Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

3 occurrences of འབེན་
[Clear Hits]


  
  
  
 
མཁན་ཆེན་ར་ག་ཨ་སྱས་མཛད་པའི་དྲག་པོའི་ལྕགས་འདུལ་ལས་འདུལ་དཀར་ལྦ་གྲུད་བཏང་བའི་དོན་བསྡུས་པ་ཐར་བའི་མམ་མཆོག
  
 
  
  
  
  
 expand section
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  


3 occurrences of འབེན་
[Clear Hits]

 
previousམཁན་ཆེན་ར་ག་ཨ་སྱས་མཛད་པའི་དྲག་པོའི་ལྕགས་འདུལ་ལས་འདུལ་དཀར་ལྦ་གྲུད་བཏང་བའི་དོན་བསྡུས་པ་ཐར་བའི་མམ་མཆོགnext

མཁན་ཆེན་ར་ག་ཨ་སྱས་མཛད་པའི་དྲག་པོའི་ལྕགས་འདུལ་ལས་འདུལ་དཀར་ལྦ་གྲུད་བཏང་བའི་དོན་བསྡུས་པ་ཐར་བའི་མམ་མཆོག

མཁན་ཆེན་ར་ག་ཨ་སྱས་མཛད་པའི་དྲག་པོའི་ལྕགས་འདུལ་ལས་འདུལ་དཀར་ལྦ་གྲུད་བཏང་བའི་དོན་བསྡུས་པ་ཐར་བའི་མམ་མཆོག་ཅེས་བྱ་བ། རིགས་བརྒྱའི་བླ་མའི་ཞབས་ལ་གུས་བཏྲུད་ནས། འདུལ་དཀར་རྒྱས་པའི་བསྡུས་དོན་འདི་རུ་བཀོད། །དེ་ལ་ཡང་འདུལ་དཀར་གྱི་ལས་ལ་འཇུག་པར་འདོད་པ་མདུན་དུ་གདན་དཀར་སྟེང་དུ་འབྲུ་ཚོམ་འདབ་དྲུག་གི་ཁར་ཚེ་རས་ཀྱི་བྱང་བུ་ཆས་ཀྱིས་བརྒྱན་པ་བཀོད། གོང་དུ་ལྷ་བཤོས་གཅིག །དཀར་གཏོར་གཅིག །ཅོག་རྡོག་གཅིག་རྣམས་སྣོད་གཅིག་བཤམ་དཀར་གསུམ་གྱི་བརྒྱན། ཡངསྣོད་གཅིག་རྒྱུ་རི་རབ་བང་རིམ་གསུམ་པའི་རྩེར། མར་ཡི་ཁུང་གཟུགས་ཀྱི་གཡས་གཡོན་དུ་མར་གྱི་རྟ་ལུག་སོགས་དཔེའུ་རིས་བཞིན་བཀོད། །སྣ་གཅིག་ཏུ་ཚེ་རས་ཀྱི་གླུད་གཟུགས་གཡས་གཡོན་དུ་ལུགས་དང་རའི་གཟུགས་མཐར་ཆང་ཐོབ་ཀྱུས་བསྐོར་བར་བཤམ། །གཞན་རིགས་དུརག་སོགས་ལ་བསྔོ་རུའི་ཅོག་རྡོག་ཆང་བུ་ཏིང་ལོ་རྣམས་སོ་སོར་བཅུ་ཚར་རེ་བསགས་བུམ་པ་མེ་ལོང་བཟའ་བཏུང་བཀུགས་གོས་རྒྱན་གདན་མར་མེ་འདོད་ཡོན་ཟས་སྣ་རྣམས་གཞུང་ཚིག་དང་མཐུན་པར་བཀོད་ལ། རང་ཉིད་རྣམ་པར་སྣང་མཛད་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། །ཚེ་སྡས་ཀྱི་རྣམ་པར་ཤེས་པ་རིགས་དྲུག་གི་གནས་གང་ན་ཡོད་པའི་ས་ནས་བཀྱུག་ཏེ་མདུན་གྱི་ཚན་བྱང་དང་དབྱེར་མེད་དུ་བསྟིམ། ལུས་ངག་ཡིད་གསུམ་གཅིག་འདུས་ཀྱི་བྱད་དབྱིབ་ཀྱི་རྣམ་པའི་བླ་དེ་བདག་ཏུ་བཟུང་བའི་གཤེད་མའི་ཚོགས་ཀྱང་མདུན་དུ་འཁོད་ནས་བདག་གི་བཀའ་ལ་ཉན་པར་བསམ། ཧཱུཾ་ང་ནི་རྣམ་པར་སྣང་མཛད་ཡིན། གསོན་ཅིག་ཚེ་སྡས་རིགས་ཀྱི་བུ། །སྐྱེ་མཐའ་འཆི་དང་འདུས་མཐའ་བྲལ། །གསོག་མཐའ་འཛད་ཅིང་བརྩིགས་མཐའ་གྱེལ། །རྟག་པར་གནས་པའི་ཆོས་མེད་པས། ཤེས་པར་གྱིས་ལ་བཀའ་འདི་ཉོན། །མཐོ་དམན་འཁོར་བའི་གནས་རྣམས་ཀུན། །མེ་འོབ་དུག་མཚོ་སྲིན་མོའི་གྲོང་། །ཆུ་སྲིན་མཆེ་བྲག་ཇི་བཞིན་ལ། །འདག་བར་མ་བྱེད་ཐར་ལམ་སྙོགས། །ཉན་རང་བྱང་སེམས་སངས་རྒྱས་ཀྱིས། །གོ་འཕང་བདེ་བའི་རིང་འཛིན་ལ། །དགའ་བ་བསྐྱེད་ལ་འཇུག་པར་གྱིས། །ཆོས་ཉིད་འགྱུར་བ་མེད་པ་དང་། །ཆོས་ཅན་བསླུ་མེད་བདེན་མཐུ་ཡིས། །ཀོད་ཉིད་འཁོར་བའི་སྡུག་བསྔལ་ལས། གྲོལ་བའི་ཐབས་ཆོག་བླ་མེད་ཀྱི། །ཆོ་ག་སྒྲུབ་ལ་དད་གུས་བསྐྱེད། །གཟུང་བརྣན་འདི་ལ་རྟེན་ཆོས་ལ། །མིང་བྱང་འདི་ལ་གནས་པར་གྱིས། །གདུགས་ཕུབ་རྒྱན་ཆ༔ འདི་དག་ལ། བག་ཕེབ་ཕྱིང་དཀར་གདན་ལ་བཞུགས། །ནྲྀཿཨ་ཀརྣ་ཡ་ཛཿ ཛཿཧཱུཾ་བམ་ཧོཿ ཏིཥྛ་ནྟུ། དེ་ནས་མཎྜལ་ལས་སྤྱི་མཆོད་པ་ཐམས་ཅད་བྲན་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུཾཊ། ཀྱིས་བགས། ཨོཾ་སྭ་བྷ་ཝ༴ སོགས་ཧཾ། རིན་ཆེན་སྣོད་ཆོག་རྒྱ་ཆེན་པོར། མཆོད་སྦྱིན་མགྲོན་ཀུན་མཉེས་པའི་རྫས། །དཔག་ཡས་ནམ་མཁའ་མཉམ་པར་ཤོག །ཨོཾ་་ཀཱཿ སོགས། ལན་གསུམ་གྱི་བསྔོས་ལ། ན་མོ་རྒྱ་བ་སྲས་བཅས་ཉན་རང་ཚོགས། མཆོད་ཡུལ་མགྲོན་ཀུན་ཐམས་ཅད་ལ། དངོས་འབྱོར་ཡིད་སྤྲུལ་མཆོད་འབུལ་བཞེས། ཐུགས་རྗེས་ཚེ་སྡས་བསྐྱབ་ཏུ་གསོལ། ལྷ་བཤོས་ཕུག་གཏོར་དྲུང་དུ་འབུལ། །ཕྱིང་ཆོས་སྐྱོང་སྲུང་མ་དང་། །དཔལ་མགོན་བདུན་ཙུ་རྩ་ལྔ་ལ། དཀར་གཏོར་རྒྱན་ལྡན་མཆོད་ཚོགས་འབུལ། །བདག་གི་སྐྱབས་དང་བསྟོངས་གྲོགས་མཛོད། དཀར་གཏོར་མཆོད་བཙུགས་འགོར་བ་རིགས་དྲུག་སེམས་ཅན་ལ། བཤོས་ཟླུམ་གང་འདོད་བསྒྱུར་ཏེ་འབུལ། སོ་སོའི་ལན་ཆགས་ཤ་མཁོན་བྱང་ཐར་བའི་ལམ་མཆོག་མྱུར་ཐོབ་ཤོག །ན་མཿསརྦ་ཏ་ཏཱཿ ཅོག་རྡོག་ཕྱི་དོར། དེ་ནས་ཅོག་རྡོག་ཏིང་ལོ་ཆང་བུ་རྣམས་བཅུ་ར་རེ་ཚན་གསུམ་པ་སྟོད་གཅིག་ཏུ་བཤམ་ནས་ཆབ་ཀྱིས་བྲལ་ལ་འདི་སྐད་དོ། །ཧཱུཾ་བསླུ་མེད་མཆོག་སུམ་བདེན་པའི་བཀའ། །འདི་ལ་མི་ཉན་གང་ཡང་མེད། །དེ་ཕྱིར་སྲིད་པའི་འགྲོ་རྣམས་ཉོན། །འཆི་ཁ་སེམས་སླུའི་དྲི་ཟའི་ཚོགས། །ཤ་ཟ་འབྱུང་པོའི་རིང་གྱུར་པའི། །གཤིན་གསོན་གཉིས་དཀར་གནོད་བྱེད་ཚོགས། །གླུད་དང་གཏོར་མ་འདི་ལོངས་པ་ལ། །གནོད་ཅིང་འཚེ་བར་མ་བྱེད་ཅིག །ཀྱེ་མ་ཚེ་སྡས་རིགས་ཀྱི་བུ། །དུག་ལྔའི་ལས་དང་འོག་སྨོན་མཐུས། །རིགས་དྲུག་རྒྱལ་པོ་བདུང་བཙན་གྱི། །གནས་སུ་སྡུལ་མྱོང་སྲིད་ན། །དེ་དག་སོ་སོའི་གཙོ་འཁོར་དང་། །སྦྲུལ་པ་ཡང་སྤྲུལ་ཚོགས་བཅས་ལ། །གླུད་དང་གཏོར་མ་བསྔོས་པས། །སྦྱིན་བདག་མི་ནོར་འཁོར་བཅས་ལ། །གནོད་ཅིང་འཚེ་བར་མ་བྱེད་པར། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ་བསྡམ་པ་ཀློད་ལ་མནན་པ་ཁྱོག །ཕྱིན་ཆད་གནོད་ཚེའི་བསམ་པ་སྤོངས། སོ་སོའི་སྡུག་བསྔལ་གནོད་འཚོ་ཀུན། །ལྡག་མེད་བྱང་ནས་ཐར་པ་དང་། རྣམ་མཁྱེན་གོ་འཕང་མངོན་གྱུར་ཤོག །ན་མཿསརྦ་ཏ་ཐཱ༴ ཞེས་སམ་བྷ་རས་ལན་གྲངས་བཅུའི་གུན་ལས་མི་ཟུང་བར་བརྗོད། དེ་ནས་བླ་གུད་དང་ར་ལུག་གི་གཟུང་མདུན་དུ་བཤམ་ལ་ཆས་ཀྱིས་བྲ་ལ། ཀྱཻ་གླུ་བྱུང་དང་པོ་གང་ནས་བྱུང་། །མ་རིག་འཁྲུལ་པའ་ིརང་རྩ་ལས་ན། །རྟེན་འབྲེལ་ཡན་རླག་བཅུ་གཉིས་བྱུང་། དེ་ལས་མཆེད་པའི་ཉོན་མོངས་པ། བརྒྱ་ཁྲི་བཞི་སྟོང་གིས་བསྐུན་པའི། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས། །འཁྲུལ་བའི་རྟོག་ཚོགས་མི་ཟད་པར། །དེ་ཕྱིར་བགེགས་རིགས་རྒྱུན་ཆད་མེད། བསོད་ནམས་ལྡན་ལ་ལྷར་གྱུར་ཟིང་། །ལས་ངན་བསགས་པའི་འདྲེ་རུ་སྣང་། །དེ་ཕྱིར་ལས་སྒྲིབ་སྦྱོང་བའི་ཕྱིར། །གླུད་དང་གཏོར་མས་སྦྱིན་པ་གཏོང་། །ཀྱཻ་ཞེ་སྡང་རང་རྩ་རྒྱལ་པོ་ལ། །བྱམས་པ་ཚད་མེད་གླུད་གཏོར་འབུལ། །འདོད་ཆགས་རང་རྩ་འདྲེ་མོ་ལ། །སྙིང་རྗེ་ཚད་མེད་གླུད་གཏོར་འབུལ། །གཏི་མུག་རང་རྩ་ཀླུ་གདོན་ལ། བཏང་སྙོམས་ཚད་མེད་གླུད་གསོན་བདུད་གཤིན་ལྕགས་རིགས་རྣམས་ལ། དགའ་བ་ཚད་མེད་ལྒུད་གཏོར་འབུལ། །ཚད་མེད་རྣམ་བཞིའི་གླུད་གཏོར་འདི་སྲིད་པའི་འབྱུང་པོའི་ཚོགས་ལ་སྦྱིན། །འཁོར་བའི་བག་ཆགས་ཡོངས་དག་ནས། །ཐར་བ་དང་ནི་རྣམ་མགོན་གྱི། གོ་འཕང་བླ་མེད་མྱུར་ཐོབ་ཤོག །པརྩ་བྷུ་ཏ་གཙྪ ཞེས་བརྗོད་གླུད་གཏོར་ཕྱི་རོལ་དུ་དོར་བཅུག །བསྲུང་འཁོར་བསྒོམ། བཛྲ་རཀྵ་ཧཱུཾ། གིས་མཚམས་བཅད་པར་བསམ། དེ་ནས་ཚེ་སྡས་ཀྱིས་དད་གུས་ཆེན་པོས་ཉན་པར་བསམ། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། སྐྱེ་འགགས་གནས་གསུམ་བྲ་བ་ལས། རྟེན་ཅིང་འབྲེལ་འབྱུང་ཆོས་རྣམས་ཀུན། ངོ་བོ་སྟོང་ལ་རང་བཞིན་གསལ། །རྣམ་པ་ཐ་དད་སྣང་གྱུར་ཡང་། །དོན་ལ་ཡོད་མེད་མཐའ་ལས་འདས། །དེ་ཕྱིར་དེ་དོན་ཤེས་པར་མཛོད། དེ་ནས་འདོན་ཚིག་ལྟར་གྱི་འདོད་ཡོན་རྣམས་མདུན་དུ་བཤམས་ནས་ཆབ་བྲ་ལ། ཨོཾ་ཨཱཿཧཱུཾ། ལན་གསུམ་ཡིས་བྱིན་གྱིས་བརླབ་ནས། ཕྱིང་དཀར་གདན་དང་སྐུ་ཁྲུས་གསོལ་བའི་ཆབ། དར་ཟབ་དིག་ཁང་རྒྱན་བཅས་སྣང་གསལ་འོད། ཇ་ཆང་སྐྱེམས་དང་བཟའ་བཅའ་ལྡག་གཞིབ་རིགས་ཚེ་སྡས་རྣམས་ལ་བསྔོས་པས་ཚིམ་གྱུར་ཅིག །ན་མཿསརྦ༴ སོགས་ཞེས་བསྔོས་ནས་གསུར་དུད་བཏང་ལ་བ་རུང་སོགས་གཏོར་དུ་བཅུག །དེ་ནས་འབྲང་རྒྱས་དང་བར་ཁྱུང་མར་གྱི་རྟ་ལུག་བཅས་དངོས་སུ་བཤམས་ལ། རམ་ཡམ་ཁམ་གསུམ་དང་། ཨོཾ་ཨཱཿཧཱུཾ་ལན་གསུམ་གྱི་བྱིན་གྱི་རླབས་ནས། གསོན་ཅིག་ཚེ་སྡས་རིགས་ཀྱི་བུ་ཁྱོད་ཉོན། །སྐྱེ་མེད་དབྱིངས་ལ་འགགས་མེད་རོལ་པའི་རྩལ། །རྟེན་འབྲེལ་ཕུན་ཚོགས་རི་རབ་ལྷུན་པོའི་རྩེར། །སྲིད་ཞུའི་མངོན་རྟོགས་སྤྲུལ་པའི་བྱ་ཁྱུ་གཟུགས། །ནམ་ཟླ་དུས་བཞི་ཉི་ཟླ་སྐར་གསུམ་བརྐ། །བདུད་རྩིའི་རྒྱ་མཚོ་དཔག་བསམ་ལྷོན་པས་ཡུད། །འཁོར་འདས་དཔལ་རྫོགས་ཕྱ་གཡང་དངོས་གྲུབ་རྟེན། །གཤིན་གྱི་ཐར་ལམ་བར་ཆད་སེལ་བ་དང་། །གསོན་པོར་བདེ་སྐྱིད་སྤྲེལ་བའི་སྟོབས་ནུས་ལྡན། །དེ་ཕྱི་ཕྱག་གཡང་དངོོས་གྲུབ་བདེ་སྐྱིད་བཅུད། །སྦྱིན་བདག་འདིར་རྩོལ་འཕར༴ དར་ཡོངས་འཛོམས་ནས། ཕྱིན་ཆད་ན་ཤི་དུར་གསུམ་ཕྱི་ལམ་ཆོད། །ཚེ་སྡས་བདེ་ཆེན་འགྱུར་མེད་པ་ཐོབ་ཤོག །ན་ལ༔ སརྦ་ཏ་ཐཱ༴ སོགས རས་ཕྲུག་གོས་སྣའི་དར་སོགས་བཤམས་ནས། བསང་སྦྱངས་བྱས་ལ། །ཀྱཻ་ལ་ཆོས་སྡེ་རིགས་ཀྱི་བུ་ཁོད་ལ། །ཟྭ་ལྷྭམ་སྐ་རགས་མནབ་གོས་རྒྱན་ཆས་བཅས། །མ་ཚང་མེད་པར་ཏིང་འཛིན་མཐུས་སྤྲུལ་ཏེ། །བསྔོ་པས་ཟག་མེད༴ གོས་ལ་ལོངས་སྤྱོད་ཤོག །ན་མཿསརྦ༴ སོགས་ཧཱུཾ། དེ་ནས་བསུར་མེའི་ནང་དུ་བསྲིགས། དེ་ནས་མར་གྱི་རྟ་ལུག་བཤམས་ལ་བསངས་ཤིང་བྱངས་ནས། དང་པོ་པུ་བཤམས་པའི་མར་གྱི་རྟ་དང་ལུག །མཚན་ཉིད་ཕུན་ཚོགས་དཔལ་ཡོན་ཀུན་རྫོགས་པར། །བྱིན་གྱི་རླབས་ཏེ་ཚེ་སྡས་ལ་བསྔོས་པས། །མི་འཛད་ལོངས་སྤྱོད་གཏོར་དང་ལྡན་པར་ཤོག །ན་མཿསརྦ་ཏ་ཐཱ༴སོགས བསུར་མེ་ནང་དུ་ཕུལ། །དེ་ནས་ལམ་བསྟན་པ་ནི། ཧཱུྃ་ཚེ་འདས་རིགས་ཀྱི་བུ་ཁྱོད་ཉོན། །འཁོར་བ་མེ་འོབ་སྲིན་མོའི་གྲོང་། །ཆུ་སྲིན་མཆེ་བྲག་སྡུག་བཤལ་གནས་དེ་ལ་མ་ཆགས་མ་ཞེན་ལ། ཐར་ལམ་མཆོག་ལ་དགའ་བ་བསྐྱེད། འདི་ནས་ནུས་ཕྱོགས་བདེ་ཆེན་ཞིང་། །པད་མོ་བཀོད༴ པའི་གནས་མཆོག་ན། །སངས་རྒྱས་སྣང་བ་མཐའ་གཡས་དང་། སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ། །སངས་རྒྱས་བྱང་སེམས་འཁོར་དང་བཅས། །མངོན་སུམ་བཞུགས་པའི་ཞབས་དྲུང་དེར། །ཐེ་ཚོམ་མེད་པར་འགྲོ་བར་གྱིས། ཚེ་སྡས་ཀྱི་རྣམ་ཤེས་འོད་གོང་གི་རྣམ་པ་བདེ་བ་ཅན་དུ་གཤེགས་པར་མོས་ནས ཕཊཿ དྲག་སྤོ་བརྗོད་ནས་དམིགས་བསམ་བརྗོད་བྲལ་གྱི་ངང་དུ་བཞང་། དེ་ནས་ཚེ་སྡས་ཀྱི་ལུས་སེམས་མ་བྲ་གྱི་བཞིན་གཟུགས་བཀྲག་མདངས་དག་བཅས་པའི་སྣང་ཆ་དེ་གཤེད་མའི་བདག་ཏུ་བཟུང་བའི་བླ་ཞིས་པ་དེ་ཡང་ཕ་མྱིས་སྔོན་མའི་དུར་གྲ་དུ་ཕ་མཚུན་གྲ་དུ་བསྐྱལ་བ་ནི། དམིགས་ཡུལ་ཚེ་སྡས་འདས་པའི་བླ། གནོད་བྱེད་གཤེད་མའི་ལག་ནས་བསླུས། ཕན་ཚུན་དུར་གྱི་གྲ་དུ་བཞག མཆོད་པས་ཚིམ་ནས་གཟི་མདངས་ལྡན། །གསོན་པོའི་མགོན་སྐྱབས་ནུས་པར་ཤོག །དུར་པ་མི་དམིགས་ཆོས་དབྱིངས་ཀློང་། སྤྲོལ་ཆོས་སྐུའི་ངང་དུ་ཐིམ་བཛྲ་མུ། དྷརྨ་ཀཱ་ཡ། རྗེས་སུ་བསྔོ་ག་སྨོན་འམ་རྒྱས་འདིབས་བྱ། བྱང་བུ་བླ་རྡིལ་དཀར་པོ་རྣམས་དང་ནི། །འདོད་ཡོན་ནང་གི་ཕྱེ་མར་ཚོམ་གཅིག་བྱས། །ཉེ་ན་དུར་སྟེང་འདིབས་ཤིང་རིང་ན་ནི། །བསྒྲུབ་ཁང་ཕྱི་ནས་གྱིན་ལ་གོམ་པ་ནི། བཅུ་གསུམ་མཚམས་ན་སྤུངས་སམ་ཡར་ལ་མཆོད། །ལོ་བརྒྱད་མན་ཆད་ཤི་ན་ཆུང་བརྒྱུངས་དོགས། །ལོ་བརྒྱད་ལོན་ནས་དགུ་ཡི་བར་ཤིན། །དྲག་པོ་ལྕགས་འདུལ་དཀར་ནག་གཉིས་ཀ་གཟབ། །དདྲུག་ཅུ་ལོན་ནས་བཀྲ་ལ་ཐེབས་པའི་ཕྱིར། །འདུལ་ནག་མི་བྱ་འདུལ་དཀར་འདི་ཉིན་འདོན། །འདི་ཡིས་དགེ་བས་གཤིན་པོ་གནས་བདེ་ཞིང་། །གསོན་པོར་བཀྲ་ཤིས་བདེ་སྐྱི་ཕུན་ཚོགས་ཤོག །འདིར་ཕྲིས་པ། རྒྱལ་བའི་གདུལ་བྱའི་ཁམས་དབང་བསམ་པའི་ཕྱིར། །མཐའ་གཡས་སྐུ་གཟུགས་ཡོན་ཕྲིས་ཀྱིས། །མཛད་པ་རྒྱ་མཚོ་ཕ་མཐའ་སུ་གཞལ་ནུས། །དེ་ཕྱིར་ཚེ་སྡས་གཤེད་མ་དང་བླ་ནས། །ཐར་དང་རྣམ་མཁྱེན་ས་ལ་བཞག་པའི་ཐབས། །འདི་འདྲ་འཕགས་ཡུལ་པཎ་ཆེན་ལས་མ་འོངས་རྒྱུན། །སྤྱན་རིག་སྔ་སྤྲུམ་ཀརྨ་ཕ་ར་གས། བཞེད་གཞུང་འོ་མའི་མཚོ་ལས་སྙིང་མར། །བཅུད་དུ་དྲིལ་བའི་རྗེས་འཇུག་དགའ་བའི་ནོར། །ཡིན་ཕྱིར་དོན་གཉེར་མཁན་རྣམས་དགའ་བར་མཚོད། །ཞེས་པའང་ཆགས་མེད་རིན་ཆེན་གསུངས་པ་ཅུང་ཟད་རྒྱས་དྲག་འདུག་པས། དོན་བསྡུས་ཤིག་དགོས་ཞེས་མཚོ་སྔོན་སོག་ཡུལ་གྱི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་གསན་པའི་དགེ་སློང་བ་གོམས་ལྷུན་པོ་དང་། བླ་མ་དགེ་བདུན་རྒྱ་མཚོ་དོན་གཉེར་ཅན་འགའ་ཡང་ཡང་བསྐུལ་ངོར། །བྱང་ཕྱོགས་ཁམས་ཀྱི་གནས་ཆེན་བྲག་དཀར་སྲིན་རྡོང་གི་ནེ་འདབས་ནས་མཚན་བརྗོད་པར་དཀའ་བ་ཀུན་མཁྱེན་འཇིགས་མེད་གླིང་པ་དམ་པ་རིགས་བདག་ཏུ་ཐོབ་པའི། །རང་བཞིན་རྫོགས་པ་ཆིན་པོའི་རྣལ་འབྱོར་པ་ཀུན་བཟང་གཞན་ཕན་ནམ་འཇིགས་མེད་ཕྲིན་ལས་འོད་ཟེར་དཔལ་འབར་གྱིས་བྲིས་པའི་དགེ་བའི་འབྲེལ་ཐོགས་ཀྱིས་གཙོར་སེམས་ཅན་ཐམས་ཅད་ཚད་མེད་རྣམས་པ་བཞི་དང་ལད་པའི་རྒུར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །ཕྱོགས་རིས་མེད་པའི་ལྟ་བ་དང་། །དམིགས་གཏད་བྲལ་བའི་སྒོམ་པ་ལ། བཅོས་བསྒྱུར་སྤོང་བའི་སྤྱོད་པའི་མཛེས། བྲལ་ཐོབ་རང་སོ་རྫོགས་ཁྱོད་རྒྱ། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །སྐྱེ་འགག་གནས་གསུམ་བྲལ་མེད་ཀྱང་། །སྐྱེ་འགག་གནས་གསུམ་ཆོ་འཕྲུལ་གཟུགས། །མཁའ་དང་སྤྲིན་ཕུང་ཇི་བཞིན་ཆུ་རླབ་རླབས་ཕྲེ་ཟུང་འཇུག་ལྟར། །སེམས་ཞེས་དུས་གསུམ་རྣལ་འབྱོར་ལ། །རིག་པ་དེ་དབྱིངས་འགྱུར་མེད་དོན། །སེམས་ཀྱི་དཔེ་ནི་སྤྲིན་ཕུང་དང་། །ཁ་ཆར་རླུང་འཚུབ་སེར་བ་འཇའ། །གློ་འབུར་ལྷག་པའི་འབྱུང་འཕྲུལ་བཞིན། །རིག་པ་ཡེ་དྲང་ནམ་མཁའ་འདྲ། །བལྟས་པས་མཐོང་མེད་མཁའ་ལྟར་སྟོང་། །མཐོང་མེད་མཐོང་འཛིན་གཉིས་འཛིན་སྐྱོན། །མ་ཡེངས་རློམ་ཡང་མིགས་གཏད་ཡིན། །ཡེངས་བར་དོགས་ཀྱང་ཤོར་རྒྱུ་ཅིང་། །དཔེར་ན་སྤྲིན་སོགས་འབྱུང་འཕྲུལ་ཚོགས། །ནམ་མཁའ་ཉིད་དང་འབྲེས་པ་མེད། །དེ་བཞིན་ཡེ་སྟོང་རིག་པ་དུས་གསུམ་རྟག་ཚོགས་འདྲེས་པ་མེད། །སྤྲིན་འཇའ་ཉིད་སོགས་འབྱུང་འཕྲུལ་གྱིས། །ནམ་མཁར་ཕན་དང་གནོད་པ་བྲལ། །དེ་བཟིན་ཡེངས་དང་མ་ཡེངས་པས། །ཡེ་སྟོང་རིག་པ་ཕན་གནོད་བྲལ། །ཡེངས་ཚེ་ཡེ་སྟོང་རིག་པ་དེ། །ཕག་ཏུ་ཡིབས་སམ་གཞན་དུ་གྱུར། །དེ་འདྲ་འདུག་ན་དངསོ་འཛིན་སྐྱོན། །མ་ཡེངས་འཛིན་དུས་བསྒོམ་ཏུ་དང་། །མཁན་བག་ལ་ཉལ་ཡོད་དེ། །ཤེས་སྒྲིན་གཉིས་འཛིན་ཕ་མོ་ཡིན། །དེ་ཉིད་སྤོང་བར་མ་ནུས་པར། །ཇི་ལྟར་བསྒོམ་ཀྱང་བློ་བྲ་བཞིན། །ཡེ་སྟོང་ལྦོ་དང་བྲ་བསྟེང་ཡེངས་དང་མ་ཡེངས་སོ་སོར་དབེན། །ཐོབ་དང་སོར་བ་གང་ཡང་མེད། །གཟུང་དང་འཛིན་པའི་སྦྲུལ་མདུད་གྲོལ། །དེ་ཚེ་ལྟ་སྒོམ་དབྱིངས་སུ་ཡལ། །ཕྱུགས་མ་དགྲས་ངོ་རྫི་བུའི་དཔེ། །འཚོ་རྒྱུའི་གཉིས་འཛིན་གཉིད་སད་ལྟར། །འཇའ་ཚོན་ཡལ་བའི་རྗེས་ལ་ལྟོས། །ཡོད་པ་མིན་ཏེ་མཁའ་དབྱིངས་དཀྱིལ། །མེད་པ་མིན་ཏེ་ཤེས་མཁན་ཉིད། །ཡེ་སྟོགརིག་པའི་ངོ་བོ་ཡིན། །ཚུལ་འདི་འཕྱུགས་མེད་རྟོགས་མྱུར་ཚེ། །རྫོགས་ཆེན་དོན་དང་མཇལ་ཞེས་སྒྲས། །འདི་ལྟར་རང་རིག་རྟོགས་པའི་ཚུལ། །སྐྱེས་མཆོག་གང་ལ་ཕུལ་བ་ལགས། །ལྟ་སྒོམ་ཤར་སྒྲུབ་ཆུ་བོ་བཞིན། །སོ་སོར་སྣང་ཡང་རོ་གཅིག་ལཏར། །དབྱེར་མེད་གྱུར་ལ་རངས་པའི་ལན། །བྱཐོལ་བྱུང་ཐོགས་མེད་ཚུལ་གྱིས་ནི། །ཕུལ་བ་དགོངས་མཚོ་དྲི་མེད་དུ། །དབྱེར་མེད་སྨྲ་བསམ་བརྗོད་བྲལ་གྱུར། །གང་ལ་བསླབ་སྟོན་མི་འཚལ་གྱི། །རང་ཅག་ཉམས་རྟོགས་བསྒྱུར་བའི་གཏིམ། །ཡེ་སྟོང་རིག་པའི་ངོ་བོ་ཡིན། །ཚུལ་འདི་འཕྱུགས་མེད་རྟོགས་མྱུར་ཚེ། །རྫོགས་ཆེན་དོན་དང་མཇལ་ཞེས་སྨྲས། །འདི་ལྟར་རག་རིག་རྟོགས་པའི་ཚུལ། །སྐྱེས་མཆོག་གང་ལ་ཕུལ་བ་ལགས། །ལྟ་སྒོམ་ཤར་ནུབ་ཆུ་བོ་བཞིན། །སོ་སོར་སྣང་ཡང་རོ་གཅིག་ལྟར། །དབྱེར་མེདགྱུར་ལ་རངས་པའི་ལན། །ཐོལ་བྱུང་ཐོགས་མེད་ཚུལ་གྱིས་ནི། །ཕུལ་བ་དགོགཤ་མཚོ་དྲི་མེད་དུ། །དབྱེར་མེད་སྨྲ་བསམ་བརྗོད་བྲ་གྱུར། །གང་ལ་བསླབ་སྟོན་མི་འཚལ་གྱི། །རང་ཅག་གཉམས་རྟོགས་བསྒྱུར་བའི་གཉི། །གབ་སྦས་མེད་པར་རྗིན་ས་རུ། །བྲིས་འདིཐོས་གྲོལ་རྒྱུར་གྱུར་ཅིག །སྙི་བླ་བསྟན་འཛིན་དར་རྒྱས་ལ། །བྱ་བྲ་ཀུན་བཟང་གཞན་ཕན་གྱིས་སོ། །སྔོན་ལའགྲོ་བསྡུས་སེ་ང་དོན་སྙིང་སོ་བཞུགས༔ ཀྱཻ་མ་འབྱོར་མི་ལུས་ཡང་ཡང་རྙེད་པར་དཀའ༔ ལན་ཅིག་རྙེད་པའང་མི་རྟག་འཆི་བར་ངེས། །ཤི་ནས་ངེས་པ་མེད་པའི་ལས་དབང་འཁྱམས། །ངན་འགྲོགས་ལྷུང་ན་སྡུ་བསྔལ་བཟོད་དུ་མེད། །བདེ་འགོར་རྙེད་ཀྱང་སྡུ་བཤལ་ཁོ་ནའི་ངང་། །དེ་བས་འཁོར་བ་འདི་ལ་སྐྱོ་ཤས་བསྐྱེད། །བདེ་ཆེན་བྱང་ཆུབ་སྒྲུབ་དུས་ད་རིས་ཡིན༔ ཚེ་ལ་ལོང་མེད་བསྒྲུབ་ལ་བརྩོན་དྲུས་བྱ། །མཆོག་གསུམ་རྩ་གསུམ་ལྷ་ལ་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་སྨོན་འཇུག་བྱང་སེམས་བསྐྱེད། །བཅོམ་ལྡན་རྡོ་རྗེ་སེམས་སར་སྐྱབས་གསོལ་ནས། །སྒོ་གསུམ་ཉེ་ཚོགས་ཅི་བགྱི་དག་མཛད་གསོལ། །ཡིག་བརྒྱ་བརྗོད་སྦྱོར་སེམས་བདག་དང་དབྱེར་མེད་རོ་གཅིག་བལྟས། །ཕྱིང་གསང་བའི་མཎྜལ་བསམ་ཡས་འདི༔ སྐུ་གསུམ་རྒྱལ་བ་རྒྱ་མཚོའི་ལྷར་འབུལ་ནས། །ཚོགས་ཆེན་གཉིས་རྫོགས་སྒྲིབ་གཉིས་ཡོངས་དག་མཛོད། །སྤྱི་གཙུག་ཉི་ལ་པདྨའི་གདན་སྟེང་དུ། །རྩ་བའི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་། །འཁོར་དུ་རིག་འཛིན་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་རྩོལ། །ཨོཾ་ལས༔ ཧཱུྃ་བཛྲ་གུ་རུ་པདྨ་ཀ་ཡ་ཝཀྐ་ཙིརྟ་སརྦ་སིདྷི་ཕ་ལ་ཧཱུྃ། བླ་མ་འོང་ཞུ་རང་གི་སྒོ་གསུམ་དང་། །དབྱེར་མེད་ཆུ་ལ་ཆུ་བཞག་ཇི་བཞིན་གྱུར། །དགེ་བ་འདི་ཡི་བདག་སོགས་མཁའ་མཉམ་འགྲོ། །སྐུ་གསུམ་བླ་མའི་གོ་འཕང་ཐོབ་པར་ཤོག །ཞེས་བརྗོད་རང་སེམས་མ་སེང་བ་ངང་ལ་བཞག །སེམས་ཞེས་ཕྱ་བ་བདེ་སྡུག་མྱོང་མཁན་འདི། །གང་བྱུང་གར་གསན་འགྲོས་བརྟག་གྱུར་ན། རྟོགས་མཁན་མ་གཏོགས་ལོག་ན་སེམས་ཞིག་མེད། །མེད་དམ་སྙམས་པ་དེ་ཉིད་སེམས་ཡིན་པས། །དེ་ཉིད་ཤེས་པར་གྱི་ལ་ཡོངས་མེད་མཛོད། །དེ་ཡི་སྔོན་འགྲོའི་ལམ་རིམ་ཀུན་ཚགས་ངོ་། །རྗེ་ལ་བསྒོ་སྨོན་ལ་སོགས་སྤྱི་ལྟར་བྱ། ཅེས་སྔོན་འགོརའི་འདོན་ཆ་བསུདས་པ་འདི་ཡང་དེ་ལྡན་འགའ་ཞིག་གིས་ངོར་རྡོ་བླས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །ཀློང་ཆེན་སྙིང་གི་ཐིག་ལེ་ལས༔ གཟའི་བསྐུལ་བྱིང་དུག་རླུང་འཚུབས་པ་བཞུགས། །དཔལ་གསང་བའི་བདག་པོ་ལ་ཕྱག་འཚལ་ལོ། །དྲང་སྲོག་རཱ་རུའི་བསྐུལ་བྱང་ནི༔ དམར་གཏོར་ཤ་ཁྲག་གི་བརྒྱན་པ་འགུགས་གཞུག་དྲག་རུ་བགྱི་ལ་དམིགས་བྱའི་ཤ་ཁྲག་རུ་དམིགས་ཏེ་ཟས་སྐལ་དུ་བསྔོ༔ ལྟའི་ང་རྒྱལ་དང་ལྡན་པས༔ ཛཿ བཞེངས་ཤིག་མི་མངོན་དབྱིངས་ནས་བཞེངས༔ བསྐྱོད་ཅིག་ཁག་མཚོའི་ཀློང་ནས་བསྐྱོད༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ དྲང་སྲོང་ཆེན་པོ་ལས་ལ་ཆོས༴ བདག་ལ་སྡང་བའི་དགྲ་བོ་འདིས༔ སངས་རྒྱས་བསྟན་པ་ཐབས་ཀྱིས་བཤིག༔ དཀོན་མཆག་དབུ་འཕང་ཟོལ་གྱིས་སྨད༔ དགེ་བདུན་དཀོར་ཕྲོག་དབེན་གནས་བཅོམ༔ རྣལ་འབྱོར་བདག་ལ་ཕོད་དུ་བཙུགས༔ བསྲུང་མ་ཁྱོད་ནི་ཁད་དུ་བསད༔ བྱང་ཆུབ་བསྒྲུབ་པའི་སེམས་བསཀྱེད་ན༔ གཞན་དོན་བྱེད་དུ་མ་སྟོར་རོ༔ ཁོདལ་མཐུ་དང་རྩ་ཡོད་ན༔ དམ་ཉམས་སྒྲོལ་བའི་དུས་ལ་བབཿ ནམ་གྱི་ཕར་ཕྱེད་ཚུར་ཕྱེད་ལཿ འབྱུང་བ་ཆུ་ཡང་གཉིད་ལོག་གིཿ དེ་ཚེ་བླ་མ་རྐུན་ཤན་པ་རྣམས༔ བྱ་གླག་གཟན་ལ་འཛུམ་པ་བཞིནཿ ༑གྲ་བོའི་ཡུལ་དུ་ལས་ལ་ཆོས༔ བསྐོལ་པའི་ལས་ལ་ཁག་མ་འགེལ༔ འགྱུ་བའི་དབུགས་ཆོད་ཚེ་སྲོག་རྒྱུབསཿ ཀི་ཀང་དལ་ཡམས་ཐོག་སེར་ཐོང་ཿ ར་ཡི་མདའ་གཞུ་སྙིང་ལ་གཟེརཿ ལྟོ་ཞལ་འཇིགས་པའི་རྩར་ཕོག་ཐོང་༔ ལོ་ལ་བར་བཞག་ཐབས་མེདཿ ཞག་དང་ཟ་མར་མ་འགྱིང་བརཿ དམ་ཉམས་དགྲ་བོ་མ་བསྒྲ་ནཿ ཁོད་ཀྱི་མཐུ་རྩལ་རྫུན་དུ་ཟདཿ རྡོ་རྗེ་འཆང་གི་བཀའ་ཡང་བཅགཿ རིག་འཛིན་བརྒྱུད་པའི་དམ་ལས་འགལཿ རྣལ་འབྱོར་བདག་ཅག་ཡིད་རེ་བཅདཿ ཁྱོད་བརྟེན་བསྒྲུབ་པའི་དོན་ཡང་སྟོརཿ དེ་བས་དམ་ལ་མ་འདའ་བརཿ སྡང་བའི་དགྲ་བོའི་རླང་སྙིང་ཅནཿ གཏོར་མ་འདི་དང་མཉམ་དུ་བཞེས༔ སྙིང་ཁྲག་དམར་པོ་སྦར་གྱིས་ཆུསཿ བསད་རྟགས་དོན་སྙིང་དངོས་སུ་སྟོནཿ སྒོང་ང་བྲག་ལ་བརྡབས་དཔའ་འམཿ ལོ་ཏོག་སེར་བའི་བཅོམ་པ་བཞིནཿ སྐད་ཅིག་ཉིད་ལ་རྡུལ་དུ་རློགཿ མིང་ཙམ་མེད་པར་ཕུང་དུ་ཆུགསཿ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོདཿ ཧྲཱིཿ ཤག་ཏུ་རམ་ན་ག་ཙིརྟ་དྲམ་མ་མ་ཡོ་ཟ་ཛ་འགྲ་ཧ་ཧི་ཡོ་ཀེ་ཤ་ལ་ཛ་ཛ་ཧ་ཧཿ ཚལ་པ་ཚལ་པཿ ཉིགས་ཉིགསཿ ཞུང་ཞུང་ཿ ཆེ་གེ་མོའི་སྲོག་ལ་མ་ར་ཡ་རྦད་རྦདཿ ཅེས་བཟླས་ཞིང་བསྐུལ་བར་བྱཿ ས་མ་ཡཿ རིག་འཛིན་འཇིགས་མེད་གླིང་པའི་ཐུགས་གཏེར་ཟབ་མོའི་འདིཿ གཟའི་བསྐུལ་བྱང་དུག་རླུང་འཚུབས་མ་བསྟན་དགྲ་བསྒྲལ་བའི་མཚོན་ཆའི་འཁོར་ལོ་འདིཿ འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་དག་པར་གྲི་པ་དགེ་གྱུར་ཅིགཿ དགེའོ། །འཕགས་ཚུལ་རིགས་འཛིན་བརྒྱད་ཀྱི་གསོལ་འདེབས་བྱིན་རླབས་ཆུ་རྒྱུན་བཞུགས་སོ། ༄༅། །རྣམ་ཀུན་མཆོག་ལྡན་ཆོས་སྐུའི་མཁའ་དབྱིངས་ལས། །ཡན་ལག་བདུན་ལྡན་ལོངས་སྐུའི་ཉ་རྒྱས་ཟླ། །གདུལ་བྱའི་ཚོགས་ལ་བསམ་ཡས་སྤྲུལ་སྐུའི་ཚུལ། །རྒྱུ་འཕྲུལ་དྲ་བར་བསྒྱུར་ལ་གསོལ་བ་འདེབས། །ཤར་ཕྱོགས་བསིལ་བ་ཚལ་གྱི་དུར་ཁྲོད་དུ། །ཡང་དག་ཐུགས་ཀྱི་གསང་མཛོད་སྒོ་ཕྱེས་ཏེ། །གྲུབ་གཉིས་ཡིད་བཞིན་གཏེར་ལ་དབང་བསྒྱུར་བའི། །སློབ་དཔོན་ཧཱུཾ་ཀ་ར་ལ༴ ལྷོ་ཕྱོགས་སྐུ་ལ་རྫོགས་པའི་དུར་ཁྲོད་ནས། འཇམ་དཔལ་སྐུ་ཡི་ས་བོན་ལེགས་བཏབ་པས། །རྡོ་རྗེ་བཞི་ཡི་འབྲས་བུ་ཡོངས་སྨིན་པའི། །འཇམ་དཔལ་བཤེས་གཉེན་ཞབས་ལ་གསོལ༴ ནུབ་ཕྱོགས་ལང་ཀ་བརྩེགས་པའི་དུར་ཁྲོད་ནས། པདྨ་གསུང་གི་ཆུ་གཏེར་རབ་བསྒ་ནས། ཇི་ལྟ་ཇི་སྙེད་མཁྱེན་པའི་ནོར་ཐོབ་པ། །ཀླུ་སྒྲུབ་སྙིང་པོའི་ཞབས་ལ༴ བྱང་ཕྱོགས་པདྨ་བརྩེགས་པའི་དུར་ཁྲོད་ནས། །ཕུར་པ་ཕྲིས་རྡོ་རྗེ་མཚོན་བརྡུངས་པས་སྲིད་གསུམ་དབྱིངས་སུ་སྒྲོལ་བའི་མཐུ་ཐོབ་པ། །སྲ་ཆེན་ཧ་སྟི་ཞབས་ལ༴ ཤར་ལྷོ་ལྷུན་གྲུབ་བརྩེགས་པའི་དུར་ཁྲོད་དུ། །རྦོད་གཏོག་མ་མོའི་འདག་མར་རྡག་རོལ་ནས། །ཟག་མེད་བད་ཆེན་ལང་ཚོ་རབ་རྒྱས་ནས། །དྷ་ན་སང་སྐྲིའི་ཞབས༴ ལྷོ་ནུབ་གསང་ཆེན་རོལ་པའི་དུར་ཁྲོད་ནས། །ཡོན་ཏན་བདུད་རྩིའི་བཅུད་ལ་ལོངས་སྤྱོད་པའི། །འཕོ་མེད་འཇའ་ལུས་མཆོག་གི་སྐུར་བཞེངས་པ། བི་མ་མི་ཏྲའི་ཞབས་ལ༴ ནུབ་བྱང་ཧེ་ཆེན་བརྡ་བའི་དུར་ཁྲོད་དུ། །འཇིག་རྟེན་མཆོད་བསྟོད་དཔུག་ཚོགས་རབ་བརྔན་པས། །མ་རུངས་བདུད་སྡེའི་གཡུལ་ངོ་ཕམ་བྱས་ནས། །རོམ་བུ་གུ་ཧེ་ཞབས་ལ་གསོལ༴ བྱང་ཤར་འཇིག་རྟེན་བརྩེགས་པའི་དུར་ཁྲོད་ནས། །སྟགས་སྔགས་དམོད་པའི་མེ་དཔུང་རབ་སྦྱར་ནས། །ཕས་རྒོལ་རྩི་ཤིང་བསེགས་པའི་མཐུ་ཏོབ་པ། །ཤིནྟཾ་གརྦྷའི་ཞབས་ལ༴ སྐུ་གསུམ་རྒྱ་བའི་ཞིང་ཁམས་ཐམས་ཅད་དུ། །སྒྲུབ་སྡེ་བརྒྱད་ལ་མངོན་པར་བྱང་ཆུབ་པས། །རིག་འཛིན་རྣམ་བཞིའི་གོ་འཕང་མཆོག་བརྙེས་པ། ཨོ་རྒྱན་ཐོད་ཕྲེང་རྩ་ལ༔ དེ་ལྟར་གསོལ་བ་བཏབ་པའི་རྒྱལ་རྣམས་ཀྱི། མཁྱེན་བརྩེ་ནུས་པའི་བྱིན་རླབས་དཔལ་ཡོན་ཀུན། བདག་གིས་ལེགས་ཐོབ་རྡོ་རྗེའི་སྐུར་གྱུར་ཏེ། མ་ལུས་འགྲོ་བའི་དཔལ་དུ་འགྱུར་བར་སོག །རིག་འཛིན་མཆོག་བརྒྱད་ཀྱིས་གསོལ་འདིབས་བྱིན་རླབས་ཆུ་རྒྱུན་ཞེས་བྱ་བ་འིད་སྙིང་རི་བོ་དགེ་ལྡན་མ་རབས་འབྱམས་དོན་འགྲུབ་རྒྱ་མཚོའི་བསྐུལ་ངོར། །གསང་སྔགས་ཀྱི་དབང་བསྐུར་ལིག་པར་ནོད་ནས་ཐི་ཚོམ་གྱི་གིང་སུ་མ་ཞུགས་པ་རྫོགས་ཆེན་རྣལ་འབྱོར་པ་འཇི༵གས་མེ༵ད་ཕྲིན་ལས༵་འོད་ཟེ༵ར་ཞེས་བྱ་བའི་བྱ་བྲལ་བས་ཐོལ་བྱུང་དུ་ཤར་བའི་ཡིད་ཆེ་ཐོབ་ནས་བྱང་ཕྱོགས་མཚོ་སྔོན་ནས་སྤིལ་བའི་འབྲེ་ཐོག་ཐམས་ཅད་ཀྱི་རྒྱུད་ལས་བྱིན་རླབས་འཇུགས་པའི་གྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །རྒྱལ་ཀུན་ཐུགས་རྗེའི་མངའ་བདག་ཉིད། །མཐུ་སྟོབས་ནུས་པི་དཔལ་འབར་བ། །བྱང་བདག་རྡོ་རྗེ་འཛིན་པ། །དབྱེར་མེད་འཇིག་བརྟེན་དམ་གླིང་པར་འདོད་དེའང་རྡོར་ས་གང་ཞིག་བསྐྱེད་རྫོགས་བསྒོམ་བཀླས་སོགས་ལ་འཛུག་པའི་ཤོན་དུ། །དམ་སྲི་མནན་པ་དགལ་ཆེ་ཤི་ཅི་བྱིར་ཞེ་ན། སྔོན་གྱི་བྲིད་པ་མ་ངེས་པར་གསང་སྔགས་ཀྱི་དཀྱིལ་འཁོར་ཆེན་པོར་དབུར་ཚུལ་བཞིན་ཞུས་ཀྱང་། དམ་ཚིག་ཀུན་གཟུགས་སྐྱོན་གྱི་གནས་ངན་རྣམས་སུ་སྐྱེ་བ་སླར་ཡང་སྐྱེ་བ་མང་པོར་རྣལ་འབྱོར་པར་དགོས་པོ་མི་ཐོབ་པར་སའི་གིང་ཆེན་དུ་གྱུར་ན་ཡིན་ཕྱིར་དི་ཉིད་མནན་རྩི་ཐབས་གལ་ཆེན། །རྒྱས་པར་སྲི་མནན་གཞན་གྱི་གཞུང་ནས་བྱལ་བཞིན་པ་དང་། །ལག་ལེན་དང་འཇུག་བདེ་བའི་དབང་དུ་བྱས་པ་འདི་བཞིན་ཏེ་དང་པོ་རང་ཉིད་ཡི་དམ་ཞི་ཁྲོ་གང་རུང་གི་ཆོ་ག་སྔོན་དུ་འགྲོ་ཞིང་བསྙེན་བསྒྲུབ་ལས་སྦྱོར་བཅས་གྲུབ་ནས། སྐབས་སུ་བབས་ཚེ་དུག་ཤོག་ལ་དམ་སྲིའི་ལིང་ཀ་མི་གཟུགས་བྱ་མགོ་ཅན་རྐང་ལག་ལྕགས་སྒྲོག་གིས་བསྡམ་པ་སོགས་སྤྱི་ལྟར་བྲིས་བའི་སྙིང་གར་ཡ་མ་དམ་སྲི་གམ་པ་རི་པར་མ་ཛཿ ཞེས་བྲིས་པ་ཏོ་ལྟིབ་བྱས་པ་བྲུབ་ཁུང་བསྐོས་གཟི་དོང་དུ་བཅུག་ལ་ཁྲག་དང་དུག་ཆུན་བྲན་ལ་བཞག་ཅིང་། །གསིར་སྐྱིམས་བཏང་ཞིང་༈༈༈༈༈བདག་ཉིད་ཞིང་དམ་༈༈༈༈དུ་བྱལ་བའི་མདུན་དུ་བྲུབ་ཁོང་དམར་ནག་འཇིགས་སུ་རུང་བ་ཁ་དག་ཅིང་གཏིང་ཟབ་པ་གཤིན་རྗེའི་ཡུལ་དུ་ཟུག་བ་དེའི་དབུས་སུ་གནོད༈༈༈༈༈༈རྒབ་འདྲི་ཆོས་སྲིད་ལ་བར་དུ་གཅོད་པར་བྱེད་པའི་འགོང་སམ་དངོས་གྲུབ་འཕྲིག་བྱེད་གང་ཡིག་པ་དེ་ཉིད་མདུན་གྱི་གཟུགས་བརྐུན་དང་དབྱེར་མེད་དུ་གྱུར་ཤེས་༈༈༈༈༈༈འགུགས་པ་བྱ་བ་ནི། རང་ཉིད་ཡི་དམ་ལྷའི་ཐུགས་ཕྱག་གྱའི་ལྷ་མོ་བཞི་སྤྲོས་ཏི་གནོད་ཆེད་དམ་སྲི་རང་དབང་མེད་པར་བཀུགས་ནས་མདུན་དུ་ལིང་ཀ་༈༈༈༈ཀྱུགས་བརྟུན་ལ་ཐིམ་མར་གྱུར་ཞེས་བསོལ། །ན་མོ་མཚོ་གསུམ་བཅས་གསུམ་དོན་རྒྱ་མཚོའི་ཚོགས་དངས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཁ་པར་དུ་ཡི་དམ་བཀའ་བརྒྱད་དགོངས་འདུས་ཕུར་པ་གུ་རུ་ཞི་དྲག་མེ་ཏོག་ཕག་ཁྲོས་སིང་གསུམ་ལ་སོགས་པ་རྣམས་དང་། ཆོ་སྐྱོང་མ་མྱོན་ལྕམ་དྲ་ལ་སོགས་དྲུག་ཕོ་རྒྱུད་མོ་རྒྱུད་ཕོ་ཉ་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་རྣམས་པའི་བཀའ་བདེན་པ༴ ཆོས་ཉིད་འགྱུར་བ་མེད་པའི་བདིན་པ་དང་། ཆོས་ཅན་བསྲུ་བ་མེད་པའི་མཐུ་སྟོབས་ནུས་པ་ལ་བརྟེན་ནས་རྣལ་འབྱོར་པ་བདག་དཔོན་སློབ་བོར་དངས་རྣམས་ཀྱིས་མཆོག་ཏུན་མོག་གཉིས་ཀྱི་དགོས་གྲུབ་བསྒྲུབ་བ་ལ་བར་དུ་གཅོད་པར་བྱེད་པའི་དགྲ་བགེགས་འབྱུང་པོ་མི་དང་མི་ལ་ཡིག་པའི་སྡེ་ཚོགས་རྒབ་འདྲི་དམ་སྲིའི་རིགས་སུ་གྱུར་པ་ཐམས་ཅད་གཟུགས་ལིང་ཀ་འདི་དང་གཉིས་མ་མེད་པར་ཁུག་ཅིག༴ ནྲྀ་དྲི་ཨ་ཀར་ཡ་དཿ ཛཿཧཱུྃ་བམ་དུམཿ ཞེས་བརྗོད་ཅིག་སླར་ཡང་ཧཱུྃ་དངོས་གྲུབ་བར་བདེ་བའི་བགེགས་གདུག་ཅིག་སྡང་སེམས་ལྡན་པ་རྣམ། །ཟུངས་ཤིག་རྒྱབས་ཤིག་རྣོད་ཆིངས་རྟོགས་ཤིག་གྲོགས་དང་བྲ་བར་གྱི་རིགས་པར་ཁུགས་ལ་སྔར་ཆུག་ཅིག ཕོབ་ཅིག་རྣམ་པར་གཉིད་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོམ་བའི་བཀའ་ལ་ཀུན་དར་བྱོས་ཧཱུཾ་སྲི་ལས་དེ་ནི་འབྲི་ཆེ་མེད་སྲི་ལས་དེ་ནི་སྐྱེ་རིངས་མེད། །ན་ནེད་ནི་གཟིར་དུ་ཆེ་གསོན་ཡི་བདུད་དུ་ཆེ་གཤིན་གྱི་ལྕགས་སུ་ཆི། །ཆེ་བྲི་ཆུང་གི་སྲི །མ་སྲི་བུ་ཡི་སྲི་གོར་སྲི་སྒོས་ཀྱི་སྲི། རྣལ་འབྱོར་བཀའ་ལས་འདས། །སྲི་རྣམས་དེ་ནི་འདུལ་བའི་ཕྱི་མཚོན་ཆ་དཔག་མེད་ཚོགས་ཀྱི་བརྒན། མྱུར་དུ་ཁུང་ཤིག་སྲུང་མའི་ཚོགས་དམ་སྲི་མནན་པའི་དུས་ལ་བབས། ཞེས་བརྗོད་ཅི་གྱི་དམ་གང་ཡིན་ཡི་སྔགས་དང་། དྲག་སྔགས་སོ་ལྔ་བ་ཡང་བཀླ་བཞིན་ཧཱུྃ་དམ་སྲི་བྱ་བའི་སྡིག་ཅན་ཁོད་སྲི་ཅན་རྡུལ་དུ་བལག་པའི་ཕྱི་རྡོ་རྗེ་རིགས་ཀྱི་ཕུར་གདབ་བྱ་མ་མོ་རྣམས་ལ་མཆོད་ལ་འཕུལ། །ཕོ་ཉའི་ཚོགས་ལ་བསྟ་པར་བྱ། །མཚོན་ཆ་རྣམས་ཀྱི་བརྩེ་མོ་བརྣར ཡེ་ཤེས་མནོ་རྣམས་དབལ་གྱིས་བསང་སུངས་ཀར་མདའ་ཡི་ འབེན