Nitartha Digital Library
Tibetan
༄༅། །དམ་ཆོས་དྲན་པ་ཉེ་བར་བཞག་པ་བཞུགས།

6 occurrences of ཁྲོལ་བུ་
[Clear Hits]


 


6 occurrences of ཁྲོལ་བུ་
[Clear Hits]

 
no previousno next

(༡)༄༅། །དམ་ཆོས་དྲན་པ་ཉེ་བར་བཞག་པ་བཞུགས།

(༢)༄༅། །དམ་པའི་ཆོས་དྲན་པ་ཉེ་བར་བཞགས་པའི་མདོའི་དོན་སྣང་བར་བྱེད་པའི་ཚིག་ལེའུར་བྱས་པ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་འཕགས་པ་ཉན་ཐོས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཡེ་ཤེས་སྣང་བའི་དཀྱིལ་འཁོར་རབ་རྒྱས་ཤིང་། །ཤེས་བྱའི་གནས་ལུག་གསལ་བའི་འོད་འཕྲོ་བ། །གཏི་མུག་མུན་པའི་ཚང་ཚིགས་རབ་ཏུ་སེལ། །རྒྱལ་དབང་ཉི་མ་དེ་ལ་ཕྱག་འཚལ་ལོ། །བདག་ཏུ་ལྟ་བའི་མུན་པ་རབ་སེལ་ཅིང་། །འཁོར་བའི་འདམ་རྫབ་རབ་ཏུ་སྐེམ་བྱེད་པ། །དམ་ཆོས་དྲན་པ་ཉེར་བཞག་འོད་ཟེར་ནི། །སྤྲོ་བར་བྱ་ཕྱིར་བསྟན་བཅོས

(༣)༄༅། །འདི་བརྩམ་མོ། །ཐམས་ཅད་་མཁྱེན་པ་བཅོམ་ལྡན་འདས། །རྒྱལ་པོའི་ཁབ་ཏུ་བཞུགས་པ་ན། །སེམས་ཅན་རྣམས་ལ་ཕན་བཞེད་པ། །མདོ་འདི་རབ་ཏུ་གསལ་བར་མཛད། །ཁམས་གསུམ་རབ་ཏུ་འཁོར་བ་ཡི། །འགྲོ་འདི་སེམས་ཉིད་མ་རྟོགས་པས། །དོན་དམ་སེམས་ཅན་བདག་རྣམས་རིག །སྣང་བའི་རྣམ་པར་ཤེས་པ་ནི། །ཡང་དག་མ་ཡིན་ཀུན་རྟོགས་ལས། །བྱུང་སྟེ་བཟུང་དང་འཛིན་པ་ནི། །མེད་བཞིན་བདག་དང་གཞན་དུ་འཁྲུལ། །འདི་ནི་སྲིད་པའི་རྩ་བ་ཡིན། །དོན་འདི་གསལ་བར་བྱེད་པ་གང་། །ཆོས་དང་ཆོས་མིན་

(༤)ཚུལ་བཞིན་དུ། །ཐོས་བསམ་བསྒོམ་པའི་ཤེས་རབ་ཀྱིས། །མོས་བྱ་རྟོག་བྱ་མངོན་དུ་བྱ། །དེ་ལ་ཐོག་མར་དྲན་པ་ཡིས། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །རྒྱུ་དང་འབྲས་བུས་རབ་ལྡན་པ། །བརྟག་བྱ་ཟག་བཅས་ཟག་མེད་ཉིད། །འོད་དང་གཟུགས་དང་གཟུགས་མེད་ཉིད། །ཉོན་མོངས་ཟག་པ་རག་པ་དང་། །རག་པ་བཅོམ་དང་བག་ལ་ཉལ། །བསམ་གཏན་བཅས་པ་གོ་རིམ་བཞིན། །ཟག་མེད་འཇིག་རྟེན་འདས་པ་ཡི། །ཐབས་དང་ཤེས་རབ་ཀྱིས་ཟིན་པའོ། །ཐོག་མར་དགེ་དང་མི་དགེ་ཡི། །ཚུལ་ལ་རབ་ཏུ་རྟག་པར་བྱ། །སྲོག་གཅོད་མ་བྱིན་ལེན་པ་དང་། །འདོད་ལོག་ལུས་ཀྱི་ལས་གསུམ་སྟེ། །རྫུན་དང་ཕྲ་མ་ཚིགས་རྩུབ་དང་། །ངག་འཁྱལ་ཞེས་བྱ་ངག་ལས་བཞི། །བརྣབ་སེམས་གནོད་སེམས་ལོག་པར་ལྟ། །ཡིད་ཀྱི་གསུམ་མོ་མི་དགེ་བཅུ། །འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི། །བསྐྱེད་པའི་ལས་ནི་བསྡུས་པ་ཡིན། །རྒྱུ་དང་ངོ་བོ་དབྱེ་བ་དང་། །འབྲས་བུས་རྣམ་པ་བཞིར་ཤེས་བྱ། །རྒྱུ་ནི་ཐོགས་མེད་བག་ཆགས་ཀྱིས།

(༥)༄༅། །འདུ་བྱེད་ལས་རྣམ་བསགས་པ་ཅན། །བདག་དང་གཞན་འཛིན་པ་ཡི། །རྐྱེན་གྱིས་ཉོན་མོངས་བདག་ཉིད་དོ། །སྲོག་གཅོད་པ་ཡི་ངོ་བོ་ནི། །མཚོན་ཆ་དུག་དང་སྔགས་སོགས་ཀྱིས། །སྲོག་གི་དབང་པོ་ཕྲལ་བའོ། །དེ་ཡི་དབྱེ་བ་རྣམ་པ་དགུ། །ཕ་མ་དགྲ་བཅོམ་གསོད་ཆེན་པོ། །ལམ་གནས་གསོད་པ་འབྲིང་པོ་སྟེ། །དུད་འགྲོ་གསོད་སོགས་ཆུང་བ་ཡིན། །བྱས་ཟིན་བྱེས་དང་བྱེས་འགྱུར་གྱི། །དུས་ཀྱི་དབྱེ་བ་རྣམ་པ་གསུམ། །འདོད་ཆགས་ཞེ་སྡང་གཏི་མུག་གི །ཉོན་མོངས་རྐྱེན་བྱས་རྣམ་པ་གསུམ། །ཕན་པར་བྱེད་པའི་སྨན་བྱིན་དང་། །ལམ་ཞུགས་མེ་འབར་ཕན་སེམས་ཀྱིས། །བརྡེག་དང་མི་འདོད་མཚོན་ཏུང་བ། །དེ་དག་རྣམས་ནི་སྡིག་མི་འགྱུར། །མ་བྱིན་ལེན་པའི་ངོ་བོ་ནི། །ཕ་རོལ་བདག་གི་བྱས་པའི་རྫས། །རྐུ་བའི་སེམས་ཀྱི་བླངས་པའོ། །དངོས་དང་ཐབས་ཀྱིས་ལེན་པ་དང་། །མ་མཐོང་ལེན་པ་རྣམ་པ་གསུམ། །གཞན་ནི་སྲོག་གཅོད་སྐབས་

(༦)བཞིན་ནོ། །འདོད་པའི་ལོག་པར་གཡེམ་པ་ནི། །བདག་གམ་གཞན་གྱི་ཆུང་མ་ལ། །གནས་མ་ཡིན་པར་སྤྱོད་པའམ། །ཚུལ་ལྡན་ཕལ་ལ་ཕྱོགས་མཐའ་བཅས། །དབྱེ་བ་རྣམ་པ་གསུམ་དུ་བརྗོད། །ཉོན་མོངས་དབྱེ་བ་ཅི་རིགས་སྦྱར། །རྫུན་ནི་བདག་གཞན་བསླུ་བྱེད་པའི། །ངག་གི་རྣམ་པ།།། །བླ་མའི་རྫུན་དང་ཕལ་པ་དང་། །ཞར་ལ་བརྗོད་པ་གསུམ་དུ་བརྗོད། །ཕྲ་མ་མཐུན་པ་འབྱེད་པའི་ངག །ཕུལ་དང་བསམ་།།།ཡི། །དབྱེ་བ་རྣམ་གསུམ་བདག་ཉིད་ཅན། །ཚིགས་རྩུབ་བདག་གཞན་གདུང་བ་ཡི། །ངག་སྟེ་དབྱེ་བ་སྔ་མ་བཞིན། །འཁྱལ་བའི་ཚིགས་ནི་འབྲལ་མེད་དུ། །བརྗོད་པའོ་ཡུལ་དང་བསམ་སྦྱོར་གྱི། །ཉོན་མོངས་ཅན་ཉོན་མོངས་ཆུང་། །བདུན་པོ་འདི་རྣམས་སྦྱོར་བ་དང་། །དངོས་རྗེས་རྫོགས་པའི་ལྗི་བ་སྟེ། །གཉིས་འབྲིང་གཅིག་ནི་་འབྲས་བུས་ཡང་། །བརྣབ་སེམས་གཞན་གྱི་ཕུན་ཚོགས་ལ། །གདུང་བར་བྱེད་པ་ཆགས་པ་སྐྱེད། །གནོད་སེམས་

(༧)༄༅། །གཞན་ལ་གདུང་བ་ཡི། །བསམ་པ་ཞེ་སྡང་གིས་བསྐྱེད་པ། །བདག་དང་གང་ཟག་ལྟ་བ་དང་། །རྒྱུ་མེད་རྒྱུ་འབྲས་ཁྱེད་གསོད་པ། །ལོག་པར་ལྟ་བ་ཞེས་བརྗོད་དོ། །གཏི་མུག་ལྡན་པ་མ་རིག་པ། །ཆུང་འབྲིང་ཆེན་པོ་དབྱེ་བ་ཡིས། །ཡུལ་དུས་རྣམ་ལ་ཅི་རིགས་སྦྱར། །བྱས་དང་བྱེད་དུ་བཅུག་པ་དང་། །ཡི་རང་དབྱེ་བ་ཀུན་ལ་བརྗོད། །རྣམ་པའི་དབྱེ་བ་དཔག་ཏུ་མེད། །འབྲས་བུས་བྱེད་པ་རྒྱུ་མཐུན་ནི། །གང་གང་བྱ་བ་བྱེད་འདོད་པའོ། །མྱོང་བ་རྒྱུ་མཐུན་རྣམ་སྨིན་གྱི། །འབྲས་བུས་རྒྱ་ཆེར་བཤད་པ་ནི། །རྒྱས་པར་བཤད་པའི་སྐབས་ལས་འབྱུང་། །དབང་འབྲས་ཕྱི་རོལ་ལ་སྣང་སྟེ། །གང་གི་སྟོབས་ཀྱིས་གང་སྐྱེས་པ། །འབྲས་དེ་སྐྱེས་བུའི་བྱེད་ལས་སྐྱེས། །བྲལ་འབྲས་ཞེས་པ་དེ་ཟད་པའོ། །རྒྱུ་རྣམ་སྤྱོད་ཅིང་ཡོངས་རྫོགས་པས། །ངེས་པར་མྱོང་འགྱུར་ལས་ཡིན་ནོ། །སྤྱོད་ཀྱང་དེ་ལ་མི་དགའ་དང་། །མ་རྫོགས་གཉེན་པོས་བཅོམ་པ་གང་། །བྱས་ཀྱང་མྱོང་གྱུར་མིན་ཞེས་བརྗོད། །དངོས་སུ་

(༨)སྤྱོད་པ་མ་ཡིན་ཀྱང་། །འདུན་དང་སྨོན་ཅིང་ཡིད་རང་བར། །བྱེད་པ་མ་བྱས་མྱོང་འགྱུར་ལས། །ཞེས་བྱ་མུན་ནི་རྣམ་པ་བཞི། །མི་དགེ་རྒྱུ་དང་འབྲས་བུར་བཅས། །དེ་ལས་བཟློག་པ་དགེ་བཅུ་སྟེ། །འདུན་དང་རང་བཞིན་སྤྱོད་པ་དང་། །ཡང་དག་བླང་བའི་ཁྱད་པར་གྱི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །བདག་ཉིད་བྱེད་དང་གཞན་འགོག་པའོ། །ཡི་རང་བྱེད་པས་བླ་ན་མེད། །འབྲས་བུས་ཚེ་རིང་ནད་མེད་དང་། །ཕུན་སུམ་ཚོགས་ལ་དབང་བྱེད་དང་། །བུད་མེད་འགྲན་ཟླ་མེད་ཐོབ་ཅིང་། །ཀུན་གྱི་བདེན་པའི་སྔགས་པ་ཐོབ། །མི་བྱེད་པ་ཡི་འཁོར་ཐོབ་ཅིང་། །སྙན་ཅིང་བདེན་པས་ཀུན་ཏུ་སྨྲ། །དོན་དང་ལྡན་པའི་ཚིག་ཐོབ་དང་། །བདག་ཉིད་འབྱོར་ལ་གནོད་གཞན་མེད། །གདུག་ཟླ་མེད་ཅིང་ཀུན་གྱིས་མཆོད། །ཡང་དག་ལྟ་བ་མཆོག་ཐོབ་པ། །སོ་སོས་རྣམ་སྨིན་འབྲས་བུས་ཡིན། །རྒྱུ་མཐུན་ལ་སོགས་སྔར་བཞིན་བརྗོད། །འདོད་པའི་ཕུན་སུམ་ཚོགས་བདེ་བ། །ཆུང་ངུས་ཆུང་ལ་འབྲིང་གིས་འབྲིང་། །ཆེན་པོའི་འཁོར་ལོས་བསྒྱུར་བ་དང་། །

(༩)༄༅། །བརྒྱ་བྱིན་འདོད་པའི་དབང་ཕྱུག་འཐོབ། །རྒྱལ་བ་ཀུན་གྱིས་རབ་བསྔགས་པའི། །ཚུལ་ཁྲིམས་ཟག་མེད་ལྷག་ཅིག་པས། །ཐེག་གསུམ་འབྲས་བུས་འཐོབ་པར་འགྱུར། །དེ་ལྟར་དགེ་དང་མི་དགེ་བ། །འདོད་པའི་ཁམས་ལས་མ་འདས་ཕྱིར། །བློ་ལྡན་འདོད་ལས་ངེས་འབྱུང་ཕྱིར། །མ་ཆགས་སྦྱིན་ལ་བརྩོན་བྱས་ནས། །ཚུལ་ཁྲིམས་བག་བརྟེན་བག་ཡོད་པ། །དབེན་པར་བསམ་གཏན་འཇིག་རྟེན་པ། །འཐོབ་བྱེད་ཐབས་ལ་སེམས་པར་བྱེད། །དེ་ཡང་ཡུལ་དྲུག་སྣང་བ་དང་། །དབང་པོ་དྲུག་དང་རྣམ་ཤེས་ཀྱི། །ཁྱད་པར་རྟོགས་ཅིང་དཔྱོད་པ་ནས། །བདེ་དང་སྡུག་བསྔལ་བཏང་སྙོམས་དང་། །རྟོགས་པ་བཅོ་བརྒྱད་མཐོང་གྱུར་ནས། །ས་གཞན་ལ་ཡང་འཇུག་པར་འགྱུར། །དེ་ནས་ཚོར་བ་ཐམས་ཅད་ཀྱི། །གནས་ལ་མངོན་པར་རྟོགས་པར་བྱེད། །ས་ཆུ་མེ་རླུང་ནམ་མཁའ་དང་། །རྣམ་པར་ཤེས་དང་ཁམ་དྲུག་པོ། །ཕྱི་ནང་ནང་དུ་སྣང་བ་དག །བྱེད་པོ་མེད་ལ་རང་གི་ཡང་། །མཚན་ཉིད་འཛིན་

(༡༠)པར་བྱེད་མཐོང་ནས། །ཀྱེ་མ་འགྲོ་བའི་ཚོར་བ་ནི། །བདེ་ལ་ཆགས་ཤིང་སྡུག་བསྔལ་ལ། །ཞེ་སྡང་བཏང་སྙོམས་མ་རིག་པས། །ཀུན་ཏུ་འཆིང་བར་བྱེད་པར་འགྱུར། །ཡང་ནི་ས་གཞན་རིམ་འཇུག་འགྱུར། །རེག་པའི་རྐྱེན་གྱི་ཚོར་བ་སྟེ། །ཚོར་བ་རྟག་མིན་བདེན་པ་མིན། །བཏང་སྙོམས་ལ་བརྟེན་རྟོག་པ་དག །རབ་ཏུ་སྦྱང་ནས་བསམ་གཏན་དང་། །གཟུགས་མེད་བཞིར་བཅས་རབ་ཏུ་རྟོག །དེ་ཡིས་ཁམས་སུམ་སྲེད་ལེན་དང་། །སྲིད་པ་མངོན་དུ་རྟོགས་པར་བྱེད། །དེ་གནས་སྐྱེ་མཆེད་བཅུ་གཉིས་དང་། །ཕུང་པོ་ལྔ་པོ་སྣང་བ་ཀུན། །འདུ་བྱེད་རྐྱེན་གྱིས་རྣམ་པར་ཤེས། །འདུ་ཤེས་ཚོར་བ་རབ་སྣང་བ། །སྐད་ཅིག་སྐྱེ་འགག་བྱེད་མཐོང་གྱུར། །དེ་ལྟར་མིང་གཟུགས་བཅས་པ་འདི། །མ་རིག་རྐྱེན་གྱིས་འདུ་བྱེད་ཅེས། །ཁམས་གསུམ་ཀུན་ཏུ་མཐོང་གྱུར་ནས། །དེ་ལ་བརྟེན་ནས་འདུས་བྱས་ཀྱིས། །ལས་ཀུན་མངོན་དུ་རྟོགས་འགྱུར་ཏེ། །ཀུན་གཞི་རྐྱེན་གྱི་རྣམ་ཤེས་ཏེ། །ཡིད་ནི་

(༡༡)༄༅། །ཉེ་བར་སྤྱོད་པ་ཅན། །དེ་ལས་ཉེར་སྤྱོད་ཚོར་བ་སྟེ། །ལོངས་སྤྱོད་འདུ་ཤེས་ཉིད་ཡིན་ནོ། །རྣམ་ཤེས་འཇུག་པའི་རྐྱེན་བྱེད་གང་། །འདུ་བྱེད་སེམས་འབྱུང་བཅས་པ་ཡིན། །ཀུན་གཞི་ལ་གནས་མ་རིག་པས། །ཡང་དག་མཐོང་ལ་སྒྲིབ་པར་བྱེད། །འདུ་བྱེད་ལས་ཀྱི་བག་ཆགས་རྣམས། །འཇོམས་བྱེད་དེ་བཞིན་རྣམ་ཤེས་ཀྱི། །ཁམས་གསུམ་སྐྱེ་བའི་གནས་བྱིན་བྱེད། །མིང་གཟུགས་འབྲེལ་པས་ལས་འཛིན་ནོ། །སྐྱེ་མཆེད་དྲུག་གི་རྫོགས་བྱེད་དེ། །གསུམ་བདུས་གཅོད་པ་རེག་པའོ། །ཚོར་བའི་ཉེ་བར་དཔྱོད་བྱེད་པ། །སྲིད་པའི་སྲད་པས་སྡུད་པར་བྱེད། །ལེན་པས་སྐྱེ་བ་སྦྱོར་བ་སྟེ། །མངོན་དུ་ལས་ཀྱི་རྣམ་སྨིན་རྣམས། །ཉེ་བར་བསྒྲུབ་བྱེད་ཤེས་པ་ཡིན། །དེ་ལྟར་ལས་ཆོས་རྣམ་པར་སྨིན། །རྟོག་པའི་རྣལ་འབྱོར་སྤྱོད་པས་ནི། །ཁམ་གསུམ་སེམས་དང་སེམས་འབྱུང་ཀུན། །དཔེར་ན་རི་མོ་མཁན་བཞིན་དུ། །ཁམས་གསུམ་སྣང་བའི་བྲི་གཞི་ལ། །སེམས་

(༡༢)ཉིད་རི་མོ་མཁན་གྱི་ནི། །འདོད་ལ་དམིགས་ཤིང་ཉེར་ལེན་པས། །འདོད་ཁམས་གཟུགས་ནི་ཉེ་ཤུ་བྲི། །གཟུགས་ཁམས་ལ་དམིགས་བསམ་གཏན་བཞིས། །བཅུ་གཉིས་འབྲིའོ་རྣམ་ལྔ་གཞན། །དེ་བྲལ་སྙོམ་འཇུག་བཞི་ཡི་ནི། །སྲེད་པས་གཟུགས་མེད་བསྒྲུབས་པ་ཡིན། །ལུས་སྣང་ཚོན་རྩིའི་སྣོད་བཞིན་ཏེ། །ཡུལ་ནི་ལྔ་པོ་ཚོན་རྩི་བཞིན། །འདུ་བྱེད་རྩོན་འགྲུས་ལག་པ་ཡིས། །དབང་པོ་དྲུག་གི་པིར་བཟུང་སྟེ། །དཀར་པོ་དགེ་བའི་ཚོན་གྱིས་ནི། །ལྷ་གནས་ཕུན་གསུམ་ཚོགས་པ་བྲི། །དམར་པོ་ཆག་བཅས་ལྷ་མི་ཡི། །གཟུགས་བྲི་སེར་བོ་དུད་འགྲོ་སྟེ། །སྔོན་པོ་ཡི་དྭགས་བྲི་བྱེད་ཅིང་། །ནག་པོས་དམྱལ་བའི་གཟུགས་བྲིའོ། །གཞན་ཡང་སེམས་ཉིད་རེ་མོ་མཁན། །མཉེས་པའི་མཐོ་རིས་བྲི་བྱེད་དེ། །མ་མགུས་འཁྲོས་པའི་ངན་སོང་ལ། །བར་མས་འདྲོས་མ་བྲི་བ་ཡིན། །དགེ་དང་མི་དགེ་བདག་གི་ལས། །རང་གི་བྱས་པའི་ལས་ཀུན་གྱི།

(༡༣)༄༅། །འབྲས་བུས་ངེས་པར་མྱོང་འགྱུར་ཏེ། །ལུས་ཅན་རྣམ་དང་འབྲེལ་བ་ཡིན། །ཉོན་མོངས་པ་ནི་དང་པོར་མངར། །རྣམ་པར་སྨིན་པ་ཚ་བ་ཡིན། །དེ་དག་དོན་མེད་བྱེད་པས་ན། །དུག་དང་འདྲ་བ་སྤང་བར་བྱ། །ཉོན་མོངས་དབང་དུ་མི་འགྲོ་ཞིང་། །ཡེ་ཤེས་དབང་དུ་འགྲོ་བྱ་སྟེ། །ཡེ་ཤེས་ལྡན་པ་ཚེ་འདི་དང་། །ཕ་རོལ་དག་ཏུ་བདེ་བ་འཐོབ། །དྲན་པ་ཉེ་བར་བཞག་པའི་ཆོས་དོན་སྣང་བར་བྱེད་པའི་ཚིགས་ལེའུར་བྱས་པ་ལས། །རྒྱུ་འབྲས་ཀྱི་མདོར་བསྟོན་པ་སྟེ་དང་པོའོ།། །།ཁམས་གསུམ་སྲིད་པའི་འཁོར་ལོ་ནི། །རྒྱུ་་ལྔ་དག་ཏུ་རབ་ཏུ་འཁོར། །དེ་ལ་དམྱལ་བ་ཚ་གྲང་དང་། །ཉི་རྩེ་ཞེས་བྱ་རྣམ་པ་གསུམ། །ཚ་བ་ཡང་སོས་ཐིག་ནག་དང་། །བསྡུས་གཞོམ་ངུ་འབོད་ངུ་འབོད་ཆེ། །ཚ་དང་རབ་ཏུ་ཚ་བ་དང་། །མནར་མེད་ཅེས་བྱ་བརྒྱད་དུ་བཤད། །ཀུན་ལ་ལྷག་པའི་འཁོར་བཅུ་དྲུག །མི་དགེ་ཆེན་པོ་སྤྱད་པའི་རྒྱུས། །སྲད་པའི་བསླུས་ནས་རབ་ཏུ་སྐྱེ། །དེ་དག་རྣམ་པར་བཤད་པར་བྱ། །ཡང་སོས་གཙོ་བོར་

(༡༤)སྐྱེ་བའི་རྒྱུ། །སྲོག་གཅོད་ཉིད་དོ་ཚུལ་ལྡན་མི། །གསོད་ཅིང་འགྱོད་པ་མི་བྱེད་ན། །སྡུག་བསྔལ་མ་ལུས་མྱོང་བར་འགྱུར། །མི་གཙང་འདོམ་དང་ལྕགས་ཀྱིས་བསྒྱུར། །སྣོད་གཙོ་གནོད་པ་མ་ཞི་དང་། །མུན་པ་ཀུན་ཏུ་མི་དགའ་བ། །ཚོར་བ་བདེ་དང་ནད་ཐམས་ཅད། །མཚོན་འབབ་གནོད་པ་དྲག་པོ་དང་། །ནེ་ལེ་ནག་འདྲ་གཞན་གྱུར་དང་། །སྡུག་བསྔལ་གྱིས་གནོད་པདྨའི་ཕྲེང་། །མཚེའུ་དང་གནོད་པ་མཐོ་བ་སྟེ། །ཡང་སོས་འཁོར་ནི་བཅུ་དྲུག་ཡིན། །དེ་དག་སོ་སོར་འགྲོ་བའི་རྒྱུ། །བྱ་ཁྲ་བརྒྱ་དང་གདོས་སོགས་ཀྱིས། །སྲོག་ཆགས་གསོད་པར་བྱེད་པ་དང་། །ཉོ་ཚོང་ཕྱིར་ནི་དུ་འགྲོ་གསོད། །ཟས་ཕྱིར་སྲོག་དང་འཚོགས་པ་དང་། །འཆིང་དང་བརྡེག་པ་ལ་སོགས་པ། །གནོད་པ་དུ་མས་གསོད་པར་བྱེད། །རུས་སྦལ་ཕྱུགས་དག་མུན་པར་འཇུག །རྔ་སྒྲ་སོགས་བསྒྲགས་གསོད་པ་དང་། །གནོད་པ་ཚོར་བ་དུ་མ་བྱེད། །དུག་སྦྱིན་ཤན་པ་བྱེད་པ་དང་། །དམག་དཔོན་བྱེད་དང་གཞན་གནོད་བྱེད། །ཐབས་ཀྱིས་གསོད་དང་སྔགས་

(༡༥)༄༅། །ཀྱིས་གསོད། །མཚོན་ཆའི་འཁྲུལ་འཁོར་དེ་བཞིན་དུ། །གསོད་པར་བྱེད་པ་བསྒྲུབ་པའོ། །ཡང་སོས་གནས་ནི་ལྕགས་ཀྱི་ར་བ་དུ་མ་དང་། །མཚོན་ཆའི་ནག་ཚལ་རོ་ཉེ་མི་གཙང་འབབ་ཆུ་ལྡན། །དེར་སྐྱེས་ཕན་ཚུན་གསོད་པའི་སེམས་དང་རབ་ལྡན་པའི། །གཏུབ་གཤེག་མི་བཟད་སྡུག་བསྔལ་མྱོང་ནས་ཡང་སོས་འགྱུར། །མི་གསལ་འདམ་དུ་སྲིན་བུས་ཟ་ཞིང་གཤེད་པོས་གསོད། ལྕགས་ཀྱི་ར་བར་མཚོན་ཆའི་ཆར་གྱིས་རབ་ཏུ་གཏུབས། ལྕགས་ཀྱི་རྔ་ཆེན་མེ་འབར་ནང་དུ་འཚོད་པར་བྱེད། །ལ་ལ་གནོད་པ་དུ་མས་གཙེ་ཞིང་གཞན་དག་ནི། །མུན་ནག་ནང་དུ་མེ་འབར་རི་ཡི་ཀུན་ཏུ་བཙིར། །རབ་འཇིགས་སྒྲ་སྒྲོགས་སེམས་ཅན་ཀུན་གྱི་ཟ་བར་བྱེད། །བ་ཚ་མེད་དང་མཚོན་གྱི་ཚོར་བ་དུ་མས་ཉེན། །ནད་རྣམས་ཀྱིས་ཉོན་གཞན་དག་མཚོན་ཆའི་རབ་ཏུ་དམྱལ། །གཤིན་རྗེ་རྣམས་ཀྱིས་གནོད་པ་དུ་མས་བསྣུན་པར་བྱེད། །ནེའུ་ལེ་ནག་ལྟར་མེ་འབར་

(༡༦)ལུས་ལ་དུད་པས་ཁྱབ། །བཀྲེས་པས་གཞན་གྱུར་སྡུག་བསྔལ་དུ་མས་རྣམ་པར་གཙེབ། །པདྨ་ལྟར་གས་ལུས་ཀུན་ཁ་དང་བྱ་རྒོད་ཟ། །ཟངས་ཞུན་མཚེའུར་རབ་ལྷུང་ཆོ་ངེ་རབ་ཏུ་འབྱིན། །མཚོན་ཆའི་ལམ་དུ་ཤ་དང་རུས་པ་དུམ་བུར་བྱེད། །དེ་སོགས་སྡུག་བསྔལ་དུ་མ་རབ་ཏུ་འཁྲུག་པ་མྱོང་། །མཚོན་གྱི་རེག་སོགས་མི་ཡི་ལུས་ལས་བཅུ་འགྱུར་ཡིན། །དེ་ལས་ཐར་ཀྱང་ཚེ་ཐུང་ནད་རྣམས་ཀྱིས་གཙེས་ནས། །སྲོག་དང་བྲལ་བྱེད་མི་ཁམས་གཞན་དང་མཚུངས་པར་འགྱུར། །དེ་ལྟར་དེ་དག་རྣམས་ཀྱི་ཚེ། །རང་གི་ལོ་ན་ལྔ་བརྒྱ་སྟེ། །མི་ལེ་བྱེ་བ་ཕྲག་འབུམ་དང་། །དྲུག་ཁྲི་ཉིས་སྟོང་རྣམས་ཡིན་ནོ། །རྒྱུ་ནི་རྫོགས་དང་མ་རྫོགས་པས། །དུས་མིན་འཆི་བ་ཡོད་པའོ། །དེ་ནས་གཉིས་པ་ཐིག་ནག་ནི། །སྲོག་གཅོད་མ་བྱིན་ལེན་པ་གཉིས། །སྤྱད་ལས་བྱུང་སྟེ་གཙོ་བོ་ནི། །སྲོད་གཅོད་རྒྱུ་འབྲས་སྔ་མ་བཞིན། །ཁྱད་པར་མ་བྱིན་ལེན་པ་ནི། །དཀོན་མཆོག་བླ་མ་དགེ་འདུན་དང་། །ནད་པ་སྡུག་

(༡༧)༄༅། །འཕོང་རྣམས་ཀྱིས་རྫས། །རྐུ་ཞིང་གཞན་ཀྱང་སྦྱོར་མེད་ན། །སྡུག་བསྔལ་མ་ལུས་མྱོང་བར་བྱེད། །དེ་འཁོར་རོ་མྱག་ཕྱི་མའི་འདམ། །རལ་གྲི་ཚལ་དང་ཤལ་མ་རི། །ཆུ་རླུང་རབ་མེད་སྤུ་གྲི་ཚལ། །རྨོངས་དང་རབ་ཏུ་རྨོངས་པ་དང་། །སྲེད་པ་ཅན་དང་སྲེད་པའི་ཉེན། །ཟངས་ཁུ་འཐུངས་དང་ཐུ་ལུམ་ཟ། །སྲེད་པ་མི་བཟད་མུན་པ་ཅན། །རབ་ཏུ་མི་ཟད་བྱ་རྒོད་འཇིགས། །དེ་རྣམས་རྒྱུ་ནི་སྲེད་དབང་གི །དད་ལྡན་ལོངས་སྤྱོད་འཕྲོག་བྱེད་དང་། །དགེ་འདུན་ལོངས་སྤྱོད་བདག་གིར་བྱེད། །ནོར་ཀུན་འཕྲོག་དང་བུ་སྨད་ཕྱིར། །ཆུ་འགྲམ་འཇོམས་དང་ནོར་ཕྱིར་བསྣུན། །ཐབས་ཀྱི་རྐུ་དང་སྡིག་ཤིང་འཕྲོག །ཞེ་སྡང་གིས་འཕྲོག་བདག་གིས་བྱེད། །བཟའ་བཏུང་ཁོ་ནའི་ཕྱིར་ལེན་དང་། །ལྟ་ནང་སྟོན་ཅིང་དེས་ཚིམ་བྱེད། །མུན་ཁྲོད་མ་བྱིན་ལེན་པ་དང་། །བག་མེད་དཀོར་ལ་བདག་གིར་བྱེད། །རྒྱལ་ཁམས་དོན་ཕྱིར་བཀྲེས་སྐམ་གྱི། །མི་

(༡༨)རྣམས་ཉན་བྱས་གང་ཡིན་པའོ། །ཐིག་ནག་གནས་ན་ལྕགས་ཀྱི་ས་གཞི་མེ་འབར་སྟོང་། །ལས་ཀྱི་གཤེད་པོ་རབ་འཇིགས་རྣམས་ཀྱིས་ཐིག་བཏབ་ནས། །ཤིང་མཁན་ལྟ་བུ་སོག་ལེ་མེ་འབར་གྱིས་འདྲལ་ཞིང་། །སྟ་རེས་གཞོག་ཅིང་གསོར་གྱི་འབུགས་ལ་ཐོབ་བས་རྡུང་། །སྐྲག་ནས་བྲོས་པས་རོ་ཉེའི་ནང་ལྷུང་རུལ་ཅིང་མྱག །ཕྱི་སའི་ནང་དུ་མར་གོ་ཏའི་འབུག་ཤིང་ཟ། །ལ་ལ་རལ་གྲིའི་ཚལ་དུ་རྒྱུག་པས་ལུས་ཀུན་གཏུབས། །ཤལ་མ་རི་ལ་སྲེད་པས་ཡན་ལག་ཤ་རྒྱུས་གཅོད། །ནོར་དང་ཟས་མཐོང་རྒྱུགས་པས་ཆུ་བོ་རབ་མེད་དུ། །ལྷུང་ནས་ལུས་མྱག་དབང་མེད་ཀྱེ་མ་ཀྱེ་ཧུད་འབོད། །སྤུ་གྲིས་ལུས་ལ་ཆར་ལྟར་འབབ་ནས་ཡིད་གློང་བྱེད། ལྕགས་ལེབ་མེ་འབར་ལུས་ལ་བཀྲིས་ནས་དྲན་པ་ཉམས། །གཤེད་པོས་བརྡེགས་ཤིང་དུམ་བུར་བྱས་ཀྱང་འཆི་མི་འགྱུར། །མེ་འབར་ཕུར་པས་ལུས་རྒྱངས་མཚོན་ཆས་གནད་ཀུན་

(༡༩)༄༅། །གཅོད། །མ་རུངས་ཁྱི་རྣམས་ཀྱིས་བཟུང་ཆམ་ཆོམ་ཟ་བ་དང་། །ཐུ་ལུམ་ཟངས་ཁུ་འབར་བ་ཁར་བླུགས་ནང་ཁྲོལ་སྲེག །ཐག་པས་བཅིངས་ནས་མེ་འབར་མཚོན་ཆའི་ཚལ་དུ་ལྷུང་། །མུན་ནག་ཐིབས་པོ་དུ་བ་ཀུ་བར་འཇུག་པར་བྱེད། །མེ་འབར་མལ་དུ་རོ་ཉེ་འབྱུང་དང་དབང་པོ་རྣམས། །མ་ལུས་འབྱིན་དང་དེ་བཞིན་གཤེད་པོས་སྡུག་བསྔལ་བའི། །ཆད་པ་དུ་མ་མྱོང་འགྱུར་འདི་ནི་བཟོད་པ་མེད། །ཡང་སོས་སྡུག་བསྔལ་བཅུར་འགྱུར་ལས་ཀྱང་ལྷག་པར་འགྱུར། །དེ་ལས་ཐར་ཀྱང་ཡི་དྭགས་འཇིག་རྟེན་རབ་སྐྱེ་ཞིང་། །རིམ་སྐྱེས་ན་ཡང་ལོངས་སྤྱོད་མེད་ཅིང་ནོར་ཉམས་འགྱུར། །འདི་དག་རང་ལོ་སྟོང་ཐུབ་སྟེ། །མི་ལོ་བྱེ་བ་འབུམ་ཕྲག་ནི། །བཅུ་གཉིས་དང་ཡང་བྱེ་བ་ཕྲག །དགུ་ཁྲི་དྲུག་སྟོང་ཉིད་ཡིན་ནོ། །རྒྱུ་བཞིན་སྡུག་བསྔལ་མྱོང་འགྱུར་ཏེ། །ལོངས་སྤྱོད་སྲེད་པས་བསླུས་པ་ཡིན། །བསྡུས་འཇོམས་ཉིད་དུ་སྐྱེ་བའི་རྒྱུ། །ལུས་ཀྱི་ལས་གསུམ་རྫོགས་པ་སྟེ།

(༢༠)ཁྱད་པར་འདོད་ལོག་ལས་བྱུང་བ། །ཚུལ་ཁྲིམས་འཇུག་སྤྱོད་གཅོ་བོ་སྟེ། །དེ་འཁོར་ཚོར་བ་ཚད་མེད་དང་། །འབྲས་བུས་ཨ་ལ་བུད་ལྟར་གཅོད། །གནད་ནས་གནད་གཅོད་ཆེན་པོ་སྟེ། །འཁུམས་པ་དང་ནི་འཇིགས་པ་ལྟར། །ཉམས་ང་གནོད་པ་མི་བཟད་པ། །ཨ་ཙ་ཀྱི་ཧུད་མཆི་རྒྱུན་ཅན། །ཚོར་བ་མཐའ་མེད་ཞེས་བྱ་དང་། །དབང་པོ་འགག་དང་པད་ལྟར་གས། །པདྨ་ཆེ་དང་མེ་ཐབས་དང་། །ར་བ་མཐོང་སྟེ་བཅུ་དྲུག་གོ །དེར་ནི་འགྲོ་བར་བྱེད་པའི་རྒྱུ། །འོས་མིན་བུད་མེད་ལ་གཡེམ་དང་། །ཁ་དང་མི་འདོད་གཞན་དུ་བྱེད། །བྱིས་པས་ངུ་བར་བྱེད་པ་དང་། །ཕྱུགས་ཀྱི་མངལ་དང་སྐྱེས་པ་གཞན། །སྡེ་གཞན་ཐོབ་ནས་གནས་བྱེད་པ། །དུད་འགྲོ་གཞན་དང་མ་སྲིང་དང་། །ཚུལ་འཆལ་ལྷན་ཅིག་སྤྱོད་པ་དང་། །བུད་མེད་དྲན་པས་འདོད་སེམས་བསྐྱེད། །གནས་གཞན་སྤྱོད་དང་ཡི་འོང་འགྲོ། །འདོད་ལ་དམིགས་ཏེ་ཚངས་སྤྱོད་དང་། །སྔོན་གྱི་འདོད་ལ་ཡོང་

(༢༡)༄༅། །སུ་གདུང་། །སྣ་ཚོགས་གཡེང་བའི་འདོད་པ་སྟེ། །རྒྱུ་ནི་བཅུ་དྲུག་དེ་རྣམས་སོ། །དེར་ནི་གཤིན་རྗེས་ཚོགས་ཀྱིས་རབ་ཏུ་གཅེས་བྱས་པས། །ལྷན་ཅིག་འདུས་ཚེ་ལྕགས་ཀྱི་དྲ་བས་སྟེང་ནས་གཡོག །ཐོ་བ་མཚོན་ཆའི་རབ་བསད་དམྱལ་ཅིང་བརྡུང་བར་བྱེད། །ཁྱད་པར་འདོད་ལོག་རྒྱུ་ཡིས་ཤལ་མ་རི་ལ་ནི། །ལས་ཀྱིས་བྱས་པའི་བུད་མེད་མཐོང་ནས་དེར་འཛེགས་པས། །ལུས་ཀུན་གཏུབ་ཤིང་སྡུག་བསྔལ་དུ་མ་མྱོང་བར་འགྱུར། །གཞན་དག་གསལ་ཤིང་མེ་འབར་རོ་སྨད་འབིགས་པར་བྱེད། །ཁར་ནི་ཁུར་བུས་བརྡུང་དང་ལྕགས་ལེབ་འབར་བ་བཀྲིས། །སྡུག་པའི་བུ་ལྟར་སྣང་བའི་སེམས་ལ་གདུང་བར་བྱེད། །ཟངས་ཁུ་འབར་བས་ལུས་ཀྱི་སྨད་རྣམས་བསྲེག་པར་འགྱུར། །ལས་ཀྱི་དུད་འགྲོའི་ཁང་པ་མེ་འབར་ནང་ན་གནས། །མེ་འབར་འཇིགས་པའི་གཤིན་རྗེས་བཟུང་ནས་སྡུག་བསྔལ་མྱོང་། །དབང་པོའི་སྒོ་ཀུན་སྲེད་ཅིང་གཅན་གཟན་རྣམས་ཀྱིས་ཟ། །ཨ་ཙ་སྲིན་བུས་གཡེང་

(༢༢)ཤིང་ཤ་རུལ་བཞིན་དུ་འགྱུར། ལྕགས་རི་འབར་བས་ལས་ཀྱི་ཁ་རྣམས་ཀྱིས་གཏོར་ཅིང་། །ཕྱི་ནང་མེད་པར་རབ་སྲེག་ཚོར་བ་དུ་མས་ཉན། །དབང་པོའི་སྒོ་ཀུན་ཟངས་ཁུ་འདུག་དང་སྲིན་བུས་གང་། །ཟངས་ཀྱི་སྣོད་བཅུག་གཏུན་ཤིང་འབར་བས་རབ་ཏུ་གཟིར། །པདྨ་འདྲ་བའི་མེ་འབར་ནང་བཅུག་ཀུན་ཏུ་དམྱལ། །ལུས་ལ་མེ་ལྕེ་ཅིག་གྱུར་ལྕགས་ཀྱིས་ར་བ་འབར། །མེ་དང་མཚོན་ཆའི་ཆར་གྱིས་རབ་བསྲེག་སྡུག་བསྔལ་མྱོང་། །དེ་ལས་ཐར་ཀྱང་མ་ནིང་རིགས་ཉམས་རྣམས་སུ་འགྱུར། །དེ་ལྟར་འདི་དག་རྣམས་ཀྱིས་ཚེ། །རང་གི་ལོ་ནི་ཉེས་སྟོང་སྟེ། །མི་ལོ་བྱེ་བ་ཕྲག་བྱེ་བ། །ཅིག་དང་བྱེ་བ་སུམ་འབུམ་དང་། །དྲུག་ཁྲི་བརྒྱད་སྟོང་རྣམས་ཡིན་ནོ། །སོ་སོ་ལས་ཀྱི་མཐུ་བཞིན་དུ། །བར་མ་དོར་ནི་འཕོ་བ་ཡོད། །དེས་ན་འབད་པ་དུ་མ་ཡིས། །ལུས་ཀྱི་ལས་རྣམས་སྤང་བར་བྱ། །དེ་ལས་གཞན་ཡང་ངུ་འབོད་ཀྱི། །རྒྱུ་ནི་ལུས་ཀྱི་ལས་གསུམ་དང་། །ཆང་འཐུང་བ་ལས་འབྱུང་བ་སྟེ།

(༢༣)༄༅། །ངུ་འབོད་གཙོ་བོར་སྐྱེ་བའི་རྒྱུ། །ཆང་གི་སྦྱོར་བ་བརྩོན་བྱེད་ཅིང་། །ཚུལ་ལྡན་མཁས་པ་བསམ་གཏན་པ། །ཆགས་གི་མྱོས་པར་བྱེད་པ་ནི། །དེ་ནི་མི་དགེ་གཙོ་བོ་ཡིན། །དེ་འཁོར་སྒྲ་ཆེན་སྒྲ་འབྱིན་དང་། །སྒྲ་ལ་མེ་འབར་མེ་སྲིན་བུ། ལྕགས་ཀྱི་མེ་འབར་གཏུན་ཤིང་དང་། །རྡོ་མེ་ཆར་ལྟར་འབབ་པ་དང་། །འཆི་མེད་ལྕགས་ཚལ་དགོན་པ་དང་། །དེ་བཞིན་རབ་རིབ་ཀུན་རྩགས་དང་། །གཤིན་རྗེས་འཚམས་དགོན་ཤལ་མའི་ཚལ། །ཤལ་མའི་ཚལ་ཆེན་དུད་པའི་ཚལ། །མེ་འདག་དུད་པ་འདྲེས་པའི་ཚལ། །ཀློག་གི་ན་བུན་ཀུན་རྟོག་སྟེ། །དེ་ལྟར་འཁོར་ནི་བཅུ་དྲུག་སྟེ། །སྐྱེ་བའི་རྒྱུ་ནི་མྱོས་བྱེད་ཆང་། །གསོ་སྦྱོང་བླངས་ལ་སྡུད་པ་དང་། །སྡོམ་པ་བླངས་ལ་དང་པོར་བླུད། །དགེ་བསྙེན་ཆང་ཐུངས་ལ་སྦྱར་དང་། །ཆང་ཚང་གཞན་དག་སླུ་བྱེད་པ། །བྱ་དང་དུད་འགྲོ་གསོད་ཕྱིར་བླུད། །གླང་ཆེན་སྤང་ཕྱིར་སླུད་པ་དང་། །བུད་མེད་སླུ་དང་དུག་སྦྱར་ཆང་།

(༢༤)དགྲ་ལ་ལྟུད་དང་རིན་བྱིན་དང་། །ཆང་ཕྱིར་གོས་སོགས་དེ་བཞིན་སྟེར། །བཅོམ་ཕྱིར་སྣ་ཚོགས་ཆང་བྱེད་པ། །རྨོངས་ཕྱིར་བླུད་དང་བུད་མེད་རྣམས། །མྱོས་པར་བྱ་ཕྱིར་ཆང་སྟེར་བ། །ཆོམ་རྐུན་སྲོག་དང་བྲལ་ཕྱིར་དང་། །ཐབས་ཀྱི་སླུ་ཕྱིར་བླུད་པ་དང་། །རྔོན་པ་ལ་སོགས་མགྱོགས་ཕྱིར་བླུད། །རྒྱུ་ནི་དྲུག་ཅུ་བརྗོད་པ་ཡིན། །ངུ་འབོད་ཅེས་བྱ་གནས་དེར་ལྕགས་ཀྱི་ས་གཞི་ལ། །གཤིན་རྗེས་སྐྱེས་ བུ་ཟངས་བསྐོལ་བ་ཁར་བླུགས་ནས། །ངུ་བའི་སྒྲ་འབྱིན་ནང་ཁྲོལ next hit་སྲེག་ཅིང་དུད་པ་འཐུལ། །ལྐོག་མར་ལྷག་ལྷག་སྒྲ་འབྱིན་གནོད་པ་གཞན་ཡང་འབྱུང་། ལྕགས་ཞུན་འབར་བས་ཚིགས་ནས་ཁྲོས་པའི་སླར་ཡང་ལྷུང་། །གཏུན་ཤིང་གིས་བརྡེག་སྒྲ་ཆེར་དུ་ཡང་སླར་ལ་བརྡེགས། །མེའི་ཆར་འབབས་སྐྲ་དང་ལུས་ཀུན་རྩ་བཞིན་བསྲེག །ནད་ཀུན་འཁྲུག་ཅིང་སྲིན་བུས་ལུས་ཀུན་ལྕིག་ལྕིག་ཟ། །ཡན་ལག་མེ་འབར་མཚོན་ཆས་དུ་བུར་བྱེད་པ་དང་། །མེའི་གླིང་གིས་འཇོམས་ཤིང་རྡོ་མེ་ཆར་ལྟར་

(༢༥)༄༅། །འབབ། །འབར་བའི་ཁྱི་ཡིས་འབྲས་བུས་འབྱིན་ཅིང་ཤ་རུས་གཏོར། །འཁོར་ལོ་བསྣུན་ཅིང་ཡན་ལག་མཚོན་གྱི་གཅོད་པར་བྱེད། །ཕྱོགས་ཀུན་མུན་པས་ཁྱབ་ཅིང་གནོད་པ་སྣ་ཚོགས་འབྱུང་། །གཤེད་པོའི་ཡན་ལག་ཤ་རུས་བཅད་ཅིང་གཤེགས་པར་བྱེད། །རོ་ཉེའི་ཆུ་བོར་འཚེད་ཅིང་མཚོན་ཆའི་ཚལ་གྱིས་འབིགས། །ཤལ་མ་རི་ལ་འཇིགས་པས་སྤུ་གྲིས་ཀུན་ཏུ་གཏུབས། །མེ་འབར་དུད་པ་དྲག་པོར་འགྲོ་ལྡོག་རབ་རྨོངས། །མེ་འདགས་སྤུ་གྲིའི་རླུང་ལྡང་ཚོར་བ་དཔག་ཏུ་མེད། །འབར་བའི་ལུས་ཀུན་དཀྲིས་ནས་བརྡེག་ཅིང་རབ་ཏུ་བཅོམ། །འདོད་པའི་རྟོག་པའི་བསླུས་ནས་དེ་བཞིན་རྣམ་པར་འཚེ། །ཀྱི་ཧུད་སྒྲ་འབྱིན་དེ་ལ་གཤིན་རྗེའི་མི་རྣམས་ཀྱིས། །འདི་ལྟར་སྒྲ་སྒྲོགས་ཁྱེད་ཀྱི་བྱས་པའི་ལས་ཞེས་སྨྲ། །ཆང་ནི་ཉེས་པ་ཀུན་གྱི་གཞི། །རྟག་པར་དོན་ཀུན་མེད་པར་བྱེད། །ནང་སང་ཀུན་གྱི་ཐོལ་སྐས་ཏེ། །མུན་ནག་གནས་ནི་ཆེན་པོ་ཡིན། །ཆང་གིས་སེམས་ཅན་དམྱལ་

(༢༦)བར་འགྲོ། །དེ་བཞིན་ཡི་དྭགས་འཇིག་རྟེན་དང་། །ཆང་གིས་དུད་འགྲོར་སྐྱེ་བར་འགྱུར། །དུག་གི་ནང་ནས་དུག་ནི་ཆང་། །དེ་བཞིན་དམྱལ་བའི་ནང་ནས་དམྱལ། །ནད་ཀྱི་ནང་ནས་ནད་མཆོག་ཏུ། །ཆང་ཞེས་མཁས་པ་རྣམས་ཀྱིས་བཤད། །བློ་ངན་དབང་པོ་ཉམས་བྱེད་ལ། །ཆང་གི་ཆོས་ནི་ཟད་པར་བྱེད། །ཚངས་པར་སྤྱོད་པ་འཇིགས་བྱེད་ལ། །སྲད་བྱེད་ཁོ་ན་ཆང་ཡིན་ནོ། །ཁྱེད་ཅག་འདོད་པ་མི་བཟད་པས། །དྲག་པོས་སེམས་ཅན་དམྱལ་བར་འོང་། །ཁྱེད་ཅག་གིས་ནི་སྡིག་སྤྱོད་ཚེ། །དེ་ཚེ་ཅི་ཕྱིར་འཁོ་མི་བྱེད། །དེ་རིང་ཅི་ཞིག་ཡོངས་སུ་གདུང་། །མྱུར་དུ་ལས་འདི་སྤྱད་གྱིས་ལ། །སྡིག་སེམས་སླར་ལ་བཟློག་པར་གྱིས། །དེ་སྐད་རྗེས་སུ་སྟོན་པར་འགྱུར། །དེ་བས་རྒྱུ་ལས་བཟློག་པར་འབད། །འདི་ལས་ཐར་ནས་མིར་སྐྱེས་ཀྱང་། །རྨོངས་པ་མ་རབས་སྤྱོད་པར་འགྱུར། །འདིར་ནི་རང་ལོ་སྟོང་ཕྲག་བཞི། །མི་ལོ་བྱེ་བ་བརྒྱ་ཕྲག་བརྒྱད།

(༢༧)༄༅། །དེ་བཞིན་བྱེ་བ་ས་ཡ་གཉིས། །བྱེ་བ་དགུ་འབུམ་བཞི་ཁྲི་དང་། །བྱེ་བ་ཉིས་སྟོང་རྣམས་ཡིན་ནོ། །དེ་ནས་གཞན་ཡང་འབྲས་བུས་ནི། །ངུ་འབོད་ཆེན་པོ་ཞེས་བྱ་བ། །ལུས་ཀྱི་ལས་གསུམ་དེ་བཞིན་ཆང་། །རྫུན་སོགས་ཉེས་པའི་རྒྱུ་ལས་བྱུང་། །དེ་ལས་གཙོ་བོར་སྐྱེ་བའི་རྒྱུ། །ཆོས་ཀྱི་ཚུལ་དག་བརྗོད་པ་ལ། །བདེན་ཞིང་མི་བདེན་ཞེས་བརྗོད་ཅིང་། །རྒྱུ་དེས་འཇིག་རྟེན་གནོད་ཆེན་བྱེད། །དེ་འཁོར་ཤིན་ཏུ་སྒྲ་འབྱིན་དང་། །ཚོར་བ་དཔག་མེད་བཟོད་དཀའ་དང་། །དཔེ་མེད་གནོད་དང་མུན་པ་དང་། །འཇིག་རྟེན་བར་གྱི་དུ་བ་དང་། །ཕྱེ་མ་ལེབ་ལྟར་ལྟུང་བ་དང་། །ཤི་མ་ཐག་མཚོ་གཞན་འགྱུར་དང་། །དགའ་མེད་ཕན་ཚུན་གནོད་པ་འཇུག །ནགས་ཚལ་མེས་མཆེད་རྒྱུ་ལྟ་བུ། །ཚོར་བའི་རིང་དང་མཐའ་ཡས་དང་། །ཁ་མཆུ་རྡོ་རྗེ་འདྲ་བ་དང་། །ཁྲག་དང་རྐང་ཟ་ཞེས་བྱ་གཞན། །མེ་ལྕེ་བཅུ་གཅིག་ཞེས་བྱ་བ། །ལྷག་པའི་འཁོར་ནི་བཅུ་དྲུག་

(༢༨)ཡིན། །དེ་རྣམས་རྒྱུ་འབྲས་ལྷན་ཅིག་བཤད། །ངུ་འབོད་གཙོར་ནི་སྔར་བརྗོད་དམྱལ་བའི་སྡུག་བསྔལ་ཀུན། །འབྱུང་ལ་ཁྱད་པར་རྫུན་གྱི་འབྲས་བུས་རབ་ཚ་བ། ལྕགས་ཀྱི་ས་གཞི་རབ་འབར་གཞི་ལ་དེ་ཡི་ལྕེ། །འབར་བའི་ཕུར་བུས་བརྒྱངས་པས་རྒྱང་གྲགས་ལྷག་གྱུར་ཏེ། ལྕགས་ཀྱིས་ཐང་ཤོལ་གྱིས་དྲལ་སྲིན་བུ་དུ་མ་དང་། །ཁ་དང་སྦྲུལ་གྱིས་ཟ་ཞིང་འབར་བའི་ཀུན་ནས་སྲེག །གཤིན་རྗེ་རྣམས་ཀྱི་མཚོན་ཆ་དུ་མས་གནོད་པར་བྱེད། །དེ་སོགས་སྡུག་བསྔལ་ངུ་འབོད་ལས་ནི་བཅུ་འགྱུར་འབྱུང་། །རང་གི་ཕྱོགས་ཕྱིར་དུ་མའི་རྫུན། །བྱས་པས་གཞན་དག་གནོད་བྱེད་པ། །དེ་ལ་གཤིན་རྗེའི་སྐྱེས་བུ་རྣམས། ལྕེ་ནི་སྤུ་གྲིས་དུམ་བུར་བྱེད། །ཆགས་ཤིང་ཞེས་པས་གཞན་དག་ཀྱང་། །རྫུན་དུ་སྨྲ་ལ་སྦྱོར་བྱེད་གང་། །དེ་ལ་མེ་དང་བ་ཚ་དུག །མཚོན་སོགས་ཚོར་བ་དཔག་མེད་འབྱུང་། །ཕྱི་རོལ་ཞིང་སོགས་འཕྲོག་པའི་རྫུན། །སྨྲ་བ་དེ་ནི་གཤིན་རྗེ་ཡི།

