Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

11 occurrences of གཏེར་སྲུང་
[Clear Hits]


  
  
  
  
 
བསང་མཆོད་ནམ་མཁའ་ཀུན་ཁྱབ་བདུད་རྩིའི་ཆར་རྒྱུན་ཕན་བདེའི་འབྱུང་གནས།
 
 
  
 
  
 expand section
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  


11 occurrences of གཏེར་སྲུང་
[Clear Hits]

 
previousབསང་མཆོད་ནམ་མཁའ་ཀུན་ཁྱབ་བདུད་རྩིའི་ཆར་རྒྱུན་ཕན་བདེའི་འབྱུང་གནས།next

བསང་མཆོད་ནམ་མཁའ་ཀུན་ཁྱབ་བདུད་རྩིའི་ཆར་རྒྱུན་ཕན་བདེའི་འབྱུང་གནས།

བསང་མཆོད་ནམ་མཁའ་ཀུན་ཁྱབ་བདུད་རྩིའི་ཆར་རྒྱུན་ཕན་བདེའི་འབྱུང་གནས་བཞུགས་སོ། །རྩ་གསུམ་སྤྱི་གཟུགས་ཧེ་རུ་ཀ ག་ག་ཨ་བྷྱེ་དང་ནི། དབྱེར་མེད་མཁྱེན་བརྩེའི་འོད་སྟོང་ཟེར། བདག་ཡིད་པད་མོའི་དཔལ་དུ་འབར དེ་ལ་ཡང་ཁྲག་འཐུང་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་ལ་རི་བོའི་བསང་མཆོད་དུ་གྲགས་པ་ལ་སྔོན་འགྲོར་སྐྱབས་སེམས་ཡན་ལག་བདུན་པ་ལ་འཇུག་པ་ནི། ཨོཾ་ཨཱཿཧཱུཾ། མཁའ་མཉམ་སྲིད་ཞིའི་སྐྱབས་ཀུན་སྙིང་པོའི་བཅུད། དབང་དྲག་རིག་འཛིན་པདྨ་ཐོད་ཕྲེང་རྩལ། །ཁྱོད་སྐུར་སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་རྫོགས། །འགྲོ་ཀུན་སྲིད་ལས་བསྒྲལ་ཕྱིར་སྐྱབས་སུ་མཆི། །གསང་མཆོག་ཡེ་ཤེས་འོད་གསལ་ཐིག་ལེའི་གཞིར། །འགྲོ་ཀུན་སྒྲིབ་གསུམ་དག་ནས་སྐུ་དང་གསུང་། ཐུགས་ཀྱི་ཐིག་ལེར་ལྷུན་གྲུབ་སྣང་བཞིའི་ཁམས། །གཞོན་ནུ་བུམ་སྐུར་གྲོལ་བར་སེམས་བསྐྱེད་དོ། །གཤིས་རིག་མ་བཅོས་གཉུག་མར་ཕྱག་འཚལ་ལོ། །གཏིང་མཐའ་བྲལ་བའི་འདོ་གསལ་མཆོད་པ་འབུལ། །འཁོར་བ་མྱང་འདས་མཉམ་ཉིད་ཀློང་དུ་བཤགས། །བློ་བྲལ་ཆོས་ཟད་ཆེན་པོར་རྗེས་ཡི་རང་། །ལྷུན་གྲུབ་རྫོགས་པ་ཆེན་པོའི་ཆོས་འཁོར་བསྐོར། །འཁོར་བ་དོང་ནས་སྤྲུག་པར་གསོལ་བ་འདེབས། །འཁོར་གསུམ་དམིགས་མཐའ་བྲལ་བའི་ཕ་མཐར་བསྔོ། །རིག་འཛིན་སྲོག་སྒྲུབ་ཀྱི་སྐྱབས་སེམས་ཡན་ལག་བདུན་པ་རྫོགས་སོ། །རིག་འཛིན་སྲོག་སྒྲུབ་ལས་རི་བོའི་བསང་མཆོད་ནི་སྔར་བཞིན་མཆོད་ཁ་གསོས་ལ་བསང་གཏོར་སྦྲན་ཏེ་འདི་སྐད་དོ། །བྷྲུཾ་རིན་ཆེན་སྣ་ཚོགས་དངས་མའི་སྣོད་ཡངས་སུ། །འཇིག་རྟེན་སྲིད་པའི་འདོད་དགུའི་དམ་ཚིག་རྫས། འབྲུ་གསུམ་ཡེ་ཤེས་བདུད་རྩིར་བྱིན་བརླབས་ནས། །སྣང་སྲིད་མཆོད་པའི་འདོད་དགུར་འཁྲིགས་པ་འདི། །བླ་མ་ཡི་དམ་ཌཀྐི་ཆོས་སྲུང་ཚོགས། །ཕྱོགས་བཅུའི་རྒྱལ་བའི་དཀྱིལ་འཁོར་ཇི་སྙེད་དང་། །འཛམ་གླིང་གཞི་བདག་རིགས་དྲུག་ལན་ཆགས་མགྲོན། །ཁྱད་པར་བདག་གི་ཚེ་རྐུ་སྲོག་འཕྲོག་ཅིང་། །ནད་གདོན་བར་ཆད་རྩོམ་པའི་འབྱུང་པོ་དང་། རྨི་ལམ་རྟགས་མཚན་ངན་དང་ལྟས་ངན་རིགས། །སྡེ་བརྒྱད་མ་རུངས་ཆོ་འཕྲུལ་བདག་པོ་དང་། ཟས་དང་གནས་དང་ནོར་གྱི་ལན་ཆགས་ཅན། གྲི་བདག་སྨྱོ་འདྲེ་ཕོ་གཤིན་མོ་གཤིན་དང་། གྲི་བོ་ཐེའུ་རང་གྲོང་སྲིན་འདྲེ་མོར་བཅས། ལན་ཆགས་དམར་པོ་མེ་ལ་འཇལ་ཏེ་བསྲེགས། །རང་རང་ཡིད་ལ་གང་འདོད་འདོད་དགུའི་རྫས། །ཇི་སྲིད་ནམ་མཁའ་གནས་ཀྱི་བར་ཉིད་དུ། །འདོད་པའི་ཡོན་ཏན་ཟད་པ་མེད་པར་བསྔོ། །བདག་གིས་དུས་གསུམ་བསགས་པའི་སྡིག་སྒྲིབ་དང་། །དཀོན་མཆོག་དད་གཤིན་དཀོར་ལ་སྤྱོད་པ་རྣམས། །སྦྱིན་སྲེག་མེ་མཆོད་འདི་ཡིས་དག་གྱུར་ཅིག །མེ་ལྕེ་སྣང་སྲིད་གང་བའི་རྡུལ་ཕྲན་རེར། །ཀུན་བཟང་མཆོད་པའི་སྤྲིན་ཕུང་མི་ཟད་པ། །རྒྱལ་བའི་ཞིང་ཁམས་ཡོངས་ལ་ཁབ་གྱུར་ཅིག །མེ་ལྕེ་ཡེ་ཤེས་འོད་ལྔའི་མཆོད་སྤྲིན་ཟེར། །རིགས་དྲུག་མནར་མེད་གནས་སུ་ཁྱབ་གྱུར་ཅིག །ཁམས་གསུམ་འཁོར་བ་འཇའ་ལུས་འོད་སྐུར་གྲོལ། །འགྲོ་ཀུན་བྱང་ཆུབ་སྙིང་པོར་སངས་རྒྱས་ཤོག་ཨོཾ་ཨཱཿ་ཧཱུཾ། འབྲུ་གསུམ་མང་དུ་བརྗོད་མཐར་འདི་བཞིན་འདོན་ནོ། །ཀ་དག་དབྱིངས་ལས་སྤྲུལ་པ་ཟི་བའི་ཐབ། །ཁ་དོག་ཟླ་འདྲའི་དབུས་སུ་རྐང་འཐུང་དང་། །ག་བུར་ལོགས་བསང་རྫས་གྱ་ནོམ་པ། ང་བདག་དངོས་པོ་འཛིན་བསྲེག་པའི་དངས་བཅདུ་སྤྲིན། །ཅ་རེ་འདྲེན་བྱེད་ཡུལ་ཀུན་ཡོངས་ཁྱབ་ཡུར། ཆ་ལུང་འདོད་གུ་བསྒྱུར་མཛད་ཆོས་སྐྱོང་མགོན། །ཇ་ཆང་ལོང་སྤྱོད་སྟོན་མོར་ཁྲ་མོ་འཚོགས་བཞིན། །ཉ་ཟླའི་མདངས་ཕྱུངས་བྱམས་བརྩེའི་ཐུགས་ཀྱིས་བྱོན། །ཏ་ཐ་ག་ཏའི་བསྟ་སྐྱོང་མ་མགོན་ཟུང་། །ཐ་དག་ཡུལ་གུར་ཀུན་སྐྱོང་རྡོ་རྗེ་ལེགས། །ད་དུས་བསྟན་དགྲའི་གཤེད་མ་རཱ་ཧུ་ལ། །ན་རིའི་གཟུགས་ཀྱི་བསྟན་སྐྱོང་ཚེ་རིང་ལ། །བསང་ངོ་གསོལ་ལོ་མཆོད་དོ་ར་བྱམས་ལས། །མྱུར་དུ་འགྲུབ་པའི་སྟོང་གྲོགས་རྒྱ་ཆེན་མཛོད། །པ་སངས་ལྟུའི་ཐུགས་ལྡ་དཀར་སྐྱོང་ཚོགས། །ཕ་ལྷ་མ་ལྷ་ཞིང་ལཧ་སྲོག་སྐྱོབ་ལྷ། །བ་ལིང་ཏ་དང་གསེར་སྐྱེམས་འབུལ་ཡུལ་མགོན། །མ་སྲིད་ལྟར་བྱམས་བསྟན་སྐྱོང་གཡུ་སྒྲོན་སོགས། །བསང་ངོ་གསོལ་མཆོད་དོ་རབ་བྱམས་ལས། །མྱུར་དུ་འགྲུ་བའི་སྟོང་ཁྲོགས་རྒ་ཆེན་མཛོད། །ཙ་རི་ཏྲ་སོགས་གནས་ཡུལ་དུར་ཁྲོད་བདག །ཚ་ཤོད་བསེ་མོ་བཞི་སོགས་ཕུར་སྲུང་ལྷ། །ཛ་ཡའི་བཀའ་སྡོད་སྲུང་མ་གཙོ་འཁོར་བཅས། །ཝ་རུ་ཎ་སོགས་ཕྱོགས་སྐྱོང་ཞིང་སྐྱོང་རྣམས། །བསང་ངོ་གསོལ་ལོ་མཆོད་དོར་བྱམས་ལས། །མྱུར་དུ་འགྲུབ་པའི་སྟོག་གྲོགས་རྒྱ་ཆེན་མཛོད། །ཞྭ་ལྟར་མཐོ་བའི་མཆོག་གསུམ་རྩ་གསུམ་མན། །ཟ་འདྲེ་གྲོང་རྒྱུ་ཐེའུ་རང་རྐང་གཅིག་ཡན། །འ་འོལ་སྒྱུ་མའི་འརྤྱུལ་ལྡན་དྲེགས་པའི་ཙོགས། །ཡ་ན་རིམ་དགུའི་བསྲུང་མ་མཐུ་ཆེན་རྣསནམ། །བསང་ངོཿ མྱུར་དུ༴ ར་བ་གངས་རིའི་བསྐོར་བའི་ཟོ་དོར་གཉན། །ལ་ཀླུང་ཉིན་སྲིབས་རི་བྲག་ཆུ་ལམ་ལྗོན། །ཤ་ཁྲག་སྲོག་དབུགས་དོན་གཉེར་ནག་ཕྱོགས་བཅས། །ས་ཆ་ཡུལ་རི་འདི་སོགས་འབྱུང་པོ་རྣམས། །བསང་ངོ༴ མྱུར་དུ༴ ཧ་ལའི་སེམས་ལྡན་མི་དང་མི་མིན་རིགས། །ཨ་ཡ་བོན་སྐྱོང་བཀའ་ གཏེར་ཆོས་སྲུང next hit་ལྷ། །ཧ་གྷྲི་ཝའི་སྒྲུལ་སྐུ་ལྔ་ཛང་། ཨ་ཏི་སེམས་ཀློང་མན་ངག་སྲུང་མའི་ཚོགས། །བསང་ངོ༴ མྱུར༔ དེ་ལྟར་བསང་ཞིང་མཆོད་པའི་བྱིན་ནུས་མཐུས། །བདག་དང་བསྲུང་བྱའི་མི་མཐུན་ཀུན་ཞི་ཞིང་། །ཙེ་དཔལ་འབྱོར་རྒྱས་ཁམས་གསུམ་དབང་དུ་བསྡུས། །ལོག་འདྲེན་བརྫག་སོགས་རབ་བྱམས་ལས་འགྲུབ་མཛོད། །ཅེས་པ་དང་། སྐུགསུམ་དག་པསྣོད་ཀྱི་གཞལ་ཡས་སུ། ཆོས་ལོངས་སྤྲུལ་གསུམ་སྣང་སྲིད་གཟུགས་ཕུང་རྣམས། བདུད་རྩིར་ཞུ་བའི་འཇའ་འོད་བར་སྣང་ཁེངས། འཁོར་བ་མྱང་འདས་ཟག་མེད་བདུད་རྩིའི་བཅུད། ཐོག་མེད་དུས་ནས་ད་ལྟ་ཡན་ཆད་ཀྱི། །སྣང་སྲིད་མགྲོོན་དུ་གྱུར་པ་ཡོངས་ལ་བསྔོ། །ས་ལམ་འབྲས་བུའི་ཡོན་ཏན་མཐར་ཕྱིན་ཅིང་། ལྟ་སྒོམ་སྤྱོད་པའི་བར་ཆད་ཀུན་བསལ་ནས། །རྨད་བྱུང་ཀུན་བཟང་ཐུགས་ཀྱི་མཁའ་དབྱིངསསུ། །གཞོན་ནུ་བུམ་སྐུར་གཏན་སྲིད་ཟིན་པར་ཤོག །འཁོར་བའི་རྒྱ་མཚོ་ཆེན་པོ་སྟོང་བའི་མཐར། །འོག་མིན་པདྨ་དྲ་བར་སངས་རྒྱས་ཤོག །ཕུང་ཁམས་བསྲེག་རྫས་བཀྲག་མདངས་གཟི་བརྗིད་འབར། །དཀར་དམར་བྱང་སེམས་བསྲེག་རྫས་བདེ་སྟོང་འབར། །སྟོང་ཉིད་སྙིང་རྗེ་བསྲེག་རྫས་ཆོས་དབྱིངས་གང་། །སྣང་སྲིད་འཁོར་འདས་རོད་རྗེ་འོད་ལྔའི་གཞིར། །ལྷུན་གྲུབ་རྫོགས་སངས་རྒྱས་པའི་བསྲེག་རྫས་འབུལ། །སྔོན་གྱི་ལན་ཆགས་མ་ལུས་བྱང་བར་ཤོག །ད་ལྟ་རྒྱུད་ལ་མི་གནས་མཐོལ་ལོ་བཤགས །མ་འོངས་བསྒྲིབ་པའི་འཁོར་ལོར་མ་གྱུར་ཅིག །སོ་ཐར་བྱང་སེམས་རིག་པ་འཛིན་པ་ཡི། །སྡོམ་བཅས་བསླབ་པ་གསང་སྔགས་དམ་ཚིག་རིགས། །ཚོང་དང་མ་ཚོར་ཉམས་པ་མཐོལ་ལོ་བཤགས། །ནད་གདོན་གྲིབ་དང་མི་གཙང་དག་གྱུར་ཅིག །ནད་མུག་མཚོན་གྱི་བསྐལ་པ་ཞི་གྱུར་ཅིག །མཐའ་མི་དབུས་སུ་འོང་བའི་བ་སུན་མ་བཟློག་ཆོས་མཛད་བླ་མ་གདན་འདྲེན་བར་ཆད་བཟློག །བོད་ཡུལ་བཀྲ་མི་ཤིས་པའི་མནན་གཏད་བཟློག །གཟའ་ཀླུ་རྒྱལ་པོས་སྲོག་དབུགས་སྡུད་པ་བཟློོག །འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་བཟློག །བདག་ཅག་གར་གནས་བཀྲ་མི་ཤིས་པ་བཟློག །དམ་སྲི་འགོང་པོའི་མཐུ་སྟོབས་ནུས་པ་བཟློོག །ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ། །རང་ངོ་མ་ཤེས་འཁོར་བར་འཕྱན་པའི་གྲིབ །གཉིས་འཛིན་དབང་གིས་ནོར་འཁྲུལ་ཉེས་པའི་གྲིབ། །མ་ལུས་ཡོངས་དག་ཤེལ་སྒོང་ཕྱིས་བཞིན་གྱུར། །ཀྱཻ་བདག་སོགས་འགྲོ་བ་སུ་ཡང་རུང་། །བྱོས་བགྲོད་འདོད་དོན་གཉེར་བ་གང་། །ཕྱོགས་བཞི་མཚམས་བརྒྱད་གར་འགྲོ་ཡང་། །མཆོག་གསུམ་རྩ་གསུམ་དམ་ཅན་རྣམས། །ལུས་དང་གྲིབ་བཞིན་འགྲོགས་ནས་ཀྱང་། །འཇིགས་པ་བརྒྱད་དང་བཅུ་དྲུག་ལས། །སྐྱོབ་ཅིང་འདོད་པའི་དོན་རྣམས་ཀུན། །མྱུར་དུ་འགྲུབ་པའི་ལམ་ལྷ་མཛོད། །ཀྱེ་སྟེང་ཕྱོགས་ལྷ་ཡི་ཕྱ་གཡང་དང་། འོག་ཕྱོགས་ཀླུ་ཡི་ཟས་ནོར་གཡང་། །གླིང་བཞི་མི་ཡི་བཙན་ཕྱུག་འཕན། །འགྲོ་བ་གཞན་གྱི་བདེ་སྐྱིད་སོགས། །བདག་དང་བསྲུང་བྱར་ཡོངས་འདུས་ནས༑ །རྒྱ་མཚོ་ཆར་གྱིས་བསྐྱེད་པ་ལྟར། །བདེ་སྐྱིད་ཕུན་ཚོགས་གཡང་ཁུག་ལ། དུས་གསུམ་དགེ་བའི་བཀྲ་ཤིས་ཤོག །ལུགས་ཟུང་དཔལ་ཡོན་དགེ་བཅུ་དང་། །འགྲོགས་ནས་ཐར་དང་རྣམ་མཁྱེན་གྱི། །རྒྱུ་བསྒྲུབ་འབྲས་བཟང་སྨིན་ནས་ཀྱང་། །འགྲོ་རྣམས་ཕན་བདེར་སྦྱོར་ནུས་ཤོག །མཇུག་ཏུ་བསམ་པ་མྱུར་འགྲུབ་འདོན། །རྗེས་སུ་བཟོད་གསོལ་བསྡུ་རིམ་སོགས། །བསང་གཞུང་གཞན་དང་མཐུན་པར་བྱ། །འདི་ནི་སྔགས་ཀྱི་རྣལ་འབྱོར་པ། །དྷརྨ་ཤྲྀས་ནན་བསྐུལ་ངོར། །བྱང་སེམས་ཀུན་བཟང་གཞན་ཕན་གྱིས། །བྲིས་པ་ཡོངས་སུ་དགེ་གྱུར་ཅིག །དགེའོ། །བཀྲ་ཤིས་། །ཐོབ། །རང་གི་ཐུགས་ཀའི་ཧཱུཾ་ལང་འོད་ཟེར་ལྕག་ཀྱུ་མྱུར་འཕྲོས་པས་སྣང་བ་སྣོད་ཀྱི་འཇིག་བརྟེན་ནས་སྲིད་པའི་ལྷ་མ་སྲིན་དྲེགས་པ་སྡེ་བརྒྱད་ཀྱི་དམག་ཚོགས་ཡུལ་ལྷ་གཞི་བདག་དང་བཅས་པ་སྐ་ཅིག་གི་མྱ་ངན་གྱི་ནམ་མཁར་སྤྱན་དྲངས་བར་བསམ་ལ། །རོལ་མོའི་དབྱངས་དངས་སོ། །ཧཱུྃ སྣང་ཡུལ་སྲིད་པའི་དཀྱིལ་འཁོར་ཆེན་པོ་ནས། །འཇིག་བརྟེ་ལས་ལ་གྲུབ་པའི་མཐུ་སྩལ་ཅན། །ལྷ་ཀླུ་མ་བདུད་གཤིན་རྗེ་སྲིན་པོ་བཙོན། །གཟའ་སོགས་དྲེགས་པ་སྟེ་བརྒྱད་སྤྱེན་དོན། །ཡུལ་ལྷ་གཞི་བདག་གཉན་པོ་ལ་སོགས་པ། ས་གསུམ་འབྱུང་པོ་ཚོགས་རྣམས་མ་ལུས་ཀུན། །གནོད་བྱེད་དགྲ་བགེགས་སྒྲོལ་ཕྱི་འདིར་གཤེགས་ལ །རྣལ་འབྱོར་བདག་གི་བཀའ་ཉན་ལས་བཅོལ་མཛོད། །ཨོཾ་ཨཱཿཡ་མ་དུ་རུ་ཙ་ཤ་ན་པ་པཱ་རི་ཝ་ར་སརྦ་བྷུ་ཏེ་བྷྱཿ ཨ་ཀཪྴ་ཡ་ཛ་ཛཿ རཾ་ཡྃ་ཁཾ་ཨོཾ་ཨཱཿ་ཧཱུྃ། ཕྱི་ལྟར་དྲེགས་པའི་གཙོ་བོ་སྡེ་བརྒྱད་པོ། ནང་ལྟར་རག་གི་རྣམ་ཤེས་ཚོགས་བརྒྱད་དེ། །གསང་བ་སྒྲུབ་སྡེ་བརྒྱད་ཀྱི་ལྷ་ཙོགས་ཡིན། །སྣང་སྲིད་ལཧ་རུ་ཤེས་པའི་མཆོད་ཚོགས་འབུལ། །ཀུན་གཞི་སེམས་ཀྱི་མདངས་ལས་རྟོགས་ཚོགས་ཤར། །ཕྱིང་གསང་བ་མཆོག་ཞིའི་རོལ་མོའི་སྒྲ་དངས་བཅས་ཏེ་རྟག་ཏུ་བརྗོད་ལ། གནམ་པ་བར་དང་གི་ཁྱོན་ཐམས་ཅད་གང་བར་དམིགས་ནས། །པདྨ་ཀ་ལ་ལ་ཡེ སྟཾ། ཅེས་གདན་ལ་འཁོད་པར་བསམ་ལ། དང་སྤྲུལ་པ་དང་། །སྣང་ཉིད་སྡེ་བརྒྱད་ཚུལ་དུ་སྣང་བ་བྱ། །དངོས་པོ་བསམས་ཡིད་སྤྲུལ་མཆོད་གཏོར་འདི་རྗེས་ལ། །བདག་དང་བསྲུང་བྱར་གྱུར་པ་ཐམས་ཙད་ཀྱི་ནད་གདོན་དགྲ་བགེགས་ཞི་ཞིང་ཚེ་བསོད་རྒྱས། །ཁམས་སུ་དབང་བསྡུས་གནོད་བྱེད་ཀུན་གཞོམ་ནས། །འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ཡོངས་འགྲུབ་མཛོད། །ཅེས་དཔའང་ཀུན་གཞན་ཕན་ཀྱིས་སོ། །གསེར་སྐྱེམས་ཟག་པ་མེད་གཙང་མ་འདི་རྗེས་ལ། ཡུལ་ཕྱོགས་འདི་ཡི་ཞིང་རྣམས་དང་ཁྱད་པར་བདག་དང་བསྲུང་བྱ་ཡི། ཞིང་གི་ལོ་ཐོག་ཐམས་ཅད་ལ། གནོད་ཅིང་འཚེ་བར་བྱེད་པ་ཡི། །སེར་བར་སེར་བྱེད་སྣ་འདྲེས་དང་། །རྒྱབ་བརྟེན་སྡོག་ཟླ་བཅས་པ་ཀུན། །བསྟན་འགྲོར་གནོད་བྱེད་དགྲ་ཡུལ་དུ། བསྒྱུར་ཅིག་ལྡོག་ཅིག་ཕྱི་ལ་ལྡོག །གཞན་ཡང་བཙའ་ཐན་འབུ་སྲིན་སད། །འགོང་ཐིལཐོག་རྐུན་རིགས་རྣསམ་ཀུན། །ཞི་ཟིང་སྡང་བྱེད་དགྲ་བོ་ཡི། །ཡུལ་དུ་ཁ་བསྒྱུར་ཟ་ལམ་ཐོད། །ཡུལ་འདིར་ལོ་ཐོག་ཕུན་ཚོགས་མཛོད། །སངས་རྒྱས་ཀྱི་བསྟན་པ༴ སོགས ཞེས་འདོད་གསོལ་འདི་འང་ཀུན་བཟང་གཞན་ཕན་གྱིས་སོགས །དགེ་ནོན་ཀྱེ བདག་སོགས་འགྲོ་བ་སུ་ཡང་ཏུང་། །བྱེས་བསྒྲོད་འདོད་དོན་གཉེར་བ་གང་། །ཕྱོགས་བཞི་མཚམས་བརྒྱད་གར་འགོར་ཡང་། །མཆོག་སུམ་རྩགསུམ་དམ་ཅན་རྣམས། །ལུས་དང་གིར་བཞིན་འགྲོགས་ནས་ཀྱང་། །འཇིགས་པ་བརྒྱད་དང་བཅུ་དྲུག་ལས། །སྐྱོབས་ཤིང་འདོད་པའི་དོན་རྣམས་ཀུན། །མྱུར་དུ་འགྲུབ་པའི་ལམ་ལྷ་མཛོད། །ལགས་ན་རྡོ་རྗེ་སོ། །༢བྱད་གཏེར་ལས་ཕྱུ་པོའི་མུན་སེལ་བསྡུས་པ་ནི། །ཕྱོགས་འཚམས་སྟེང་འོག་བཞུགས་པའི་སངས་རྒྱས་ལ། །ཕྱག་འཚལ་སྐྱབས་མཆིས །བདག་སོགས་གར་འགྲོ་ཡང་། །དགྲ་ཇག་ཆོམ་ཀྲུན་མེ་ཆུད་གཅན་གཟན་གྱི། །འཇིགས་པ་ཀུན་སྐྱོབས་བསམ་དོན་ལྷུན་གྲུབ་ཤོག །རྒོད་ལྡེམ་ཅན་ལ་གནང་བའོ། །ལྷ་ཆེན་རྨ་རྒྱ་སྤོམ་རའི་བསང་མཆོད་གཡང་འགུགས་འབྲེལ་མ་འདོད་འཇོ་དབང་གི་རྒྱལ་སོ་འབྱུགས། །ཨོཾ་ཨའཿ་ཧཱུྃ། ཀ་དག་དབྱིངས་ལས་སྣང་སྲིད་འཁོར་འདས་ཆོས། །ཁ་དོག་མ་འདྲེས་གསལ་ལས་ཁྱད་པར་དུ། །ག་བུར་རྡ་བརྩེགས་ལྷུན་པརོ་རྟེན་བཅས་གཉན ང་ཡིས་འབོད་དོ་རྨ་རྒྱལ་སྤོམ་ར་ཀྱོད། །ཅ་རེ་སྤྱན་གྱིས་གཟིགས་ལ་སྙན་གྱི་གསོན། །ཆ་ཤས་གང་བའི་ཟླབཞིན་གོཙ་འཁོར་ལས། །ཇ་ཆང་འདོད་དོན་མཆོད་སྤྲིན་རོལ་དུ་གཡོན། །ཉ་རྒྱས་པདྨ་བརྩེགས་སྟེང་དགྱེས་པར་བཞུགས། །ཏ་ཐ་ག་ཏའི་བསྟ་བསྲུང་ལྷ་ཆེན་ཁོད། །ཐ་མ་ལ་ལས་འཕགས་བརྒྱད་དབང་ཕྱུག་ཆེ། །ད་ལྟར་འགྲོ་ངོར་ཟོ་དོར་ཚུལ་བཟུང་ནས། ན་ཆུང་ལྕ་དང་རྨ་རིགས་སུམ་བརྒྱ་པར་བཅས། །པ་སངས་ལྷར་དཀརདགྱེས་པའི་མདངས་ཕྱུང་ལ། ཕ་བུའི་ཚུལ་གྱི་བཤམས་པའི་མཆོད་རྫས་བཞེས། བ་ལང་ལྟར་རྨོངས་ཉེས་བྱས་ཅི་བགྱིས་བཤགས། །མ་ལུས་བདེ་སྐྱི་རྨ་གཡང་ཆར་ལྟར་ཕོབ་ཙ་རི་དྲ་སོགས་གནས་གཞན་བྱིན་ལྡན་ཡང་། །ཚགྲང་དབུལ་ཕོགཤ་སལེ་ལ་ཁྱོད་བསྔགས་ནམ། ཛ་ལའི་དྷན་བཞིན་ཕྱ་སྤྱང་དངོས་གྲུབ་སྩོལ། །ཝ་རུ་ཎ་སོགས་སྦྲུལ་མགོས་སྤྲུད་མོད་ཀྱང་། །ཞྭ་མོའི་ཏོག་ལྟར་ཁོད་ཉིད་ནོར་དབྱིག་བདག །ཟ་ཐང་ལོང་སྤྱོད་ཕུན་སུམ་ཚོགས་ཕྱྭ་སྤྱང་རྩོལ། །འ་འུར་འཁོར་གཡོག་སྡེ་དཔོན་རྣམ་མང་ཡང་། ཡ་མཚན་དཔལ་འབྱོར་ཀུན་འདུས་ལྷོན་གྲུབ་ཁྱོད། །རྭ་རྨིག་ལྡན་པ་ཕྱུགས་ཀྱི་ཕྱ་སྤྱང་སྤྲིན། །ཇ་ཆང་འོ་ཞོའི་སྐྱེསམ་གྱི་ལེགས་བྲ་ཞིང་། །མི་ཟད་འདོད་དགུའི་གཏོར་དུ་དམིགས་བྱས་ནས་བསང་ངོ་བརྟོན་མཆོད་མངའ་གསོལ་ལོ། །བརྟེན་ཞིང་བསྒྲུབ་པོ་ཁ་མགོན་སྟོངས་གྲོགས་མཛོད། །ལེགས་ཚོགས་མཐུན་རྐྱེན་དབྱེར་སྐྱེས་རྒྱུན་ལྟར་དང་། །གནག་རྩུབ་ཉེར་འཚེ་ཉི་མས་བ་མོར་བཞིན། །བསམ་དགུ་ཡོངས་འགྲུབ་ནོར་བུར་གསོལ་བཏབ་ལྟར། །སྡེ་བཞི་སྡོབས་འབྱོར་དགེ་བཅུའི་དཔལ་དང་འགྲོགས། །ཕྱོགས་ལས་རྣམ་རྒྱལ་འཕྲལ་ཕུག་ཀུན་དགེ་མཛོད། །པ་གཡོ་རི་རྒྱུད་དུ་མིན་ཁ་ཆར་རླུང་། །ཆུ་ལོག་ཐོག་སེར་སད་དང་བཙའ་ཐུན་འབུ། །མི་ནད་ཕྱུག་ནད་དགྲ་ཇག་ཆོམ་རྒུན་སོགས །མི་འདོད་ཉེར་འཚེ་འགལ་རྐྱེན་ཀུན་ཞི་ཞིང་། །རྫོགས་ལྡན་གསར་བའི་དགེ་མཚན་མངོན་གྱུར་མཛོད། རྡོ་བླ་འདུ་ཤེས་གསུམ་ས་དཔེ། །གོང་ནས་བཀའ་ཕོབ་རི་བཞིན་དུ་བྲིས་འདིས་དགའ་བདེ་བརྟག་བརྟན་ཤོག །དགེའོ། །བཀྲ་ཤིས། ལྷ་ཆེན་གཉན་པོ་གཡུ་རྩེའི་བསང་མཆོད་འདོད་དགུའི་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །ཀྱཻ་བོད་ཡུལ་ཁ་བ་ཅན་གྱི་ཤར་གྱི་ཕྱོགས །མོད་ཁམས་རྨ་སྨར་སྒང་གི་ས་ཡི་ཆར། །རྟེན་བཅས་ཟེ་དོར་གཉན་པོ་གཡུ་རྩེ་ཞེས་སྟོན་ཟླ་རབ་ཏུ་རྒྱས་པའི་གཟི་མདངས་ཅན། །གཡུ་ཁྲབ་གཡུ་རྨོག་འཁོར་ལོ་བསྒྱུར་བའི་ཆས། །ཕྱག་གཡས་སངས་རྒྱས་བསྟན་པའི་རྒྱན་མཚན་དང་། །གཡོན་པའི་དབུལ་སེལ་གཏེར་གྱི་བུམ་པ་བསྣམས། །དར་ཟབ་འབོལ་རྩེགས་རིན་ཆེན་ཁྲི་ལ་འགྱེངས། །དགྱེས་སྡེ་བཙུན་མོའི་འཁོར་ཚོགས་མང་པོ་དང་། །ཕྱི་ནང་གསང་བ་ཡང་གསང་སྲས་དང་འཁོར། །མ་ལུས་འཁོར་བཅས་མཁའ་ལ་གཟའ་སྐར་བཞིན། །གཟུང་དང་འཛིན་པ་དག་པའི་ཆོས་སུ་ཤར། །ཨེ་མ་ཧོ་ངོ་མཙར་རྨད་ཀྱི་ཆོས། །སྐྱེ་འགགས་གནས་པ་མེད་པ་ལས། །དེ་དང་དེ་ཡི་ཆེ་ཕྲུལ་ཤར། །སྤྲོལ་ཆོས་སྐུའི་རོལ་པ་ལས། འགགས་མེད་སྤྲུལ་སྐུའི་སྒྱུ་འཕྲུལ་གར། །འགྲོ་བའི་སྣང་ངོར་སྣ་ཚོགས་གཟུགས། །རྨི་ལམ་དང་ནི་སྒྱུ་མ་བཞིན། །ཤར་བའི་སྣང་གཟུགས་ཡུལ་ལྷའི་གཙོ། །གཉེན་གཡུ་རྩེ་ཞེས་གྲགས་པའི། །སྟངས་གསལ་སྲས་དང་འཁོར་འབངས་བཅས། །བསང་མཆོད་མགོན་དུ་འདིར་གཤེགས་ནས། །དགྱེས་ཤིང་བརྡན་པར་བཞུགས་མཛོད་མ། །བསང་མཆོད་བདུད་རྩིའི་མཆོད་སྤྲིན་འདི། །དགྱེས་པར་བཞེས་ལ་བདག་སོགས་ཀྱི། །ཅི་བསམ་ལས་ཀུན་ཐོགས་མེད་སྒྲུབས་ཀྱེ་གནམ་པ་སྟངས་དཔྱལ་སྒྱུ་འཕྲུལ་རྩས། །རྩི་ཤིང་བཟའ་བཏྲུང་ཕུད་སྣ་ཚོགས། །དེང་འདིར་མེ་ཁམས་གནས་དག་པས། །གོས་དཀར་ལྷ་མོའི་མཁའ་དབྱིངས་སུ་སྦྱངས་ཤིང་མ་ཀི་ཆབ་ཀྱིས་བྲ། །འཛད་མེད་གཏེར་དུ་བྱིན་རླབས་པའི། །བསང་མཆོད་འཛད་མེད་དཔལ་ཡོན་ལྡན འཆི་མེད་གནས་ཀུན་ཡོངས་ཁྱབ་པའི་ངོར་སྤྲིན་གྱི་ཕུང་པོ་འདིས། །ལྷ་སྲས་གཉོན་གཡུ་རྩེ་བསངས། །བཙུན་མོ་གཡུ་མཚོ་དཔལ་ཆེན༔ སྲས་ཆག་གཡུ་ཐོག་མཆེད་དགུ༴ སྲས་མོ་གཡུ་ལྕམ་བཅོ་བརྒྱད༴ ནང་བློན་ཕོ་འཁོར་མོ་འཁོར༔ བར་བློན་ཀླུ་བཙན་རོལ་པ༴ ཕྱི་བློན་ལྷ་འདྲེ་མི་གསུམ༴ ཆོས་ནོར་རྫས་གཏོར་བསྲུང་༴ གངས་རི་དཀར་ལ༴ སྲིབས་རི་ནགས་ལ་གནས་པ༴ སྲ་བ་བྲག་ལ༴ འགྲོ་བ་ལམ་ལ༴ ཟུག་པ་རྡོ་ལ༴ སྐྱེ་བ་ཤིང་ལ༴ ལ་ཀླུང་རི་ལ༴ ཕུ་མདའ་ཚང་ཚིང་ལ་གནས༴ ཀྱེ་བདག་དང་བསྲུང་བྱ་འདི་དག་གིས། །མ་ཤེས་འཁྲུལ་པའི་ནངས་སོ་པ་ཀུན། །བསང་ངོ་བྱང་ཞིག་དག་གྱུར་ཅིག །ཐུགས་དང་འགལ་བའི་ལས་བྱས་ཀུན། །རྨི་ལམ་དང་ནི་སྒྱུ་མ་བཞིན། །རང་བཞིན་ཤེས་པའི་ངང་དུ་བཤགས དེ་ལྟར་བསག་ཤིང་བསངས་པའི་མཐུས། །ཞི་བའི་ཕྲིན་ལས་འོད་དཀར་ཅན། །མི་མཐུན་ཆུ་སྐྱེས་ཚམ་ཤར་མཐུས། །འཇིགས་ཚོགས་བོང་བ་མཐར་བསྐྲད་ནས། །བདེ་སྐྱིད་ཀུ་མདུ་ཡོངས་བཞད་མཛོད། །རྒྱས་པའི་ཕྲིན་ལས་དབྱར་སྐྱེས་རྒྱུན། །ཚོགས་གཉིས་ཆར་གྱི་རབ་བསྐྱེད་ནས། །དཔལ་འབྱོར་ཕུན་ཚོགས་རྒྱ་མཚོ་ཀུན། །འབད་མེད་སྤོངས་སུ་འགེགས་པར་མེད། །དབང་གི་ཕྲིན་ལས་འདག་མའི་སྒྱུ་འོད་ལྡན་སྐྱེ་དགུའི་བློ་ཡིད་སེམས། །ཁབ་ལེན་རྡོ་དང་ལྕགས་ཕྲད་བཞིན། །རང་དབང་མེད་པར་དབང་དུ་སྡུས། །དྲག་པོའི་ཕྲིན་ལས་གནམ་ལྕགས་དབལ། ཕ་རོལ་དགྲ་བགེགས་བྲག་ཏུལ་རྩེར། །བརྒྱབ་པའི་མདོ་ལ་རྡུལ་ཕྲད་བཞོན། །བརླག་པའ་ིསྟོབས་ནུས་ལད་པར་མཛོད། །མདོར་ན་ལུགས་ཟུང་དཔལ་ཡོན་ནོར། །སྲིད་པ་འདྲེན་བྱེད་སྟོང་གྱིད། །རོལ་པའི་རྩེ་མོས་ལེགས་མཅོད་དེ། མངོན་མཐོ་ངེས་ལེགས་སྟོབས་ལྡན་མཛོད། །གཞི་བྱེས་ལམ་གསུམ་ག་ལ་ཡང་། ཁ་འཛིན་སོ་སྟངས་གྲོགས་མེལ་ཚེ་མཛོད། །ཅི་བསམ་འགྲུབ་པའི་གྲོགས་བགྱིད་པ། ཁྱོད་ལ་བཅོལ་ལོ་གཏད་དེ་གཉེར། །སྔོན་པོ་མདོར་སློབ་དཔོན་པདྨ་ཡིས། །བྷོ་དྲའི་གནོད་སྦྱིན་ཀུན་ཏུ་བསྡུས་ནས། །མ་འོངས་བསྐལ་པལའི་ཐ་མ་ལ། །པདྨའི་བརྒྱུད་འཛིན་སྐྱོང་ཞེས་ཆད །བསྟ་པ་བསྲུང་བའི་ཐིག་རྩ་ཅན། །དེ་ཕྱི་ཁྱེད་ཀྱང་སྔོན་གྱི་དམག །ཡལ་བར་མ་དོར་བཅོལ་པའི་ལས། །ཐོགས་མེད་སྒྲུབས་དང་དམ་ཚིག་མཐུས། །འདི་ཕྱི་ཀུན་ཏུ་ཕན་བདེ་མངོན། །བདག་དང་རེ་ལྟོས་བདག་བཟུང་ནོར། །རྫས་དང་ཡོ་བྱད་བདག་པོ་དགུའི་ཆས། །བསྲུང་ཞིང་སྐྱོབ་ལ་གོང་འཕེལ་མཛོད། །དགའ་བདེ་སྐྱིད་ཀྱི་ལོང་སྤྱོད་གཟུགས། །ནམ་ཡང་ནུབ་མེད་ཚེ་ལྷ་ཡི། །རྟེན་དང་བརྟེ་པའི་དཔལ་ཡོན་ལ། །རྡག་ཏུ་སྤྱོད་པའི་བཀྲ་ཤིས་ཤོག །ལྷ་ཆེན་གཉན་སོ་གཡུ་རྩེ་ཡི་བསང་མཅདོ་འདོད་དགུའི་སྤྲིན་ཕུན་འདི་ཟོ་རེ་དེ་ཡི་ཉེ་ཕྱོད་སུད་ཀུན་བཟང་གཞན་ཕན་གྱིས་བྲིས་དགེ། །གཟའ་མཆོག་མེན་པོའི་བསང་མཆདོ་ཡེ་ཤེས་བདུད་རྩིའི་དུད་སྤྲིན་ཞེན་བྱ་བ་བཞུགས། །རཾ་ཡཾ་ཁཾ། བསང་རྫས་དངོས་པོར་འཛིན་པའི་དྲི་མ་ཐམས་ཅད་བསྲེགས་གཏོར་བཀྲུས་ནས་མི་དམིགས་པར་གྱུར། །སླར་ཡང་བསང་རྫས་བདུད་རྩིའི་རྒྱ་མཚོའི་སྤྲིན་ཕུང་ནམ་མཁའི་ཁམས་གང་བར་གྱུར། །ཨོཾ་ཨཱཿ་ཧཱུྃ། ལན་གསུམ་བརྗོད་ཅིང་། སྤོས་བྲལ་ཆོས་སྐུའི་དབྱིངས་ལས་ལོངས་སྐུའི་གདངས། །གསང་བདག་བཛྲ་པ་ཎིའི་སྒྱུ་འཕྲུལ་གར། །དྲང་སྲོང་ཆེན་གཟའ་མཆོག་ར་ཧུ་ལ། །གདོང་མོ་མཆེད་བཞི་གཟའ་བརྒྱད་འཁོར་བཅས་དང་། །རྒྱུ་སྐར་ཉེར་བརྒྱད་ལྷ་སྲིན་ཕོ་ཉར་བཅས། །ཞི་ཞིང་བྱམས་པའི་སེམས་ཀྱིས་འདིར་བྱོན་ལ། །རང་ངོ་དགྱེས་པའི་གདན་ལ་བཞུགས་ནས་ཀྱང་། །དངོས་བཤམས་ཡིད་སྤྲུལ་མཆོད་རྫས་བསང་རྫས་སྤྱི། །ཁྱད་པར་གཟའ་མཆོག་འཁོར་བཅས་མཉེས་བྱེད་པའི། །བསང་རྫས་འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་གིས། །རྩ་གསུམ་ལྷ་དང་མཁའ་འགྲོ་ཆོས་སྐྱོང་བཅས། །དབྱེར་མེད་དྲང་སྲོང་གཟའ་མཆོག་ཆེན་པོ་བསང་། སྲིང་མོ་གདོང་མོ་ཆེན་མོ་མཆེད་བཞི་བསང་། སྤྲུལ་པའི་གཟའ་མཆོག་ཆེན་པོ་རྣམ་བརྒྱད་བསང་། ཕོ་ཉ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད༴ སྤྲུལ་འཁོར་ལྷ་སྲིན་སྡེ་བརྒྱད་ཚོགས་བཅས༴ བདག་གིས་ཉམས་ཆག་ཉེས་སྒྲིབ་ཅི་བགྱིས་བཤགས། །ཐུགས་དམ་བསྐངས་ལ་མཐུ་དབང་དངོས་གྲུབ་་སྩོལ། སྔོན་དུས་སངས་རྒྱས་རིན་ཆེན་སྙིང་པོ་དང་། བར་དུ་གསང་བའི་བདག་པོ་རྡོ་རྗེ་འཛིན། །ཐ་མ་སློབ་དཔོན་པདྨ་འབྱུང་གནས་སོགས། རིག་འཛིན་བརྒྱུད་པའི་བཀའ་དང་དམ་སྲུང་བའི། །གཟའ་མཆོག་ཆེན་པོ་འཁོར་དང་བཅས་རྣམས་ཀྱིས། །བསང་རྗེས་འདོད་ཡོན་རྒྱ་མཚོའི་མཆོད་སྤྲིན་གྱི། །ཟག་མེད་བདུད་རྩིའི་རང་བཞིན་འདི་བཞེས་ལ། །བདག་གི་སྒོ་གསུམ་ཉེས་ཚོགས་ཀུན་དག་ནས། རབ་འབྱམས་ཕྲིན་ལས་འགྲུབ་པའི་སྟོངས་གྲོགས་དང་། །ཁྱད་པར་སྡང་བའི་དགྲ་དང་གནོད་པའི་བགེགས། །མངོན་སྤྱོད་དྲག་པོའི་རྩལ་གྱིས་གཞོམ་ནུས་པའི། །མཐུ་སྟོབས་ནུས་པ་ཕུན་སུམ་ཚོགས་པར་ཤོག །ཅེས་བསང་གི་རྗེས་ཆོག་རྣམས་སྤྱི་ལྟར་བྱས་པས་འཐུས་སོ། །གཟའ་མཆོག་ཆེན་པོ་ར་ཧུ་ལའི་བསང་མཆོད་ཡེ་ཤེས་བདུད་རྩིའི་སྤྲིན་ཕུང་འདི་ཉིད་རྣལ་འབྱོར་པ་ནོར་བུས་བསྐུལ་ངོར་རྡོ་་བླས་སྨྲས་བཞིན་འཇིགས་མེད་བསོད་ནམས་མཆོག་ལྡན་གྱིས་ཡིག་གེར་ཕབ་པ་ཀུན་ནས་ཀུན་ཏུ་དགེ་བར་གྱུར་ཅིག །དགེའོ། །ཚེ་རིང་མཆེད་ལྔའི་བསང་མཆོད་བདུད་རྩིའི་སྤྲིན་དབུང་བཞུགས། །རཾ་ཡཾ་ཁཾ། བསང་རྫས་འདོད་དགུའི་ལོངས་སྤྱོད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་གྱུར། ཨོཾ་ཨཿཧཱུཾ། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །འབྱུང་ལྔ་དག་པའི་དབྱིངས་ཆེན་པོར། །ཕུང་ལྔ་རྣམ་དག་བསང་གི་རྫས། །ངོ་བོ་སྟོང་ཡང་རང་བཞིན་གསལ། མཚན་ཉིད་ཕུན་ཚོགས་དཔལ་ཡོན་ལྡན། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །འཁོར་འདས་གནས་ཀུན་ཡོངས་ཁྱབ་གྱུར། །སྥ་ར་ཎ་ཁཾ་ནམ་མཁའ་མཛོད་ཀྱི་སྔགས་རྒྱལ་བརླབས། །ཀྱེ་སྣང་སྲིད་འཁོར་འདས་ཆོས་སོ་ཅོག །ཡོད་མེད་རྟག་ཆད་ལས་འདས་དབྱིངས། །གཟུང་འཛིན་སྤྲོས་པ་ཀུན་བྲལ་ཡང་། །དེ་ལྟར་མ་རྟོགས་སེམས་ཅན་ལ། །ལྷ་འདྲེ་གཉིས་སུ་སྣང་བའི་གཟུགས། །མཁའ་ཟླ་ཆུ་སྣོད་ཇི་སྙེད་དུ། །ཤར་ལྟའི་བསང་མགྲོན་མཆོག་དམན་ཀུན། །སྟོན་མོར་ཁྲོམ་ཚོགས་འདུས་བཞིན་གྱུར། །ཀྱཻ་གསེར་འཛིན་དགའ་མའི་ལྟོར་འཁྲུངས་པའི། །རྩི་ཤིང་དྲི་བཟང་བཅུད་ལྡན་རིགས། །ཕྱེ་མར་ཟས་ཕུད་དང་བཅས་པ། །དམ་ཚིག་མེ་དབྱིངས་གོས་དཀར་མོས། །སྦྱངས་པའི་དྭངས་མ་འཁོར་འདས་ཀྱི། །༣མོད་རྫས་དཔག་མེད་དུད་སྤྲིན་ཆེས། །མཆོག་སུམ་རྩ་གསུམ་རྒྱ་མཚོ་བསང་། །མཁའ་འགྲོ་ཆོས་སྲུང་དམ་ཅན༴ གནས་ཡུལ་དུར་ཁྲོད་སྐྱོང་རྣམས༴ ཁྱད་པར་བྷོ་ཊའི་ཟོ་དོར་གཙོ། །ཇོ་མོ་བཀྲ་ཤིས་ཚེ་རང་༴ ལྷ་མོ་མཐིང་གི་ཞལ་བཟང་༴ ལྷ་མོ་ཅོད་པཎ་མགྲིན་བཟང་། ལྷ་མོ་མི་གཡོ་གླང་བཟང་། ལྷ་མོ་གཏལ་དཀར་འགྲོ་བཟང་༴ སྤྲུལ་འཁོར་ཕོ་ཉའི་ཚོགས་ཀུན༴ །ཕྱི་ནང་གསང་བའི་མཆོད་ཚོགས་འབུལ། །འགལ་འཁྲུལ་ཉེས་ཚོགས་མཐོལ་ལོ་བཤགས། །གཞི་ལ་སྡོད་ན་ཁ་མགོན་མཛོད། །བྱེས་བགྲོད་ཚེ་ན་ལམ་ལྷ་དང་། །ཅི་བསམ་དོན་འགྲུབ་དངོས་གྲུབ་སྩོལ། །དུས་གསུམ་དགེ་བའི་བཀྲ་ཤིས་ཤོག། །ཅེས་པ་འདི་ཡང་བླ་མ་དམ་པ་བསྟན་སྐྱོང་གི་བཀས་བསྐུལ་ངོར་རྡོ་་བླས་བྲིས་པ་ཡོངས་སུ་དགེ་བར་གྱུར་ཅིག །འགའ་གཏེར་སླང་མ་སྤྱིའི་བསང་མཆོད་དབྱར་གྱི་རྔ་བསང་ཞེས་བྱ་བ་བཞུགས། །རཾ་ཡཾ་ཁཾ༴ བསང་རྫལྡན་པར་གྱུར། ཨོཾ་ཨཱཿཧཱུཾ། ཀྱེ་སྐྱེ་མེད་ཆོས་སྐུ་སྤྲོས་བྲལ་ཡང་། འདོད་པའི་ཡོན་ཏན་ལྔ་དང་འགག་མེད་ལྷུན་གྲུབ་ལོང་སྐུའི་མདངས། རྩོལ་མེད་སྤྲུལ་སྐུའི་སྒྱུ་འཕྲུལ་ལས། །སྲིད་དང་ཞི་བའི་ཆོ་འཕྲུལ་ངོམ། །དེ་ལས་མཆདོ་པའི་ལྷ་དང་འདྲེ། །གཉིས་སུ་གཟུང་པས་ཕན་གནོད་གཟུགས། །ངོམ་འདུ་བྱེད་ཀུན་རྫོབ་མཐུས། །དེ་ལས་ཡེ་ཤེས་འཇིག་རྟེན་གྱི། །ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཚོགས། །སྤྲུལ་དང་ཡང་སྤྲུལ་ཉིང་སྤྲུལ་དང་། །སུམ་སྤྲུལ་དཔག་ཡས་སྒྱུ་མའི་གར། །ཀུན་གྱི་མཆེད་གཞི་མ་མོ་ནི། །ཆོས་སྐུའི་ཞིང་ན་བདག་མེད་མ། །ལོངས་སྤྲུལ་གང་ལ་གང་འདུལ་ཚུལ། །རྡོ་རྗེ་ཕག་མོ་རྣལ་འབྱོར་མ། གསང་བ་ཡེ་ཤེས་སེང་གེའི་གདོང་། །གང་འདུལ་དེར་སྟོན་སྣ་ཚོགས་གཟུགས། །དོན་ལ་སྔགས་སྲུང་རལ་གཅིག་མ། །མོ་རྒྱུད་མཁའ་འགྲོ་ཤུགས་འགྲོའི་ཚོགས། །ཀུན་གྱི་སྤྲུལ་གཞི་བླ་ན་མེད། །དེ་རིང་སྲིད་ཞིའི་མཆོད་ཚོགས་རོལ། །ཀྱཻ་དབྱིག་འཛིན་རྣམ་དག་སྤྱན་མའི་མཁར། དྲི་བྲལ་དངུལ་གྱི་སྣོད་མཆོག་ཏུ། །འདོད་ཡོན་ལྔ་ལྡན་མཁོ་དགུའི་རྫས། །བདུད་རྩི་ཅན་གྱི་ཤིང་སྣའི་ཚོགས། །བཟའ་བཏུང་ལོངས་སྤྱོད་ཕུན་ཚོགས་གཏེར། །མེ་ཁམས་རྣམ་དག་གོས་དཀར་མོས། །དངོས་པོར་འཛིན་པ་བསྲེགས་པའི་བཅུད། །དཔལ་དང་ཡོན་ཏན་ངོ་མཚར་རྫས། །ནམ་མཁའ་མཛོད་ཀྱི་ཡོ་བྱད་དུ། །སྦྱངས་སྦེལ་བསྒྱུར་བ་མ་མཱ་ཀིའི་ཟེགས་མས་བྲན་པའི་དུད་སྤྲིན་ཆེ། །ས་བླའི་གནས་ཀུན་ཡོངས་ཁྱབ་པས། མཆོག་གསུམ་རྒྱལ་བའི་དཀྱིལ་འཁོར་བསང་། །རྩ་གསུམ་ཆོས་སྲུང་རྒྱ་མཚོ་བསང་། །མ་མོ་སྔགས་ཀྱི་སྲུང་མ་བསང་། །དཔལ་ལྡན་ལྷ་མོ་ནག་མོ་བསང་། །ཨི་ཀ་ཙ་ཊི་སྤྲུན་དྲུག་བསང་། །དེ་ཡི་བྲན་མོ་བཅུ་བཞི༴ གཡོག་མོ་ལྔ་བཅུ་རྩ་བརྒྱད༴ ཡང་གཡོག་འབུམ་ཁྲི་འབུམ་སྟོང་༴ ནམ་གྲུ་རེ་ཏི་ནག་མོ༴ འདོད་ཁམས་དབང་ཕྱུག་ཆེན་མོ༴ །ཤྭ་ན་ས་བདག་བདག་ཉིད་མ། །སྤྲུལ་པ་ཡང་སྤྲུལ་བཅས་པ་བསངས། །དུར་ཁྲོད་ལྷ་མོ་ལྕམ་དྲལ༴ ཙན་ཏྲི་ཀ་ཞེས་བྱ་བ༴ ཤན་པ་སྲོག་སྒྲུབ་ནག་མོ༴ དུད་སོལ་ལྷ་མོ་འཁོར་བཅས༴ རྡོ་རྗེ་དྲག་མོ་རྒྱལ་སོགས༴ མ་སྲིང་བརྟན་མ་བཅུ་གཉིས༴ ཕོ་ཉ་ཡང་གཡོག་ཚོགས་བཅས༴ དཔལ་མགོན་མ་ནིང་ནག་པོ༴ སྐུ་གསུང་ཐུགས་ཀྱི་མགོན་པོ་བསང་། ཡོན་ཏན་ཕྲིན་ལས་མགོན༴ དཔལ་མགོན་བདུད་ཅུ་རྩ་ལྔ༴ ཕྱོགས་སྐྱོང་བཅུ་པོ་འཁོར་བཅས་བསང་། །འབྱུང་བ་ལྔ་ཡི་ལྷ་རྣམས༴ འགྲོ་བའི་ལྷ་ལྔ་གཙོ་འཁོར༴ སྐྱེས་མཆོག རྡོ་རྗེ་ལེགས་པ༴ དགྱེས་སྡེ་སྨན་བཙུན་ཡུམ་རྣམས༴ མཆེད་འཁོར་སུམ་བརྒྱ་དྲུག་ཅུ༴ ཡང་འཁོར་ལྷ་སྲིན་སྡེ་བརྒྱད༴ སྤྲུལ་འཁོར་ཕོ་ཉའི་ཚོགས་བཅས༴ ཇོ་མོ་བཀྲ་ཤིས་ཚ་རིང་མ། བོད་སྐྱོང་ཟོ་དོར་གཙོ་མོ་བསང༴ སྤྲ་ལྷ་མཐིང་གི་ཞལ་བཟང་༴ དབུལ་སེལ་ཅོད་པན་མགྲིན་བཟང་༴ གཡང་སྤེལ་མི་གཡོ་གླང་བཟང་༴ ཟས་ལྷ་གཏལ་དཀར་འགྲོ་བཟང་༴ ཕོ་ཉ་སྤྲུལ་པ་ཡང་འཁོར༴ གཡུ་སྒྲོན་མཆེད་ལྔ་འཁོར་བཅས༴ སྙིང་ཐིག་མ་བུའི་སྲུང་མ༴ སེམས་སྡེ་ཀློང་སྡེ་མན་ངག་སྡེ། སྡེ་གསུམ་ཀློང་དགུའི་སྲུང་མ༴ བཀའ་དགོངས་ཕུར་པའི་སྲུང་མ༴ མདོ་རྒྱུད་ཞི་ཁྲོ་བཀའ་previous hit གཏེར་གྱི། །བཀའ་སྲུང next hitprevious hit གཏེརསྲུང next hit་ཆོས་སྲུང་༴ ཆོས་སྐྱོང་རྒྱལ་པོ་སྐུ་ལྔ་དང་། གནོད་སྦྱིན་ཙིའུ་དམར་པོ་སོགས། །སྡེ་བརྒྱད་དྲེགས་པའི་ལྷ་ཚོགས༴ ཕྱག་ཆེན་ཆིག་ཐུབ་དཀར་པོ་དང་། །དབུ་མཐལ་རང་སྲུང་མ༴ དམ་ཆོས་སྡུག་བསྔལ་ཞི་བྱེད་དང་། གཅོད་ཡུལ་བརྒྱུད་པའི་སྲུང་མ༴ པཎ་ཆེན་ན་རོ་ཏ་པ་དང་། ནེ་གུ་མ་ཡི་སྲུང་མ༴ བྱ་སྤྱོད་རྣལ་འབྱོར་རྣལ་འབྱོར་ཆེ། །བླ་མེད་བཀའ་སྲུང་བསྟན་སྲུང་༴ འདུལ་བ་མདོ་སྡེ་མངོན་པ་ཡི། །བཀའ་སྲུང་ཆོས་སྐྱོང་ཐམས་ཅད༴ གཞན་ཡང་མཚན་ནས་མ་བརྗོད་པའི༴ སྲུང་མ་ཇི་སྙེད་མཆིས་པ་༴ ཕྱི་སྣོད་འཇིག་རྟེན་སྐྱོང་རྣམས༴ ནང་བཅུད་འགྲོ་བའི་སྲུང་མ༴ འཛམ་ལྷ་དཀར་སེར་དམར་ལྗང་ནག །ཕོ་མོ་མ་ནྃ་རིགས་གྱུར༴ རྣམ་སྲས་རྟ་བདག་བརྒྱད་དང་ནི། །རིན་པོ་ཆེ་དང་རྟ་ནོར་ལུག །བང་མཛོད་འབྲུ་སྣའི་བདག་པོ༴ མདོར་ན་སྲིད་དང་ཞི་བ་ཡི། །ཕན་བདེ་ལེགས་ཚོགས་སྤེལ་བའི་ལྷ། །ས་ལམ་བར་ཆད་སེལ་བའི་ལྷ། །མཐུན་སྒྲུབ་འགལ་རྐྱེན་བཟློག་པའི་ལྷ། །ལྷ་དང་སྲུང་མའི་ལྷ་ཚོགས་ལ། །བསང་ངོ་མཆོད་དོ་མངའ་གསོལ་ལོ། །དེ་ལྟར་བསང་ཞིང་མཆོད་པའི་མཐུས། །ཞི་བའི་ཕྲིན་ལས་འོད་བརྒྱའི་གཟིས། །འགལ་རྐྱེན་ཐུན་གསུམ་མཐར་བྱས་ནས། །དགའ་བདེའི་ཆུ་སྐྱེས་ཡོངས་བཞད་མཛོད། །རྒྱས་པའི་ཕྲིན་ལས་བསིལ་རྒྱུན་གྱི། །སྡེ་བཞིའི་ཆུ་གཏེར་རབ་རྒྱས་ནས། ལུགས་ཟུང་ཕུན་ཚོགས་རླབས་ཕྲེང་ཆེ། །ནམ་ཡང་རྒྱུན་ཆད་མེད་པར་མཛོད། །དབང་གི་ཕྲིན་ལས་པུཥྤའི་དྲིར། །རྐང་དྲུག་སྲེད་ཅིང་འདུ་བ་བཞིན། །སྲིད་ཞིའི་དཔལ་ཡོན་ལེགས་ཚོགས་ཀུན། །རང་དབང་མེད་བཞིན་འགུག་པར་མཛོད། །དྲག་པོའི་ཕྲིན་ལས་བསྐལ་པའི་མེས། །འཇིག་རྟེན་ལྷག་མེད་བསྲེགས་པ་བཞིན། །བསྟན་འགྲོར་འགལ་སྦྱོར་ཀུན་གཞོམ་ནས། །བདེ་སྐྱིད་ཕུན་རྫོགས་ལྡན་རྟགས་བསྟན་མཛོད། །མི་གཙང་བྱིང་འཐིབ་ན་བུན་གཞི། །རྟེན་འབྲེལ་གསག་སྔགས་འཐེར་ལུང་གིས། །ཡེངས་བསྒྲད་རྣམ་གསུམ་ཤེས་རབ་ཀྱི། །འོད་སྟོང་དཀྱིལ་འཁོར་དབར་བར་མཛོད། །བདག་དང་བདག་གི་བསྲུང་བྱ་རྣམས། །གནས་སྐབས་ལུགས་ཟུང་སྟོབས་རྒྱས་ཤིང་། །མཐར་ཐུག་འགྲོ་བའི་སྐྱབས་མགོན་མཆོག །རྐང་གཉིས་གཙོ་བོའི་སྐུ་ཐོབ་མཛོད། །གཞན་ཡང་བརྟན་པ་སྣོད་ཀྱི་ཁམས། །དཔལ་ཡོན་ལེགས་ཚོགས་ཀུན་འཛོམས་ཤིང་། །གཡོ་བ་བཅུད་ཀྱི་འགྲོ་བ་རྣམས། །བདེ་སྐྱིད་དམ་ཆོས་ཕུན་ཚོགས་མཛོད། །ཁྱད་པར་རྒྱལ་བསྟན་གངས་རིའི་རྩེ། །སྲུང་མཛད་མཁྱེན་བརྩེའི་གདོང་ལྔའི་སྒྲས། །བྷོ་ཊའི་རྒོལ་ངན་ཝ་སྤྲོལ་ཁྱུ། །དབང་སྡུད་ཟིལ་གྱིས་གནོན་པར་མཛོད། །བཀྲ་ཤིས་སྲིད་གསུམ་གནས་རིགས་ཀུན། །བཀྲ་ཤིས་དགེ་བཅུའི་ཆོས་སྤྱོད་བཞིན། །བཀྲ་ཤིས་མངོན་མཐོ་ངེས་ལེགས་ཀྱི། །བཀྲ་ཤིས་དཔལ་ཡོན་ཕུན་ཚོགས་མཛོད། །རྗེས་ཆོག་བསང་གཞུང་དཀྱུས་བཞིན་བྱ། དེ་ལྟར་བསྟན་བསྲུང་ཡོངས་རྫོགས་ཀྱི། །བསང་མཆོད་དབྱར་གྱི་རྔ་གསང་འདིས། །ལྷ་ཚོགས་གཙུག་ན་མདངས་ལྔའི་དཔུང་། །དགའ་བའི་ཟློས་གར་རྟག་བསྒྱུར་ཤོག །ཅེས་པ་འདི་ནི་རང་གི་གཅུང་པོ་པདྨ་དམ་ཆོས་དང་ཉེ་གནས་ཨ་བྷྱེ་གལ་པ་བྷ་དྲས་བསྐུལ་ངོར་གསང་བ་སྔགས་ལ་མོས་པ་ལམ་དུ་བྱེད་པའི་རྣལ་འབྱོར་པ་བྱང་ཆུབ་རྡོ་རྗེས་སྤེལ་བའི་དགེ་བས་རྒྱལ་བསྟན་སྤྱི་དང་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའ་ིརྒྱུར་གྱུར་ཅིག་གུ། །དགེའོ། །དགེའོ། །དགེའོ། །ལྷ་མོ་རིག་བྱེད་མའི་རྒྱུན་ཁེར་དབང་གི་ལྕགས་ཀྱུ་ཞེས་བྱ་བ་བཞུགསཿ ན་མོ་མཆོག་བརྒྱས་ཀྱི་འདུས་པའི་དངོས་བོ་ཉིད། །རྗེ་བཙུན་ལྷ་མོ་རིག་བྱེད་མ། །སྐྱབས་སུ་མཆིའོ་ཐུགས་རྗེས་སྐྱོབསཿ འགྲོ་རྣམས་བྱང་ཆུབ་པར་འགོད་ཕྱིརཿ འཕགས་མ་ཁྱོད་བསྒྲུབ་སེམས་མཆོག་བསྐྱེད། །སྟོང་པའི་ངང་ལས་སྐད་ཅིག་གིས༴ རང་ཉིད་འཕགས་མ་རིགས་བྱེད་མ༴ དབང་མདོག་ཁྲོ་འཛུམ་ཆགས་པའི་ཉམས༴ སྐུ་གསུམ་སྤྱན་ལྡན་མཆེ་བཞི་གཙིགས༴ ཕྱག་བཞིའི་དང་པོ་མདའ་གཞུ་འགེང་༴ ཐ་གཉིས་ལྕགས་ཀྱུ་ཞགས་པ་སྣམསཿ དམར་སེར་རལ་པ་ཐོད་སྐམ་བཅིངསཿ ཞབས་གཉིས་སད་ཉི་འབྱུང་པོ་བརྫིསཿ སྟག་ཤི་རུས་རྒྱན་ཁྲོ་མོ་ཆསཿ མེ་འོད་འཁུགས་པའི་ཀོང་ན་བཟུགས༴ གནས་གསུམ་ཨོཾ་ཨཱཿཧུཾ་གིས་མཚནཿ དེ་ལས་འདོ་འཕྱོ་ཆོས་དབྱིངས་ནསཿ བསྐྱེད་པ་དང་འདྲའི་ཡེ་ཤེས་པཿ གཡན་དྲངས་བརྟན་བཞུགས་ཕྱག་འཚལ་ལོཿ ང་ཕྱི་གནང་གསང་མཆོད་བསམ་ཡས་འབུལཿ གསང་གསུམ་དཔལ་ཡོན་ལྡན་ལ་བསྟོདཿ ཐུགས་དཀར་པད་ཉིའི་གདན་ལ་ཧྲཱི༔ མེ་འོད་ལྟ་བུར་སྔགས་ཕྲེང་གིསཿ གཡོན་དུ་བསྐོར་ལ་གློགས་ཞགས་ལྟའིཿ འོད་ཟེར་ཡར་དམར་འཕྲོས་པ་ཡིསཿ འཕང་མཆོད་འགྲོ་བའི་ལས་ཉོན་སྦྱངསཿ འཁོར་འདས་དཔལ་ཡོན་ཧྲཱིཿལ་བསྟིམསཿ ཡོངས་ལ་དབང་བསྒྱུར་རྒྱལ་མོར་བསམ། །ཨཱོཾ་ཀུ་རུ་ཀུལླེ་ཧྲཱི་སྭཱ་ཧཱཿ ཅི་ནུས་བལས་རྗེས་མཆོད་བསྟོད་ནསཿ བསྟན་གཡོ་འོད་ཞུ་རང་ལ་ཐིམ། །དེ་ཉིད་ཐུགས་སྲོག་དེ་ཉིད་ཀྱང་། །མི་དམིགས་སྟོང་པའི་ངང་དུ་བཞག །སླར་ཡང་སྤྱོད་ལམ་ཐམས་ཅད་དུ། །གཙོ་མོའི་ང་རྒྱ་འབྲལ་མེད་བྱཿ འདི་ནི་ཀུན་བཟང་པུན་ཚོགས་ཀྱིས། །བསྐུལ་ལྟར་རྡོ་བླ་རྣལ་འབྱོར་པས། །ཐལ་ལོ་བྱུང་ཐོགས་མེད་བྲིས་པས་དགེ། །མ་ལྟར་ཞུ་ཀློང་ཆེན་སྙིང་གི་ཐིག་ལེ་ལས། །བཀའ་གཏོར་སྲུང་མའི་རྦད་སྐུལ་གནམ་ལྕགས་ཐོག་མདའ་བཞུགས་སོ། །ཐོག་མར་སྔགས་སྲུང་མའི་རྦད་བསྐུལ་ནི། ཧཱུྃ་བྷྱོཿ གསོན་ཅིག་དགོངས་ཤིང་སྔགས་སྲུང་རལ་གཅིག་མ། །བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ། །མཛོད་ཅིག་མཛོད་ཅིག་ཏྲོག་པའི་ཕྲིན་ལས་མཛོད། །མ་ཁྱོད་སྙིང་ནས་བསྒྲུབ་པའི་རྣལ་འབྱོར་ལ། །གློ་བུར་དགྲ་ཡིས་ཐོག་རྒྱུག་བྱས་པ་འདི་ཡེ་ཤེས་སྤྱན་གྱི་མི་གཟིགས་སྲིད་དམ་ཅི། །མ་གཡོལ་མ་གཡོལ་ད་ལྟ་ཉིད་དུ་རྒྱུག །སྤྱན་ཅིག་དུས་གསུམ་ཐོག་མོད་གཟིགས་ཞེ་ན། །དམ་ཉམས་དགྲ་བོས་བརྙས་པ་མ་གཟིགས་སམ། །སྡང་མིག་སྤྱན་གྱིས་ལྟོས་ལ་ཉམས་པའི་དགྲ། །གྲུ་གསུམ་རྣོད་བལ་མཆེ་བས་དུམ་བུར་གཏུབས། །ཕྱག་གཡས་དགྲ་སྙིང་ཕྱུང་ལ་ཞལ་དུ་གསོལ། །ཕྱག་གཡོན་ལྕགས་སྤྱང་མགོ་དགུས་དགྲ་སྡེ་ཟོ། །གནམ་ལྕགས་རལ་གཅིག་མཁའ་ལ་བསྒྲོགས་བཞིན་དུ། །བདུད་བཙན་གནདོ་སྦྱིན་སྨན་བདུད་འདྲོ་མོའི་དམག །དཔུང་ཚོགས་མི་བཟད་བསྐལ་བའི་མེ་མཆོད་བཞིན། །སྐད་ཅིག་ད་ལྟ་རྒྱུག་ལ་དགྲ་སྡེ་གཞོམ། །ལང་ཀའི་ཡུལ་གྱི་སྲིན་པོ་སྲིན་མོ་ཡང་། །ཡང་ཡང་བསྣེན་ཅིག་མཆོད་ན་ཕ་མ་བཞིན། །བརྩེ་ཞིང་བྱམས་པས་སྐྱོང་བ་ཡིན་ཞེ་ན། མ་ཁྱོད་རྒྱུན་དུ་མཆོད་པ་དོན་མེད་དམ། །རྒུག་ཅིག་རྒྱུག་ཅིག་ལྒོག་ཞགས་འཁུག་བཞིན་རྒྱུག། །སོད་ཅིག་སོད་ཅིག་དགྲ་བོ་གནོད་བྱེད་སོད། །ཅས་མིན་བསྐུལ་ན་བདག་གིས་ནོངས་ལགས་ཀྱང་། །དུས་ལ་བབས་སོ་མ་ཁྱོད་སྙིང་ནས་བསྐུལ། །དམིགས་པའི་དགྲ་བོ་གང་ན་སུ་འདུག་ཀྱང་། །བྱ་སྒྲོ་མེ་བསྲེགས་ཇི་བཞིན་རྡུལ་དུ་རློགས། །བསོ་ཀྱང་མི་འབྱོན་བསྐུལ་པར་མི་འགྲོ་ན་སྔ་འགྱུར་བསྟན་པའི་བྱ་ར་སུ་ཡིས་བྱེད། །རྣལ་འབྱོར་བདག་གིས་མགོན་སྐྱབས་སུ་ལ་བཅོལ། །ཁྱད་ཆོས་ཀྱི་མ༴ བཅའ་ཡལ་བར་དོར་མིན་ནམ། །ཀྱེ་མ་ཀྱེ་ཧུད་ཁོད་ཀྱི་བདག་འདོ་ཟེར་རམ། །གསང་སྔགས་བསྟ་པ་སྲུང་བའི་དུས་ལ་བབས། །བསྟན་དགྲ་ལས་ངན་སྒྲོལ་བའི་དུས་ལ་བབས། །རྣལ་འབྱོར་དགོས་སྒྲ་སྒྲོལ་བའི་དུས་ལ་བབས། །སྐད་ཅིག་ཐང་ཅིག་ཡུད་ཙམ་མི་འགྱངས་བར། །དམ་ཉམས་དགྲ་བོ་བལག་པའི་ཕྲིས་མཛོད། །ཚེ་རིང་མའི་རྦད་བསྐུལ་ནི། །ཧཱུྃ་བྷྱོཿ ༈༈༈༈༈༈༈ཐོད་ཕྲེང་བཀའ། །བར་དུ་བཞད་པ་རྡོ་རྗེའི་ལུང་། །ཐ་མ་འཇིགས་མེད་གླང་པས་གཏམ། །ཉོན་ཅིག་ཚེ་རིང་མཆོད་འདྲ་པོ། །ཁྱོད་ཀྱི་དམ་བཅའ་གང་ཞེ་ན། །མ་འོང་ལྔ་བརྒྱའི་ཐ་མ་ལ། །གཟའ་བསྐུལ་བྱ་གསང་སྔགས་འཆད་རྩོད་སྤོལ་གསུམ་གྱིས། །བསྟན་འཛིན་བུ་བཞིན་སྐྱོང་བ་དང་། །གནོད་བྱེད་དགྲ་བགེགས་གཞོམ་པར་བཅས། །བསྒྲུབ་མཆོག་བུ་བཞིན་སྐྱོང་ཞེས་ཆད། །དམ་བཅས་དུས་ལ་དོད་བབ་ཀྱིས། །བསྐུལ་ལོ་དྲག་ཐོའི་ཐམས་ཅད་བསྐུལ། །རྣལ་འབྱོར་བདག་ལ་དགྲ་བྱུང་ན། །སྲུང་མ་ཁྱོད་ཀྱི་མ་དགོངས་སམ། །རྒྱུག་ཅིག་དམིགས་པའིདགྲ་ལ་རྒྱུག །དམ་ཉམས་དགྲ་བོ་ལས་ངན་པ། །མགོ་བསྐོར་ལམ་བསྒྱུར་དགྲ་ལར་སྤྲོད། །ཚེ་བསྟུང་སྲོག་མཆོད་དཔལ་གཡང་འཕྲོག། །ཇོ་མོ་བཀྲ་ཤིས་ཚེ་རིང་མ། །དྲག་ཤུལ་ཁོས་འཁྲུགས་རྔམས་པའི་གཟུགས། །འཁོར་དུ་ལྷ་མོ་རྣམས་བཞི་དང་། །བདོ་སྐྱོང་གཞི་བདག་ཐམས་ཅད་ཀུན། །དགྲ་གནོད་བྱེད་སྟེང་དུ་རྒུག །བསྐུལ་བ་ཡིན་ནོ་མྱུར་དུ་རྒུག །རྦད་པ༴ ཡིན་ནོ་དགྲ་བོ་སོད། །བཅོལ་བ་ཡིན་ནོ་ལས་ཀུན་སྒྲུབས། །དགྲ་ལ་མཐུ་རྟགས་མངོན་སུམ་སྟོན། །གལ་ཏེ་དེ་ལྟར་མི་བྱེད་ན། །དགྲས། །མཆོག་གསུམ་ཕ་མ་བྱས་འགོར་རྣམས་མནར། །རྒྱ་ཁྲིམས་བཤིག་ཅིང་མཐུ་ན་གསུམ་ཕྱེ། །བཟང་དགུ་བསྣུབ་ཅིང་ངན་དགུ་སྤྲེལ། །མ་དཀར་བསྲུབས་ནས་ལོག་སྦྱོར་བསླབ། །དེ་སོགས་ལི་དགེ་ཡོངས་བསྒྲུབ་གཟུགས། །ལྷ་མཆོག་ཁྱོད་ཀྱིས་མ་ཁེན་ནམ། །འོན་ཏེ་སྙོམས་ལས་དབང་གྱུར་ཏམ། །ཡང་ན་ནུས་མཐུ་རྡུལ་ལམ་ཅི། །བསྐུལ་ལོ་རྦད་དོ་ད་ལྟ་རྒྱུག །མཁའ་ལྡིང་གཟན་ལ་རྒྱུག་པ་ལྟར། །དམ་རྫས་དགྲ་བོ་མྱུར་དུ་སྒྲོལ། །འཕར་སྤང་ར་ལུག་འཕད་དང་བཞིན། །དམ་ཉམས་དགྲ་བོ༴ རྒྱ་སྟག་བ་ལང་གདོག་ཐུག་བཞིན། །དམ་ཉམས་དགྲ་བོ་སེང་གེ་ཝ་སྐྱེས་འཕྲད་བ་བཟིན། །དམ་ཉམས་དགྲོ་བོ༴ ད་ལྟ་ཁྱོད་རྦད་དོན་གཡོལ་ན། །གྲོང་རྒྱུག་ཐོལ་རང་ལས་ཀྱང་ལོད། །དེ་བས་རྒྱུག་ཤིག་དགྲ་ལ་རྒྱུག །མཛོད་ཅིག་བསྒྲལ་བའི་ཕྲིན་ལས་མཛོད། །རྒྱལ་ཀུན་སྤྱན་སངས་ཁས་བླངས་བའི། །དམ་ཚིག་དྲན་མཛོད་དགྲ་སྡོའི་དཔུང་། །མྱུར་དུ་ལྷག་མེད་བརླག་པར་མཛོད། །ཅེས་དང་། དམ་ཅན་རྣད་བསྐུལ་ནི། །ཧཱུྃ། འཁོར་འདས་གཉིས་མེད་སྔོན་རོལ་ན། །རྟོགས་ཏེ་སངས་རྒྱས་རི་བོང་དགས། །མ་རྟོགས་སེམས་ཅན་མོ་གཤམ་བུ། །ཀུན་གསལ་ལྷ་མམ་ཇི་བཞིན་དུ། །རླུང་རིགས་འགགས་མེད་ཆོ་འཕྲུལ་ལས། །སྲིད་ཞིའི་སྒྱུ་འཕྲུལ་འགྲོ་བློ་བཞིན། །དཔག་ཡས་བྱུང་གནས་འགྲོ་གསུམ་ཚུལ་མངོན་ལས་དང་པོའི་སངས་རྒྱས་དང་། །གཉིས་དམ་གསང་བའི་བདག་པོར་ཤར། །དེ་ཉིད་རྒྱ་བསྟན་བསྲུང་བའི་ཕྱི། །དམ་ཅན་སྡེ་ལེགས་པ་སྤྲུལ། །དེ་ཡང་གང་ལ་གང་ལ་གང་འདུལ་ཚུལ། །རྣམ་བཞིའི་ཕྲིན་ལས་རྣམ་འགྱུར་ཛག་། །ཡ་མ་ཟུགས་གི་ཆོ་འཕྲུལ་ངོམ། །ཁྱོད་ཀྱི་ཐུགས་དམ་གཉོན་མོ་དེ། །ད་ལྟ་བསྐུལ་ལོ་མྱུར་དུ་རྒྱུག །རྦད་དོ་དམ་ཉམས་དགྲ་བོ་ཁུག་སོད་ཅིག་དམ་བཅས་དགྲོ་སོད། །སྐྱེས་མཆོག་རྡོ་རྗེ་ལེགས་པ་རྒྱུགས། །མཆེད་འཁོར་སུམ་བརྒྱ་དྲུག་ཅུ༴ ཡང་འཁོར་ལྷ་སྲིན་སྡེ་བརྒྱད༴ བོད་སྐོང་བརྒྱན་མ་སྨན་བཅས༴ དགྲ་ལྷའི་རྒ་པོ་ལྷ་ལྒ་རྒུག །དགྲ་བོ་གཉིད་དམ་བྱ་བར་གཡོངས། །སྐབས་དེར་བླ་དང་བྲ་དུས་ཡིན། །དེ་ཚེ་མྱུར་དུ་ཁུག་ལ་སྒྲོལ། །སྐྱབས་སོ་པའི་ལྷ་སྲུང་མ་མཆིས་ཏེ། །ཉམས་པ་བདུན་ལ་གཏོགས་ངེས་ཕྱིར། །བདུད་དང་སྤྲོད་ལ་ཚེ་སྲོག་སྟུགས། །མཐུན་གསུམ་དང་ཕྱེས་འགལ་ཟླ་སྤྲོད། །ཁོད་ལ་མཐུ་རྩ་ཅི་དུག་བལྟ། །བཅོལ་བའི་ལས་འདི་མྱུར་འགྲུབ་མཛོད། །དུར་ཁྲོད་ལྷ་མོའི་བསྐུལ་བ་ནི་མ་བྷྱོ། དབྱིངས་བཞུགས་རྒྱ་བ་ཐམས་ཅད་ཀྱི། །ཁམས་སུ་འཁོར་བའི་སེམས་ཅན་ལ། །ངོ་བོ་བདེ་གཤེགས་སྙིང་པོ་ལས། །བཟང་ངན་གཉིས་སུ་གྲུབ་པ་མེད། །འོན་ཀྱང་རྟོགས་དང་མ་རྟོགས་ལས། །ལྷ་འདྲེ་གཉིས་སོགས་གཟུང་འཛིན་བྱུང་། །དེ་ཡང་ཀུན་བྱེད་རྒ་པོའི་སྤྲུལ། །དེ་ཡི་རྩ་ལས་གདུལ་བྱའི་ཡུལ། །འདུལ་བྱེད་ལྷར་མཐོང་ལྷོར་མ་སྟོན། །དེ་བཞིན་ཀླུ་མོ་འདྲེ་མོའི་ཚུལ། །མཛོས་མིན་སྡུག་དང་མི་སྡུག་སྟོན། །དུར་ཁྲོད་ཀུན་ཉུལ་རྣལ་འབྱོར་བསྲུང་། དེ་ཕྱི་ཀོད་ཀྱི་ཐུགས་དམ་བསྐུལ། །དམས་བཅས་སྡང་བའི་དགྲ་བོ་དཔེ། བདག་དང་བསྲུང་མ་ཁྱོད་ཉིད་ལ། དོ་བསྡོམས་ཕད་ལ་བཙུག་སྨ་དབས་པ། ཁྱོད་ཀྱིས་གཟིགས་སམ་ངན་ནོ་མ། །མྱུར་དུ་རྒྱུག་ལ་རིགས་མིན་པར། །དགྲ་བོ་ཐལ་བའི་རྡུལ་དུ་ལོག །དགྲ་བོའི་ལྷ་གནས་ཐོབ་པར་གྱིས། །ཁྱོད་ལ་མཐུ་དང་སྩལ་ཡོད་ན། །ལྟས་ངན་ཆོ་འཕྲུལ་སྣ་ཚོགས་ཀྱིས། །དགྲ་བོའི་སྤ་བཀོད་སྡོང་ཟླར་ཕྲོལ། །བྱི་ཕྲུག་ཚངས་ནས་སྤར་བ་བཞིན། །མགོན་སྐྱབས་དཔུག་གཉེན་གྲོགས་དང་ཕྲོལ། །རྒྱུག་ཤིག་རྒྱུག་ཤིག་འདྲེ་མོ་ཁྱོད། །ད་ལྟ་རྒྱུ་ལ་དགྲ་ཡི། །བསྒྲོན་ལ་དང་བཅས་ཕུད་བར་གྱིས། །བཅོལ་བའི་ཕྲིན་ལས་མྱུར་འགྲུབ་མཛོད། ༈ སྡེ་བརྒྱད་དྲག་བསྐུལ་གླང་སྨྱོན་སྣ་རྩེར་བཀོད་པའི་མཚོན་འཁོར་བཞུ། ཧཱུྃ་ཧཱུྃ་ཧཱུྃ། ང་ནི་དཔལ་མགོན་ཏྲོག་ཐོད་ཕྲེང་རྩལ། །ཆེ་བཙན་ཏྲོག་པ་ཡོངས་ཀྱི་སྲོག་སྙིང་བདག །གཡོ་མེད་དེ་བཞིན་ཉིད་ཀྱི་ཏིག་འཛིན་ལས། །ཀུན་སྣང་སྙིང་རྗེ་ཆེན་པོའི་འོད་སྟོང་འབར། །རབས་བྱམས་ཕྲིན་ལས་འཇུག་པ་དཔག་མེད་ཀྱིས། །མཐའ་གཡས་འགྲོ་ལ་གང་འདུལ་ཆོས་སྟོན་ཕྱི། །རྣམ་དཀར་ལས་སྤངས་བརྣག་ཅིག་རྩུབ་པའི་དགྲ། །འཕྲལ་ཕུག་མི་དགེ་སྤེལ་བའི་གདུག་པ་ཅན། །ཆོས་སྲིད་ཁྲིམས་ཀྱི་ཡལ་གམ་བསྣུབས་པ་སྤྱི། །ཁྱད་པར་གཟུགས་དད་མིང་རུས་འབོན་དུ་བཅས། །བསྒྲ་བར་འོས་པའི་དམིགས་ཡུལ་དའི་ཉདི་ལ། །སྡེ་བརྒྱད་དྲེགས་པ་ཡོངས་ཀྱི་བཀའ་ཆད་ཕོབ། །བསྐུལ་ལོ་བསྐུལ་ལོ་དྲེགས་པ་སྡེ་བརྒྱད་བསྐུལ། །ཁྱེད་ཅག་དོན་ལ་མྱ་ངན་འདས་མེད་ཀྱང་། །གདུལ་དཀའ་འདུལ་ཕྱི་དྲེགས་པའི་ཚུལ་བཟུང་བཞིན་ང་དསུ་ལ་བབས་པོ་དགྲ་སྲོག་མྱུར་དུ་ཚོད། །བསིལ་ལོ་ཕྱི་ཡི་ལྷ་སྲིན་སྡེ་བརྒྱད་བསྐུལ། །དགྲ་བོའི་ཕྱི་ཡུལ་བདག་པོ་དགུ་སྟོབས་འབྱོར་ཆོམ། །བསྐུལ་ལོ་གསང་བའི་ལྟ་སྲིན་སྡེ་བརྒྱ་བསྐུལ། །དགྲ་བོའི་སྐྱབས་སོ་བྱེད་ལྷ་ཕྲོལ་བདུད་དང་སྤྲོད། །བསྐུལ་ལོ་མཆོག་གི་ལྷ་སྲིན་སྡེ་བརྒྱད་བསྐུལ། །དགྲ་བོའི་ལས་སུ་སེམས་གཉིས་ཕོལ་བདེ་སྐྱི་གཏེར། །བསྐུལ་ངོ་སྤྲུལ་བའི་བསྐུལ་ལོ་ནང་གི་ལྷ་སྲིན་སྡེ་བརྒྱད་བསྐུལ། །དགྲ་བོའི་བུ་དང་ཆུག་མ་ལུས་རྟེན་གཞོམ། །ལྷ་སྲིན་སྡེ་བརྒྱད་བསྐུལ། །དགྲ་བོའི་མི་ནོར་འཁོར་བཅུས་མིང་མེད་མཛོད། །བསྐུལ་ལོ་སྣང་སྲིད་སྲིད་པའི་སྡེ་བརྒྱད་བསྐུལ། །དགྲ་བོའི་མི་ནོར་འཁོར་བཅས་རྡུལ་དུ་རློག །ཤ་ཁག་དམར་གྱ་ིགཏོར་མ་འདི་བཞེས་ལ། །དམ་རྫས་གནོད་བྱེད་དགྲ་བོ་གདུག་པ་ཅན། །ལོ་ཟླ་ཞག་དུ་མི་འགྱང་བསྒྲལ་ནས་ནི། །སངས་རྒྱས་བསྟན་པ་དར་བའི་ཕྲིན་ལས་མཛོད། །སྡེ་བརྒྱད་རྟག་བསྐུལ་གླང་སྨྱོན་སྣ་རྩོད་བཀོད་པའི་མཚོན་འཁོར་ཞེས་བྱ་བའི་རིགས་སྔགས་འཆང་བ་ལག༵་ན༵་རྣམ་ཞེས་པོ་ང་དགེའོ། །སརྦ་མངྒ་ལཾ། སྟང་སྟོག་གི་རྦད་བསྐུལ་ནི། །ཧཱུྃ་ཛཿ གསོན་ཅིག་གཟའ་བདུད་ར་དྷུ་ལ། །མགོ་དགུ་བརྩེགས་པའི་ང་རྒྱ་ཅན། །སྤྱན་སྟོག་ལྡན་པའི་མིག་རྣོན་པོ། ཀུལ་མཇུག་འཁྱིལ་བའི་ཞེ་སྡང་ཅན། །ཕྱག་མཚན་རྣོ་བའི་གདུག་རྩུབ་ཅན་མཐུ་སྟོབས་རྣོ་མྱུར་ཐོག་འདྲད་ཞེས། །བདག་གིས་ཁྱོད་བརྟེན་དོན་རེ་ཆུང་། །གློ་བུར་དགྲ་བོས་བདག་བཅོམ་ཚེང་། །ཁྱོད་ཀྱི་མ་མཐོང་ཅི་ཡིས་སྒྲིབ། །སྤྱན་སྟེང་དན་པས་དགོས་ཆེད་གང། །དྲག་ཏུ་བསྐུལ་ལོ་རཱ་ཧཱུ་ལ། །དམིགས་པའི་དམ་ཉམས་དགྲ་བོ་རྣམས། །རྩྭ་ཕུང་མོ་དང་འཕྲད་པ་བཞིན། །སྐད་ཅིག་ཙམ་གྱི་བརླག་པར་མཛོད། །མེ་སྟག་ཆུ་ཡིས་གཞིལ་བ་བཞིན། །མྱུར་བ་ཉིད་དུ་གཞོམ་པར་མཛོད། །དུས་ལ་བབ་ནས་བསྐུལ་གྱུར་ཡང་། །མྱུར་བ་ཉིད་དུ་མི་རྒྱུག་ན། །སངས་རྒྱས་རིན་ཆེན་སྙིང་པོ་དགས། །གསང་བདག་རྡོ་རྗེ་འཛིན་པ་དང་། །རྒྱལ་དབང་པདྨ་ཐོད་འཕྲོང་སོགས། །རིག་འཛིན་རྣམས་ཀྱི་དམ་ལས་འགལ། །བདག་ཀྱང་ཡི་ཆད་གཞན་གྱི་བརྙེས་ཀྱེ་མ་ཀྱེ་ཧུད་རཱ་ཧཱུ་ལ། །གསང་སྔགས་བསྟན་པ་མི་བསྲུང་ངམ། །རྣལ་འབྱོར་མགོན་སྐྱབས་མི་མཛད་དམ། །བཅོལ་ལོ་གཏད་དོ་དམིགས་པའི་དགྲ། །ཁུག་ཅིག་སྒྲོལ་ཅིག་ཡུད་ཙམ་འདིར། །བསད་རྟགས་མཚན་མ་མངོན་སུམ་སྟོན། །སྔ་འགྱུར་བསྟན་པའི་རྒྱལ་རྔ་ཆེ། །ཕྱོགས་བརྒྱར་ཐོས་པའ་ིདཔའ་སྐད་ཀྱིས། །འཇིག་རྟེན་ཆོས་སྐྱོངས་སྤྱི་བསྐུལ་དགྲ་སྡེ་དཔུང་འཇོམས་བཞུགས། །ཧེ་མི་མངོན་དབྱིངས་ན་བཟུགས་པའི་རྩ་གསུམ་ལྷ། །བཞེངས༴ ཤིག་མགོན་སྤྱོད་དྲག་པོའི་ལས་ལ་བཞེངས། །རྟག་ཏུ་ཁྱོད་རྣམས་སྐྱབས་སུ་བརྟེན་པ་ཡི། །རྣལ་འབྱོར་བདག་ལ་གློ་བུར་དགྲ་བྱུང་བ། །ཆགས་ཐོགས་མེད་པའི་སྤྱན་དགྱིས་མ་མཁྱེན་ནམ། །དུས་སུམ་མཐོང་བའི་སྤྱན་གྱིས་མ་གཟིགས་སམ་བདག་གིས་གསོལ་བཏབ་རེ་འབྲས་ཆུད་གསོན་ནམ། །ཡང་ཡང་མཆོད་ཅིང་བརྟེན་ན་སྲིན་པོ་ཡང་། །ཕ་བས་བྱམས་ཤིང་བུ་བས་གདུང་ཞེས་གྲགས། །ཐམས་ཅད་རྒྱུད་བསྐུལ་མངོན་སྤྱོད་ཕྲིན་ལས་མཛོད། །བསམ་སྣོད་གང་ཡང་མ་ཉེས་རྣལ་འབྱོར་སྡེ་དམའ་བའི་ས་བཟུང་དྲང་པོའི་སེམས་བཟུང་ནས། །ཡར་མཆོད་མར་སྦྱིན་ལེགས་བསྡུ་དངོས་བཞིའི། །འགྲོ་རྣམས་ཐར་ལམ་འཛུད་པའི་ཐབས་བརྩོན་ཡང་། །མིདགེའི་མཐུས་བསྐྲུན་སྡིག་པའི་ལས་བསགས་པའི། །གཞན་གྱི་བདེ་སྐྱིད་འཕྲོག་པའི་དམ་ཉམས་འདི། །བྱང་ཆུབ་སེམས་གཉིས་སྒོམ་པའི་དགྲ་རུ་ལངས། །སྡོང་ཟླ་རྒྱབ་བརྟེན་དཔུང་གཉེན་དང་བཅས་པའི་གནོད་ཅིང་འཚོ་བའི་བསམ་སྦྱོར་བྱས་ཡུར་ན། །ལྷག་མེད་མྱུར་དུ་ཐལ་བའི་རྡུལ་ཕྲན་བཞིན། །བརླག་པར་མཛོད་ཅིག་མངོན་སྤྱོད་རང་གཟུང་སྟོན། །ཀྱེ་མ་དུས་ལ་མ་བབ་བསྐུལ་ན་བདག་གནོད་མཛོད། །དུས་ལ་བབ་ཚོད་བསྐུལ་པར་མི་རྒྱུག་ན། །གསོལ་ཞིང་མཆོད་པ་འབུལ་བ་དོན་རེ་ཆུ། །ཀྱེ་ཧུད་ལྟུར་དུ་རྒུག་དང་བསྲུང་མའི་ཚོགས། །ཡང་ཡང་གསོལ་ཞིག་མཆོད་ན་སྲིན་པོ་ཡང་། །མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ཞེས་གྲགས། །མ་མོ་ཨེ་ཀ་ཛ་ཊི་ལེགས་པ། །མ་མོ་སྔགས་སྲུང་ཚོགས་རྣམས་དགྲ་ལ་རྒྱུག །སྦྱོར་གང་མགོན་པོ་མ་ནང་ལོགས་པ། །དཔལ་ལྡན་མགོན་པོའི་དམགས་ཚོགས་དགྲ་ལ་རྡུག །སྒྲོལ་ཀི་རྡོ་རྗེ་ལོགས་པ་ལོགས་པ་། དམ་ཅན་ཐེའུ་རང་དམ་ཚོགས༴ གསང་བའི་སྒྲལ་ལོ་ཀིག་གཟའ་བདུད་དུག་ཡུར་སོགས། །གཟའ་བརྒྱད་གདོག་མོའི་དམ་ཚོགས༴ དཀར་པོ་སྲུངདུར་ཁྲོད་འདྲེ་མོ་ལོགས་པ། །ལྕམ་དྲལ་མ་བརྒྱ་ཚོགས་རྣམས༴༔ ཚེ་རིག་མཆོད་ལྔ་གཡུ་སྒྲོན་མཆོད་ལྔ་དང་། །བརྟན་མ་བཅུ་གཉིས་རོལ་ས་སྐྱ་བདུན་དང་། །སྡེ་དཔོན་སུམ་ཅུ་དཔལ་མགོན་བདུན་ཅུ་སོགས། །དྲིན་རྒྱ་མོའི་ཚོགས་རྣམས༔ སྔ་དགྲ་ལག་བརྡར་ཕྱི་དགྲ་ས་དི་གཤོས་ཞིང་། །ད་དགྲ་དངསོ་སུ་སྡང་བི་དགྲ་འདི། །མྱུར་དུ་བྱ་སྒྲོ་མེས་བསྲེག་བཞིན་དུ་ཐོངས། །ཡུན་རིང་མ་འགྱངས་སྒོ་ང་བྲག་བརྡབ་བཞིན། །མེ་སྟག་ཆུས་གཞིལ་ལྟུར་རྡུལ་དུ་རློག །མ་གཡོལ་མ་གཡོལ་བསྲུང་མའི་དམ་ཚོགས་རྣམས། །ཨ་ཡི་ཤ་ཞེས་འབོད་པའི་ཀུས་ཐོབ་ལ། །བསྲུང་བྱེད་ལྷ་རྣམས་བྱ་རོག་རྡོས་དཀྲ་དོགས་བཞིའི། །ཞག་དང་ཟ་མ་མ་ཡོལ་ནང་དུ་ནས། །མི་དགེའི་ལས་བསགས་དམ་ཉམས་དགྲ་བགེགས་རྣམས་ལྷག་མེད་མྱུར་དུ་བརླག་པའི་ཕྲིན་ལས་མཛོད། །ཅེས་ཆོས་སྐྱོངས་སྤྱི་བསྐུལ་དགྲ་དེའི་དབུང་འཇོམས་ཞེས་བྱ་བ་འདི་ནི་དྷ་རྨཱ་རྣ་རྒྱུ་ངོར་སྣོ་བླ་བྱང་ཆུབ་རྣོ་བོ་སོ། དགེའོ། །མ་ལྟར་གཅིག་ཞུས་སོ། །


previousབསང་མཆོད་ནམ་མཁའ་ཀུན་ཁྱབ་བདུད་རྩིའི་ཆར་རྒྱུན་ཕན་བདེའི་འབྱུང་གནས།next