next hit་དུ་བཙུགས་དུག་ཁག་ཆུ་ཡི་སྲོག་ལ་བབ་ལྕགས་ཕྱི་ལྕངས་ཕྱི་འཚུབས་མ་འཚུབས། །རཀྟ་ཁོལ་མའི་རྣ་ལ་གྱིང་བྱི་མ་སྐྱེ་ཆིའི་ནོར་བ་འབིབ། །ཁྲམ་ཆུང་ཚོགས་ཀྱིས་སྲོག་བཅ་ཆད་ཕོ་ཉ་རོལ་བས་རྟ་བྲི་བརྒྱུང་ཞེས་དང་ས་དང་རྡོ་ཡི་བྱིན་ན་བཞིན་འདི་སྐ་དམ་ཧཱུྃ་བྷྱོ་དམ་སྲི་བྱ་བའི་རིག་ཅན་ཁྱད་ཆུ་རིག་བདག་པོའི་ཁ་རུ་བཏབ་གྲི་ཐོགས་སྟོང་གིས་བསྐོར་བ་བཛག་རིན་ཆེན་དེའི་འོག་རུ་མནན་གསེར་རི་བདུན་གྱི་བསྐོར་ནས་བཞག་རྒྱ་མཚོ་ཆེན་པོའི་གཏི་དུ་བསྒྱུར་རོལ་མཚོ་བདུན་གྱིས་བསྐོར་ནས་བཞག་གནམ་ལྕགས་འཁོར་ལོའི་རྩི་ནས་ལ་བསྐྱོན་མཚོན་ཆའི་ཚོགས་ཀྱ་ིབསྐོར་ནས་བཛག་ཁྲོམ་རྒྱལ་རྣམས་ཀྱི་ཞལ་དུ་བསྟ་ནས་ནག་པོ་སྟོག་གིས་བསྐོར་ལ་བཞག་བསྟེང་བྱེད་མི་ཡི་དཀྱིལ་དུ་བསྟིགས་མི་དཔུང་འབར་བས་བསྐོར་ན་ཡི་དམ་སྲི་རྣམ་སྨིན་ལས་ཀྱི་བཙོན་རར་ཚུད་བསྐལ་པ་ཟག་ཀྱང་ཐར་མི་འཇུར་ཆུ་སྲིན་གདུག་པའི་ཧུ་མོ་ཁུང་དུ་རིན་ཆེན་ནོར་བུ་ཆུད་པ་ལྟར་མཐའ་ཀྱི་རྒྱ་མཚོ་སྐོམ་ཀྱང་མི་གཏོག་ངོ་། ཉི་ལ་ཐང་ལ་ལྟུང་ཡང་མི་བཏོག་རི་རབ་ཆེན་པོ་རིལ་བུ་ཡང་མི་བཏོང་། །རྣལ་འབྱོར་དངོས་གྲུབ་མ་ཐོབ་པར་དམ་སྲི་ཐར་མེད་ལས་ཀྱི་བརྩོན་རར་ཚུད། མནར་མེད་བཙོན་ཁང་ནག་པོའི་གནས་སུ་ཚུད་ཅེས་བརྗོ་ལ་མེ་ཆུའི་རྒྱས་གདབས་ཤིང་སྟིང་དུ་རོ་ག་ཡོ་ལ་རྡོ་རྗེ་རྒྱ་གྲ་དག་རི་རབ་སྲིལ་ལ་མནན་ལ་གཞུ་གང་ཡིག་ཀྱིས་བྲོ་བརྡུང་བྱས་པས་འཐུས་སོ། །ཛེས་པ་འདི་ཡང་ཡབ་རྗེ་སྤྲུལ་པའི་སྐུའི་བཀའ་བཞིན་ཀུན་བཞག་གཞན་ཕན་གྱི་སྤྲེལ་བའི་ཡི་གེ་ས་ནི་བུ་དྷ་ཕ་ལས་བགྱིས་པའི་དགེ་བས་སྦྲུབ་པ་པོ་རྣམས་ལ་དབའ་བྲིའི་གནོད་པའི་མི་ཚུག་པ་བའི་རྒྱུན་གྱུར་ཅིག་གུ་དགེའོ། །འབྲིས་རྣམ་དག་ཆར་རྒྱུན་ཞི་བ་བཞུ། ཀ་དག་ལ་མ་དག་དྲིས་དབེན་ཀྱང་ཿ ཁ་དོག་ལྔར་གཟུང་འཛིན་ཤོར་བའི་གྲིབཿ ག་དར་གྱི་མོ་ལོང་གཡས་གོས་བཞིནཿ ང་བདག་གིས་དབང་གྱུར་ཉེས་ཚོགས་གྲིབཿ ཅ་རེ་ཡི་ལིག་མཚོའི་རྡུལ་བས་ལྟརཿ ཆ་མེད་ཀྱི་ཆོས་ཉིད་ཀློང་དུ་བསངས༔ ཇ་དར་དང་ལོངས་སྤྱོད་ནོར་གྱི་གྲིབཿ ཉ་ཉུང་སོགས་བཟའ་བཏུང་དམན་མཆོག་གྲིས་ཏ་ལུ་དང་གཡུ་ཤུག་བཟང་ཤིང་དྲིསཿ ཐ་ལམ་གྱི་ནེས་སྦྱོར་མི་གཙང་རིགསཿ ད་ལྟ་འདིར་བསང་བཞིན་དག་པའི་གཟུགསཿ ན་བུན་དཔུང་རླུང་གིས་བསྐྲད་བཞིན་གྱུརཿ པཱ་སམ་གྱི་ཡོངས་སུ་བསྐྱེད་མི་དགེའོ་གྲིབཿ ཕ་མ་སོགས་མཛའ་བཤེས་མཁོན་པའི་གྲིབཿ བ་ལང་ལྟར་ལྦུན་ཞིང་རྨོངས་པའི་གྲིབཿ མ་དག་ཀུན་བསང་གིས་དག་གྱུར་རིགཿ ཙ་མ་ར་ཇི་བཞིན་ཁོངས་དྲོགས་གྲིབཿ ཚ་གྲང་སོགས་འདུ་བ་དཀྱུགས་བྱེད་གྲིབཿ ཛ་ལངས་ཀྱིས་དམ་སྡོམ་ཉམས་ཆག་གྲིབཿ ཝ་ཡ་ཝས་སྤྲིན་ཕུང་གཏོར་བཟིན་བསངསཿ ཞ་ལོང་དང་དམེ་མུག་ནལ་ཡུག་གྲིབཿ ཟ་ཐང་དང་ལོངས་སྤྱོ་ཉམས་བྱེད་གྲིབཿ འ་འོལ་གྱི་གཡོ་ཟོལ་རྫུན་རིས་གྲིབཿ ཡ་ག་སོགས་གྲིབ་རིགས་སྟོངས་གྱུར་ཅིག༔ ར་ཅོ་བཞིན་བདག་འཛིན་གཟོངས་པའི་གྲིབཿ ལ་ལུང་སོགས་གནས་བདག་འཁྲོན་ཏུརགྲིབཿ ཤ་ཆགས་སོགས་བཟའ་བཏུག་འབག་རྩོག་གྲིབཿ ས་གནས་དང་ཡུལ་འབྲོག་ཀིམ་ཡི་གྲིབཿ ཧ་ལ་ལྒ་ངོ་བོས་སྟོང་པའི་དབྱིངསཿ ཨ་ཏི་ལ་བདག་མེད་ཨ་ལ་ལཿ ཧ་རི་ཡི་དྲིས་བགོས་ཀྲང་འཐུང་བཞིནཿ ཨ་དོན་ནོར་གཙང་རྩོག་རོ་གྱུར་ཅིགཿ དགེ་བ་འདིས་མཐའ་ཡས་འགོར་ཀུན་གྱིཿ མཐའ་ཡས་པའི་ཉེས་ཚོགས་ཡོངས་དག་མཁརཿ མཐའ་ཡས་པའི་ལེགས་ཚོགས་འོད་སྟོང་དལཿ མཐའ་ཡས་པའི་བསྐལ་པ་ནུས་མེད་ཤོགཿ ཅེས་པའི་གྲིབ་བསང་རྣམ་དག་ཆར་རྒྱུན་འདི་ནི་རྣ་འབྱོར་པ་ཀུན་བཞང་གཞན་ཡན་ས་དབྱིངས་རིག་མཁའ་འགྲོ་གཙོ་བོས་རྩ་བཞིན་སྤེལ་བའི་ཡི་ག་ས་ནི་རང་སློབ་སྙན་གྲགས་ཀྱིས་བགྱིས་པའི་དག་བས་འགྲོ་རྣམས་མ་རིག་འཁྲུལ་བའི་བྱིང་འཐིབས་སངས་པའ་ིམཁར་ཡི་ཤེས་གྱི་ཉི་མ་འཆར་བའི་རྒྱུར་གྱུར་ཅིགཿ


previousམཁན་ཆེན་ར་ག་ཨ་སྱས་མཛད་པའི་དྲག་པོའི་ལྕགས་འདུལ་ལས་འདུལ་དཀར་ལྦ་གྲུད་བཏང་བའི་དོན་བསྡུས་པ་ཐར་བའི་མམ་མཆོགnext