(༢༩)༄༅། །འབར་བར་བཅུག་ཅིང་ཐོ་བ་ཡིས། །རབ་ཏུ་བརྡུང་ཡང་ཚེ་མི་འཕོ། །མི་ཚང་སྤྱོད་ཅིང་མ་བྱས་ཞེས། །རྫུན་སྨྲ་དེ་ནི་གཤིན་རྗེ་ཡིས། །སྤྱི་བོར་ཕུག་ཅིང་ལྕེ་དྲངས་ནས། །རྣམ་པ་བརྒྱར་ཡང་གཏུབ་པར་བྱེད། །ནོར་རྣམ་འཕྲོག་ཕྱིར་རྫུན་སྨྲ་ན། །མེ་དང་སྲིན་previous hit བུ་རྣམས་ཀྱིས་གནོད། །དགེ་འདུན་ནོར་ལ་སླུ་བ་གང་། །ནང་ཁྲོལ next hit་གཏོར་ཅིང་མཚོན་ཆས་འདེབས། །ཆོམ་རྐུན་དགེ་སློང་ལྟར་བཅོམ་ནས། །ཚོང་པ་སླུ་བའི་རྫུན་སྨྲ་ན། །ཐོ་བས་བཅོམ་ནས་སླར་ཡང་འཚོ། །ཨུ་པ་ལ་འདྲའི་མེས་སྲེག་འགྱུར། །བདེན་ཅེས་རྫུན་དུ་སྨྲ་བྱེད་གང་། །ཀུན་ནས་རྒྱུགས་པས་ཕྱོགས་སུ་འབྲོས། །ཕུར་བུ་གཅན་གཟན་རྣམས་ཀྱི་གནོད། །ཕྱིས་ཀྱང་བསམ་པ་འགྲུབ་མི་འགྱུར། །ནད་བཅས་ཉམས་ཐག་སླུ་བ་གང་། །བཟའ་བཏུང་གནས་ཀྱི་འདུ་ཤེས་ཀྱིས། །རོ་ཉེ་མེ་འབར་ལུས་ཀུན་འཚོད། །སྲིད་གཞན་

(༣༠)གསོ་སྨན་མེད་པར་གྱུར། །བཟོ་དང་ནོར་ཕྱིར་རྫུན་བྱེད་ན། །སྦྲུལ་ཆེན་སེང་གེ་རྣམས་ཀྱིས་གནོད། །སྟོབས་འགྱེད་ཉེས་པས་རྫུན་བྱས་ན། ལྕགས་ལེབ་འབར་བཀྲིས་སྡུག་བསྔལ་མྱོང་། །ཁས་བླངས་འགལ་བའི་རྫུན་བྱེད་པ། །འབར་བའི་ཁྱབ་པའི་ལུས་གང་འབིག །དེད་དཔོན་བཅས་པ་འཇོམས་བྱེད་པ། །ལོག་པར་ཁྲིད་པའི་ཚད་མེད་པ། །ཆུ་སྲིན་སྲིན་བུ་དུ་མས་ཟ། །དགེ་འདུན་ན་བའི་གསོ་སྨན་རྣམས། །སྦྱིན་ཞེས་སྨྲ་ཞིང་གཞན་དུ་བྱེད། །འབར་བའི་ཁ་རྣམས་ཀུན་གྱིས་ཟ། །ལོག་པའི་དཔྱད་འབེབ་རྫུན་སྨས་ནས། །སྤུ་གྲིའི་ཚལ་ན་རབ་དབྱངས་པས། །རང་གི་ཤ་ཁྲག་ཟ་ཞིང་དུ། །ཁྲིམས་གཅོད་ལོག་པར་གཅོད་པ་གང་། །ནང་དང་ཕྱི་རོལ་མེ་ལྕེ་ནི། །བཅུ་གཅིག་གིས་བསྲེག་འོ་འདོད་འབོད། །དེ་ལས་ཐར་ནས་མིར་སྐྱེས་ཀྱང་། །ཉམས་ཐག་གཞན་གྱིས་འཕྱ་བར་འགྱུར། །དེ་དག་རང་ལོ་བརྒྱད་སྟོང་སྟེ། །མི་ལོ་བྱེ་བ་བྱེ་བ་ཕྲག །

(༣༡)༄༅། །དྲུག་ཅུ་དྲུག་དང་ས་ཡ་གསུམ། །ལྔ་འབུམ་སྔ་ཁྲི་ཉིས་སྟོང་ཡིན། །ཚ་བའི་མྱལ་བར་སྐྱེ་བྱེད་པའི། །རྒྱུ་ནི་སྔར་བཤད་ལས་ཀུན་དང་། །ཁྱད་པར་ལོག་པར་ལྟ་བ་ཡི། །རྒྱུ་འབྲས་ལས་ལ་ཀུར་འདེབས་པའོ། །དེ་འཁོར་རབ་ཏུ་སྲེག་པ་ཆེ། །པད་དཀར་སྦྲུལ་འཁྱིལ་ལྟ་བུ་དང་། །ཟངས་བཞུས་ཉ་འཁྱུག་ལྕགས་བུམ་པ། །ཆུ་དམར་རྐང་སྲིན་ཐམས་ཅད་སྲེགས། །སར་བྱིང་།།།མཐའ་ཡས་ས་ཆེན་འདྲ། །མཐའ་དྲག་རུས་པ་འབྱུང་ཞིང་འདུ། ལྕགས་ཀྱི་སྐུད་པས་འདྲལ་ཞིང་གཅོད། །སྲིན་བུ་འཁོར་ལོ་མེས་འཇིགས་སྐྱེད། །ནག་མོ་འཁྲིགས་དང་བུང་བས་གནོད། །དེ་ལྟར་བཅུ་དྲུག་གསུངས་པ་ཡིན། །འདིར་ནི་སྔ་མའི་དམྱལ་བ་ཀུན་ལས་རབ་དྲག་གི །ལུས་ཀྱིས་འཆི་ཀར་འཁྲུལ་སྣང་གནད་གཅོད་སྡུག་བསྔལ་ཆེ། །མེ་ལྕེས་སྲེག་ཅིང་ནད་རྣམས་ཐམས་དུས་ཅིག་སྨིན། །ངུ་འབོད་སྡུག་བསྔལ་ཐམས་ཅད་བཅུ་འགྱུར་དག་ཏུ་འབྱུང་། །འདི་ཡི་སྡུག་བསྔལ་དཔེར་བྱ་རུང་བ་མ་ཡིན་ཏེ། །ལོག་ལྟ་དྲོགས་

(༣༢)འཕངས་ཕྱིར་ཚལ་དྲག་པ་ཡིན། །གང་ཞིག་ལྷར་ནི་སྐྱེ་བའི་རྒྱུ། །སྲོག་གཅོད་ཡིན་ཞེས་སྨྲ་བ་གང་། །སྲོག་བྱེད་འབར་བའི་མེ་དེ་ནི། །བཅུ་དྲུག་འགྱུར་གྱིས་ཐལ་བར་ཀློག །ཟས་བཅད་མཐོ་རིས་ཐོབ་སྟོན་ན། །པད་དཀར་འདྲ་བའི་ཚལ་དུ་སྲེག །ཆང་འཐུངས་སྔགས་དང་གཙོག་པུ་ཡིས། །ཐར་སྟོན་ཞི་བ་སྨོད་བྱེད་པ། །དེ་ནི་སྦྲུལ་ཆེན་འབར་བ་ཡིས། །རབ་བསྲེགས་བཀྲེས་པས་ཉམས་ཐག་འགྱུར། །ལས་མེད་དབུག་དབྱུང་རྒྱུར་སྨྲ་ན། །ཟངས་ཞུན་ནང་སྐྱེས་ཉ་འདྲས་ཟ། །གསོད་པའི་མཆོད་སྦྱིན་བྱེད་པ་གང་། །བུམ་པ་རོ་ཉེ་སྤུ་གྲི་ཡིས། །གང་བར་སྲེག་ཅིང་དུམ་བུར་བྱེད། །ཚུལ་ཉམ་ལོག་པའི་དཀའ་ཐུབ་བྱེད། །དེ་ནི་གཤེད་པོས་མཚོན་ཆའི་འདེག །རོ་ཉེའི་ཆུར་ལྷུང་ངུ་སྒྲ་འབྱིན། །ལོག་ལྟ་སྲིན་བུ་གནོད་པ་དང་། །མེ་ལྷ་བསྟན་པས་གྲོལ་སྨྲ་བ། །དེ་ནི་འཁོར་ལོ་རི་དང་མེ། །སྲིན་བུ་་རྣམས་ཀྱིས་རྐང་བམ་འདྲུལ། །ནགས་སྲེགས་མེ་

(༣༣)༄༅། །ལ་མཆོད་པ་བྱེད། །གཉེན་བཅས་སྲེག་མཐོང་ངུ་སྒྲ་འབྱིན། །སྲོག་ཆགས་སྲེག་པས་བོད་སྒྲ་གང་། །མདོག་དམར་གཤིན་རྗེ་རྣམས་ཀྱིས་སྲེག །དུག་འདྲ་སྦྱར་བའི་མཆོད་སྦྱིན་བྱེད། །པདྨ་འདྲར་འཚོད་ཚེར་མའི་འབུག །ཆུར་འཆིས་བཏུལ་ཤུགས་སྤྱོད་བྱེད་གང་། །འབར་བའི་རི་འཛེག་རོ་ཉེར་ལྟུང་། །རྒྱུ་མེད་སྨྲ་ཞིང་འདོད་རྒྱལ་སྤྱོད། །རུས་པས་ལུས་ཕུག་གཤིན་རྗེས་དམྱལ། །ལོག་པའི་མཚན་དམིགས་གྲོལ་སྨྲ་བ། ལྕགས་ཀྱི་སྐུད་པས་དུམ་བུར་བྱེད། བདག་དང་འཇིག་རྟེན་རྟག་སྨྲ་བ། །དེ་ལ་མཚོན་ཆ་སྲིན་བུ་མེ། །རབ་འབར་སྲེག་བྱེད་འཁུན་བུ་འབྱིན། །རྟག་དང་མི་རྟག་མཐར་འཛིན་སྨྲ། །དེ་ནི་མུན་པ་འདྲ་བའི་མེར། །མཐོང་ཅིང་རླུང་དྲག་སྡུག་བསྔལ་འབྱུང་། །འཁོར་བའི་ཐོག་མེད་གང་སྨྲ་བ། །བུང་བ་རྣམས་དང་གཤིན་རྗེ་ཡི། །ཤ་ཀུན་བ་སྤུ་ཙམ་དུ་བྱེད། །འདི་རྣམས་ལས་ཐར་ཡི་དྭགས་དང་། །དུད་འགྲོ་དེ་དང་དེ་འདྲར་སྐྱེ། །

(༣༤)རིམ་སྐྱེས་རྒྱུ་མཐུན་དེ་མཚུངས་འགྱུར། །འདིར་ནི་རང་ལོ་་ཁྲི་དྲུག་སྟོང་། །མི་ལོ་བྱེ་བའང་བྱེ་བ་ཕྲག །ལྔ་བརྒྱ་དང་ནི་སུམ་བཅུ་དང་། །ས་ཡ་བརྒྱད་དང་བཞི་འབུམ་དང་། །ཁྲི་དང་དྲུག་སྟོང་དུ་འགྱུར་རོ། །རབ་ཏུ་ཚ་བ་ཆེན་པོ་རྒྱུ། །སྐྱེ་བའི་རྒྱུ་ནི་ལུས་ངག་གི །ལས་བདུན་ལོག་ལྟར་བཅས་པའོ། །ཁྱད་པར་དགེ་སློང་ཉམས་པ་དང་། །ལྟ་ལོག་མི་དགེར་འཇུག་བྱེད་པ། །དེས་ནི་གཙོ་བོའི་སྡུག་བསྔལ་མྱོང་། །དེ་འཁོར་ཕྱོགས་ཀུན་སྲེག་པ་དང་། །ལུས་ཆེན་སྒྲ་འབྱིན་མེ་སྤྱི་གཙོག །མེ་འདག་འབབ་དང་འདབ་མ་ཅན། །ཨ་ལ་ཐམས་ཅད་སྡུག་བསྔལ་དང་། །རབ་ཚ་རྟག་ཏུ་མུན་པའི་ཁེབས། །གནོད་རྒྱུད་སྲེད་བུས་རྒྱུད་ཀྲུགས་དང་། །སྐྲ་ཤད་འཛིང་དང་སྙིང་རྗེས་སྒྲ། །སྙིང་རྗེ་ཆེ་རུང་སྙིང་རྗེ་མེད། །ཤིང་སྐམ་བསྡུས་འདྲ་བཅུ་དྲུག་གོ །འདིར་སྐྱེ་སྡུག་བསྔལ་དཔག་མེད་དེ། །ཁམས་བཞི་འཁྲུགས་པས་གདུང་བྱེད་ཅིང་། །རབ་དོར་སྡུག་བསྔལ་ཀྱི་ཧུད་འབྱིན། །གནས་དེར་དཔག་ཚད་སྟོང་ཕྲག་དུ་མ་འཁྲུགས་

(༣༥)༄༅། །པའི་མེས། །སྤྱི་གཙུག་བསྲེག་ནས་བྱེ་མ་གཏོར་བཞིན་ཞིག་པར་འགྱུར། །སྐམ་པས་འདྲེན་དང་ལྕེ་ལ་ཐང་གཤོལ་འབར་བའི་རྨོ། །གཤིན་རྗེས་གནོད་ཅིང་ཟངས་ཁུ་འཐུངས་ལ་བྱ་ཁྱིས་གཏོར། །ཤལ་མ་རིར་འཛེག་མར་ཀོ་ཏའི་ལུས་ཀུན་བཤིག །སྔར་བཤད་དམྱལ་བ་ཀུན་ལས་སྡུག་བསྔལ་བཅུ་འགྱུར་ཡིན། །དགེ་བསྙེན་ལོག་ལྟར་ཉམས་བྱེད་གང་། །བར་བསྲེག་ཐག་པའི་འཆིང་བར་བྱེད། །དེ་བཞིན་དགེ་ཚུལ་ཉམས་བྱེད་གང་། །ལུས་ཆེན་འབར་བའི་སྐམ་པ་ཡིས། །ཤ་རུས་ཟད་བྱེད་ངུ་སྐད་འབྱིན། །གཞོན་ནུ་མ་རྣམས་ལོག་ལྟར་སྦྱོར། །གཙུག་གི་སེམས་ཅན་ནང་གྲོལ་བསྲེག །འབར་ཞིང་དབང་པོ་རྨོངས་པར་བྱེད། །དགེ་སློང་སུན་འབྱིན་མེ་མདག་གི །ཆུ་བོར་འཚེད་པའི་སྡུག་བསྔལ་མྱོང་། །དགེ་བསྙེན་མ་གང་ལོག་ལྟར་སྦྱོར། །མེ་མདག་རི་ལྟ་རབ་ཏུ་བྱིང་། །འབར་བའི་སོག་

(༣༦)ལེས་དྲལ་བར་བྱེད། །ཁྱིམ་པའི་སླབ་འདྲལ་ལོག་ལྟར་སྦྱོར། །སྤུ་གྲིའི་རླུང་ལྟར་སྲིན་བུས་འཚེ། །གཉིས་ཀ་བསླབ་ལྡན་འཁྲུལ་བྱེད་གང་། །མཚོན་ཆ་འབབ་ཤིང་པག་བཤུས་ཏེ། །བ་ཚར་འཚོ་ཞིང་རོ་ཉེ་འཐུང་། །ལོག་སྤྱོད་དེ་ལ་རྟག་དགའ་བ། །མེ་སྦྲུལ་མཚོན་གྱིས་རབ་སྡུག་བསྔལ། །ཆགས་བྲལ་འཇིགས་པར་བྱེད་པ་དེས། །མར་ཀོའི་སྲིན་གྱིས་ལུས་འཇིག་བྱེད། །དགེ་སློང་གནོད་བྱེད་བུད་མེད་གང་། །མེ་ཐབས་གསེར་འདྲར་བསྲེག་ཅིང་ངུ་། །ཡུལ་འཇོམས་དགེ་སློང་མ་འཇིག་དགའ། །དྲ་བས་འདྲལ་ཞིང་སྦྲུལ་མེས་སྲེག །སྲིང་མོ་ལོག་ལྟ་སྦྱོར་བྱེད་པ། །རྔ་བོ་མེ་འདྲའི་མེ་ལྕེ་སྲེག །ཆགས་པས་ལྟ་ངན་རབ་ཞུག་པ། །དེ་ལ་སྡུག་བསྔལ་ཀུན་གྱིས་འཚེ། །གང་མའི་ཁྱིམ་སུན་འབྱིན་བྱེད་ན། །མཚོན་ཆས་ལུས་།།།པོ་ཐམས་ཅད་གཅོད། །སྤྱོད་བཟངས་བུད་མེད་ལོག་ལྟར་བྱེད། །གཤིན་རྗེས་མགར་བ་བཞིན་དུ་བརྡུང་། །ལོག་ལྟས་གཞན་གྱི་བུད་མེད་

(༣༧)༄༅། །ཕྲོག །ཆུ་བོ་རབ་མེད་འབར་བ་རུ། །ལས་ཀྱི་ཆུ་སྲིན་རྣམས་ཀྱིས་འཚེ། །འདི་རྣམས་སྡུག་བསྔལ་དཔག་ཏུ་མེད། །འདི་ནི་ཚེ་ཚད་སྐལ་ཆུང་བྱེད། །སྔ་མའི་ཚུལ་གྱིས་བསྒྲེས་པ་ན། །རང་ལོ་སུམ་ཁྲི་ཉིས་སྟོང་སྟེ། །མི་ལོ་བྱེ་བའང་བྱེ་བ་ཕྲག །བཞི་སྟོང་ཉིས་བརྒྱ་བཞི་བཅུ་དྲུག །བྱེ་བའང་ས་ཡ་ཕྲག་བདུན་དང་། །སུམ་འབུམ་ཉི་ཁྲི་བརྒྱད་སྟོང་ངོ། །དེ་ལས་མི་བཟད་རབ་འབར་བ། །མནར་མེད་ཅེས་ཀྱང་བྱ་བ་སྟེ། །མཚམས་མེད་སྔ་ནི་རབ་སྤྱོད་པ། །དེ་ནི་ངེས་པར་འགྲོ་འགྱུར་ཏེ། །ལས་ཀྱི་སྣང་བ་ལོག་མཐོང་ཞིང་། །ནད་རྣམ་ཀུན་གྱི་ཡོངས་གདུང་ནས། །རླུང་ནི་བརྒྱ་ཅུ་འཁྲུག་པ་ཡིས། །ལུས་ཀུན་སྲིན་བུས་འབུགས་པར་བྱེད། །མེ་དང་མུན་པ་གཅན་གཟན་དང་། །གཤིན་རྗེ་རྣམས་ཀྱིས་སྣང་བ་ཡིས། །རྨོངས་ནས་སྒྲ་འབྱིན་དབང་པོར་འགྱུར། །གཤང་ལྕི་འབྱིན་སོགས་རྟགས་རྣམས་འབྱུང་། །དེ་ཡི་ལུས་ལ་དམྱལ་བའི་མེས། །འདི་ནས་བར་དོར་གདུང་

(༣༨)བར་བྱེད། །དེ་ནས་འཕོས་མ་ཐག་ཏུ་ཡང་། །གཤིན་རྗེས་ཁྲིད་དེ་རབ་རྨོངས་།།། །དེ་ཚེ་སྨྲེ་སྔགས་འདོན།།། །དེ་ལ་གཤིན་རྗེས་སྐྱེས་བུ་ཡིས། །འདི་ལྟར་སྤྱོད་པ་ཐོབ་པར་འགྱུར། །ཀྱེ་མ་ལས་ནི་རབ་སྤྱད་པའི། །ཁྱོད་ལ་འབྲས་བུས་འདིར་འོངས་སོ། །ལས་བྱས་ངེས་པར་འགྲོ་བ་ནི། །མ་ནི་གསོད་པར་བྱེད་པ་དང་། །གང་གི་ཁྱོད་ནི་སྔོན་བསྐྱེད་པས། །ཕ་ལ་འཁྲུལ་པས་གནོད་པ་བྱས། །གང་གིས་ཁམས་གསུམ་ཁྱད་འཕགས་པ། །དེ་ལ་ཁྱོད་ཀྱིས་ངན་སེམས་སྐྱེས། །ཐར་པའི་སྒོ་ནི་རྣམ་འབྱེད་པ། །ཁྱོད་ཀྱི་དགེ་འདུན་མཐུན་པ་བྱེད། །རྨོངས་པས་དགྲ་བཅོམ་གནོད་བྱས་པས། །དེའི་འབྲས་བུས་འདིར་འོངས་སོ། །ལུས་ངག་ཡིད་ཀྱི་སྡིག་པ་བཅུ། །རབ་སྦྱོང་ཁང་ནི་ངེས་འགྲོ་བ། །དམྱལ་བ་དྲག་པོ་འདི་ཐོབ་སྟེ། །ངེད་ཅག་གིས་ནི་ཡོང་བསྐོར་བ། །གཏི་མུག་ཅི་ཞིག་ཡོངས་སུ་གདུང་། །རྒྱ་མཚོའི་ཁྱེད་པར་གང་ཡིན་པ། །གང་གི་ཁྱེད་པར་ཆུ་ཐིག་ཙམ། །གང་དག་མི་བཟོད་ཐོབ་པ་ཡི། །སྡུག་བསྔལ་འདི་ནི་

(༣༩)༄༅། །དེ་ཙམ་མོ། །ཞེས་སོགས་དུ་མས་རབ་བསྡིག་ནས། །མནར་མེད་པར་ཡང་ལྟུང་བར་བྱེད། །དེ་ནི་གྲུ་བཞི་སྒོ་བཞི་ཡོད། །དཔག་མེད་སྦྲུལ་གྱིས་རྣམས་པར་ཕྱེ། །སེམས་ཅན་དམྱལ་བ་དུ་མ་དག །དབང་མེད་དེར་ནི་འཚོད་པར་བྱེད། །དེའི་སྒྲ་ཐོས་དམྱལ་བ་གཞན་གྱི་སྡུག་བསྔལ་ཀུན། །བརྗེད་ཅིང་བདེ་བར་སྨོན་པ་བཞིན་དུ་འགྱུར་བ་ཡིན། །དེར་ནི་མེ་མཚོན་དྲུག་དང་རྡོ་རྗེ་འབར་བ་དང་། །སེང་གེ་གླང་ཆེན་བསེའ་ཁྱི་བྱ་རྒོད་ཀང་ཀ་དང་། །སྦྲུལ་ཆེན་ཁྱི་དང་མར་ཀོ་ཏ་སོགས་དུ་མས་གང་། །གཤེད་པོས་གནོད་དང་སྡུག་བསྔལ་དཔག་མེད་ཀྱིས་གཟིར་ནས། །ཨ་ལ་ལ་ཞེས་སྒྲ་ཆེན་བར་མཚམས་མེད་པར་སྒྲོགས། །ཚོར་བའི་སྡུག་བསྔལ་འཇིག་རྟེན་དཔེ་བྱ་རུང་བ་མེད། །དེ་སོགས་མི་དགེ་སོ་སོ་ཡི། །འབྲས་བུས་མྱོང་བ་དཔག་མེད་པ། །སུ་ཞིག་གིས་ནི་བརྗོད་པར་ནུས། །དེ་ལས་གཞོན་ཤ་ཅན་ལ་ནི། །དཔག་ཚད་ཅིག་ནས་ལྔའི་བར། །འགྲུབ་

(༤༠)སྟེ་མནར་མེད་མྱོང་བྱེད་དོ། །དེ་འཁོར་བྱ་རོག་ཝ་དང་ནི། །ས་འོག་ཚོར་བ་མཐའ་མེད་དང་། །ཝ་སྐད་འབྱིན་དང་ལྕེ་སྤྱང་ཟས། །ལྟོ་ནག་ལུས་ཞུམ་སྒྲ་འཇིགས་སྟོན། །མེ་ཏོག་ཟུམ་འདྲ་རི་བརྩེག་འབབ། །ཆུ་སྒྲ་སྐར་འཕྲང་སྡུག་བསྔལ་ཉེན། །གསོ་དྲི་ལྕགས་ཀྱིས་གླེགས་མ་དང་། །འགྲོ་བ་མེས་སྲེག་དང་བཅུ་དྲུག །མ་ལ་ངན་སེམས་བསྐྱེད་པ་གང་། །བ་ཚ་འབར་བས་ངན་ཁྲོམ་སྲེག །དགྲ་བཅོམ་མ་ལ་ལོག་སྤྱོད་ན། ལྕགས་འབར་དོང་དུ་སུ་བཅུག་སྟེ། །མཚོན་རྣོན་སོགས་ཀྱི་དུམ་བུར་བྱེད། །མ་ལ་ལོག་པར་གཡོམ་བྱེད་པ། །འབར་བའི་ཕུར་བུས་ལུས་ཀུན་འཇོམས། །རང་རྒྱལ་དགྲ་བཅོམ་སྨོད་བྱེད་གང་། །སྤུ་གྲིས་ལྕེ་གཅོད་རྨོན་པ་རྨོ། །གཙུག་ལག་ཁང་ལ་མེས་སྲེག་ན། །དེ་ལུས་འབར་བས་རབ་མཆོད་ནས། །རྡོ་མེ་ཆར་ལྟར་འབབ་པར་འགྱུར། །འཛེམ་མེད་སངས་རྒྱས་དཀོར་སྤྱོད་གང་། །རང་ཉིད་བཀྲེས་པས་རང་ཤ་ཟ། །སྦྲུལ་ནག་རབ་འབར་གྱིས་

(༤༡)༄༅། །འཇོམས་བྱེད། །ཆོས་ནོར་བབ་ཅོལ་ཉམས་བྱས་པས། །འབར་བའི་ཤིང་གཉིས་ཀྱིས་འཐག་ཅིང་། །བྱ་ཡིས་ལུས་ཀུན་ཟ་བར་བྱེད། །དགེ་འདུན་དཀོར་འཇོམས་གནོད་བྱས་པས། ལྕགས་རྒྱུན་འབར་བར་རྡུང་བར་བྱེད། །ནད་པའི་ལོངས་སྤྱོད་འཕྲོག་བྱེད་གང་། །ནད་རྣམས་ཀྱིས་བརྡུངས་འབར་བར་སྲེགས། །རང་རྒྱལ་བསོད་སྙོམས་འཕྲོག་བྱེད་པ། །རྡོ་རྗེའི་རི་ཡི་ཐལ་བར་རློག །དགོན་པའི་ཆུ་བཅད་འཚེ་བ་ནི། །འབར་བའི་ཚལ་དུ་སྲེག་ཅིང་འབྲོས། །འཛམྷ་ཞེས་བྱའི་གནོད་པར་བྱེད། །འགོག་ལས་ལངས་པའི་ཟས་ཕྲོགས་ན། །སྐར་ཕྲན་འདྲ་བའི་ཟས་སུ་འཚེད། །གླེགས་བམ་ཁྲོ་བས་འཇིགས་བྱེད་པ། །མིག་དང་ཡན་ལག་ཐམས་ཅད་ཀུན། །སྲེགས་ཞུ་གཏུབ་ནས་འོ་དོད་འབོད། །ལོག་ལྟས་དགེ་འདུན་གནས་འཇོམས་ན། ལྕགས་ཀྱི་དྲ་བས་འབར་བར་བཅུག མདའ་རྣོན་མར་བབ་ལུས་ཀུན་འབིགས། །དགེ་འདུན་སླུ་བྱེད་རྫུན་སྨྲ་ན། །མེ་བཅུས་སྲེག་ཅིང་ལྕགས་

(༤༢)ལེབ་བཀྲི། །བསྟན་ལ་གནོད་པ་བྱེད་པ་ནི། །དེ་ལ་སྡུག་བསྔལ་ཐམས་ཅད་འབྱུང་། །འདི་ལ་ཚེ་ནི་བར་སྐལ་དེ། །གོང་བཞིན་བསྒྲེས་པས་མི་ལོ་ནི། །བྱེ་བ་བྱེ་བ་སུམ་ཁྲི་དང་། །སུམ་སྟོང་དགུ་བརྒྱ་བདུན་ཅུ་གསུམ། །བྱེ་བ་ས་ཡ་ཕྲག་བརྒྱད་དང་། །དྲུག་འབུམ་ཉི་ཁྲི་བཞི་སྟོང་ཡིན། །སྡུག་བསྔལ་དཔག་མེད་མྱོང་བར་འགྱུར། །ཆོས་སྤང་ལས་ནི་ཉེར་བསགས་ནས། །སྐལ་ཆེན་ཉི་ཤུར་སྲེག་པར་གསུངས། །དེ་བས་འབད་པ་དུ་མ་ཡིས། །ཉོན་མོངས་རྣམ་པར་འཇོམས་པ་དང་། །མི་དགེ་སྤང་བར་བརྩོན་པར་གྱིས། །ཡང་དག་ལྟ་བ་ལ་རབ་ཏུ་ཞུགས། །དེ་ཚེ་ལྷ་རྣམས་ཀྱིས་སྔགས་ཤིང་། །ངེས་པར་འབྱུང་བ་ཐོབ་པར་འགྱུར། །དེ་ལས་གཞན་པ་གྲང་དམྱལ་བརྒྱད། །ཆུ་བུར་ཆུ་བུར་རྡོལ་བ་ཅན། །སོ་འཐམ་ཨ་ཆུ་ཀྱི་ཧུད་ཟེར། །པདྨ་ཨུཏྤལ་ལྟར་གས་དང་། །པདྨ་ཆེན་པོ་ལྟར་གས་པའོ། །དེ་རྒྱུ་གྲང་བས་གཞན་གནོད་བྱེད། །གནས་ནི་ཚ་དམྱལ་བརྒྱད་པོ་

(༤༣)༄༅། །ཡིན། །བྱང་དུ་གནས་ཏེ་གོ་རིམ་བཞིན། །ཏིལ་ལྗང་ནང་ནས་ལོ་བརྒྱ་བཞིན། །ཏིལ་རེ་ཕྱུང་ཟད་ཆུ་བུར་ཅན། །གཞན་གྱི་ཚེ་ནི་ཉི་ཤུར་འགྱུར། །སྲེད་བཅས་གནོད་པའི་དབང་གིས་སྐྱེས། །ཉི་རྩེ་ཞེས་བྱ་འཛམ་གླིང་གི །ཁྲོད་དང་མུ་ཁྱུད་གླིང་བར་གྱི། །མུན་པ་ལ་སོགས་རྣམ་སུ་གནས། །ལས་ནི་སྔ་མ་དང་མཚུངས་པ། །ཅུང་ཟད་དགེ་དང་འདྲེས་པས་བྱུང་། །ཉིན་པར་བདེ་ལ་མཚན་མོ་ནི། །གནོད་པ་གཙེས་དང་དེ་བཞིན་གཞན། །ཉིན་པར་གསོད་ཅིང་སྡུག་བསྔལ་ཏེ། །མཚན་མོ་ལྷ་མོ་རྣམས་དང་བརྩེ། །དེ་སོགས་དཔག་ཏུ་མེད་པ་ཡོད། །མནར་མེད་མ་གཏོགས་དམྱལ་བ་རྣམས། །ཕལ་ཆེར་ཞག་བདུན་ནས་སྐྱེ་སྟེ། །བར་མེད་དུ་སྐྱེ་རྫུས་སྐྱེས་ཡིན། །དྲན་པ་ཉེ་བར་བཞག་པའི་དོན་སྣང་བར་བྱེད་པའི་ཚིགས་ལེའུར་བྱས་པ་ལས། །དམྱལ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཕྲག་དོག་སེར་སྣ་ཡིས། །ལས་ཀྱི་མངོན་

(༤༤)པར་འདུ་བྱས་པ། །དེ་ནི་གཉིས་ཏེ་ཁ་འཐོར་དང་། །གནས་ན་གནས་པ་རྣམ་པ་གཉིས། །ས་འོག་དཔག་ཚད་ལྔ་བརྒྱ་ན། །གནས་ཏེ་གཤིན་རྗེའི་རྒྱལ་པོ་ནི། །དྲག་པོའི་ལས་ནི་འདྲེས་མ་ལས། །བྱུང་ཞིང་ལས་ནི་སྒྲོག་པར་བྱེད། །ཡི་དྭགས་རིགས་ནི་དཔག་མེད་ཀྱང་། །བསྡུས་པས་སུམ་ཅུ་རྩ་དྲུག་གོ །ལས་དང་བཅས་པ་རྣམ་པར་དབྱེ། །སྲོག་གཅོད་ནོར་ནི་སོགས་པ་གང་། །ལྟོ་གུག་ཞེས་བྱར་སྐྱེ་འགྱུར་ཏེ། །རི་གཉིས་ཀྱིས་བརྩིར་མེ་འདག་ཟ། །ཤལ་ཤིང་སྲེག་པ་ལྟ་བུར་འགྱུར། །ནོར་ལ་གཤེད་མ་བྱེད་པ་དང་། །སེར་སྣས་སྦྱིན་མེད་ཁ་ཁབ་འདྲ། །ཞེས་བྱར་སྐྱེ་སྟེ་མགྲིན་ཕྲ་ལ། །ལྟོ་ཆེན་མེ་མདག་ཟ་བ་དང་། །བཟའ་བ་ལ་ཆགས་་ཁྱིམ་ཐབས་ལ། །མི་སྟེག་དེ་ནི་སྐྱུགས་པ་ཟའི། །ཡི་དྭགས་སུ་ནི་ཉོན་མོངས་ཤིང་། །བཀྲེས་སྐམ་གདུང་ཤིང་ཆོ་ངེ་འབྱིན། །སྦྱིན་ལ་སྲེག་པས་ཕུ་ཕྲི་བ། །གཤང་ཟ་ཞེས་བྱར་སྐྱེ་འགྱུར་བ།

(༤༥)༄༅། །འབུས་གཞིག་མེ་གཙང་ཅུང་ཟད་ཙམ། །ཟ་ཞིང་བཀྲེས་པའི་ཉོན་མོངས་འགྱུར། །ཟས་གཅོད་སྲོག་ལ་གནོད་བྱས་པས། །བསམ་འཚོ་ཞེས་བྱས་ཡི་དྭགས་འགྱུར། །དེ་ནི་ཟས་མེད་མེ་འབར་བས། །གདུང་ཀྱང་རྒྱ་མཚོའང་སྐམ་པར་འགྱུར། །ཟས་སྲེད་བདག་ཟ་གཞན་དག་ལ། །དྲི་བསྣོམས་བྱེད་པའི་དྲི་ཟ་བའི། །ཡི་དྭགས་ཉིད་སྐྱེ་བཀྲེས་གྱུར་ཀྱང་། །ཟས་དང་ཡོས་དྲི་ཙམ་གྱི་འཚོ། །འཇིག་རྟེན་རྒྱལ་པོའི་བསྟན་བཅོས་སོགས། །འདོད་པའི་སྟོན་པས་ཆོས་ཟ་བའི། །ཡི་དྭགས་སྐྱེ་གནས་ལུས་སྐམ་ཤིང་། །གནོད་སྦྱིན་རྙེད་པས་འཚོ་བར་བྱེད། །འདོད་པའི་ཆུ་ཆང་བཀྲེས་འཚོང་བ། །ཆུ་འཐུང་དུ་སྐྱེ་བཀྲེས་ཤིང་ཉན། །བརྒལ་བའི་ཆུ་ཐིགས་ཆུ་སྦྱིན་ལས། །མི་མྱོང་གཞན་གྱིས་བསྲུང་བར་མཐོང་། །ཆགས་པས་ཁེ་བྱེད་སྦྱིན་བྲལ་བས། །ཀུན་སྟོན་ཞེས་འགྱུར་ཉམས་ཐག་ནས།

(༤༦)སྒྲ་འབྱིན་རིད་ཅིང་ཀུན་ཏུ་འཁྱལ། །མྱ་ངན་བྱ་བའི་གནས་སུ་འགྱུར། །སྲེད་པས་དགེ་འདུན་ལ་སྦྱིན་པ། །ལྷག་མར་བྱེད་ཅིང་མ་བྱས་ཞེས། །སྨྲ་བ་སྡུག་བསྔལ་རབ་གདུང་པ། །མཆིལ་མ་ཟ་བས་ཡི་དྭགས་སྐྱེ། །ཕྲེང་བ་སེར་སྣས་ལེན་པ་ན། །གནོད་སྦྱིན་དུ་འགྱུར་ཕྲེང་བས་དགའ། །གཙུག་ལག་ཁང་བླངས་ལས་བྱེད་པ། །ཡི་དྭགས་ཕྲེང་བ་ཟ་ཞེས་བྱ། །ཤ་ཁྲག་ལ་སྲེད་སེར་སྣ་ཅན། །ཁྲག་ཟར་སྐྱེ་སྟེ་གནོད་བྱེད་ཅིང་། །ཡི་དྭགས་རྫུན་འཕྲུལ་ཆེ་བ་ཞེས། །ལས་ནི་སོ་སོར་འབྲེལ་པར་འགྱུར། །ཤ་འཚོང་ཁེ་བྱེད་ཅུང་ཟད་སྟེར། །ཤ་ཟ་ཞེས་བྱའི་ཡི་དྭགས་འགྱུར། །ངོ་བསྲུང་ཕྱིར་ནི་སྤོས་འབུལ་བ། །སེར་སྣ་ལྡན་ཏེ་འབུག་པ་ཟའོ། །དགེ་སློང་ལྟར་འཆོས་སྔགས་སྒྲུབ་ཅིང་། །

(༤༧)༄༅། །ནོར་འདོད་དྲག་ཤུལ་སྤྱོད་པར་སྐྱེ། །དེ་ནི་མཐུན་ལྡན་གཞན་ལ་འཚེ། །སྲིད་པ་སླུས་པ་ལས་རྗེས་འཕྲེང་། །ཆགས་པས་ནོར་ཕྱིར་གླགས་ལྟ་བ། །གླགས་ལྟར་སྐྱེས་ནས་སྡུག་བསྔལ་ཞིང་། །ལུས་འབར་མི་གཙང་གིས་འཚོ་ལ། །ལྷ་དང་བྲལ་རྣམས་འཚེ་བ་དང་། །བཙོན་རྣམས་ས་འོག་འཇུག་བྱེད་ཅིང་། །བཀྲེས་བྱེད་ས་འོག་ཡི་དྭགས་སྐྱེ། །མུན་ནག་སྦྲུལ་བཅས་རླུང་དྲག་ལྡང་། །ནོར་འཕྲོག་འཇིག་རྟེན་སྦྱིན་པ་བྱེད། །ཡི་དྭགས་རྫུ་འཕྲུལ་ཆེན་པོར་འགྱུར། །བདག་ཉིད་ཅིག་པུ་བདེ་བ་དང་། །ཉམས་ངའི་ཡི་དྭགས་ཁྲོད་དུ་གནས། །གཉེན་འདབ་གྲོང་ཁྱེར་འཇིགས་བྱེད་ཅིང་། །རྒྱལ་པོ་ལ་བརྟན་མཚན་མོ་ནི། །ལུས་འབར་ཡི་དྭགས་གནས་སྐྱེས་ནས། །འབར་བའི་གདུང་ངུ་སྒྲ་འབྱིན། །འཁྲོ་བས་བྱིས་པ་བསོད་སེམས་པ། །བྱིས་པ་གླགས་ལྟའི་ཡི་དྭགས་སུ། །སྐྱེ་ཞིང་དེ་ཡིས་ཡོངས་སུ་གདུང་། །གང་ཞིག་

(༤༨)འདོད་བསྟེན་ནོར་འདོད་ཅིང་། །སྦྱིན་བྱེད་ཡི་དྭགས་འདོད་གཟུགས་ཅན། །གྱུར་ནས་སྣ་ཚོགས་ཚུལ་གྱིས་ནི། །སྒྱུར་ཞིང་ལས་ཀྱི་རྗེས་སུ་འགྲོ། །ནད་པ་སླུ་དང་ཕྲག་དོག་དང་། །སེར་སྣ་ཅན་དེ་གླིང་བར་གྱི། །ཡི་དྭགས་གྱུར་ནས་ཉིད་ཟླས་ཀྱང་། །བརྒྱ་འགྱུར་གདུང་ཞིང་ཟུལ་པའི་འཚོ། །རྒྱལ་པོ་ལ་བརྟེན་དྲག་ཤུལ་སྤྱོད། །མི་དེ་གཤིན་རྗེའི་ཁྱད་པར་སྐྱེ། །རླུང་ཟ་གཤེད་པོ་དེ་མས་འཚེ། །ལོག་པའི་མཆོད་སྦྱིན་ལས་ཀྱི་མཐུས། །བྱིས་པ་ཟ་བའི་ཡི་དྭགས་འགྱུར། །བཀྲེས་ཤིང་སྡུག་བསྔལ་རྣམས་ཀྱིས་གནོད། །ངོ་གཉིས་བྱེད་ཅིང་སྐམ་པ་ཅན། །དེ་ནི་མདང་ཟར་སྐྱེས་ནས་ཀྱང་། །མཚོན་ཆའི་ལུས་གཤོགས་བཀྲེས་སྐོམ་ལྡན། །མཆོད་སྦྱིན་ངན་དང་ཁེ་སྤོག་དང་། །སེར་སྣ་ལྡན་པ་ཚངས་པ་ཡིས། །སྲིད་པར་སྐྱེས་ནས་གཞན་གནོད་བྱེད། །གླགས་ལྟ་དེ་ནི་སྡུག་བསྔལ་ལྡན། །སློབ་དཔོན་ལྟར་འཆོས་དགེ་འདུན་དཀོར་

(༤༩)༄༅། །སྤྱོད་པ་མེ་ཟའི་ཡི་དྭགས་འགྱུར། །སྡུག་བསྔལ་སྒྲ་འབྱིན་མྱ་ངན་བྱེད། །སེར་སྣ་ལ་ཁུམས་ངན་སྤྱོད་པ། །མི་གཙང་ཟ་བའི་ཡི་དྭགས་འགྱུར། །བརྫུན་གྱིས་ཟས་གཏེར་བརྗོད་པ་གང་། །རླུང་ཟར་གྱུར་ཏེ་ཟས་མཐོང་ནས། །ཕྱོགས་ཀུན་རྒྱུགས་ཀྱང་མྱང་མེད་པར། །སླར་ཞིང་སྡུག་བསྔལ་རྣམས་ཀྱིས་འཚེ། །ཁྲིམས་གཅོད་གཞན་དག་བཀྲེས་སྐོམ་གྱིས། །འཚེ་བྱེད་མེ་འདག་ཟ་བ་ཡི། །ཡི་དྭགས་གྱུར་ཅིང་མེ་དེ་ལ། །ཟོས་ནས་ཅུང་ཟད་བདེ་བར་སེམས། །ནོར་ཕྱིར་དུག་ནི་གཏེར་བ་གང་། །ཡི་དྭགས་དུག་ཟར་སྐྱེས་ནས་ཀྱང་། །ཆར་རྣམས་མེར་འགྱུར་དུག་ཟ་ཞིང་། །བྱ་ཅན་རྣམས་ཀྱིས་ཟ་བར་བྱེད། །འབྲོག་དགོན་སེར་སྣས་གཞན་ལ་འཚེ། །དགོན་པར་གནས་པའི་ཡི་དྭགས་འགྱུར། །བཀྲེས་སྐོམས་ཀྱིས་ཉམས་འོ་དོད་འབོད། །འགྱེལ་ཅིང་བྱ་དང་སྲིན་བུས་འཚེ། །རྒྱལ་བའི་མེ་ཏོག་ཕྲེང་བ་ནི། །ལོངས་སྤྱོད་ཕྱིར་སྐུ་དུར་ཁྲོད་ཀྱི།

(༥༠)ཡི་དྭགས་གྱུར་ནས་དེའི་འགོང་། ལྕགས་འབར་གྱིས་བཅིང་སྲིན་བུས་གནོད། །སྐྱེས་ཚལ་ཤིང་ལ་རྐམ་པས་རྐུ། །ཤིང་ལ་གནས་པའི་ཡི་དྭགས་སྐྱེ། །བཀྲེས་ཤིང་སྲིན་བུས་རབ་ཏུ་ཟ། །གཏོར་མ་ཙམ་གྱིས་སྲོག་འཚོ་བྱེད། །རྐུན་ཟས་ནོར་སྣ་ཚོགས་བྱེད་པར། །བཞི་མདོར་གནས་པའི་ཡི་དྭགས་སྐྱེ། །སོགས་ལེས་གཏུབ་པའི་སྡུག་བསྔལ་མྱོང་། །དེ་ཡང་གཏོར་མའི་སྲོག་འཚོའོ། །གང་ཞིག་ལྟར་ན་གཞན་གནོད་པ། །བདུད་རིགས་ཡི་དྭགས་རྣམས་སུ་འགྱུར། །བསམ་གཏན་པ་ལ་འཚེ་བྱེད་ཅིང་། །ཐུ་ལུམ་འབར་ཟ་ངན་འགྲོར་འཁོད། །དེ་སོགས་འབུམ་ཕྲག་དུ་མ་ཡིས། །ཡི་དྭགས་དཔག་མེད་སྡུག་བསྔལ་ཅན། །བརྫུས་སྐྱེས་ཤེས་ཆེ་སྐྱེ་གནས་བཞི། །ཕལ་ཆེར་ཡི་དྭགས་མོ་རྣམས་སུ། །སྐྱེ་སྟེ་ལས་དང་རྗེས་མཐུན་འགྱུར། །དེ་ལས་ཐར་ཀྱང་དུད་འགྲོར་སྐྱེ། །གལ་ཏེ་མིའི་རིགས་སྐྱེས་ཀྱང་། །བཀྲེས་སྐོམས་ཉོན་མོངས་རིགས་རྣམས་དང་། །དབང་པོ་མ་ཚངས་རྣམས་སུ་འགྱུར། །སེམས་ནི་སྤྲེའུ་ལྟ་བུ་ཡིས། །ཡུལ་གྱི་

(༥༡)༄༅། །ཤིང་ཐོག་ལ་སྲེད་ནས། །འདུ་བྱེད་ལག་པ་གཡོ་བ་ཡིས། །སྲེག་པ་ངན་འགྲོའི་གཅོང་རོང་ལྷུང་། །དེ་བས་ཡུལ་གྱི་སྲེད་པ་རྣམས། །སྤོང་བྱེད་སྐྱེས་བུ་རྒྱལ་བས་བསྔགས། །དྲན་པ་ཉེ་བར་བཞག་པའི་དོན་སྣང་བར་བྱེད་པའི་ཚིག་ལེའིར་བྱས་པ་ལས། །ཡི་དྭགས་ཀྱི་ལེའི་སྟེ་གསུམ་པའོ། །དེ་ལས་གཞན་ཡང་དུ་འགྲོ་ཡི། །རྣབ་པའི་སེམས་ཀྱི་རབ་བསྒྲུབས་པ། །ཕལ་ཆེར་མི་དགེ་བསྐྱེད་པ་དང་། །འདྲེས་མ་དགེ་བ་གང་བྱས་པ། །གཏི་མུག་ཤེས་ཆེར་གྱུར་པ་ནི།་ །བྱེ་བ་སུམ་ཅུ་རྩ་བཞི་ཡོད། །བསྡུས་ན་གསུམ་སྟེ་ཁ་འཐོར་དང་། །ཀླུ་དང་ལྷ་མིན་གནས་ན་གནས། །ཁ་འཐོར་འགྲོ་བ་བཞིར་ཁྱབ་སྟེ། །དམྱལ་བར་གནས་པའི་དུད་འགྲོ་ཡང་། །སེམས་རྒྱུད་ཅན་དང་སེམས་རྒྱུད་མེད། །སེམས་རྒྱུད་ལྡན་པ་དམྱལ་བ་གང་། །དེ་ལ་སྨོན་པས་སྐྱེས་གྱུར་ཀྱང་། །སྡུག་བསྔལ་དམྱལ་བ་ཉིད་མཚུངས་སྤྱོད། །སེམས་མེད་རྨི་ལམ་སྐྱེས་བུ་བཞིན།

(༥༢)དམྱལ་བ་དེ་དག་ལ་སྣང་བའོ། །དུད་འགྲོ་ལྷའི་ནང་སྐྱེས་པ། །བདེ་བ་ལྷ་དང་མཚུངས་པ་རྣམས། །དེ་དང་དེ་འདྲས་ལས་སུ་འབྲེལ། །ཁྱད་པར་གླང་པོ་ས་སྲུང་བུ། །འཁོར་ལོའི་བརྒྱུར་རྒྱལ་ལེགས་མཐོང་གི །བྲམ་ཟེ་འདུན་ན་འདོན་གྱུར་པ། །བདེ་ལ་སྲེག་ཅིང་སྨོན་པས་འགྲུབ། །དུད་འགྲོ་ཀུན་གྱི་མཆོག་ཡིན་ཀྱང་། །གང་གིས་བརྒྱ་བྱིན་ཉིད་འགྲུབ་པའི། །དགེ་ལྡན་གླང་ལ་སྨོན་བྱེད་པ། །གཏི་མུག་གིས་འཕངས་མིན་ནམ་ཅི། །དེ་བཞིན་ཡི་དགས་མི་རྣམས་ཀྱི། །གནས་ན་མཚུངས་སྤྱོད་འདྲེས་མས་བསྐྱེད། །མཁའ་ལྡིང་ལ་སོགས་བྱ་རྣམས་ཀུན། །ཕལ་ཆེར་སྒོང་སྐྱེས་མཁའ་ལྡིང་བཞིན། །འབུ་སྲིན་ལ་སོགས་དྲོད་གཤེར་སྐྱེས། །རྟ་གླང་ར་ལུག་མངལ་སྐྱེས་ཏེ། །བརྫུས་སྐྱེས་ལྷ་དང་དམྱལ་བར་སྐྱེ། །བྱ་རོག་འུག་པ་ལྟ་བུ་ཡི། །ཞེ་སྡང་གིས་བསྐྱེད་མི་མཐུན་འགྱུར། །ཆགས་ལྡན་ཤང་ཤང་ངང་ངུར་བཞིན། །རྣབ་སེམས་ཀྱིས་བསྐྱེད་ཁྱི་དང་ཝ།

(༥༣)༄༅། །སྲག་།།།པས་སྐྱེད་པ་རི་དྭགས་རྣམས། །ཆུ་ལ་སྲེག་སྐྱེས་ཉ་ལ་སོགས། །དཔག་མེད་གཏི་མུག་གིས་བསྐྱེད་པ། །ལས་ནི་སྣ་ཚོགས་གསུངས་པ་ཡིན། །དེ་རྣམས་ཟས་ནི་རྣམ་པ་བཞི། །ཁམས་དང་ཡིད་ལ་སེམས་དཔའ་དང་། །རེག་པ་དགའ་བ་ཟས་ཞེས་བྱ། །དང་པོ་སྦྱིན་པ་དམན་པ་སྟེ། །ཡིད་ཀྱིས་བྱིན་དང་ཁས་བླང་དགའ། །གནོད་བཅས་དགའ་བ་དུད་འགྲོ་རྣམས། །བསམ་གཏན་དགའ་བས་འཚོ་བ་གཞན། །མདོར་ན་དུད་འགྲོ་ཐམས་ཅད་ནི། །མཐུན་དང་མཐུན་མིན་ལྡང་མི་ལྡང་། །བཤེས་དང་ཤེས་དང་ལྷན་ཅིག་སྤྱོད། །ལྷན་ཅིག་སྤྱོད་མ་རྣམས།།། །ཁྲ་ལྷག་ལས་སོགས་སྲོག་གཅོད་ལྡན། །ཁྭ་སོགས་མ་བྱིན་རྐང་པ་དང་། །སྦལ་པ་ལ་སོགས་ལོག་གཡེམ་ཅན། །དོན་མེད་སྒྲ་འབྱིན་མཐིང་རིལ་སོགས། །མི་མཐུན་སྨྲ་བ་བྷི་རྒྱུན་རྟ། །ཚིག་རྩུབ་བརྫུན་ལྡན་གཅན་གཟན་རྣམས། །ཝ་སོགས་བརྣབ་སེམས་ལྡན་པ་སྟེ། །སྦྲུལ་གདུག་ལྟ་བུ་གནོད་སེམས་ལྡན། །

(༥༤)ལོག་ལྟས་སྐྱེས་པ་དམྱལ་བའི་བྱ། །དེ་རྣམས་ལས་ཀྱི་རྗེས་འབྲང་བ། །ཡང་ཡང་སྡུག་བསྔལ་མྱོང་བར་བྱེད། །དེ་ནས་སྦྱིན་དང་ཚུལ་ཁྲིམས་ཀྱི། །ཆ་ཤས་གཏི་མུག་ལྡན་སྐྱེད་པ། །དེ་ཡང་གཉིས་ཏེ་ཕྱི་མ་ཡི། །རྒྱ་མཚོར་ལྡན་རྣམས་ཆགས་པའི་བསྐྱེད། །ནང་མ་ཞེས་ལྡང་སྤྱོད་པ་ཡིན། །དེ་རྣམས་གཙོ་བོ་རྒྱལ་པོ་ནི། །མགོ་བདུན་གླང་གདོང་ནོར་རྒྱས་བུ། །འཇོག་པོ་བཟང་ལྡན་བསྐྱེད་པ་དང་། །མི་འཇོམ་སྤྲིན་འཕྲིང་འཁྱིལ་དང་། །ཀུན་འགྲོ་རབ་སྤྲོ་ཆོས་དང་ལྡན། །འདི་རྣམས་མི་ཀུན་བདེ་བར་སྐྱོང་། །རབ་འཇོམས་བསྒྱིང་པ་ནག་པོ་དང་། །ཧུ་ལུ་ཧུ་ལུ་ནག་པོ་ཀླུ། །ཐམས་ཅད་གནས་ནི་ལོངས་སྤྱོད་ལྡན། །དཔག་ཚད་སུམ་སྟོང་རིན་ཆེན་དང་། །མེ་ཏོག་སྣ་ཚོགས་བདུད་རྩི་ཟ། །ཅུང་ཟད་བདེ་བར་གནས་པ་ཡིན། །ནག་པོའི་སྟོབས་ཀྱི་སྐྱེས་པ་རྣམས། །བྱེ་མ་རྡུལ་འདེབས་བསྲོགས་པར་འགྱུར། །བྱེ་ཚན་སྦལ་པ་རླུང་ཟ་བྱེད། །སྡུག་བསྔལ་

(༥༥)༄༅། །རྣམས་ཀྱིས་གདུང་པ་ཡིན། །མི་རྣམས་ལ་ཡང་འཚེ་བར་བྱེད། །རྒྱ་མཚོ་ཆུ་ལག་དང་བཅས་པར། །ཆོས་དང་ལྡན་པའི་ཀླུ་དག་ནི། །བྱེ་བ་ལྔ་བཅུ་རྩ་བདུན་ཏེ། །ཆོས་མི་ལྡན་པ་བགྲང་དུ་མེད། །མ་དྲོས་པ་ལ་སོགས་པ་ཡི། །གླིང་བཞི་རོལ་མཚོ་ལ་གནས་པ། །དེ་དག་ཀླུ་ནི་དུ་མ་རྣམས། །རིག་བཞི་སྣ་ཚོགས་ལས་བསྐྱེད་པའོ། །ཀླུ་མཆོག་ཚེ་ནི་བསྐལ་པ་སྟེ། །གཞན་ནི་ངེས་མེད་དུ་མའོ། །ལྔ་མིན་རིག་ནི་གཉིས་ཡིན་ཏེ། །བདུད་རིག་ཡི་དྭགས་རྫུ་འཕྲུལ་ཆེ། །སྔར་བཤད་དུད་འགྲོར་བགྲང་བ་གང་། །རྒྱ་མཚོར་ནུབ་པའི་རི་རབ་ནི། །བརྒྱད་ཁྲི་བཞི་སྟོང་ལ་གནས་པ། །སྣང་ལྡན་ཟླ་ཕྲེང་གནས་བཟང་ངོ། །མི་གཡོ་ཞེས་བྱ་རྣམ་པ་བཞི། །ཀུན་ཀྱང་ཁྲི་ཕྲག་གཉིས་དང་སྟོང་། །རིམ་བཞིན་གནས་ཏེ་དང་པོ་ནི། །སྒྲ་གཅན་གནས་ཏེ་གྲོང་ཁྱེར་དེ། །དཔག་ཚད་བརྒྱ་སྟོང་རིན་ཆེན་གྱིས།

