Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་མགོན་མཚོགས་ཀྱི་འདོག་པའི་འབོར་རྦད་འབར་བའི་འཇོན་འགྲིགས་དྲང་སྲོང་ཟེན་ཆག
   


 
previousདཔལ་མགོན་མཚོགས་ཀྱི་འདོག་པའི་འབོར་རྦད་འབར་བའི་འཇོན་འགྲིགས་དྲང་སྲོང་ཟེན་ཆགnext

དཔལ་མགོན་མཚོགས་ཀྱི་འདོག་པའི་འབོར་རྦད་འབར་བའི་འཇོན་འགྲིགས་དྲང་སྲོང་ཟེན་ཆག

དཔལ་མགོན་མཚོགས་ཀྱི་འདོག་པའི་འབོར་རྦད་འབར་བའི་འཇོན་འགྲིགས་དྲང་སྲོང་ཟེན་ཆག་བཞུགས་སོ། །བླ་མ་མགོན་པོ་དབྱེར་མེད་ལ། །གུས་པས་བཏུད་ནས་ཚོགས་བདག་གི། །འབོད་རྦད་བསད་པའི་ལས་རིམ་ཁྲིགས། །འདི་ལ་བཀའ་ཡི་གནང་བ་སྩོལ། དེ་ལ་འདིར་དཔལ་མགོན་ཚོགས་ཀྱི་བདག་པོའི་འབོད་པ་དང་། རྦད་པ་དང་། བསད་པའང་གསུམ། ཇི་ལྟར་བསྒྲུབ་པའི་ཚུལ་ནི་དང་པོ་བཅས་ཤོམས་ཀྱིས་རིམ་པ་དང་རྟེན་བཅིངས་ཚུལ་སོགས། རྒྱུད་གཟུང་ནས་གསལ་བ་བཞིན་དང་བཅའ་ཤོམས་ཡི་གེར་ཤེས་པར་བྱས་ནས་མཚམས་སྒྲུབ་ཀྱི་ཐོག་མཐའ་ཐར་གསུམ་དག་མཐུན་པའི་རྫས་ཡོ་བྱད་སྤྱོད་ལམ་སོགས་གསོ་རིགས་རྣམས་འཇོམ་བར་བྱས་པ་དང་། འགལ་རྐྱེན་དུ་གྱུར་བའི་གནས་གྲོགས་མཐའ་བཏུང་སྤྱོད་ལམ་སོགས་རྒྱང་དུ་བསྲིང་དགོས་ལ་མཚམས་བསྒྲུབ་སྤྱི་དང་འདྲ་ཞིང་། ཁྱད་པར་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་འགྲུབ་ཕྱིར་སྐྱབས་སེམས་ཡན་ལག་བདུན་པ་སོགས་སྔགས་ཀྱི་ཆོ་གའི་གཞུང་གང་རུང་དང་། ཁྱད་པར་དཔལ་ཆེན་གཞུང་བཞིན་ཅི་འགྲུབ་དང་། མཎྜལ་ལས་ཀྱང་རྡོར་སེམས་བསྒོམས་བཟླས་སོགས་སྔོན་འགྲོའི་རིམ་པ་མང་གལ་ཆེ། སྣ་སེལ་གྱི་རིམ་པ་བསངས། ཆབ་གཏོར་ཆ་གསམ་སྡེད་དང་འཁོར་འདས་མཆོད་པ་སོགས། ཕར་མཆོད་མར་སྦྱིན་ཡི་རིམ་པ་མཐའ་དག་མ་འགག་པ་དང་། ཡང་གསོ་རྟེན་གསུམ་བྱིན་ཅན་གྱི་མདུན་དུ་མཆོད་འབུལ་ནན་ཏན་བགྱིས་ནས་དྲག་པོ་མངོན་སྤྱོད་ཀྱི་ལས་བསྒྲུབ་པའི་འདོད་དོན་ལ་གསོལ་བ་གདབ་པ་ནི་གལ་ཤིན་ཏུ་ཆེ། དེ་དག་རྣམས་ཧ་ལམ་མཚུངས་འཁྲུལ་བྱུང་ཡང་། སྒྲུབ་པ་པོ་རང་ཉིད་ཀྱི་བག་ཡོད་སོས་དལ་གྱི་དབང་གིས་ཟ་ཉལ་གཉིད་གསུམ་ལ་ཡིད་དམ་བྱས་སྐྱོན་གྱི་མཚམས་བསྒྲུབ་ཐོག་མ་དམ་ཞིང་། དེ་ནས་ཞག་གྲངས་སོགས་བཞིན་གྱི་ལྷོད་ནས་སྐྱོ་སུན་ཇེ་ཆེར་གྱུར་ཞིང་མཚམས་སྒྲུབ་ཚད་ལ་རིངས་བ་དག་གིས་སྒན་རྒོག་མ་ཎི་འདོན་པ་འདྲ་ལ། བསྒྲུབ་འབྲས་འབྱིན་དུ་འདོད་པ་ནི་བྱིས་པའི་ནང་ནས་ཐ་ཤལ་བའི་བསམ་སྤྱོད་ཁོ་ནའོ། །དེ་ནས་ན་ལས་བ་དང་ཙམས་མཐར་ཕྱིན་པའི་ཐབས་དང་བརྩོན་པ་བསྐྱེད་པ་གནད་དོན་གལ་ཆེན་ཡིན་པའི་དེ་ལྟར་མཛད་མ་རྩལ། དེ་ནས་སྒྲུབ་པ་དངོས་ལ་འཇུག་པའི་ཐོག་མར་ཡི་དམ་གང་རུང་གི་སྒོ་ནས་དམ་སྲིད་མནན་པ་གྲུབ་ན་བྱབ་ཤིང་། མིན་ཅིང་མཚམས་ཐོ་རྒྱལ་ཆེན་སྡེ་བཞིར་གསལ་ཞིང་འཕྲིན་བཅོལ་བཅས་མཐོང་རྒྱུད་བཞིན་གྲུབ་ནས། དྲག་པོ་དཔལ་ཆེན་འདུས་པའི་གསོལ་འདེབས་ནས་བཀུང་བཀའ་བསྒོ་བའི་གོང་དུ་སྡེད་མཆོད་པ་བཀང་ཞིང་ཆོ་ག་དཀྱུས་བཞིན་འཛབ་ཀླས་མཆོད་བསྟོད་བཅས་རྫོགས་ནས་སྡེ་བདུན་སོགས་རང་གི་བསྲུང་མ་རྣམས་ཀྱིས་སྐང་གསོལ་ཅི་ནུས་བཏང་མཐར་འདོད་གསོལ་འཕྲིན་བཅོལ་ནན་ཏན་བྱས་རྗེས། སྔོན་གཏོར་གོང་དུ་སོང་ཡང་། སྐབས་འདིར་སྡེ་བརྒད་གསེར་སྐྱེམས་བཀང་མཐར། སྔོན་གྱི་རྒྱལ་བ་སྣམས་ཀྱི་དམ་ལ་བཏང་ཚད་ཀྱི་སྲུང་མ་ཕོ་རྒྱུད་མོ་རྒྱུད་འཁོར་དང་བཅས་པ་ཁྱེད་རྣམས་ཀྱི་གཟུ་དང་དབང་པོར་མཛོད་ཅིག །ལེགས་ཉེས་ཀྱི་སྟེང་རྩིས་བདེན་རྫུན་གྱི་ཤན་ཕྱེས། བདག་གི་ཁ་འཛིན་མཛོད་ཅིག །ཉེས་བྱེད་ལ་ཆད་པ་ཆོད་ཅིག །ཅེས་བཀའ་སྒོ་ལ་སོགས་ལེགས་པར་བྱེ། དེ་ནས་བདུད་རྩི་ལག་ཏུ་བླངས་ཏེ། མ་ཧཱ་ཀཱ་ལ་འཇོས་མདུན་དུ་བསྒོམས་ལ། མགོན་པོ་ལེགས་ལྡན་གྱི་སྲས་མ་ཧཱ་ཀཱ་ལ་མཐུ་བོ་ཆེ་འཁོར་དང་བཅས་པ་ཁྱེད་རྣམས་སྔོན་མགོན་པོ་སྤྱན་རས་གཟིགས་ལ་སོགས་པའི་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། ལྷ་མི་ཐམས་ཅད་ཚོགས་པའི་སྤྱན་སྔར་སངས་རྒྱས་ཀྱི་བསྟན་པ་བསྲུང་པར་ཁས་བླངས་དམ་བཅས་པ་བཞིན་དུ་དམ་ལོངས་དམ་སྲུངས། དམ་ལས་མ་འདས་ཅིག །དུས་ད་ལྟ་ནས་ཀྱི་ཅི་བཅོལ་བའི་ལས་ཀྱིས་ཤིག །ཁྱེད་རྣམས་ཀྱི་གསེར་སྐྱེམས་དང་གཏོར་མ་བཞེས་ལ་བཀའ་མ་བཅག་པར་གྱིས་ཤིག །ཅེས་བརྗོད་ཅིང་ཆང་ལ་ཨ་མྲྀ་ལྟ་སྦྱར་ལ་ཁོའི་ལྕེ་ཐོག་དུ་བཞག་པར་བསམ། སྔོན་གྱིས་དམ་ཚིག་དྲན་ནས་ཅི་བཅོལ་ལི་ལས་ཐམས་ཅད་མྱུར་དུ་བྱེད་པར་བླངས་དམ་བཅས་ནས་ཀྲོག་སྙིང་ཕུལ་བར་བསམ། ཞེས་བརྗོད། དེ་ལྟར་སྔོན་འགྲོའི་རིམ་པ་གྲུག་ནས་བཀལ་གཏེར་གྱི་གཞུང་གཞིས་པོ་གང་རུང་ལ་འཇུག་ཏུ་ཡིན་ཞིང་། དང་པོ་ལྟར་ན་ཨོཾ་སྭ་བྷ་ཝ༴ བདུན་གྱི་བཅས་རྣམས་མི་དམིགས་པ་སོགས་ནས་རྟེན་དང་བརྟེན་པར་བཅས་པ་བསྐྱེད་ནས་སྙན་གསན་དབབ་ཞིང་། སྤྱན་འདྲེན་བཞུང་གསོལ་ནས་བཟུང་བསྟོད་པ་བཅས་མཆོག་བསྒྲིགས་ཀྱི་གཞུང་བཞིན་བཏང་ནས་བསྙེན་པའི་སྐབས་སུ་ཕབ་པའི་ཚེ། འབོད་པའི་དམིགས་པ་ནི། བདག་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཚོགས་བདག་ལ་ཕོག་པས་གཙོ་འཁོར་ལས་འོད་ཟེར་སེར་བོའི་ཚོགས་དཔག་ཏུ་མེད་པ་འཕྲོས་ནས་བྱུང་བས་བདག་ཅག་ལ་ཕོག་པ་ཙམ་གྱིས་ཚེ་དང་བསོད་ནམས་དཔལ་འབྱོར་བཀྲ་ཤིས་པའི་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན་ལ་སོགས་འདོད་ཡོན་སྣ་ཚོགས་ཀྱིས་ཆར་བབས་ནས་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་བསམ། ཡི་དམ་གྱི་སྙིང་པོ་ལ་ཨོཾ་ཤྲི་མ་ཧཱ་ཀཱ་ལ་ཧཱུཾ་ཕཊ། ཞེས་བརྒྱ་རྩ་བཟླས་ནས་རང་ཉིད་ཡི་དམ་གྱི་ཐུགས་ཀའི་སྔགས་འཕྲེང་གི་ཕྱི་རོལ་དུ་མགོན་པོ་དེ་སོ་སོའི་སྔགས་ཀྱིས་བསྐོར་བར་དམིགས་ཡུམ་ལ་ཡང་དེ་ལྟར་དམིགས་པ་ཐོག་དམར་དབང་དུ་བསྡུ་ཞིང་ཟིལ་གྱིས་གནོན་པའི་སྔགས་འདི་དྲངས་སོ། །ཨོཾ་ཤྲི་མ་ཧཱ་ཀཱ་ལ་གུ་རླ་བདུད་ཏེ་ཀ་མ་ལ་ཤྲི་ནག་མོ་ཏི་ལ་བྷྱོཿ གནད་དབབ་གཡད་སྟོང་ཅི་རིགས་བཟླ་ཞིང་། བདག་ཧེ་རུ་ཀའི་ཐུགས་ཀའི་ཧཱུཾ་གི་རྒྱབ་ཏུ་སྔགས་འཕྲེང་འཁོར་བ་ལས་འོད་ཟེར་ཁ་དོག་སྣ་ཚོགས་ཀྱི་གུར་ཆེ་ཆུང་བྱ་མ་སར་གྱི་སྒོ་ང་བ་ཙམ་གཅིག་བསམ། དེ་ལས་འོད་ཟེར་འཕྲོས་པས་ཚོགས་བདག་གི་སྤྱི་བོར་སྤྱན་རས་གཟིགས་ལ་ཞོག །དེ་ལས་འོད་ཟེར་མར་འོས་ནས་ཚོང་བདག་ལ་ཕོག་པས་ཤོན་ཡི་དམ་ཚིག་དྲན་པས་དེའི་འོད་ཟེར་འཁོར་ཐམས་ཅད་ལ་རིམ་བཞིན་དུ་ཕོག་འཁོར་རྣམས་ཀྱི་སྔོན་གྱི་དམ་ཚིག་དྲ་ནས་འདར་ཁྲི་ལི་ལི་བྱེད་ཅིང་དྲན་པ་བསྐུལ་ནས་དེ་རྣམས་ཀྱི་སྲོག་སྙིང་དེ་ཁ་དོག་སྣ་ལྔའི་ཚུལ་དུ་གཅིག་གི་གཅིག་བསྐུལ་ནས་དམར་ཕུལ་ནས་ལས་མགོན་གསུམ་ལ་ཕུལ། ལས་མགོན་གསུམ་གྱི་དེ་རྣམས་ཀྱི་ཕུལ་བའི་སྲོག་སྙིང་ཐམས་ཅད་དང་རང་རང་གི་སྲོག་གི་སྙིང་པོ་འོད་ཀྱི་རྣམ་པ་དེ་ཡར་རིམ་པ་བཞིན་དུ་བརྒྱུད་ནས་མགོན་པོ་ལ་ཕུལ། མགོན་པོའི་སྔོན་གྱི་དམ་ཚིག་དྲན་ནས་བདག་གིས་བཀའ་ཉན་གསུང་སྡོད་ནས་ཅི་བཅོལ་བའི་ལས་ཐམས་ཅད་མྱུར་དུ་བྱེད་པར་ཁས་བླང་དམ་བཅས་ནས་སྲོག་གི་སྙིང་པོ་ཡི་གེ་ཧཱུཾ་གི་ཚུལ་དུ་བདག་ལ་ཕུལ་ནན་ཐུགས་ཀའི་ཧཱུཾ་གི་ཞབས་ཀྱུའི་ནང་དུ་ཆུད་པར། བསམ་ལ། ཨོཾ་ཤྲི་མ་ཧཱ་ཀཱ་ལ་གུ་ཎ་གུ་ཏི་ཀ་མ་ལ་ཤྲི་ནག་པོའི་ཏི་ལ་བྷྱོཿ ཞེས་ཅི་ནུས་བཟླ་བ་བྲོག་གིང་གསའ་རུ་བཟུང་བའི་མནོག་ཡང་བདག་གི་ཐུགས་གནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས་མགོན་པོ་འཁོར་དང་བཅས་པའི་མཐར་ཕོག་ལས། དེ་རྣམས་ཀྱི་སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་བ་ནི་ཉི་མའི་ཟེར་རམ་གདུགས་རྩུབས་བཞིན་དུ་བདག་གི་མཐར་འདུས་པར་བསམ་ལ། ཨོཾ་སྲི་མ་ཧཱ་ཀཱ་ལ་ཧཱུཾ་ཕཊ། ཡབ་སྔགས་འབྲུ་བརྒྱད་ཁོ་ནའི་ཐུན་བཟུང་ཀྱུ་དང་དེའི་ཚེ་མིང་གནད་ནི། ཡབ་ཀྱི་མཐར་ཉི་མའི་སྟེང་དུ་ཧཱུཾ་གིས་མཐའ་མར་སྔགས་ཀྱིས་འཁོར་བའོ། ཞེས་ཐུན་འཇུག་ཏུ་མ་ཧཱ་ཀཱ་ལ་སིདྷི་ཡབ་དུ་ཛཿ བསྙེན་པ་འདི་རང་ལ་མྱུར་བར་འདུག་གོ །རླུང་ལྟར་མགྱོགས་པའི་དངོས་གྲུབ་ཀྱི་ཙམ་འོ་ཐུན་མཐར། ཡུམ་གྱི་ཐུགས་ཀར་བྷྱོའི་མཐའ་མར་སྔགས་ཀྱིས་འཁོར་བའོ། །ཨོཾ་བཛྲ་ཡཀྴ་བེ་ཧ་ལི་ཧཱུཾ། འདི་ནི་ཡུམ་བསྙེན་པའོ། རག་རཀྴ་རཀྨོ་ཐུམ་ལམ་སྙིང་ལ་འདུས་འདུས། སྲོག་ལ་སྲིང་སྲིང་ཤམ་ཤམ་ཁྱེར་བྷྱོ། དྲག་སྔགས་འདིས་ནི་འཇིག་རྟེན་གསུམ་གྱི་མ་མོ་འདུའོ། །ལས་མགོན་གསུམ་སོ་སོའི་ཐུགས་ཀར་ཉི་གདན་ཙུམ་ཡི་གེ་མཐར་སྔགས་ཕྲེང་གིས་བསྐོར་བ་འོད་ཟེར་སྤྲོ་བསྡུས་སོགས་གཙོ་བོ་དང་མཐུན་ཞིང་། ཡུམ་འཁོར་དག་བཅས་པའི་ཞལ་ནས་སྔགས་སྒྲ་ནི་རི་རི་བརྗོད་པར་བསམ། ཐུན་རེ་ལ། ཡབ་སྔགས་འབྲུ་བརྒྱད་སྟོང་རེ་བཟླས་ནས་ཡུམ་སྔགས་བརྒྱ་རེ་འགྲོ་དགོས་ཤིང་ལས་ཨོ་རྒྱན་གསུམ་ལ་ཐུགས་སྲོག་སྔགས་འཁོར་འདས་སོ་སོར་གསལ་བ་ཙམ་ལས་སྔགས་གཙོ་སྔགས་མཐུས་རྒྱུ་ལེགས་མདོ། འོན་ཀྱང་ཡུམ་སྔགས་ཀྱི་རྗེས་སུ་ལས་མགོན་གསུམ་ལ་དམིགས་ལ་རེས་མོས་ཀྱི་སྤྲོ་བཞིན་འབྲུ་བརྒྱད་གྲངས་ཡུམ་སྔགས་དང་མཚུངས་པར་བཟླ། ཐུན་མཐར་སྔགས་འགྲིགས་ཆར་གསུམ་སོགས་ཅི་ནུས་བཀང་ནས། དེ་ཡང་ཤེས་པར་བྱ་བ་ནི། ཡབ་སྔགས་སྟོང་གསུམ་ལ་ཡུམ་སྔགས་བརྒྱ། ཡབ་སྔགས་ཁྲི་ལ་ཡུམ་སྔགས་སྟོང་། ཡབ་སྔགས་འབུམ་ལ་ཡུམ་སྔགས་ཁྲི། ལས་མགོན་གསུམ་ལ་ཅི་རིགས་བཟླ་དགོས་ལ་ཡིན་ལ་ཉིན་སར་ཡབ་སྙེན་དང་མཚན་མོ་ཡུམ་སྙེན་མང་དགོས་པ་ཡང་གཞུང་གི་དགོངས་པའོ། །ཐུན་རྫོགས་མཐར་གཏོར་མ་ཤ་ཁྲག་གི་བརྒྱན་ཆར་འགུགས་གཞུང་བྱས་མཐར། ཡབ་ཡུམ་ཀྱི་གསང་སྔགས་བརྗོད་མཐར། སྐྲྀ་ཀྲི་ཤ་ཏྲུམ་ཧུར་ཐུམ་ཛཿ མཱ་ར་ཡ་རྦད་སོདཿ ཞེས་བརྗོད་པའི། གཏོར་མ་དགྲ་བགེགས་བསྒྲལ་བའི་ཤའི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད་ཆེན་པོར་གྱུར་བ་མགོན་པོ་འཁོར་དང་བཅས་བཔ་རྣམས་ལ་ཕུལ་བའི་ལྗང་གྲི་གུག་གི་རྣམ་པའི་ལྷག་མེད་གཅིག་གསོལ་བར་བསམ་ནས། ཨོཾ་ཤྲི་མ་ཧཱ་ཀཱ་ལ་ས་པ་རི་ཝ་དྲ་ན་མ་སརྦ་ཏ་ཐ་ག་ཏ་བྷྱོ་སོགས། ཨེ་ནམ་བྷ་ལངྟི་ཡེ་སྭ་ཧཱ། ཨོཾ་ཤྲི་ཀཱ་ལ་ཡཀྴ་བཻ་ན་ལི་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཨ་ཁྷི་མ་ཧཱ་བྷིང་ཏ༴ དགྲ་བགེགས་མིང་དང་གཟུགས་སུ་བྲིས་པ་རྣམས་ཀྱི་མ་ཧཱ་མམ་ས་ལ་ཁྷི། མ་ཧཱ་རཀྟ༴ ལ་མ་ཧཱ་རཀྟ༴ མ་ཧཱ་ཙིཏྟ༴ མ་ཧཱ་བ་སུ་ཏ༴ མ་ཧཱ་གོ་རོ་ཙ་ན་ལ༴ མ་ཧཱ་ཀེཾ་ནི་རི༴ དབང་པོ་སྣམ་ལྔ་ལ༴ དོན་སྙིང་ནང་རོལ་ལ༴ ཤ་ཁྲག་སྲོག་དབུགས༴ རྣམ་ཤེས་ཚོགས་བརྒྱད༴ སྐྱེས་མཆེད་བཅུ་གཉིས་ལ༴ ལྷག་མ་རྗེ་ཤུ་ལ༴ ཨོཾ་བཛྲ་ཨ་རྒྷཾ༴ ནས། ཤསྟ་སྲ་ཏི་ཙྪ་ཡེ་སྭཱ་ཧཱ། །སྡང་བའི་དགྲ་དང་གནོད་པའི་བགེགས། །ནག་པོ་ཆེན་པོའི་ཞལ་དུ་སྟོབས། །སློབ་དཔོན་སྐུ་ལ་སྔོ་བ་དང་། །རྣལ་འབྱོར་བདག་ལ་སྡང་བ་དང་། །རྡོ་རྗེ་སྤུན་ལ་འཁུ་བ་དང་། །བདག་གི་འཁོར་ལ་གནོད་པ་དང་། །མིང་དང་གཟུགས་སུ་བྲིས་པ་འདི། །ནག་པོ་ཆེན་པོའི་ཞལ་དུ་སྟོབས། །ཡང་དག་རྣམས་ཀྱི་ཤ་ཆོད་ལ། །མགོན་པོ་ཆེན་པོའི་ཞལ་དུ་སྟོབས། །ཚེ་སྲོག་དམར་པོ་རྩད་ནས་ཆོད། །ཁྲག་གི་རྒྱུན་ཡང་འཐུང་བར་མཛོད། །སྙིང་ཁྲག་དྲོན་མོ་ཞལ་དུ་རོལ། །ཏིལ་འབྲུ་ཙམ་ཡང་མེད་པར་མཛོད། ཨོཾ་ཨཱཿཧཱུྃ། མཆོད་སྦྱིན་གྱི་ག་ཏོར་མ་རྒྱ་ཆེན་པོ་འདི་མཆོད་ཅིང་འབུལ་བའི་གནས་ནི། དཔལ་ལྡན་མགོན་པོ་ནག་པོ། ཤྲི་མ་ཧཱ་ཀཱ་ལ། དུག་གསུམ་ནད་ཀྱི་སྨན་པ་བདུད་འདུལ་ལས་ཀྱི་དབང་ཕྱུག །རིག་འཛིན་ཡོངས་ཀྱི་སྲོག་ཤིང་། རྣལ་འབྱོར་ཀུན་གྱི་དགྲ་ལྷ། ཕྱི་ནང་གཉིས་ཀྱི་ཚོགས་བདག །ཡུམ་ཡཀྴ་བཻ་ཏ་ལི། སྐུ་གསུང་ཐུགས་ཀྱི་མགོན་པོ། ཕྱོགས་བཅུའི་མགོན་པོ། སྡོད་ཀྱི་མགོན་པོ། ནག་པོ་སྟོང་། ཤ་ཟ་འབུམ། ལྷག་མ་བྱེ་བ་དུང་ཕྱུར་དང་བཅས་པ་ལ་མཆོད་དོ། །འབུལ་ལོ། །གསོལ་ལོ། །མགྲོན་ནོ། །མཉེས་རབ་ཀྱི་མཆོག །དགྱེས་རབ་ཀྱི་ཕུལ། འདོད་པའི་ཡོན་ཏན་གྱི་ཚོགས་ཀྱི་མཉེས་པར་མཛོད་ལ་བདག་ཅག་འཁོར་དང་བཅས་པ་རྣམས་ལ་སྲུང་ཞིག་སྐྱབས་པ་དང་བསམ་སྨོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། འཕྲིན་ལས་སུ་བཅོས་པའི་མཛོད་ནི་ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་བགེགས་གདུག་པ་ཅན་སྡང་སེམས་དང་ལྡན་པ། མིང་དང་གཟུགས་སུ་བྲིས་པ་རྣམས་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པའི་འཕྲིན་ལས་མཛོད་ཅིག །ཅེས་གཏོར་མ་ཕུལ་མཐར་བསྟོད་ཅིང་བསྐུལ་བ་ནི། ཧཱུཾ། བསྐལ་བའི་མེ་ལྟར་འབར་བའི་དབུས། སོགས་ནས། བྷྱོ་བསྐལ་བའི་མེ་ལོང་འཚུབས་མའི་ཀློག་དཀྱིལ་ནས་སོགས། སྐུ་ཡི་མགོན་པོ་གཏུམ་བྱེད་ནི། སོགས། ཧཱུཾ། གསུང་གི་མགོན་པོ་གསོད་བྱེད་ནི། སོགས། གསུང་མཆོག་ལྟར་ལྟོད། ཧཱུཾ། ཐུགས་ཀྱི་མགོན་པོ་སྒྲོལ་བྱེད་ནི། སོགས། ཐུགས་མཆོག་ཁྱོད་ལྟོད། ཧཱུཾ། ལྷག་མ་བྱེ་བའི་ཚོགས་རྣམས་ནི། སོགས། དགྲ་བགེགས༴ ལས་མཛོད་ཅིག །ཧཱུཾ། ཕྱོགས་སྐྱོང་བཅུ་བོ་འཁོར་དང་བཅས། སོགས། འགལ་རྐྱེན་བཟློག་ལ་དངོས་གྲུབ་སྩོལ། ཧཱུཾ། ཡང་སྤྲུལ་ཕོ་ཉའི་ཚོགས་རྣམས་ནི། སོགས། བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། ཅེས་པའི་མཐའ་བའི་ཡིག་བརྒྱ་ལན་གསུམ་བརྗོད་ནས་ཉེས་ཚོགས་དག་པར་མོས། དེ་ལྟ་བུ་སྔ་དྲོ་ཕྱི་དྲོ་གཉིས་དང་སྡོད་དང་ཐོ་རངས་གཉིས་སྡེ་ཐུན་གཉིར་ཆོ་ག་ཚར་བཞི་བཏང་དགོས་པ་ལེགས་ཞིང་ཐུན་འཚམས་གང་བདེར་ཡི་དམ་ཆོས་སྐྱོང་གི་ཚོགས་སྐང་རེ་མི་ཆགས་པ་སོགས་འབོད་པའི་དུས་ཀྱི་འདོན་ལུགས་དང་། ཡབ་སྔགས་འབུམ་ཚོ་ལྔ་དང་ཡུམ་སྔགས་སྟོང་ཚོ་ལྔ་བཟླ་དགོས་པར་གསུངས་གྲངས་བསྙེན་བསྡུ་བའི་ལུགས་འདྲ་མོ་ལེགས་བྱང་སྟག་མཚན་ཇི་བཞིན་ལ་མཐོང་བར་བཟླ་བ་ཤིན་ཏུ་གལ་ཆེ་ཞིང་། དེ་ལྟར་མིན་ཀྱང་། ལོ་སྒྲུབ་རབ་དང་། ཟླ་དྲུག་ཟླ་གསུམ་ཟླ་གཅིག་སོགས་ལ་འབོད་པ་ཁོ་ནར་བཙོན་པར་བྱས་ན། རྦད་བསད་ལམ་དུ་འགྲོ་ངེས་པ་དང་། རྟགས་མཚན་ཀྱང་གཟུང་བཞིན་འབྱུང་བར་གདོན་མི་ཟའོ། །རྟགས་མཚན་ནི་རྟོར་མ་རས་ལ་ངོས་ཞལ་སྲོན་པ། སྐུ་དང་འོད་ཆེན་པོ་དང་། མུན་པ་ནག་པོ་དང་བགྷེ་ནག་པོ་དང་མི་ནག་པོ་དང་། རྡོ་རྗེའི་སློབ་དཔོན་དང་དགོས་བཤོས་ཆེན་པོས་འོང་ཆའང་། ས་གཡོ་བ་དང་། དེ་ལ་སོགས་པའི་རྟགས་དངོས་སུ་འོང་། འབྲིང་ཉམ་སྣང་། གདམ་རྨི་ལམ་དུ་འོང་། རྟགས་མེད་ར་དམ་ཚིག་ཉམས་པ་ཡིན་པས་བཱ་ལིང་བཟང་དུ་བཤམས། བསྐང་བ་མང་དུ་བྱ། ཚོགས་མཆོད། དབང་གོང་། ཞི་ཁྲོ་འདོན། དེའི་ཡན་ཆད་ནི་བདོའི་ལས་རིམ་མོ། ༈ གཉིས་པས་རྦད་པ་ལ་ཡང་། བཅའ་ཤོམས་བྲུབ་ཁུང་ཐུན་རྫས་སོགས་ཟིར་གསལ་ཡིག་ཆུང་བཞིན་དུ་ཤེས་པར་བྱས་ནས་ཆོ་ག་བཏང་ཚུལ་སོགས་འབོད་པ་དང་མཚུངས་ཤིང་བསྙེན་པའི་སྐབས་ལ་བབས་ཚེ་འབོད་པའི་དམིགས་པ་མང་བོས་སྐྱོ་ན་དངོས་གྲུབ་འབྱུང་གཏེར་གྱི་སྔགས་འཁོར་ཆོག་སྒྲིག་མའི་སྲོད་ལས་ཀྱི་བསྙེན་དམིགས་སུ་བྲིས་པ་བཞིན་བཏང་བའི་འཐུས་ཤིང་སྦད་པའི་ཐོག་མའི་ཉིན་ཁ་ཚེས་ལ་འབོད་སྔགས་ཡབ་སྔགས་ལ་སྲོང་དང་ཡུམ་སྔགས་ལ་བརྒྱ་རྩ་ཙམ་རེ་དང་། དེ་ནས་རིམ་བཞིན་རྦད་པའི་དངོས་གཞིའི་སྐབས་ཡབ་སྔགས་བརྒྱ་དང་། ཡུམ་སྔགས་ལྔ་བཅུ་ཙམ་རེ་བཟླས་ཞིང་མཇུག་ཏུ་སྔགས་འགྲིང་གཏོར་འབུལ་བསྟོད་པ་བཅས་གྲུབ་ནས་ཡི་དམ་དང་མགོན་པོའི་ཚོགས་བསྐང་རྒྱས་བསྡུས་འཚམ་པར་བཏང་ལ་ལྷག་མ་བཙོན་འཛིན་བྱ་ཞང་། རྦད་པ་དང་དངོས་གཞིའི་ལས་རིམ་ནི། བར་ཅའི་གཞུང་ཆོག་སྒྲིག་མར་གསལ་བཞིན་ཚང་མར་བཏང་ན། སྣོད་གཙང་མར་གསེར་སྐྱེམས་འབྲུ་སྨན་གྱིས་བལྟམས་པ་བཤམས། རཾ་ཡཾ་ཁཾ། གསེར་སྐྱེམས་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་གྱུར། ཞེས་བསམ་ལ། ཨོཾ་ཨཱཿཧཱུཾ། རིག་འཛིན་རྩ་བརྒྱད་བླ་མ་དམ་པ་དང་ཞེས་སོགས་ནས་གཟུང་ཡན་འགྲུབ་ནས། སྨད་ལས་ལ་འཇུག་པ་ནི། མདུན་གྱི་གྲུམ་མི་དམིགས་ལས་ཁམས་ལས་གནམ་ལྕགས་ཀྱི་ཁམ་སྒྲོམ་སོགས་གཞུང་ལྟར་ལ། མྲྀ་ལས་རླངས་པ་སྔོ་དམར་རང་གནས་སུ་སོང་བར་བསམ་ལ་ཡན་བརྗོད་ནས་ཕྲོ་བསྐུལ་ཞིང་འགུགས་པ་བྱ་བ་ནི། ཧཱུཾ་བསྐལ་བའི་མེ་ལྟར་འབར་ནས་སོགས་ཀྱི་མཐར་འགུགས་པ་རྒྱས་བསྡུས་བརྒྱ་སྲོང་སོགས་དང་། ཀཱ་ལ་རུ་པ་ནྲྀ་ཨ་ཀཪྵལ་སོགས་ཛ་ཛཿ ཞེས་འགུགས་སྔགས་གང་མང་བརྗོད་ནས། ཧཱུཾ་ཧེ་རུ་ཀ་ཡི་དལ་དུ། སོགས་དཀྱུས་བཞིན་ཚང་བར་བཏང་ནས་འབོད་སྦད་སྦྲེལ་མའི་དམིགས་པ་ནི། རང་ཉིད་དཔལ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་དམར་ནག་སོགས་ནས་ཡབ་ཡུམ་གྱི་སྦད་སྦྲེལ་མའི་སྔགས་ཀྱིས་ཐུན་བཟུང་དགོས་པ་ལ་འབོད་སྦད་བརྒྱ་ཙ་སྦྲེལ་མཐར་སྦད་པ་ཁོ་ན་བཟླས་པ་གལ་ཆེ་འབོད་སྦད་བསད་པ་སོགས་གང་གི་དུས་ཡིན་ཀྱང་འདྲ་སྟེ་སྒྲུབ་པ་སོ་གཅིག་མིན་ན་ཐུན་མཚམས་སུ་གཟའ་བཏུང་སོགས་བྱེད་རྒུད་ལས་ཅི་ཡོད་གྲོགས་ཁ་ཤེས་ཡོད་ན་སྔགས་ཐུན་དང་བཟའ་བཏུང་རེས་མོས་བཟོས་ན་འབྲེལ་ཆགས་ཤིང་ཉིན་པར་སྔགས་རྒྱུན་མི་ཆད་པའི་གསོལ་བ་ཡོད་པའི་ཐུན་མཐར་ཐུན་གཏོར་ལ་དམིགས་པའི་འགུགས་བསྒྲ་རྦད་བསད་སོགས་ཀུན་ལ་འགྲེས་སུ་སྦྱར་ཤེས་པར་བྱ། གཏོར་སྣོད་དུ་གསུམ་གྱི་སྣམ་སྨིན་ལས་བྱུང་བའི་གྲུམ་འཇིགས་རུང་གཏིང་ཟབ་ཀྱི་ནང་དུ་གཏོར་མ་དགྲ་བོ་དངོས་སུ་གསལ་བར་གྱུར། རང་ཉིད་ཡི་དམ་གྱི་ཐུགས་ཀའི་འོད་ཟེར་གྱིས་མགོན་པོ་འཁོར་བཅས་བསྐུལ་བས། དེ་དག་གི་ཐུགས་ཀ་ནས་འོད་ཟེར་གློག་ཞགས་ལྟར་མྱུར་བ་འཕྲོས་པའི། དགྲ་བོ་དམིགས་པའི་ཡུལ་དུ་གྱུར་བ་དེ་ཉིད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེས་བླངས་པ་བཞིན། དམིགས་རྟེན་ལ་ཐིམ་པར་གྱུར། ཞེས་བསམ་བཞིན་འགུགས་པ་འདི་བཞིན་བརྗོད། ན་མོ། མཆོག་གསུམ་རྩ་གསུམ་བཀའ་སྲུང་དམ་ཅན་སྤྱི་དང་། །ཁྱད་པར་དཔལ་མགོན་ཚུགས་བདག་ཡབ་ཡུམ་སྲས། །སྐུ་གསུང་ཐུགས་མགོན་ཕྱུགས་བཅུ་སྡེ་བརྒྱད་མགོན། །དཔལ་མགོན་བདུན་ཅུ་ལྷག་དམག་བྱེ་བ་འབུམ། །སྤྲུལ་བ་ཡང་སྤྲུལ་་ཉ་ཡག་ཉ་བརྙན་བཅོས། །རྒྱས་བསླུ་མེད་ཆོས་ཉིད་འགྱུར་མེད་སྟོན། །སྔགས་འཆང་བདག་གི་ལྷ་སྔགས་ཏིང་འཛིན་མཐུས། །བསྟན་དང་བསྟན་འཛིན་ལ་སྨོད་ཉེས་མེད་མནར། །དངོས་དང་བརྒྱུད་ནས་བདག་དང་བསྲུང་བྱར་ཚེ། །མི་འདོད་རྐྱེན་སྦྱོར་མཐུན་རྐྱེན་ཕུན་ཚོགས་འགོགས། །ཁྱད་པར་བདག་དང་བསྲུང་བྱའི་ཚོགས་རྣམས་ལ། །སྔ་དགྲ་ལག་བདར་ཕྱི་དགྲ་ཡིད་ལ་བསྣག །ད་དགྲ་དོ་བསྡོ་ཕོད་བཙུག་བསམ་སྦྱོར་རྩུབ། །དགྲ་ཟླ་གྱོད་ཡ་མཁོན་འཛིང་འཐབ་འདྲེ་རིགས། །མདོར་ན་གནོད་བྱིང་འཚེ་བའི་དགྲ་དག་བགེགས། །སྐད་ཅིག་ཐིངས་ཅིག་ཡུད་ཙམ་འདི་ཉིད་ལ། །དམིགས་པའི་རྟེན་འདིར་ཁུག་ཅིག་ཨཾ་ཀུ་ཤ། །ཛ་ཧཱུཾ་བཾ་ཧོ་འགུགས་འཆིང་སྡོམས་མྱོས་གྱུར། །ཪྣྲྀ་ཏྲི་བཛྲ་ཨ་ཀཪྵ་ཡ་ཛ། །ཨོཾ་ཤྲི་མ་ཧཱ་ཀཱ་ལ་བཛྲ་ཡཀྴ་བཻ་ཏ་ལི་གནོད་བྱེད་དགྲ་བགེགས་སརྦ་ཤ་ཏྲུཾ་མཱ་ར་མ་ཧཱུཾ་ཕཊ། ཅེས་བརྗོད་ལས་ལས་བྱེད་ཕོ་ཉ་རྣམས་ཀྱི་དགྲ་བགེགས་བསྒྲལ་བའི་ཤའི་རི་བོ་ཁྲག་གི་རྒྱ་མཚོ་རུས་པའི་གྲམ་ཁྲོད་ཆེན་པོར་གྱུར་བ་ལྷ་ཚོགས་རྣམས་ལ་འབུལ་བའི་ལྗགས་འོད་ཀྱི་སྦུ་གུ་གྲི་གུག་ལྟ་བུས་ལྷག་མེད་དུ་གསོལ་ནས་བདག་གིས་ཇི་ལྟར་བཅོལ་བའི་ལས་ཐམས་ཅད་ཐོག་མེད་དུ་བསྒྲུབ་པར་གྱུར། ཞེས་བསམ་ལ། ཨོཾ་ཤྲི་མ་ཧཱ་ཀཱ་ལ་ས་པ་རི་ཝ་ར་སོགས་ནས་གསོར་འབུལ་བསྟོད་པ་བཅས་རྫོགས་ནས། བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། ཅེས་པའང་གཏོར་མ་མཚོ་ཡུངས་རྩང་གིས་བརྒྱན་པ་གཅིག་དུ་འབུལ་གཏོར་དང་ལྷན་དུ་བཤམས་ཡོད་པ་སྔོན་མ་དགྲོགས་ཀྱི་ཤ་ཁྲག་ཏུ་བསམ་ལ་བར་ཆད་འབུལ་ཞིང་། གཅིག་བཤོས་མགོན་པོའི་ཕོ་ཉ་སྤུ་བར་བ་ཡང་སྤྲུལ་གྱིས་དམག་ཚོགས་དུ་བསམ་ལ་གྲོ་ལ་སྦད་ཅིང་བསྐུལ་བ་འདི་ལྟར་བྱའོ། །རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མགོན་པོ་མ་ཧཱ་ཀཱ་ལ་ཡབ་ཡུམ་དང་། ལས་མགོན་གསུམ། ཕྱོགས་བཅུའི་མགོན་པོ། ཕྱོགས་སྐྱོང་བཅུ། ལྷ་སྲིན་སྡེ་བརྒྱད། དུར་ཁྲོད་ཀྱི་མ་མོ་བདུན་དང་བཅས་པ། སྤྲུལ་པ་ཡང་སྤྲུལ་གྱི་དམག་ཚོགས་ལས་ལ་བསྐུལ་ཏེ། དེ་དག་དགྲ་བོ་ལ་རབ་ཏུ་ཁྲོས་ནས་སྡེ་བརྒྱད་དྲེགས་བྱེད་ཅན་གྱི་དམངས་སྣ་དྲངས། མ་ཧཱ་ཀཱ་ལ་འཁོར་བཅས་ཀྱི་རྗེས་སུ་དེད་ནས་དགྲ་བོའི་ཡུལ་དུ་སོང་སྟེ། དགྲ་བོ་བསད་པ་དང་། བཅིགས་པ་དང་། རྐད་པ་དང་། བརླག་པ་དང་། ཐལ་བའི་རྡུལ་ཕྲ་བཞིན་དུ་བཏང་བར་བསམ་ལ་འདི་སྐད་དོ། །བཐོ། ཆའོ་ཆའོ་ལས་ལ་ཆོས། །ལྕགས་རི་ནག་པོ་བཤིག་ཏུ་ཆོས། །བདུད་མཚོ་ནག་པོ་སྐོམ་དུ་ཆོས། །ལིང་ཀའི་གྲོང་ཁྱེར་བཤིག་ཏུ་ཆོས། །དགྲ་བོའི་སྙིང་ཁྲག་སྐེམ་དུ་ཆོས། དགྲ་བོའི་གཡུལ་ངོ་ཕམ་དུ་ཆོས། །དགྲ་བོའི་གྲོང་ཁྱེར་བཤིག་ཏུ་ཆོས། །དགྲ་བོའི་དམག་དཔུང་གཞོམ་དུ་ཆོས། །དགྲ་བོའི་གོ་མཚོན་བཤིག་ཏུ་ཆོས། །དགྲ་བོའི་ཡུལ་དུ་དམག་སྣ་དྲོང་། །དགྲ་བོའི་ཡུལ་མཁར་རྨིངས་ནས་སྐྱེལ། །དགྲ་བོའི་མི་ནོར་ཕྱག་མས་ཐོབ། །དགྲ་བོའི་ཚེ་སྲོག་རྩད་ནས་ཆོད། །ཀླད་པ་དཀར་པོ་ཞོ་ལྟར་ཀྲུགས། །ཁོང་ཁྲག་དམར་པོ་ཧུབ་ཀྱིས་འཐུང་། །ཤ་ཁྲག་རུས་པའི་ཚོགས་རྣམས་ལ། །འཁོར་དང་བཅས་པའི་ལོངས་སྤྱོད་ཀྱིས། །ཐམས་ཅད་བསྐུལ་ལོ་འཕྲིན་ལས་མཛོད། །མགོན་པོ་བསྐུལ་ལོ་མཐུ་མ་ཆུང་། །མགོན་པོ་རྦད་དོ་བང་མ་བུལ། །འཕྲིན་ལས་མཛད་པའི་དུས་ལ་བབས། མ་ཐོག་མྱུར་དུ་ལས་འདི་མཛོས། གནོད་བྱེད་དགྲ་བགེགས་མ་ལུས་ཀུན། །ལོ་དང་ཟླ་བར་མ་འགྱིངས་ཤིག །ཞག་དང་ཟ་མར་མྱུར་དུ་སྒྲོལ། །ད་ལྟ་ཉིད་དུ་རྡུལ་དུ་རློག །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ས་མ་ཡ། བྷྱོ་བྷྱོ་བྷྱོཿ བསྭཽ། ཆའོ་ཆའོ་བསྲུང་མའི་དམག་ཚོགས་ཆོས། །ཆོས་འཁོར་བསྲུང་མ་དམག་ལ་ཆོས། །མགོན་པོའི་ལྷ་ཚོགས་དམགས་ལ༴ རྣལ་འབྱོར་དགྲ་ལྷ་དམག་ལ༴ མགྱོགས་པ་ཞོན་ལ་དམག་ལ༴ བཙན་པོ་གྱོན་ལ་དམག་ལ༴ སྣོན་པོ་ཐོགས་ལ་དམག་ལ༴ འཁོར་གྱིས་མགོན་པོ་དགྲ་ལ་ཆོས། །ཕྱོགས་བཅུའི་མགོན་པོ་ཧཱ་ཡར་བསྟོད། །དགྲ་བགེགས་སྟེང་དུ་དམག་སྣ་དྲོངས། །ཡམ་སྣ་བཟློག་ཕྱིར་དམག་སྣ་དྲོངས། །རིམས་ནད་བཟློག་ཕྱིར་དམག་སྣ་དྲོངས། །བྱད་ཁ་བཟློག་པའི་དུས་ལ་བབ། །ཕོ་ཉ་ཆེན་པོ་དགྲ་ལ་ཆོས། །བྱེས་ལྷ་ཆེན་པོ་དགྲ་ལ༴ ལྷ་མ་ཆེན་པོ་དགྲ་༴ མགོན་བྱེད་ཆེན་པོ་དགྲ༴ དམར་གྱི་གཏོར་མ་འདི་བཞེས་ལ། བསྲུང་མའི་དམག་དཔུང་མ་ཞན་ཅིག །བསྲུང་མ་མཐུ་ཆེན་དགྲ་ལ་ཆོས། །བཏན་ཡོན་བཞེས་ལ་མཐུ་མ་ཆུང་། །ཆོས་འཁོར་སྲུང་མ་མཐུ་བོ་ཆེ། །ཕྱོགས་བཅུ་མགོན་པོ་འཁོར་དང་བཅས། །སྡེ་བརྒྱད་ཕོ་ཉ་ལས་བྱེད་ཚོགས། །མ་ལུས་ཇི་སྙེད་ཡོད་པ་རྣམས། །ཕུད་ཀྱི་མཆོད་པ་འདི་བཞེས་ལ། །སྔོན་མཛེས་དཔལ་ཆེན་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅའ་བཞིན། །སངས་རྒྱས་བསྟན་པ་བསྲུང་དུ་གསོལ། །དཀོན་མཆོག་དབུང་ཁྱོད་ཀྱི་བསྟོད། བསྒྲལ་བའི་ཞིང་བཅུ་ཁྱོད་ཀྱིས་སྒྲོལ། །སྔགས་ཀྱི་བསྲུང་ལ་མཐུ་བོ་ཆེ། །འཁོར་དུ་ལས་བྱེད་འབུམ་དངས། །ཕུད་ཀྱི་མཆོད་པ་འདི་བཞེས་ལ། །སྡང་བའི་དགྲ་ལ་མཐུ་མ་ཆུང་། བཅོལ་བའི་ལས་ལ་བང་མ་བུལ། །མངག་པ་ཡིན་པའི་ཕྱི་མ་ལྡོག །རྣལ་འབྱོར་དགྲ་ལྷས་དམག་སྣ་དྲོངས། །ཆོས་སྐྱོང་སྲུང་མའི་དམག་སྣ༴ །བཀའ་སྡོད་ཆེན་པོའི་དམག་སྣ་དྲོངས། །ནག་པོ་ཆེན་པོའི་དམག་སྣ༴ ཤ་ཟ་ཆེན་པོའི༴ །ཁྲུང་ཆེན་པོའི་དམག༴ །དགྲ་བོའི་སྟེང་དུ་དམག༴ །བདག་ལ་བསྣེས་བྱེད་སྡིག་ཅན་འདི་སྲུང་མ་ཁྱེད་ཀྱི་མྱུར་དུ་སྒྲོལ། མཚོན་ཁ་སྡང་བའི་དགྲ་ལ་སྟོན། །ཟོར་ཁ་དགྲ་དང་བགེགས་ལ་ཕོབ། །ཕུར་བུའི་དབལ་དང་ཡུང་བར་སྦས། །སྡང་བའི་དགྲ་བོའི་སྟེང་དུ་ཕོབ། །དགྲ་བགེགས་མི་གཉན་མགོ་རྟིང་སྤྲུགས། །ཡུལ་མཁར་མི་གཉན་རྨིངས་ནས་སྐྱེལ། དཀར་པོ་ནོར་མི་གཉན་ཕྱང་མའི་ཐོབ། ཆོས་སྐྱོང་སྲུང་མ་འཁོར་དང་བཅས། དོ་ནུབ་དགྲ་བིའི་སྟེང་དུ་ཕོབ། །དགྲ་བགེགས་སྟེང་དུ་གཡུལ་ཆེན་ཕོབ། དགྲ་བོ་སོད་ལ་གོ་མཚོན་ཤུས། མགོ་པོ་ཆོད་ལ་དོན་སྙིང་ཕྱུང་དགྲ་བགེགས་ཐལ་བའི་སྡུག་བསྔལ་དུ་རློག །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། ཞེས་དང་དམོད་སྤྱོད་ནི། དཔལ་མགོན་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། ཡེ་ཤེས་ཀྱི་སྤྱན་ཅན། ནག་པོ་སྟོང་གི་ཚོགས་ཀྱིས་བསྐོར་བ། ཤ་ཟ་འབུམ་གྱི་ཚོགས་ཀྱིས་བསྐོར་བ། མ་མོ་བྱེ་བའི་ཚོང་། མཁའ་འགྲོ་བསམ་གྱིས་མི་ཁྱབ་པའི༴ བསྟན་པའི་བཀའ་སྲུང་། དམ་རྫས་ཀྱི་སྲོག་གཅོད། མནའ་ཟན་གྱི་གཤེད་མ། རིག་འཛིན་གྱི་སྲོག་ཤིང་། རྣལ་འབྱོར་གྱི་དགྲ་ལྷ། དུག་གསུམ་ནད་ཀྱི་སྨན་པ། གཙུག་ལག་ཁང་གི་སྲུངས་མ་རྣམས་ཀྱི་བདག་ཅག་རྣལ་འབྱོར་བ་འཁོར་དང་བཅས་པ་བས་རུངས་ཤིག །ཚེ་དང་དབང་ཕྱུག་སླེལ་ཅིག །དཔལ་དང་གྲགས་པ་སྒྲུབ་ཤིག །འཁོར་དང་བཅས་བསྟན་པ་སྲུངས་ཤིག །བསམ་པ་སྒྲུབ་ལ་རེ་བ་སྐོངས་ཤིག །ལེགས་པ་དང་སྤྲོད་ལ་ཉེས་པ་དག་བསྣོལ་ཅིག །དམ་ཆོས་མི་ནུབ་པའི་རྒྱལ་མཚན་ཕྱོར་ཞིག །དཔལ་མགོན་མ་ཧཱ་ཀཱ་ལ། སྔོན་གྱི་ཐུགས་དམ་ཞལ་གྱིས་བཞེས་པ་ལྟར། དཀོན་མཆོག་གསུམ་གྱི་བསྟན་པ་ལ་གནོད་བྱའི་དམ་རྫས་འདི་སྐྱོབས་པའི་ལྷ་དང་ཕྲོལ་ཅིག །བསྟོན་པའི་འཁོར་དང་ཕྲོལ་ཅིག །ཚེ་ཡི་ཐག་པ་ཆོད་ཅིག །སྲོག་གི་རྟེན་ཕུར་ཕུད་ཅིག །ཚེའི་འདུ་ཤེས་སྐུམས་ཅིག །གློ་བུར་དང་ཡེ་འབྲོག་ཐོངས་ཅིག །བླ་སྐུན་ཡི་བླ་ཁྱེར་ཅིག །ཤན་པས་སྲོག་ལ་རོལ་ཅིག །སྲོག་རྩ་དམར་པོ་ཆོད་ཅིག །དོན་སྙིང་ཁྱུང་ནས་ཕྱུངས་ཅིག །ཁོང་ཁྲག་ཐང་ལ་ཕོབས་ཤིག །སྙིང་ཁྲག་ཧུབས་ཀྱིས་འཐུངས་ཤིག །ཀླད་པ་ཞོ་ལྟར་དཀྲུགས་ཤིག །ལྭགས་གཞི་ལྟ་བུ་རུ་སྦྱོར་ཅིག །ཕུང་པོ་ཁོག་པ་སྤྲུགས་ཤིག །མགོ་དང་ཡན་ལག་ཕྲོལ་ཅིག །བཀའ་ཡི་ཆད་པ་ཆོད་ཅིག །ཤ་ཟན་གྱི་ཤ་ལ་ཤ་ལ་ཟོ་ཤིག །ཁྲག་འཐུང་གི་ཁྲག་ལ་འཐུང་ཤིག །ཏིལ་འབྲུ་ཙམ་ཡང་མེད་པར་མཛོད་ཅིག །མ་ཐོགས་མྱུར་དུ་སྒྲོལ་ཤིག །ཕོ་ནུས་ནག་པོ་དམ་རྫས་དགྲ་ལ་རྒྱུག་ཅིག །མ་མོ་ཟངས་ཀྱི་ཁ་བདའ་མགོ་དགུ་དམ་ཉམས་དགྲ་ལ་རྒྱུག་ཅིག །ཁྱིའུ་ཤན་པ་ནག་པོ་དམ་རས་དགྲ་ལ༴ ཟངས་གྲི་དམར་པོ་དམ་རྫས་དགྲ་ལ༴ ཡམ་ཤུད་དམར་པོ་རྫས་རྫས་དགྲ༴ སྲིན་པོ་དཀར་ཆུགས་དམར་པོ་དམ་རྫས་དགྲ་ལ༴ སྲིན་པོ་གནོད་སྦྱིན་ནག་པོ་དམ་རྫས་དགྲ་ལ༴ འདྲེ་མོ་དམོད་མོ་དམ་རྫས་དགྲ་ལ༴ འཇིག་རྟེན་ལྷ་འདྲེ་ཐམས་ཅད་དམ་ཅན་དགྲ་བོ་རྣམས་ལ་རྒྱུག་ཅིག །ཅེས་བརྗོད་ལ་ཐུན་གཏོར་དགྲ་ཕྱོགས་སུ་འཕངས། ཚུལ་དེ་ལྟ་བུས་རྦད་པ་ཁོ་ན་ནན་ཏན་བསྐྱེད་ནས། རྟགས་མ་བྱུང་གི་བར་དུ་བརྩོན་པ་ལྷོད་པར་གི་བྱའོ། །རྟགས་གི་དམག་ལ་ཆ་བ་སྐུན་ལ་ཆ་བ། ལིང་ལ་ཆ་བ། བྱ་ཆེན་ལྡིང་བ། རང་ཉིད་རི་མཐོན་པོའི་བུར་ཕྱིན་པ་རྣམས་བསྲུང་ལས་ལས་བྱེད་པའི་རྟགས་རི་དྭགས་བརྒྱར་ཚུད་པ། འདབ་ཆང་སྙིས་ཟིན་པ། ཡུངས་དྭགས་ར་བར་ཚུད་ལ་ཐག་པ་བཏགས་པ་རྣམས། བླ་ཁུག་པའི་རར་ཏག་སོ། གལ་ཏེ་རྟགས་མེད་ན་གནད་ལ་དབབས་དགོས་པར་གསུངས་ཀྱང་ཆོ་ག་ལན་གསུམ་མ་བྱས་པར་དེ་ལྟར་མི་རུང་བ་གཞུང་གཞན་ནས་གསལ་བའི་དཔལ་ཐལ་དུ་མ་སོང་བ་གལ་ཆེའོ། །སྟང་ལེར་པར་བྱུང་ནས་བསད་པ་བྱ་བ་ལ། བདག་བསྐྱེད་དཔལ་ཆེན་གྱི་ཆོ་ག་གཏོང་ཚུལ་འབོད་པ་དག་མཚུངས་ཡང་རྦད་བསད་གཉིས་རིམ་བཞིན་བ་སྦྱོར་གྱི་སྔགས་མང་དུ་བཟླ་བ་གལ་ཆེན་བྱས་ནས། ཚོགས་མཆོད་བསྐང་བ་སོགས་འབོད་རྦད་སྐབས་ལྟར་བྱའོ། འབོད་བྱའི་སྔགས་གྲངས་ཉུང་ཤེས་དང་གཏོར་འབུལ་བསྟོད་པ་སོགས་སྔོན་བཞིན་དང་། བར་ཆད་དང་གསེར་སྐྱེམས་གཟུ་དཔང་ནས་འགུགས་པའི་སྐབས་སུ་འགུགས་པ་ཇེ་ནང་ལ་བཏང་བ་དང་། རྦད་སྔགས་འབོད་པ་ཅུང་ཟད་མང་བར་བཟླས་མཐར་གཏོར་འབུལ་བསྟོད་པ་རྫུ་སོགས་ནས་ལས་བྱེད་ཀྱི་ལྷ་བསྐྱེད་པ་ནི། བདག་ཉིད་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་འོས་མདུན་གྱི་མགོན་པོའི་ཐུགས་ཀར་ཕོག་སོགས་ནས། ཤན་པར་རྔམས་ཤིང་ཡོད་པར་བསམ། ཡན་ཆད་སྔོ་ནས། སྤྱན་འདྲེན་བཟུགས་གསོལ་ནས་ཆོག་བསྒྲིག་པའི་གཞུང་བཞིན་ཡི་མཐའི། བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། ཕན་བཏང་ནས་མདུན་གྱི་གྲུ་གསུམ་ནང་དུ་ལིངྒ་དང་སོགས་ནས་འཁོད་པར་བསམ་ལས་སྔགས་གྱི་རྩ་ཅི་ནུས་བཟླས་ལ་བསད་དམིགས་དངོས་ནི། བདག་མདུན་གཉིས་ཀའི་ཧཱུཾ་ལས་སོགས་ནག་འཐིག་ཀྱིས་ངོར་བསམ་ལ། ཡུ་མགྱི་བསད་སྔགས་ཁོ་ནའི་ཐུན་བཟུང་དགོས་རྒྱུ་དང་ཐུན་འཇུག་ཏུ་གྲོལ་ཚུལ་ཐུན་གཏོར་ཕུལ་བ་འགུང་བསྒྲལ་གཏོར་འབུལ་བཅས་གྲུབ་ནས་ཐུན་གཏོར་འཕེལ་དུས་དམིགས་པའི་ཁྱད་པར་ནི། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སོགས་ནས། ལ་ལས་རུ་བ་འཆོས་ནས་མེད་པར་བསམ་ལ་རྒྱས་པར་སྤྲོ་ན། ཕར་མཐའ་མའམ། བསྡུས་ནས་སྦད་པའི་སྐབས་ལྟར་བསྐུལ་མཐར་དམོད་བཅོལ་བཅས་བཏང་བ་ཡན་ཆད་བསད་པའི་ལས་རིམ་མོ། །དེ་ནས་བསད་པའི་ལས་རིམ་དང་། འབྲེལ་བའི་སྐབས་སུ་ཕུར་གདབ་ནི། ཆོ་ག་བཏང་ལུང་བདག་མདུན་ཟུང་གི་བསྟོད་ལས་དང་། སྨད་ལས་ཀྱི་ཐོག་མར་བར་ཆད་བསད་ལས་ཀྱི་མགོར་འོག་ཆ་སོགས་པ་བཅད་འདི་ལ་མ་ཐུག་པར་འདོན་ཚུལ་སྤྱིར་མཐུན་ཞིང་། བྱེ་བྲག་བསད་པ་དང་ཕུར་གདབ་རྣམས་ཀྱིས་མཇུག་ཏུ་བསྐུལ་བ་རྒྱས་བསྡུས་ཅི་རིགས་སྦྱར་ཀྱང་ཆོག་གོ །སྦད་པའི་དུས་དགུང་ཐུན་ནམ་ཐུན་རྗེས་སུ་བསད་ལས་ཕུར་གདབ་བང་ཐུན་མཚོན་གསུམ་བཅས་དཀྱུས་བཞིན་བཏང་ནས་སྔགས་རྣམས་ཅི་ནུས་བཟླས་པས་ཆོག་གི་འབོད་རྦད་བག་གསུམ་བདུན་གསུམ་གྱི་ལུགས་ལྟར་ན་འབོད་རྦད་གཉིས་བདུག་ཕྲག་གཉིས་དང་བསད་པ་ཞག་གསུམ་སོགས་རྗེས་གཙོ་བུར་སྐྱེད་བཀྲིམ་བྱིན་རླབས་དབང་བསྐུར་གདབ་ལས་བཅས་རྫོགས་ནས་བཟླས་པའི་སྐབས་འབོད་སྔགས་ཉུང་ཤེས་དང་རྦད་སྔགས་དེ་ལས་མང་ཙམ་བསད་སྔགས་ཁོ་ནས་ཐུན་གཟུང་ཞིང་མཇུག་ཏུ་འབུལ་གཏོར་འབུལ་ཞིང་གཞུང་ལྟར་བསྟོད། རྗེས་རྦད་པའི་དུས་ལྟར་བསྐུལ་ནས་ཐུན་གཏོར་བརྟེགས་པའོ། །ཚུལ་དེ་ལྟ་བུས་སྐུ་མཆོག་དང་གསུང་མཆོག་ཐུགས་མཆོག་གསུམ་ལ་གཙོ་བོ་བཞིན་རིགས་ལ་བསྒྲིང་ཞིང་ཐུན་བེ་ཟུང་ཚུལ་སོང་། འགྲེས་སུ་ཤེས་པར་བྱ་བ་དང་། རྦད་བསད་མན་ཆད་གཙོ་བོ་དང་བསྐུ་གསུང་ཐུགས་བཅས་ཀྱིས་མཇུག་ཏུ་གོང་དུ་བཤད་པ་ལྟར་སྨད་ལས་ཀྱི་གཤམས་རྣམས་གཞུང་བཞིན་དང་། བསྒྲ་བསྟབ་དང་བཅས་རྫོགས་ནས་ཉིན་ཐ་མ་ལ་བབ་ཚེ་བསྐུལ་བཟློག་རྣམས། རིམ་བཞིན་གྲུབ་ནས་སྦྱིན་སྲེག་གི་ཆོ་ག་ལོགས་སུ་བཀོད་པ་ལྟར་བཏང་ནས། མཐའ་སྐུར་ཟོར་གྱི་ལས་རིམ་ཆོག་བསྒྲིང་མའི་བཞུང་ལྟར་རམ་མང་ནས་ཕང་གཟོར་གྱི་ལས་རིམ་བསྡུས་པའི་ལུགས་དང་། མནན་པའི་ལས་མཐའ་རྡོ་རྗེ་བཅུ་གོ་ལྟར་དཔྱིད་ཕྱིན་པར་བྱས་བྱས་པས་འདོར་པ་འགྲུབ་བོ། །རྗེས་ཀྱི་བྱ་བ་རྣམས་ཀྱང་མན་ངག་སྤྱི་དང་ཁྱད་པར་གཞུང་འདི་ཉིད་ཀྱི་གཤམས་གསལ་བཞིག་བྱ་བ་ཁོ་ནའོ། །དེ་ལྟར་དཔལ་མགོན་ཚོགས་ཀྱི་བདོག་ཡི། འབོད་རྦད་བསད་བསྲེག་འཕངས་དང་མནན་པའི་ལས་ཇི་ལྟར་ལག་ཏུ་བླངས་བའི་ཁྲིད་རིམ་འདི། སྔགས་བཙུན་མཚར་པཱ་ཎིས་སྤེལ་བའོ། །དགེའོ། །དགེའོ། །དགེའོ། །


previousདཔལ་མགོན་མཚོགས་ཀྱི་འདོག་པའི་འབོར་རྦད་འབར་བའི་འཇོན་འགྲིགས་དྲང་སྲོང་ཟེན་ཆགnext