་བྱའོ་སྙམས་པས། ཧཱུཾཿ ཆོས་ཀྱི་དབྱིངས་ལ་ཕྱོགས་རིས་མཉམ་བརྡལ་ཡངཿ མ་རྟོགས་འཁུལ་བར་འཁྱམས་པའི་བདག་འཛིན་བདུདཿ འོད་གསལ་ཆོས་སྐུའི་ཀློང་དུ་བསྒྲལ་བའི་ཕྱིརཿ དཔལ་ཆེན་ལྷ་ཚོགས་བསྒྲུབ་པར་སེམས་བསྐྱེད་དོཿ ཞེས་ལན་གསུམ་བྱ། དེ་ནས་ཚོགས་བསགས་ཡན་ལག་བརྒྱད་པ་འདིའི་ཚིག་དོན་ཟུང་འབྲེལ་ཡི་གནད་དག་ལྡན་པས་འདི་བཞིན་རྗེས་ཟློས་མཛོད། ཧེཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལཿ ཅེས་སོགས། ཆེན་པོར་བསྔོཿ དེ་ནས་སྡོམ་པ་བཟུང་བ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་མཆོག་ནི་ལེགས་ལྡན་ཀྱིཿ མཆོག་ཉིད་སྒྲུབ་ཕྱིར་བླངས་པར་གྱིསཿ རྡོ་རྗེའི་རྒྱལ་པོ་ཁྱོད་བཞུགས་པསཿ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེཿ རྡོ་རྗ་དམ་ཚིག་མཆོག་ཉིད་ཀྱིསཿ ཕུན་སུམ་ཚོགས་པ་བསྒྲུབ་པར་བགྱིཿ ལན་གསུམ། མིག་དར་གབ་པ་ནི། ཁྱེད་ཅག་རྣམས་ཁམས་གསུམ་འཁོར་བར་འཁྱམས་པའི་རྒྱུ་ལྷན་སྐྱེས་ཀྱི་མ་རིག་པ་མཚོན་ཕྱིར་དར་དམར་པོས་མིག་བསྒྲིབ་ཚེ་སྣང་ཡུལ་འགོག་པའི་དཔེ་དོན་ཤེས་པར་མཛོདཿ ཅེས་བརྡའ་སྦྱར་ནས། ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱཿ ཞེས་པས་བཅིང་ཞིང་མེ་ཏོག་གཏད་པ་ནི། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་ཀོང་པར་མཇལ་དུ་མི་རུངས་པའི་ཕྱག་རྟེན་གྱི་ཆེད་དུ་མེ་ཏོག་གསར་བའི་ཕེང་བ་རེ་གཏད་པའི་མོས་པ་མཛོདཿ ཞེས། ཨ་ཁཾ་ཝི་ར་ཧཱུཾཿ ཞེས་བརྗོད་ཅིང་ཡེ་ཤེས་དབབ་པའི་སྔོན་དུ་སློབ་བུའི་བགེགས་དང་དྲི་མ་སྦྱངས་པ་ནི། སློབ་དཔོན་གྱི་སྙིང་ག་ནས་ཁྲོ་བོ་སྤྲོས་པས་བགེགས་རྣམས་བསྐྲད་པར་གོས་ཤིང་། ཡུངས་དཀར་ཐུན་གྱིས་བྲབ་བཞིན། ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜལ་ཕཊ་ཕཊ་ཕཊཿ ཧ་ལ་ཧ་ལ་ཧ་ལ་ཧཱུཾཿ སླར་ཡང་སྙིང་ཀ་ནས་རཾ་ཡཾ་ཁཾ་འཕོས་ཡེ་ཤེས་ཀྱི་མེ་ལོང་ཆུར་གྱུར་པས་སློབ་བུའི་སྡིག་སྒྲིབ་ཐམས་ཅད་བསྲེགས་གཏོར་བཀྲུ་བར་བསམ་ཤིང་། ཧ་ལ་ཧ་ལ་རཾཿ ཀྲོདྷ་ཀྲོདྷ་ཡཾཿ ཏིཥྛ་ཏིཥྛ་ཁཾཿ ཏ་ཀེཾ་ཏ་ཀེཾ་ཕཊཿ ཅེས་པས་སྒྲིབ་པ་སྦྱངས། མནའ་ཆུ་བླུད་པ་ནི། ཨོཾ་ཨཱཿཧཱུྃ་ས་མ་ཡ་ཧོཿ ས་མ་ཡ་སྟྭོམ་ཨི་དམ་ན་ར་ཀནཿ ཅེས་པས་དམ་ལ་བཞག །དམ་ཚིག་འབོག་པ་ནི། ཁྱོད་ཀྱི་ང་ལ་བརྐུས་མི་བྱཿ ལྷ་དང་དམ་ཅན་དཀྱིལ་འཁོར་འདིརཿ མ་མཐོང་རྣམས་ལ་སྨྲ་མི་བྱཿ རྡོ་རྗེ་སྤུན་དང་སྲིང་མོ་ལཿ ནམ་ཡང་བཀྲུས་པ་སྤངས་པར་གྱིསཿ ས་མ་ཡ་ཨི་ཐིཿ ཡེ་ཤེས་དབབ་པའི་དམིགས་པ་ནི། ཁྱེད་རང་རྣམས་པད་ཉི་རོའི་གདན་ལ་སློབ་མ་ཧཱུཾ་ལས་བྱུང་བའི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དུང་ཁྲག་འཛིན་པར་བསྐྱེད། ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་པ་སློབ་མ་ལ་བསྟིམ། རོལ་མོའི་སྒྲ་སྒྲོགས་ཤིང་། ཨོཾ་གུ་རུ་ཤྲཱི་བཛྲ་ཡཀྴ་ཀྲོ་དྷ་ཙིཏྟ་ཧཱུཾཿ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཾ་ད་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊཿ སྒྲག་ཏེ་བཟླས་མཐར། ས་མ་ཡ་སྟྭཾ་པྲ་ཝེ་ཤ་ཡ་ཕཊཿ པྲ་ཝེ་ཤ་ཡ་ཨ་ཨཿ ཞེས་དབབ་ཅིང་། ཀ་ཡ་ཝཀྐ་བཛྲ་ཙིཏྟ་ཏིཥྛ་བཛྲཿ ཞེས་པ་བརྟན་པར་བྱས་ནས། དཀྱིལ་འཁོར་ཕྱོགས་བཞིའི་སྒོ་དབྱེ་བ་ནི། བླ་མ་ལྷ་དག་ཆོས་སྐྱོང་གིཿ ཕོ་བྲང་ཆེན་པོའི་སྒོ་བཞི་རུཿ བདག་ཅག་འཇུག་ཅིང་བསྙེན་བསྒྲུབ་སྤྲོ། ཡེ་ཤེས་ཆེན་པོའི་སྒོ་ཕྱེས་ཤིག །བཛྲ་ཨུཏྒ་དྲ་པྲ་ཝེ་ཤ་ཡ་ཕཊཿ ཅེས་བརྗོད་ནས་མེ་ཏོག་དོར་བ་ནི། བླ་མ་ལྷར་བཅས་དགོངས་སུ་གསོལ། བཅག་ཅག་རིག་པའི་མེ་ཏོག་འདི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཐུགས་རྗེ་བརྩ་བར་དགོངས་སུ་གསོལ། །པྲ་ཏི་ཙ་ཧོ་གྷྲྀ་ཎ་ཧཱུཾ། །ལྷ་དང་ཆོས་སྐྱོང་རྣམས་ལ་ཕོག །སླར་ཡང་དངོས་གྲུབ་རྫས་སུ་བྱིན་ཞིང་། མི་དབྱེ་བ་ནི། ཇི་ལྟར་མིག་འབྱེད་དམ་པ་ཡིས། །སྡོང་པོ་སྐྱོན་གསལ་ནས་གཟུགས་མཐོང་བཞིན། །ཁྱོད་ཀྱི་མིག་དར་བསལ་བའི་མོད། །རང་བྱུང་ཡེ་ཤེས་མཐོང་བར་ཤོག །ཨོཾ་ཙཀྵུ་པྲ་ཝེ་ཤ་ཡ་ཕཊཿ དཀྱིལ་འཁོར་གྱི་ལྷ་ངོ་བསྟན་པ་ནི། ཨ་དོན་དམ་ངོ་བོ་ཀ་དག་ཀྱང་། །ཀུན་རྫོབ་རྟེན་འབྱུང་འགགས་མེད་ལས། །མགོན་པོའི་དཀྱིལ་འཁོར་སྣང་བའི་གཟུགས། །གཟུང་འཛིན་སྤང་བླང་རེ་ཏོགས་བྲལ། །འོད་གསལ་ལྷུན་གྲུབ་འདུས་མ་བྱས། །མཚོན་བྱ་མཚོན་བྱེད་དབྱིངས་སུ་གཅིག །འདི་ནི་དཀྱིལ་འཁོར་མཆོག་ཡིན་ནོ། །ཨོཾ་བཛྲ་པ་ཤ་ཧོཿ ཞེས་ལྷ་ངོ་བསྟན་ཞིང་མཎྜལ་ཕུལ་ལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་ལྷར་བཅས་དགོངས་སུ་གསོལ། །ནག་པོ་ཆེན་པོའི་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་དབང་བསྐུར་ཞུ། །དེང་འདིར་བདག་ལ་རྩལ་དུ་གསོལ། ལན་གསུམ་རྗེས་སུ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། །སློབ་མ་ལ་ཐིམ་པས་འོད་ཟེར་མཐིང་གའི་ཕུང་པོར་གྱུར། །དེ་ནས་དུར་ཁྲོད་རོལ་བའི་གཞལ་ཡས་ཁང་ཆེན་པོའི་དབུས་སུ་དགྲ་བགེགས་ཀྱི་རེ་གན་རྐྱལ་གྱི་སྟེང་དུ་པད་ཉི་ཟླ་གདན་ལ་སློབ་མ་ཁྱེད་རང་རྣམས་དཔལ་མགོན་ཚོགས་ཀྱི་བདག་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་མི་སྡུག་སྲིན་པོ་ཁྲོས་བའི་རྣམ་འགྱུར་ཅན། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཅན་དུ་གཟིགས་ཤིང་ཟླ་ཚེས་ལྟ་བུའི་མཆེ་བ་བཞི་གཙིགས་པ། ཕྱག་གཉིས་གཡས་པའི་ཙན་གྱི་བིང་ཆེན་ནམ་པར་འཕྱར་ཞིང་གཡོན་ན་ཐོད་ཁྲག་དང་ཁ་ཊྭཱཾ་མཆན་དུ་བཅུག་པ། སྐུ་ལ་དར་ནག་འཇོལ་བེར་དགུ་བརྩིགས་མནབ་ཅིང་རིན་པོ་ཆེ་དང་དར་དཔྱངས་ཀྱི་སྐེ་རེགས་དང་། གསེར་གྱི་གའུ་སྒྱུ་འཕྲུལ་གསེར་སྦྲག་གིས་བཀང་བ་ཟུང་འབྲེལ་དུ་བཅིངས་ཞིང་། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ་རིན་པོ་ཆེ་དང་སྦྲུལ་རིགས་ལྔའི་དོ་ཤལ་དང་ཡན་ལག་རྣམས་སྤྲས་པ། ཐེ་ཙོ་དང་ནེ་ཙོ་སོགས་ཀྱི་ཕྲེང་བ་སེ་རལ་ཁར་ཐོགས་པ། སྟག་ལྤགས་རོན་པའི་ཤམ་ཐབས་བྱས་ཤིང་། ཞབས་ལ་སག་ཏིའི་ལྷམ་པོ་ཆེ་མནབ་པ། གཟུགས་ཐུང་ལ་གཟི་བརྗིད་ཆེ་བ་ཤིན་ཏུ་འཇིགས་ཤིང་རབ་ཏུ་རྔམས་པ། བསྐལ་བའི་མེ་དཔུང་དམར་ནག་འཐོར་ལུང་དྲག་པོས་རབ་ཏུ་བསྐྱོད་པའི་དབུས་སུ་ཁམས་གསུམ་སྲིད་པ་གསུམ་ལས་རྣམ་པར་རྒྱ་བའི་མཐུ་སྟོབས་ནུས་རྩལ་དང་སྒེག་དཔའ་འཇིགས་རུང་དགོད་གཤེ་དྲག་ཤུལ་སྙིང་རྗེ་རྔམས་ཞི་སྟེ་འབར་བའི་གར་དགུའི་ཟིལ་གྱིས་འཆི་བདག་གཤིན་རྗེའི་དཔུང་ཚོགས་འདར་ཞིང་ཞུམ་པར་ནུས་པ་སྣང་ཞིང་སྲིད་པའི་དྲེགས་པ་ཅན་སོགས་འཁོར་འདས་ཡོངས་ཀྱི་སྤྱི་གཟུགས་ཆེན་པོ་རང་བྱུང་ལྷུན་གྱིས་གྲུབ་པའི་སྐུར་གསལ་བའི་སྤྱི་བོར་ཟླ་བའི་སྟེང་དུ་ཨོཾ་དཀར་པོ། མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོ། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུཾ་སྔོན་པོ་རྣམས་རྒྱལ་བ་རྣམས་ཀྱི་གསང་བ་གསུམ་གྱི་ངོ་བོར་བསམ་ལ། དེ་དག་ལས་འོད་ཟེར་གློག་ཞགས་ལྟར་མྱུར་བ་འཕྲོས་ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་མ་ལུས་ཤིང་ལུས་པ་མེད་པའི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་དཔལ་མགོན་ཚོགས་ཀྱི་བདག་པོའི་རྣམ་པར་བསྒྱུར་ནས་ཧཱུཾ་སྒྲ་དང་བསོ་སོ་སྒྲ་འབྲུག་སྟོང་ལྡིར་བ་ལྟ་བུའང་བཅས་པ་སྲིད་པ་གསུམ་གྱི་གནས་རྣམས་གཡོ་འགུལ་འཕར་ལྡེག་བྱེད་ནུས་པའི་མངོན་རྟོགས་བུམ་པའི་དབྱིངས་ནས་སྤྲིན་ནག་རླུང་གིས་བསྐྱོད་པ་ལྟ་བུ། བར་ཆད་ཁམས་ནས་སྐྱིན་ཐང་ཆུ་འཁྱག་དྲག་ཏུ་འཁྲུགས་པ་ལྟ་བུ། ས་གཞིའི་ཁམས་ནས་འཐོར་རླུང་དྲག་པོའི་ན་བུན་བསྐྱོད་པ་བཞིན་དུ་མཁྱེན་བརྩེ་ནུས་སྟོབས་ཀྱི་བྱིན་རླབས་མ་ལུས་པ་དག་ལས་ཆེན་བཞི་དང་དབང་ཕྱུག་བརྒྱད་སོགས་ཐུན་མོང་གི་དངོས་གྲུབ་དང་། བདེ་སྟོང་འགྱུར་མེད་སྐུ་ལྔ་ཡེ་ཤེས་ལྔ་སོགས་མཆོག་གི་དངོས་གྲུབ་དང་བཅས་པ་རྡོ་ཚན་ལ་ཁ་བ་བབས་པའམ། རྒྱ་མཚོ་ལ་ཆར་རྒྱུན་ཐིམ་པ་བཞིན་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པར་ཐིམ་པའི་མོས་འདུན་མཛོད་ཅིག །ཅེས་པ་དོན་སློབ་གཉིས་ཀས་འདུན་པ་ཙམ་གཅིག་ཏུ་གཞུགས་ནས། ཨོཾ་ཤྲི་མ་ཧཱ་ཀ་ལ་ས་པཱ་རི་ཝ་ར་བཛྲ་ཛྙཱ་ན་ཨ་ལྦེ་ཤ་ཡ་ཕེཾ་ཕེཾ་ཧཱུཾ་ཧཱུཾ་ཧཱུཾ། ཨ་ཨ་ར་ལི་ས་མ་ཡ་ཧྲིང་ཧྲིང་ཛཿཛཿ ཞེས་མང་དུ་བརྗོད་ཅིང་། རོལ་མོའི་་སྒྲས་བྱིན་དབབ། ཡེ་ཤེས་དེ་ཉིད་བརྟན་པའི་ཆེད་དུ། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་འཇོག་ཅི། ཛྙཱ་ན་སརྦ་ཏིཥྛ་བཛྲ། བརྟན་པར་བྱས་པའི་མོས་འདུན་མཛོད། དེ་ནས་སྐུ་བུམ་པའི་དབང་བསྐུར་བ་ནི། དབང་གི་ལྷ་རིགས་ལྔ་འཁོར་དག་བཅས་པ་བཛྲ་ས་མ་ཡ་ཛ་ཛཿ སྤྱན་དྲངས། ཨརྒཾ་ནས་ཤབྟའི་བར་གྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་མཾཿ ཞེས་གསོལ་བ་བཏབ། དེ་རྣམས་ཀྱིས་བུམ་པའི་ཆུས་དབང་བསྐུར་བར་བསམ་ལ། ཧཱུཾཿ རིན་ཆེན་བུམ་པ་བདུད་རྩིའི་བཀང་། །རིགས་ཀྱི་བུ་ལ་དབང་བསྐུར་བས། །ནག་པོ་ཆེན་པོ་འཁོར་བཅས་ཀྱི། །སྐུ་ཡི་དབང་མཆོག་ཐོབ་པར་ཤོག །ཨོཾ་ཤྲི་མ་ཧཱ་ཀ་ལ་གྷུར་ཎ་ཧྲཱི་ད་ཀ་ཡ་ཨ་བྷི་ཥིཉྩ་ཨོཾ། བུམ་ཆུ་བཏུང་ཞིང་ཁྲུས་བྱས་པས། མགོན་པོའི་སྐུའི་མཐུ་སྟོབས་ནུས་བྱིན་ལ་དབང་བསྐུར་བ་ཡིན་ནོ། །དེ་ནས་བུམ་པས་དབང་དང་འབྲེལ་ལ་ནག་པོ་ཆེན་པོ་གཙོ་འཁོར་ཡོངས་རྫོགས་ཀྱི་དབང་བསྐུར་བ་ནི། སློབ་དཔོན་ཡི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་བསྐུལ། མདུན་བསྐྱེད་གཙོ་འཁོར་རྣམས་ཀྱི་སྐུ་ལས་སྐུ་གཉིས་པ་རེ་འཕྲོས་ནས་སློབ་མ་ལྷར་གསལ་བ་ལ་ཐིམ་པའི་མོས་པ་མཛོད། ཅེས་བརྡག་སྦྱར་ཏེ། གཙོ་བོའི་སྐུ་དང་སྙིང་པོ་བཅས་སྤྱི་བོར་བཞག་ལ་འདི་སྐད་བརྗོད། ཧཱུཾ་ཚོགས་བདག་ཁྲག་འཐུང་ཆེན་པོ་ཡི། །དཔལ་ཆེན་སྤྱན་སྔར་ཁས་བླངས་བཞིན། །སྐལ་ལྡན་འདི་ཡི་སྲུང་མ་མཛོད། །བདུད་དང་དགྲ་བགེགས་རྡུལ་དུ་རློག །ཨོཾ་ཤྲཱི་མ་ཧཱ་ཀ་ལ་བྷི་ཥིཉྩ་ཧཱུཾ། །ཞེས་དང་ཡུམ་སྐུ་སྤྱི་བོར་བཞག །ཧཱུཾ་ཡུམ་ཆེན་ཡཀྴ་བཻ་ཏ་ལི། །དཔལ་ཆེན་སྤྱན་སྔར་ཁས་བླངས་བཞིན། སྐལ་ལྡན་འདི་ཡི་སྲུང་མ་མཛོད། ཨོཾ་བཛྲ་ཡཀྴ་བཻ་ཏ་ལི་ཨ་བྷི་ཥིཉྩ་ཧཱུཾ་ཞེས་དང་། ལས་མགོན་རྣམས་གསུམ་སྐུ། རིམ་བཞིན་གཏད་དེ་འདི་སྐད་བརྗོད། ཧཱུཾ་དཔལ་ཆེན་སྐུ་ཡི་མགོན་པོ་ཡི། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །ཁས་སླངས་དམ་བཅའ་ཇི་བཞིན་དུ། །སྐལ་ལྡན་འདི་ཡི་སྲུང་མ་མཛོད། །ཨོཾ་སྲཱི་མ་ཧཱ་ཀཱ་ལ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ། སྐུ་མཆོག་གོ་ཧཱུཾ་དཔལ་ཆེན་གསུང་གི་མགོན་པོ་ཡི། སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། ཁས་བླངས་དམ་བཅའ་ཇི་བཞིན་དུ། སྐལ་ལྡན་འདི་ཡི་སྲུང་མ་མཛོད། ཨོཾ་ཤྲཱི་མ་ཧཱ་ཀ་ལ་ལྦཀྐ་ཨ་བྷི་ཥིཉྩ་ཨཱཿ གསུང་མཆོག་གོ །ཧཱུཾ། དཔལ་ཆེན་ཐུགས་ཀྱི་མགོན་པོ་ཡི། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །ཁས་བླངས་དམ་བཅའ་ཇི་བཞིན་དུ། །སྐལ་ལྡན་འདི་ཡི་སྲུང་མ་མཛོད། །ཨོཾ་ཤྲཱི་མ་ཧཱ་ཀ་ལ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾཿ ཐུགས་མཆོག་གོ། དེ་ནས་ཕྱོགས་བཅུའི་མགོན་པོའི་སྐུ་སློབ་བུར་རིམ་བཞིན་གཏད་བྱས་ཏེ། ཧཱུཾ་ཤར་ཕྱོགས་མགོན་པོ་དྲི་ཟའི་ཚོགས། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །ཁས་བླངས་དམ་བཅའ་ཇི་བཞིན་དུ། །སྐལ་ལྡན་འདི་ཡི་སྲུང་མ་མཛོད། །ཨོཾ་མ་ཧཱ་ཀ་ལ་ཨཱཪྱ་རེ་མན་ཏ་ཨ་བྷི་ཥིཉྩ་ཧཱུཾཿ དཔལ་རབ་འཆང་ངོ་། །ཧཱུཾ་ལྷོ་ཕྱོགས་མགོན་པོ་གཤིན་རྗེའི་ཚོགས། །སྔོན་ཚེ་དཔལ་ཆེན་སྤྱན་ལྔ་རུ། །ཁས་བླངས་དམའ་ཇི་བཞིན་དུ། །སྐལ་ལྡན་འདི་ཡི་སྲུང་མ་མཛོད། །ཨོཾ་མ་ཧཱ་ཀ་ལ་ཏད་ཤད་ཛ་ཨ་བྷི་ཥིཉྩ་ཧཱུཾཿ །ལེགས་ལྡོན་ཧཱུཾ་ནུབ་ཕྱོགས་མགོན་པོ་ཀླུ་བདུད་ཚོགས། །སྔོན་ཚེ་དཔལ་ཆེན་སྤྱན་ལྔ་རུ། །ཁས་བླངས་དམ་བཅའ་ཇི་བཞིན་དུ། །སྐལ་ལྡན་འདི་ཡི་སྲུང་མ་མཛོད། །ཨོཾ་མ་ཧཱ་ཀ་ལ་མེ་ཏྲི་མ་རུ་ཀེ་ཡེ་ཨ་བྷི་ཥིཉྩ་ཧཱུཾཿ བྲག་ལྷ་འོ། ཧཱུཾ་བྱང་ཕྱོགས་མགོན་པོ་གནོད་སྦྱིན་ཚོགས། །སྔོན་ཚེ་དཔལ་ཆེན་སྤྱན་ལྔ་རུ། །ཁས་བླངས་དམ་བཅའ་ཇི་བཞིན་དུ། །སྐལ་ལྡན་འདི་ཡི་སྲུང་མ་མཛོད། །ཨོཾ་མ་ཧཱ་ཀ་ལ་བྷཻ་ཤྲ་མ་ཎ་ཡེ་ཨ་བྷི་ཥིཉྩ་ཧཱུཾཿ རྣམ་ཐོས་སྲས་སོ། །ཧཱུཾ་ཤར་ལྷོ་མགོན་པོ་མེ་ལྷའི་ཚོགས། །སྔོན་ཚེ་དཔལ་ཆེན་སྤྱན་ལྔ་རུ། །ཁས་བླངས་དམ་བཅའ་ཇི་བཞིན་དུ། །སྐལ་ལྡན་འདི་ཡི་སྲུང་མ་མཛོད། །ཨོཾ་མ་ཧཱ་ཀ་ལ་ཨཱར་ཛཾ་བྷ་ལ་ཨ་བྷི་ཥིཉྩ་ཧཱུཾཿ ཛཾ་བྷ་ལའོ། ཧཱུཾ་ལྷོ་ནུབ་མགོན་པོ་སྲིན་པོའི་ཚོགས། །སྔོན་མེད་དཔལ་ཆེན་སྤྱན་ལྔ་རུ། ཁས་བླངས་དམ་བཅའ་ཇི་བཞིན་དུ། །སྐལ་ལྡན་འདི་ཡི་སྲུང་མ་མཛོད། །ཨོཾ་མ་ཧཱ་ཀ་ལ་དྷེ་ལྦ་ནི་རི་ཏི་ཨ་བྷི་ཥིཉྩ་ཧཱུཾཿ རེ་མན་ཏའོ། ཧཱུཾ་ནུབ་བྱང་མགོན་པོ་ལུང་ལྷའི་ཚོགས། །སྔོན་ཚེ་དཔལ་ཆེན་སྤྱན་ལྔ་རུ། །ཁས་བླངས་དམ་བཅའ་ཇི་བཞིན་དུ། །སྐལ་ལྡན་འདི་ཡི་སྲུང་མ་མཛོད། །ཨོཾ་མ་ཧཱ་ཀ་ལ་རུ་གྷོ་རུ་གྷ་ནི་རུ་གྷེ་ཨ་བྷི་ཥིཉྩ་ཧཱུཾཿ སྣར་ཤ་བ་རི་འོ། ཧཱུཾ་བྱང་ཤར་མགོན་པོ་དབང་ལྡན་ཚོགས། །སྔོན་ཚེ་དཔལ་ཆེན་སྤྱན་ལྔ་རུ། །ཁས་བླངས་དམ་བཅའ་ཇི་བཞིན་དུ། །སྐལ་ལྡན་འདི་ཡི་སྲུང་མ་མཛོད། །ཨོཾ་མ་ཧཱ་ཀ་ལ་ཨི་ཤྭ་ཎ་ཡེ་ཨ་བྷི་ཥིཉྩ་ཧཱུཾཿ རྣ་སྣང་དབུ་བརྒྱན་ནོ། །ཧཱུཾ་སྟེང་ཕྱོགས་མགོན་པོ་གཟའ་ཆེན་ཚོགས། །སྔོན་ཚེ་དཔལ་ཆེན་སྤྱན་ལྔ་རུ། །ཁས་བླངས་དམ་བཅའ་ཇི་བཞིན་དུ། །སྐལ་ལྡན་འདི་ཡི་སྲུང་མ་མཛོད། །ཨོཾ་མ་ཧཱ་ཀ་ལ་ཙནྡྷ་ཡེ་ཨ་བྷི་ཥིཉྩ་ཧཱུཾཿ དུང་གི་ཐོད་ཆུགས་ཅན་ནོ། །ཧཱུཾ། འོག་ཕྱོགས་མགོན་པོ་ས་བདག་ཚོགས། །ཚོགས་ཚེ་དཔལ་ཆེན་སྤྱན་ལྔ་རུ། །ཁས་བླངས་དམ་བཅའ་ཇི་བཞིན་དུ། །སྐལ་ལྡན་འདི་ཡི་སྲུང་མ་མཛོད། །ཨོཾ་མ་ཧཱ་ཀ་ལ་ཨ་ཏི་པྲ་ཏི་བྷྱོ་ཨ་ཧི་ཥིཉྩ་ཧཱུཾཿ ཤཱི་བི་ཏ་ལི་འོ། །དེ་ནས་སྡེ་བརྒྱད་མགོན་པོའི་དབང་། རིམ་བཞིན་འདི་ལྟར་བསྐུར་བར་བྱ། ཧཱུཾ་སྲིད་པ་ལྷ་ཡི་གཙོ་བོ་ཡིས། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །ཁས་བླངས་དམ་བཅའ་ཇི་བཞིན་དུ། །སྐལ་ལྡན་འདི་ཡི་སྲུང་མ་མཛོད།། ཨོཾ་མ་ཧཱ་ཀ་ལ་ཨདྡྷེ་ལྦ་རཀྴ་ཨ་བྷི་ཥིཉྩ་ཧཱུཾཿ ཤར་གྱིས་སོ། །ཧཱུཾ་གཤིན་རྗེ་ཡ་མ་ར་ཙ་ཡིས། །སྔོན་ཚེ་དཔལ་ཆེན་སྤྱན་ལྔ་རུ། །ཁས་བླངས་དམ་བཅའ་ཇི་བཞིན་དུ། །སྐལ་ལྡན་འདི་ཡི་སྲུང་མ་མཛོད། །ཨོཾ་མ་ཧཱ་ཀ་ལ་ཡ་ཡ་མ་རཀྴ་ཨ་བྷི་ཥིཉྩ་ཧཱུཾཿ ལྷོ་ཡིས་སོ། །ཧཱུཾ་མ་མོ་སྲིད་པའི་རྒྱལ་མོ་ནི། སྔོན་ཚེ་དཔལ་ཆེན་སྤྱན་ལྔ་རུ། །ཁས་བླངས་དམ་བཅའ་ཇི་བཞིན་དུ། སྐལ་ལྡན་འདི་ཡི་སྲུང་མ་མཛོད། །ཨོཾ་མ་ཧཱ་ཀ་ལ་མ་མ་མ་རཀྵ་ཨ་བྷི་ཥིཉྩ་ཧཱུཾཿ ནུབ་ཀྱིས་སོ། །ཧཱུཾ་ཕོ་བདུད་སྐོས་རྗེ་བྲག་དཀར་ནི། །སྔོན་ཚེ་དཔལ་ཆེན་སྤྱན་ལྔ་རུ། །ཁས་བླངས་དམ་བཅའ་ཇི་བཞིན་དུ། །སྐལ་ལྡན་འདི་ཡི་སྲུང་མ་མཛོད། །ཨོཾ་མ་ཧཱ་ཀ་ལ་དུ་པྲ་མ་རཀྵ་ཨ་བྷི་ཥིཉྩ་ཧཱུཾཿ བྱང་གིས་སོ། །ཧཱུཾ་བཙན་རྗེ་སྲོག་ལེན་དམར་མོ་ནི། །སྔོན་ཚེ་དཔལ་ཆེན་སྤྱན་ལྔ་རུ། །ཁས་བླངས་དམ་བཅའ་ཇི་བཞིན་དུ། །སྐལ་ལྡན་འདི་ཡི་སྲུང་མ་མཛོད། །ཨོཾ་མ་ཧཱ་ཀ་ལ་རུ་ཨ་ཤྭ་རཀྵ་ཨ་བྷི་ཥིཉྩ་ཧཱུཾཿ ཤར་ལྷོ་འོ། །ཧཱུཾ་དགྲ་ལྷའི་རྒྱལ་པོ་བོ་ཧར་ནི། །སྔོན་ཚེ་དཔལ་ཆེན་སྤྱན་ལྔ་རུ། །ཁས་བླངས་དམ་བཅའ་ཇི་བཞིན་དུ། །སྐལ་ལྡན་འདི་ཡི་སྲུང་མ་མཛོད། །ཨོཾ་མ་ཧཱ་ཀ་ལ་ཙ་ར་ཙ་རཀྴ་ཨ་བྷི་ཥིཉྩ་ཧཱུཾཿ ལྷོ་ནུབ་པའོ། །ཧཱུཾ་གནོད་སྦྱིན་ཀ་ལ་ཡཀྴ་ནི། །སྔོན་ཚེ་དཔལ་ཆེན་སྤྱན་ལྔ་རུ། །ཁས་བླངས་དམ་བཅའ་ཇི་བཞིན་དུ། །སྐལ་ལྡན་འདི་ཡི་སྲུང་མ་མཛོད། །ཨོཾ་མ་ཧཱ་ཀ་ལ་ཤ་ཡཀྴ་རཀྴ་ཨ་བྷི་ཥིཉྩ་ཧཱུཾཿ ནུབ་བྱང་ངོ་། །ཧཱུཾ་ཀླུ་བདུད་འཆི་བདག་མགོ་དགུ་ནི། །སྔོན་ཚེ་དཔལ་ཆེན་སྤྱན་ལྔ་རུ། །ཁས་བླངས་དམ་བཅའ་ཇི་བཞིན་དུ། །སྐལ་ལྡན་འདི་ཡི་སྲུང་མ་མཛོད། །ཨོཾ་མ་ཧཱ་ཀ་ལ་ན་ནཱ་ག་རཀྴ་ཨ་བྷི་ཥིཉྩ་ཧཱུཾཿ བྱང་ཤར་རོ། །ཞེས་ཚང་བར་བརྗོད་ནས་གསུང་སྔགས་ཀྱི་དབང་བསྐུར་བ་ནི། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བླ་མ་ལྷར་བཅས་དགོངས་སུ་གསོལ། །ནག་པོ་ཆེན་པོའི་གསུང་གི་དབང་། །དེང་འདིར་བདག་ལ་རྩལ་དུ་གསོལ། །སློབ་དཔོན་དག་གདུན་བྱེད་ཀྱི་ཐུགས་ཀ་ནས་སྔགས་ཀྱི་ཡིག་འབྲུ་དཔག་ཏུ་མེད་པ་བྱོན། སློབ་མའི་སྙིང་གའི་ས་བོན་ལ་ཐིམ་པས་ངག་གི་སྡིག་སྒྲིབ་དག །གསུང་གི་བྱིན་རླབས་བཞུགས་པར་བསམ། ཨོཾ་ཤཱི་མ་ཧཱ་ཀ་ལ་ལྦཀྐ་ཨ་ལྦ་ཤ་ཡ་ཨཱཿ ཞེས་བཏགས་པ་བཟླ་ཞིང་རོལ་མོའི་སྒྲ་བྱ། སློབ་དཔོན་ལ་གུས་འདུད་བྱས་པའི་རྐྱེན་གྱིས་སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ཐོན་པ་སློབ་མའི་ཁར་ཞུགས་སྙིང་གའི་ས་བོན་གྱི་མཐར་གཡས་བསྐོར་དུ་འཁོར་བར་བསམ་ལ། ཨོཾ་ཤྲཱི་མ་ཧཱ་ཀ་ལ་ཧཱུཾ་ཕཊ༔ ཨོཾ་བཛྲ་ཡཀྴ་བཻ་ཏ་ལི་ཧཱུཾ༔ མ་ཧཱ་ཀ་ལ་སིདྡྷི་ཡཾ་དུ་ཛ༔ ཨོཾ་ཤྲཱི་མ་ཧཱ་ཀ་ལ་གྷུ་ཎ་ཧྲཱི་ད་ཀ་ཡ་ལྦཀྐ་ཙིཏྟ་དགྲ་བགེགས་སརྦ་ཤ་ཏྲུཾ་མ་ར་ཡ་ཧཱུཾ་ཕཊ༔ རྗེས་ཟློས་ལན་གསུམ་བྱེད་དུ་བཅུག་ལ་དང་། བཅོམ་ལྡན་བདག་ལ་རྩལ་ལེགས་ཀྱིས། བདག་ལ་འགོ་བར་མཛད་དུ་གསོལ། རྗེས་བཟླས་ལན་གསུམ་མཐར། བཅོམ་ལྡན་འདི་ལ་རྩལ་ལེགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་རྩལ་དུ་གསོལ། །བརྟུལ་ཞུགས་བསྟན་པར་མཛད་དུ་གསོལ། །ཞེས། དཔལ་མགོན་ཚོགས་ཀྱི་བདག་པོའི་བྱིན་རླབས་ནུས་སྟོབས་ཐམས་ཅད་སློབ་མ་འདི་དག་གི་རྒྱུད་ལ་འཇུག་པར་གྱུར་ཅིག །ཅེས་བརྗོད་ཅིང་ཐོད་ཚང་མགྲིན་པར་བཞག །ཧཱུཾ་བདུད་རྩི་ཆེན་པོའི་ཐོད་པ་འདི། །སྐལ་ལྡན་བུ་ལ་སྦྱིན་པ་ཡིས། །ནག་པོ་ཆེན་པོ་འཁོར་བཅས་ཀྱི། །གསུང་གི་དབང་མཆོག་ཐོབ་པར་ཤོག །ཨོཾ་ཤྲཱི་མ་ཧཱ་ཀ་ལ་གྷུ་ཎ་ཧྲཱི་ད་ལྦཀྐ་ཨ་བྷི་ཥིཉྩ་ཨཿ ཞེས་བདུད་རྩི་བླུད་ནས། ནག་པོ་ཆེན་པོའི་གསུང་གི་ནུས་པ་ལ་དབང་བར་བྱས་པ་ཡིན་ནོ། །ཞེས་བརྗོད་ནས། ཐུགས་ཀྱི་དབང་བསྐུར་ཞུའི་ཆེད་དུ་འདིའི་རྗེས་ཟློས་མཛོད། ཧཱུཾ་བླ་མ་ལྷར་བཅས་དགོངས་སུ་གསོལ། ནག་པོ་ཆེན་པོ་ཐུགས་ཀྱི་དབང་དེང་འདིར་བདག་ལ་རྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཕྱག་མཚན་དཔག་ཏུ་མེད་པ་བྱོན། སློབ་མའི་སྙིང་གར་ཐིམ་པས་ཡིད་ཀྱི་སྡིག་སྒྲིབ་དག་ཐུགས་ཀྱི་བྱིན་རླབས་ཞུགས་པར་བསམ་ཞིང་། ཨོཾ་ཤྲཱི་མ་ཧཱ་ཀ་ལ་ཙིཏྟ་ཨ་ལྦེ་ཤ་ཡ་ཨཿ ཞེས་བཏགས་ལ་བཟླ་ཞིང་རོལ་མོའི་སྒྲ་དང་བཅས། ཙིཏྟ་སྲོག་འཁོར་སྙིང་ཀར་བཞག་ལ། ཧཱུཾ་ལྷ་དང་དམ་ཅན་ཐུགས་ཀྱི་རྟེན། །ཙིཏྟ་སྲོག་འཁོར་དབང་བསྐུར་བས། །ནག་པོ་ཆེན་པོ་འཁོར་ཀྱི། ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག །ཨོཾ་ཤྲཱི་མ་ཧཱ་ཀ་ལ་གྷུ་ཎ་ཧྲཱི་ད་ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾཿ ཞེས་བརྗོད་ནས། སློབ་མ་ལྷར་གསལ་བ་ཉིད་ཡས་མས་ནས་རིག་པས་འོད་དུ་ཞུ་ཏེ་སྙིང་གའི་ཧཱུཾ་གི་ནཱ་དའི་བར་དུ་བསྡུས། ནཱ་ད་ཡང་མི་དམིགས་པར་མཉམ་པར་བཞག །སླར་ཧཱུཾ་ཞེས་པའི་སྒྲས་མགོན་པོའི་སྐུར་སྐད་ཅིག་གསལ་བཏབ་ལ། མགོན་པོའི་ཐུགས་ཀྱི་ཡེ་ཤེས་ལ་དབང་བར་བྱས་པ་ཡིན་ནོ། །ཡོན་ཏན་གྱི་དབང་ནི་གོང་བཞིན་ནོ། །གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧཱུཾ་བླ་མ་ལྟར་བཅས་དགོངས་སུ་གསོལ། ནག་པོ་ཆེན་པོའི་ཡོན་ཏན་དབང་། དེང་འདིར་བདག་ལ་རྩལ་དུ་གསོལ། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་གཏོར་མ་ལྷར་གསལ་བའི་ཐུགས་རྒྱུད་བསྐུལ་བའི་སྤྱི་བོ་ནས་བྱིན་ནས་བྱིན་གྱི་རླབས་པའི་དམིགས་བདུན་མཛོད། ཧཱུཾ་བླ་མ་དང་དམ་ཅན་བསྒྲུབ་པའི་རྫས། དམ་ཅན་གཏོར་མའི་དབང་བསྐུར་བས། ནག་པོའི་ཆེན་པོ་འཁོར་ཀྱི། ཡོན་ཏན་ལྷུན་གྲུབ་དབང་ཐོབ་ཤོག །ཨོཾ་ཤྲཱི་མ་ཧཱ་ཀ་ལ་གྷུ་ཎ་ཧྲཱི་ད་གྷུ་ཎ་ཨ་བྷི་ཥིཉྩ་ཧཱུཾཿ བཅོམ་ལྡན་ཕྱག་ན་པདྨེ་ཡིས། །བསྟན་འགྲོའི་མཁྱེན་དུ་དབང་བསྐུར་བ། །ལྷ་ཆེན་ཚོགས་ཀྱི་བདག་པོ་ཡི། །ཡབ་ཡུམ་སྲས་འཁོར་བཅས་ལ་བསྟོད། ཅེས་པའི་མཐར་ཡབ་ཡུམ་གྱི་འབོད་སྔགས་ཚར་གཅིག་བརྗོད་མཐར། དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོ་འཁོར་དང་བཅས་པ་རྣམས་ཀྱིས་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་རིགས་ཀྱི་བུ་འདི་ཡི་བསྲུང་མ་མཛོད་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ། འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་མཐུན་རྐྱེན་ཕུན་སུམ་ཚོགས་བསམ་སྦྱོར་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང་། རྣམ་བཞིའི་ཕྲིན་ལས་ཐམས་ཅད་གཡེལ་བ་མེད་པར་འགྲུབ་པར་མཛད་དུ་གསོལ། ཞེས་བཀའ་བསྒོ་བྱ་མཐར། གཏོར་མའི་ལྷ་འོད་དུ་ཞུ་ནས་སློབ་མ་ལ་ཐིམ། དཔོན་སློབ་གཉིས་ཀའི་བསྒོམས། མགོན་པོའི་ཡོན་ཏན་གྱི་གཏེར་མཛོད་ལ་དབང་བྱས་པ་ཡིན་ནོ། །ཞེས་བརྗོད་ནས་ཕྲིན་ལས་དྲག་པོའི་སྒྲོལ། །དབང་ནི་གོང་བཞིན་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །བླ་མ་ལྷར་བཅས་དགོངས་སུ་གསོལ། །ནག་པོ་ཆེན་པོའི་འཕྲིན་ལས་དབང་། །དེང་འདིར་བདག་ལ་རྩལ་དུ་གསོལ། ཞེས་གསོལ་བ་བཏབ་ནས་མདུན་དུ་ལིངྒ་བཤམས་ཤིང་བྲན། ཨ་སྤ་ར་ཕཊ༔ ལྕགས་བསྲེགས་ཀྱི་བྲུབ་ཁུང་གྲུ་གསུམ་པའི་ནང་དུ་ཪྣྲི་དང་ཏྲི་ལས་དགྲ་བགེགས་ཤིན་ཏུ་རིལ་ཅིང་ཉམ་ཐག་པའི་རྣམ་པ་ཅན་དུ་གྱུར། མགོན་པོའི་སྤྲུལ་པའི་དམག་ཚོགས་ནའམ་གང་བར་སྤྲོས། དེ་རྣམས་ཀྱི་དྲག་པོའི་ལས་མཛད་པར་བསམ་ལ། བདེན་སྟོབས་བརྗོད་དེ་དམིགས་བྱ་འགུགས་གཞུགས་བྱ་ཞིང་། ཧཱུཾ་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ་ནག་པོ་ཆེན་པོ་ཀི་ལ་ཡ། ལས་ངག་དབང་གི་ལུས་གཟུགས་རྟེན། སྒྲོལ་ཞིག་རྣམ་ཤེས་དབྱིངས་སུ་བསྟིམ། ཞེས་བརྗོད་ཅིང་། ཨོཾ་ཤྲཱི་མ་ཧཱ་ཀ་ལ༴ སོགས་འབོད་རྦད་བསད་པའི་སྔགས་བརྗོད་པ་དང་ཆབ་ཅིག་སློབ་བུའི་ལག་ཏུ་སྒྲོལ་ཕུར་དག་མཚོན་ཆ་ཐུན་སོགས་གཏད་ལ་ལིངྒར་གདབ་བཅུག་ཅིང་དབང་བསྐུར་བ་ནི། ཨོཾ་མ་ཧཱ་ཀ་ལ་ཧཱུཾ་ཕཊ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་སིདྡྷི་སཾ་དུ་ཛ་ཛཿ ཡབ་ཀྱི་འབོད་པའོ། །ཨོཾ་བཛྲ་ཡཀྴ་བཻ་ཏ་ལི་ཧཱུཾ་ཛ་ཛཿ ཡུམ་གྱི་འབོད་པའོ༔ ཨོཾ་མ་ཧཱ་ཀཱ་ལ་དགྲ་བོའི་སྙིང་འབྱིནཿ སྙིང་ལ་སུ་ཏྲི་དགྲ་བོའི་ཙིཏྟ་རྦདཿ ཡབ་ཀྱི་རྦད་པའོ༔ ཨོཾ་བཛྲ་ཡཀྴ་བཻ་ཏ་ལི་ཧཱུཾཿ ཏྲག་རཀྴ་རཀྨོ་ཐུཾ་ལཾཿ དགྲ་བོའི་སྙིང་ལ་འདུས་འདུསཿ སྲོག་ལ་སྲེང་སྲེང་ཤཾ་ཤཾ་ཁྱེར་བྷྱོཿ ཡུམ་གྱི་རྦད་པའོ༔ ཨོཾ་མ་ཧཱ་ཀཱ་ལ་ཪྣྲྀཿཐུཾ་རིལ་རྦད་སུ་ཪྣྲྀཿཛཿ དགྲ་བོའི་སྙིང་ལ་མ་ར་ཡ་རྦདཿ ཡབ་ཀྱི་བསད་པའོཿ ཏྲག་རཀྴ་རཀྨོ་ཐུཾ་རིལ་རྦདཿ སྙིང་ཁ་ལ་རཀྴ་ཛཿཛཿཏྲག་རཀྴ་ཙིཏྟ་ཤཾ་ལཾ། སྙིང་ཁ་ལ་རཀྴ་ཛཿཛཿ ཐུཾ་རི་ལི་ལི་བྷྱོཿ མ་མོའི་བསད་པའོཿ ཨོཾ་ཤྲྀ་མ་ཧཱ་ཀཱ་ལ་གུ་ཎ་ཧྲཱི་ད་ཀ་ཡ་ལྦཀྐ་ཙིཏྟ་དགྲ་བགེགས་སརྦ་ཤ་ཏྲུཾ་མ་ར་ཡ་ཧཱུྃ་ཕ྄ཊཿ ཐུན་སྔགས་སོཿ དགེའོ།
ཛཿ ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་བདེན་པའི་སྟོབས་ཀྱིས་སློབ་དཔོན་སངས་རྒྱས་གཉིས་པའི་བསྟན་པ་ལ་སྡང་ཟིང་བསྟན་འཛིན་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་ཐད་སོར་བུད་པའི་དགྲ་ཉེས་ཚེ་ཟད་རྣམས་ཀྱི་བླ་སྲོག་རྣམ་པར་ཤེས་པ་དམིགས་པའི་རྟེན་འདི་ལ་མྱུར་དུ་ཁུག་ཅིག །ཪྣྲི་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད་ཛ་ཧཱུཾཿ།
ཧཱུཾ་དགྲ་བགེགས་བསྒྲལ་བའི་ཕྱག་ཆ་འདི། །སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡི། །ནག་པོ་ཆེན་པོ་འཁོར་བཅས་ཀྱི། །འཕྲིན་ལས་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཤྲཱི་མ་ཧཱ་ཀ་ལ་གྷུ་ཎ་ཧྲཱི་ད་ཀརྨ་ཨ་བྷི་ཥིཉྩ་ཧཱུཾཿ ཞེས་བརྗོད་ནས་ལིང་རོ་བདུད་རྩིར་སྦྱར་བ་གཅིག་ཐོག་མར་མགོན་པོ་ལ་བསྔོས་ནས་ལྷག་མ་སློབ་བུ་མགོན་པོའི་ང་རྒྱལ་གྱིས་རོལ། ཟོས་ལྷག་དཀྱིལ་འཁོར་ལ་བསྔོ། དེས་མགོན་པོའི་ཕྲིན་ལས་ཀྱི་མཐུ་སྟོབས་དང་ནུས་པ་ཐམས་ཅད་དབང་བར་བྱས་པ་ཡིན་ནོ། །མཐའ་བརྟེན་བཀའ་གཏད་ཀྱི་དབང་ནི། སྐུ་གཟུགས་ཡོངས་རྫོགས་སྤྱི་བོར་བཞག །བསྒྲུབ་ཡིག་ལག་ཏུ་གཏད་ལ། ཧཱུཾ་བཀའ་བསྲུང་དམ་ཅན་མ་ལུས་རྣམས། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །ཁས་བླངས་དམ་བཅའ་ཇི་བཞིན་དུ། །སྐལ་ལྡན་འདི་ཡི་བསྲུང་མ་མཛོད། ཨོཾ་ཤྲཱི་མ་ཧཱ་ཀ་ལ་ཨ་བྷི་མ་ཧཱ་ཀ་ལ་ཨ་བྷི་ཥིཉྩ་ཧཱུཾཿ ཞེས་དང་། ཧཱུཾ་སྐལ་ལྡན་སྒྲུབ་མཆོག་དམ་ཚིག་ཅནཿ ཡི་དམ་ལྷ་མཆོག་རྒྱུན་དུ་བསྒྲུབཿ ཆོས་སྐྱོང་སྲུང་མ་རྟག་ཏུ་མཆོདཿ སངས་རྒྱས་བསྟན་པ་བསྲུང་བར་གྱིསཿ དགྲ་བགེགས་དམ་ཉམས་མྱུར་དུ་སྒྲོལཿ མན་ངག་དམ་པ་གསང་བར་འཆང་ཿ གདམས་པ་གཏད་དོ་ཐུབ་པར་བསྲུང་ཿ ཞེས་བརྗོད་ཅིང་དེ་དང་རྗེས་འགྲེལ་དུ་ཕན་ཡོད་དང་དམ་ཚིག་འབོགས་པ་ནི། དེ་ལྟར་དབང་བསྐུར་ཐོབ་པས་མགོན་པོ་ཉིད་རྟག་ཏུ་མི་འབྲལ་པར་བསྲུང་སྐྱོབས་མཛད་པ་ཆོས་ཉིད་ཡིན་ཞིང་ཁྱེད་རྣམས་ཀྱི་ཀྱང་དམ་ཚིག་རྣམ་པར་དག་པ་བསྲུང་དགའོ་ཏེ། སྤྱིར་མཆོད་གཏོར་ལ་བརྩོན་པ་དང་། ཁྱད་པར་ཚེས་བརྒྱད་བཅོ་ལྔ་ཉི་ཤུ་དགུ་རྣམས་ལ་དུས་ཀྱི་གཏོར་མ་མ་ཆགས་པ་དང་། སྣོད་མིན་དེང་ནས་བརྩམས་དེ་བདག་བྲན་དུ། །ཁྱེད་ལ་བདག་ནི་ཡོངས་སུ་འབུལ། །ཁྱོད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཤས་ཀྱང་ནི་སྤྱད་དུ་གསོལ།
ལོག་ལྟ་ཅན་ལ་སྐུ་མི་བསྟན། །སྔགས་དང་དམ་རྫས་གསང་། བྱ་ནག་ཁྱི་ནག་ལ་གནོད་འཚེ་སྤངས་པ་སོགས་སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་གནས་པར་བྱ་བ་ནི། དབང་སྲོག་དམ་ཚིག་གིས་འཛིན་ཞེས་པའི་དོན་ཡིན་པས་གལ་ཤིན་ཏུ་ཆེའོ། །དེ་ལྟར་དཔལ་མགོན་ཚོགས་ཀྱི་བདག་པོས་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་ཡོངས་རྫོགས་ཐོབ་པའི་དམ་ཚིག་རྣམས་ཚུལ་བཞིན་དུ་སྲུང་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་རྩལ་བ་སོགས། བཀའ་དྲིན་དང་གཏང་རག་གི་ཡོན་དུ་མཎྜལ་ཕུལ། དེང་ནས་བརྩམ་ཏེ་བདག་སོགས། བཀྲ་ཤིས་དང་དགེ་བ་གཞན་དོན་དུ་བསྔོ་བ་སོགས་བྱའོ། །འདིར་སྨྲས་པ་གནས་དུས་དབང་བསྐུར་ཞུ་ཡུལ་བླ་མ་དེ། ཞུ་མཁན་ཉིད་ལས་ལྷག་པར་འཛིན་མོད་ཀྱང་། དེང་དུས་སྔགས་སྲོག་དབང་དང་དབང་གི་སྲོག །དམ་ཚིག་ཡིན་པའི་གེ་བ་ར་རི་ཙམ་མ་སྐྱེས་བླངས་དེར་བྲལ་བའི་སེར་གཟུགས་འགས། དབང་རྫས་རེག་ཙམ་དབང་ཚིག་ཐོས་ཙམ་གྱིས། དབང་བསྐུར་ཐོབ་ཅེས་གཞན་སྨིན་འདོད་པས་ཁྲེལ། ཀྱེ་མ་སྔོན་བྱོན་མཁས་དང་གྲུབ་པའི་ཚོགས། བདེན་ན་དབང་བསྐུར་ཐོབ་ཕྱིར་དམ་སྲུང་ཞིང་། གཡོ་མེད་སྟོང་པའི་ཚུལ་གྱིས་ཉམས་བླངས་མཐར། སྨིན་གྲོལ་ལམ་ལ་རྗེས་འཇུག་བཀྲི་དགོས་ལས། རང་གི་རང་བཞིན་ཆགས་སྡང་རྨོངས་གསུམ་གྱིས། མངོན་རྟོགས་མ་འགྱུར་དེ་ཡི་གཞན་སྨིན་བཀའ། དེ་ཕྱིར་རང་ཉིད་ལེགས་འདོད་གང་དག་སུ། རང་རྒྱུད་ཐུལ་ལ་གཞན་རྒྱུད་སྨིན་པར་མཛོད། དེ་ལྟར་དཔལ་མགོན་ཚོགས་ཀྱི་བདག་པོ་ཡི། དབང་གཞུག་ལབ་བླས་མཛད་པ་གབ་སྦས་ཀྱི། ཇི་བཞིན་བསྐུར་ནུས་རྗེས་འཇུག་དཀོན་པ་དང་། འདིར་འདྲའི་ཆོས་ཚུལ་ནུབ་པར་ཕངས་གྱུར་ནས། དབང་སྲོག་དམ་ཚིག་དཔག་བསམ་ལྗོན་པའི་ཤིང་། དམ་སེལ་ཁྱགས་ཀྱིས་ལ་རེགས་མྱུ་གུ་འདི། རྣམ་འདྲེན་རྣམ་པ་ཉི་ཤུའི་བྱང་ཆུབ་གྲངས། སྐྱབས་སུ་བརྟེན་པའི་འབྲས་བཟང་དབང་གི་རྒྱལ། རྣལ་འབྱོར་བྱང་ཆུབ་རྡོ་རྗེས་ཀུན་བཟང་གཞན་ཕན་ལེགས་སྤེལ་བཞིན། ཡིག་གེ་འབེབས་མཁན་དྷརྨ་ཕ་ལ་ཡིས། བགྱིས་འདིའི་དགེ་བས་རྒྱལ་བསྟན་དྲ་ལྗང་ཅན། སྲིད་འདིར་གོ་བའི་དྲོད་ཕུར་ཉིད་གྱུར་ཅིག །དགེའོ། །དགེའོ། །དགེའོ།


previousདཔལ་མགོན་ཚོགས་ཀྱི་བདག་པོའི་དབང་ཆོག་དམ་ཚིག་ལྗོན་པའི་མྱུ་གུ་བསམ་འཕེལ་དབང་གི་རྒྱལ་པོ།next