(༥༦)རང་བཞིན་ལོངས་སྤྱོད་སྣ་ཚོགས་ལྡན། །ཕྱོགས་བཞིར་རྩེ་མོ་ཅན་ཚལ་དང་། །བརྒྱགས་པ་ངང་པ་ཁུ་བྱུག་ཅན། །ཐམས་ཅད་དཔག་ཚད་བརྒྱ་པའོ། །སྣ་ཚོགས་ལྗོན་པ་སྟེང་ཁ་དང་། །མེ་ཏོག་སྣ་ཚོགས་འབབ་ཆུས་བརྒྱན། །བྱ་དང་བུང་བ་དུ་མས་གང་། །དེ་ནས་སྒྲ་གཅན་ཆུང་མར་བཅས། །ཁྲིག་ཁྲིག་བཅུ་གཉིས་བཅས་ཡོད། །འདི་ནི་སྔོན་ཚེ་བྲམ་ཟེར་གྱུར། །སྦྱིན་ལ་བརྩོན་ཞིང་རིགས་བྱེད་མཁས། །རྒྱལ་བའི་མཆོད་རྟེན་མེ་ཤོར་བར། །མཐོང་ནས་ཤིང་རྟ་སྟོང་ཕྲག་བཞིས། །ཆུ་བསྐྱལ་མཆོད་རྟེན་མ་ཚིག་བྱས། །དད་པ་མེད་ཀྱང་འདི་སྐད་སྨྲས། །འདི་ལ་བསོད་ནམས་ཡོང་གྲང་ན། །འདོད་ཁམས་བདག་ལུས་མཆོག་ཏུ་ཤོག །དེ་བརྗོད་ལྷ་མིན་དབང་པོར་གྱུར། །དེ་འཁོར་སྐྱེས་པའི་ལྷ་མིན་རྣམས། །གྲགས་པ་འདོད་དང་རྒྱལ་པོའི་བཀའ། །རང་རིགས་བསྲུང་ཕྱིར་རི་དག་ཉ། །དེ་སོགས་སེམས་ཅན་སྲུང་བྱེད་ཅིང་། །སྦྱིན་བཅས་མི་དགེ་གཞན་སྤྱད་

(༥༧)༄༅། །པ། །ལས་དེས་དེར་སྐྱེས་སྣ་ཚོགས་ལུས། །འདྲེས་མའི་བདེ་མྱོང་ང་རྒྱལ་བཅས། །མི་ལོ་ལྔ་བརྒྱ་ཞག་གཅིག་སྟེ། །དེས་བསྒྲེས་རང་ལོ་ལྔ་སྟོང་ཡིན། །བར་མ་དོར་ནི་འཆི་བ་ཡོད། །དེ་ལྟར་ལྷ་མིན་དབང་པོ་དེ། །ལྷ་གནས་ལྟ་དང་ཟླ་བ་ལ། །རེག་འདོད་གཡུལ་འགྱེད་དེའི་ཚེ། །རྫུ་འཕྲུལ་ལུས་ཀྱིས་ཉི་ཟླ་སྒྲིབ། །དེ་སྒྲ་གནམ་གྲུམ་ཞེས་ཀྱང་སྨྲ། །གཉིས་པ་ལྷ་མིན་འགུལ་འཕྲེང་སྟེ། །སྔ་མ་ལས་ལྷག་གྲོང་ཁྱེར་ནི། །གཉིས་རྩེགས་དཔག་ཚད་བརྒྱད་སྟོང་ཡོད། །ཕྱོགས་བཞིར་དགའ་བྱེད་ལྷ་ཚེར་དང་། །མི་སྣང་ཡིད་འོང་གསེར་རི་བཞི། །སྐྱེ་ཚལ་གནས་དང་བཅས་པ་ཡོད། །སྣ་ཚོགས་ལྗོན་པ་འབབ་ཆུ་བཅས། །གྲོང་ཁྱེར་དབུས་ན་ཀུན་སྣང་མཚོ། །ལས་མཐུས་མཐོང་སྟེ་མེ་ལོང་བཞིན། །དེ་ན་རྒྱལ་པོ་བརྟན་པ་ནི། །ལྷ་མིན་བུ་མོ་དུ་མ་དང་། །ལས་མཐུས་བདེ་ལ་སྤྱོད་པར་བྱེད། །

(༥༨)སྔོན་ཚེ་ཕྱི་རོལ་ཆགས་བྲལ་ལ། །སྦྱིན་པ་བཏང་བས་འབྲས་བུས་སྐྱེད། །སྡིག་བཅས་མཆོད་སྦྱིན་གང་བྱེད་པ། །འཇིག་རྟེན་འབྲས་འདོད་དེར་སྐྱེ་འགྱུར། །ཚེ་ནི་མི་ལོ་དྲུག་བརྒྱ་ལ། །ཞག་ཅིག་ཡིན་ཏེ་རང་ལོ་ནི། །དྲུག་སྟོང་བར་དུ་འཚོ་བ་ཡིན། །དེ་ནས་གསུམ་པ་གཙེར་གནས་འདིར། །གྲོང་ཁྱེར་ཟབ་པ་བརྒྱད་སྟོང་པས། །གཡེར་ཁའི་སྲིད་དང་གསེར་འཕྲེང་འཚལ། །མེ་འཕྲེང་འདྲས་འཚལ་བཞི་ཡིས་བརྒྱན། །གོང་མ་གཉིས་ཀ་ལ་མཛེས་པའོ། །དེ་ན་རྒྱལ་པོ་མེ་ཏོག་བྲེང་། །ཁང་བཟང་སྐྱེད་ཚལ་དུ་མ་ན། །ལྷ་མིན་བུ་མོ་རྣམས་ཀྱིས་མཆོད། །སྟོབས་ལྡན་ལོངས་སྤྱོད་དུ་མས་དགའ། །སྟོན་ཚེ་ཚུལ་འཚལ་མཆོད་པའི་མཐུས། །ཐོབ་པར་འགྱུར་ཅེས་འདྲེན་པས་གསུངས། །གཞན་དག་དེར་ནི་སྐྱེ་བའི་རྒྱུ། །དུས་སྟོན་གྱད་དང་སིལ་ཁྲོལ་དང་། །དགའ་སྟོན་དེ་བཞིན་ཕལ་པ་ཡིན། །སྦྱིན་ལྡན་གནས་དེར་སྐྱེ་བ་

(༥༩)༄༅། །ཡིན། །མི་ལོ་བདུན་བརྒྱ་ཞག་ཅིག་གིས། །བསྒྲེས་།།།རང་ལོ་བདུན་སྟོང་ཡིན། །དེ་ལས་བཞི་པ་རབ་སྤྲོའི་གནས། །གྲོང་ཆེར་མཛེས་པ་ཞེས་བྱ་བ། །གསེར་གྱིས་གཞིའི་སྟེང་ན་གནས། །དཔག་ཚད་བརྒྱ་སྟོང་རིན་ཆེན་གྱི། །རང་བཞིན་བཀྲ་ཞིང་རབ་མཛེས་པ། །ལྗོན་པ་སྐྱེད་ཚལ་དུ་མ་དང་། །བྱ་དང་བུང་བ་མྱོས་པས་གང་། །གྲོང་རྡལ་ལྟེང་ཀ་འབབ་ཆུར་བཅས། །ལྷ་མིན་བུ་མོ་རབ་མཛེས་རྣམས། །རིན་ཆེན་རྒྱན་གྱིས་རྣམ་པར་ཀླུབས། །དེ་དག་བདག་པོ་ཐག་ཟངས་རིས། །བརྩོན་པ་ཆེ་ཞིང་སྟོབས་དང་ལྡན། །རྫུ་འཕྲུལ་དང་ལྡན་འཇིགས་པ་མེད། །བདེ་།།།གཞན་ཡང་རབ་དགོད་ཅེས། །བྱ་བ་སྟོབས་སྙོམས་ལྷག་པར་ཡང་། །ང་རྒྱལ་ལྡན་པ་དེ་ཡང་གནས། །ལྷ་མིན་གཞན་ལས་ལྷག་པ་།།།། །དེ་འཁོར་ཀུན་སྤྲོ་དེ་རྣམས་ཀྱང་། །སྟོབས་ཆེན་ལོངས་སྤྱོད་ལྡན་བག་མེད། །རང་གི་ལས་ཀྱི་བྲས་བུ་སྤྱོད། །རྒྱལ་པོ་དེ་ཡི་

(༦༠)ལས་སྤྱད་པ། །ཡང་དག་ལྟ་བ་མི་ལྡན་ཀྱང་། །ཚུལ་ལྡན་བསོད་སྙོམས་བྱེད་པ་དང་། །འཇིག་རྟེན་དགེ་སྤྱོད་ལྡན་པས་འགྲུབ། །གཞན་དག་སྲེས་པས་ཚུལ་དུ་ནི། །སེམས་ཅན་གནོད་མེད་སྡུག་པ་དང་། །སེམས་བརྩེ་སྦྱིན་པ་དམའ་བས་འགྲུབ། །དེ་ཕྱིར་བདེ་བའི་འབྲས་བུས་ཐོབ། །ཚེ་ནི་མི་ལོ་བརྒྱད་སྟོང་ལ། །ཞག་ཡིན་རང་ལོ་སྟོང་ཕྲག་བརྒྱད། །དེ་ལྟར་དུད་འགྲོ་རྣམས་ལ་ནི། །འཕོས་སྟེ་ལྷ་དང་མིར་སྐྱེས་ཀྱང་། །རང་རང་རྒྱུ་མཐུན་འབྲས་བུས་འབྱུང་། །དེ་ཕྱིར་རྟག་ཏུ་མི་དགེ་སྤོང་། །བག་ཡོད་དགེ་བ་བསྟན་པར་གྱིས། །དེ་ནས་ལྷ་དང་ལྷ་མ་ཡིན། །གཡུལ་དུ་འཇུག་པ་བཤད་པར་བྱ། །མི་རྣམས་དགེ་སྤྱོད་གྱུར་པ་ན། །ལྷ་འཕེལ་རྒྱུ་དེས་ལྷ་མིན་དང་། །ནག་པོའི་ཀླུ་རྣམས་ཡི་མུག་ཅིང་། །ལྷ་མིན་གནོད་བྱེད་གཡུལ་འགྱེད་ཀྱང་། །དཀར་པོའི་ཀླུ་ཡིས་བཟློག་པར་ནུས། །འདྲེས་སྤྱོད་དེ་ཚེ་ཕྲེང་ཐོགས་བོགས། །རྒྱལ་ཆེན་བཞི་པས་

(༦༡)༄༅། །བཟློག་པར་བྱེད། །གང་ཚེ་མི་རྣམས་ཆོས་མིན་སྤྱོད། །ཕ་མ་དགེ་སྤྱོད་མི་འཛིན་པ། །དེ་ཚེ་ལྷ་མིན་དཔུང་སྐྱེས་ཤིང་། །ནག་པོའི་ཀླུའི་མི་རྣམས་ལ། །ལེགས་ཉེས་ཀློགས་དང་ཆུ་རྙོག་དང་། །སྤྲིན་ནག་གཏོང་བ་གླིང་བཞིར་འཚེ། །དེ་ཚེ་ནོར་རྒྱས་བུ་ལ་སོགས། །ནགས་ཕྱོགས་རྣམས་ནི་བཟློག་པའི་ཕྱིར། །གཡུལ་འགྱེད་དེ་ལ་ལྷ་མིན་ནི། །གཉིས་རྩེ་རྣམས་ཀྱིས་གོ་བགོས་ཤིང་། །ནག་པོའི་ཀླུ་རྣམས་ཕྱོགས་བྱེད་འགྱུར། །དེ་དག་ཕམ་པས་སྒྲ་གཅན་ནི། །ཁྲོ་བས་གཡུལ་དུ་འོང་བར་བྱེད། །རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱིས། །ཕམ་བྱས་དེ་ཚེ་གནས་གཉིས་པར། །བརྟན་པ་འགུལ་འཕྲེང་བཅས་པ་ལ། །སྦྲན་དེ་ཁྲོ་བས་དེ་དག་དྲངས། །མི་བཟོད་གཡུལ་འགྱེད་ཕམ་གྱུར་ཚེ། །གསུམ་པ་མེ་ཏོག་ཕྲེང་བཅས་པའི། །ལྷ་མིན་རྣམ་དང་གཡུལ་འགྱེད་འགྱུར། །དེ་རྣམས་ལུས་ངན་ལ་སོགས་པའི། །འཇིག་རྟེན་

(༦༢)སྐྱོང་བས་ཕམ་བྱས་ཚེ། །དེ་ཐོས་རབ་རྒོད་ཐག་ཟང་རིས། །ཁྲོས་ཏེ་དེ་ནས་ལྷ་མིན་གྱི། །རྒྱལ་པོ་རྣམས་ནི་སྟོབས་མེད་དམ། །ལྷ་མིན་བུ་མོ་མཛེས་མ་ཀུན། །ལྷ་རྣམས་མྱུར་དུ་འདོད་དམ་ཅི། །ནོར་རྒྱལ་ཀླུ་དང་དབང་པོར་བཅས། །ཚར་བཅད་བྱ་ཕྱིར་འདོང་ངོ་ཞེས། །སྨྲ་ཏེ་ལྷ་མིན་རྣམས་ལ་བསྒོ། །དེ་ཡི་ཤིང་རྟ་རྩིབས་འབུམ་པ། །འོད་བཅས་ལྷ་མིན་བྱེ་བ་ཕྲག །དུ་མ་སྣ་ཚོགས་གོ་བགོས་ཤིང་། །མཚོན་ཆ་དུ་མ་དང་བཅས་པ། །རྔ་སྒྲ་ལྷ་མིན་སྒྲ་རྣམས་ཀྱིས། །རི་དང་ནགས་ཚལ་གཡོ་བར་བྱེད། །རྒྱུ་དེས་རྒྱ་བྱིན་སྟན་གཡོས་འགྱུར།་ །དེ་ཚེ་ལྷ་དབང་ལྷ་རྣམས་ལ། །བཀའ་རྩོལ་ལྷ་རྣམས་ཐམས་ཅད་ཀུན། །ཤིང་རྟ་སྣ་ཚོགས་ཚལ་དུ་ནི། །གོ་ཆའི་དོན་དུ་རྒྱུག་པར་བྱེད། །དེ་སྒྲ་རྒྱ་མཚོ་འབྲུག་པ་འདྲ། །དེ་ནས་གླང་པོ་ས་སྲུང་བུ། །ལུས་ནི་དཔག་ཚད་སྟོང་ཡོད་པ། །དེ་ནི་གཡུལ་ཕྱིར་སྲུལ་བར་བྱེད། །འགོ་བརྒྱ་རེ་རེ་མཆེ་བ་བཅུ། །དེ་ལ་རྫིང་

(༦༣)༄༅། །བཅུ་པདྨ་སྟོང་། །པདྨ་རེ་ལ་རི་བོ་བཅུ། །རེ་རེའང་རི་ཆུང་བརྒྱ་བརྒྱ་སྟེ། །ལྷ་མོ་བརྒྱ་སྤྲུལ་རོལ་མོ་འབྱིན། །ལྷ་རྣམས་རིན་ཆེན་སྣ་ཚོགས་ཀྱིས། །ཤིང་རྟ་བརྒྱན་པ་རྣམས་ལ་ཞོན། །མཚོན་ཆ་འབར་བ་དུ་མ་དང་། །བཅས་ཏེ་དཔག་ཚད་ཉི་ཁྲི་ཁེངས། །སྒྲ་ཆེན་སྒྲོགས་ཤིང་དོང་བར་བྱེད། །དེ་ལྟར་གཡུལ་ཆེན་རབ་བཤམ་དེ་ཚེ་ལྷ་རྣམས་དང་། །ལྷ་མིན་དཔའ་བོ་སྟོབས་ལྡན་མ་གཏོགས་ཐམས་ཅད་ཀུན། །སྤུ་ཟིང་བྱེད་ཅེས་གསེར་གྱི་རི་བོ་དྲུག་ཁྲི་གཡོ། །རྔ་སྒྲས་བྲག་ཆས་ནམ་མཁའ་རྒོད་ཅིང་རྒྱ་མཚོ་འགུལ། །ཀླུ་རྣམས་རྒྱུག་པས་ས་ཀུན་ཆུར་བཅས་གཡོ་བར་བྱེད། །གནོད་སྦྱིན་ལྷ་གནས་ཀུན་ཏུ་རྒྱུག་པའི་ཁ་རླངས་ཀྱིས། །མཇུག་རིང་འཆར་ཞིང་མི་ཡུལ་འགྲོ་བས་སྐར་མདའ་ལྟུང་། །འཇིག་རྟེན་སྐྱོན་རྣམས་གླིང་བཞི་ཀུན་ལ་རྟོགས་པར་བྱེད། །དེ་ནས་ཐོག་མར་ཀླུ་རྣམས་ཀུན། །གཡུལ་འགྱེད་མེ་དང་དུག་གི་ཆར། །ཀློག་གི་ཕྲེང་བས་འགྱེད་པར་བྱེད།

(༦༤)དེ་ཚེ་དང་པོའི་ལྷ་མ་ཡིན། །ཧ་ཧའི་སྒྲ་འབྱིན་རྒྱུག་པ་ན། །ཀུན་ཏུ་རྒྱུ་བའི་ལྷ་རྣམས་དང་། །ཕྲེང་ཐོགས་བཅས་པས་གཡུལ་འགྱེད་འགྱུར། །དེ་ལ་སྒྲ་ཅན་ཁྲོས་པ་ཡི། །དཔག་ཚད་བཅུ་པའི་རི་འཕེན་ཀྱང་། །མདའ་དང་ཀློག་གི་སྲེད་ཅིང་གཏོར། །རབ་ཏུ་མི་བཟད་གཡུལ་བཀྲེ་བས། །ལྷ་མིན་བརྟན་པ་འཁོར་འདས་ཀུན། །མཚོན་ཆར་བཅས་ཏེ་རྒྱུག་པར་བྱེད། །དེ་མཐོང་ཡོལ་ཐོགས་ལྷ་རྣམས་ཀུན། །གོ་བགོས་མཚོན་ཆའི་ཆར་འབེབས་ཤིང་། །རྒྱ་མཚོ་འཁྲུགས་པར་བྱེད་པར་འགྱུར། །ལྷ་མིན་བརྟན་པ་ཁྲོས་པ་ཡིས། །དཔག་ཚད་ཙམ་གྱིས་དབྱིག་པ་ཐོགས། །ལྷ་རྣམས་ཀུན་ལ་རྒོལ་བ་ན། །གནམ་ལྕགས་འདྲ་བའི་མདའ་ཆར་གྱིས། །དབྱིག་པ་གཅོད་ཅིང་དེ་ཡིས་ལུས། །བར་མཚམས་མེད་པར་འབེབ་པར་བྱེད། །དེ་མཐོང་ལྷ་མིན་མེ་ཏོག་ཕྲེང་། །མི་བཟད་དཔུང་བཅས་རྒྱུག་པ་ན། །རྟག་མྱོས་རྒྱལ་ཆེན་བཞིར་བཅས་པ། །གཡུལ་འགྱེད་རྒྱུག་ཅིང་མཚོན་ཆ་འབེབས་

(༦༥)༄༅། །དེ་མཐོང་ལྷ་མིན་དབང་པོ་མེད། །མཚོན་ཆ་ཀུན་འཇོམས་དཔག་ཚད་ཙམ། །ཐོགས་ཏེ་ལྷ་རྣམས་བརྟེན་པ་ན། །ལུས་ངན་འཇིག་རྟེན་སྐྱོང་བ་ཡི། །ལག་མཐུས་འཕྲོགས་ཏེ་སླར་བརྡེག་པས། །ཉམས་ཏེ་དེ་ནས་འབྲོས་པར་འགྱུར། །དེ་ཚེ་རབ་རྒོད་ཐག་ཟངས་རིས། །ཁྲོས་པས་དེ་ནས་ལྷ་རྣམས་འཇོམས། །དེ་ཚེ་སུམ་ཅུ་རྩ་གསུམ་གྱིས། །ལྷ་རྣམས་ཀུན་དང་གཡུལ་ཆེན་འགྱེད། །དེ་ཚེ་མཚོན་ཆ་སྣ་ཚོགས་སེར་བ་དྲག་པོ་འབབ་པ་ཡིན། །རི་དང་ལྗོན་པ་ཀློག་དང་ཆུ་དག་ཕན་ཚུན་འབེབས་པ་ཡི། །སྒྲ་ཆེན་རྣམས་ཀྱིས་རྒྱ་མཚོར་གནས་པའི་ཆུ་སྲིན་སྲིན་པོ་རྣམས། །སྙིང་འགས་བྱེད་ཅིང་དཔག་ཚད་དུ་མར་མུན་པ་བཞིན་དུ་འགྱུར། །གླང་ཆེན་རྟ་མཆོག་ཤིང་རྟ་འཁོར་བའི་སྒྲ་རྣམས་ཕྱོགས་ཀུན་ཁྱབ། །སྟར་མ་སྐྲག་བྱེད་རྔ་སྒྲས་ནམ་མཁའ་འདྲལ་བར་བྱེད་པ་བཞིན། །ཕན་ཚུན་དམྱལ་སློར་འགྱུར་བྱེད་མི་བཟད་

(༦༦)གཡུལ་ཆེན་འདྲས་པར་འགྱུར། །དེ་ཐོས་པས་ཀྱང་སྤུ་ལོང་བྱེད་འགྱུར་མཐོང་ན་ཅི་ཞིག་སྨོས། །གལ་ཏེ་ལྷ་རྣམས་སྟོབས་ཆུང་ན། །དེ་ཚེ་རྒྱ་བྱིན་དེ་ཉིད་དང་། །རབ་རྒོད་གཡུལ་དེར་འགྱེད་པར་བྱེད། །རབ་རྒོད་ཀྱིས་ནི་རྒྱ་བྱིན་ལ། །རི་བོ་དཔག་ཚད་ལྔ་པ་འཕེན། །དེ་མཐོང་གླང་པོ་ས་སྲུང་བུས། །སྣ་ཡི་དབུས་ཀྱི་ཕྱེ་མར་བྱེད། །དེ་མཐོང་རྡོ་རྗེས་རི་འཕེན་པ། །ས་སྲུང་འབུས་བཟུང་དེ་ཉིད་ཀྱིས། །བྲང་དུ་བརྒྱབ་པས་ལྷ་མིན་རྨོངས། །ཀྱེ་མ་ཞེས་བརྗོད་འགྱེལ་བར་འགྱུར། །ལྷ་དབང་གིས་སྤྲུལ་དབང་པོ་ཡིས། །ནམ་མཁར་བར་འཚམས་གང་ནས།།།། །རྡོ་རྗེའི་ཆར་ཆེན་འབེབས་པར་བྱེད། །དེ་ལ་ལྷ་མིན་ཀུན་སྐྲག་གནས། །ས་འོག་སྒོ་དེར་འབྲོས་བྱེར་འགྱུར། །དེར་ནི་སྤྲུལ་པས་འགྱེད་པ་དང་། །དེ་བཞིན་མེ་དང་གནམ་ལྕགས་ཆར། །དུག་དང་རལ་གྲི་རྡོ་རྗེ་དང་། །རྩེ་གསུམ་ཤག་ཏི་དྲི་མེད་

(༦༧)༄༅། །མཚོན། །འཁོར་ལོ་མདའ་དང་ཐང་ཤོལ་དང་། །རྡོ་དང་རི་བོ་ལྗོན་པ་སོགས། །ཐམས་ཅད་ཆར་བཞིན་འབབ་པར་བྱེད། །སྤྲིན་ཆེན་རླུང་གིས་གཏོར་བ་བཞིན། །ལྷ་དང་ལྷ་མིན་དཔའ་བོ་རྣམས། །ཧ་ཧ་སྒྲ་འབྱིན་འཐོན་ཅིག་ཅེས། །བར་འཚམས་མེད་པར་སྒྲོགས་པར་བྱེད། །དེ་ཚེ་ལྷ་མའི་དབང་པོ་ཡི། །ཤིང་རྟ་གླང་པོ་ས་སྲུང་གི །བུ་ཡི་རྩ་བཞིན་ཕྱེ་མར་བྱས། །དེ་ལྟར་གཡུལ་ཆེན་འགྱེད་པའི་ཚེ། །ལྷ་རྣམས་ཡན་ལག་བཅད་པ་དང་། །རྨ་བྱུང་དེ་མ་ཐག་ཏུ་འཚོ། །ལྷ་མིན་རྣམས་ནི་མི་དང་མཚུངས། །རྒྱུ་དེས་ལྷ་རྣམས་ཟད་མི་འགྱུར། །སྔོན་གྱི་སྲོག་གཅོད་སྤངས་པ་ཡིས། །རྣམ་སྨིན་མཆོག་རྨད་ཁྱད་པར་ཡིན། །འདི་ལྟར་གྱུར་ཀྱང་ལྷ་དབང་ནི། །ལྷ་མིན་སྲོག་ལ་གནོད་མི་བྱེད། །རང་ཕྱོགས་བསྐྱབ་དང་རྒྱལ་བའི་ཕྱིར་རོ། །དེ་ནས་ལྷ་མིན་རང་གི་གནས། །སྡུག་བསྔལ་ཞུས་ཞིང་སོང་ནས་ཀྱང་། །ལྷ་མིན་བུ་མོ་རྣམས་མྱ་ངན་བྱེད། །ལྷ་དབང་རྩ་

(༦༨)གསུམ་དེར་འགྲོ་ཞིང་། །ལྷ་རྣམས་དག་ཞིང་ལས་ལ་སྤྱོད། །ཀྱེ་མ་འཁོར་བ་སྙིང་པོ་མེད། །དེ་ཕྱིར་འཐབ་རྩོད་སྤངས་པར་བྱ། །དྲན་པ་ཉེ་བར་བཞག་པའི་དོན་སྣང་བར་བྱེད་པའི་ལེའུར་བྱས་པ་ལས། །དུད་འགྲོའི་ལེའུ་སྟེ་བཞི་པའོ། །དེ་ནས་གཞན་ཡང་དགེ་བ་ཡི། །རྒྱུ་ལས་གྲུབ་པའི་མི་རྣམས་ནི། །མཆོག་ནི་འཁོར་ལོའི་བསྒྱུར་བ་དང་། །བསྐལ་པ་དང་པོ་སྒྲ་མི་བརྙན། །གླིང་གཉིས་བར་མ་འབྲིང་ཡིན་ཏེ། །ཐ་མ་ཚེ་ལོ་བཅུ་པའོ། །དེ་རྣམས་གནས་ནི་གླིང་བཅུ་གཉིས། །གླིང་གསུམ་ལོངས་སྤྱོད་ལྡན་པ་སྟེ། །འཛམ་གླིང་ལས་ཀྱི་ས་པར་གྲགས། །ཁྲུ་བརྒྱད་བཅུ་དྲུག་སུམ་ཅུ་གཉིས། །ཤར་ནུབ་བྱང་གི་ལུས་ཀྱི་ཚད། །ཚེ་ནི་བརྒྱ་ཕྲག་ཕྱེད་དང་གསུམ། །ཤར་ཡིན་ནུབ་བྱང་ཕྱེད་འཕགས་སོ། །འདིར་ནི་དཔག་མེད་ནས་ལོ་བཅུ། །ལུས་ཀྱང་དེ་བཞིན་མཚུངས་གྱུར་ཏེ། །ཕྱེད་དང་བཞི་དང་ཁྲུ་བཞིར་གྲགས། །ལོངས་སྤྱོད་ཐོག་མར་གཟུགས་ཁམས་

(༦༩)༄༅། །བཞིན། །རིམ་གྱིས་ས་ཞག་མྱུ་གུའི་ཚལ། །སཱ་ལུ་རྣམས་ཀྱིས་རོ་ལ་ཆགས། །སྲེད་པས་ཉོན་མངོས་རབ་སྐྱེས་ནས། །རྩོད་དང་ཆགས་གྱུར་མི་དགེ་སྤྱད། །མང་པོས་བཀུར་སོགས་རྒྱལ་རིགས་བྱུང་། །འདོད་ཉུང་ནག་གནས་བྲམ་ཟེ་གྲང་། །བར་མ་རྗེ་རིགས་ཐ་མ་དམངས། །མཐར་ནི་མི་དགེ་རྫོགས་སྤྱོད་པས། །མུ་གེ་ནད་དང་མཚོན་སྐལ་བར། །ལོ་ཟླ་ཞག་བདུན་གོ་རིམས་བཞིན། །དེ་རྣམས་ངན་འགྲོར་མཚུངས་པ་ཡིན། །གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། །གླིང་བཞི་ནས་ནི་ཅིག་གི་བར། །དབང་བྱེད་འཁོར་ལོ་ནོར་བུ་དང་། །གླང་རྟ་བུད་མེད་བློན་པོ་དང་། །དམག་དཔོན་བདུན་ཏེ་བ་ཡང་།།།། །རལ་གྲི་ལྤགས་པ་ཁྱིམ་དང་ནི། །ཚལ་དང་གོས་ལྷམ་མལ་ཆུ་བདུན། །སྦྱིན་དང་ཚུལ་ཁྲིམས་མཐུ་ལས་གྲུབ། །བདེ་སྡུག་དགེ་དང་མི་དགེ་བའི། །རྣམ་སྨིན་གྱིས་བསྐྱེད་དབང་འབྲས་ནི། །ཡུལ་སྣང་ཐུན་མོང་ཐུན་མོང་མིན།

(༧༠)གང་གིས་སྟོབས་བྱས་སྐྱེས་བུ་བྱས། །དེ་བཞིན་སོ་སོར་མྱོང་སུ་མྱོང་། །སྐྱེ་རྒས་ན་དང་འཆི་བ་ཡིས། །རྟག་ཏུ་སྡུག་བསྔལ་གནོད་པ་བྱེད། །དྲག་པོ་འོད་དཀར་ཁྲུང་ཁྲུང་དང་། །ཟླ་བ་ལྷ་མིན་མི་འམ་ཅི། །གསུང་པ་གླིང་ནི་དུ་མ་རྣམས། །སྣ་ཚོགས་ལས་ཀྱིས་བསྐྱེད་པའོ། །ཐམས་ཅད་སེམས་ཀྱི་བཟོད་པ་སྟེ། །མ་རྟོག་འཁོར་བར་རབ་ཏུ་འཁོར། །དྲན་པ་ཉེ་བར་བཞག་པའི་དོན་སྣང་བར་བྱེད་པའི་ཚིག་ལེའུར་བྱས་པ་ལས་མིའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དགེ་བའི་ལས་སྤྱོད་པས། །གྲུབ་པ་ལྷ་ནི་རྣམ་པ་གསུམ། །འདོད་དང་གཟུགས་དང་གཟུགས་མེད་དོ། །འདོད་པ་དྲུག་སྟེ་དེ་རྣམས་ནི། །ཚུལ་ཁྲིམས་རྣམས་པ་བདུན་འབྲས་བུས། །དམན་དང་འབྲས་དང་གྱ་ནོམ་ལས། །བདེ་བ་ཆུང་འབྲིང་ཆེན་པོ་གྲུབ། །དེ་དག་གཉིས་ནི་རི་རབ་རྟེན། །བཞི་ནི་སྤྲིན་བུང་ལྟ་བུར་གནས། །རི་རབ་གསེར་གྱི་ས་གཞི་སྟེ། །འབུམ་དང་དྲུག་ཁྲི་བརྒྱ་སྟོང་སྟེ། །ཕྱེད་ནི་ལྷ་མིན་སྔར་བསྟན་བཞིན། །སྟེང་དུ་

(༧༡)༄༅། །བང་རིམ་བཞི་པ་སྟེ། །རིན་ཆེན་བཞི་ལས་གྲུབ་པ་ཡིན། །རི་བོ་ཁྲི་ཕྲག་དྲུག་ཅུས་མཛེས། །ཕྱི་རོལ་རི་བོ་གཉའ་ཤིང་འཛིན། །ལྷུན་པོའི་ཕྱེད་འཕགས་གཤོལ་མདའ་འཛིན། །སེང་ལྡེང་ཅན་དང་ལྟ་ན་སྡུག །རྟ་རྣ་རྣམ་བདུན་མུ་ཁྱུད་རི། །ཕྱེད་ཕྱེད་ཀྱིས་མདའ་བར་ན་མཚོ། །དང་པོ་སྟོང་ཕྲག་བརྒྱད་ཅུ་སྟེ། །རོལ་མཚོ་གཞན་ནི་ཕྱེད་ཕྱེད་བྲི། །དེ་ལ་རྒྱལ་ཆེན་བཞི་རྣམས་ཀྱིས། །གནས་གཞན་བཞི་ལ་བཅུ་བཅུ་སྟེ། །ཕྲེང་ཐོག་ཡོལ་ཐོག་རྟགས་མྱོས་དང་། །པི་ཝང་གསུམ་པ་རིམ་ཅི་བཞིན། །སྲོག་གཅོད་སྤངས་ཞིང་སྦྱིན་ལྡན་པས། །ལས་བསྐྱེད་རིམ་པ་བརྗོད་པར་བྱ། །དང་པོ་སའི་ཆར་གནས་པ། །འདི་ཡི་ཕྱོགས་ལྟ་ཟུར་གནས་ཞིས། །གཞན་དག་གཡས་སྐོར་རིམ་པས་གནས། །གང་ཞིག་ཤི་ཚེ་དད་ལྡན་པས། །སྐྱབས་སོང་དེར་ནི་ངེས་པར་སྐྱེ། །མཐའ་ལ་གནས་དེར་སྐྱེ་བའི་རྒྱུ། །ཚུལ་ལྡན་གྲུ་ཟམ་བྱིན་ལས་གྱུར། །འབྲས་བུས་

(༧༢)ཉེར་འཚོའི་གནས་སུ་ནི། །རྩེ་བས་འབྲས་བུས་སྦྱིན་པས་སྐྱེས། །ཡོན་ཏན་དཀར་པོ་སྤྱོད་པ་རུ། །མེ་ཏོག་མཆོད་རྟེན་ལ་ཕུལ་སྐྱེ། །ཐམས་ཅད་གར་གནས་དེར་སྐྱེ་བ། །ཚུལ་ལྡན་རྒྱལ་བ་མེ་ཏོག་མཆོད། །གནས་ཚལ་མེད་པས་ཉན་པ་རྣམས། །ཐར་བྱེད་འགྲོ་མགྱོགས་གནས་སུ་སྐྱེ། །ཚུལ་ལྡན་གཞན་དག་བསྡུམ་བྱེད་པ། །ཡུལ་ལ་ཆགས་པའི་ལྷ་གནས་སྐྱེ། །འདོད་ལ་ཆགས་པས་གནས་སྐྱེ་བ། །དད་པས་ཆོས་ཉན་རྒྱུ་ལས་བྱུང་། །ཡིད་གཡོའི་གནས་དེར་དཀོན་མཆོག་ལ། །གུས་པས་ཕྱག་དར་བྱས་པས་སྐྱེ། །ཆོས་གོས་ཕྱིར་ནི་ཅུང་ཟད་ཕུལ། །ཉེ་བའི་ཚུལ་གྱི་གནས་སུ་འགྲོ། །དེ་རྣམས་ལས་ཀྱིས་བདེ་སྤྱོད་པ། །འཁོར་ལོས་བསྒྱུར་བས་དཔེ་བྱ་མིན། །དེ་ན་རིན་ཆེན་སྣ་ཚོགས་ཀྱི། །ཚལ་དང་མེ་ཏོག་དུ་མ་མཛེས། །ཆུ་གཙང་སྦྲང་ཆར་དགུ་འབྲུམ་གྱི། །འབབ་ཆུ་སྣ་ཚོགས་རབ་ཏུ་འབར། །སྒྲ་བསྙེན་བྱ་དང་བུང་བས་ཁེངས། །རྒྱན་དང་

(༧༣)༄༅། །གོས་དང་བཟའ་བཏུང་རྣམས། །བསམ་པ་ཙམ་གྱིས་འབྱུང་འགྱུར་ཞིང་། །མཛེས་པའི་ལྷ་མོ་བརྒྱ་ཕྲག་གིས། །སྣ་ཚོགས་མཆོད་པའི་སིལ་སྙན་སྒྲོགས། །མེ་ལོང་ཚལ་དུ་སྨོན་གྱིས་ལས། །སྣང་འགྱུར་བདེ་བ་དཔག་ཏུ་མེད། །རླུང་ལྟར་གང་འདོད་གནས་སུ་རྒྱུ། །གནས་འདིར་ལུས་ཀྱི་རྩིབ་སོགས་ནས། །ཞག་བདུན་ན་སྐྱེ་བདེ་ལྡན་འགྱུར། །གཉིས་པ་ལག་ན་ཡོལ་ཐོགས་ཀྱི། །གནས་ནི་པདྨའི་ནང་རྒྱུ་དང་། །བུང་བ་སྒྲ་སྙན་སྒྲ་ལ་ཆགས། །ཏྲིས་ཏྲེགས་དགའ་དང་རླུང་ལ་སྤྱོད། །མེ་ཏོག་ཕྲེང་དགའ་ཀུ་ཏུ་ལྟ། །རྟག་ཏུ་དགའ་དང་དྲི་ལ་ཆགས། །སྤྱི་གཙུག་ཐར་ཏེ་རྣམ་པ་བཅུ། །དེར་སྐྱེ་རྒྱུ་ནི་སྲོག་གཅོད་སྤངས། །སྡོམ་ལྡན་ཁྱད་པར་བྱེ་བྲག་ནི། །དཀོན་མཆོག་དད་པས་ཕྱག་བྱེད་དང་། །སྙིང་རྗེའི་སེམས་ནི་མཆོད་རྟེན་མཆོད། །དད་པས་རྒྱལ་ལ་གདུགས་ཕུལ་དང་། །མཆོད་རྟེན་ལ་ནི་དྲི་ཆབ་ཕུལ། །ཚད་དུས་དགེ་སློང་རླུང་གཡབ་བྱིན། །སྐོམ་དང་ངལ་ལ་ཆུ་ཕུལ་དང་།

(༧༤)།ནད་པའི་རིམ་གྲོ་བྱས་པ་དང་། །བཙོན་རར་གནས་པ་ཐར་བར་བྱེད། །དཀོན་མཆོག་ལ་ནི་གོས་མཆོག་འབུལ། །གཙུག་ནས་བཅིང་པ་ཐར་བྱེད་པའོ། །འདི་རྣམས་བདེ་བ་སྔ་མ་ལས། །ཤིན་ཏུ་ལྷག་ཏེ་བརྫུས་སྐྱེས་ལྡན། །སྣ་ཚོགས་རི་བོ་ལྗོན་པ་དང་། །རིན་ཆེན་ལས་གྲུབ་འོད་སྟོང་འཕྲོ། །རོལ་མོ་སྒྲ་སྙན་བྱ་རྣམས་ཀུན། །ཐོས་པས་ཡིད་འཕྲོག་ངོམ་པ་མེད། །བཏུང་བ་སྣ་ཚོགས་འབབ་ཆུ་རྣམས། །དེ་བཞིན་བཟའ་བ་དཔག་ཏུ་མེད། །ཁ་དོག་སྣ་ཚོགས་གོས་རྣམས་ཀུན། །ཡང་ཞིང་རེག་ན་བདེ་བ་ཡིན། །སྣ་ཚོགས་སྤོས་ཀྱི་ངད་ལྡན་ཞིང་། །གང་འདོད་རླུང་ནི་ཀུན་ཏུ་ལྡང་། །གཟུགས་མཆོག་རྒྱན་རྣམས་ཀྱིས་མཛེས་པ། །ལྷ་མོ་རྣམས་དང་ལྷན་ཅིག་བརྩེ། །ཡུལ་ལྔ་བདེ་བ་དཔག་ཏུ་མེད། །ཕྱིར་ཞིང་སྲེད་པ་འཕེལ་བྱེད་པས། །མ་ཚིམས་སྲིད་པ་གཞན་དུ་འཕོ། །དེ་ནས་གསུམ་པ་རྟག་མྱོས་ཀྱི། །གནས་ནི་བཅུ་སྟེ་དང་པོ་ནི། །ལྷག་དགའ་ཞེས་

(༧༥)༄༅། །བྱ་དེར་སྐྱེ་རྒྱུ། །ལྷ་དང་གནོད་སྦྱིན་གནས་པའི།།།། །ལྗོན་པ་མི་གཅོད་ཚུལ་ལྡན་པའོ། །གང་གིས་ཨུཏྤལ་སྐྱེད་བྱས་ན། །དད་པས་ཕུལ་གང་ཨུཏྤལ་མཆོད། །ཚུལ་ལྡན་པད་ཚལ་རབ་འབུལ་གང་། །པད་དཀར་སྤྱོད་པའི་གནས་དེར་སྐྱེ། །ཆོས་གོས་དམར་པོ་དད་པས་འབུལ། །དམར་པོ་སྤྱོད་པའི་ལྷ་གནས་སྐྱེ། །ཚུལ་ལྡན་བཟའ་བཏུང་སྦྱིན་བྱེད་གང་། །སྣ་ཚོགས་གནས་སྐྱེ་བདེ་མཆོག་ལྡན། །ཚ་གྲངས་སྐྱོན་པའི་གནས་བྱིན་པ། །དེ་ནི་མཐོ་བར་གནས་སུ་སྐྱེ། །ཚིམ་བྱེད་བཟའ་བཏུང་སྟེར་བ་ཡིན། །རྒྱུན་ཆགས་རྟག་མྱོས་དེར་སྐྱེ་འགྱུར། །ཡོ་བྱེད་བྱིན་ཏེ་ནད་སོས་པས། །དགའ་སྟེ་ཡུལ་ལ་འབོད་དུ་སྐྱེ། །སྙིང་རྗེས་འཆི་ཁར་སྐོམ་བླུད་པས། །ཆུ་བསིལ་གནས་སྐྱེ་བདེ་བར་སྤྱོད། །བརྟན་དགར་སྐྱེ་བར་བྱེད་པའི་རྒྱུ། །དགེ་སློང་ངེས་འབྱུང་རྐྱེན་བྱས་པའོ། །གནས་འདི་རྣམས་ནི་ཐམས་ཅད་དུ། །གོང་མ་

(༧༦)གཉིས་ལས་བཅུ་འགྱུར་གྱི། །བདེ་ལྡན་ལོངས་སྤྱོད་ལྡན་པ་ཡིན། །མཛེས་སྨའི་ལྷ་མོ་མྱོས་མ་དང་།།།། །བྱ་དང་བུང་བ་མྱོས་པ་རྣམས། །ཀླུ་དང་གར་བྱེད་འབྲེལ་པ་བཞིན། །མནྡ་ར་དང་རིན་ཆེན་བརྒྱན། །བསམ་གྱིས་མི་ཁྱབ་སིལ་སིལ་སྒྲོགས། །འདོད་པའི་ཡོན་ཏན་དྲུག་པོ་ཡི། །ཁྱད་པར་དགའ་བ་རྟག་ཏུ་འཕེལ། །ཁང་བཟངས་སྐྱེད་ཚལ་མེ་ཏོག་ཚོགས། །ཉི་མ་བཞིན་དུ་རབ་ཏུ་འབར། །ཡུལ་གྱི་ཁྱད་པར་མཛེས་པ་རྣམས། །བསམ་མི་ཁྱབ་པས་མྱོང་བ་ཡིན། །དེ་ནས་བཞི་པ་རྒྱལ་པོ་བཞི། །གནས་པ་པི་ཝང་གསུམ་པས་གནས། །དཔག་མེད་ལོངས་སྤྱོད་གཉིས་སྲེད་པ། །དེར་སྐྱེས་རྒྱུ་འབྲས་ལྷན་ཅིག་བཤད། །དང་པོ་དྲི་དགའ་ཞེས་བྱ་བ། །སྐྱེ་བའི་རྒྱུ་ནི་དགེ་འདུན་ལ། །ཀུན་དགའ་ར་བ་སྐྱེད་ཚལ་ཕུལ། །དེ་འབྲས་སྐྱེད་ཚལ་མཚུངས་མེད་ལྡན། །ལོག་ལྟ་ཟློག་ཕྱིར་ཆོས་སྟོན་པ། །སྒྲ་སྙན་གནས་སྐྱེ་ཁྱད་པར་དུ། །བྱ་དང་བུང་བ་མཛེས་པ་

(༧༧)༄༅། །ཡིན། །སྐོམ་བྱིན་འདྲོན་པོ་བདེ་བྱེད་གང་། །དེ་ལ་ཆགས་སྐྱེ་གནས་དེ་ནི། །དེ་མཚུངས་ལྗོན་པ་བྱ་རྣམས་དང་། །རི་བོ་རྣམས་ཀྱིས་བརྒྱན་པ་ཡིན། །སྙིང་རྗེ་ཆེ་ལྡན་འཆི་བ་ལ། །སྨན་དང་ཆུ་སྟེར་ཆུ་་སྐྱེས་དང་། །གནས་སྐྱེ་ལོངས་སྤྱོད་དཔག་མེད་ཅིང་། །ཁྱད་པར་དུས་དྲན་བྱ་རྣམས་ཡོད། །ལྷ་ཁང་མཆོད་རྟེན་རྐྱང་ནུལ་ཚལ། །ལུས་དཀར་དུ་སྐྱེ་གནས་དེ་ནི། །ཚལ་རྣམས་ཁ་དོག་སོ་སོ་སྟེ། །རང་ལུས་དེ་ཡི་ཁ་དོག་འགྱུར། །ཕུན་ཚོགས་དགའ་ལྡན་ཚུལ་ཁྲིམས་སྤྱོད། །སྦྱིན་ལས་བྱུང་སྟེ་དེར་སྐྱེས་པས། །སྣ་ཚོགས་འདྲེས་པའི་ཚལ་ལྡན་པས། །ལྷག་པར་འདོད་པས་མྱོས་པ་ཡིན། །ཡང་དག་ཆགས་སྤྱོད་དེར་སྐྱེ་བ། །ལས་བྱེད་ཤན་པ་གཟེང་སྟོད་ནས། །དགེ་ལ་སྦྱར་བྱས་ལྷ་མོས་བཏུད། །འདིར་ནི་འཕགས་སྐྱེས་གནས་པ་ཡིན། །ཆོས་ལྡན་སྦྱིན་ལ་དད་བྱེད་པས། །འཁོར་དང་རྣམས་སྤྱོད་གནས་སུ་

(༧༨)སྐྱེ། །དེར་ནི་རྣམས་པ་དུ་མ་ཡིས། །ཡུལ་དྲུག་མྱོས་པར་བྱེད་པ་ཡོད། །སྐྱིལ་ཀྲུང་བཅས་སྐྱེར་མུ་གེའི་དུས། །སྦྱིན་དང་ཆུ་ཁྱེར་འབྱིན་པས་སྐྱེ། །འཛམ་བུའི་ཚལ་སོགས་རབ་དགའ་འབར། །འབོད་པ་ཞེས་བྱ་བྱ་རྣམས་ཡོད། །སྤྱོད་ལྡན་གནས་སུ་སྐྱེ་བའི་རྒྱུ། །འབབ་ཁྲོལ་གནོད་པ་བྱེད་པའོ། །གཟུགས་ཀྱིས་ལྷག་མས་མེ་ལོངས་ཚལ། །རྒྱལ་ཆེན་མིག་མི་བཟང་གནས་སོ། །ཡུལ་འཁོར་སྐྱོང་ནི་ཤར་ཕྱོགས་ཏེ། །ལུས་ངན་བྱང་ཕྱོགས་ལྕང་ལོ་ཅན། །གཞན་ཡང་ལུས་པ་འཕགས་པར་སྐྱེས། །སྣ་ཚོགས་གཟུགས་དང་ལྕང་ལོ་ཅན། །ངོས་ལ་ཉིས་བརྒྱ་ལྔ་བཅུ་ཡི། །གཉའ་ཤིང་འཛིན་སྟེང་གནས་པ་སྟེ། །དཔག་མེད་བཀོད་པ་ལོངས་སྤྱོད་ལྡན། །དེ་འཁོར་ཀུན་ཏུ་རྒྱུ་བའི་ལྷ། །བྱེ་བ་ཕྲག་ནི་སུམ་ཅུ་དྲུག །དེ་རྣམས་གནས་པའི་གཞལ་ཡས་ཁང་། །གཟའ་སྐར་ཞེས་ཀྱང་འཇིག་རྟེན་གྲགས། །ཉི་ཟླ་གཉིས་ནི་ལྷ་གནས་སྟེ།

(༧༩)༄༅། །དཔག་ཚད་ལྔ་བཅུ་གཅིག་དང་བཅས། །གྱེན་ཐུར་འཕང་བའི་མདའ་ཡབ་དང་། །ནང་ན་སྐྱེད་ཚལ་གྲོང་ཁྱེར་དང་། །ལྟེང་ཀས་བརྒྱན་ཅིང་ལོངས་སྤྱོད་ལྡན། །འཁོར་ལོའི་རླུང་གིས་འདྲེན་པ་ཡིན། །ནམ་ཕྱེད་ཉི་མ་ནུབ་པ་དང་། །ཉི་མ་ཕྱེད་དང་འཆར་དུས་ཅིག །ཉི་མའི་འོད་དང་རང་གྲིབ་ལ། །བརྟེན་ནས་ཟླ་བ་འཕེལ་འགྲིབ་བྱེད། །འདིར་ནི་ཚུལ་ལྡན་བརྩེ་བ་ཅན། །ཁྱད་པར་སྒྲོན་མེ་བྱིན་པའི་མཐུས། །འཇིག་རྟེན་སྐྱོང་བ་བཞི་པོ་ནི། །ཚུལ་ཁྲིམས་བསོད་ནམས་གཞན་པས་ལྷག །སྣ་ཚོགས་ལོངས་སྤྱོད་བསམ་མི་ཁྱབ། །སེམས་ཀུན་རྟོགས་དགེ་བ་ཡིན།།། །གྲངས་བཞིན་ཡུལ་ཀྱང་དེ་འདྲར་སྣང་། །འདི་ལྟར་ལྷ་གནས་བཞི་བཅུ་རུ། །སྐྱེས་ནས་བདེ་བ་མང་སྤྱད་ཀྱང་། །དེ་ཟད་ངན་འགྲོར་ལྟུང་བར་བྱེད། །འདི་རྣམས་ཚེ་ནི་མི་རྣམས་ཀྱང་། །ལྔ་བཅུ་ལོ་ལ་ཞག་གཅིག་སྟེ། །རང་ལོ་ལྔ་བརྒྱ་མི་ལོ་ནི། །ས་ཡ་གཅིག་དང་འབུམ་ཕྲག་བརྒྱད།

(༨༠)།མིར་སྐྱེས་ན་ནི་རྒྱུ་མཐུན་གྱིས། །ཕྱུག་ཅིང་སྐལ་བཟང་འཁོར་མང་ལྡན། །རྟག་ཏུ་ཆོས་ལ་དགའ་བར་འགྱུར། །དེ་ནས་སུམ་ཅུ་རྩ་གསུམ་དུ། །སྐྱེས་འགྱུར་རྒྱུ་འབྲས་རྣམས་པར་དབྱེ། །གང་གིས་ཚུལ་ཁྲིམས་རྣམས་པ་བདུན། །མ་རལ་སྐྱོན་མེད་བསྲུངས་པ་དང་། །དགྲ་བཅོམ་ཕ་མ་བསམ་གཏན་དང་། །མཆོད་བྱས་མཆོད་སྦྱིན་སྟོང་ཕྲག་གིས། །མིག་སྟོང་ལྡན་པར་སྐྱེ་བར་འགྱུར། །དེ་ནི་ལྷ་ཡི་དབང་ཕྱུག་སྟེ། །བྱེ་བ་དགུ་བཅུ་རྩ་དགུ་ཡི། །ལྷ་མོ་མཛེས་མ་རྣམས་ཀྱིས་མཆོད། །དེ་རྣམས་མཆོག་ནི་བདེ་སོགས་ཏེ། །དེ་སོགས་ལྷའི་རིན་ཆེན་རྣམས། །བླ་ན་མེད་ལ་དབང་བྱེད་ཡིན། །ལྷུན་པོའི་རྩེ་ལ་བརྒྱད་ཁྲི་སྟེ། །བལྟ་ན་སྡུག་དབུས་ཆོས་བཟང་གནས། །དཔག་ཚད་ལྔ་བརྒྱ་རིན་ཆེན་གྱི། །རང་བཞིན་སྐྱེད་ཚལ་བཞི་དང་ལྡན། །བུད་མེད་དགའ་ཚལ་ཀུན་དགའི་ཚལ། །དཔེ་མེད་ཐམས་ཅད་འབྱོར་པ་བཞིན། །དེ་སོགས་ཉེ་བའི་ཚལ་དང་བཅས། །ཐམས་ཅད་སྣ་ཚོགས་ལྗོན་པ་ནི། །དཔག་མེད་རྫིང་

(༨༡)༄༅། །བུ་དུ་མས་བརྒྱན། །ཟླ་བཟངས་པད་ཆེན་མནྡ་ར། །རིན་ཆེན་མེ་ཏོག་དུ་མར་ལྡན། །སྒྲ་སྙན་ལེགས་སྦྱར་སྨྲ་བ་ཡིན། །བུང་བ་བྱ་རྣམས་དུ་མས་གང་། །དུས་དང་དུས་མེད་ཚལ་རྣམས་ན། །ལྷ་ཡི་གོས་དང་རྒྱན་དང་ཟས། །ཁ་དོག་བཞི་ལྡན་ཡིད་བཞིན་འབྱུང་། །ཁང་བརྩེགས་མཛེས་པ་དཔག་མེད་དང་། །རིན་ཆེན་བྱེ་མ་བརྡལ་བ་དང་། །གཉེན་བཀྲ་ཆེད་དུ་བཤམས་པ་བཞིན། །ཉི་ཟླ་ལས་ལྷག་འོད་ལྡན་པ། །སྣ་ཚོགས་གཞོན་པ་དུ་མ་དང་། །དུས་འབྲང་ཙནྡན་སྣ་ཚོགས་དྲི། །དཔེ་བྱེད་མེད་པ་རྣམས་དང་ལྡན། །མངའ་བདག་ཀོའུ་ཤི་ཀ་ཡིས། །ལྷ་རྣམས་ལེགས་སྟོན་ཕ་དང་འདྲ། །སྣ་ཚོགས་བདེ་བ་མྱོང་བར་བྱེད། །དེ་སྲས་ཆོས་བཟང་ལྷ་ཀུན་ཀྱང་། །ལྷ་རྣམས་བདེ་བ་དཔེ་མེད་ལྡན། །སྲོག་གཅོད་མ་བྱིན་ལེན་སྤངས་ཤིང་། །སྦྱིན་དང་གུས་པས་བསྐྱེད་པ་ཡིན། །དེ་ནས་གཉིས་པ་མཐོར་གནས་སུ། །སྐྱེ་བའི་རྒྱུ་ནི་གཞན་གང་དག་

(༨༢)།སྲོག་གཅོད་མ་བྱིན་ལེན་བྱེད་པ། །སྤོང་བ་སྦྱོར་བའི་གནས་དེ་ནི། །བཟའ་བཏུང་ཆུ་བོ་དུ་མ་དང་། །ལྗོན་ཚལ་གྱིས་བསྟེན་བདེ་ལྡན་ཡིན། །གསུམ་པའི་རི་རྩེར་གནས་ཞེས་བྱ། །གསོད་དང་བུར་ཤིང་སོག་རྐུ་བ། །སྤངས་ཤིང་གཞན་ཡང་དེར་སྦྱོར་བའོ། །དེ་ན་སྐྱེད་ཚལ་དྲུག་ཡོད་དེ། །ཡུལ་ལྔ་མོ་དུ་མ་དང་། །རབ་མྱོས་བདེ་བ་དཔག་ཏུ་མེད། །བཞི་པ་ལྟ་ན་སྡུག་གནས་པའི། །ལྷ་རྣམས་མཚོ་དང་ཆུ་ལས་ནི། །སྲོག་འདོན་བྱེད་དང་ཉམ་ང་བའི། །མ་བྱིན་ལེན་པ་སྤངས་པས་སྐྱེ། །དཔག་ཚད་ཁྲི་པ་གསེར་རང་བཞིན། །དགུ་བརྒྱ་དགུ་བཅུ་གོ་དགུས་སྒོ། །གནོད་སྦྱིན་གྱིས་བསྲུང་སྲང་མཉམ་ཞིང་། །རྫིང་བུ་སྐྱེད་ཚལ་བཞི་མདོ་རྣམས། །ལྷ་མོས་མཛེས་བྱས་སིལ་སྙན་རྡུང་། །གཡེར་ཀ་མུ་ཏིག་ཕྲེང་བས་མཛེས། །རིན་ཆེན་ཤིང་རྟ་དུ་ཞོན་ཅིང་འགྲོ། །ཕུན་ཚོགས་བདེ་བར་གནས་ལྡན་པ་ཡིན། །ལྔ་པ་ཕྱོགས་ཅིག་གནས་སྐྱེ་བའི། །རྒྱུ་ནི་

(༨༣)༄༅། །དབུལ་ཡང་སྦྱིན་བྱེད་དང་། །ལོགས་གཡེམ་བཟུང་བྱ་ཐར་བྱེད་པའོ། །དེ་ནི་འདོད་དང་རྒྱན་རྣམས་ཀུན། །གཞན་པས་ལྷག་གྱུར་ལྷ་མོ་རྣམས། །མཆོད་བྱེད་བདེ་ལྡན་རྨད་དུ་བྱུང་། །དྲུག་པ་ཤིང་གསེབ་གནས་པའི་ལྷ། །དེར་སྐྱེ་བྱེད་རྒྱུ་ཕ་མ་དང་། །རྒྱལ་ལ་བྱེད་རྐུན་པོ་རྣམས།།།། །ཐར་བྱེད་གཞན་ཕན་ལྡན་ཅིང་དྲང་། །དེར་ནི་ལྗོན་ཚོགས་ཁང་བཟངས་དང་། །རྫིང་བུ་བྱ་བཞིན་རྗེས་འབྲང་ཞིང་། །ལྷ་མོ་རྣམས་དང་བཅས་པ་རྣམས། །བདེ་བ་དུ་མ་དཔེ་ལས་འདས། །བདུན་པ་ཤིང་རྟ་སྣ་ཚོགས་བུ། །སྐུ་གཟུགས་མཆོད་རྟེན་ལོངས་སྤྱོད་རྣམས། །འཕྲོགས་པས་ཚིགས་འཇོམས་བཟློག་པས་སྐྱེ། །གནས་དེར་རིན་ཆེན་ཤིང་རྟ་རྣམས། །རྫིང་བཅས་བཀྲ་བའི་མེ་ཏོག་ལྡན། །རིན་ཆེན་སྤེལ་བའི་ལྗོན་པར་ལྡན། །གང་ཚེ་གཡུལ་འགྱེད་བྱེད་པ་ན། །ཚལ་དེར་ལོངས་སྤྱོད་ལེན་པ་ཡིན། །བརྒྱད་པ་དགའ་གནས་དེར་སྐྱེ་བ། །བྱ་རྣམས་གསོད་སྤངས་ལོངས་སྤྱོད་

(༨༤)དག །མ་བྱིན་མི་ལེན་ཆོས་སྟོན་པའོ། །དཔག་ཚད་སུམ་སྟོང་རིན་ཆེན་གྱིས། །ལྗོན་པས་གང་ཞིང་དེ་རྣམས་ལས། །ཁང་ཁྱིམ་བཟའ་བཏུང་ལོངས་སྤྱོད་ཚོགས། །ཐམས་ཅད་བསམ་པ་ཙམ་གྱི་འབྱུང་། །དེར་ནི་ལྷ་ཡི་དབང་པོ་ཡང་། །གླང་པོ་ས་སྲུང་སྤྲུལ་བྱེད་ཅིང་། །དགའ་སྤྱོད་བྱེད་ཅིང་འགྲོ་བ་ཡིན། །དེར་ནི་སྲོག་ཆགས་ཕྲ་མོ་རྣམས། མི་གསོད་རྫ་མཁན་སོགས་ཀྱི་རྫས། །མ་བྱིན་ལེན་པ་སྤངས་པས་སྐྱེ། །གསེར་ཚལ་རིན་ཆེན་དྲ་བས་བཀབ། །བཻཌཱུརྱའི་གཡེར་ཁ་ལས། །ཆོས་སྒྲའི་ཚིགས་བཅད་སྙན་པ་འབྱིན། །ཚལ་འདིར་གཡུལ་འགྱེད་སྔོན་འགྲོ་སྟེ། །ཕམ་རྒྱལ་གནོད་པ་སྣང་བར་མཐོང་། །དེ་ཕྱིར་ཚལ་པའི་འཕགས་པ་ཡིན། །བཅུ་པ་ཡོངས་སུ་སྐྱེ་བའི་རྒྱུ། །ཕ་ལ་བཀུར་བྱེད་ལྡོམ་ལྡན་པས། །ཁ་ན་མ་ཐོ་ཕྲ་མོ་འཛེམ། །དེའི་ལྗོན་པ་ཁྱད་འཕགས་ཏེ། །མི་རྣམས་ཆོས་ཚུལ་ལྡན་མི་ལྡན། །ཤེས་ཏེ་བདེ་བ་དུ་མ་ཡོད།

(༨༥)༄༅། །དེ་ནི་ལྷ་ཀུན་རྒྱལ་ལ་མཆོད། །དབྱར་གྱི་ཀུན་དགའ་སྤྱོད་པ་ཡིན། །བཅུ་གཅིག་འདྲེས་པའི་འགྲམ་གནས་པ། །སྲོག་ཆགས་ཕྲ་མོ་གསོད་རྒྱུ་ཡང་། །ཤིང་ཡང་མ་བྱིན་མི་ལེན་པའོ། །དེར་སྐྱེས་བདེ་བ་མྱོང་འགྱུར་ཏེ། །སྣ་ཚོགས་བཞི་པ་མཉེན་པའི་ཚལ། །དུ་མར་ལྷ་མོ་རྣམས་དང་བརྩེ། །བཅུ་གཉིས་ཚང་ཚིགས་འགྲམ་གནས་ཏེ། །ཁྲིམས་ལྡན་གཞན་ཡང་བསམ་གཏན་པ། །སྦྱིན་བྱེད་གནས་དེར་སྐྱེ་བ་སྟེ། །དུས་ཀྱི་ཚུལ་དུ་བདེ་སྤྱོད་ཅིང་། །སྣ་ཚོགས་བྱའི་གཞོན་པ་དང་། །བཅས་ཏེ་འབབ་སྟེགས་ལྟ་བུར་བདེ། །བཅུ་དྲུག་ནོར་བུའི་སྙིང་པོ་ཏེ། །སྦྲང་རྩི་གནས་ལ་མི་འཚོ་ཞིང་། །མར་མེའི་འོད་ཀྱང་འཛེམ་སྤྱོད་པ། །གཞན་ཡང་མི་དགེ་བཟློག་པས་སྐྱེ། །གནས་དེར་ཉི་མ་བརྒྱ་ཡི་འོད། །འཕྲོག་བྱེད་ཚལ་དང་ལྷ་མོར་ལྡན། །བཅུ་བཞི་ཀུན་ཏུ་གསལ་སྤྱོད་དུ། །ཆུ་དང་ལོ་མར་གནས་པ་ཡི། །སྲོག་མི་འཚོ་ཞིང་ཤིང་ཏོག་སོགས། །མ་བྱིན་ལེན་སྤོང་སྨན་པ་སྦྱིན། །མེ་ཏོག་

(༨༦)ཁྱིམ་དང་བྱ་རྣམས་ཀྱིས། །ཕྱེ་མའི་ཚལ་དུ་ལྷ་མོས་དཀར། །བཅོ་ལྔ་པ་ནི་གསེར་ཕུག་གི །ཁང་པ་ཡིན་ཏེ་དེར་སྐྱེའི་རྒྱུ། །དགྲ་ཡང་སྐྱོན་བྱེད་སྟོབས་ལ་ཞིགས། །སྲོག་ཀྱང་བཏང་སྟེ་གཞན་ཕན་བརྩོན། །རང་གི་ཟས་ཀྱང་བྱིན་པའོ། །བརྒྱ་བྱིན་དགའ་བའི་གསེར་གནས་དེར། །དགའ་ཚལ་ཀུན་པས་ཁྱད་འཕགས་ཡོད། །སྔོན་ནི་ང་ལ་ནུ་ཡིས་སྤྱད། །ཕྲེང་བས་གྲིབ་མ་བཅུ་དྲུག་པ། །དུང་དང་ཆུ་སྲིན་ཉ་རྣམས་ཀྱིས། །སྲོག་མི་གཅོད་ཅིང་བཀོན་མཆོག་གི །སྤོས་ཀྱང་བདག་གིར་མི་བྱེད་པའོ། །དེར་ནི་རིན་ཆེན་གྲིབ་ཤིང་གི །མཆོག་ཏུ་བཟང་ལྡན་གཞལ་མེད་དང་། །རྫིང་བུ་དུ་མ་མེ་ཏོག་བཀྲ། །རིན་ཆེན་བྱ་དང་བུང་བས་གྲགས། །དེ་ལས་གཞན་ཡང་བཅུ་བདུན་པ། །མཐོ་དམན་རྒྱུ་ཞེས་བྱ་བ་དེར། །སྐྱེ་བའི་རྒྱུ་ནི་སྦྲུལ་ལ་སོགས། །མི་གསོད་མ་བྱིན་ལེན་སྤངས་མཐུས། །ལྷ་མོ་རྣམས་དང་བྱ་ཚོགས་དང་། །བུང་བ་དང་བཅས་རི་དང་ཚལ། །ཀུན་ཏུ་འདོད་

(༨༧)༄༅། །པའི་ཡོན་ཏན་ལྡན། །སྤྱོད་ཀྱང་ཚིམས་པ་མེད་པ་ཡིན། །སྣ་ཚོགས་བཀྲ་བས་ཕྱེ་བ་ནི། །བཅོ་བརྒྱད་པ་སྟེ་དེར་སྐྱེ་བ། །སྲོག་སྐྱོབ་དྲང་ཞིང་གཡོ་སྒྱུ་བྲལ། །གཞན་ཕན་བྱེད་ལྡན་ཡི་རང་བའོ། །དེ་ནི་ཡུལ་ལྔ་མཚུངས་མེད་པ། །ཐོབ་ནས་ཆག་འགྱུར་ལྷ་མོ་དང་། །ལྷན་ཅིག་ཡིད་འོང་ཚལ་དུ་བརྩེ། །བག་མེད་ཀྱིས་བཅོམ་སྲེད་གཞན་འགྲོ། །སྦྱོར་བ་འཇུག་པ་ཞེས་བྱའི་གནས། །བཅུ་དགུ་པའོ་དེར་སྐྱེའི་རྒྱུ། །སྲོག་གཅོད་མ་བྱིན་ལེན་པ་ཡི། །རྣམ་པ་ཀུན་སྤངས་སྦྱིན་འདོད་པའོ། །ཀ་ར་ཝཱི་རའི་ཚལ་མཛེས་ཡོད། །གནས་ཀུན་ལྟ་བྱེད་ལོངས་སྤྱོད་རྣམས། །ཐོབ་ཅིང་བདེ་བའི་ཚིམས་པ་མེད། །ཉི་ཟླས་གནས་ཀྱང་ལྟ་བར་བྱེད། །ཉི་ཤུ་པ་ནི་ཞི་སྤྱོད་དོ། །དེར་ནི་གྲང་ཞིང་བཟང་པོར་སྤྱོད། །ཕྲ་མོའི་སྲོག་ལའང་མི་འཚེ་དང་། །ཁེ་དང་གཞན་གནོད་སྤངས་པས་སྐྱེ། །དཔག་ཚད་ཉི་ཤུ་ཕྱེད་བཅས་པའི། །སྣ་ཚོགས་ཚལ་དང་སྤོས་བརྩེགས་

(༨༨)རི། །མུ་ཏིག་ཕྲེང་ལྡན་འབབ་ཆུར་ལྡན། །དེར་གནས་ལྷའི་དབང་པོ་དགྱེས། །གླུ་སྒྲ་ཤིན་ཏུ་ཆགས་པའི་གནས། །ཉི་ཤུ་གཅིག་པོའང་དེར་སྐྱེས་པ། །འབྲུ་གནས་སེམས་ཅན་སྲོག་མི་གཅོད། །དུད་འགྲོ་ཀུན་ལ་ཕན་པ་དང་། །ཆོས་དང་སྲོག་སྦྱན་བྱས་པས་སོ། །འདི་ན་ཁྱད་འཕགས་མྱོ་འགྲོ་འདུལ། །ཞེས་བྱའི་ཁང་བཟང་ཕུལ་བྱུང་བ། །བཅོམ་ལྡན་འཁོར་བ་འཇིགས་བཞུགས་ཡོད། །དེ་ན་བྱ་རྣམས་སྒྲ་འབྱིན་པ། །ཇི་ལྟར་པདྨའི་ཚལ་ནང་དུ། །རྗེན་ཟ་བྱ་རྒོད་མཛེས་མ་ཡིན། །དེ་བཞིན་ཞི་བའི་དགོན་པ་རུ། །མི་དགེ་སྤྱོད་པ་མི་མཛེས་སོ། །ཇི་ལྟར་ཉི་མའི་འོད་གྲང་ན། །ལོག་པར་གྱུར་ཏེ་མི་མཐུན་ལྟར། །བག་མེད་ལྷ་རྣམས་ག་ལ་ཞིག །ཞི་བའི་ཚུལ་དུ་ག་ལ་དགའ། །སྲེག་དང་བྲལ་བའི་བདེ་བ་དང་། །སྡུག་བསྔལ་གྲོལ་བའི་སྐྱོབ་པ་གང་། །བདེ་བ་དེ་ཡི་ཁྱད་པར་ལས། །བདེ་འདི་གྲངས་སུ་མི་བརྩིའོ། །རབ་ཏུ་མྱོས་མེད་བསམ་གཏན་པ། །ཀུན་ཏུ་བཞགས་

(༨༩)༄༅། །ལས་གྲོལ་བ་ཡི། །བདེ་གང་དེ་ནི་བདེ་མཆོག་སྟེ། །སྲེད་པས་བསླུས་པ་འདི་མ་ཡིན། །ཚལ་འདི་ཐུབ་པས་བསྟན་པ་སྟེ། །ཤིན་ཏུ་བསྒོམ་པ་རྣམས་ཀྱིས་བསྟན། །ལྷ་མཆོག་འདོད་ཆགས་ཡིད་བྱེད་ཀྱེ། །བརྟེན་པར་འདོད་པ་མ་ཡིན་ནོ། །ཞེས་སོགས་དུ་མ་སྒྲོགས་པ་ཡོད། །གཞལ་མེད་ཁང་ཆེན་མཛེས་པ་དེའི། །ལོགས་ལས་རྒྱལ་བས་ཚིགས་བཅད་བྲིས། །གཡང་སར་ལྟུང་བའི་གང་ཟག་ནི། །གལ་ཏེ་འཚོ་བར་འགྱུར་ཡང་སྲིད། །བག་མེད་པར་ནི་ལྟུང་བ་དག །ནམ་ཀྱང་བདེ་བ་མི་འཐོབ་བོ། །གལ་ཏེ་ལས་རྣམས་ཐམས་ཅད་ལ། །གང་ཟག་ཤིན་ཏུ་བག་མེད་ལ། །དེ་ནི་ཉིན་དང་མཚན་ཉིད་དུ། །གནས་ཀྱང་དགེ་བར་མི་འགྱུར་རོ། །འཇིག་རྟེན་ཅུང་ཟད་བདེ་གང་དང་། །འཇིག་རྟེན་འདས་པའི་བདེ་བ་གང་། །དེ་དག་བག་མེད་པ་ཡིས་འཇིགས། །དེ་བས་དེ་ནི་ཡོངས་སུ་སྤངས། །ཞེས་སོགས་ལྷ་ཀུན་དོན་མཛད་དོ། །འདི་ནི་དེ་བས་རྨད་དུ་བྱུང་། །ཉི་ཤུ་གཉིས་

(༩༠)པ་གཟི་བརྗིད་འབར། །དེར་ནི་སྔོན་བཞིན་སྡོམ་ལྡན་ཞིང་། །ཕ་མ་དཀོན་མཆོག་མཆོད་པ་སྐྱེ། །གསེར་རི་ཆུ་རྣམས་ལྷུང་ལྷུང་སྒྲོགས། །ལྷ་མོ་གར་བྱེད་ཡིད་གཡོ་བ། །པད་ཚལ་དཔག་ཚད་ལྔ་བརྒྱ་པ། །བྱ་རྣམས་ཆོས་སྒྲ་སྒྲོགས་པ་ཡོད། །བདེ་བ་དུ་མ་རྗེས་སུ་མྱོང་། །ཟླ་བའི་གནས་ལྟར་རྒྱུ་བ་ནི། །ཉི་ཤུ་གསུམ་པའོ་དེར་འགྲོ་བ། །སྐུ་གཟུགས་བཞེངས་དང་སྡོམ་ལྡན་པའོ། །ཟླ་བ་ལས་ནི་བཅུ་འགྱུར་དུ། །འོད་གསལ་ཡུལ་ལྔ་ལྷག་པར་བདེ། །རང་གི་ལས་པའི་འབྲས་ལྡན། །ས་ལ་ཟུང་ནི་ཉེར་བཞི་པ། །དེར་ནི་སྡོམ་ལྡན་རྒྱལ་ལ་གུས། །ཆུ་དང་ཐང་གནས་གཞན་ཕན་བྱེད། །ངན་སྤྱོད་འགྲོ་བ་སྤངས་པས་སྐྱེ། །གནས་འདི་ཀུན་ལས་ལྷག་པ་སྟེ། །སཱ་ལའི་སྟེང་ན་རྫིང་མཆོག་ཡོད། །ལྷ་ཀུན་བག་མེད་བཟློག་པའི་ཕྱིར། །སྔོན་ནི་རྒྱལ་བ་འོད་སྲུང་གིས། །གཅིག་ཏུ་ལས་ཀྱི་མེ་ལོང་སྤྲུལ། །ལྷ་རྣམས་མཆོག་དང་བར་མཐའ་ཡི།

(༩༡)༄༅། །ལས་ཀུན་མཐོང་བར་བྱིན་གྱིས་བརླབས། །ཅིག་ན་ཁང་བཟངས་མཆོག་སྤྲུལ་ཏེ། །དེར་ནི་ཉིད་ཀྱི་སྐུ་དང་ནི། །བེ་དུ་དྲི་མེད་རྩིས་ངོས་ལ། །རིགས་དྲུག་སྐྱེ་དང་འཆི་བ་ཡི། །ལས་ཀུན་སྤྲུལ་པ་སྣང་མཛད་དེ། །ད་དུང་དུ་ཡང་དུས་དུས་སུ། །ལྷའི་དབང་པོས་དེ་ཕྱེ་ནས། །ལྷ་རྣམས་ཡོངས་སུ་སྨིན་པར་མཛད། །དེས་ནི་འདུས་བྱས་ཚུལ་ཤེས་ནས། །མི་རྟག་སྡུག་བསྔལ་བག་མེད་པ། །རྟོགས་འགྱུར་གནས་ནི་དཔེ་བྱར་མེད། །མིག་ཕྱེད་བཙུམས་པས་འགྲོ་བའི་གནས། །ཉེར་ལྔ་པའོ་དེར་སྐྱེ་བ། །ཚུལ་ལྡན་གྲུབ་སྟེགས་སྦྱིན་པ་དང་། །མི་འཚེ་སེམས་ཅན་ཕན་པའོ། །གཞལ་མེད་ཚལ་འཕྲེང་འཁྲིགས་པ་དང་། །རི་བོ་ཚང་ཚིགས་བརྒྱན་པ་ཡོད། །མིག་ནི་ཕྱེད་བཙུམ་ཙམ་གྱིས་ནི། །རི་རབ་སྟེང་འོག་འགྲོ་བར་བྱེད། །རི་རབ་བདེ་བ་དཔག་ཏུ་མེད། །མྱོས་བྱེད་སྲད་པ་འཕྲོལ་པ་ཡོད། །ལུས་མདོག་བཟང་ཞིང་ཆེ་བའི་གནས།

(༩༢)ཉེར་དྲུག་པ་སྟེ་དེར་སྐྱེའི་རྒྱུ། །སྡོམ་ལྡན་ནོར་ལ་མི་བསྐམ་ཞིང་། །གྲིབ་གནོན་གདོན་ལ་གནོད་མི་བྱེད། །དེ་ན་སྣ་ཚོགས་ཚལ་རབ་དང་། །བདེ་བའི་ལོངས་སྤྱོད་དུ་མ་ཡོད། །རེས་འགའ་མཛེས་པའི་རྨ་བྱ་དང་། །སྣ་ཚོགས་ཞོན་ཅིང་ལྷ་ཡུལ་དང་། །འཛམ་གླིང་རྣམས་སུ་ལྟ་བར་བྱེད། །དེ་མཐོང་བྲམ་ཟེ་ལ་སོགས་པ། །ཚངས་དང་སྲེད་མེད་དབང་ཕྱུག་དང་། །གཞོན་ནུ་ཡིན་ཞེས་འཁྲུལ་པ་སྐྱེད། །འོད་ཀྱི་དྲ་བ་མེར་འཁྲུལ་ཅིང་། །རི་རབ་འགྲོ་བ་ལྟུང་མཐོང་ནས། །བསྟན་ཆོས་ངན་ན་སྨྲ་བྱེད་པས། །གནོད་པར་འགྱུར་ཅེས་འདྲེན་པས་གསུངས། །ནོར་བུ་འཕྱང་གནས་ཉེར་བདུན་པ། །དེར་ནི་དགའ་ལྡན་བརྡུལ་ཞུགས་འཛིན། །ཀློག་ཕྱིར་མར་མེ་སྦྱིན་པ་དང་། །བསིལ་བྱེད་སྡིག་གྲོགས་སྤངས་པ་སྟེ། །དེར་སྐྱེས་མཚུངས་མེད་ལྷ་མོ་རྣམས། །མེ་ཏོག་ཆར་འབེབས་བདེ་མྱོང་ནས། །སྣ་ཚོགས་ཚལ་དུ་རབ་རྒྱུ་ཞིང་། །ཡུལ་གྱི་སྲེད་པ་འཕེལ་

(༩༣)༄༅། །བར་བྱེད། །ཉེར་བརྒྱད་རིས་མཐུན་པ་ཞེས་བྱ། །དེར་ནི་ཚུལ་ལྡན་རྒྱུ་མེད་དང་། །ཆོས་ཉན་འདོད་ལོག་ཉེས་སྤྱོད་པ། །།།བྱེད་དགེ་འདུན་མཆོད་པས་སྐྱེད། །དེར་ནི་ཚེ་རབས་དྲན་འགྱུར་ཞིང་། །གསལ་ཡང་སྲེད་པས་ངན་བཟུང་ནས། །སྣ་ཚོགས་གནས་སུ་ལྷ་མོ་དང་། །དགའ་སྤྱོད་བག་མེད་དབང་དུ་གྱུར། །དེ་རྣམས་ཤིན་ཏུ་མྱོས་པ་ལས། །།།།བཟློག་ཕྱིར་དབང་སྤྲུལ་པ་ལས། །གཤིན་རྗེས་སྐྱེས་བུས་བཟུང་བ་རྣམས། །ལྷ་དབང་ཆོས་ནི་སྟོན་བྱེད་པ། །ཡང་དག་ལམ་ལ་བརྟེན་པར་འགྱུར། །ཉེར་དགུ་པ་ནི་འཁོར་ན་གནས། །དེར་ནི་དྲང་ཞིང་ལས་ལ་ལྟ། །ནེ་ཙོ་བྱ་གག་སོགས་ཐར་བྱེད། །དགེ་འདུན་མཆོད་ཅིང་བསྟེན་པས་སྐྱེ། །དེ་ལ་ཁྱད་པར་རི་མཆོག་ཡོད། །དེར་ནི་མཐའ་བྲལ་ལྷའི་བུ། །ལྷུང་བའི་འོད་ཀྱང་མཐོང་ཞེས་གྲགས། །སྣ་ཚོགས་བདེ་སྤྱོད་གནས་ཡིན་ནོ། །སུམ་ཅུ་ས་ནི་མཐོག་སྤྱོད་དེ། །དབང་བྱེད་

(༩༤)ཡིན་ཀྱང་ནོར་མི་འཕྲོག། །ཉེས་བྱེད་སྲོག་ཐར་བརྩོན་པ་དང་། །ཡང་དག་ལྷ་ལྡན་གནས་དེར་སྐྱེ། །དགའ་ཚལ་རྩེ་བས་རི་ཡོད་དོ། །རི་དྭགས་བྱ་སོགས་འཁྲུགས་པས་མཛེས། །ལྕགས་ལོའི་གནས་བཟང་ཚལ་དེར་ནི། །ལྷ་མོ་སྟོང་སྙེད་མཆོད་པར་འགྱུར། །གཟི་བརྗིད་མཆོག་ཅེས་བྱེ་བའི་གནས། །སོ་གཅིག་པའོ་དེར་སྐྱེའི་རྒྱུ། །གཡུལ་དུ་སྲོག་གཅོད་མི་བྱེད་ཅིང་། །ཉེན་ཀྱང་མ་བྱིན་ལེན་སྤོངས་པའོ། །དེར་ནི་གཟུགས་མཆོག་ལྷག་འགྱུར་ཏེ། །མེ་ལོང་ལྟ་བུའི་གསལ་བ་ཡི། །གནས་སུ་མཐོང་ནས་ལྷག་པར་མོས། །སོ་གཉིས་པ་ནི་གཟི་འཕྲིང་འབར། །དེར་ནི་ལྷ་ཁང་མཆོད་རྟེན་ལ། །ཞིག་གསོ་ལོངས་སྤྱོད་ལམ་རྙེད་ཀྱང་། །སྟོན་ཅིང་དགེ་འདུན་འབུལ་བ་དང་། །སྲིན་བུ་ཙམ་ཡང་གསོད་སྤངས་སྐྱེ། །དེ་ནི་བརྒྱ་བྱིན་གཉིས་པ་བཞིན། །སྣ་ཚོགས་བཏུང་བ་འཐུང་བར་བྱེད། །ལྷ་མོ་འབུམ་གྱིས་མཆོད་བྱེད་ཅིང་།

(༩༥)༄༅། །བདེ་བ་དུ་མ་མྱོང་བར་འགྱུར། །མ་འདྲེས་ཞེས་བྱ་སུམ་ཅུ་གསུམ། །རྒྱུ་འབྲས་རྟོགས་ཤིང་གནས་བདུན་བསྲུང་། །དད་ལྡན་དགེ་བ་སྤྱོད་པའོ། །ཉི་མ་ལས་ལྷག་འོད་འབར་ཞིང་། །རིན་ཆེན་བདུན་གྱིས་ཚལ་མཆོག་ཏུ། །ཡུལ་ལྔའི་བདེ་བ་དཔག་ཏུ་མེད། །དེ་ལྟར་གནས་ནི་དེ་རྣམས་ཀྱིས། །ཤར་ཕྱོགས་ཤིང་རྟ་སྣ་ཚོགས་ཏེ། །རྩུབ་འགྱུར་འདྲས་ཚལ་དགའ་བས་བརྒྱན། །ལྷོ་ནུབ་བྱང་ནས་རིམ་ཇི་བཞིན། །ཡོངས་འདུ་བྱང་ཤར་འཚམས་ན་སྟེ། །གཞན་རྣམས་ཕྱོགས་ཀུན་བསྐོར་བར་གནས། །ཕྱོགས་འཚམས་བརྩེགས་པ་བཞི་ལ་ནི། །ལག་ན་རྡོ་རྗེ་འཆང་བར་གནས། །ཁྱད་པར་སུམ་ཅུ་རྩ་གསུམ་ན། །བག་མེད་མྱོང་དང་ལྷ་མིན་གྱི། །གནོད་པས་བཟློག་པ་རྔ་བོ་ཆེ། །གཟུགས་མེད་ཆོས་སྒྲ་འབྱིན་པ་འདི། །རྒྱལ་བའི་ཕྲིན་ལས་ཁྱད་པར་ཡིན། །ཐམས་ཅད་རིན་ཆེན་ས་གཞི་ལ། །ཁང་བཟངས་མཛེས་པར་སྐྱེད་ཚལ་དང་། །རྫིངས་བུ་རིན་ཆེན་ཐེམ་

(༩༦)སྐས་ཅན། །མེ་ཏོག་སྣ་ཚོགས་རབ་བཀྲ་བ། །འོད་འབར་ལྟ་ན་སྡུག་པ་དང་། །སྣ་ཚོགས་སྤོས་ཀྱི་ངད་ལྡན་ཞིང་། །བཟའ་བཏུང་རིན་ཆེན་སྣོད་རྣམས་དང་། །བཏུང་བ་དུ་མ་འབབ་ཆུར་བཅས། །ཡང་ཞིང་བཀྲ་བའི་གོས་རྣམས་དང་། །རྒྱན་ཀུན་བསམ་པ་ཙམ་གྱིས་འབྱུང་། །ཁྱད་པར་བྱ་རྐུན་ཆོས་སྒྲ་སྒྲོགས། །དེ་རྒྱུ་སྔོན་ནི་བཟའ་བཏུང་ཕྱིར། །ཆོས་འཆད་ཟློས་གར་བྱེད་པ་རྣམས། །སྐྱེ་བོ་དགའ་བྱས་རྒྱུ་ཡིས་སྐྱེས། །ལྷ་རྣམས་ཐོག་མར་སྐྱེས་པ་ན། །སྔར་མ་མཐོང་བའི་ཡུལ་སྐྱེས་ཤིང་། །ཀྱེ་མ་ངོ་མཚར་ཡིད་གཞོལ་གྱུར། །དེ་ཚེ་སྔོན་བྱས་དགེ་བ་ལ། །དགའ་ཞིང་ཡིད་རང་བག་དང་ལྡན། །དེ་ནས་ལྷ་མོ་མཛེས་མ་རྣམས། །དྲུང་དུ་འོང་ཞིང་གླུ་དབྱངས་ལེན། །སིལ་སྙན་རྒྱན་གྱིས་སྒྲ་སྙན་དང་། །མེ་ཏོག་ཆར་འབེབས་དེའི་ཚེ། །ཐོག་མེད་སྲེད་པས་བག་ཆགས་ཀྱིས། །དགའ་ཞིང་དེ་རྣམས་ཕྱི་རུ་རྩེ། །ཡུལ་ལྔ་མྱོས་པས་ལྷག་པར་བྱེད།

(༩༧)༄༅། །མཆིལ་པས་བཟུང་བའི་ཉ་བཞིན་འགྱུར། །ལྷའི་གནས་ན་ཁང་བཟངས་རིན་ཆེན་རྣམས་པར་སྤེལ་བས་འོད་འབར་བས། །ཉིན་མོར་བྱེད་ལྟར་རབ་འབར་གཡེར་ཁའི་ཕྲེང་ལྡན་བ་དན་གཡོ་བས་བརྒྱན། །རིན་ཆེན་རྒྱན་ཆ་ལྗོན་པ་འཁྲིགས་པའི་སྐྱེད་ཚལ་དུས་དང་དུས་མེད་འབྲས་བུར་ལྡན། །ཡུར་ཞིང་འདུད་པ་གསོ་དང་རྒྱན་མཆོག་ལྷའི་ཡིད་དང་འབྲེལ་པ་འདྲ། །ཡན་ལག་བརྒྱད་ལྡན་རྫིང་བུ་པད་མའི་གེ་སར་བཀྲ་བའི་ཕྱེ་བ་རྣམས། །རིན་ཆེན་བྱ་དང་བུང་བ་གར་བྱེད་ལྷ་མོའི་གླུ་དབྱངས་ཟིལ་གྱིས་གནོན། །རྒུན་ཆང་སྦྲང་མ་ལྷའི་བཏུང་བ་མྱོས་བའི་སྐྱོན་བྲལ་རོ་མྱོང་བྱེད། །ཟླ་བ་རྒྱས་འདྲའི་བཞིན་ལྡན་ཡན་ལག་རིན་ཆེན་རྒྱན་མཆོག་རྣམ་སྤྲས་པ། །དྲི་མཆོག་ངད་ལྡན་ལྷའི་གོས་འཆང་རེག་ན་བདེ་བར་བྱེད་པ་རྣམས། །ཡིད་དང་འབྲེལ་གཞན་གླུ་གར་གླིང་བུ་སྣ་ཚོགས་རྩེད་ཆོས་དུས་འདའ་བར། །ཤིང་རྟ་རྨ་བྱ་ངང་པ་གླང་པོ་རྟ་མཆོག་བཞོན་བས་ལང་ལོང་དུ། །དགའ་བའི་ཚལ་རྒྱུ་

(༩༨)སྲས་མེད་འབར་བས་ཡུལ་གྱི་བུད་ཤིང་བསྲེག་པར་བྱེད། །དེ་འདྲའི་བདེ་བ་དཔག་མེད་ཀྱང་། །ཚུལ་ཁྲིམས་ཀྱིས་ནི་གཟུགས་མཆོག་དང་། །བར་མ་ཐ་མར་འགྱུར་བར་སྣང་། །གང་གང་སྦྱིན་པ་དེ་འབྲས་བྱེད། །བཟའ་བཏུང་གོས་སོགས་ཁྱད་པར་སྣང་། །རེ་ཞིག་བདེ་བ་ཕུན་ཚོགས་ཀྱང་། །གང་ཚེ་དེ་འབྲས་ཟད་གྱུར་ཚེ། །སྣུམ་ཟད་མར་མེ་བཞིན་དུ་འགྱུར། །སྲིད་གཞན་སྲོག་གཅོད་གང་བྱས་པ། །ཚེ་ཐུང་ལྷ་མིན་གཡུལ་དུ་འཆི། །མ་བྱིན་བླང་ན་རྒྱན་ཀུན་ཀྱང་། །གང་ཚེ་འཆི་རྟགས་བྱུང་བ་ན། །ལྷ་མོ་གཞན་དུ་ཁྱེད་པར་སྣང་། །འདོད་ལོག་རྒྱུས་ནི་ལྷ་མོ་རྣམས། །མཐོང་བཞིན་གཞན་འགྲོ་འདོར་བར་འགྱུར། །ངག་ལས་ལྡན་པ་དེའི་ཚེ། །ཀྱི་ཧུད་སྒྲ་འབྱིན་ལྷ་མོ་རྣམས། །ཚིགས་ནི་བརླང་པོས་སྤྱོད་པར་བྱེད། །ལུས་ནི་དྲི་མར་བཅས་འགྱུར་ཞིང་། །ཆང་གི་རྒྱུས་ནི་རྨོངས་པར་བྱེད། །དེ་ལ་སྡུག་བསྔལ་རབ་འབར་བ། །དམྱལ་བའི་མེ་ཡིས་དཔེ་བྱར་མིན། །དེ་ཚེ་

(༩༩)༄༅། །འགྲོ་ལྡོག་ཡི་མུག་ཅིང་། །ཞག་བདུན་སྡུག་བསྔལ་མྱོང་བར་འགྱུར། །ཚུལ་ཁྲིམས་ལྔ་པོ་སྲིད་བཞིན་དུ། །བསྲུངས་དེ་སྐྱོབ་རྣམས་མི་འབྱུང་ངོ་། །ལས་དང་རྗེས་མཐུན་སྲིད་གཞན་འགྲོ། །འདི་མཐོང་མཁས་རྣམས་ལྷ་ཡུལ་གྱི། །བདེ་བ་སུ་ཞིག་སྨོན་པར་བྱེད། །བག་ལྡན་ཤེས་རབ་གོམ་བྱེད་ན། །གོང་ནས་གོང་དུ་འགྲོ་འགྱུར་ཞིང་། །མིར་སྐྱེས་ན་ཡང་རྒྱུ་མཐུན་གྱི། །ཕྱུག་ཅིང་སྐལ་བཟང་ཕུན་སུམ་ཚོགས། །རིགས་མཐོར་ཡུལ་འཁོར་འབྱོར་པ་དང་། །ཆོས་ལྡན་མཐོང་ན་དགའ་བར་འགྱུར། །འདིར་ནི་མི་ལོ་བརྒྱ་ཕྲག་གཅིག །ཞག་ཡིན་དེས་བསྒྲེས་རང་ལོ་སྟོང་། །མི་ལོ་བྱེ་བ་ཕྲག་གསུམ་དང་། །ས་ཡ་དྲུག་ཏུ་བརྗོད་པ་ཡིན། །དེ་ལྟར་རི་རབ་སྟེང་གི་ཆ། །བརྒྱ་བྱིན་དབང་བྱེད་གནས་སུ་གསུངས། །དེ་ནས་གཞན་ཡང་འཐབ་བྲལ་གྱིས། །གནས་དང་རྒྱུ་འབྲས་བཤད་པར་བྱ། །དེ་རྣམས་མངའ་བདག་རྒྱལ་པོ་ནི། །མུ་སུ་ལུན་

(༡༠༠)།དྷ་ཞེས་བྱ་སྟེ། །ཚུལ་ཁྲིམས་རྣམས་བདུན་སྐྱོན་མེད་པ། །ལྷའི་སྦྱིན་པ་བརྩོན་པས་འགྲུབ། །བརྒྱ་བྱིན་ལས་ནི་བརྒྱ་ཕྲག་དག །དུ་མ་འཕགས་པའི་ལས་ལས་བྱུང་། །འོད་དང་གཟི་བརྗིད་གཟུགས་བརྩོན་འགྲུས། །བདེ་དང་སྤྲོ་བའི་ལྷག་པ་ཡིན། །དེར་གནས་ལྷ་རྣམས་ཐམས་ཅད་ཀྱང་། །སྲོག་གཅོད་མ་བྱིན་ལེན་སྤངས་པས། །སྔ་མ་བཞིན་ཏེ་ཁྱད་པར་དུ། །འདོད་ལོག་སྤོང་བའི་ཚུལ་ཁྲིམས་ནི། །རྣམ་པར་དག་པའི་རྒྱུ་ལས་བྱུང་། །གཞན་གྱི་དབང་བྱས་དེ་བཞིན་དུ། །ཕ་མ་གཉེན་གྱིས་བསྲུངས་པ་དང་། །ལྟ་དང་རྒོད་དང་འཁྱུད་པ་དང་། །ཚུལ་བཞིན་མ་ཡིན་ཡིད་བྱེད་དང་། །རྒྱན་དང་གླུ་སྒྲ་སྔར་རྩེས་པའི། །འདོད་སྡེ་རོ་མྱོང་སྤངས་པ་ཡིན། །ཐོས་ཕྱུག་མཁས་པ་བསམ་གཏན་པ། །ཕ་མ་སྡུག་འཕོངས་ནད་པ་ལ། །ལོངས་སྤྱོད་སྦྱིན་དང་ཆོས་ཀྱི་དོན། །སྦྱོར་བྱེད་སྲོག་གི་སྦྱིན་པ་རྣམས། །སྔོན་བཤད་རྣམས་དང་ལྡན་པ་ཡིན།

(༡༠༡)༄༅། །གནས་དེ་ཁྱད་པར་འཕགས་པ་སྟེ། །རི་རབ་ནས་ནི་འབུམ་ཁྲི་དྲུག །བརྒྱད་སྟོང་སྟེང་གི་ནམ་མཁའ་ལ། །རླུང་གི་སྤྲིན་ཕུང་ལྟར་བཏེག་གོ །དེ་གནས་ཉི་ཤུ་བདུན་ཡོད་དེ། །རབ་ཀྱི་ཤུག་བདག་རྒྱུ་གནས་ཏེ། །བརྩེས་པ་རྒྱུ་དང་ཡིད་ཀྱི་རྒྱན། །རབ་ཏུ་རྣམས་འདྲེས་འཁོར་ཡུག་རྒྱུ། །རླུང་རྒྱུ་རབ་ཏུ་མཐོང་བ་དང་། །འབྲས་བུས་དང་ལྡན་ཅིག་ཏུ་དགའ། །ཀུན་ཏུ་འགྲོ་དང་ཡང་དག་ལྡན། །འོད་ཟེར་རབ་འཕྲོ་སྡོམ་པར་རྒྱུ། །རྟག་ཏུ་བདེ་བ་རབ་འཕེལ་ལྡན། །རི་ཚོགས་རྒྱུ་དང་རྣམ་པར་བཀྲ། །ཟླ་བ་དེ་བཞིན་མཐོང་བར་འདོད། །བསམ་གཏན་དགྲ་དབེན་ང་རྒྱལ་སྒྲོག །འཇུག་སྤྱོད་ཚོགས་ན་རྣམས་པར་རྒྱུ། །རང་ཡུལ་རྣམ་རྒྱུ་ལུས་བརྒྱག་པ་དང་། །རྟག་ཀྱི་གཟི་བརྗིད་ཚལ་མཆོག་དང་། །ནག་ཚལ་འོད་ཟེར་ཞེས་བྱའོ། །ཐམས་ཅད་རིན་ཆེན་རི་མཆོག་དང་། །ནགས་ཚལ་འབབ་ཆུ་མཛེས་པ་དང་། །པདྨ་ཨུཏྤལ་མཚོ་རྣམས་དང་། །དེ་སོགས་སུམ་ཅུ་རྩ་

(༡༠༢)གསུམ་བཞིན། །ཁྱད་པར་དགེ་བའི་ལས་ཀྱི་མཐུ། །འོད་དང་ནུས་པ་བདེ་བ་ཡིན། །རྣམ་པ་ཁྱད་པར་འཕགས་པ་ཡིན། །དེར་གནས་རི་བོ་དེ་དག་ཀྱང་། །ཁ་ཅིག་གསེར་དང་དེ་བཞིན་དངུལ། །ཁ་ཅིག་རིན་ཆེན་བཻ་ཌཱུརྻ། །ཤེལ་དང་བྱེ་རུ་ལ་སོགས་པ། །ལ་ལ་ཐམས་ཅད་རང་བཞིན་ཏེ། །མཐོ་ཁྱེད་དཔར་ཚད་སྟོང་ཕྲག་བཅུ། །དེ་དག་རྩེ་ལ་རིན་ཆེན་ནི། །དྲི་མེད་གནས་ཏེ་ལས་འབྲས་ཀྱི། །གཟུགས་རྣམས་སྣང་བར་འགྱུར་བ་ཡིན། །དེས་ནི་བག་དང་ལྡན་བསྐུལ་བྱེད། །རིན་ཆེན་ལྗོན་པ་བཀྲ་བ་ལས། །བཟའ་བཏུང་གོས་དང་རྒྱན་རྣམས་ཀུན། །བསམ་པ་ཙམ་གྱིས་འབྱུང་འགྱུར་ཏེ། །མེ་ཏོག་དུ་མའི་ཚལ་གནས་པ། །ཁ་ཅིག་གསེར་ལ་དེ་བཞིན་ཤེལ། །སྤུག་དང་མར་གད་མཐོང་ཁ་ཆེ། །དཔག་ཚད་དུ་མའི་ངད་ལྡན་ཞིང་། །འོད་ཟེར་གསལ་བ་དུ་མས་མཛེས། །བྱ་རྣམས་སྣ་ཚོགས་སྒྲ་སྙན་འབྱིན། །འབབ་ཆུ་བདེ་བ་རོལ་མོའི་སྒྲ། །རླབས་ཀྱི་ཕྲེང་བས་རབ་སྤྱོད་པ།

(༡༠༣)༄༅། །རོ་མཆོག་དང་ལྡན་དེ་བཞིན་དུ། །ཁ་དོག་རྣམ་པ་དུ་མར་ལྡན། །མདོར་ན་མང་དུ་སྨོས་ཅི་དགོས། །རྩ་གསུམ་གནས་ལས་བཅུ་དྲུག་འགྱུར། །ཁྱད་པར་ཕུལ་དུ་གྱུར་པ་ཡིན། །དེར་སྐྱེས་ལྷ་དང་ལྷ་མོ་ཀུན། །ཐོག་མར་དྲན་དང་ལྡན་གྱུར་ཏེ། །གང་ཞིག་གིས་སྐྱེས་གནས་འདི་ཅི། །སྙམ་སེམས་དེ་ལ་ལྷག་གཞན་གྱིས། །ཉེར་བསྟན་དགའ་བའི་ཁྱད་པར་སྐྱེ། །དེ་ནས་གོས་དང་རྒྱན་ཐོག་ཅིང་། །སྣ་ཚོགས་ལྷ་གནས་ལྟ་བར་བྱེད། །དེ་ནས་འཐབ་བྲལ་བདག་པོའི་དྲུང། །འགྲོ་བྱེད་དགའ་བའི་ཁྱད་པར་ཐོབ། །དེ་ནས་སྣ་ཚོགས་དགེ་བའི་མཐུས། །བསྒྲུབ་པའི་བདེ་བ་དུ་མ་དང་། །ཡུལ་ལ་སྲད་པའི་ཀུན་རྟོག་གིས། །བག་མེད་བདེ་བ་རྒྱུག་པར་བྱེད། །དེ་ནས་ལྷའི་བུ་རེ་རེ་ཡང་། ལྷ་མོ་སྟོང་དང་དེ་བཞིན་ཁྲི། །དཔག་མེད་ཀྱིས་བསྐོར་མཛེས་པ་ཡིས། །འགྲོས་བཟང་འགྱིང་ཞིང་ཆགས་པ་དང་། དེ་བཞིན་འཛིན་ལ་མཁས་༈༈༡༠༤

(པའི་གར། །གླུ་སྒྲ་སྙན་པ་རབ་སྒྲོག་པ། །འཁྱུད་པས་ཚིམ་པར་བྱེད་པ་ཡིན། །ཡན་ལག་ལྔ་ལྡན་རྔ་སྒྲ་དང་། །སིལ་སྙན་དུ་མ་ལྡན་པ་ཡི། །སྤོས་མཆོག་རྣམས་ཀྱི་ངད་ལྡན་ཞིང་། །བདེ་བ་དཔག་མེད་རྗེས་སུ་མྱོང་། །འགའ་ཞིག་རིན་ཆེན་གྲུ་མཛེས་ལ། །ཞོན་ཅིང་ཆུ་རླུང་རྣམས་ན་རྒྱུ། །གཞན་དག་པད་ཚལ་མེ་ཏོག་གི །ཕྲེང་མཛེས་ཆར་བཞིན་འབེབས་པར་བྱེད། །ལ་ལ་རྨ་བྱ་ངང་པ་དང་། །ཤིང་རྟ་སྣ་ཚོགས་བཞོན་པ་ཡི། །ནམ་མཁའི་རི་བོའི་ངོས་ལ་འགྲོ། །དེ་སོགས་ལོངས་སྤྱོད་ཀྱིས་གཡེངས་ལ། །བྱ་རྣམས་ཆོས་ཀྱི་ཚིག་སྨྲ་ཞིང་། །བསྐུལ་ཀྱང་སྲིད་པའི་དབང་དུ་འགྲོ། །ཇི་ལྟར་ཡུན་རིང་ཀུན་དགའ་ཡང་། །ཡུལ་ཅན་རྣམས་ལ་རྟག་པ་མེད། །མི་རྟག་པ་ཡི་བདེ་དེ་ཡང་། །ལྷ་རྣམས་ཀྱིས་ཀྱང་རྟོགས་པ་ཡིན། །བདེ་བ་ཡི་ནི་ལམ་འདི་ལ། །རྣམ་པར་འཇིག་པར་འགྱུར་བ་ཡིན། །འདོད་པ་ཡིས་ནི་སེམས་བསླུས་པས། །རྣམ་པར་

(༡༠༥)༄༅། །འཇིག་པར་རྟོག་མ་ཡིན། །སྡུག་བསྔལ་གྱིས་འདྲེས་བདེ་རིག་པ། །རབ་ཏུ་གཡོགས་པ་མཐོང་མ་ཡིན། །པདྨའི་ཕྲེང་བས་ཡོངས་བཀབ་བའི། །དུག་གིས་གང་བཞིན་འདོད་ཆགས་ཡིན། །འབྲས་མཆན་དུག་གིས་ལེགས་བསྲེག་པས། །ཇི་བཞིན་དེ་ནི་འཆི་བའི་མཐའ། །དེ་བཞིན་བདེ་བ་འདི་དག་ཀུན། །མཐར་ནི་དམྱལ་བར་འགྱུར་བ་ཡིན། །ལུས་ཀྱི་ལྷ་རྣམས་ཐམས་ཅད་ཀྱང་། །བདེ་ཕྱིར་འདོད་པ་ཞི་ཉིད་མིན། །བདེ་བ་ཡི་ཡང་རྩ་བའི་མཆོག །ཞི་བ་ཅིག་པུར་རབ་ཏུ་གྲགས། །གང་གི་སྙིང་ལ་དེ་མེད་པ། །དེ་ནི་སྡུག་བསྔལ་རབ་ཏུ་གྲགས། །ཞེས་སོགས་དུ་མ་སྨྲས་ནས་ཀྱང་། །ཡུད་ཙམ་བག་ཡོད་དབང་དུ་འགྱུར། །གཞན་ཡང་ལྷ་དབང་གནས་དེ་ནི། །རིན་ཆེན་ཁང་བརྩེགས་མཛེས་པ་ནི། །བསམ་གྱིས་མི་ཁྱབ་ཚལ་བཅས་ཡོད། །དེ་ན་འགྲོ་ལ་ཕན་གཟིགས་པ། །རྣམ་པར་གཟིགས་དང་གཙུག་ཏོར་ཅན། །འཁོར་བ་འཇིགས་དང་གསེར་ཐུབ་དང་། །འོད་སྲུང་ཞེས་བྱ་རྒྱལ་བ་དེའི། །མཆོད་རྟེན་རིན་ཆེན་ལས་བྱས་ཡོད།

(༡༠༦)།དེ་ནས་ལྷ་རྣམས་ཕན་བྱེད་པའི། །མདོ་རྣམས་རིན་ཆེན་གྱིས་བྲིས་པ། །ལྷ་ཡི་དབང་དེ་སྟོན་པར་བྱེད། །དེས་ནི་ལྷ་ཀུན་དོན་བྱས་ནས། །བག་ཡོད་ཆོས་ལ་བརྩོན་གྱུར་ན། །གོང་ནས་གོང་དུ་འཕགས་པར་འགྱུར། །ལྷ་རྣམས་བག་མེད་དབང་གིས་སུ། །སྔོན་གྱི་བདེ་བ་ཟད་ནས་ཀྱང་། །གང་ཚེ་དུས་ལ་བབ་པ་ན། །ངལ་ཅིང་ལོངས་སྤྱོད་ཉམས་པ་དང་། །དབུགས་འབྱིན་སྡུག་ནི་བསྔལ་བར་བྱེད། །ཡུལ་རྣམས་འགག་ཅིང་ཡི་ཆད་པ། །ལྷ་རྣམས་ཀུན་གྱིས་ཡོངས་སྤོངས་ནས། །སྨིག་རྒྱུ་ལྟར་གཡོ་དེ་ནས་ནི། །ངན་འགྲོ་རྣམས་སུ་ལྷུང་བར་འགྱུར། །ལུས་ཀྱང་རླུང་གིས་བཏེག་ནས་ནི། །ནམ་མཁར་འཕངས་ནས་འཐོར་བར་འགྱུར། །གང་ཚེ་འོག་ཏུ་འགྲོ་བ་ཡི། །ལྟས་བྱུང་ཞག་བདུན་ཡིན་མོད་ཀྱང་། །མི་ལོ་སྟོང་དང་བཞི་བརྒྱ་སྟེ། །དེ་སྟེང་སྡུག་བསྔལ་དམྱལ་དང་མཚུངས། །དེས་ན་མཁས་པས་བསམ་གཏན་པ། །བག་མེད་གནས་ལ་སྨོད་བྱེད་ཅིང་། །ལྷའི་བདེ་ལ་ཆགས་

(༡༠༧)༄༅། །མི་བྱ། །ཡང་དག་རྒྱལ་བའི་དེ་བསྟན་ཏོ། །མི་ལོ་ཉིས་བརྒྱ་ཞག་ཅིག་སྟེ། །དེས་བསྒྲོས་རང་ལོ་ཉིས་སྟོང་ཡིན། །བྱེ་བ་བཅུ་བཞི་ས་ཡ་བཞི། །མི་རྣམས་ལོ་གྲངས་ཡིན་པར་བརྗོད། །དེ་ནི་མཚེ་མ་ཞེས་བྱ་བའི། །ལྷའི་གནས་གཞན་ཡིན་པར་བརྗོད། །དེ་ནས་གཞན་ཡང་དགའ་ལྡན་གྱི། །ཕྱོགས་ཙམ་རབ་ཏུ་དབྱེ་བར་བྱ། །སྔ་མའི་གནས་གཞན་ཇི་སྙེད་པ། །དེ་སྟེང་བྱང་ཆུབ་སེམས་དཔའ་ནི། །འགྲོ་བ་ཀུན་ལ་ཕན་མཛད་པ། །བྱམས་པ་བདག་ཉིད་ཆེན་པོ་བཞུགས། །དེར་གནས་ལྷ་ནི་རྣམ་གཉིས་ཏེ། །འཕགས་པ་དང་ནི་ཕལ་པའོ། །ཕལ་པ་དེ་རྣམས་སྔོན་གྱི་ལས། །ཁྲིམས་ལྡན་རྣམ་པར་དག་པ་ནི། །བླ་ན་མེད་པ་སྲུང་བ་དང་། །དྲང་པོའི་རྟ་ལྡན་འཕགས་རྣམས་དང་། །ཕ་མ་ནད་པ་དབུལ་པོ་ལ། །སྔ་མ་རྣམས་ལས་ལྷག་པ་དང་། །སྦྱོར་དངོས་རྗེས་གསུམ་དག་པས་བྱིན། །དེར་སྐྱེས་ཚེ་རབ་དྲན་པར་འགྱུར། །ལུས་ངག་གཟི་བརྗིད་

(༡༠༨)འོད་དང་ནི། །སྤྲོ་བ་སྔ་མ་འཐབ་བྲལ་ལས། །ཁྱད་པར་དུ་མས་འཕགས་པར་འགྱུར། །དེ་རྣམས་གནས་ནི་དགའ་ལྡན་པ། །དྲི་མེད་རིན་ཆེན་ས་གཞི་ལ། །སྣ་ཚོགས་འོད་ཀྱི་ཕྲེང་བས་འཁྲིགས། །ནེམ་ཞིང་འཕར་བར་སྣང་བ་སྟེ། །དེ་ན་སྣ་ཚོགས་འབབ་ཆུ་རྣམས། །གསལ་དང་ཡན་ལག་བརྒྱད་ལྡན་པ། །དགོས་རྣམས་རིན་ཆེན་ཤིང་མཆོག་བརྒྱན། །ལ་ལ་ཁ་དོག་ཐ་དད་པ། །རོ་མཆོག་དཔག་ཏུ་མེད་པ་ཡོད། །ཆུ་ལ་གནས་པའི་བྱ་རྣམས་ནི། །འདོད་དགུར་འསྒྱུར་བའི་གཟུགས་ཅན་ཡོད། །ལ་ལ་རིན་ཆེན་ལྷུན་པོ་ལ། །འོད་ཟེར་འབར་ལྡན་རི་སུལ་ལ། །སྨན་ལྗོངས་འབབ་ཆུའི་སྒྲ་སྙན་སྒྲོགས། །བཻ་ཌཱུརྻ་དང་རིན་ཆེན་གསེར། །ཤེལ་དང་དངུལ་གྱི་ལྗོན་པའི་ཚལ། །དབྱིབ་ལེགས་བལྟ་ན་སྡུག་པ་རྣམས། །ཉི་མ་ལས་ལྷག་འོད་འབྱིན་པ། །གཡེར་ཁའི་དྲ་བ་སྒྲ་སྙན་འབྱིན། །སྣ་ཚོགས་སྤོས་ཀྱི་ངད་ལྡན་པ། །དཔག་བསམ་གོས་མཆོག་དུ་མ་དང་། །རྣ་རྒྱན་མགུལ་རྒྱན་སྣང་བྱེད་རྒྱན། །གདུ་བུ་དྲིན་ངེད་མུ་

(༡༠༩)༄༅། །ཏིག་འཕྲེང་། །རྔ་དང་སིལ་previous hit ཁྲོལ་གླིང་བུ next hit་དང་། །པི་ཝཾ་ལ་སོགས་དུ་མ་དང་། །གཞན་ཡང་བཟའ་བཏུང་སྣ་ཚོགས་ཀུན། །བསམ་པ་ཙམ་གྱིས་འབྱུང་བ་ཡོད། །དེ་ན་རྫིང་བུ་དུ་མ་རྣམས། །ངོས་གཅིག་གསེར་ལ་གཉིས་པ་དངུལ། །པདྨ་རཱ་ག་བཻ་ཌཱུརྻ། །གསུམ་པ་བཞི་པ་རིམ་བཞིན་ལྡན། །ཐེམ་སྐས་རྣམ་པ་དུ་མ་ལ། །ངོས་གཉིས་རིན་ཆེན་ལྗོན་པ་མཛེས། །ཟླ་བ་ཟླ་བཟང་པདྨ་དང་། །ཨུཏྤལ་དེ་བཞིན་ཀུ་མུ་ཏ། །རིན་ཆེན་མེ་ཏོག་དུ་མ་རྣམས། །གཅིག་དང་གཉིས་གསུམ་བཞི་ལྔ་དང་། །ཐམས་ཅད་སྤེལ་ཅིང་བཀྲ་བ་རྣམས། །སྤེལ་ལེགས་མཁས་པས་བཀོད་པ་བཞིན། །རིན་ཆེན་བུང་བ་མྱོས་པ་དང་། །ཆུ་དང་ཐང་ལ་གནས་པའི་བྱ། །སྣ་ཚོགས་ཆོས་ཀྱི་སྒྲ་སྙན་འབྱིན། །ས་ཀུན་དུས་འབྲང་ཙནྡན་དྲི། །སྣ་ཚོགས་སྤོས་ཀྱི་ངད་ལྡང་བ། །ཕྱོགས་ཀུན་ཁྱབ་པར་བྱེད་པ་འདྲ། །དེ་ན་ཁང་བཟངས་དུ་མ་རྣམས། །ཀ་བ་སྟོང་ཕྲག་དུ་མས་བརྒྱན། །རིན་ཆེན་དུ་མ་སྤེལ་བའི་མཛེས། །རྟ་

(༡༡༠)བབ་ཀར་ཁུང་མུ་ཁྱུད་དང་། །ལན་ཀན་རིན་ཆེན་དུ་མ་ཡི། །བཀོད་པ་དཔག་ལས་འདས་པ་ཡིན། །ཁྱད་པར་བདག་ཉིད་ཆེན་པོ་དེའི། །གནས་དེར་རོལ་མོ་ཐམས་ཅད་ཀྱང་། །ཐེག་མཆོག་སྒྲ་དབྱངས་འབྱུང་བ་ཡིན། །དེ་ལ་སོགས་པའི་ལོངས་སྤྱོད་རྣམས། །སུ་ཞིག་གིས་ནི་བརྗོད་པར་ནུས། །དེ་ན་ལྷ་བུ་རེ་རེ་ཡང་། །ཟླ་ལྟར་ཡིད་གཡོ་མཛེས་པ་ཡི། །བདེ་སོགས་བརྒྱ་འགྱུར་གྱིས་འཕགས་པ། །ལྷ་མོ་སྟོང་ཕྲག་བརྒྱ་རྣམས་ཀྱིས། །གར་དང་རོལ་མོ་སྒྲ་དབྱངས་ཀྱིས། །མཆོད་བྱེད་བདེ་བ་དཔག་ཏུ་མེད། །ལུས་སེམས་ཀུན་ནས་མྱོས་པ་ཡང་། །རེག་པ་ཙམ་གྱིས་ཚིམ་པར་བྱེད། །རིན་ཆེན་མཛེས་པའི་ཤིང་རྟ་དང་། །སྣ་ཚོགས་བཞིན་པ་དུ་མ་ཡང་། །གློག་འགྱུ་ཙམ་དུ་གར་འདོད་དུ། །ཕྱིན་བྱེད་དཔལ་དང་ལྡན་པ་ཡིན། །གནས་དེར་རྒྱལ་སྲས་དུ་མ་ཡིས། །རྣམ་དག་སྤྱོད་ཚུལ་དཔག་ཏུ་མེད། །ཕྱོགས་བཅུས་ཞིང་ཁམས་ཐམས་ཅད་ནས། །སྙན་པའི་འཕྲིན་ལས་ཀྱིས་འདུ་བ། །འདི་ནི་

(༡༡)༄༅། །སུ་ཞིག་གིས་བརྗོད་ནུས། །ཕལ་པའི་ལྷ་རྣམས་ཐམས་ཅད་ཀྱང་། །གང་ཚེ་བག་མེད་བདེ་བ་ལ། །རྣམས་པར་གཡེངས་བར་བྱེད་པ་ན། །བྱམས་པ་བདག་ཉིད་ཆེ་དེ་ཡི། །ཡོངས་སུ་བསྐུལ་བར་མཛད་པ་ཡིན། །དེས་ན་ལྷ་གནས་ཐམས་ཅད་ལས། །གནས་འདི་ཁྱད་པར་འཕགས་པ་སྙམ། །ཐོས་པ་མང་དང་ཆོས་འཛིན་དང་། །ཤེས་རབ་ལྡན་ཞིང་ཐར་པ་འདོད། །ཡོན་གནས་རྣམས་ལ་དགའ་བ་ཡི། །མི་དེ་དགའ་ལྡན་ཉེ་བར་འགྲོ། །ཐར་པའི་ལས་ལ་རྣམ་གྲངས་དུ་མའི་ལ་ལས་འབད་པ་ཆེར་བྱས་ཀྱང་། །སྣ་ཚོགས་བདེ་ལྡན་དེ་ལ་ཞེན་པས་བདེ་ལྡན་བག་མེད་ཀྱིས་བཅོམས་ནས། །རྣམ་པར་སེམས་གཡེང་རོ་མྱང་འཛིན་པས་སེམས་གཡེངས་དུས་མཐར་བབ་པ་ན། །གནམ་ལྕགས་ལྷུང་ལྟར་ཉམས་ངའི་གནས་སུ་ལྷུང་བ་དེ་ཚེ་རྨོངས་པར་འགྱུར། །དེ་བས་འབད་པ་དུ་མ་ཡིས། །མཁས་པས་བག་མེད་བཟློག་པར་བྱ། །གང་ཚེ་བག་མེད་གྱིས་བཅོམ་ན། །དགའ་ལྡན་སྐྱེས་པའི་ལྷ་དེ་

(༡༡༢)ཡང་། །རྟགས་ལྔ་མཐོང་ནས་སེམས་རྨོངས་ཞིང་། །ངན་འགྲོ་རྣམས་སུ་ལྟུང་བར་འགྱུར། །མིར་སྐྱེས་ན་ནི་དབང་ཕྱུག་དང་། །སྐལ་བཟང་ཆོས་ཀྱི་སྣོད་དུ་འགྱུར། །མི་རྣམས་ལོ་ནི་བཞི་བརྒྱ་ལ། །ཞག་ཡིན་དེས་བསྒྲེས་རང་ལོ་ནི། །སྟོང་ཕྲག་བཞི་ཡི་མི་ལོ་ནི། །བྱེ་བ་ལྔ་བཅུ་རྩ་བདུན་དང་། །ས་ཡ་དྲུག་གི་ཚད་དུ་འདོད། །དགའ་བ་དུ་མས་བརྒྱན་པ་ཡི། །གནས་གཞན་མདོར་བསྡུས་བརྗོད་པ་ཡིན། །དེ་ནས་གཞན་ཡང་འཕྲུལ་དགའ་ནི། །རང་གི་འཕྲུལ་པའི་བདེ་བ་ལ། །སྤྱོད་བྱེད་གནས་དེར་སྐྱེ་བ་ཡི། །རྒྱུ་ནི་ཚུལ་ཁྲིམས་དག་པ་སྟེ། །སྦྱིན་སོགས་དེ་བ་དེ་དག་ཀུན། །སྔ་མ་ལས་ནི་འཕུལ་བའོ། །གང་གི་འཕྲུལ་དགའི་བདག་པོ་ནི། །དེ་དག་ཀུན་ལས་ཕུལ་བྱུང་བ། །བསོད་ནམས་མཐུའི་ཐོབ་པ་ཡིན། །ལུས་དང་འོད་དང་སྟོབས་རྣམས་ནི། །བརྒྱ་བྱིན་འབུམ་ལས་ལྷག་པ་ཡིན། །གནས་དེར་ལོངས་སྤྱོད་དཔག་མེད་དེ། །རང་གི་

(༡༡༣)༄༅། །ཡིད་ཀྱི་གང་སྤྲུལ་བ། །དེ་དང་དེ་འདྲ་དབང་བྱེད་འགྱུར། །རིན་ཆེན་སྣ་ཚོགས་ལས་གྲུབ་པ། །ས་གཞི་རི་དང་ལྗོན་པའི་ཚལ། །མེ་ཏོག་སྣ་ཚོགས་ཡུར་གྱིས་འདུད། །ལྷ་ཡི་གཞལ་མེད་ཁང་བརྩེགས་དང་། །སྣ་ཚོགས་རོལ་མོ་དུ་མ་དང་། །དྲི་མཆོག་རྣམ་དག་དུ་མ་དང་། །རིན་ཆེན་སྣོད་དུ་ཟས་མཆོག་ཀུན། །དཔག་མེད་འདོད་ཡོན་ལྡན་པ་ཡིན། །དེ་ན་ལྷ་མོ་དཔག་མེད་པ། །འབུམ་ཕྲག་བཅུར་བཅས་མཛེས་མ་རྣམས། །སྤྲིན་ལས་བྱུང་བའི་གློག་ལྟར་བརྗིད། །རྒོད་ཅིང་རེགས་པས་ཡིད་ཚིམ་བྱེད། །མདོར་ན་དགའ་ལྡན་གནས་དེ་བས། །བཅུ་དྲུག་འགྱུར་གྱིས་ཁྱད་པར་འཕགས། །དེར་གནས་ལྷ་རྣམས་བག་མེད་ལས། །འཕྲུལ་དགའི་བདག་པོ་བཟློག་པར་བྱེད། །བྱ་དང་བུང་བ་དུ་མ་དང་། །སྔོན་བཞིན་ལེགས་སྦྱར་སྒྲ་སྙན་འབྱིན། །སྦྱིན་དང་ཚུལ་ཁྲིམས་རྣམ་དག་གི །ཁྱད་པར་སྣང་བས་དམན་པ་ཀུན། །ངོ་ཚ་ཞུམ་པར་བྱེད་པ་ཡིན། །དེར་

(༡༡༤)གནས་བདེ་བ་དཔག་མེད་ཀྱང་། །འཕགས་པ་མ་གཏོགས་ལྷ་དེ་རྣམས། །རིང་དང་ཉེ་བའི་འཆི་ལྟས་བཅུ། །བྱུང་ཚེ་སྡུག་བསྔལ་གྱིས་གདུང་ནས། །ངན་སོང་ནང་དུ་ལྟུང་བ་ཡིན། །གང་ཚེ་མིར་སྐྱེས་རྒྱུ་མཐུན་གྱིས། །བདེ་དང་ལོངས་སྤྱོད་ལྡན་པ་དང་། །ཆོས་ཀྱི་རྗེས་སུ་མཐུན་པར་འགྱུར། །འདིར་ནི་མི་ལོ་བརྒྱད་བརྒྱ་ལ། །ཞག་གིས་དེ་བསྒྲེས་རང་ལོ་ནི། །སྟོང་ཕྲག་བརྒྱད་ཡིན་མི་ལོའི་གྲངས། །བྱེ་བ་ཉིས་བརྒྱ་སུམ་ཅུ་དང་། །ས་ཡ་ཕྲག་བཞིར་ངེས་པ་ཡིན། །དེ་ལས་གཞན་འཕྲུལ་དབང་བྱེད་ཀྱི། །ཕྱོགས་ཙམ་མདོར་བསྡུས་བརྗོད་པར་བྱ། །དེ་སྐྱེས་རྒྱུ་ནི་ཚུལ་ཁྲིམས་བདུན། །མ་རལ་སྐྱོན་མེད་བསྲུངས་པ་དེ། །རྨི་ལམ་ན་ཡང་མི་ཉམས་སོ། །དེ་བཞིན་རྣམ་དག་སྦྱིན་པ་ནི། །ཡུལ་ལྔ་མཆོག་ཏུ་གྱུར་པ་ལ། །གུས་བཅས་སྦྱོར་དངོས་རྗེས་གསུམ་ལྡན། །འོན་ཀྱང་དེ་ན་རིགས་གཉིས་ཏེ། །བདུད་རིགས་གཏོགས་དང་གཞན་མའོ། །དེ་ཡང་

(༡༡༥)༄༅། །ཕལ་དང་འཕགས་རིག་གཉིས། །དང་པོ་སྔོན་ནི་ལོག་ལྟ་དང་། །འབྲེལ་པའི་སྨོན་ལམ་གྱིས་འགྱུར་ཏེ། །དཔེར་ན་ཤོར་བ་གཞོན་ནུ་ཡིས། །རྒྱལ་པོ་འོད་ཞི་སྤོས་སྣང་གིས། །བསྟན་ལ་མ་དད་གང་བྱས་པ། །དགེ་སྦྱོང་ཆེན་པོ་ཨུཏྤལ་གཏོང་། །སྙིང་རྗེས་བསྒྲུབ་པའི་དོན་བྱས་པས། །མཐུ་ཡིས་འདི་ན་བདུད་ཅེས་གྲགས། །འོན་ཀྱང་རྒྱུ་འདི་བརྟེན་མེད་པ། །མཆོད་སྦྱིན་གྱིས་བསྒྲུབས་འབྲས་བུས་ཡིན། །ལོག་ལྟས་མནར་མེད་ཁྲིད་པ་ཡིན། །དེ་བས་རྒྱུ་འབྲས་སོ་སོར་སྨིན། །གཞན་དག་ཡང་དུག་ལྟ་དང་ལྡན། །ལོག་ལྟ་རིང་དུ་སྤངས་པ་ཡིན། །གནས་འདི་འདོད་པའི་ལྷ་མི་རྣམས། །ཀུན་གྱི་གནས་ལས་ཁྱེད་འཕགས་ཏེ། །གཞན་གྱི་འཕྲུལ་ལ་དབང་བྱེད་ཕྱིར། །ཉི་མ་དང་ནི་མེ་ཁྱེར་བཞིན། །ཕྱོགས་ཅིག་ཉེ་བར་བརྗོད་པ་ན། །དབང་བསྒྱུར་ལྷའི་གཞལ་མེད་ཁང་། །དཔག་ཚད་བརྒྱ་སྟོང་དུ་མར་ལྡན། །གྲུ་བཞི་རིན་ཆེན་བཞི་རང་བཞིན།

(༡༡༦)།བཞི་ནི་རིན་ཆེན་བཻཌཱུརྻ། །སྣ་ཚོགས་སྒོ་དང་སྒོ་ཁྱུད་དང་། །སྐར་ཁུང་རྟ་བབས་དུ་མ་རྣམས། །རིན་ཆེན་དུ་མ་སྤེལ་བ་ལ། །འོད་ཟེར་ཉི་མ་ལས་ལྷག་འཕྲོ། །ཀ་བ་སྟོང་ཕྲག་དུ་མ་རྣམས། །གཅིག་ནི་གསེར་ལ་དེ་བཞིན་དངུལ། །བཻཌཱུ་རྻ་དང་ཤེལ་དང་ནི། །མ་རྒད་པདྨ་རཱ་ག་དང་། །སྤུག་དང་རྡོའི་སྙིང་པོ་སོགས། །རེ་རེའང་བསམ་གྱིས་མི་ཁྱབ་བོ། །འདོད་ན་མཁའ་ལ་བྱེ་བཞིན་འགྲོ། །འདི་ན་སྐྱེད་མོས་ཚལ་མཆོག་རྣམས། །རེ་རེའང་ངག་གི་བརྗོད་མི་ནུས། །གཟུགས་སྒྲ་དྲི་རོ་རེག་བྱ་ཡི། །མདའ་སྔ་ཡུལ་ལ་དབང་བྱེད་ཕྱིར། །གནས་འདིར་སྲེད་པ་བསྐྱེད་བྱེད་ན། །སུ་ཞིག་མྱ་ངན་འདའ་བར་ནུས། །དེ་ཕྱིར་དབང་བསྒྱུར་བདུད་ཀྱི་ཡུལ། །འདོད་ཁམས་ཀུན་ལ་ཕུལ་བྱུང་ཡིན། །དགའ་བཟང་ལ་སོགས་ལྷ་མོ་རྣམས། །བྱེ་བ་བརྒྱ་ཕྲག་དུ་མས་གང་། །གཅིག་གི་འོད་དང་གཟུར་དང་རྒྱན། །སྣ་ཚོགས་གོས་ལྡན་སྒྲིབ་མེད་པ། །མཛེས་པ་སྤྱོད་ཚུལ་སྒྱུ་མ་བཞིན། །བསམ་

(༡༡༧)༄༅། །ཀྱང་ཤེས་པར་མི་འགྱུར་བ། །ཆགས་བྲལ་མ་གཏོང་འཇིག་རྟེན་འདིར། །གཡོ་བར་མི་འགྱུར་སུ་ཞིག་ཡོད། །མཐོང་བ་ཙམ་གྱིས་ཚིམ་བྱེད་ཡིན། །གནས་དེར་རོལ་མོ་ཅིག་གིས་ཀྱང་། །ལྷ་གནས་སྒྲ་ཀུན་ཟིལ་གནོད་ན། །མི་རྣམས་རོལ་མོ་སྨོས་ཅི་དགོས། །དེ་ཡི་བདུད་རྩི་རོ་མྱོང་ནས། །གཞན་དག་ལྷའི་ཞལ་ཟས་ཀུན། །བོང་བའི་རོ་དང་མཚུངས་པར་འགྱུར། །ཡང་དང་ཚ་གྲངས་རེག་པ་ཡིས། །མི་གདུང་ལུས་ཀུན་ཚིམ་བྱེད་པ། །སྒྲིབས་མེད་གོས་མཆོག་ཕུལ་དུ་བྱུང་། །དེའི་དྲི་བསུང་གཅིག་གིས་ཀྱང་། །ཕྱོགས་ཀུན་དང་བར་བྱེད་འགྱུར་ཞིང་། །ལྷ་མིའི་གདུག་སྤོས་ཟིལ་གནོན་བྱེད། །དེ་ལྟར་བརྗོད་ཀྱིས་མི་ལངས་བའི། །ཁྱད་པར་བསམ་པ་ནུས་པ་མིན། །དེ་ན་མེ་ཏོག་རེ་རེ་ཡང་། །དཔག་ཚད་དུ་མ་ཁྱད་ལྡན་པ། །འདབ་མ་སྟོང་ཕྲག་དུ་མས་མཛེས། །དབང་པོའི་གཞུ་ལས་ཕུལ་བྱུང་བའི། །འོད་ཀྱི་དྲ་བས་

(༡༡༨)མཛེས་པ་ཡིན། །ཁོར་ཡུག་མཚུངས་མེད་དྲི་ལྡན་པ། །རོ་བརྒྱད་ལྡན་པའི་བཏུང་བ་དང་། །ལྡན་པ་དེ་ལ་འདུག་བྱེད་འདོད། །།།ནམ་མཁའ་ལ་འགྲོ་བར་བྱེད། །འདོད་ན་མཁའ་ལ་གཡེར་ཁ་ཡི། །སྒྲ་དང་མུ་ཏིག་རྒྱན་འཕྲེང་རྣམས། །ཀུན་ཏུ་ཁྱབ་བྱེད་སྤྲིན་ཕུང་འདྲ། །དེ་སོགས་མཐུ་ནི་དཔག་མེད་ལྡན། །ལྗོན་པ་རི་དང་འབབ་ཆུ་དང་། །ས་ཕྱོགས་དགའ་ཚལ་ཁྱད་པར་རྣམས། །འཕགས་མིན་སྐྱེ་བོས་བརྗོད་མི་ལང་། །མདོར་ན་སེམས་ཀྱི་ཀུན་རྟོག་ལ། །སྣང་བའི་འོད་ལྡན་གྱིས་བསྒྲུབས་པ། །གནས་འདི་ལས་ནི་ལྷག་ཡོད་མིན། །དེ་འདྲས་འབྲས་བུས་ཕུལ་བྱུང་ལ། །སྤྱོད་པ་གང་དེ་བདུད་ཅེས་པ། །བྱིས་པའི་སྐྱེ་བོ་འཁྲུལ་པ་རྣམས། །མི་རྣམས་ལོངས་སྤྱོད་ཅུང་ཟད་ཙམ། །མྱོང་ཡང་སྲེད་པས་རོ་མྱོང་ཞིང་། །བག་མེད་བརྒྱག་པས་རབ་མྱོས་ནས། །དེ་ལ་མྱོས་ནས་ཞི་བ་ཡི། །བདེ་བ་ལས་ནི་ཕྱིར་ཕྱོགས་

(༡༡༩)༄༅། །འགྱུར། །གང་ཚེ་བག་མེད་ལ་བརྟེན་ནས། །སྲེད་དང་མྱོས་དང་འཐབ་པ་དང་། །ཡིད་འཁྲུགས་འགྱུར་བ་སྨོས་ཅི་དགོས། །དེ་ནི་བདུད་ཀྱི་ཕོ་ཉ་ཡིན། །དེ་རྣམས་དབང་བསྒྱུར་མི་དགེ་སྤྱོད། །འབྲས་བུས་སྔོན་བཤད་ངན་འགྲོར་ལྟུང་། །དེས་ན་བདུད་ཀྱི་ལྷ་ཞེས་བརྗོད། །དེ་ལྟར་སྣང་བའི་ལོངས་སྤྱོད་ཀྱང་། །རྨི་ལམ་ལྟར་ཤེས་བག་ཡོད་ཀྱང་། །འདོད་ཁམས་དབང་བྱེད་ང་རྒྱལ་དང་། །རློམ་པས་སྒྲིབ་པར་མི་ནུས་པར། །མ་ཆགས་བསམ་གཏན་སྤྱོད་པ་གང་། །འདོད་པའི་ཁམས་ལས་འདས་པས་ན། །བདུད་དབང་མ་གྱུར་ལྷ་ཞེས་བྱ། །དེ་ཕྱིར་བརྟན་ལ་ཞུགས་པ་རྣམས། །སྦྱིན་དང་ཚུལ་ཁྲིམས་དག་པ་ལ། །སྤྱོད་ཅིང་མ་ཆགས་སྤྱོད་པ་དང་། །རང་གི་དོན་ཙམ་མི་སེམས་པར། །བཟོད་དང་བརྩོན་འགྲུས་རབ་ལྡན་པས། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །བསམ་གཏན་གནས་ལ་འདུན་པར་བྱ། །འདིར་ནི་མི་ལོ་སྟོང་དྲུག་བརྒྱ། །ཞག་གཅིག་ཡིན་ཏེ་དེས་བསྒྲེས་

(༡༢༠)པ། །ཁྲི་དང་དྲུག་སྟོང་རང་ལོ་ཐུབ། །མི་ལྟར་རྩིས་ན་བྱེ་བ་ནི། །དགུ་བརྒྱ་ཉི་ཤུ་རྩ་གཅིག་དང་། །ས་ཡ་དྲུག་སྟེ་འདི་དག་རྣམས། །ཀུན་ལ་དུས་མིན་འཆི་བ་ཡོད། །དེ་ལྟར་འདོད་ལྷ་རིགས་དྲུག་གི །ཉིན་མཚན་མེ་ཏོག་བྱེ་ཟུམ་དང་། །གཉིད་དང་བྱ་སྐད་འབྱིན་མི་འབྱིན། །ཡིན་ཏེ་མུན་པ་ཡོད་མ་ཡིན། །ལུས་ཚད་རྒྱང་གྲགས་བཞི་ཆ་ནས། །ཕྱེད་དང་གཉིས་ཀྱི་བར་དུ་ཡིན། །མདོར་ན་འདོད་པས་ཁམས་འདི་ནི། །སྲོག་གཅོད་སྤངས་པས་ཚེ་རིང་ལ། །བཟོད་བྱས་གཟུགས་མཆོག་ཕུན་སུམ་ཚོགས། །མ་བྱིན་ལེན་སྤངས་བདག་ཉིད་ཀྱིས། །ལོངས་སྤྱོད་བསྲུང་བའི་མཆོག་ཡིན་ནོ། །གཞན་གནོད་འདོད་སྦྱོར་རབ་སྤངས་པས། །མཚུངས་མེད་ཁྱིམ་ཐབས་ལྷ་མོ་ལྡན། །བརྫུན་སྤངས་བདེན་པ་ཐོབ་འགྱུར་ཏེ། །ཕྲ་མ་སྤངས་པས་མི་ཕྱེད་འཐོབ། །ངག་འཆལ་སྤངས་པས་ངག་བཙུན་འགྱུར། །ཚིགས་རྩུབས་སྤངས་ན་སྙན་སྨྲ་ལ། །སྲོག་

(༡༢༡)༄༅། །བྱིན་གཞན་གྱིས་འཚེ་བ་མེད། །ནོར་སྦྱིན་ལོངས་སྤྱོད་དུ་མ་འབྱུང་། །སྨན་སྦྱིན་ནད་མེད་ཐོབ་པ་སྟེ། །བཟའ་བཏུང་བྱིན་པས་བཀྲེས་སྐོམ་མེད། །བཞོན་པ་ལྷྭམ་བྱིན་དེ་ཉིད་དང་། །ངལ་བ་མེད་དང་མགྱོགས་པར་འགྱུར། །སིལ་སྙན་བྱིན་པས་སྒྲ་སྙན་ཅིང་། །སྒྲོན་མེ་བྱིན་པས་འོད་འཐོབ་འགྱུར། །རྒྱན་དང་མེ་ཏོག་ཕྲེང་མཛེས་བྱིན། །དེ་ཉིད་དང་ནི་མཛེས་པ་ཐོབ། །གྲུ་ཟམ་གྱིས་ནི་བདེ་བླག་འགྲོ། །ངལ་སྟེགས་བྱས་པས་ངལ་མེད་འགྱུར། །ཁང་པ་བྱིན་པས་རིན་ཆེན་གྱི། །བརྒྱན་པའི་ཁང་བཟངས་ཐོབ་འགྱུར་ཏེ། །སྐྱེད་ཚལ་ས་གཞི་བྱིན་པ་ལས། །ཐམས་ཅད་ས་ཡི་བདག་པོར་འགྱུར། །བྲན་དང་འཁོར་བྱིན་དེ་ཉིད་དང་། །གང་གང་བྱིན་པའི་འབྲས་བུར་ལྡན། །རྒྱལ་དང་དམ་ཆོས་དགེ་འདུན་དང་། །ཕ་མ་ནད་པ་དབུལ་པོ་དང་། །མ་རྙེད་འདོད་པ་རིམ་ཅི་བཞིན། །སྦྱིན་ཞིང་མཆོག་དང་དམ་པ་ཡིན། །དབང་མེད་ཁྱིམ་སོགས་ཆེད་དུ་ནི། །མ་དག་འབྱུང་བ་

(༡༢༢)རྣམས་ལ་ནི། །བསྲེག་དང་ཆུ་སོགས་འབྲས་བཟང་མིན། །དངོས་པོ་ཁྱད་པར་དེ་བཞིན་ཏེ། །སྡིག་དང་མ་འདྲེས་མཆོག་ཏུ་འགྱུར། །དུག་མཚོན་ཆང་སོགས་མ་དག་ཡིན། །འདི་དང་ཕྱི་མ་རང་བཞིན་གྱི། །དོན་སེམས་དམན་དང་འབྲིང་པོ་སྟེ། །མྱ་ངན་འདས་ཐོབ་འདོད་པ་གང་། །བླ་མེད་དེའང་མཆོག་དམན་གཉིས། །མདོར་ན་སྦྱིན་དང་ཚུལ་ཁྲིམས་ཀྱི། །གནས་ལ་བཟོད་བརྩོན་བསོད་ནམས་ཚོགས། །རྒྱུ་འདི་སྤངས་ནས་གཏི་མུག་གིས། །འཕགས་ཏེ་ཆགས་དང་ཞེ་སྡང་བས། །སྡུག་བསྔལ་ཉམས་སུ་མྱོང་བར་བྱེད། །དེ་ཕྱིར་བདེ་བ་འདོད་གང་དག །བསྒྲིམས་ཏེ་རྒྱུ་འབྲས་རྟག་པར་བྱ། །དྲན་པ་ཉེ་བར་བཞག་པའི་དོན་སྣང་བར་བྱེད་པའི་ཚིག་ལེའུར་བྱས་པ་ལས། །འདོད་པའི་ཁམས་ཀྱི་ལྷ་རྣམས་ཀྱི་ལེའུ་དྲུག་པའོ།། །།དེ་ནས་གཟུགས་ཁམས་བཤད་པར་བྱ། །དུག་གསུམ་ཀུན་ལྡང་དྲག་པ་ཡི། །ཆགས་བྲལ་དེ་ལས་གོང་མར་བརྗོད། །དེ་ཡང་རྣམ་གཉིས་

(༡༢༣)༄༅། །འཇིག་རྟེན་དང་། །འཇིག་རྟེན་འདས་འབྲེལ་རྣམ་པ་ཅན། །དེའང་བསམ་གཏན་ཉེར་ལྡོགས་ལ། །བྱུང་བ་གནས་གཞན་བཅུ་གཉིས་ཏེ། །ཚངས་རིས་ཚངས་པ་འདུན་ན་འདོན། །ཚངས་ཆེན་འོད་ཆུང་ཚད་མེད་འོད། །འོད་གསལ་དགེ་ཆུང་ཚད་མེད་དགེ །དགེ་རྒྱལ་སྤྲིན་མེད་བསོད་ནམས་སྐྱེས། །འབྲས་བུས་ཆེ་སྟེ་གཞན་མ་ལྔ་། །མི་ཆེ་མི་གདུང་གྱ་ནོམ་སྣང་། །ཤིན་ཏུ་མཐོང་དང་འོག་མིན་པ། །དེ་རྣམས་འཕགས་པའི་ལྷ་ཡིན་ནོ། །གང་གིས་བསམ་གཏན་དང་པོ་ནི། །སྒོམ་བྱེད་སྦྱིན་དང་ཚུལ་ཁྲིམས་ནི། །སྔར་ལྟས་དག་པ་ལོགས་སྤྱོད་པ། །དེ་ཚེ་འདོད་པའི་བདེ་བ་རྣམས། །ཆགས་ཞན་སྲད་པའི་རྒྱུར་མཐོང་ནས། །དེ་སྤོང་བྱེད་དེ་བསམ་གཏན་ལ། །སྲེད་སྤོང་ལེན་པས་འཚམས་སྦྱར་ཏེ། །ཚང་རིས་ཉིད་སྐྱེ་དེ་བས་ཀྱང་། །མི་ལྕོགས་མེ་བསྒོམ་གཉིས་པ་སྟེ། །དག་པ་བྱམས་དང་འབྲེལ་བསྒོམ་པ། །ཚངས་ཆེན་དུ་སྐྱེ་

(༡༢༤)དེ་དག་ཀྱང་། །ཕལ་པ་བསྒོམ་པ་ཉོན་མོངས་ལྡན། །དོན་རབ་འབྱེད་ལྡན་དེ་གཅོད་པས། །ཁྱད་འཕགས་ཡང་དག་ལམ་དུ་འགྲོ། །དེ་རྣམས་གནས་ནི་བསོད་ནམས་མཐུས། །ཡུལ་དུ་སྣང་བ་ཁྱེད་འཕགས་ཏེ། །སྣ་ཚོགས་རིན་ཆེན་ཞིང་དུ་སྣང་། །མཐོན་དམན་སྡོང་དུམ་ཡོད་མིན་ཏེ། །མཉམ་ཞིང་ཡིད་བཞིན་ལྡན་པ་ཡིན། །ཚངས་པའི་གཞལ་མེད་གྲུབ་པ་གང་། །འདོད་ཁམས་རིན་ཆེན་ཀུན་གྱིས་ཀྱང་། །དེ་ཡི་ཆ་ཤས་རི་བ་མིན། །དེ་ཡི་འོད་ཟེར་ཆ་ཅིག་ཀྱང་། །དབང་བསྒྱུར་འོད་ཀྱང་མོག་མོག་བྱེད། །ཚངས་གནས་སིལ་སྙན་ཅིག་གིས་སྒྲ། །ཐོས་ནས་འདོད་ཁམས་སེམས་ཅན་སྒྲ། །ཟིལ་གནོན་ནུས་བྱེད་འགྱུར་ཞེས་གྲགས། །དེ་སོགས་ཡུལ་གྱི་ལོངས་སྤྱོད་རྣམས། །དཔག་ཏུ་མེད་ཀྱང་འདོད་པ་མེད། །དེ་ན་ཕོ་མོ་མེད་པ་སྟེ། །གནས་འདི་ནས་ནི་འོག་མིན་པར། །གང་ཚེ་སྐྱེས་པ་དེ་ཡི་ཚེ། །ཀུན་རྫོགས་གོས་དང་བཅས་པ་ཉིད། །གཉིད་དང་ཉིན་

(༡༢༥)༄༅། །མཚན་མེད་པ་སྟེ། །བསམ་གཏན་ཟས་མཆོག་དགའ་དང་ལྡན། །རང་རང་རྫུ་འཕྲུལ་ལྡན་པ་སྟེ། །འདོད་ཁམས་སྙིང་རྗེས་གནས་སུ་མཐོང་། །ཚུལ་འདི་རྣམས་ནི་བཅུ་དྲུག་འགྱུར། །གོང་མ་གོང་མ་འཕགས་ཤེས་གྲགས། །དེ་རྣམས་མཆོག་ནི་མི་མཆེད་ཀྱི། །ཚངས་པ་ཆེན་པོ་ཞེས་གྲགས་སྟེ། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །དམ་ཆོས་བསྐུལ་འདི་འཕགས་པ་ཡིན། །གཞན་དག་ལོག་ལྟའི་གཞིར་གྱུར་པ། །བློ་ཉམས་རྣམས་ཀྱིས་སྨྲ་བར་བྱེད། །དེ་ལྟར་བསམ་གཏན་དང་པོ་ལས། །གྲུབ་པ་གསུམ་ཡིན་དེ་ལས་གཞན། །གཉིས་པ་རྟོག་མེད་བསྒོམ་པ་ལས། །འོད་ཆུང་དུ་སྐྱེ་སྔར་བས་ལྷག །དེ་ཉིད་མི་ལྕོགས་མེད་བསྒོམ་པ། །ཚད་མེད་འོད་སྐྱེ་དེ་ལ་གཞན། །ཕུལ་དུ་བྱུང་བའི་འོད་གསལ་ཡིན། །འདི་རྣམས་གནས་ནི་ཚངས་ཆེན་ལས། །གོང་མ་གོང་མའི་ཁྱེད་པར་དུ། །འཕགས་པས་སྣང་ལྡན་ཞི་བ་ཡིན། །ཤིན་ཏུ་

(༡༢༦)དགའ་དང་བདེ་བ་ཡིས། །ལུས་སེམས་ཚིམ་བྱེད་བླ་ན་མེད། །དེ་ནས་དགའ་བདེ་དང་བྲལ་ཞིང་། །དྲན་རིག་གཡོ་བ་རླུང་རྒྱུ་བ། །ཙམ་ལྡན་བསམ་གཏན་གསུམ་པ་ནི། །བསྒོམ་ལས་དགེ་ཆུང་དུ་སྐྱེ་ལ། །བརྟན་བྱས་ཚད་མེད་དགེ་ཡིན་ཏེ། །ཤིན་ཏུ་བརྟན་པའི་དགེ་རྒྱས་ཞེས། །དགེ་བས་གང་བས་འགྲུབ་པར་འགྱུར། །རང་སྣང་འོད་ཀྱི་གཞལ་ཡས་ཁང་། །མཚུང་མེད་རབ་ཏུ་ཞི་བར་སྣང་། །ཞིང་དང་བདེ་བ་ཅི་སྙེད་པ། །འཇིག་རྟེན་དཔེ་བྱར་གང་ཡང་མེད། །འོན་ཀྱང་རང་རང་བསམ་གཏན་མཐུས། །གོང་མ་གོང་མར་རིམ་པར་འཕགས། །གཞན་ཡང་བསམ་གཏན་བཞི་པ་ནི། །གཡོ་མེད་ཞེས་བྱ་དེ་བསྒོམ་པས། །སྤྲིན་མེད་ཞེས་བྱ་དོར་འགྲོ་སྟེ། །དེ་གོམས་བསོད་ནམས་སྐྱེས་བུ་སྐྱེ། །མཐར་ཐུག་གྱུར་པ་འབྲས་བུས་ཆེ། །དེ་རྣམས་རབ་ཏུ་ཞི་བའི་ལྷ། །ཁྱད་པར་འཕགས་པ་བཤད་པ་ཡིན། །དེར་ནི་ཟག་བཅས་མཐུས་བསྐྱེད་ཕྱིར། །རེ་ཞེས་

(༡༢༧)༄༅། །ཉོན་མོངས་ཞིར་སྣང་ཡང་། །འཇིག་རྟེན་སེམས་ཅན་ཀུན་རྟོག་འདི། །རོ་མྱོང་འཛིན་དང་རབ་འབྲེལ་པས། །ཐལ་བས་བཀབ་པས་མེ་བཞིན་དུ། །ཡུན་རིང་ལོན་ཀྱང་ཚུལ་མིན་གྱིས། །ཡིད་བྱེད་ཀྱིས་བསྐྱེད་ལས་ཉོན་མོངས། །ཤིང་དང་འཕྲད་ན་འབར་བར་འགྱུར། །དེ་བས་དོན་རབ་འབྱེད་པ་ཡི། །ཤེས་རབ་ཀྱིས་བཟུང་བསམ་གཏན་ནི། །འཕགས་པས་ལམ་འབྲེལ་བསྒོམ་པར་བྱ། །དེ་གཉིས་ཁྱད་པར་བཤད་བྱ་བ། །སྔ་མ་ཆོས་ཀུན་མ་རྟོགས་ཀྱང་། །སེམས་གནས་ཁྱད་པར་ལས་བྱུང་ངོ། །ཕྱི་མ་ཆོས་ཀུན་རྟེན་འབྲེལ་གྱི། །ཚུལ་ཤེས་སེམས་དང་སེམས་བྱུང་གི །རྣམ་པ་རྒྱུ་དང་འབྲས་མཐོང་སྟེ། །རྟོག་དང་དཔྱོད་པ་གཉེན་པོ་སྟེ། །དེ་ལ་རྩེ་གཅིག་བཙོན་བྱས་པས། །དགའ་བདེ་འབྲས་བུས་རབ་ཏུ་སྐྱེ། །དེ་ནི་བསམ་གཏན་དང་པོ་ཡིན། །རྟོག་དཔྱོད་དང་བྲལ་རྩེ་གཅིག་པར། །ནང་དུ་རབ་ཏུ་དང་བ་ཡི། །དགའ་བདེ་

(༡༢༨)ལྡན་པ་གཉིས་པ་ཡིན། །རྟོག་དཔྱོད་བདེ་སྡུག་དང་བྲལ་ཞིང་། །དྲན་དང་ཤེས་བཞིན་ལྡན་རྩེ་གཅིག །བསམ་གཏན་བཞི་པ་ཞེས་བྱར་བཤད། །རྟོག་དཔྱོད་བདེ་དང་སྡུག་བསྔལ་དང་། །ཡིད་བདེ་མི་བདེ་དབུགས་དབྱུང་རྔུབས། །སྐྱོན་བརྒྱད་མེད་ཅིང་མི་གཡོ་བ། །བཏང་སྙོམས་དྲན་པ་དག་པ་ནི། །བསམ་གཏན་བཞི་པ་ཞེས་བྱའོ། །ཚུལ་འདི་དེ་བཞིན་ཉིད་འབྲེལ་བས། །འཕགས་པའི་བསམ་གཏན་ཞེས་བརྗོད་དོ། །ཉོན་མོངས་ཅན་ལ་དགའ་བདེ་དང་། །རབ་དང་ཤེས་བཞིན་དྲན་པ་དང་། །བཏང་སྙོམས་དྲན་པ་ངག་མེད་དེ། །ཉོན་མོངས་དབེན་པ་མིན་ཕྱིར་དང་། །ཉོན་མོངས་རྙོགས་པས་དང་མིན་དང་། །ཉོན་མོངས་ཅན་བདེ་དྲན་ཤེས་མེད། །དྲན་དག་མིན་ཏེ་དྲིན་བཅས་ཕྱིར། །འདི་དག་ལྡོག་པའི་བསམ་གཏན་ཡིན། །འདི་ཡི་བསམ་གཏན་བཞི་པ་ལས། །འདུ་ཤེས་བཀག་ནས་དེ་རྩམ་གྱིས། །མྱ་ངན་འདས་པར་རྟོག་བྱེད་པར། །འདུ་ཤེས་མེད་པའི་ལྷ་ཞེས་བྱ། །གྲོང་

(༡༢༩)༄༅། །ལས་དགོན་པའི་ཚུལ་སྐྱེས་ཡོད། །དེ་ནི་ཕྱིར་ཞིང་ལོག་ལྟ་ཡིས། །འཚམས་སྦྱར་མནར་མེད་ལྷུང་བྱེད་པས། །མི་ཁོམ་གནས་ཡིན་ཚེ་རང་ལྷ། །དེ་ཕྱིར་ཚུལ་ལྡན་བསམ་གཏན་པ། །ཤེས་རབ་རྣམ་པར་སྦྱང་བར་བྱ། །མི་ཚེ་ལ་སོགས་ལྔ་རྣམས་ནི། །བསམ་གཏན་ཤེས་རབ་དང་འབྲེལ་པས། །ཉོན་མོངས་ཆེ་མིན་དེས་མ་གདུང་། །ཉོན་མོངས་བྲལ་བའི་ཡོན་ཏན་ནི། །གྱ་ནོམ་སྣང་དང་དེ་བཞིན་དུ། །ཤིན་ཏུ་མཐོང་དང་འོག་མིན་འགྲོ། །རྒྱུ་དེས་འཕགས་ཞེས་བྱ་བའི་ལྷ། །དག་པའི་ཞིང་བཞིན་རང་སྣང་ངོ། །དེ་རྣམས་གཙོ་བོ་ལྷ་ཡི་བུ། །དབང་ཕྱུག་ཆེན་པོ་ཞེས་བྱའོ། །དེ་ལྟར་གཟུགས་ཁམས་བཅུ་བདུན་ནི། །སྦྱིན་སོགས་ཀྱིས་སྐྱེད་ལྷ་ཡིན་ཏེ། །ཟག་བཅས་ཟག་པ་བྲལ་བ་ལས། །འདུས་བྱས་མངོན་པར་གྲུབ་པར་བཤད། །དེ་རྣམས་ལུས་ཀྱི་ཚད་བཤད་པ། །ཚང་རིས་དཔག་ཚད་མེད་

(༡༣༠)ཡིན་ཏེ། །གཅིག་དང་གཉིས་དང་ཕྱེད་རིམ་བཞིན། །དེ་ཡི་གོང་མ་འོད་ཆུང་གཉིས། །ཚད་མེད་འོད་དང་འོད་གསལ་ནི། །དཔག་ཚད་བཞི་དང་བརྒྱད་ཡིན་ནོ། །དགེ་ཆུང་ལ་སོགས་སུམ་བཅུ་དྲུག །སོ་གཉིས་རེ་བཞི་རིམ་པ་བཞིན། །སྤྲིན་མེད་བརྒྱ་དང་ཉེར་ལྔའོ། །བསོད་ནམས་སྐྱེས་ནས་འོག་མིན་བར། །ཕྱེད་དང་སུམ་བརྒྱ་ལྔ་བརྒྱ་དང་། །སྟོང་དང་ཉིས་སྟོང་སྟོང་ཕྲག་བཞི། །བརྒྱད་སྟོང་དེ་བཞིན་ཁྲི་དྲུག་སྟོང་། །ཚེ་ཚད་ཚངས་རིགས་སྐལ་ཆུང་ནི། །ཉི་ཤུ་དེ་བཞིན་བཞི་བཅུ་སྟེ། །ཚངས་ཆེན་ལྔ་བཅུ་ང་བརྒྱད་འདོད། །འོད་ཆུང་ནས་བཟུང་སྐལ་ཆེན་གཉིས། །གཞན་ནི་དཔག་ཚད་གྲངས་དང་མཉམ། །ལྷ་གནས་རྣམས་ཀྱི་ཐ་གྲུའི་ཚད། །གླིང་བཞི་དེ་བཞིན་སྤྱི་ཕུད་དང་། །སྟོང་གཉིས་གསུམ་པ་རིམ་ཅི་བཞིན། །འདོད་གཟུགས་གཙང་མ་མན་ཅད་ཡི། །དེ་ལྟར་གནས་དང་གཞན་སྣང་བ།

(༡༣༡)༄༅། །ལུས་ཅན་བསམ་པ་ཇི་ལྟ་བཞིན། །དྲན་པ་ཉེ་བར་བཞག་པའི་དོན་སྣང་བར་བྱེད་པའི་ཚིག་ལེའུར་བྱས་པ་ལས་གཟུགས་ཁམས་ཀྱི་ལེའུ་སྟེ་བདུན་པའོ། །དེ་ལས་གཞན་པ་གཟུགས་མེད་ནི། །རྒྱུ་དང་སོ་སོའི་ཚེ་ཚད་རྣམས། །རིམ་བཞིན་གསལ་བར་བཤད་པར་བྱ། །གང་ཞིག་སྐྱེ་འཕགས་གང་ཡིན་ཀྱང་། །བསམ་གཏན་བཞི་པ་བརྟེན་ནས།།། །གཟུགས་ནི་རག་བཅས་མ་ཞི་བར། །མཐོང་ན་གཟུགས་ཀྱི་འདུ་ཤེས་དེ། །དགག་ཕྱིར་མཁའ་ལྟར་དམིགས་པ་གང་། །ནམ་མཁའ་མཐའ་ཡས་ཞེས་བྱ་སྟེ། །རྣམ་པར་ཤེས་དང་འདུ་བྱེད་དང་། །ཁྱད་པར་ལ་བརྟེན་དེ་འཐོབ་བོ། །དང་པོ་གཟུགས་སྒྲ་རེག་བྱ་ཆོས། །ཉེར་ལྡོག་ཡིན་ཏེ་གཞན་མ་གསུམ། །ཆོས་ལ་དམིགས་པ་ཁོ་ནས་སྐྱེད། །རྣམ་ཤེས་མཐའ་ཡས་ཉིད་བསྒོམ་ན། །གོང་མ་ལས་ཀྱང་ཞི་བར་འདོད། །རྣམ་ཤེས་ཉིད་ཀྱང་རག་མཐོང་བས། །རྟོག་དེ་བཤིག་པ་ཅི་

(༡༣༢)ཡང་མེད། །ཡུལ་ལ་མཚན་མར་འཛིན་པ་ཡི། །ཅི་ཡང་མེད་རྟོག་ཡིན་མཐོང་ནས། །དེ་བཤིག་ཡོད་མིན་མེད་མིན་ཏེ། །བརྟན་པའི་རྣམ་པར་ཤེས་པ་ལ། །ཉོན་མོངས་ཅན་ཡིད་གནས་པ་ཉིད། །གང་གང་གོམ་པ་ལ་བརྟེན་ནས། །གང་དུ་ཤི་བ་དེ་དེར་ཐོབ། །ངོ་བོ་རྣམ་ཤེས་དེ་ཉིད་དུ། །ཉེར་དམིགས་ཞི་བའི་ང་རྒྱལ་ཙམ། །དེར་ནི་སྐལ་པ་ཉི་ཁྲི་དང་། །བཞི་ཁྲི་དྲུག་ཁྲི་བརྒྱད་ཁྲི་རྣམས། །ཚེ་ཡི་ཚད་དེ་འདི་དག་ནི། །འདོད་གཟུགས་འདས་པས་བཞི་ཡིན་ཀྱང་། །ཤེས་རབ་བྲལ་ན་འོག་ཏུ་ལྷུང་། །དེ་བས་མཁས་པ་བསམ་གཏན་པ། །ཁམས་གསུམ་ལ་སྲེད་སུ་ཞིག་བྱེད། །ཐེག་མཆོག་ཞུགས་པའི་སྙིང་རྗེ་ཅན། །འདི་དག་ཏིང་འཛིན་ཐོབ་ནས་ཀྱང་། །རོ་མྱོང་མ་ཡིན་དེར་མི་སྐྱེ། །འདོད་དང་གཟུགས་ཀྱི་ཆགས་བྲལ་ཀྱང་། །བསམ་བཞིན་གཞན་ལ་ཕན་པར་བྱེད། །གང་གིས་སེམས་ཀྱི་དྲི་མ་དང་། །འདུ་བྱེད་ལས་དང་ཉོན་མོངས་རྣམས།

(༡༣༣)༄༅། །མ་རྟོག་དགེ་དང་མི་དགེ་བ། །ཐོག་མེད་དུས་ནས་རྗེས་ཞུགས་པས། །ཟོ་ཆུ་བཞིན་དུ་ཁམས་གསུམ་འཁོར། །དེ་མཐོང་ཁམས་གསུམ་སྲེད་དེ་ལ། །མ་ཞེན་ཞེན་པར་འགྱུར་རྣམ་ལ། །ཚད་མེད་རྣམས་བཞི་བསྐྱེད་པར་བྱེད། །དྲན་པ་ཉེ་བར་བཞག་པའི་དོན་སྣང་བར་བྱེད་པའི། །ཚིག་ལེའུར་བྱས་པ་ལས་གཟུགས་མེད་པའི་ཁམས་ཀྱི་ལེའུ་སྟེ་བརྒྱད་པའོ། །དེ་ལྟར་ཁམས་གསུམ་སེམས་ཅན་གྱི། །ཡུལ་དུ་སྣང་བའི་རྣམ་ཤེས་ལས། །ཐུན་མོང་ཐུན་མོང་མ་ཡིན་པའི། །གནས་སུ་སྣང་བ་བཤད་པར་བྱ། །འོག་ཏུ་རླུང་གི་དཀྱིལ་འཁོར་ནི། །རྔམས་སུ་ས་ཡ་དྲུག་འབུམ་སྟེ། །བརྒྱར་ནི་གྲངས་སུ་མ་བརྗོད་པ། །བརྟན་པར་ཆགས་ཤིང་དེའི་སྟེང་། །ཆུ་རྔམས་འབུམ་ཕྲག་བཅུ་གཅིག་དང་། །སྟོང་ཕྲག་ཉི་ཤུ་དེ་ལས་ཕྱིས། །འབུམ་ཕྲག་བརྒྱད་དེ་ལྷག་མ་ནི། །སུམ་འབུམ་ཉི་ཁྲི་གསེར་ཡིན་ནོ། །ཐད་ཀར་འབུམ་ཕྲག་བཅུ་གཉིས་དང་། །སུམ་སྟོང་ཕྱེད་དང་ལྔ་བརྒྱའོ།

(༡༣༤)ཁོར་ཡུག་ཏུ་ནི་སུམ་འགྱུར་ཡིན། །སྟེང་དུ་ཚངས་གནས་སྤྲིན་ལས་ནི། །ཆར་རྒྱུན་ལས་ཆུ་དེ་ལས་ནི། །རླུང་གིས་བསྲུབ་པས་ཚངས་གནས་ནས། །རི་གླིང་བར་དུ་རིམ་པས་འབྱུང་། །ལྷག་མ་རོལ་མཚོ་བ་ཚྭ་ཅན། །ནང་གི་མཚོར་གྱུར་དེ་རྣམས་ཀྱང་། །གླིང་རྣམས་རྔམས་སུ་བརྒྱད་ཁྲི་དང་། །བཞི་སྟོང་ལྷུན་པོ་ཉིས་འགྱུར་རོ། །ས་ནས་རི་བདུན་འཁོར་ཡུག་བཅས། །ལྷུན་པོ་ནས་ནི་རིམ་པ་བཞིན། །ཕྱེད་ཕྱེད་ཀྱིས་དམའ་རྔམས་ཀྱང་མཉམ། །རོལ་མཚོ་ནས་ནི་བརྒྱད་ཁྲིའི་ཞིང་། །གཞན་རྣམས་ཕྱེད་ཕྱེད་ཀྱིས་ཕྲིའོ། །བ་ཚའི་རྒྱ་མཚོ་འཁོར་ཡུག་བར། །སུམ་འབུམ་ཉི་ཁྲི་ཉིས་སྟོང་ཡིན། །འཛམ་གླིང་ངོས་གསུམ་ཉིས་སྟོང་སྟེ། །ཅིག་་ལ་དཔག་ཚད་ཕྱེད་དང་བཞི། །ལུས་འཕགས་སུམ་བརྒྱ་ལྔ་བཅུ་སྟེ། །ནུབ་ཕྱོགས་སྟོང་ཕྲག་ཕྱེད་དང་བརྒྱད། །སྒྲ་མི་སྙན་ནི་སྟོང་ཕྲ་ག་བརྒྱད། །ཟུར་གསུམ་ཟླ་གམ་ཟླུམ་པོ་དང་། །གྲུ་བཞིའི་དབྱིབས་སུ་གནས་པ་

(༡༣༥)༄༅། །ཡིན། །དེ་ལྟར་སྐལ་ཆུང་ཅིག་ཏུ་ཆགས། །འཛམ་གླིང་མ་དྲོས་མཚོའི་འོག །དཔག་ཚད་སྟོང་ཕྲག་ཉི་ཤུ་ན། །མནར་མེད་དེ་སྟེང་དམྱལ་བ་བདུན། །གནས་ཞེས་འདིར་་བཤད་གཞན་དག་ནས། །རླུང་ནས་གསེར་གྱི་བར་དུ་བཞེད། །གཞན་ནི་སྔར་བཤད་རིམ་པ་ལྟར། །རང་རང་རྟོགས་པའི་དབང་གི་བྱུང་། །ལྷུན་པོ་རིན་ཆེན་བཞི་རང་བཞིན། །རི་བདུན་གསེར་ཡིན་འཁོར་ཡུག་ལྕགས། །གླིང་བཞི་ཕྲན་བཅས་པ་ཡིན་ཏེ། །སྣ་ཚོགས་བསྟན་པ་ལྟར་སྣང་དང་། །དེ་བརྟེན་བརྟན་མིན་མེ་དང་རླུང་། །ཆར་སྤྲིན་རྩ་ཤིང་མེ་ཏོག་སོགས། །སྣ་ཚོགས་འབྱུང་བ་རྣམ་བཞི་དང་། །དུས་ཀྱི་རྐྱེན་སྣང་ནམ་མཁའ་ཡིས། །གོ་ཕྱེ་སྐྱེ་འགག་ལྟར་སྣང་བ། །ས་ཆུ་འཕེལ་བྱེད་རླུང་གིས་བསྒྲུབས། །མེས་ནི་སྨིན་བྱས་རྡུལ་ཕྲན་ཚུལ། །ཁ་དོག་དབྱིབས་སུ་སྣང་བ་ཡང་། །དཀར་པོ་ཆུ་ལ་དམར་པོ་མེ། །སེར་པོ་ས་ལ་སྔོ་བ་རླུང་། །ཀུན་

(༡༣༦)།འདུས་ཡེ་ཤེས་རང་བཞིན་ཅན།།། །ཟླུམ་པོ་ཟུར་གསུམ་གྲུ་བཞི་དང་། །ཟླ་ཕྱེད་ཐམས་ཅད་མཐུན་པར་སྣང་། །རྩོལ་བཅས་རྩོལ་བ་མེད་སྣང་བ། །མིང་དབང་སྤྱོད་ཡུལ་གྱུར་པ་རྣམས། །དེ་བཞིན་སྒྲ་ཡི་ཁྱད་པར་ཡང་། །འཇམ་དང་གྲག་པོ་བརྟན་དགྲ་དང་། །གཡོ་ཞིང་འུར་བཅས་ཁམས་བཞི་སྟེ། །གསལ་དགའ་བྱེད་པ་ནམ་མཁའ་དངོས། །དྲི་དང་རོ་རྣམས་རིམ་ཅི་བཞིན། །ས་ཆུ་མེ་རླུང་སྟོང་པ་ལ། །ལས་ཚ་མངར་དང་ཚ་ཁ་སྐ། །སྐྱུར་བ་མཁའ་སྟེ་ཡེ་ཤེས་བརྗོད། །རེག་བྱ་སྲ་འཇམ་རྩུབ་དང་སྤང་། །ཁམས་བཞི་གསལ་བྱེད་མཁའ་རང་བཞིན། །མཐུན་སྣང་ཐུན་མོང་རིག་བྱེད་བཟང་། །ཆུ་ལ་ལྷ་རྣམས་བདུད་རྩི་དང་། །ཡི་དྭགས་ཁྲག་དང་དམྱལ་བ་རྣམས། །ཟངས་ཞུན་རྩོགས་སྣང་དེས་མཐུན་སོགས། །རྨི་ལམ་ཡུལ་བཞིན་ཐ་དད་དུ། །ཐུན་མོངས་མ་ཡིན་རིགས་བྱེད་འདོད། །མདོར་ན་ཡུལ་དུ་སྣང་བ་ཡི། །རིག་པ་ལས་ནི་གཞན་མ་ཡིན། །དེ་བཞིན་མིང་

(༡༣༧)༄༅། །བཞི་ལ་བརྟེན་ནས། །རབ་ཏུ་བྱེད་པར་བཤད་པ་བཞིན། །དེ་དག་སྐལ་ཆུང་ཉི་ཤུ་བར། །ཆགས་པར་སྣང་ཞིང་གང་གི་ཚེ། །མནར་མེད་གྲུབ་ནས་གནས་པ་སྟེ། །མི་ཚེ་དཔག་མེད་དུས་ནས་ནི། །ཚེ་ལོ་བཅུའི་མཐར་ཐུག་བར། །ཡ་ཐོག་ཞེས་བྱ་དེ་ནས་ནི། །བརྒྱད་ཁྲིའི་བར་དུ་འཕེལ་འགྲིབ་པ། །བར་དུ་བསྐལ་པ་བཅོ་བརྒྱད་དང་། །མཐར་ནི་འཕེལ་ནས་མ་ཐོག་ཅིག །དེ་རྣམས་ཉི་ཤུར་གནས་པ་སྟེ། །བརྒྱད་བརྒྱར་འཕེལ་དང་འགྲིབ་ཅེས་གྲགས། །ཡང་ནི་བཅུ་རྣམས་རིམ་པར་ལྟར། །འཇིག་རྟེན་དམྱལ་ནས་རིམ་པ་བཞིན། །གང་དུ་འཕོ་དང་འཇིག་རྟེན་གཞན། །འཕོ་བྱེད་མི་དང་ལྷ་རྣམས་ནི། །བསམ་གཏན་རང་མཚན་ཉིད་བརྟན་ནས། །སེམས་ཅན་མེད་ནས་ཅུང་ཟད་དེ། །དེ་ནས་ཉི་མ་རབ་ཚ་བས། །རྩ་ཤིང་འབབ་ཆུ་ཆུ་བོ་བཞི། །མ་དྲོས་རྒྱ་མཚོ་བ་ཚ་ཅན། །ལྷུན་པོ་རི་རབ་བདུན་པོ་ཡིས། །འབར་བྱས་ཚངས་

(༡༣༨)གནས་བར་དུ་སྲེག །དེ་ལྟར་མེད་ཡིས་བསྲེག་པ་ནས། །སྐལ་ཆུང་ཅིག་སྟེ་ཉི་ཤུར་འཇིག །ཞིག་ནས་སྟོང་པར་དེ་སྙེད་འདུག །དེ་ནི་སྐལ་པ་ཆེན་པོར་ཡིན། །མེ་ཡི་བདུན་སྟེ་ཆུ་ཡིས་ཅིག །དེ་ལྟར་ཆུ་བདུན་ཐལ་ནས་ཀྱང་། །མཇུག་ཏུ་སླུང་གིས་འཇིགས་པ་སྟེ། །བསམ་གཏན་གཉིས་དང་གསུམ་པའི་བར། །རྟོག་དཔྱོད་དགའ་བདེ་རླུང་རྒྱུ་བས། །རྐྱེན་དང་མཐུན་ཕྱིར་རིམ་ཅི་བཞིན། །གཞན་ནས་སེམས་ཅན་སྐྱོབ་བྱེད་དང་། །དྲང་ཕྱིར་རྒྱལ་སྲས་མཐུ་རུ་བཞེད། །དེ་བཞིན་བསམ་གཏན་བཞི་པ་ནས། །གཡོ་བ་མེད་ཀྱང་སེམས་ཅན་དེ། །འབྱུང་དང་འཇིག་བཞིན་ཞིང་ཡང་སྣང་། །དེ་བཞིན་ཞིང་འདིར་འདོད་ཁམས་སུ། །སྐྱེ་དང་འགག་པར་ཅིག་མེད་ཀྱང་། །ཞེས་པའི་དབང་གིས་དེ་ལྟར་གསུངས། །དོན་ལ་ཕྱི་རོལ་དོན་བདེན་པ། །རྡུལ་ཕྲན་ཙན་ཡང་ཡོད་པ་མིན། །སེམས་ཅན་ཀྱི་རྣམ་པར་འཕྲུལ་པའི་ཕྱིར། །སྟོང་གསུམ་ཐུན་མོང་རྒྱལ་བའི་ཞིང་། །དེ་འདྲ་

(༡༣༩)༄༅། །དཔག་མེད་མཁའ་ཁྱབ་པར། །ཆགས་འཇིག་བཀོད་པ་དུ་མ་རྣམས། །དག་དང་མ་དག་སྣང་བ་ལས། །ཞིང་ཁམས་དཔག་ཏུ་མེད་པ་ཡིན། །དག་པ་རྒྱལ་བའི་མཛད་སྤྲུལ་པ། །དོན་བཅས་འཛིན་པ་གནས་གྱུར་བས། །ཅི་ལྟར་འདོད་བཞིན་ལོངས་སྤྱོད་དག །བསྟན་ཕྱིར་ཞིང་ནི་དག་པ་ལ། །དབང་འབྱོར་དེ་ཡང་དག་པ་ཡི། །སེམས་ཅན་མཐུན་སྣང་འཇུག་བྱེད་ཡིན། །དཔལ་ལྡན་ཐུགས་རྗེ་ཆེ་ལྡན་ཐུབ་པའི་དབང་པོ་ཡིས། །སེམས་ཅན་མ་རིག་མུན་ཐོམས་ཡེ་ཤེས་མིག་བྲལ་བ། །ཡང་དག་ལམ་ལ་བཀྲི་ཕྱིར་ཆོས་ཀྱི་སྒྲོན་མེ་བསྟན། །སྐལ་ཉམས་དབང་གི་འཛིན་པའི་བརྩོན་འགྲུས་ཉམས་པ་རྣམས། །བཀྲི་ཕྱིར་རྒྱལ་སྲས་ཐུགས་རྗེ་ཆེ་དང་ལྡན་རྣམས་ཀྱིས། །ཡང་ནས་ཡང་བསྡུས་བློ་གྲོས་རྨད་བྱུང་བདག་ཉིད་ཆེ། །ཐོགས་མེད་དང་ནི་དབྱིགས་གཉེན་ཞེས་བྱས་ཤེས་བྱ་ཡི། །གནས་རྣམས་ལེགས་བསྡུས་འབད་པས་བལྟས་ལ་བརྩོན་པར་

(༡༤༠)གྱིས། །དྲན་པ་ཉེ་བར་བཞག་པའི་དོན་སྣང་བར་བྱེད་པའི་ཚིག་ལེའུར་བྱས་པ་ལས་འཇིག་རྟེན་གྱི་ཁམས་བསྡུས་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་རྣལ་འབྱོར་སྤྱོད་པ་གང་། །ཡུལ་ལ་བདེན་པ་མེད་རིག་ནས། །ནང་དུ་ལུས་ལ་རྟོག་པར་བྱེད། །དེ་ལ་ཁམས་སུམ་སྣ་ཚོགས་ཀྱང་། །ཀུན་རྟོག་ཆགས་དང་གཟུགས་ལྡན་པ། །དེ་མེད་ལས་གསུམ་འདུ་བྱེད་པས། །སྐྱེ་འཆི་ཟོ་ཆུ་ལྟར་འཁོར་བྱེད། །སྐྱེ་གང་དབང་པོ་གསར་ཐོབ་པའོ། །རྒ་བས་ཞུམ་ཞིང་འགྱུར་བྱས་ནས། །ཚེ་དང་སྲོག་དང་དྲོད་འགག་པ། །འཆི་བ་ཞེས་བྱར་ཐ་སྙད་བྱས། །ལས་དང་བསོད་ནམས་ཀུན་ཟད་དང་། །ལས་ཟད་བསོད་ནམས་མ་ཟད་དང་། །བསོད་ནམས་ཟད་ཀྱང་ལས་མ་ཟད། །གཉིས་ཀ་མ་ཟད་འཆི་བའང་ཡོད། །རྒས་ཤིང་འཚེ་རྐྱེན་མེད་པ་དང་། །འཚེ་རྐྱེན་མེད་པས་གཞོན་ཀྱང་འཆི། །ལས་ཀྱི་འཆི་སོགས་རིམ་པ་བཞིན། །དེ་ལྟར་རྟེན་ཅིང་འབྲེལ་འབྱུང་བའི། །འགྲོ་བ་ལྔ་རུ་གང་འཕོ་བ།

(༡༤༡)༄༅། །སྐྱེ་གནས་བཞིས་བསྡུས་དེ་དག་དང་། །བར་དོའི་ཁམས་རྣམས་ཐམས་ཅད་ཀུན། །བྱེད་པོ་མེད་ལ་རང་ཉིད་ཀྱི། །མཚན་ཉིད་འཛིན་བྱེད་ཁམས་དེ་ནི། །མ་བསྒྲིབ་ལུང་དུ་མ་བསྟན་པའོ། །དེ་ལ་སེམས་ཅན་གནས་པ་བདུན། །འདོད་དང་ཚངས་བཅས་ཁ་ཅིག་ནི། །ལུས་དང་འདུ་ཤེས་ཐ་དད་པའོ། །དང་པོའི་ཚངས་རུས་ལྷ་དེ་དག །ཐ་དད་ལུས་ལ་འདུ་ཤེས་ཅིག །ལུས་འདྲ་འདུ་ཤེས་ཐ་དད་པ། །བསམ་གཏན་གཉིས་པའི་ལྷ་རྣམས་ཡིན། །ལུས་འདྲ་འདུ་ཤེས་ཅིག་པ་ཡང་། །བསམ་གཏན་གསུམ་པ་རྣམས་ཡིན་ནོ། །གཟུགས་མེད་གཟུགས་བཅས་དེ་རྣམས་ཡིན། །བསམ་གཏན་བཞི་པ་དང་སྲིད་རྩེ། །འགོག་པར་ལྡན་ནོ་འདི་རྣམས་ནི། །གཟུགས་དང་ཚོར་དང་འདུ་ཤེས་དང་། །འདུ་བྱེད་དུ་འགྲོ་གནས་བཞིར་བཤད། །དེ་ཡང་མུ་བཞིར་ངེས་པ་ཡིན། །དེ་རྣམས་ཡུལ་དུ་སྣང་བ་སྟེ། །རྣམ་ཤེས་དྲུག་ནི་ཡུལ་ཅན་ཡིན། །དེ་ལྟར་སྣང་བ་འཕོ་བ་ན།།། །གང་གང་སྲད་པས་

(༡༤༢)དེས་འགྲོ་སྟེ། །བར་དོ་མངོན་དུ་བྱེད་པ་ཡིན། །དེ་ནི་སྲེད་པ་གར་ལེན་པའི། །གཟུགས་དང་འབྲེལ་པ་སྣང་བ་སྟེ། །དབང་པོ་ཀུན་ཚངས་ཐོག་མེད་ཅིང་། །ལུས་ཀྱི་རྫུ་འཕྲུལ་སྟོབས་དང་ལྡན། །སྣང་དང་སྲེད་པ་འདྲེན་དེ་ཡང་། །དམྱལ་བ་ཕལ་ཆེར་ཚོར་བ་སྟེ། །རོ་དང་དྲིས་ནས་ཡི་དྭགས་དང་། །དུད་འགྲོར་ཕལ་ཆེར་འཁྲིགས་པ་སྟེ། །ཕོ་དང་མོར་གང་རེག་བདེ་ཡིས། །འདོད་ཁམས་མི་དང་ལྷ་ཕལ་ཆེར། །ཀུན་ལ་གཟུགས་དང་འབྲེལ་པ་ནི། །བསམ་གཏན་བདེ་སྲེད་དེ་ནུབ་པ། །གཟུགས་མེད་དུ་འདྲེན་ལྕགས་ཀྱུ་བཞིན། །དཀར་དམར་སེར་དང་སྔོ་བ་དང་། །ནག་པོའི་ཁ་དོག་ལྡན་པ་ནི། །ལྷ་མིན་དུད་འགྲོ་ཡི་དྭགས་དང་། །དམྱལ་བ་རྣམ་ཉིད་རིམ་ཅི་བཞིན། །ཆུ་དང་ཟླ་བ་ལྟ་བུ་སྟེ། །བྱིས་པ་ལོ་ལྔ་ལོན་པ་བཞིན། །དང་ཞིང་རིགས་མཐུན་ལྷ་མི་མིག །རྣམ་དག་མིན་པས་མཐོང་མི་འགྱུར། །ཕལ་ཆེར་ཞག་བདུན་སྲིད་པ་སྟེ། །རིང་བ་བདུན་

(༡༤༣)༄༅། །ཕྲག་བདུན་ཡིན་ལ། །རྐྱེན་ཚོགས་མྱུར་བ་གཟུགས་མེད་དང་། །མནར་མེད་ཤིན་ཏུ་མྱུར་བ་ཡིན། །ལྷར་འགྲོ་སྟེང་དུ་ལྟ་བ་སྟེ། །གཡས་མི་གཡོན་ཕྱོགས་ལྷ་མ་ཡིན། །དུད་འགྲོ་དམན་དང་ཡི་དྭགས་ནི། །ཅུང་ཟད་ཐུར་དུ་གཡས་གཡོན་ལ། །དམྱལ་བ་གང་དེ་ཕྱི་ཚུགས་ལྷུང་། །འདོད་ཁམས་སུ་སྐྱེ་དྲི་ཟ་སྟེ། །གོས་མེད་ངོ་ཚ་མེད་པའི་ཕྱིར། །གཟུགས་དང་འཕགས་རིགས་གོས་བཅས་སྣང་། །དེ་ལྟར་བར་དོའི་སེམས་ཅན་རྣམས། །རིགས་དྲུག་གོང་དུ་སྲེད་འཕགས་པ། །དེ་རིགས་ཡིན་ཁྱད་རྐྱེན་མ་ཚང་། །དེ་ཕྱིར་བར་དོས་སྲད་པར་བརྗོད། །དེ་ནས་རྐྱེན་སྦྱོར་བྱེད་པ་ན། །མངལ་དང་སྒོ་ང་ལས་སྐྱེས་པ། །ཕལ་ཆེར་ཕ་མས་སྦྱོར་མཐོང་ནས། །ཆགས་དང་ཁོང་ཁྲོ་བསྐྱེད་ཅིང་འཇུག །མི་དང་རྟ་དང་ཁྱུ་མཆོག་དང་། །ཚལ་བཅས་གླིང་བཞི་མིའི་སྣང་བ། །འདོད་ཁམས་ལྷ་རྣམས་དེ་ཉིད་དང་། །དུད་འགྲོ་ཁ་ཅིག་དེ་འདྲར་བཤད། །མཐོང་ནས་

(༡༤༤)དགའ་དང་བཅས་པ་ཡིས། །མྱུར་སོང་སྐྱེ་གནས་སུ་འཇུག་སྟེ། །ཞུག་པ་དེ་ཚེ་སྣང་བ་ཡང་། །བསོད་ནམས་ལྡན་ལ་གཞལ་ཡས་དང་། །དམན་ལ་དམན་པའི་སྣང་བ་འབྱུང་། །དུད་འགྲོ་ཡི་དྭགས་དྲོད་གཤེར་སྐྱེས། །ཕལ་ཆེར་དྲི་དང་རོ་ལ་ཆགས། །དེར་ཞེན་སྐྱེ་བ་འགྲུབ་པ་ཡིན། །དེ་ཡང་ཆར་རླུང་ཚ་གྲང་གིས། །འདས་ནས་ཚང་ཚིང་ལ་སོགས་སུ། །སྐྱབས་སོ་ལ་སྣང་བ་འབྱུང་བར་གསུངས། །ལྷ་དང་དམྱལ་སོགས་རྫུས་སྐྱེས་དང་། །གནས་འདོད་ཡུལ་ལ་ཆགས་པ་ཡིན། །དེ་ཡང་དམྱལ་བ་མི་འདོད་ཀྱང་། །བར་དོ་ཚ་གྲང་གིས་ཉེན་དང་། །གཤེད་པོས་འཚེ་བའི་སྣང་བ་འབྱུང་། །སྔར་གོམས་ཤ་ཁྲག་ལ་སོགས་མཐོང་། །ཆགས་སྣང་མཚམས་སྦྱར་སྐྱེ་བ་འགྲུབ། །འཇུག་དང་གནས་དང་སྐྱེ་བ་ན། །ཕལ་ཆེར་མི་ཤེས་བཞིན་དུ་ཡིན། །འཁོར་བསྒྱུར་སྦྱངས་ལྡན་ཚོགས་གཉིས་རྫོགས། །འཇུག་གནས་སྐྱེ་བཅས་རིམ་པ་བཞིན། །དང་པོ་བར་མཐའ་ཤེས་

(༡༤༥)༄༅། །བཞིན་དྲན། །བརྫུས་སྐྱེས་དྲན་ལྡན་ཕལ་ཆེར་ཡིན། །སྲོག་འགག་པ་ནས་རིགས་དྲུག་གི །ཉིང་མཚམས་མ་སྦྱར་དེ་བར་དོ། །དེ་ནས་སྐྱེ་བར་འགྲུབ་པ་སྟེ། །མ་རིག་དབང་གི་འདུ་བྱེད་ནས། །རྣམ་ཤེས་དེ་ལྟར་འཚམས་སྦྱོར་ཞིང་། །དེ་ལས་མིང་གཟུགས་སྐྱེ་མཆེད་དྲུག །རེག་དང་ཚོར་བ་སྲད་ལེན་དང་། །སྲིད་པ་འགྲུབ་བྱེད་མངལ་དུ་བརྒྱད། །སྐྱེ་དང་རྒས་དང་འཆི་བ་ཡིས། །ཡང་ནི་མ་རིག་རྫོགས་བྱེད་དེ། །དེ་ལྟར་ཁམས་སུམ་བར་དོར་བཅས། །རྟོགས་ནས་རྒྱུ་འབྲས་ཡིད་ཆེས་ཤིང་། །རྟེན་ཅིང་འབྲེལ་པ་འབྱུང་མཐོང་ནས། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ཡང་དག་ཤེས་རབ་ཀྱིས་རྟོགས་བྱས། །བདག་ལྟ་རིང་དུ་སྤངས་གྱུར་ཏེ། །སྡུག་བསྔལ་ཀུན་འབྱུང་ཚུལ་ཤེས་པས། །དེ་འོག་ཞི་བ་བདེ་རིག་ནས། །བྱང་ཆུབ་ཕྱོགས་ལྡན་ལམ་རྣམས་ལྡན། །མངོན་བྱེད་བསྒྲུབ་ལ་བརྩོན་པར་འགྱུར།

(༡༤༦)།སྦྱིན་དང་ཚུལ་ཁྲིམས་རབ་སྦྱར་ནས། །ལུས་སེམས་ཚོར་ལ་བཟོད་བྱེད་ཅིང་། །འཁོར་བདེ་བརྩོན་པས་གྲོགས་བྱས་ནས། །བསམ་གཏན་གྱི་ནི་མ་ཞི་བའི། །སྡུག་བསྔལ་བཅོམ་ཞིང་དང་སེམས་ལ། །དབང་ཐོབ་ཆོས་ཀུན་རྣམས་འབྱེད་ཀྱི། །ཤེས་རབ་ཀྱིས་ཟིན་རང་གཞན་ནོ། །འགྲུབ་བྱེད་སྙིང་རྗེ་ཆེན་པོ་ཡིས། །ཀྱེ་མ་ཁམས་གསུམ་སེམས་ཅན་རྣམས། །ང་མེད་ང་རུ་རྟོག་པ་དང་། །གཞན་མེད་ཡུལ་དུ་འཛིན་པ་དང་། །ཡང་དག་མ་ཡིན་ཀུན་རྟོག་ལས། །བྱུང་བ་རྟོགས་པར་མ་གྱུར་ཏོ། །བདག་གིས་འདི་ཀུན་དོན་བྱེད་ཞེས། །བྱང་ཆུབ་སྤྱོད་ལ་འཇུག་པར་བྱ། །ཐབས་མཁས་སྨོན་ལམ་ལྡན་པ་ཡིས། །སྲིད་ཞི་མཉམ་པ་ཉིད་སྦྱངས་ནས། །སྟོབས་བཅུ་མཐར་ཕྱིན་ཡེ་ཤེས་ཀྱིས། །ཇི་ལྟ་

(༡༤༧)༄༅། །ཇི་སྙེད་ཐམས་ཅད་ཀྱང་། །དྲི་བཅས་དྲི་མ་མེད་པའི་དོན། །ཆོས་དབྱིངས་ཤིན་ཏུ་དྲི་མེད་དང་། །དེའི་རྒྱུ་མཐུན་ཟབས་པ་རྣམས། །རང་གི་སེམས་ལས་བྱུང་རྟོགས་ཏེ། །རྣམ་པ་ཐམས་ཅད་མཁྱེན་པ་ཡི། །གོ་འཕང་བླ་ན་མེད་ཐོབ་བྱ། །དྲན་པ་ཉེ་བར་བཞག་པའི་དོན་སྣང་བར་བྱེད་པའི་ཚིག་ལེའུར་བྱས་པ་ལས། །ནང་གི་ལུས་དང་ལམ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དཔལ་ལྡན་ཐུགས་རྗེའི་མངའ་བདག་ཐུབ་པའི་ས། །རྒྱལ་སྲས་གཞན་པས་ལྷག་པའི་ཐུགས་བསྐྱེད་ནས། །སྙིགས་དུ་ཉོན་མོངས་ལས་ཀྱིས་ཀྲུགས་རྣམས་ལ། །བླ་མེད་རྒྱལ་བའི་བསྐུར་བསྟན་ཐེག་པའི་ཚུལ། །དུ་མས་གསུངས་ཤིང་འཇིགས་ཚོགས་ལྟ་བ་དང་། །བདག་འཛིན་གཞོམ་

(༡༤༨)དང་ཡེ་ཤེས་སྣང་བ་བསྟན། །རྣམས་གྲོལ་ལམ་གྱིས་རིམ་པ་གསལ་མཛད་པ། །ཐུགས་རྗེ་དཔག་མེད་ཁྱེད་ནི་རྨད་་དུ་བྱུང་། །འོན་ཀྱང་རྒྱས་སྲས་རྣམས་ཀྱང་གཞན་དུ་གཤེགས། །སྐྱེ་བོ་ཡང་དག་ལམ་ལ་དད་པ་ཉུང་། །རྒྱུ་འབྲས་ཐོས་ཀྱང་ཁྱོད་དུ་གསོད་པ་མང་། །ཀྱེ་མ་དེང་སང་སྐྱེ་བོ་སྐལ་པ་དམན། །འདི་བསྡུས་འབད་པ་དོན་མེད་མི་འགྱུར་གྲངས། །འོན་ཀྱང་ཆོས་ལ་ངེས་ཤེས་རྒྱལ་ལ་དད། །ལས་འབྲས་སེམས་ཤིང་ཤེས་པར་འདོད་རྣམས་ལ། །ཚུལ་འདི་བློ་གྲོས་སྣང་བ་བྱེད་གྱུར་ཅིག །དགེ་བས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱང་། །ཡང་དག་ཡེ་ཤེས་ཤེས་རབ་སྐྱེ་བར་ཤོག །དྲན་པ་ཉེ་བར་བཞག་པའི་མདོ་ཆེན་པོ་ལས་སྔོན་གྱི་ལོ་པན་རྣམས་ཀྱིས་སུམ་བཅུ་རྩ་གསུམ་

(༡༤༩)༄༅། །གནས་བར་དུ་བསྒྱུར། །དུས་ཕྱིས་པ་ཚབ་ལོ་རྩ་བས་མཐའ་བྲལ་བསྒྱུར་ཞིང་། །གཞན་རྒྱ་དཔེ་ལ་ཆད་ནས་མི་བཞུགས་ཀྱང་འཕགས་པ་རྣམས་ཀྱིས་བསྡུས་པའི་བསྟན་ཆོས་དང་མདོ་སྡེ་རྣམས་ལ་གུས་པས་རྣམ་དཔྱོད་ལྡན་པར་བསྟས་ཏེ། །རང་བཟོ་མེད་པར་གོ་བདེ་བའི་ངག་ཏུ་རང་བྱུང་རྡོ་རྗེས་བསྡུས་པ་དྲན་པ་ཉེ་བར་བཞག་པའི་ཚིག་ལེའུར་བྱས་པ་ཅི་སྙེད་པ་རྫོགས་སོ།། །།

(༡) ༄༅། །དམ་ཆོས་དྲན་པ་ཉེ་བར་བཞག་པ་བཞུགས།

(༢)༄༅། །དམ་པའི་ཆོས་དྲན་པ་ཉེ་བར་བཞགས་པའི་མདོའི་དོན་སྣང་བར་བྱེད་པའི་ཚིག་ལེའུར་བྱས་པ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་འཕགས་པ་ཉན་ཐོས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཡེ་ཤེས་སྣང་བའི་དཀྱིལ་འཁོར་རབ་རྒྱས་ཤིང་། །ཤེས་བྱའི་གནས་ལུག་གསལ་བའི་འོད་འཕྲོ་བ། །གཏི་མུག་མུན་པའི་ཚང་ཚིགས་རབ་ཏུ་སེལ། །རྒྱལ་དབང་ཉི་མ་དེ་ལ་ཕྱག་འཚལ་ལོ། །བདག་ཏུ་ལྟ་བའི་མུན་པ་རབ་སེལ་ཅིང་། །འཁོར་བའི་འདམ་རྫབ་རབ་ཏུ་སྐེམ་བྱེད་པ། །དམ་ཆོས་དྲན་པ་ཉེར་བཞག་འོད་ཟེར་ནི། །སྤྲོ་བར་བྱ་ཕྱིར་བསྟན་བཅོས

(༣)༄༅། །འདི་བརྩམ་མོ། །ཐམས་ཅད་་མཁྱེན་པ་བཅོམ་ལྡན་འདས། །རྒྱལ་པོའི་ཁབ་ཏུ་བཞུགས་པ་ན། །སེམས་ཅན་རྣམས་ལ་ཕན་བཞེད་པ། །མདོ་འདི་རབ་ཏུ་གསལ་བར་མཛད། །ཁམས་གསུམ་རབ་ཏུ་འཁོར་བ་ཡི། །འགྲོ་འདི་སེམས་ཉིད་མ་རྟོགས་པས། །དོན་དམ་སེམས་ཅན་བདག་རྣམས་རིག །སྣང་བའི་རྣམ་པར་ཤེས་པ་ནི། །ཡང་དག་མ་ཡིན་ཀུན་རྟོགས་ལས། །བྱུང་སྟེ་བཟུང་དང་འཛིན་པ་ནི། །མེད་བཞིན་བདག་དང་གཞན་དུ་འཁྲུལ། །འདི་ནི་སྲིད་པའི་རྩ་བ་ཡིན། །དོན་འདི་གསལ་བར་བྱེད་པ་གང་། །ཆོས་དང་ཆོས་མིན་

(༤)ཚུལ་བཞིན་དུ། །ཐོས་བསམ་བསྒོམ་པའི་ཤེས་རབ་ཀྱིས། །མོས་བྱ་རྟོག་བྱ་མངོན་དུ་བྱ། །དེ་ལ་ཐོག་མར་དྲན་པ་ཡིས། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །རྒྱུ་དང་འབྲས་བུས་རབ་ལྡན་པ། །བརྟག་བྱ་ཟག་བཅས་ཟག་མེད་ཉིད། །འོད་དང་གཟུགས་དང་གཟུགས་མེད་ཉིད། །ཉོན་མོངས་ཟག་པ་རག་པ་དང་། །རག་པ་བཅོམ་དང་བག་ལ་ཉལ། །བསམ་གཏན་བཅས་པ་གོ་རིམ་བཞིན། །ཟག་མེད་འཇིག་རྟེན་འདས་པ་ཡི། །ཐབས་དང་ཤེས་རབ་ཀྱིས་ཟིན་པའོ། །ཐོག་མར་དགེ་དང་མི་དགེ་ཡི། །ཚུལ་ལ་རབ་ཏུ་རྟག་པར་བྱ། །སྲོག་གཅོད་མ་བྱིན་ལེན་པ་དང་། །འདོད་ལོག་ལུས་ཀྱི་ལས་གསུམ་སྟེ། །རྫུན་དང་ཕྲ་མ་ཚིགས་རྩུབ་དང་། །ངག་འཁྱལ་ཞེས་བྱ་ངག་ལས་བཞི། །བརྣབ་སེམས་གནོད་སེམས་ལོག་པར་ལྟ། །ཡིད་ཀྱི་གསུམ་མོ་མི་དགེ་བཅུ། །འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི། །བསྐྱེད་པའི་ལས་ནི་བསྡུས་པ་ཡིན། །རྒྱུ་དང་ངོ་བོ་དབྱེ་བ་དང་། །འབྲས་བུས་རྣམ་པ་བཞིར་ཤེས་བྱ། །རྒྱུ་ནི་ཐོགས་མེད་བག་ཆགས་ཀྱིས།

(༥)༄༅། །འདུ་བྱེད་ལས་རྣམ་བསགས་པ་ཅན། །བདག་དང་གཞན་འཛིན་པ་ཡི། །རྐྱེན་གྱིས་ཉོན་མོངས་བདག་ཉིད་དོ། །སྲོག་གཅོད་པ་ཡི་ངོ་བོ་ནི། །མཚོན་ཆ་དུག་དང་སྔགས་སོགས་ཀྱིས། །སྲོག་གི་དབང་པོ་ཕྲལ་བའོ། །དེ་ཡི་དབྱེ་བ་རྣམ་པ་དགུ། །ཕ་མ་དགྲ་བཅོམ་གསོད་ཆེན་པོ། །ལམ་གནས་གསོད་པ་འབྲིང་པོ་སྟེ། །དུད་འགྲོ་གསོད་སོགས་ཆུང་བ་ཡིན། །བྱས་ཟིན་བྱེས་དང་བྱེས་འགྱུར་གྱི། །དུས་ཀྱི་དབྱེ་བ་རྣམ་པ་གསུམ། །འདོད་ཆགས་ཞེ་སྡང་གཏི་མུག་གི །ཉོན་མོངས་རྐྱེན་བྱས་རྣམ་པ་གསུམ། །ཕན་པར་བྱེད་པའི་སྨན་བྱིན་དང་། །ལམ་ཞུགས་མེ་འབར་ཕན་སེམས་ཀྱིས། །བརྡེག་དང་མི་འདོད་མཚོན་ཏུང་བ། །དེ་དག་རྣམས་ནི་སྡིག་མི་འགྱུར། །མ་བྱིན་ལེན་པའི་ངོ་བོ་ནི། །ཕ་རོལ་བདག་གི་བྱས་པའི་རྫས། །རྐུ་བའི་སེམས་ཀྱི་བླངས་པའོ། །དངོས་དང་ཐབས་ཀྱིས་ལེན་པ་དང་། །མ་མཐོང་ལེན་པ་རྣམ་པ་གསུམ། །གཞན་ནི་སྲོག་གཅོད་སྐབས་

(༦)བཞིན་ནོ། །འདོད་པའི་ལོག་པར་གཡེམ་པ་ནི། །བདག་གམ་གཞན་གྱི་ཆུང་མ་ལ། །གནས་མ་ཡིན་པར་སྤྱོད་པའམ། །ཚུལ་ལྡན་ཕལ་ལ་ཕྱོགས་མཐའ་བཅས། །དབྱེ་བ་རྣམ་པ་གསུམ་དུ་བརྗོད། །ཉོན་མོངས་དབྱེ་བ་ཅི་རིགས་སྦྱར། །རྫུན་ནི་བདག་གཞན་བསླུ་བྱེད་པའི། །ངག་གི་རྣམ་པ།།། །བླ་མའི་རྫུན་དང་ཕལ་པ་དང་། །ཞར་ལ་བརྗོད་པ་གསུམ་དུ་བརྗོད། །ཕྲ་མ་མཐུན་པ་འབྱེད་པའི་ངག །ཕུལ་དང་བསམ་།།།ཡི། །དབྱེ་བ་རྣམ་གསུམ་བདག་ཉིད་ཅན། །ཚིགས་རྩུབ་བདག་གཞན་གདུང་བ་ཡི། །ངག་སྟེ་དབྱེ་བ་སྔ་མ་བཞིན། །འཁྱལ་བའི་ཚིགས་ནི་འབྲལ་མེད་དུ། །བརྗོད་པའོ་ཡུལ་དང་བསམ་སྦྱོར་གྱི། །ཉོན་མོངས་ཅན་ཉོན་མོངས་ཆུང་། །བདུན་པོ་འདི་རྣམས་སྦྱོར་བ་དང་། །དངོས་རྗེས་རྫོགས་པའི་ལྗི་བ་སྟེ། །གཉིས་འབྲིང་གཅིག་ནི་་འབྲས་བུས་ཡང་། །བརྣབ་སེམས་གཞན་གྱི་ཕུན་ཚོགས་ལ། །གདུང་བར་བྱེད་པ་ཆགས་པ་སྐྱེད། །གནོད་སེམས་

(༧)༄༅། །གཞན་ལ་གདུང་བ་ཡི། །བསམ་པ་ཞེ་སྡང་གིས་བསྐྱེད་པ། །བདག་དང་གང་ཟག་ལྟ་བ་དང་། །རྒྱུ་མེད་རྒྱུ་འབྲས་ཁྱེད་གསོད་པ། །ལོག་པར་ལྟ་བ་ཞེས་བརྗོད་དོ། །གཏི་མུག་ལྡན་པ་མ་རིག་པ། །ཆུང་འབྲིང་ཆེན་པོ་དབྱེ་བ་ཡིས། །ཡུལ་དུས་རྣམ་ལ་ཅི་རིགས་སྦྱར། །བྱས་དང་བྱེད་དུ་བཅུག་པ་དང་། །ཡི་རང་དབྱེ་བ་ཀུན་ལ་བརྗོད། །རྣམ་པའི་དབྱེ་བ་དཔག་ཏུ་མེད། །འབྲས་བུས་བྱེད་པ་རྒྱུ་མཐུན་ནི། །གང་གང་བྱ་བ་བྱེད་འདོད་པའོ། །མྱོང་བ་རྒྱུ་མཐུན་རྣམ་སྨིན་གྱི། །འབྲས་བུས་རྒྱ་ཆེར་བཤད་པ་ནི། །རྒྱས་པར་བཤད་པའི་སྐབས་ལས་འབྱུང་། །དབང་འབྲས་ཕྱི་རོལ་ལ་སྣང་སྟེ། །གང་གི་སྟོབས་ཀྱིས་གང་སྐྱེས་པ། །འབྲས་དེ་སྐྱེས་བུའི་བྱེད་ལས་སྐྱེས། །བྲལ་འབྲས་ཞེས་པ་དེ་ཟད་པའོ། །རྒྱུ་རྣམ་སྤྱོད་ཅིང་ཡོངས་རྫོགས་པས། །ངེས་པར་མྱོང་འགྱུར་ལས་ཡིན་ནོ། །སྤྱོད་ཀྱང་དེ་ལ་མི་དགའ་དང་། །མ་རྫོགས་གཉེན་པོས་བཅོམ་པ་གང་། །བྱས་ཀྱང་མྱོང་གྱུར་མིན་ཞེས་བརྗོད། །དངོས་སུ་

(༨)སྤྱོད་པ་མ་ཡིན་ཀྱང་། །འདུན་དང་སྨོན་ཅིང་ཡིད་རང་བར། །བྱེད་པ་མ་བྱས་མྱོང་འགྱུར་ལས། །ཞེས་བྱ་མུན་ནི་རྣམ་པ་བཞི། །མི་དགེ་རྒྱུ་དང་འབྲས་བུར་བཅས། །དེ་ལས་བཟློག་པ་དགེ་བཅུ་སྟེ། །འདུན་དང་རང་བཞིན་སྤྱོད་པ་དང་། །ཡང་དག་བླང་བའི་ཁྱད་པར་གྱི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །བདག་ཉིད་བྱེད་དང་གཞན་འགོག་པའོ། །ཡི་རང་བྱེད་པས་བླ་ན་མེད། །འབྲས་བུས་ཚེ་རིང་ནད་མེད་དང་། །ཕུན་སུམ་ཚོགས་ལ་དབང་བྱེད་དང་། །བུད་མེད་འགྲན་ཟླ་མེད་ཐོབ་ཅིང་། །ཀུན་གྱི་བདེན་པའི་སྔགས་པ་ཐོབ། །མི་བྱེད་པ་ཡི་འཁོར་ཐོབ་ཅིང་། །སྙན་ཅིང་བདེན་པས་ཀུན་ཏུ་སྨྲ། །དོན་དང་ལྡན་པའི་ཚིག་ཐོབ་དང་། །བདག་ཉིད་འབྱོར་ལ་གནོད་གཞན་མེད། །གདུག་ཟླ་མེད་ཅིང་ཀུན་གྱིས་མཆོད། །ཡང་དག་ལྟ་བ་མཆོག་ཐོབ་པ། །སོ་སོས་རྣམ་སྨིན་འབྲས་བུས་ཡིན། །རྒྱུ་མཐུན་ལ་སོགས་སྔར་བཞིན་བརྗོད། །འདོད་པའི་ཕུན་སུམ་ཚོགས་བདེ་བ། །ཆུང་ངུས་ཆུང་ལ་འབྲིང་གིས་འབྲིང་། །ཆེན་པོའི་འཁོར་ལོས་བསྒྱུར་བ་དང་། །

(༩)༄༅། །བརྒྱ་བྱིན་འདོད་པའི་དབང་ཕྱུག་འཐོབ། །རྒྱལ་བ་ཀུན་གྱིས་རབ་བསྔགས་པའི། །ཚུལ་ཁྲིམས་ཟག་མེད་ལྷག་ཅིག་པས། །ཐེག་གསུམ་འབྲས་བུས་འཐོབ་པར་འགྱུར། །དེ་ལྟར་དགེ་དང་མི་དགེ་བ། །འདོད་པའི་ཁམས་ལས་མ་འདས་ཕྱིར། །བློ་ལྡན་འདོད་ལས་ངེས་འབྱུང་ཕྱིར། །མ་ཆགས་སྦྱིན་ལ་བརྩོན་བྱས་ནས། །ཚུལ་ཁྲིམས་བག་བརྟེན་བག་ཡོད་པ། །དབེན་པར་བསམ་གཏན་འཇིག་རྟེན་པ། །འཐོབ་བྱེད་ཐབས་ལ་སེམས་པར་བྱེད། །དེ་ཡང་ཡུལ་དྲུག་སྣང་བ་དང་། །དབང་པོ་དྲུག་དང་རྣམ་ཤེས་ཀྱི། །ཁྱད་པར་རྟོགས་ཅིང་དཔྱོད་པ་ནས། །བདེ་དང་སྡུག་བསྔལ་བཏང་སྙོམས་དང་། །རྟོགས་པ་བཅོ་བརྒྱད་མཐོང་གྱུར་ནས། །ས་གཞན་ལ་ཡང་འཇུག་པར་འགྱུར། །དེ་ནས་ཚོར་བ་ཐམས་ཅད་ཀྱི། །གནས་ལ་མངོན་པར་རྟོགས་པར་བྱེད། །ས་ཆུ་མེ་རླུང་ནམ་མཁའ་དང་། །རྣམ་པར་ཤེས་དང་ཁམ་དྲུག་པོ། །ཕྱི་ནང་ནང་དུ་སྣང་བ་དག །བྱེད་པོ་མེད་ལ་རང་གི་ཡང་། །མཚན་ཉིད་འཛིན་

(༡༠)པར་བྱེད་མཐོང་ནས། །ཀྱེ་མ་འགྲོ་བའི་ཚོར་བ་ནི། །བདེ་ལ་ཆགས་ཤིང་སྡུག་བསྔལ་ལ། །ཞེ་སྡང་བཏང་སྙོམས་མ་རིག་པས། །ཀུན་ཏུ་འཆིང་བར་བྱེད་པར་འགྱུར། །ཡང་ནི་ས་གཞན་རིམ་འཇུག་འགྱུར། །རེག་པའི་རྐྱེན་གྱི་ཚོར་བ་སྟེ། །ཚོར་བ་རྟག་མིན་བདེན་པ་མིན། །བཏང་སྙོམས་ལ་བརྟེན་རྟོག་པ་དག །རབ་ཏུ་སྦྱང་ནས་བསམ་གཏན་དང་། །གཟུགས་མེད་བཞིར་བཅས་རབ་ཏུ་རྟོག །དེ་ཡིས་ཁམས་སུམ་སྲེད་ལེན་དང་། །སྲིད་པ་མངོན་དུ་རྟོགས་པར་བྱེད། །དེ་གནས་སྐྱེ་མཆེད་བཅུ་གཉིས་དང་། །ཕུང་པོ་ལྔ་པོ་སྣང་བ་ཀུན། །འདུ་བྱེད་རྐྱེན་གྱིས་རྣམ་པར་ཤེས། །འདུ་ཤེས་ཚོར་བ་རབ་སྣང་བ། །སྐད་ཅིག་སྐྱེ་འགག་བྱེད་མཐོང་གྱུར། །དེ་ལྟར་མིང་གཟུགས་བཅས་པ་འདི། །མ་རིག་རྐྱེན་གྱིས་འདུ་བྱེད་ཅེས། །ཁམས་གསུམ་ཀུན་ཏུ་མཐོང་གྱུར་ནས། །དེ་ལ་བརྟེན་ནས་འདུས་བྱས་ཀྱིས། །ལས་ཀུན་མངོན་དུ་རྟོགས་འགྱུར་ཏེ། །ཀུན་གཞི་རྐྱེན་གྱི་རྣམ་ཤེས་ཏེ། །ཡིད་ནི་

(༡༡)༄༅། །ཉེ་བར་སྤྱོད་པ་ཅན། །དེ་ལས་ཉེར་སྤྱོད་ཚོར་བ་སྟེ། །ལོངས་སྤྱོད་འདུ་ཤེས་ཉིད་ཡིན་ནོ། །རྣམ་ཤེས་འཇུག་པའི་རྐྱེན་བྱེད་གང་། །འདུ་བྱེད་སེམས་འབྱུང་བཅས་པ་ཡིན། །ཀུན་གཞི་ལ་གནས་མ་རིག་པས། །ཡང་དག་མཐོང་ལ་སྒྲིབ་པར་བྱེད། །འདུ་བྱེད་ལས་ཀྱི་བག་ཆགས་རྣམས། །འཇོམས་བྱེད་དེ་བཞིན་རྣམ་ཤེས་ཀྱི། །ཁམས་གསུམ་སྐྱེ་བའི་གནས་བྱིན་བྱེད། །མིང་གཟུགས་འབྲེལ་པས་ལས་འཛིན་ནོ། །སྐྱེ་མཆེད་དྲུག་གི་རྫོགས་བྱེད་དེ། །གསུམ་བདུས་གཅོད་པ་རེག་པའོ། །ཚོར་བའི་ཉེ་བར་དཔྱོད་བྱེད་པ། །སྲིད་པའི་སྲད་པས་སྡུད་པར་བྱེད། །ལེན་པས་སྐྱེ་བ་སྦྱོར་བ་སྟེ། །མངོན་དུ་ལས་ཀྱི་རྣམ་སྨིན་རྣམས། །ཉེ་བར་བསྒྲུབ་བྱེད་ཤེས་པ་ཡིན། །དེ་ལྟར་ལས་ཆོས་རྣམ་པར་སྨིན། །རྟོག་པའི་རྣལ་འབྱོར་སྤྱོད་པས་ནི། །ཁམ་གསུམ་སེམས་དང་སེམས་འབྱུང་ཀུན། །དཔེར་ན་རི་མོ་མཁན་བཞིན་དུ། །ཁམས་གསུམ་སྣང་བའི་བྲི་གཞི་ལ། །སེམས་

(༡༢)ཉིད་རི་མོ་མཁན་གྱི་ནི། །འདོད་ལ་དམིགས་ཤིང་ཉེར་ལེན་པས། །འདོད་ཁམས་གཟུགས་ནི་ཉེ་ཤུ་བྲི། །གཟུགས་ཁམས་ལ་དམིགས་བསམ་གཏན་བཞིས། །བཅུ་གཉིས་འབྲིའོ་རྣམ་ལྔ་གཞན། །དེ་བྲལ་སྙོམ་འཇུག་བཞི་ཡི་ནི། །སྲེད་པས་གཟུགས་མེད་བསྒྲུབས་པ་ཡིན། །ལུས་སྣང་ཚོན་རྩིའི་སྣོད་བཞིན་ཏེ། །ཡུལ་ནི་ལྔ་པོ་ཚོན་རྩི་བཞིན། །འདུ་བྱེད་རྩོན་འགྲུས་ལག་པ་ཡིས། །དབང་པོ་དྲུག་གི་པིར་བཟུང་སྟེ། །དཀར་པོ་དགེ་བའི་ཚོན་གྱིས་ནི། །ལྷ་གནས་ཕུན་གསུམ་ཚོགས་པ་བྲི། །དམར་པོ་ཆག་བཅས་ལྷ་མི་ཡི། །གཟུགས་བྲི་སེར་བོ་དུད་འགྲོ་སྟེ། །སྔོན་པོ་ཡི་དྭགས་བྲི་བྱེད་ཅིང་། །ནག་པོས་དམྱལ་བའི་གཟུགས་བྲིའོ། །གཞན་ཡང་སེམས་ཉིད་རེ་མོ་མཁན། །མཉེས་པའི་མཐོ་རིས་བྲི་བྱེད་དེ། །མ་མགུས་འཁྲོས་པའི་ངན་སོང་ལ། །བར་མས་འདྲོས་མ་བྲི་བ་ཡིན། །དགེ་དང་མི་དགེ་བདག་གི་ལས། །རང་གི་བྱས་པའི་ལས་ཀུན་གྱི།

(༡༣)༄༅། །འབྲས་བུས་ངེས་པར་མྱོང་འགྱུར་ཏེ། །ལུས་ཅན་རྣམ་དང་འབྲེལ་བ་ཡིན། །ཉོན་མོངས་པ་ནི་དང་པོར་མངར། །རྣམ་པར་སྨིན་པ་ཚ་བ་ཡིན། །དེ་དག་དོན་མེད་བྱེད་པས་ན། །དུག་དང་འདྲ་བ་སྤང་བར་བྱ། །ཉོན་མོངས་དབང་དུ་མི་འགྲོ་ཞིང་། །ཡེ་ཤེས་དབང་དུ་འགྲོ་བྱ་སྟེ། །ཡེ་ཤེས་ལྡན་པ་ཚེ་འདི་དང་། །ཕ་རོལ་དག་ཏུ་བདེ་བ་འཐོབ། །དྲན་པ་ཉེ་བར་བཞག་པའི་ཆོས་དོན་སྣང་བར་བྱེད་པའི་ཚིགས་ལེའུར་བྱས་པ་ལས། །རྒྱུ་འབྲས་ཀྱི་མདོར་བསྟོན་པ་སྟེ་དང་པོའོ།། །།ཁམས་གསུམ་སྲིད་པའི་འཁོར་ལོ་ནི། །རྒྱུ་་ལྔ་དག་ཏུ་རབ་ཏུ་འཁོར། །དེ་ལ་དམྱལ་བ་ཚ་གྲང་དང་། །ཉི་རྩེ་ཞེས་བྱ་རྣམ་པ་གསུམ། །ཚ་བ་ཡང་སོས་ཐིག་ནག་དང་། །བསྡུས་གཞོམ་ངུ་འབོད་ངུ་འབོད་ཆེ། །ཚ་དང་རབ་ཏུ་ཚ་བ་དང་། །མནར་མེད་ཅེས་བྱ་བརྒྱད་དུ་བཤད། །ཀུན་ལ་ལྷག་པའི་འཁོར་བཅུ་དྲུག །མི་དགེ་ཆེན་པོ་སྤྱད་པའི་རྒྱུས། །སྲད་པའི་བསླུས་ནས་རབ་ཏུ་སྐྱེ། །དེ་དག་རྣམ་པར་བཤད་པར་བྱ། །ཡང་སོས་གཙོ་བོར་

(༡༤)སྐྱེ་བའི་རྒྱུ། །སྲོག་གཅོད་ཉིད་དོ་ཚུལ་ལྡན་མི། །གསོད་ཅིང་འགྱོད་པ་མི་བྱེད་ན། །སྡུག་བསྔལ་མ་ལུས་མྱོང་བར་འགྱུར། །མི་གཙང་འདོམ་དང་ལྕགས་ཀྱིས་བསྒྱུར། །སྣོད་གཙོ་གནོད་པ་མ་ཞི་དང་། །མུན་པ་ཀུན་ཏུ་མི་དགའ་བ། །ཚོར་བ་བདེ་དང་ནད་ཐམས་ཅད། །མཚོན་འབབ་གནོད་པ་དྲག་པོ་དང་། །ནེ་ལེ་ནག་འདྲ་གཞན་གྱུར་དང་། །སྡུག་བསྔལ་གྱིས་གནོད་པདྨའི་ཕྲེང་། །མཚེའུ་དང་གནོད་པ་མཐོ་བ་སྟེ། །ཡང་སོས་འཁོར་ནི་བཅུ་དྲུག་ཡིན། །དེ་དག་སོ་སོར་འགྲོ་བའི་རྒྱུ། །བྱ་ཁྲ་བརྒྱ་དང་གདོས་སོགས་ཀྱིས། །སྲོག་ཆགས་གསོད་པར་བྱེད་པ་དང་། །ཉོ་ཚོང་ཕྱིར་ནི་དུ་འགྲོ་གསོད། །ཟས་ཕྱིར་སྲོག་དང་འཚོགས་པ་དང་། །འཆིང་དང་བརྡེག་པ་ལ་སོགས་པ། །གནོད་པ་དུ་མས་གསོད་པར་བྱེད། །རུས་སྦལ་ཕྱུགས་དག་མུན་པར་འཇུག །རྔ་སྒྲ་སོགས་བསྒྲགས་གསོད་པ་དང་། །གནོད་པ་ཚོར་བ་དུ་མ་བྱེད། །དུག་སྦྱིན་ཤན་པ་བྱེད་པ་དང་། །དམག་དཔོན་བྱེད་དང་གཞན་གནོད་བྱེད། །ཐབས་ཀྱིས་གསོད་དང་སྔགས་

(༡༥)༄༅། །ཀྱིས་གསོད། །མཚོན་ཆའི་འཁྲུལ་འཁོར་དེ་བཞིན་དུ། །གསོད་པར་བྱེད་པ་བསྒྲུབ་པའོ། །ཡང་སོས་གནས་ནི་ལྕགས་ཀྱི་ར་བ་དུ་མ་དང་། །མཚོན་ཆའི་ནག་ཚལ་རོ་ཉེ་མི་གཙང་འབབ་ཆུ་ལྡན། །དེར་སྐྱེས་ཕན་ཚུན་གསོད་པའི་སེམས་དང་རབ་ལྡན་པའི། །གཏུབ་གཤེག་མི་བཟད་སྡུག་བསྔལ་མྱོང་ནས་ཡང་སོས་འགྱུར། །མི་གསལ་འདམ་དུ་སྲིན་བུས་ཟ་ཞིང་གཤེད་པོས་གསོད། ལྕགས་ཀྱི་ར་བར་མཚོན་ཆའི་ཆར་གྱིས་རབ་ཏུ་གཏུབས། ལྕགས་ཀྱི་རྔ་ཆེན་མེ་འབར་ནང་དུ་འཚོད་པར་བྱེད། །ལ་ལ་གནོད་པ་དུ་མས་གཙེ་ཞིང་གཞན་དག་ནི། །མུན་ནག་ནང་དུ་མེ་འབར་རི་ཡི་ཀུན་ཏུ་བཙིར། །རབ་འཇིགས་སྒྲ་སྒྲོགས་སེམས་ཅན་ཀུན་གྱི་ཟ་བར་བྱེད། །བ་ཚ་མེད་དང་མཚོན་གྱི་ཚོར་བ་དུ་མས་ཉེན། །ནད་རྣམས་ཀྱིས་ཉོན་གཞན་དག་མཚོན་ཆའི་རབ་ཏུ་དམྱལ། །གཤིན་རྗེ་རྣམས་ཀྱིས་གནོད་པ་དུ་མས་བསྣུན་པར་བྱེད། །ནེའུ་ལེ་ནག་ལྟར་མེ་འབར་

(༡༦)ལུས་ལ་དུད་པས་ཁྱབ། །བཀྲེས་པས་གཞན་གྱུར་སྡུག་བསྔལ་དུ་མས་རྣམ་པར་གཙེབ། །པདྨ་ལྟར་གས་ལུས་ཀུན་ཁ་དང་བྱ་རྒོད་ཟ། །ཟངས་ཞུན་མཚེའུར་རབ་ལྷུང་ཆོ་ངེ་རབ་ཏུ་འབྱིན། །མཚོན་ཆའི་ལམ་དུ་ཤ་དང་རུས་པ་དུམ་བུར་བྱེད། །དེ་སོགས་སྡུག་བསྔལ་དུ་མ་རབ་ཏུ་འཁྲུག་པ་མྱོང་། །མཚོན་གྱི་རེག་སོགས་མི་ཡི་ལུས་ལས་བཅུ་འགྱུར་ཡིན། །དེ་ལས་ཐར་ཀྱང་ཚེ་ཐུང་ནད་རྣམས་ཀྱིས་གཙེས་ནས། །སྲོག་དང་བྲལ་བྱེད་མི་ཁམས་གཞན་དང་མཚུངས་པར་འགྱུར། །དེ་ལྟར་དེ་དག་རྣམས་ཀྱི་ཚེ། །རང་གི་ལོ་ན་ལྔ་བརྒྱ་སྟེ། །མི་ལེ་བྱེ་བ་ཕྲག་འབུམ་དང་། །དྲུག་ཁྲི་ཉིས་སྟོང་རྣམས་ཡིན་ནོ། །རྒྱུ་ནི་རྫོགས་དང་མ་རྫོགས་པས། །དུས་མིན་འཆི་བ་ཡོད་པའོ། །དེ་ནས་གཉིས་པ་ཐིག་ནག་ནི། །སྲོག་གཅོད་མ་བྱིན་ལེན་པ་གཉིས། །སྤྱད་ལས་བྱུང་སྟེ་གཙོ་བོ་ནི། །སྲོད་གཅོད་རྒྱུ་འབྲས་སྔ་མ་བཞིན། །ཁྱད་པར་མ་བྱིན་ལེན་པ་ནི། །དཀོན་མཆོག་བླ་མ་དགེ་འདུན་དང་། །ནད་པ་སྡུག་

(༡༧)༄༅། །འཕོང་རྣམས་ཀྱིས་རྫས། །རྐུ་ཞིང་གཞན་ཀྱང་སྦྱོར་མེད་ན། །སྡུག་བསྔལ་མ་ལུས་མྱོང་བར་བྱེད། །དེ་འཁོར་རོ་མྱག་ཕྱི་མའི་འདམ། །རལ་གྲི་ཚལ་དང་ཤལ་མ་རི། །ཆུ་རླུང་རབ་མེད་སྤུ་གྲི་ཚལ། །རྨོངས་དང་རབ་ཏུ་རྨོངས་པ་དང་། །སྲེད་པ་ཅན་དང་སྲེད་པའི་ཉེན། །ཟངས་ཁུ་འཐུངས་དང་ཐུ་ལུམ་ཟ། །སྲེད་པ་མི་བཟད་མུན་པ་ཅན། །རབ་ཏུ་མི་ཟད་བྱ་རྒོད་འཇིགས། །དེ་རྣམས་རྒྱུ་ནི་སྲེད་དབང་གི །དད་ལྡན་ལོངས་སྤྱོད་འཕྲོག་བྱེད་དང་། །དགེ་འདུན་ལོངས་སྤྱོད་བདག་གིར་བྱེད། །ནོར་ཀུན་འཕྲོག་དང་བུ་སྨད་ཕྱིར། །ཆུ་འགྲམ་འཇོམས་དང་ནོར་ཕྱིར་བསྣུན། །ཐབས་ཀྱི་རྐུ་དང་སྡིག་ཤིང་འཕྲོག །ཞེ་སྡང་གིས་འཕྲོག་བདག་གིས་བྱེད། །བཟའ་བཏུང་ཁོ་ནའི་ཕྱིར་ལེན་དང་། །ལྟ་ནང་སྟོན་ཅིང་དེས་ཚིམ་བྱེད། །མུན་ཁྲོད་མ་བྱིན་ལེན་པ་དང་། །བག་མེད་དཀོར་ལ་བདག་གིར་བྱེད། །རྒྱལ་ཁམས་དོན་ཕྱིར་བཀྲེས་སྐམ་གྱི། །མི་

(༡༨)རྣམས་ཉན་བྱས་གང་ཡིན་པའོ། །ཐིག་ནག་གནས་ན་ལྕགས་ཀྱི་ས་གཞི་མེ་འབར་སྟོང་། །ལས་ཀྱི་གཤེད་པོ་རབ་འཇིགས་རྣམས་ཀྱིས་ཐིག་བཏབ་ནས། །ཤིང་མཁན་ལྟ་བུ་སོག་ལེ་མེ་འབར་གྱིས་འདྲལ་ཞིང་། །སྟ་རེས་གཞོག་ཅིང་གསོར་གྱི་འབུགས་ལ་ཐོབ་བས་རྡུང་། །སྐྲག་ནས་བྲོས་པས་རོ་ཉེའི་ནང་ལྷུང་རུལ་ཅིང་མྱག །ཕྱི་སའི་ནང་དུ་མར་གོ་ཏའི་འབུག་ཤིང་ཟ། །ལ་ལ་རལ་གྲིའི་ཚལ་དུ་རྒྱུག་པས་ལུས་ཀུན་གཏུབས། །ཤལ་མ་རི་ལ་སྲེད་པས་ཡན་ལག་ཤ་རྒྱུས་གཅོད། །ནོར་དང་ཟས་མཐོང་རྒྱུགས་པས་ཆུ་བོ་རབ་མེད་དུ། །ལྷུང་ནས་ལུས་མྱག་དབང་མེད་ཀྱེ་མ་ཀྱེ་ཧུད་འབོད། །སྤུ་གྲིས་ལུས་ལ་ཆར་ལྟར་འབབ་ནས་ཡིད་གློང་བྱེད། ལྕགས་ལེབ་མེ་འབར་ལུས་ལ་བཀྲིས་ནས་དྲན་པ་ཉམས། །གཤེད་པོས་བརྡེགས་ཤིང་དུམ་བུར་བྱས་ཀྱང་འཆི་མི་འགྱུར། །མེ་འབར་ཕུར་པས་ལུས་རྒྱངས་མཚོན་ཆས་གནད་ཀུན་

(༡༩)༄༅། །གཅོད། །མ་རུངས་ཁྱི་རྣམས་ཀྱིས་བཟུང་ཆམ་ཆོམ་ཟ་བ་དང་། །ཐུ་ལུམ་ཟངས་ཁུ་འབར་བ་ཁར་བླུགས་ནང་ཁྲོལ་སྲེག །ཐག་པས་བཅིངས་ནས་མེ་འབར་མཚོན་ཆའི་ཚལ་དུ་ལྷུང་། །མུན་ནག་ཐིབས་པོ་དུ་བ་ཀུ་བར་འཇུག་པར་བྱེད། །མེ་འབར་མལ་དུ་རོ་ཉེ་འབྱུང་དང་དབང་པོ་རྣམས། །མ་ལུས་འབྱིན་དང་དེ་བཞིན་གཤེད་པོས་སྡུག་བསྔལ་བའི། །ཆད་པ་དུ་མ་མྱོང་འགྱུར་འདི་ནི་བཟོད་པ་མེད། །ཡང་སོས་སྡུག་བསྔལ་བཅུར་འགྱུར་ལས་ཀྱང་ལྷག་པར་འགྱུར། །དེ་ལས་ཐར་ཀྱང་ཡི་དྭགས་འཇིག་རྟེན་རབ་སྐྱེ་ཞིང་། །རིམ་སྐྱེས་ན་ཡང་ལོངས་སྤྱོད་མེད་ཅིང་ནོར་ཉམས་འགྱུར། །འདི་དག་རང་ལོ་སྟོང་ཐུབ་སྟེ། །མི་ལོ་བྱེ་བ་འབུམ་ཕྲག་ནི། །བཅུ་གཉིས་དང་ཡང་བྱེ་བ་ཕྲག །དགུ་ཁྲི་དྲུག་སྟོང་ཉིད་ཡིན་ནོ། །རྒྱུ་བཞིན་སྡུག་བསྔལ་མྱོང་འགྱུར་ཏེ། །ལོངས་སྤྱོད་སྲེད་པས་བསླུས་པ་ཡིན། །བསྡུས་འཇོམས་ཉིད་དུ་སྐྱེ་བའི་རྒྱུ། །ལུས་ཀྱི་ལས་གསུམ་རྫོགས་པ་སྟེ།

(༢༠)ཁྱད་པར་འདོད་ལོག་ལས་བྱུང་བ། །ཚུལ་ཁྲིམས་འཇུག་སྤྱོད་གཅོ་བོ་སྟེ། །དེ་འཁོར་ཚོར་བ་ཚད་མེད་དང་། །འབྲས་བུས་ཨ་ལ་བུད་ལྟར་གཅོད། །གནད་ནས་གནད་གཅོད་ཆེན་པོ་སྟེ། །འཁུམས་པ་དང་ནི་འཇིགས་པ་ལྟར། །ཉམས་ང་གནོད་པ་མི་བཟད་པ། །ཨ་ཙ་ཀྱི་ཧུད་མཆི་རྒྱུན་ཅན། །ཚོར་བ་མཐའ་མེད་ཞེས་བྱ་དང་། །དབང་པོ་འགག་དང་པད་ལྟར་གས། །པདྨ་ཆེ་དང་མེ་ཐབས་དང་། །ར་བ་མཐོང་སྟེ་བཅུ་དྲུག་གོ །དེར་ནི་འགྲོ་བར་བྱེད་པའི་རྒྱུ། །འོས་མིན་བུད་མེད་ལ་གཡེམ་དང་། །ཁ་དང་མི་འདོད་གཞན་དུ་བྱེད། །བྱིས་པས་ངུ་བར་བྱེད་པ་དང་། །ཕྱུགས་ཀྱི་མངལ་དང་སྐྱེས་པ་གཞན། །སྡེ་གཞན་ཐོབ་ནས་གནས་བྱེད་པ། །དུད་འགྲོ་གཞན་དང་མ་སྲིང་དང་། །ཚུལ་འཆལ་ལྷན་ཅིག་སྤྱོད་པ་དང་། །བུད་མེད་དྲན་པས་འདོད་སེམས་བསྐྱེད། །གནས་གཞན་སྤྱོད་དང་ཡི་འོང་འགྲོ། །འདོད་ལ་དམིགས་ཏེ་ཚངས་སྤྱོད་དང་། །སྔོན་གྱི་འདོད་ལ་ཡོང་

(༢༡)༄༅། །སུ་གདུང་། །སྣ་ཚོགས་གཡེང་བའི་འདོད་པ་སྟེ། །རྒྱུ་ནི་བཅུ་དྲུག་དེ་རྣམས་སོ། །དེར་ནི་གཤིན་རྗེས་ཚོགས་ཀྱིས་རབ་ཏུ་གཅེས་བྱས་པས། །ལྷན་ཅིག་འདུས་ཚེ་ལྕགས་ཀྱི་དྲ་བས་སྟེང་ནས་གཡོག །ཐོ་བ་མཚོན་ཆའི་རབ་བསད་དམྱལ་ཅིང་བརྡུང་བར་བྱེད། །ཁྱད་པར་འདོད་ལོག་རྒྱུ་ཡིས་ཤལ་མ་རི་ལ་ནི། །ལས་ཀྱིས་བྱས་པའི་བུད་མེད་མཐོང་ནས་དེར་འཛེགས་པས། །ལུས་ཀུན་གཏུབ་ཤིང་སྡུག་བསྔལ་དུ་མ་མྱོང་བར་འགྱུར། །གཞན་དག་གསལ་ཤིང་མེ་འབར་རོ་སྨད་འབིགས་པར་བྱེད། །ཁར་ནི་ཁུར་བུས་བརྡུང་དང་ལྕགས་ལེབ་འབར་བ་བཀྲིས། །སྡུག་པའི་བུ་ལྟར་སྣང་བའི་སེམས་ལ་གདུང་བར་བྱེད། །ཟངས་ཁུ་འབར་བས་ལུས་ཀྱི་སྨད་རྣམས་བསྲེག་པར་འགྱུར། །ལས་ཀྱི་དུད་འགྲོའི་ཁང་པ་མེ་འབར་ནང་ན་གནས། །མེ་འབར་འཇིགས་པའི་གཤིན་རྗེས་བཟུང་ནས་སྡུག་བསྔལ་མྱོང་། །དབང་པོའི་སྒོ་ཀུན་སྲེད་ཅིང་གཅན་གཟན་རྣམས་ཀྱིས་ཟ། །ཨ་ཙ་སྲིན་བུས་གཡེང་

(༢༢)ཤིང་ཤ་རུལ་བཞིན་དུ་འགྱུར། ལྕགས་རི་འབར་བས་ལས་ཀྱི་ཁ་རྣམས་ཀྱིས་གཏོར་ཅིང་། །ཕྱི་ནང་མེད་པར་རབ་སྲེག་ཚོར་བ་དུ་མས་ཉན། །དབང་པོའི་སྒོ་ཀུན་ཟངས་ཁུ་འདུག་དང་སྲིན་བུས་གང་། །ཟངས་ཀྱི་སྣོད་བཅུག་གཏུན་ཤིང་འབར་བས་རབ་ཏུ་གཟིར། །པདྨ་འདྲ་བའི་མེ་འབར་ནང་བཅུག་ཀུན་ཏུ་དམྱལ། །ལུས་ལ་མེ་ལྕེ་ཅིག་གྱུར་ལྕགས་ཀྱིས་ར་བ་འབར། །མེ་དང་མཚོན་ཆའི་ཆར་གྱིས་རབ་བསྲེག་སྡུག་བསྔལ་མྱོང་། །དེ་ལས་ཐར་ཀྱང་མ་ནིང་རིགས་ཉམས་རྣམས་སུ་འགྱུར། །དེ་ལྟར་འདི་དག་རྣམས་ཀྱིས་ཚེ། །རང་གི་ལོ་ནི་ཉེས་སྟོང་སྟེ། །མི་ལོ་བྱེ་བ་ཕྲག་བྱེ་བ། །ཅིག་དང་བྱེ་བ་སུམ་འབུམ་དང་། །དྲུག་ཁྲི་བརྒྱད་སྟོང་རྣམས་ཡིན་ནོ། །སོ་སོ་ལས་ཀྱི་མཐུ་བཞིན་དུ། །བར་མ་དོར་ནི་འཕོ་བ་ཡོད། །དེས་ན་འབད་པ་དུ་མ་ཡིས། །ལུས་ཀྱི་ལས་རྣམས་སྤང་བར་བྱ། །དེ་ལས་གཞན་ཡང་ངུ་འབོད་ཀྱི། །རྒྱུ་ནི་ལུས་ཀྱི་ལས་གསུམ་དང་། །ཆང་འཐུང་བ་ལས་འབྱུང་བ་སྟེ།

(༢༣)༄༅། །ངུ་འབོད་གཙོ་བོར་སྐྱེ་བའི་རྒྱུ། །ཆང་གི་སྦྱོར་བ་བརྩོན་བྱེད་ཅིང་། །ཚུལ་ལྡན་མཁས་པ་བསམ་གཏན་པ། །ཆགས་གི་མྱོས་པར་བྱེད་པ་ནི། །དེ་ནི་མི་དགེ་གཙོ་བོ་ཡིན། །དེ་འཁོར་སྒྲ་ཆེན་སྒྲ་འབྱིན་དང་། །སྒྲ་ལ་མེ་འབར་མེ་སྲིན་བུ། ལྕགས་ཀྱི་མེ་འབར་གཏུན་ཤིང་དང་། །རྡོ་མེ་ཆར་ལྟར་འབབ་པ་དང་། །འཆི་མེད་ལྕགས་ཚལ་དགོན་པ་དང་། །དེ་བཞིན་རབ་རིབ་ཀུན་རྩགས་དང་། །གཤིན་རྗེས་འཚམས་དགོན་ཤལ་མའི་ཚལ། །ཤལ་མའི་ཚལ་ཆེན་དུད་པའི་ཚལ། །མེ་འདག་དུད་པ་འདྲེས་པའི་ཚལ། །ཀློག་གི་ན་བུན་ཀུན་རྟོག་སྟེ། །དེ་ལྟར་འཁོར་ནི་བཅུ་དྲུག་སྟེ། །སྐྱེ་བའི་རྒྱུ་ནི་མྱོས་བྱེད་ཆང་། །གསོ་སྦྱོང་བླངས་ལ་སྡུད་པ་དང་། །སྡོམ་པ་བླངས་ལ་དང་པོར་བླུད། །དགེ་བསྙེན་ཆང་ཐུངས་ལ་སྦྱར་དང་། །ཆང་ཚང་གཞན་དག་སླུ་བྱེད་པ། །བྱ་དང་དུད་འགྲོ་གསོད་ཕྱིར་བླུད། །གླང་ཆེན་སྤང་ཕྱིར་སླུད་པ་དང་། །བུད་མེད་སླུ་དང་དུག་སྦྱར་ཆང་།

(༢༤)དགྲ་ལ་ལྟུད་དང་རིན་བྱིན་དང་། །ཆང་ཕྱིར་གོས་སོགས་དེ་བཞིན་སྟེར། །བཅོམ་ཕྱིར་སྣ་ཚོགས་ཆང་བྱེད་པ། །རྨོངས་ཕྱིར་བླུད་དང་བུད་མེད་རྣམས། །མྱོས་པར་བྱ་ཕྱིར་ཆང་སྟེར་བ། །ཆོམ་རྐུན་སྲོག་དང་བྲལ་ཕྱིར་དང་། །ཐབས་ཀྱི་སླུ་ཕྱིར་བླུད་པ་དང་། །རྔོན་པ་ལ་སོགས་མགྱོགས་ཕྱིར་བླུད། །རྒྱུ་ནི་དྲུག་ཅུ་བརྗོད་པ་ཡིན། །ངུ་འབོད་ཅེས་བྱ་གནས་དེར་ལྕགས་ཀྱི་ས་གཞི་ལ། །གཤིན་རྗེས་སྐྱེས་previous hit བུ་ཟངས་བསྐོལ་བ་ཁར་བླུགས་ནས། །ངུ་བའི་སྒྲ་འབྱིན་ནང་ཁྲོལ next hit་སྲེག་ཅིང་དུད་པ་འཐུལ། །ལྐོག་མར་ལྷག་ལྷག་སྒྲ་འབྱིན་གནོད་པ་གཞན་ཡང་འབྱུང་། ལྕགས་ཞུན་འབར་བས་ཚིགས་ནས་ཁྲོས་པའི་སླར་ཡང་ལྷུང་། །གཏུན་ཤིང་གིས་བརྡེག་སྒྲ་ཆེར་དུ་ཡང་སླར་ལ་བརྡེགས། །མེའི་ཆར་འབབས་སྐྲ་དང་ལུས་ཀུན་རྩ་བཞིན་བསྲེག །ནད་ཀུན་འཁྲུག་ཅིང་སྲིན་བུས་ལུས་ཀུན་ལྕིག་ལྕིག་ཟ། །ཡན་ལག་མེ་འབར་མཚོན་ཆས་དུ་བུར་བྱེད་པ་དང་། །མེའི་གླིང་གིས་འཇོམས་ཤིང་རྡོ་མེ་ཆར་ལྟར་

(༢༥)༄༅། །འབབ། །འབར་བའི་ཁྱི་ཡིས་འབྲས་བུས་འབྱིན་ཅིང་ཤ་རུས་གཏོར། །འཁོར་ལོ་བསྣུན་ཅིང་ཡན་ལག་མཚོན་གྱི་གཅོད་པར་བྱེད། །ཕྱོགས་ཀུན་མུན་པས་ཁྱབ་ཅིང་གནོད་པ་སྣ་ཚོགས་འབྱུང་། །གཤེད་པོའི་ཡན་ལག་ཤ་རུས་བཅད་ཅིང་གཤེགས་པར་བྱེད། །རོ་ཉེའི་ཆུ་བོར་འཚེད་ཅིང་མཚོན་ཆའི་ཚལ་གྱིས་འབིགས། །ཤལ་མ་རི་ལ་འཇིགས་པས་སྤུ་གྲིས་ཀུན་ཏུ་གཏུབས། །མེ་འབར་དུད་པ་དྲག་པོར་འགྲོ་ལྡོག་རབ་རྨོངས། །མེ་འདགས་སྤུ་གྲིའི་རླུང་ལྡང་ཚོར་བ་དཔག་ཏུ་མེད། །འབར་བའི་ལུས་ཀུན་དཀྲིས་ནས་བརྡེག་ཅིང་རབ་ཏུ་བཅོམ། །འདོད་པའི་རྟོག་པའི་བསླུས་ནས་དེ་བཞིན་རྣམ་པར་འཚེ། །ཀྱི་ཧུད་སྒྲ་འབྱིན་དེ་ལ་གཤིན་རྗེའི་མི་རྣམས་ཀྱིས། །འདི་ལྟར་སྒྲ་སྒྲོགས་ཁྱེད་ཀྱི་བྱས་པའི་ལས་ཞེས་སྨྲ། །ཆང་ནི་ཉེས་པ་ཀུན་གྱི་གཞི། །རྟག་པར་དོན་ཀུན་མེད་པར་བྱེད། །ནང་སང་ཀུན་གྱི་ཐོལ་སྐས་ཏེ། །མུན་ནག་གནས་ནི་ཆེན་པོ་ཡིན། །ཆང་གིས་སེམས་ཅན་དམྱལ་

(༢༦)བར་འགྲོ། །དེ་བཞིན་ཡི་དྭགས་འཇིག་རྟེན་དང་། །ཆང་གིས་དུད་འགྲོར་སྐྱེ་བར་འགྱུར། །དུག་གི་ནང་ནས་དུག་ནི་ཆང་། །དེ་བཞིན་དམྱལ་བའི་ནང་ནས་དམྱལ། །ནད་ཀྱི་ནང་ནས་ནད་མཆོག་ཏུ། །ཆང་ཞེས་མཁས་པ་རྣམས་ཀྱིས་བཤད། །བློ་ངན་དབང་པོ་ཉམས་བྱེད་ལ། །ཆང་གི་ཆོས་ནི་ཟད་པར་བྱེད། །ཚངས་པར་སྤྱོད་པ་འཇིགས་བྱེད་ལ། །སྲད་བྱེད་ཁོ་ན་ཆང་ཡིན་ནོ། །ཁྱེད་ཅག་འདོད་པ་མི་བཟད་པས། །དྲག་པོས་སེམས་ཅན་དམྱལ་བར་འོང་། །ཁྱེད་ཅག་གིས་ནི་སྡིག་སྤྱོད་ཚེ། །དེ་ཚེ་ཅི་ཕྱིར་འཁོ་མི་བྱེད། །དེ་རིང་ཅི་ཞིག་ཡོངས་སུ་གདུང་། །མྱུར་དུ་ལས་འདི་སྤྱད་གྱིས་ལ། །སྡིག་སེམས་སླར་ལ་བཟློག་པར་གྱིས། །དེ་སྐད་རྗེས་སུ་སྟོན་པར་འགྱུར། །དེ་བས་རྒྱུ་ལས་བཟློག་པར་འབད། །འདི་ལས་ཐར་ནས་མིར་སྐྱེས་ཀྱང་། །རྨོངས་པ་མ་རབས་སྤྱོད་པར་འགྱུར། །འདིར་ནི་རང་ལོ་སྟོང་ཕྲག་བཞི། །མི་ལོ་བྱེ་བ་བརྒྱ་ཕྲག་བརྒྱད།

(༢༧)༄༅། །དེ་བཞིན་བྱེ་བ་ས་ཡ་གཉིས། །བྱེ་བ་དགུ་འབུམ་བཞི་ཁྲི་དང་། །བྱེ་བ་ཉིས་སྟོང་རྣམས་ཡིན་ནོ། །དེ་ནས་གཞན་ཡང་འབྲས་བུས་ནི། །ངུ་འབོད་ཆེན་པོ་ཞེས་བྱ་བ། །ལུས་ཀྱི་ལས་གསུམ་དེ་བཞིན་ཆང་། །རྫུན་སོགས་ཉེས་པའི་རྒྱུ་ལས་བྱུང་། །དེ་ལས་གཙོ་བོར་སྐྱེ་བའི་རྒྱུ། །ཆོས་ཀྱི་ཚུལ་དག་བརྗོད་པ་ལ། །བདེན་ཞིང་མི་བདེན་ཞེས་བརྗོད་ཅིང་། །རྒྱུ་དེས་འཇིག་རྟེན་གནོད་ཆེན་བྱེད། །དེ་འཁོར་ཤིན་ཏུ་སྒྲ་འབྱིན་དང་། །ཚོར་བ་དཔག་མེད་བཟོད་དཀའ་དང་། །དཔེ་མེད་གནོད་དང་མུན་པ་དང་། །འཇིག་རྟེན་བར་གྱི་དུ་བ་དང་། །ཕྱེ་མ་ལེབ་ལྟར་ལྟུང་བ་དང་། །ཤི་མ་ཐག་མཚོ་གཞན་འགྱུར་དང་། །དགའ་མེད་ཕན་ཚུན་གནོད་པ་འཇུག །ནགས་ཚལ་མེས་མཆེད་རྒྱུ་ལྟ་བུ། །ཚོར་བའི་རིང་དང་མཐའ་ཡས་དང་། །ཁ་མཆུ་རྡོ་རྗེ་འདྲ་བ་དང་། །ཁྲག་དང་རྐང་ཟ་ཞེས་བྱ་གཞན། །མེ་ལྕེ་བཅུ་གཅིག་ཞེས་བྱ་བ། །ལྷག་པའི་འཁོར་ནི་བཅུ་དྲུག་

(༢༨)ཡིན། །དེ་རྣམས་རྒྱུ་འབྲས་ལྷན་ཅིག་བཤད། །ངུ་འབོད་གཙོར་ནི་སྔར་བརྗོད་དམྱལ་བའི་སྡུག་བསྔལ་ཀུན། །འབྱུང་ལ་ཁྱད་པར་རྫུན་གྱི་འབྲས་བུས་རབ་ཚ་བ། ལྕགས་ཀྱི་ས་གཞི་རབ་འབར་གཞི་ལ་དེ་ཡི་ལྕེ། །འབར་བའི་ཕུར་བུས་བརྒྱངས་པས་རྒྱང་གྲགས་ལྷག་གྱུར་ཏེ། ལྕགས་ཀྱིས་ཐང་ཤོལ་གྱིས་དྲལ་སྲིན་བུ་དུ་མ་དང་། །ཁ་དང་སྦྲུལ་གྱིས་ཟ་ཞིང་འབར་བའི་ཀུན་ནས་སྲེག །གཤིན་རྗེ་རྣམས་ཀྱི་མཚོན་ཆ་དུ་མས་གནོད་པར་བྱེད། །དེ་སོགས་སྡུག་བསྔལ་ངུ་འབོད་ལས་ནི་བཅུ་འགྱུར་འབྱུང་། །རང་གི་ཕྱོགས་ཕྱིར་དུ་མའི་རྫུན། །བྱས་པས་གཞན་དག་གནོད་བྱེད་པ། །དེ་ལ་གཤིན་རྗེའི་སྐྱེས་བུ་རྣམས། ལྕེ་ནི་སྤུ་གྲིས་དུམ་བུར་བྱེད། །ཆགས་ཤིང་ཞེས་པས་གཞན་དག་ཀྱང་། །རྫུན་དུ་སྨྲ་ལ་སྦྱོར་བྱེད་གང་། །དེ་ལ་མེ་དང་བ་ཚ་དུག །མཚོན་སོགས་ཚོར་བ་དཔག་མེད་འབྱུང་། །ཕྱི་རོལ་ཞིང་སོགས་འཕྲོག་པའི་རྫུན། །སྨྲ་བ་དེ་ནི་གཤིན་རྗེ་ཡི།

(༢༩)༄༅། །འབར་བར་བཅུག་ཅིང་ཐོ་བ་ཡིས། །རབ་ཏུ་བརྡུང་ཡང་ཚེ་མི་འཕོ། །མི་ཚང་སྤྱོད་ཅིང་མ་བྱས་ཞེས། །རྫུན་སྨྲ་དེ་ནི་གཤིན་རྗེ་ཡིས། །སྤྱི་བོར་ཕུག་ཅིང་ལྕེ་དྲངས་ནས། །རྣམ་པ་བརྒྱར་ཡང་གཏུབ་པར་བྱེད། །ནོར་རྣམ་འཕྲོག་ཕྱིར་རྫུན་སྨྲ་ན། །མེ་དང་སྲིན་previous hit བུ་རྣམས་ཀྱིས་གནོད། །དགེ་འདུན་ནོར་ལ་སླུ་བ་གང་། །ནང་ཁྲོལ next hit་གཏོར་ཅིང་མཚོན་ཆས་འདེབས། །ཆོམ་རྐུན་དགེ་སློང་ལྟར་བཅོམ་ནས། །ཚོང་པ་སླུ་བའི་རྫུན་སྨྲ་ན། །ཐོ་བས་བཅོམ་ནས་སླར་ཡང་འཚོ། །ཨུ་པ་ལ་འདྲའི་མེས་སྲེག་འགྱུར། །བདེན་ཅེས་རྫུན་དུ་སྨྲ་བྱེད་གང་། །ཀུན་ནས་རྒྱུགས་པས་ཕྱོགས་སུ་འབྲོས། །ཕུར་བུ་གཅན་གཟན་རྣམས་ཀྱི་གནོད། །ཕྱིས་ཀྱང་བསམ་པ་འགྲུབ་མི་འགྱུར། །ནད་བཅས་ཉམས་ཐག་སླུ་བ་གང་། །བཟའ་བཏུང་གནས་ཀྱི་འདུ་ཤེས་ཀྱིས། །རོ་ཉེ་མེ་འབར་ལུས་ཀུན་འཚོད། །སྲིད་གཞན་

(༣༠)གསོ་སྨན་མེད་པར་གྱུར། །བཟོ་དང་ནོར་ཕྱིར་རྫུན་བྱེད་ན། །སྦྲུལ་ཆེན་སེང་གེ་རྣམས་ཀྱིས་གནོད། །སྟོབས་འགྱེད་ཉེས་པས་རྫུན་བྱས་ན། ལྕགས་ལེབ་འབར་བཀྲིས་སྡུག་བསྔལ་མྱོང་། །ཁས་བླངས་འགལ་བའི་རྫུན་བྱེད་པ། །འབར་བའི་ཁྱབ་པའི་ལུས་གང་འབིག །དེད་དཔོན་བཅས་པ་འཇོམས་བྱེད་པ། །ལོག་པར་ཁྲིད་པའི་ཚད་མེད་པ། །ཆུ་སྲིན་སྲིན་བུ་དུ་མས་ཟ། །དགེ་འདུན་ན་བའི་གསོ་སྨན་རྣམས། །སྦྱིན་ཞེས་སྨྲ་ཞིང་གཞན་དུ་བྱེད། །འབར་བའི་ཁ་རྣམས་ཀུན་གྱིས་ཟ། །ལོག་པའི་དཔྱད་འབེབ་རྫུན་སྨས་ནས། །སྤུ་གྲིའི་ཚལ་ན་རབ་དབྱངས་པས། །རང་གི་ཤ་ཁྲག་ཟ་ཞིང་དུ། །ཁྲིམས་གཅོད་ལོག་པར་གཅོད་པ་གང་། །ནང་དང་ཕྱི་རོལ་མེ་ལྕེ་ནི། །བཅུ་གཅིག་གིས་བསྲེག་འོ་འདོད་འབོད། །དེ་ལས་ཐར་ནས་མིར་སྐྱེས་ཀྱང་། །ཉམས་ཐག་གཞན་གྱིས་འཕྱ་བར་འགྱུར། །དེ་དག་རང་ལོ་བརྒྱད་སྟོང་སྟེ། །མི་ལོ་བྱེ་བ་བྱེ་བ་ཕྲག །

(༣༡)༄༅། །དྲུག་ཅུ་དྲུག་དང་ས་ཡ་གསུམ། །ལྔ་འབུམ་སྔ་ཁྲི་ཉིས་སྟོང་ཡིན། །ཚ་བའི་མྱལ་བར་སྐྱེ་བྱེད་པའི། །རྒྱུ་ནི་སྔར་བཤད་ལས་ཀུན་དང་། །ཁྱད་པར་ལོག་པར་ལྟ་བ་ཡི། །རྒྱུ་འབྲས་ལས་ལ་ཀུར་འདེབས་པའོ། །དེ་འཁོར་རབ་ཏུ་སྲེག་པ་ཆེ། །པད་དཀར་སྦྲུལ་འཁྱིལ་ལྟ་བུ་དང་། །ཟངས་བཞུས་ཉ་འཁྱུག་ལྕགས་བུམ་པ། །ཆུ་དམར་རྐང་སྲིན་ཐམས་ཅད་སྲེགས། །སར་བྱིང་།།།མཐའ་ཡས་ས་ཆེན་འདྲ། །མཐའ་དྲག་རུས་པ་འབྱུང་ཞིང་འདུ། ལྕགས་ཀྱི་སྐུད་པས་འདྲལ་ཞིང་གཅོད། །སྲིན་བུ་འཁོར་ལོ་མེས་འཇིགས་སྐྱེད། །ནག་མོ་འཁྲིགས་དང་བུང་བས་གནོད། །དེ་ལྟར་བཅུ་དྲུག་གསུངས་པ་ཡིན། །འདིར་ནི་སྔ་མའི་དམྱལ་བ་ཀུན་ལས་རབ་དྲག་གི །ལུས་ཀྱིས་འཆི་ཀར་འཁྲུལ་སྣང་གནད་གཅོད་སྡུག་བསྔལ་ཆེ། །མེ་ལྕེས་སྲེག་ཅིང་ནད་རྣམས་ཐམས་དུས་ཅིག་སྨིན། །ངུ་འབོད་སྡུག་བསྔལ་ཐམས་ཅད་བཅུ་འགྱུར་དག་ཏུ་འབྱུང་། །འདི་ཡི་སྡུག་བསྔལ་དཔེར་བྱ་རུང་བ་མ་ཡིན་ཏེ། །ལོག་ལྟ་དྲོགས་

(༣༢)འཕངས་ཕྱིར་ཚལ་དྲག་པ་ཡིན། །གང་ཞིག་ལྷར་ནི་སྐྱེ་བའི་རྒྱུ། །སྲོག་གཅོད་ཡིན་ཞེས་སྨྲ་བ་གང་། །སྲོག་བྱེད་འབར་བའི་མེ་དེ་ནི། །བཅུ་དྲུག་འགྱུར་གྱིས་ཐལ་བར་ཀློག །ཟས་བཅད་མཐོ་རིས་ཐོབ་སྟོན་ན། །པད་དཀར་འདྲ་བའི་ཚལ་དུ་སྲེག །ཆང་འཐུངས་སྔགས་དང་གཙོག་པུ་ཡིས། །ཐར་སྟོན་ཞི་བ་སྨོད་བྱེད་པ། །དེ་ནི་སྦྲུལ་ཆེན་འབར་བ་ཡིས། །རབ་བསྲེགས་བཀྲེས་པས་ཉམས་ཐག་འགྱུར། །ལས་མེད་དབུག་དབྱུང་རྒྱུར་སྨྲ་ན། །ཟངས་ཞུན་ནང་སྐྱེས་ཉ་འདྲས་ཟ། །གསོད་པའི་མཆོད་སྦྱིན་བྱེད་པ་གང་། །བུམ་པ་རོ་ཉེ་སྤུ་གྲི་ཡིས། །གང་བར་སྲེག་ཅིང་དུམ་བུར་བྱེད། །ཚུལ་ཉམ་ལོག་པའི་དཀའ་ཐུབ་བྱེད། །དེ་ནི་གཤེད་པོས་མཚོན་ཆའི་འདེག །རོ་ཉེའི་ཆུར་ལྷུང་ངུ་སྒྲ་འབྱིན། །ལོག་ལྟ་སྲིན་བུ་གནོད་པ་དང་། །མེ་ལྷ་བསྟན་པས་གྲོལ་སྨྲ་བ། །དེ་ནི་འཁོར་ལོ་རི་དང་མེ། །སྲིན་བུ་་རྣམས་ཀྱིས་རྐང་བམ་འདྲུལ། །ནགས་སྲེགས་མེ་

(༣༣)༄༅། །ལ་མཆོད་པ་བྱེད། །གཉེན་བཅས་སྲེག་མཐོང་ངུ་སྒྲ་འབྱིན། །སྲོག་ཆགས་སྲེག་པས་བོད་སྒྲ་གང་། །མདོག་དམར་གཤིན་རྗེ་རྣམས་ཀྱིས་སྲེག །དུག་འདྲ་སྦྱར་བའི་མཆོད་སྦྱིན་བྱེད། །པདྨ་འདྲར་འཚོད་ཚེར་མའི་འབུག །ཆུར་འཆིས་བཏུལ་ཤུགས་སྤྱོད་བྱེད་གང་། །འབར་བའི་རི་འཛེག་རོ་ཉེར་ལྟུང་། །རྒྱུ་མེད་སྨྲ་ཞིང་འདོད་རྒྱལ་སྤྱོད། །རུས་པས་ལུས་ཕུག་གཤིན་རྗེས་དམྱལ། །ལོག་པའི་མཚན་དམིགས་གྲོལ་སྨྲ་བ། ལྕགས་ཀྱི་སྐུད་པས་དུམ་བུར་བྱེད། བདག་དང་འཇིག་རྟེན་རྟག་སྨྲ་བ། །དེ་ལ་མཚོན་ཆ་སྲིན་བུ་མེ། །རབ་འབར་སྲེག་བྱེད་འཁུན་བུ་འབྱིན། །རྟག་དང་མི་རྟག་མཐར་འཛིན་སྨྲ། །དེ་ནི་མུན་པ་འདྲ་བའི་མེར། །མཐོང་ཅིང་རླུང་དྲག་སྡུག་བསྔལ་འབྱུང་། །འཁོར་བའི་ཐོག་མེད་གང་སྨྲ་བ། །བུང་བ་རྣམས་དང་གཤིན་རྗེ་ཡི། །ཤ་ཀུན་བ་སྤུ་ཙམ་དུ་བྱེད། །འདི་རྣམས་ལས་ཐར་ཡི་དྭགས་དང་། །དུད་འགྲོ་དེ་དང་དེ་འདྲར་སྐྱེ། །

(༣༤)རིམ་སྐྱེས་རྒྱུ་མཐུན་དེ་མཚུངས་འགྱུར། །འདིར་ནི་རང་ལོ་་ཁྲི་དྲུག་སྟོང་། །མི་ལོ་བྱེ་བའང་བྱེ་བ་ཕྲག །ལྔ་བརྒྱ་དང་ནི་སུམ་བཅུ་དང་། །ས་ཡ་བརྒྱད་དང་བཞི་འབུམ་དང་། །ཁྲི་དང་དྲུག་སྟོང་དུ་འགྱུར་རོ། །རབ་ཏུ་ཚ་བ་ཆེན་པོ་རྒྱུ། །སྐྱེ་བའི་རྒྱུ་ནི་ལུས་ངག་གི །ལས་བདུན་ལོག་ལྟར་བཅས་པའོ། །ཁྱད་པར་དགེ་སློང་ཉམས་པ་དང་། །ལྟ་ལོག་མི་དགེར་འཇུག་བྱེད་པ། །དེས་ནི་གཙོ་བོའི་སྡུག་བསྔལ་མྱོང་། །དེ་འཁོར་ཕྱོགས་ཀུན་སྲེག་པ་དང་། །ལུས་ཆེན་སྒྲ་འབྱིན་མེ་སྤྱི་གཙོག །མེ་འདག་འབབ་དང་འདབ་མ་ཅན། །ཨ་ལ་ཐམས་ཅད་སྡུག་བསྔལ་དང་། །རབ་ཚ་རྟག་ཏུ་མུན་པའི་ཁེབས། །གནོད་རྒྱུད་སྲེད་བུས་རྒྱུད་ཀྲུགས་དང་། །སྐྲ་ཤད་འཛིང་དང་སྙིང་རྗེས་སྒྲ། །སྙིང་རྗེ་ཆེ་རུང་སྙིང་རྗེ་མེད། །ཤིང་སྐམ་བསྡུས་འདྲ་བཅུ་དྲུག་གོ །འདིར་སྐྱེ་སྡུག་བསྔལ་དཔག་མེད་དེ། །ཁམས་བཞི་འཁྲུགས་པས་གདུང་བྱེད་ཅིང་། །རབ་དོར་སྡུག་བསྔལ་ཀྱི་ཧུད་འབྱིན། །གནས་དེར་དཔག་ཚད་སྟོང་ཕྲག་དུ་མ་འཁྲུགས་

(༣༥)༄༅། །པའི་མེས། །སྤྱི་གཙུག་བསྲེག་ནས་བྱེ་མ་གཏོར་བཞིན་ཞིག་པར་འགྱུར། །སྐམ་པས་འདྲེན་དང་ལྕེ་ལ་ཐང་གཤོལ་འབར་བའི་རྨོ། །གཤིན་རྗེས་གནོད་ཅིང་ཟངས་ཁུ་འཐུངས་ལ་བྱ་ཁྱིས་གཏོར། །ཤལ་མ་རིར་འཛེག་མར་ཀོ་ཏའི་ལུས་ཀུན་བཤིག །སྔར་བཤད་དམྱལ་བ་ཀུན་ལས་སྡུག་བསྔལ་བཅུ་འགྱུར་ཡིན། །དགེ་བསྙེན་ལོག་ལྟར་ཉམས་བྱེད་གང་། །བར་བསྲེག་ཐག་པའི་འཆིང་བར་བྱེད། །དེ་བཞིན་དགེ་ཚུལ་ཉམས་བྱེད་གང་། །ལུས་ཆེན་འབར་བའི་སྐམ་པ་ཡིས། །ཤ་རུས་ཟད་བྱེད་ངུ་སྐད་འབྱིན། །གཞོན་ནུ་མ་རྣམས་ལོག་ལྟར་སྦྱོར། །གཙུག་གི་སེམས་ཅན་ནང་གྲོལ་བསྲེག །འབར་ཞིང་དབང་པོ་རྨོངས་པར་བྱེད། །དགེ་སློང་སུན་འབྱིན་མེ་མདག་གི །ཆུ་བོར་འཚེད་པའི་སྡུག་བསྔལ་མྱོང་། །དགེ་བསྙེན་མ་གང་ལོག་ལྟར་སྦྱོར། །མེ་མདག་རི་ལྟ་རབ་ཏུ་བྱིང་། །འབར་བའི་སོག་

(༣༦)ལེས་དྲལ་བར་བྱེད། །ཁྱིམ་པའི་སླབ་འདྲལ་ལོག་ལྟར་སྦྱོར། །སྤུ་གྲིའི་རླུང་ལྟར་སྲིན་བུས་འཚེ། །གཉིས་ཀ་བསླབ་ལྡན་འཁྲུལ་བྱེད་གང་། །མཚོན་ཆ་འབབ་ཤིང་པག་བཤུས་ཏེ། །བ་ཚར་འཚོ་ཞིང་རོ་ཉེ་འཐུང་། །ལོག་སྤྱོད་དེ་ལ་རྟག་དགའ་བ། །མེ་སྦྲུལ་མཚོན་གྱིས་རབ་སྡུག་བསྔལ། །ཆགས་བྲལ་འཇིགས་པར་བྱེད་པ་དེས། །མར་ཀོའི་སྲིན་གྱིས་ལུས་འཇིག་བྱེད། །དགེ་སློང་གནོད་བྱེད་བུད་མེད་གང་། །མེ་ཐབས་གསེར་འདྲར་བསྲེག་ཅིང་ངུ་། །ཡུལ་འཇོམས་དགེ་སློང་མ་འཇིག་དགའ། །དྲ་བས་འདྲལ་ཞིང་སྦྲུལ་མེས་སྲེག །སྲིང་མོ་ལོག་ལྟ་སྦྱོར་བྱེད་པ། །རྔ་བོ་མེ་འདྲའི་མེ་ལྕེ་སྲེག །ཆགས་པས་ལྟ་ངན་རབ་ཞུག་པ། །དེ་ལ་སྡུག་བསྔལ་ཀུན་གྱིས་འཚེ། །གང་མའི་ཁྱིམ་སུན་འབྱིན་བྱེད་ན། །མཚོན་ཆས་ལུས་།།།པོ་ཐམས་ཅད་གཅོད། །སྤྱོད་བཟངས་བུད་མེད་ལོག་ལྟར་བྱེད། །གཤིན་རྗེས་མགར་བ་བཞིན་དུ་བརྡུང་། །ལོག་ལྟས་གཞན་གྱི་བུད་མེད་

(༣༧)༄༅། །ཕྲོག །ཆུ་བོ་རབ་མེད་འབར་བ་རུ། །ལས་ཀྱི་ཆུ་སྲིན་རྣམས་ཀྱིས་འཚེ། །འདི་རྣམས་སྡུག་བསྔལ་དཔག་ཏུ་མེད། །འདི་ནི་ཚེ་ཚད་སྐལ་ཆུང་བྱེད། །སྔ་མའི་ཚུལ་གྱིས་བསྒྲེས་པ་ན། །རང་ལོ་སུམ་ཁྲི་ཉིས་སྟོང་སྟེ། །མི་ལོ་བྱེ་བའང་བྱེ་བ་ཕྲག །བཞི་སྟོང་ཉིས་བརྒྱ་བཞི་བཅུ་དྲུག །བྱེ་བའང་ས་ཡ་ཕྲག་བདུན་དང་། །སུམ་འབུམ་ཉི་ཁྲི་བརྒྱད་སྟོང་ངོ། །དེ་ལས་མི་བཟད་རབ་འབར་བ། །མནར་མེད་ཅེས་ཀྱང་བྱ་བ་སྟེ། །མཚམས་མེད་སྔ་ནི་རབ་སྤྱོད་པ། །དེ་ནི་ངེས་པར་འགྲོ་འགྱུར་ཏེ། །ལས་ཀྱི་སྣང་བ་ལོག་མཐོང་ཞིང་། །ནད་རྣམ་ཀུན་གྱི་ཡོངས་གདུང་ནས། །རླུང་ནི་བརྒྱ་ཅུ་འཁྲུག་པ་ཡིས། །ལུས་ཀུན་སྲིན་བུས་འབུགས་པར་བྱེད། །མེ་དང་མུན་པ་གཅན་གཟན་དང་། །གཤིན་རྗེ་རྣམས་ཀྱིས་སྣང་བ་ཡིས། །རྨོངས་ནས་སྒྲ་འབྱིན་དབང་པོར་འགྱུར། །གཤང་ལྕི་འབྱིན་སོགས་རྟགས་རྣམས་འབྱུང་། །དེ་ཡི་ལུས་ལ་དམྱལ་བའི་མེས། །འདི་ནས་བར་དོར་གདུང་

(༣༨)བར་བྱེད། །དེ་ནས་འཕོས་མ་ཐག་ཏུ་ཡང་། །གཤིན་རྗེས་ཁྲིད་དེ་རབ་རྨོངས་།།། །དེ་ཚེ་སྨྲེ་སྔགས་འདོན།།། །དེ་ལ་གཤིན་རྗེས་སྐྱེས་བུ་ཡིས། །འདི་ལྟར་སྤྱོད་པ་ཐོབ་པར་འགྱུར། །ཀྱེ་མ་ལས་ནི་རབ་སྤྱད་པའི། །ཁྱོད་ལ་འབྲས་བུས་འདིར་འོངས་སོ། །ལས་བྱས་ངེས་པར་འགྲོ་བ་ནི། །མ་ནི་གསོད་པར་བྱེད་པ་དང་། །གང་གི་ཁྱོད་ནི་སྔོན་བསྐྱེད་པས། །ཕ་ལ་འཁྲུལ་པས་གནོད་པ་བྱས། །གང་གིས་ཁམས་གསུམ་ཁྱད་འཕགས་པ། །དེ་ལ་ཁྱོད་ཀྱིས་ངན་སེམས་སྐྱེས། །ཐར་པའི་སྒོ་ནི་རྣམ་འབྱེད་པ། །ཁྱོད་ཀྱི་དགེ་འདུན་མཐུན་པ་བྱེད། །རྨོངས་པས་དགྲ་བཅོམ་གནོད་བྱས་པས། །དེའི་འབྲས་བུས་འདིར་འོངས་སོ། །ལུས་ངག་ཡིད་ཀྱི་སྡིག་པ་བཅུ། །རབ་སྦྱོང་ཁང་ནི་ངེས་འགྲོ་བ། །དམྱལ་བ་དྲག་པོ་འདི་ཐོབ་སྟེ། །ངེད་ཅག་གིས་ནི་ཡོང་བསྐོར་བ། །གཏི་མུག་ཅི་ཞིག་ཡོངས་སུ་གདུང་། །རྒྱ་མཚོའི་ཁྱེད་པར་གང་ཡིན་པ། །གང་གི་ཁྱེད་པར་ཆུ་ཐིག་ཙམ། །གང་དག་མི་བཟོད་ཐོབ་པ་ཡི། །སྡུག་བསྔལ་འདི་ནི་

(༣༩)༄༅། །དེ་ཙམ་མོ། །ཞེས་སོགས་དུ་མས་རབ་བསྡིག་ནས། །མནར་མེད་པར་ཡང་ལྟུང་བར་བྱེད། །དེ་ནི་གྲུ་བཞི་སྒོ་བཞི་ཡོད། །དཔག་མེད་སྦྲུལ་གྱིས་རྣམས་པར་ཕྱེ། །སེམས་ཅན་དམྱལ་བ་དུ་མ་དག །དབང་མེད་དེར་ནི་འཚོད་པར་བྱེད། །དེའི་སྒྲ་ཐོས་དམྱལ་བ་གཞན་གྱི་སྡུག་བསྔལ་ཀུན། །བརྗེད་ཅིང་བདེ་བར་སྨོན་པ་བཞིན་དུ་འགྱུར་བ་ཡིན། །དེར་ནི་མེ་མཚོན་དྲུག་དང་རྡོ་རྗེ་འབར་བ་དང་། །སེང་གེ་གླང་ཆེན་བསེའ་ཁྱི་བྱ་རྒོད་ཀང་ཀ་དང་། །སྦྲུལ་ཆེན་ཁྱི་དང་མར་ཀོ་ཏ་སོགས་དུ་མས་གང་། །གཤེད་པོས་གནོད་དང་སྡུག་བསྔལ་དཔག་མེད་ཀྱིས་གཟིར་ནས། །ཨ་ལ་ལ་ཞེས་སྒྲ་ཆེན་བར་མཚམས་མེད་པར་སྒྲོགས། །ཚོར་བའི་སྡུག་བསྔལ་འཇིག་རྟེན་དཔེ་བྱ་རུང་བ་མེད། །དེ་སོགས་མི་དགེ་སོ་སོ་ཡི། །འབྲས་བུས་མྱོང་བ་དཔག་མེད་པ། །སུ་ཞིག་གིས་ནི་བརྗོད་པར་ནུས། །དེ་ལས་གཞོན་ཤ་ཅན་ལ་ནི། །དཔག་ཚད་ཅིག་ནས་ལྔའི་བར། །འགྲུབ་

(༤༠)སྟེ་མནར་མེད་མྱོང་བྱེད་དོ། །དེ་འཁོར་བྱ་རོག་ཝ་དང་ནི། །ས་འོག་ཚོར་བ་མཐའ་མེད་དང་། །ཝ་སྐད་འབྱིན་དང་ལྕེ་སྤྱང་ཟས། །ལྟོ་ནག་ལུས་ཞུམ་སྒྲ་འཇིགས་སྟོན། །མེ་ཏོག་ཟུམ་འདྲ་རི་བརྩེག་འབབ། །ཆུ་སྒྲ་སྐར་འཕྲང་སྡུག་བསྔལ་ཉེན། །གསོ་དྲི་ལྕགས་ཀྱིས་གླེགས་མ་དང་། །འགྲོ་བ་མེས་སྲེག་དང་བཅུ་དྲུག །མ་ལ་ངན་སེམས་བསྐྱེད་པ་གང་། །བ་ཚ་འབར་བས་ངན་ཁྲོམ་སྲེག །དགྲ་བཅོམ་མ་ལ་ལོག་སྤྱོད་ན། ལྕགས་འབར་དོང་དུ་སུ་བཅུག་སྟེ། །མཚོན་རྣོན་སོགས་ཀྱི་དུམ་བུར་བྱེད། །མ་ལ་ལོག་པར་གཡོམ་བྱེད་པ། །འབར་བའི་ཕུར་བུས་ལུས་ཀུན་འཇོམས། །རང་རྒྱལ་དགྲ་བཅོམ་སྨོད་བྱེད་གང་། །སྤུ་གྲིས་ལྕེ་གཅོད་རྨོན་པ་རྨོ། །གཙུག་ལག་ཁང་ལ་མེས་སྲེག་ན། །དེ་ལུས་འབར་བས་རབ་མཆོད་ནས། །རྡོ་མེ་ཆར་ལྟར་འབབ་པར་འགྱུར། །འཛེམ་མེད་སངས་རྒྱས་དཀོར་སྤྱོད་གང་། །རང་ཉིད་བཀྲེས་པས་རང་ཤ་ཟ། །སྦྲུལ་ནག་རབ་འབར་གྱིས་

(༤༡)༄༅། །འཇོམས་བྱེད། །ཆོས་ནོར་བབ་ཅོལ་ཉམས་བྱས་པས། །འབར་བའི་ཤིང་གཉིས་ཀྱིས་འཐག་ཅིང་། །བྱ་ཡིས་ལུས་ཀུན་ཟ་བར་བྱེད། །དགེ་འདུན་དཀོར་འཇོམས་གནོད་བྱས་པས། ལྕགས་རྒྱུན་འབར་བར་རྡུང་བར་བྱེད། །ནད་པའི་ལོངས་སྤྱོད་འཕྲོག་བྱེད་གང་། །ནད་རྣམས་ཀྱིས་བརྡུངས་འབར་བར་སྲེགས། །རང་རྒྱལ་བསོད་སྙོམས་འཕྲོག་བྱེད་པ། །རྡོ་རྗེའི་རི་ཡི་ཐལ་བར་རློག །དགོན་པའི་ཆུ་བཅད་འཚེ་བ་ནི། །འབར་བའི་ཚལ་དུ་སྲེག་ཅིང་འབྲོས། །འཛམྷ་ཞེས་བྱའི་གནོད་པར་བྱེད། །འགོག་ལས་ལངས་པའི་ཟས་ཕྲོགས་ན། །སྐར་ཕྲན་འདྲ་བའི་ཟས་སུ་འཚེད། །གླེགས་བམ་ཁྲོ་བས་འཇིགས་བྱེད་པ། །མིག་དང་ཡན་ལག་ཐམས་ཅད་ཀུན། །སྲེགས་ཞུ་གཏུབ་ནས་འོ་དོད་འབོད། །ལོག་ལྟས་དགེ་འདུན་གནས་འཇོམས་ན། ལྕགས་ཀྱི་དྲ་བས་འབར་བར་བཅུག མདའ་རྣོན་མར་བབ་ལུས་ཀུན་འབིགས། །དགེ་འདུན་སླུ་བྱེད་རྫུན་སྨྲ་ན། །མེ་བཅུས་སྲེག་ཅིང་ལྕགས་

(༤༢)ལེབ་བཀྲི། །བསྟན་ལ་གནོད་པ་བྱེད་པ་ནི། །དེ་ལ་སྡུག་བསྔལ་ཐམས་ཅད་འབྱུང་། །འདི་ལ་ཚེ་ནི་བར་སྐལ་དེ། །གོང་བཞིན་བསྒྲེས་པས་མི་ལོ་ནི། །བྱེ་བ་བྱེ་བ་སུམ་ཁྲི་དང་། །སུམ་སྟོང་དགུ་བརྒྱ་བདུན་ཅུ་གསུམ། །བྱེ་བ་ས་ཡ་ཕྲག་བརྒྱད་དང་། །དྲུག་འབུམ་ཉི་ཁྲི་བཞི་སྟོང་ཡིན། །སྡུག་བསྔལ་དཔག་མེད་མྱོང་བར་འགྱུར། །ཆོས་སྤང་ལས་ནི་ཉེར་བསགས་ནས། །སྐལ་ཆེན་ཉི་ཤུར་སྲེག་པར་གསུངས། །དེ་བས་འབད་པ་དུ་མ་ཡིས། །ཉོན་མོངས་རྣམ་པར་འཇོམས་པ་དང་། །མི་དགེ་སྤང་བར་བརྩོན་པར་གྱིས། །ཡང་དག་ལྟ་བ་ལ་རབ་ཏུ་ཞུགས། །དེ་ཚེ་ལྷ་རྣམས་ཀྱིས་སྔགས་ཤིང་། །ངེས་པར་འབྱུང་བ་ཐོབ་པར་འགྱུར། །དེ་ལས་གཞན་པ་གྲང་དམྱལ་བརྒྱད། །ཆུ་བུར་ཆུ་བུར་རྡོལ་བ་ཅན། །སོ་འཐམ་ཨ་ཆུ་ཀྱི་ཧུད་ཟེར། །པདྨ་ཨུཏྤལ་ལྟར་གས་དང་། །པདྨ་ཆེན་པོ་ལྟར་གས་པའོ། །དེ་རྒྱུ་གྲང་བས་གཞན་གནོད་བྱེད། །གནས་ནི་ཚ་དམྱལ་བརྒྱད་པོ་

(༤༣)༄༅། །ཡིན། །བྱང་དུ་གནས་ཏེ་གོ་རིམ་བཞིན། །ཏིལ་ལྗང་ནང་ནས་ལོ་བརྒྱ་བཞིན། །ཏིལ་རེ་ཕྱུང་ཟད་ཆུ་བུར་ཅན། །གཞན་གྱི་ཚེ་ནི་ཉི་ཤུར་འགྱུར། །སྲེད་བཅས་གནོད་པའི་དབང་གིས་སྐྱེས། །ཉི་རྩེ་ཞེས་བྱ་འཛམ་གླིང་གི །ཁྲོད་དང་མུ་ཁྱུད་གླིང་བར་གྱི། །མུན་པ་ལ་སོགས་རྣམ་སུ་གནས། །ལས་ནི་སྔ་མ་དང་མཚུངས་པ། །ཅུང་ཟད་དགེ་དང་འདྲེས་པས་བྱུང་། །ཉིན་པར་བདེ་ལ་མཚན་མོ་ནི། །གནོད་པ་གཙེས་དང་དེ་བཞིན་གཞན། །ཉིན་པར་གསོད་ཅིང་སྡུག་བསྔལ་ཏེ། །མཚན་མོ་ལྷ་མོ་རྣམས་དང་བརྩེ། །དེ་སོགས་དཔག་ཏུ་མེད་པ་ཡོད། །མནར་མེད་མ་གཏོགས་དམྱལ་བ་རྣམས། །ཕལ་ཆེར་ཞག་བདུན་ནས་སྐྱེ་སྟེ། །བར་མེད་དུ་སྐྱེ་རྫུས་སྐྱེས་ཡིན། །དྲན་པ་ཉེ་བར་བཞག་པའི་དོན་སྣང་བར་བྱེད་པའི་ཚིགས་ལེའུར་བྱས་པ་ལས། །དམྱལ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཕྲག་དོག་སེར་སྣ་ཡིས། །ལས་ཀྱི་མངོན་

(༤༤)པར་འདུ་བྱས་པ། །དེ་ནི་གཉིས་ཏེ་ཁ་འཐོར་དང་། །གནས་ན་གནས་པ་རྣམ་པ་གཉིས། །ས་འོག་དཔག་ཚད་ལྔ་བརྒྱ་ན། །གནས་ཏེ་གཤིན་རྗེའི་རྒྱལ་པོ་ནི། །དྲག་པོའི་ལས་ནི་འདྲེས་མ་ལས། །བྱུང་ཞིང་ལས་ནི་སྒྲོག་པར་བྱེད། །ཡི་དྭགས་རིགས་ནི་དཔག་མེད་ཀྱང་། །བསྡུས་པས་སུམ་ཅུ་རྩ་དྲུག་གོ །ལས་དང་བཅས་པ་རྣམ་པར་དབྱེ། །སྲོག་གཅོད་ནོར་ནི་སོགས་པ་གང་། །ལྟོ་གུག་ཞེས་བྱར་སྐྱེ་འགྱུར་ཏེ། །རི་གཉིས་ཀྱིས་བརྩིར་མེ་འདག་ཟ། །ཤལ་ཤིང་སྲེག་པ་ལྟ་བུར་འགྱུར། །ནོར་ལ་གཤེད་མ་བྱེད་པ་དང་། །སེར་སྣས་སྦྱིན་མེད་ཁ་ཁབ་འདྲ། །ཞེས་བྱར་སྐྱེ་སྟེ་མགྲིན་ཕྲ་ལ། །ལྟོ་ཆེན་མེ་མདག་ཟ་བ་དང་། །བཟའ་བ་ལ་ཆགས་་ཁྱིམ་ཐབས་ལ། །མི་སྟེག་དེ་ནི་སྐྱུགས་པ་ཟའི། །ཡི་དྭགས་སུ་ནི་ཉོན་མོངས་ཤིང་། །བཀྲེས་སྐམ་གདུང་ཤིང་ཆོ་ངེ་འབྱིན། །སྦྱིན་ལ་སྲེག་པས་ཕུ་ཕྲི་བ། །གཤང་ཟ་ཞེས་བྱར་སྐྱེ་འགྱུར་བ།

(༤༥)༄༅། །འབུས་གཞིག་མེ་གཙང་ཅུང་ཟད་ཙམ། །ཟ་ཞིང་བཀྲེས་པའི་ཉོན་མོངས་འགྱུར། །ཟས་གཅོད་སྲོག་ལ་གནོད་བྱས་པས། །བསམ་འཚོ་ཞེས་བྱས་ཡི་དྭགས་འགྱུར། །དེ་ནི་ཟས་མེད་མེ་འབར་བས། །གདུང་ཀྱང་རྒྱ་མཚོའང་སྐམ་པར་འགྱུར། །ཟས་སྲེད་བདག་ཟ་གཞན་དག་ལ། །དྲི་བསྣོམས་བྱེད་པའི་དྲི་ཟ་བའི། །ཡི་དྭགས་ཉིད་སྐྱེ་བཀྲེས་གྱུར་ཀྱང་། །ཟས་དང་ཡོས་དྲི་ཙམ་གྱི་འཚོ། །འཇིག་རྟེན་རྒྱལ་པོའི་བསྟན་བཅོས་སོགས། །འདོད་པའི་སྟོན་པས་ཆོས་ཟ་བའི། །ཡི་དྭགས་སྐྱེ་གནས་ལུས་སྐམ་ཤིང་། །གནོད་སྦྱིན་རྙེད་པས་འཚོ་བར་བྱེད། །འདོད་པའི་ཆུ་ཆང་བཀྲེས་འཚོང་བ། །ཆུ་འཐུང་དུ་སྐྱེ་བཀྲེས་ཤིང་ཉན། །བརྒལ་བའི་ཆུ་ཐིགས་ཆུ་སྦྱིན་ལས། །མི་མྱོང་གཞན་གྱིས་བསྲུང་བར་མཐོང་། །ཆགས་པས་ཁེ་བྱེད་སྦྱིན་བྲལ་བས། །ཀུན་སྟོན་ཞེས་འགྱུར་ཉམས་ཐག་ནས།

(༤༦)སྒྲ་འབྱིན་རིད་ཅིང་ཀུན་ཏུ་འཁྱལ། །མྱ་ངན་བྱ་བའི་གནས་སུ་འགྱུར། །སྲེད་པས་དགེ་འདུན་ལ་སྦྱིན་པ། །ལྷག་མར་བྱེད་ཅིང་མ་བྱས་ཞེས། །སྨྲ་བ་སྡུག་བསྔལ་རབ་གདུང་པ། །མཆིལ་མ་ཟ་བས་ཡི་དྭགས་སྐྱེ། །ཕྲེང་བ་སེར་སྣས་ལེན་པ་ན། །གནོད་སྦྱིན་དུ་འགྱུར་ཕྲེང་བས་དགའ། །གཙུག་ལག་ཁང་བླངས་ལས་བྱེད་པ། །ཡི་དྭགས་ཕྲེང་བ་ཟ་ཞེས་བྱ། །ཤ་ཁྲག་ལ་སྲེད་སེར་སྣ་ཅན། །ཁྲག་ཟར་སྐྱེ་སྟེ་གནོད་བྱེད་ཅིང་། །ཡི་དྭགས་རྫུན་འཕྲུལ་ཆེ་བ་ཞེས། །ལས་ནི་སོ་སོར་འབྲེལ་པར་འགྱུར། །ཤ་འཚོང་ཁེ་བྱེད་ཅུང་ཟད་སྟེར། །ཤ་ཟ་ཞེས་བྱའི་ཡི་དྭགས་འགྱུར། །ངོ་བསྲུང་ཕྱིར་ནི་སྤོས་འབུལ་བ། །སེར་སྣ་ལྡན་ཏེ་འབུག་པ་ཟའོ། །དགེ་སློང་ལྟར་འཆོས་སྔགས་སྒྲུབ་ཅིང་། །

(༤༧)༄༅། །ནོར་འདོད་དྲག་ཤུལ་སྤྱོད་པར་སྐྱེ། །དེ་ནི་མཐུན་ལྡན་གཞན་ལ་འཚེ། །སྲིད་པ་སླུས་པ་ལས་རྗེས་འཕྲེང་། །ཆགས་པས་ནོར་ཕྱིར་གླགས་ལྟ་བ། །གླགས་ལྟར་སྐྱེས་ནས་སྡུག་བསྔལ་ཞིང་། །ལུས་འབར་མི་གཙང་གིས་འཚོ་ལ། །ལྷ་དང་བྲལ་རྣམས་འཚེ་བ་དང་། །བཙོན་རྣམས་ས་འོག་འཇུག་བྱེད་ཅིང་། །བཀྲེས་བྱེད་ས་འོག་ཡི་དྭགས་སྐྱེ། །མུན་ནག་སྦྲུལ་བཅས་རླུང་དྲག་ལྡང་། །ནོར་འཕྲོག་འཇིག་རྟེན་སྦྱིན་པ་བྱེད། །ཡི་དྭགས་རྫུ་འཕྲུལ་ཆེན་པོར་འགྱུར། །བདག་ཉིད་ཅིག་པུ་བདེ་བ་དང་། །ཉམས་ངའི་ཡི་དྭགས་ཁྲོད་དུ་གནས། །གཉེན་འདབ་གྲོང་ཁྱེར་འཇིགས་བྱེད་ཅིང་། །རྒྱལ་པོ་ལ་བརྟན་མཚན་མོ་ནི། །ལུས་འབར་ཡི་དྭགས་གནས་སྐྱེས་ནས། །འབར་བའི་གདུང་ངུ་སྒྲ་འབྱིན། །འཁྲོ་བས་བྱིས་པ་བསོད་སེམས་པ། །བྱིས་པ་གླགས་ལྟའི་ཡི་དྭགས་སུ། །སྐྱེ་ཞིང་དེ་ཡིས་ཡོངས་སུ་གདུང་། །གང་ཞིག་

(༤༨)འདོད་བསྟེན་ནོར་འདོད་ཅིང་། །སྦྱིན་བྱེད་ཡི་དྭགས་འདོད་གཟུགས་ཅན། །གྱུར་ནས་སྣ་ཚོགས་ཚུལ་གྱིས་ནི། །སྒྱུར་ཞིང་ལས་ཀྱི་རྗེས་སུ་འགྲོ། །ནད་པ་སླུ་དང་ཕྲག་དོག་དང་། །སེར་སྣ་ཅན་དེ་གླིང་བར་གྱི། །ཡི་དྭགས་གྱུར་ནས་ཉིད་ཟླས་ཀྱང་། །བརྒྱ་འགྱུར་གདུང་ཞིང་ཟུལ་པའི་འཚོ། །རྒྱལ་པོ་ལ་བརྟེན་དྲག་ཤུལ་སྤྱོད། །མི་དེ་གཤིན་རྗེའི་ཁྱད་པར་སྐྱེ། །རླུང་ཟ་གཤེད་པོ་དེ་མས་འཚེ། །ལོག་པའི་མཆོད་སྦྱིན་ལས་ཀྱི་མཐུས། །བྱིས་པ་ཟ་བའི་ཡི་དྭགས་འགྱུར། །བཀྲེས་ཤིང་སྡུག་བསྔལ་རྣམས་ཀྱིས་གནོད། །ངོ་གཉིས་བྱེད་ཅིང་སྐམ་པ་ཅན། །དེ་ནི་མདང་ཟར་སྐྱེས་ནས་ཀྱང་། །མཚོན་ཆའི་ལུས་གཤོགས་བཀྲེས་སྐོམ་ལྡན། །མཆོད་སྦྱིན་ངན་དང་ཁེ་སྤོག་དང་། །སེར་སྣ་ལྡན་པ་ཚངས་པ་ཡིས། །སྲིད་པར་སྐྱེས་ནས་གཞན་གནོད་བྱེད། །གླགས་ལྟ་དེ་ནི་སྡུག་བསྔལ་ལྡན། །སློབ་དཔོན་ལྟར་འཆོས་དགེ་འདུན་དཀོར་

(༤༩) ༄༅། །སྤྱོད་པ་མེ་ཟའི་ཡི་དྭགས་འགྱུར། །སྡུག་བསྔལ་སྒྲ་འབྱིན་མྱ་ངན་བྱེད། །སེར་སྣ་ལ་ཁུམས་ངན་སྤྱོད་པ། །མི་གཙང་ཟ་བའི་ཡི་དྭགས་འགྱུར། །བརྫུན་གྱིས་ཟས་གཏེར་བརྗོད་པ་གང་། །རླུང་ཟར་གྱུར་ཏེ་ཟས་མཐོང་ནས། །ཕྱོགས་ཀུན་རྒྱུགས་ཀྱང་མྱང་མེད་པར། །སླར་ཞིང་སྡུག་བསྔལ་རྣམས་ཀྱིས་འཚེ། །ཁྲིམས་གཅོད་གཞན་དག་བཀྲེས་སྐོམ་གྱིས། །འཚེ་བྱེད་མེ་འདག་ཟ་བ་ཡི། །ཡི་དྭགས་གྱུར་ཅིང་མེ་དེ་ལ། །ཟོས་ནས་ཅུང་ཟད་བདེ་བར་སེམས། །ནོར་ཕྱིར་དུག་ནི་གཏེར་བ་གང་། །ཡི་དྭགས་དུག་ཟར་སྐྱེས་ནས་ཀྱང་། །ཆར་རྣམས་མེར་འགྱུར་དུག་ཟ་ཞིང་། །བྱ་ཅན་རྣམས་ཀྱིས་ཟ་བར་བྱེད། །འབྲོག་དགོན་སེར་སྣས་གཞན་ལ་འཚེ། །དགོན་པར་གནས་པའི་ཡི་དྭགས་འགྱུར། །བཀྲེས་སྐོམས་ཀྱིས་ཉམས་འོ་དོད་འབོད། །འགྱེལ་ཅིང་བྱ་དང་སྲིན་བུས་འཚེ། །རྒྱལ་བའི་མེ་ཏོག་ཕྲེང་བ་ནི། །ལོངས་སྤྱོད་ཕྱིར་སྐུ་དུར་ཁྲོད་ཀྱི།

(༥༠)ཡི་དྭགས་གྱུར་ནས་དེའི་འགོང་། ལྕགས་འབར་གྱིས་བཅིང་སྲིན་བུས་གནོད། །སྐྱེས་ཚལ་ཤིང་ལ་རྐམ་པས་རྐུ། །ཤིང་ལ་གནས་པའི་ཡི་དྭགས་སྐྱེ། །བཀྲེས་ཤིང་སྲིན་བུས་རབ་ཏུ་ཟ། །གཏོར་མ་ཙམ་གྱིས་སྲོག་འཚོ་བྱེད། །རྐུན་ཟས་ནོར་སྣ་ཚོགས་བྱེད་པར། །བཞི་མདོར་གནས་པའི་ཡི་དྭགས་སྐྱེ། །སོགས་ལེས་གཏུབ་པའི་སྡུག་བསྔལ་མྱོང་། །དེ་ཡང་གཏོར་མའི་སྲོག་འཚོའོ། །གང་ཞིག་ལྟར་ན་གཞན་གནོད་པ། །བདུད་རིགས་ཡི་དྭགས་རྣམས་སུ་འགྱུར། །བསམ་གཏན་པ་ལ་འཚེ་བྱེད་ཅིང་། །ཐུ་ལུམ་འབར་ཟ་ངན་འགྲོར་འཁོད། །དེ་སོགས་འབུམ་ཕྲག་དུ་མ་ཡིས། །ཡི་དྭགས་དཔག་མེད་སྡུག་བསྔལ་ཅན། །བརྫུས་སྐྱེས་ཤེས་ཆེ་སྐྱེ་གནས་བཞི། །ཕལ་ཆེར་ཡི་དྭགས་མོ་རྣམས་སུ། །སྐྱེ་སྟེ་ལས་དང་རྗེས་མཐུན་འགྱུར། །དེ་ལས་ཐར་ཀྱང་དུད་འགྲོར་སྐྱེ། །གལ་ཏེ་མིའི་རིགས་སྐྱེས་ཀྱང་། །བཀྲེས་སྐོམས་ཉོན་མོངས་རིགས་རྣམས་དང་། །དབང་པོ་མ་ཚངས་རྣམས་སུ་འགྱུར། །སེམས་ནི་སྤྲེའུ་ལྟ་བུ་ཡིས། །ཡུལ་གྱི་

(༥༡)༄༅། །ཤིང་ཐོག་ལ་སྲེད་ནས། །འདུ་བྱེད་ལག་པ་གཡོ་བ་ཡིས། །སྲེག་པ་ངན་འགྲོའི་གཅོང་རོང་ལྷུང་། །དེ་བས་ཡུལ་གྱི་སྲེད་པ་རྣམས། །སྤོང་བྱེད་སྐྱེས་བུ་རྒྱལ་བས་བསྔགས། །དྲན་པ་ཉེ་བར་བཞག་པའི་དོན་སྣང་བར་བྱེད་པའི་ཚིག་ལེའིར་བྱས་པ་ལས། །ཡི་དྭགས་ཀྱི་ལེའི་སྟེ་གསུམ་པའོ། །དེ་ལས་གཞན་ཡང་དུ་འགྲོ་ཡི། །རྣབ་པའི་སེམས་ཀྱི་རབ་བསྒྲུབས་པ། །ཕལ་ཆེར་མི་དགེ་བསྐྱེད་པ་དང་། །འདྲེས་མ་དགེ་བ་གང་བྱས་པ། །གཏི་མུག་ཤེས་ཆེར་གྱུར་པ་ནི།་ །བྱེ་བ་སུམ་ཅུ་རྩ་བཞི་ཡོད། །བསྡུས་ན་གསུམ་སྟེ་ཁ་འཐོར་དང་། །ཀླུ་དང་ལྷ་མིན་གནས་ན་གནས། །ཁ་འཐོར་འགྲོ་བ་བཞིར་ཁྱབ་སྟེ། །དམྱལ་བར་གནས་པའི་དུད་འགྲོ་ཡང་། །སེམས་རྒྱུད་ཅན་དང་སེམས་རྒྱུད་མེད། །སེམས་རྒྱུད་ལྡན་པ་དམྱལ་བ་གང་། །དེ་ལ་སྨོན་པས་སྐྱེས་གྱུར་ཀྱང་། །སྡུག་བསྔལ་དམྱལ་བ་ཉིད་མཚུངས་སྤྱོད། །སེམས་མེད་རྨི་ལམ་སྐྱེས་བུ་བཞིན།

(༥༢)དམྱལ་བ་དེ་དག་ལ་སྣང་བའོ། །དུད་འགྲོ་ལྷའི་ནང་སྐྱེས་པ། །བདེ་བ་ལྷ་དང་མཚུངས་པ་རྣམས། །དེ་དང་དེ་འདྲས་ལས་སུ་འབྲེལ། །ཁྱད་པར་གླང་པོ་ས་སྲུང་བུ། །འཁོར་ལོའི་བརྒྱུར་རྒྱལ་ལེགས་མཐོང་གི །བྲམ་ཟེ་འདུན་ན་འདོན་གྱུར་པ། །བདེ་ལ་སྲེག་ཅིང་སྨོན་པས་འགྲུབ། །དུད་འགྲོ་ཀུན་གྱི་མཆོག་ཡིན་ཀྱང་། །གང་གིས་བརྒྱ་བྱིན་ཉིད་འགྲུབ་པའི། །དགེ་ལྡན་གླང་ལ་སྨོན་བྱེད་པ། །གཏི་མུག་གིས་འཕངས་མིན་ནམ་ཅི། །དེ་བཞིན་ཡི་དགས་མི་རྣམས་ཀྱི། །གནས་ན་མཚུངས་སྤྱོད་འདྲེས་མས་བསྐྱེད། །མཁའ་ལྡིང་ལ་སོགས་བྱ་རྣམས་ཀུན། །ཕལ་ཆེར་སྒོང་སྐྱེས་མཁའ་ལྡིང་བཞིན། །འབུ་སྲིན་ལ་སོགས་དྲོད་གཤེར་སྐྱེས། །རྟ་གླང་ར་ལུག་མངལ་སྐྱེས་ཏེ། །བརྫུས་སྐྱེས་ལྷ་དང་དམྱལ་བར་སྐྱེ། །བྱ་རོག་འུག་པ་ལྟ་བུ་ཡི། །ཞེ་སྡང་གིས་བསྐྱེད་མི་མཐུན་འགྱུར། །ཆགས་ལྡན་ཤང་ཤང་ངང་ངུར་བཞིན། །རྣབ་སེམས་ཀྱིས་བསྐྱེད་ཁྱི་དང་ཝ།

(༥༣)༄༅། །སྲག་།།།པས་སྐྱེད་པ་རི་དྭགས་རྣམས། །ཆུ་ལ་སྲེག་སྐྱེས་ཉ་ལ་སོགས། །དཔག་མེད་གཏི་མུག་གིས་བསྐྱེད་པ། །ལས་ནི་སྣ་ཚོགས་གསུངས་པ་ཡིན། །དེ་རྣམས་ཟས་ནི་རྣམ་པ་བཞི། །ཁམས་དང་ཡིད་ལ་སེམས་དཔའ་དང་། །རེག་པ་དགའ་བ་ཟས་ཞེས་བྱ། །དང་པོ་སྦྱིན་པ་དམན་པ་སྟེ། །ཡིད་ཀྱིས་བྱིན་དང་ཁས་བླང་དགའ། །གནོད་བཅས་དགའ་བ་དུད་འགྲོ་རྣམས། །བསམ་གཏན་དགའ་བས་འཚོ་བ་གཞན། །མདོར་ན་དུད་འགྲོ་ཐམས་ཅད་ནི། །མཐུན་དང་མཐུན་མིན་ལྡང་མི་ལྡང་། །བཤེས་དང་ཤེས་དང་ལྷན་ཅིག་སྤྱོད། །ལྷན་ཅིག་སྤྱོད་མ་རྣམས།།། །ཁྲ་ལྷག་ལས་སོགས་སྲོག་གཅོད་ལྡན། །ཁྭ་སོགས་མ་བྱིན་རྐང་པ་དང་། །སྦལ་པ་ལ་སོགས་ལོག་གཡེམ་ཅན། །དོན་མེད་སྒྲ་འབྱིན་མཐིང་རིལ་སོགས། །མི་མཐུན་སྨྲ་བ་བྷི་རྒྱུན་རྟ། །ཚིག་རྩུབ་བརྫུན་ལྡན་གཅན་གཟན་རྣམས། །ཝ་སོགས་བརྣབ་སེམས་ལྡན་པ་སྟེ། །སྦྲུལ་གདུག་ལྟ་བུ་གནོད་སེམས་ལྡན། །

(༥༤)ལོག་ལྟས་སྐྱེས་པ་དམྱལ་བའི་བྱ། །དེ་རྣམས་ལས་ཀྱི་རྗེས་འབྲང་བ། །ཡང་ཡང་སྡུག་བསྔལ་མྱོང་བར་བྱེད། །དེ་ནས་སྦྱིན་དང་ཚུལ་ཁྲིམས་ཀྱི། །ཆ་ཤས་གཏི་མུག་ལྡན་སྐྱེད་པ། །དེ་ཡང་གཉིས་ཏེ་ཕྱི་མ་ཡི། །རྒྱ་མཚོར་ལྡན་རྣམས་ཆགས་པའི་བསྐྱེད། །ནང་མ་ཞེས་ལྡང་སྤྱོད་པ་ཡིན། །དེ་རྣམས་གཙོ་བོ་རྒྱལ་པོ་ནི། །མགོ་བདུན་གླང་གདོང་ནོར་རྒྱས་བུ། །འཇོག་པོ་བཟང་ལྡན་བསྐྱེད་པ་དང་། །མི་འཇོམ་སྤྲིན་འཕྲིང་འཁྱིལ་དང་། །ཀུན་འགྲོ་རབ་སྤྲོ་ཆོས་དང་ལྡན། །འདི་རྣམས་མི་ཀུན་བདེ་བར་སྐྱོང་། །རབ་འཇོམས་བསྒྱིང་པ་ནག་པོ་དང་། །ཧུ་ལུ་ཧུ་ལུ་ནག་པོ་ཀླུ། །ཐམས་ཅད་གནས་ནི་ལོངས་སྤྱོད་ལྡན། །དཔག་ཚད་སུམ་སྟོང་རིན་ཆེན་དང་། །མེ་ཏོག་སྣ་ཚོགས་བདུད་རྩི་ཟ། །ཅུང་ཟད་བདེ་བར་གནས་པ་ཡིན། །ནག་པོའི་སྟོབས་ཀྱི་སྐྱེས་པ་རྣམས། །བྱེ་མ་རྡུལ་འདེབས་བསྲོགས་པར་འགྱུར། །བྱེ་ཚན་སྦལ་པ་རླུང་ཟ་བྱེད། །སྡུག་བསྔལ་

(༥༥)༄༅། །རྣམས་ཀྱིས་གདུང་པ་ཡིན། །མི་རྣམས་ལ་ཡང་འཚེ་བར་བྱེད། །རྒྱ་མཚོ་ཆུ་ལག་དང་བཅས་པར། །ཆོས་དང་ལྡན་པའི་ཀླུ་དག་ནི། །བྱེ་བ་ལྔ་བཅུ་རྩ་བདུན་ཏེ། །ཆོས་མི་ལྡན་པ་བགྲང་དུ་མེད། །མ་དྲོས་པ་ལ་སོགས་པ་ཡི། །གླིང་བཞི་རོལ་མཚོ་ལ་གནས་པ། །དེ་དག་ཀླུ་ནི་དུ་མ་རྣམས། །རིག་བཞི་སྣ་ཚོགས་ལས་བསྐྱེད་པའོ། །ཀླུ་མཆོག་ཚེ་ནི་བསྐལ་པ་སྟེ། །གཞན་ནི་ངེས་མེད་དུ་མའོ། །ལྔ་མིན་རིག་ནི་གཉིས་ཡིན་ཏེ། །བདུད་རིག་ཡི་དྭགས་རྫུ་འཕྲུལ་ཆེ། །སྔར་བཤད་དུད་འགྲོར་བགྲང་བ་གང་། །རྒྱ་མཚོར་ནུབ་པའི་རི་རབ་ནི། །བརྒྱད་ཁྲི་བཞི་སྟོང་ལ་གནས་པ། །སྣང་ལྡན་ཟླ་ཕྲེང་གནས་བཟང་ངོ། །མི་གཡོ་ཞེས་བྱ་རྣམ་པ་བཞི། །ཀུན་ཀྱང་ཁྲི་ཕྲག་གཉིས་དང་སྟོང་། །རིམ་བཞིན་གནས་ཏེ་དང་པོ་ནི། །སྒྲ་གཅན་གནས་ཏེ་གྲོང་ཁྱེར་དེ། །དཔག་ཚད་བརྒྱ་སྟོང་རིན་ཆེན་གྱིས།

(༥༦)རང་བཞིན་ལོངས་སྤྱོད་སྣ་ཚོགས་ལྡན། །ཕྱོགས་བཞིར་རྩེ་མོ་ཅན་ཚལ་དང་། །བརྒྱགས་པ་ངང་པ་ཁུ་བྱུག་ཅན། །ཐམས་ཅད་དཔག་ཚད་བརྒྱ་པའོ། །སྣ་ཚོགས་ལྗོན་པ་སྟེང་ཁ་དང་། །མེ་ཏོག་སྣ་ཚོགས་འབབ་ཆུས་བརྒྱན། །བྱ་དང་བུང་བ་དུ་མས་གང་། །དེ་ནས་སྒྲ་གཅན་ཆུང་མར་བཅས། །ཁྲིག་ཁྲིག་བཅུ་གཉིས་བཅས་ཡོད། །འདི་ནི་སྔོན་ཚེ་བྲམ་ཟེར་གྱུར། །སྦྱིན་ལ་བརྩོན་ཞིང་རིགས་བྱེད་མཁས། །རྒྱལ་བའི་མཆོད་རྟེན་མེ་ཤོར་བར། །མཐོང་ནས་ཤིང་རྟ་སྟོང་ཕྲག་བཞིས། །ཆུ་བསྐྱལ་མཆོད་རྟེན་མ་ཚིག་བྱས། །དད་པ་མེད་ཀྱང་འདི་སྐད་སྨྲས། །འདི་ལ་བསོད་ནམས་ཡོང་གྲང་ན། །འདོད་ཁམས་བདག་ལུས་མཆོག་ཏུ་ཤོག །དེ་བརྗོད་ལྷ་མིན་དབང་པོར་གྱུར། །དེ་འཁོར་སྐྱེས་པའི་ལྷ་མིན་རྣམས། །གྲགས་པ་འདོད་དང་རྒྱལ་པོའི་བཀའ། །རང་རིགས་བསྲུང་ཕྱིར་རི་དག་ཉ། །དེ་སོགས་སེམས་ཅན་སྲུང་བྱེད་ཅིང་། །སྦྱིན་བཅས་མི་དགེ་གཞན་སྤྱད་

(༥༧)༄༅། །པ། །ལས་དེས་དེར་སྐྱེས་སྣ་ཚོགས་ལུས། །འདྲེས་མའི་བདེ་མྱོང་ང་རྒྱལ་བཅས། །མི་ལོ་ལྔ་བརྒྱ་ཞག་གཅིག་སྟེ། །དེས་བསྒྲེས་རང་ལོ་ལྔ་སྟོང་ཡིན། །བར་མ་དོར་ནི་འཆི་བ་ཡོད། །དེ་ལྟར་ལྷ་མིན་དབང་པོ་དེ། །ལྷ་གནས་ལྟ་དང་ཟླ་བ་ལ། །རེག་འདོད་གཡུལ་འགྱེད་དེའི་ཚེ། །རྫུ་འཕྲུལ་ལུས་ཀྱིས་ཉི་ཟླ་སྒྲིབ། །དེ་སྒྲ་གནམ་གྲུམ་ཞེས་ཀྱང་སྨྲ། །གཉིས་པ་ལྷ་མིན་འགུལ་འཕྲེང་སྟེ། །སྔ་མ་ལས་ལྷག་གྲོང་ཁྱེར་ནི། །གཉིས་རྩེགས་དཔག་ཚད་བརྒྱད་སྟོང་ཡོད། །ཕྱོགས་བཞིར་དགའ་བྱེད་ལྷ་ཚེར་དང་། །མི་སྣང་ཡིད་འོང་གསེར་རི་བཞི། །སྐྱེ་ཚལ་གནས་དང་བཅས་པ་ཡོད། །སྣ་ཚོགས་ལྗོན་པ་འབབ་ཆུ་བཅས། །གྲོང་ཁྱེར་དབུས་ན་ཀུན་སྣང་མཚོ། །ལས་མཐུས་མཐོང་སྟེ་མེ་ལོང་བཞིན། །དེ་ན་རྒྱལ་པོ་བརྟན་པ་ནི། །ལྷ་མིན་བུ་མོ་དུ་མ་དང་། །ལས་མཐུས་བདེ་ལ་སྤྱོད་པར་བྱེད། །

(༥༨)སྔོན་ཚེ་ཕྱི་རོལ་ཆགས་བྲལ་ལ། །སྦྱིན་པ་བཏང་བས་འབྲས་བུས་སྐྱེད། །སྡིག་བཅས་མཆོད་སྦྱིན་གང་བྱེད་པ། །འཇིག་རྟེན་འབྲས་འདོད་དེར་སྐྱེ་འགྱུར། །ཚེ་ནི་མི་ལོ་དྲུག་བརྒྱ་ལ། །ཞག་ཅིག་ཡིན་ཏེ་རང་ལོ་ནི། །དྲུག་སྟོང་བར་དུ་འཚོ་བ་ཡིན། །དེ་ནས་གསུམ་པ་གཙེར་གནས་འདིར། །གྲོང་ཁྱེར་ཟབ་པ་བརྒྱད་སྟོང་པས། །གཡེར་ཁའི་སྲིད་དང་གསེར་འཕྲེང་འཚལ། །མེ་འཕྲེང་འདྲས་འཚལ་བཞི་ཡིས་བརྒྱན། །གོང་མ་གཉིས་ཀ་ལ་མཛེས་པའོ། །དེ་ན་རྒྱལ་པོ་མེ་ཏོག་བྲེང་། །ཁང་བཟང་སྐྱེད་ཚལ་དུ་མ་ན། །ལྷ་མིན་བུ་མོ་རྣམས་ཀྱིས་མཆོད། །སྟོབས་ལྡན་ལོངས་སྤྱོད་དུ་མས་དགའ། །སྟོན་ཚེ་ཚུལ་འཚལ་མཆོད་པའི་མཐུས། །ཐོབ་པར་འགྱུར་ཅེས་འདྲེན་པས་གསུངས། །གཞན་དག་དེར་ནི་སྐྱེ་བའི་རྒྱུ། །དུས་སྟོན་གྱད་དང་སིལ་ཁྲོལ་དང་། །དགའ་སྟོན་དེ་བཞིན་ཕལ་པ་ཡིན། །སྦྱིན་ལྡན་གནས་དེར་སྐྱེ་བ་

(༥༩)༄༅། །ཡིན། །མི་ལོ་བདུན་བརྒྱ་ཞག་ཅིག་གིས། །བསྒྲེས་།།།རང་ལོ་བདུན་སྟོང་ཡིན། །དེ་ལས་བཞི་པ་རབ་སྤྲོའི་གནས། །གྲོང་ཆེར་མཛེས་པ་ཞེས་བྱ་བ། །གསེར་གྱིས་གཞིའི་སྟེང་ན་གནས། །དཔག་ཚད་བརྒྱ་སྟོང་རིན་ཆེན་གྱི། །རང་བཞིན་བཀྲ་ཞིང་རབ་མཛེས་པ། །ལྗོན་པ་སྐྱེད་ཚལ་དུ་མ་དང་། །བྱ་དང་བུང་བ་མྱོས་པས་གང་། །གྲོང་རྡལ་ལྟེང་ཀ་འབབ་ཆུར་བཅས། །ལྷ་མིན་བུ་མོ་རབ་མཛེས་རྣམས། །རིན་ཆེན་རྒྱན་གྱིས་རྣམ་པར་ཀླུབས། །དེ་དག་བདག་པོ་ཐག་ཟངས་རིས། །བརྩོན་པ་ཆེ་ཞིང་སྟོབས་དང་ལྡན། །རྫུ་འཕྲུལ་དང་ལྡན་འཇིགས་པ་མེད། །བདེ་།།།གཞན་ཡང་རབ་དགོད་ཅེས། །བྱ་བ་སྟོབས་སྙོམས་ལྷག་པར་ཡང་། །ང་རྒྱལ་ལྡན་པ་དེ་ཡང་གནས། །ལྷ་མིན་གཞན་ལས་ལྷག་པ་།།།། །དེ་འཁོར་ཀུན་སྤྲོ་དེ་རྣམས་ཀྱང་། །སྟོབས་ཆེན་ལོངས་སྤྱོད་ལྡན་བག་མེད། །རང་གི་ལས་ཀྱི་བྲས་བུ་སྤྱོད། །རྒྱལ་པོ་དེ་ཡི་

(༦༠)ལས་སྤྱད་པ། །ཡང་དག་ལྟ་བ་མི་ལྡན་ཀྱང་། །ཚུལ་ལྡན་བསོད་སྙོམས་བྱེད་པ་དང་། །འཇིག་རྟེན་དགེ་སྤྱོད་ལྡན་པས་འགྲུབ། །གཞན་དག་སྲེས་པས་ཚུལ་དུ་ནི། །སེམས་ཅན་གནོད་མེད་སྡུག་པ་དང་། །སེམས་བརྩེ་སྦྱིན་པ་དམའ་བས་འགྲུབ། །དེ་ཕྱིར་བདེ་བའི་འབྲས་བུས་ཐོབ། །ཚེ་ནི་མི་ལོ་བརྒྱད་སྟོང་ལ། །ཞག་ཡིན་རང་ལོ་སྟོང་ཕྲག་བརྒྱད། །དེ་ལྟར་དུད་འགྲོ་རྣམས་ལ་ནི། །འཕོས་སྟེ་ལྷ་དང་མིར་སྐྱེས་ཀྱང་། །རང་རང་རྒྱུ་མཐུན་འབྲས་བུས་འབྱུང་། །དེ་ཕྱིར་རྟག་ཏུ་མི་དགེ་སྤོང་། །བག་ཡོད་དགེ་བ་བསྟན་པར་གྱིས། །དེ་ནས་ལྷ་དང་ལྷ་མ་ཡིན། །གཡུལ་དུ་འཇུག་པ་བཤད་པར་བྱ། །མི་རྣམས་དགེ་སྤྱོད་གྱུར་པ་ན། །ལྷ་འཕེལ་རྒྱུ་དེས་ལྷ་མིན་དང་། །ནག་པོའི་ཀླུ་རྣམས་ཡི་མུག་ཅིང་། །ལྷ་མིན་གནོད་བྱེད་གཡུལ་འགྱེད་ཀྱང་། །དཀར་པོའི་ཀླུ་ཡིས་བཟློག་པར་ནུས། །འདྲེས་སྤྱོད་དེ་ཚེ་ཕྲེང་ཐོགས་བོགས། །རྒྱལ་ཆེན་བཞི་པས་

(༦༡)༄༅། །བཟློག་པར་བྱེད། །གང་ཚེ་མི་རྣམས་ཆོས་མིན་སྤྱོད། །ཕ་མ་དགེ་སྤྱོད་མི་འཛིན་པ། །དེ་ཚེ་ལྷ་མིན་དཔུང་སྐྱེས་ཤིང་། །ནག་པོའི་ཀླུའི་མི་རྣམས་ལ། །ལེགས་ཉེས་ཀློགས་དང་ཆུ་རྙོག་དང་། །སྤྲིན་ནག་གཏོང་བ་གླིང་བཞིར་འཚེ། །དེ་ཚེ་ནོར་རྒྱས་བུ་ལ་སོགས། །ནགས་ཕྱོགས་རྣམས་ནི་བཟློག་པའི་ཕྱིར། །གཡུལ་འགྱེད་དེ་ལ་ལྷ་མིན་ནི། །གཉིས་རྩེ་རྣམས་ཀྱིས་གོ་བགོས་ཤིང་། །ནག་པོའི་ཀླུ་རྣམས་ཕྱོགས་བྱེད་འགྱུར། །དེ་དག་ཕམ་པས་སྒྲ་གཅན་ནི། །ཁྲོ་བས་གཡུལ་དུ་འོང་བར་བྱེད། །རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱིས། །ཕམ་བྱས་དེ་ཚེ་གནས་གཉིས་པར། །བརྟན་པ་འགུལ་འཕྲེང་བཅས་པ་ལ། །སྦྲན་དེ་ཁྲོ་བས་དེ་དག་དྲངས། །མི་བཟོད་གཡུལ་འགྱེད་ཕམ་གྱུར་ཚེ། །གསུམ་པ་མེ་ཏོག་ཕྲེང་བཅས་པའི། །ལྷ་མིན་རྣམ་དང་གཡུལ་འགྱེད་འགྱུར། །དེ་རྣམས་ལུས་ངན་ལ་སོགས་པའི། །འཇིག་རྟེན་

(༦༢)སྐྱོང་བས་ཕམ་བྱས་ཚེ། །དེ་ཐོས་རབ་རྒོད་ཐག་ཟང་རིས། །ཁྲོས་ཏེ་དེ་ནས་ལྷ་མིན་གྱི། །རྒྱལ་པོ་རྣམས་ནི་སྟོབས་མེད་དམ། །ལྷ་མིན་བུ་མོ་མཛེས་མ་ཀུན། །ལྷ་རྣམས་མྱུར་དུ་འདོད་དམ་ཅི། །ནོར་རྒྱལ་ཀླུ་དང་དབང་པོར་བཅས། །ཚར་བཅད་བྱ་ཕྱིར་འདོང་ངོ་ཞེས། །སྨྲ་ཏེ་ལྷ་མིན་རྣམས་ལ་བསྒོ། །དེ་ཡི་ཤིང་རྟ་རྩིབས་འབུམ་པ། །འོད་བཅས་ལྷ་མིན་བྱེ་བ་ཕྲག །དུ་མ་སྣ་ཚོགས་གོ་བགོས་ཤིང་། །མཚོན་ཆ་དུ་མ་དང་བཅས་པ། །རྔ་སྒྲ་ལྷ་མིན་སྒྲ་རྣམས་ཀྱིས། །རི་དང་ནགས་ཚལ་གཡོ་བར་བྱེད། །རྒྱུ་དེས་རྒྱ་བྱིན་སྟན་གཡོས་འགྱུར།་ །དེ་ཚེ་ལྷ་དབང་ལྷ་རྣམས་ལ། །བཀའ་རྩོལ་ལྷ་རྣམས་ཐམས་ཅད་ཀུན། །ཤིང་རྟ་སྣ་ཚོགས་ཚལ་དུ་ནི། །གོ་ཆའི་དོན་དུ་རྒྱུག་པར་བྱེད། །དེ་སྒྲ་རྒྱ་མཚོ་འབྲུག་པ་འདྲ། །དེ་ནས་གླང་པོ་ས་སྲུང་བུ། །ལུས་ནི་དཔག་ཚད་སྟོང་ཡོད་པ། །དེ་ནི་གཡུལ་ཕྱིར་སྲུལ་བར་བྱེད། །འགོ་བརྒྱ་རེ་རེ་མཆེ་བ་བཅུ། །དེ་ལ་རྫིང་

(༦༣)༄༅། །བཅུ་པདྨ་སྟོང་། །པདྨ་རེ་ལ་རི་བོ་བཅུ། །རེ་རེའང་རི་ཆུང་བརྒྱ་བརྒྱ་སྟེ། །ལྷ་མོ་བརྒྱ་སྤྲུལ་རོལ་མོ་འབྱིན། །ལྷ་རྣམས་རིན་ཆེན་སྣ་ཚོགས་ཀྱིས། །ཤིང་རྟ་བརྒྱན་པ་རྣམས་ལ་ཞོན། །མཚོན་ཆ་འབར་བ་དུ་མ་དང་། །བཅས་ཏེ་དཔག་ཚད་ཉི་ཁྲི་ཁེངས། །སྒྲ་ཆེན་སྒྲོགས་ཤིང་དོང་བར་བྱེད། །དེ་ལྟར་གཡུལ་ཆེན་རབ་བཤམ་དེ་ཚེ་ལྷ་རྣམས་དང་། །ལྷ་མིན་དཔའ་བོ་སྟོབས་ལྡན་མ་གཏོགས་ཐམས་ཅད་ཀུན། །སྤུ་ཟིང་བྱེད་ཅེས་གསེར་གྱི་རི་བོ་དྲུག་ཁྲི་གཡོ། །རྔ་སྒྲས་བྲག་ཆས་ནམ་མཁའ་རྒོད་ཅིང་རྒྱ་མཚོ་འགུལ། །ཀླུ་རྣམས་རྒྱུག་པས་ས་ཀུན་ཆུར་བཅས་གཡོ་བར་བྱེད། །གནོད་སྦྱིན་ལྷ་གནས་ཀུན་ཏུ་རྒྱུག་པའི་ཁ་རླངས་ཀྱིས། །མཇུག་རིང་འཆར་ཞིང་མི་ཡུལ་འགྲོ་བས་སྐར་མདའ་ལྟུང་། །འཇིག་རྟེན་སྐྱོན་རྣམས་གླིང་བཞི་ཀུན་ལ་རྟོགས་པར་བྱེད། །དེ་ནས་ཐོག་མར་ཀླུ་རྣམས་ཀུན། །གཡུལ་འགྱེད་མེ་དང་དུག་གི་ཆར། །ཀློག་གི་ཕྲེང་བས་འགྱེད་པར་བྱེད།

(༦༤)དེ་ཚེ་དང་པོའི་ལྷ་མ་ཡིན། །ཧ་ཧའི་སྒྲ་འབྱིན་རྒྱུག་པ་ན། །ཀུན་ཏུ་རྒྱུ་བའི་ལྷ་རྣམས་དང་། །ཕྲེང་ཐོགས་བཅས་པས་གཡུལ་འགྱེད་འགྱུར། །དེ་ལ་སྒྲ་ཅན་ཁྲོས་པ་ཡི། །དཔག་ཚད་བཅུ་པའི་རི་འཕེན་ཀྱང་། །མདའ་དང་ཀློག་གི་སྲེད་ཅིང་གཏོར། །རབ་ཏུ་མི་བཟད་གཡུལ་བཀྲེ་བས། །ལྷ་མིན་བརྟན་པ་འཁོར་འདས་ཀུན། །མཚོན་ཆར་བཅས་ཏེ་རྒྱུག་པར་བྱེད། །དེ་མཐོང་ཡོལ་ཐོགས་ལྷ་རྣམས་ཀུན། །གོ་བགོས་མཚོན་ཆའི་ཆར་འབེབས་ཤིང་། །རྒྱ་མཚོ་འཁྲུགས་པར་བྱེད་པར་འགྱུར། །ལྷ་མིན་བརྟན་པ་ཁྲོས་པ་ཡིས། །དཔག་ཚད་ཙམ་གྱིས་དབྱིག་པ་ཐོགས། །ལྷ་རྣམས་ཀུན་ལ་རྒོལ་བ་ན། །གནམ་ལྕགས་འདྲ་བའི་མདའ་ཆར་གྱིས། །དབྱིག་པ་གཅོད་ཅིང་དེ་ཡིས་ལུས། །བར་མཚམས་མེད་པར་འབེབ་པར་བྱེད། །དེ་མཐོང་ལྷ་མིན་མེ་ཏོག་ཕྲེང་། །མི་བཟད་དཔུང་བཅས་རྒྱུག་པ་ན། །རྟག་མྱོས་རྒྱལ་ཆེན་བཞིར་བཅས་པ། །གཡུལ་འགྱེད་རྒྱུག་ཅིང་མཚོན་ཆ་འབེབས་

(༦༥)༄༅། །དེ་མཐོང་ལྷ་མིན་དབང་པོ་མེད། །མཚོན་ཆ་ཀུན་འཇོམས་དཔག་ཚད་ཙམ། །ཐོགས་ཏེ་ལྷ་རྣམས་བརྟེན་པ་ན། །ལུས་ངན་འཇིག་རྟེན་སྐྱོང་བ་ཡི། །ལག་མཐུས་འཕྲོགས་ཏེ་སླར་བརྡེག་པས། །ཉམས་ཏེ་དེ་ནས་འབྲོས་པར་འགྱུར། །དེ་ཚེ་རབ་རྒོད་ཐག་ཟངས་རིས། །ཁྲོས་པས་དེ་ནས་ལྷ་རྣམས་འཇོམས། །དེ་ཚེ་སུམ་ཅུ་རྩ་གསུམ་གྱིས། །ལྷ་རྣམས་ཀུན་དང་གཡུལ་ཆེན་འགྱེད། །དེ་ཚེ་མཚོན་ཆ་སྣ་ཚོགས་སེར་བ་དྲག་པོ་འབབ་པ་ཡིན། །རི་དང་ལྗོན་པ་ཀློག་དང་ཆུ་དག་ཕན་ཚུན་འབེབས་པ་ཡི། །སྒྲ་ཆེན་རྣམས་ཀྱིས་རྒྱ་མཚོར་གནས་པའི་ཆུ་སྲིན་སྲིན་པོ་རྣམས། །སྙིང་འགས་བྱེད་ཅིང་དཔག་ཚད་དུ་མར་མུན་པ་བཞིན་དུ་འགྱུར། །གླང་ཆེན་རྟ་མཆོག་ཤིང་རྟ་འཁོར་བའི་སྒྲ་རྣམས་ཕྱོགས་ཀུན་ཁྱབ། །སྟར་མ་སྐྲག་བྱེད་རྔ་སྒྲས་ནམ་མཁའ་འདྲལ་བར་བྱེད་པ་བཞིན། །ཕན་ཚུན་དམྱལ་སློར་འགྱུར་བྱེད་མི་བཟད་

(༦༦)གཡུལ་ཆེན་འདྲས་པར་འགྱུར། །དེ་ཐོས་པས་ཀྱང་སྤུ་ལོང་བྱེད་འགྱུར་མཐོང་ན་ཅི་ཞིག་སྨོས། །གལ་ཏེ་ལྷ་རྣམས་སྟོབས་ཆུང་ན། །དེ་ཚེ་རྒྱ་བྱིན་དེ་ཉིད་དང་། །རབ་རྒོད་གཡུལ་དེར་འགྱེད་པར་བྱེད། །རབ་རྒོད་ཀྱིས་ནི་རྒྱ་བྱིན་ལ། །རི་བོ་དཔག་ཚད་ལྔ་པ་འཕེན། །དེ་མཐོང་གླང་པོ་ས་སྲུང་བུས། །སྣ་ཡི་དབུས་ཀྱི་ཕྱེ་མར་བྱེད། །དེ་མཐོང་རྡོ་རྗེས་རི་འཕེན་པ། །ས་སྲུང་འབུས་བཟུང་དེ་ཉིད་ཀྱིས། །བྲང་དུ་བརྒྱབ་པས་ལྷ་མིན་རྨོངས། །ཀྱེ་མ་ཞེས་བརྗོད་འགྱེལ་བར་འགྱུར། །ལྷ་དབང་གིས་སྤྲུལ་དབང་པོ་ཡིས། །ནམ་མཁར་བར་འཚམས་གང་ནས།།།། །རྡོ་རྗེའི་ཆར་ཆེན་འབེབས་པར་བྱེད། །དེ་ལ་ལྷ་མིན་ཀུན་སྐྲག་གནས། །ས་འོག་སྒོ་དེར་འབྲོས་བྱེར་འགྱུར། །དེར་ནི་སྤྲུལ་པས་འགྱེད་པ་དང་། །དེ་བཞིན་མེ་དང་གནམ་ལྕགས་ཆར། །དུག་དང་རལ་གྲི་རྡོ་རྗེ་དང་། །རྩེ་གསུམ་ཤག་ཏི་དྲི་མེད་

(༦༧)༄༅། །མཚོན། །འཁོར་ལོ་མདའ་དང་ཐང་ཤོལ་དང་། །རྡོ་དང་རི་བོ་ལྗོན་པ་སོགས། །ཐམས་ཅད་ཆར་བཞིན་འབབ་པར་བྱེད། །སྤྲིན་ཆེན་རླུང་གིས་གཏོར་བ་བཞིན། །ལྷ་དང་ལྷ་མིན་དཔའ་བོ་རྣམས། །ཧ་ཧ་སྒྲ་འབྱིན་འཐོན་ཅིག་ཅེས། །བར་འཚམས་མེད་པར་སྒྲོགས་པར་བྱེད། །དེ་ཚེ་ལྷ་མའི་དབང་པོ་ཡི། །ཤིང་རྟ་གླང་པོ་ས་སྲུང་གི །བུ་ཡི་རྩ་བཞིན་ཕྱེ་མར་བྱས། །དེ་ལྟར་གཡུལ་ཆེན་འགྱེད་པའི་ཚེ། །ལྷ་རྣམས་ཡན་ལག་བཅད་པ་དང་། །རྨ་བྱུང་དེ་མ་ཐག་ཏུ་འཚོ། །ལྷ་མིན་རྣམས་ནི་མི་དང་མཚུངས། །རྒྱུ་དེས་ལྷ་རྣམས་ཟད་མི་འགྱུར། །སྔོན་གྱི་སྲོག་གཅོད་སྤངས་པ་ཡིས། །རྣམ་སྨིན་མཆོག་རྨད་ཁྱད་པར་ཡིན། །འདི་ལྟར་གྱུར་ཀྱང་ལྷ་དབང་ནི། །ལྷ་མིན་སྲོག་ལ་གནོད་མི་བྱེད། །རང་ཕྱོགས་བསྐྱབ་དང་རྒྱལ་བའི་ཕྱིར་རོ། །དེ་ནས་ལྷ་མིན་རང་གི་གནས། །སྡུག་བསྔལ་ཞུས་ཞིང་སོང་ནས་ཀྱང་། །ལྷ་མིན་བུ་མོ་རྣམས་མྱ་ངན་བྱེད། །ལྷ་དབང་རྩ་

(༦༨)གསུམ་དེར་འགྲོ་ཞིང་། །ལྷ་རྣམས་དག་ཞིང་ལས་ལ་སྤྱོད། །ཀྱེ་མ་འཁོར་བ་སྙིང་པོ་མེད། །དེ་ཕྱིར་འཐབ་རྩོད་སྤངས་པར་བྱ། །དྲན་པ་ཉེ་བར་བཞག་པའི་དོན་སྣང་བར་བྱེད་པའི་ལེའུར་བྱས་པ་ལས། །དུད་འགྲོའི་ལེའུ་སྟེ་བཞི་པའོ། །དེ་ནས་གཞན་ཡང་དགེ་བ་ཡི། །རྒྱུ་ལས་གྲུབ་པའི་མི་རྣམས་ནི། །མཆོག་ནི་འཁོར་ལོའི་བསྒྱུར་བ་དང་། །བསྐལ་པ་དང་པོ་སྒྲ་མི་བརྙན། །གླིང་གཉིས་བར་མ་འབྲིང་ཡིན་ཏེ། །ཐ་མ་ཚེ་ལོ་བཅུ་པའོ། །དེ་རྣམས་གནས་ནི་གླིང་བཅུ་གཉིས། །གླིང་གསུམ་ལོངས་སྤྱོད་ལྡན་པ་སྟེ། །འཛམ་གླིང་ལས་ཀྱི་ས་པར་གྲགས། །ཁྲུ་བརྒྱད་བཅུ་དྲུག་སུམ་ཅུ་གཉིས། །ཤར་ནུབ་བྱང་གི་ལུས་ཀྱི་ཚད། །ཚེ་ནི་བརྒྱ་ཕྲག་ཕྱེད་དང་གསུམ། །ཤར་ཡིན་ནུབ་བྱང་ཕྱེད་འཕགས་སོ། །འདིར་ནི་དཔག་མེད་ནས་ལོ་བཅུ། །ལུས་ཀྱང་དེ་བཞིན་མཚུངས་གྱུར་ཏེ། །ཕྱེད་དང་བཞི་དང་ཁྲུ་བཞིར་གྲགས། །ལོངས་སྤྱོད་ཐོག་མར་གཟུགས་ཁམས་

(༦༩)༄༅། །བཞིན། །རིམ་གྱིས་ས་ཞག་མྱུ་གུའི་ཚལ། །སཱ་ལུ་རྣམས་ཀྱིས་རོ་ལ་ཆགས། །སྲེད་པས་ཉོན་མངོས་རབ་སྐྱེས་ནས། །རྩོད་དང་ཆགས་གྱུར་མི་དགེ་སྤྱད། །མང་པོས་བཀུར་སོགས་རྒྱལ་རིགས་བྱུང་། །འདོད་ཉུང་ནག་གནས་བྲམ་ཟེ་གྲང་། །བར་མ་རྗེ་རིགས་ཐ་མ་དམངས། །མཐར་ནི་མི་དགེ་རྫོགས་སྤྱོད་པས། །མུ་གེ་ནད་དང་མཚོན་སྐལ་བར། །ལོ་ཟླ་ཞག་བདུན་གོ་རིམས་བཞིན། །དེ་རྣམས་ངན་འགྲོར་མཚུངས་པ་ཡིན། །གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། །གླིང་བཞི་ནས་ནི་ཅིག་གི་བར། །དབང་བྱེད་འཁོར་ལོ་ནོར་བུ་དང་། །གླང་རྟ་བུད་མེད་བློན་པོ་དང་། །དམག་དཔོན་བདུན་ཏེ་བ་ཡང་།།།། །རལ་གྲི་ལྤགས་པ་ཁྱིམ་དང་ནི། །ཚལ་དང་གོས་ལྷམ་མལ་ཆུ་བདུན། །སྦྱིན་དང་ཚུལ་ཁྲིམས་མཐུ་ལས་གྲུབ། །བདེ་སྡུག་དགེ་དང་མི་དགེ་བའི། །རྣམ་སྨིན་གྱིས་བསྐྱེད་དབང་འབྲས་ནི། །ཡུལ་སྣང་ཐུན་མོང་ཐུན་མོང་མིན།

(༧༠)གང་གིས་སྟོབས་བྱས་སྐྱེས་བུ་བྱས། །དེ་བཞིན་སོ་སོར་མྱོང་སུ་མྱོང་། །སྐྱེ་རྒས་ན་དང་འཆི་བ་ཡིས། །རྟག་ཏུ་སྡུག་བསྔལ་གནོད་པ་བྱེད། །དྲག་པོ་འོད་དཀར་ཁྲུང་ཁྲུང་དང་། །ཟླ་བ་ལྷ་མིན་མི་འམ་ཅི། །གསུང་པ་གླིང་ནི་དུ་མ་རྣམས། །སྣ་ཚོགས་ལས་ཀྱིས་བསྐྱེད་པའོ། །ཐམས་ཅད་སེམས་ཀྱི་བཟོད་པ་སྟེ། །མ་རྟོག་འཁོར་བར་རབ་ཏུ་འཁོར། །དྲན་པ་ཉེ་བར་བཞག་པའི་དོན་སྣང་བར་བྱེད་པའི་ཚིག་ལེའུར་བྱས་པ་ལས་མིའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དགེ་བའི་ལས་སྤྱོད་པས། །གྲུབ་པ་ལྷ་ནི་རྣམ་པ་གསུམ། །འདོད་དང་གཟུགས་དང་གཟུགས་མེད་དོ། །འདོད་པ་དྲུག་སྟེ་དེ་རྣམས་ནི། །ཚུལ་ཁྲིམས་རྣམས་པ་བདུན་འབྲས་བུས། །དམན་དང་འབྲས་དང་གྱ་ནོམ་ལས། །བདེ་བ་ཆུང་འབྲིང་ཆེན་པོ་གྲུབ། །དེ་དག་གཉིས་ནི་རི་རབ་རྟེན། །བཞི་ནི་སྤྲིན་བུང་ལྟ་བུར་གནས། །རི་རབ་གསེར་གྱི་ས་གཞི་སྟེ། །འབུམ་དང་དྲུག་ཁྲི་བརྒྱ་སྟོང་སྟེ། །ཕྱེད་ནི་ལྷ་མིན་སྔར་བསྟན་བཞིན། །སྟེང་དུ་

(༧༡)༄༅། །བང་རིམ་བཞི་པ་སྟེ། །རིན་ཆེན་བཞི་ལས་གྲུབ་པ་ཡིན། །རི་བོ་ཁྲི་ཕྲག་དྲུག་ཅུས་མཛེས། །ཕྱི་རོལ་རི་བོ་གཉའ་ཤིང་འཛིན། །ལྷུན་པོའི་ཕྱེད་འཕགས་གཤོལ་མདའ་འཛིན། །སེང་ལྡེང་ཅན་དང་ལྟ་ན་སྡུག །རྟ་རྣ་རྣམ་བདུན་མུ་ཁྱུད་རི། །ཕྱེད་ཕྱེད་ཀྱིས་མདའ་བར་ན་མཚོ། །དང་པོ་སྟོང་ཕྲག་བརྒྱད་ཅུ་སྟེ། །རོལ་མཚོ་གཞན་ནི་ཕྱེད་ཕྱེད་བྲི། །དེ་ལ་རྒྱལ་ཆེན་བཞི་རྣམས་ཀྱིས། །གནས་གཞན་བཞི་ལ་བཅུ་བཅུ་སྟེ། །ཕྲེང་ཐོག་ཡོལ་ཐོག་རྟགས་མྱོས་དང་། །པི་ཝང་གསུམ་པ་རིམ་ཅི་བཞིན། །སྲོག་གཅོད་སྤངས་ཞིང་སྦྱིན་ལྡན་པས། །ལས་བསྐྱེད་རིམ་པ་བརྗོད་པར་བྱ། །དང་པོ་སའི་ཆར་གནས་པ། །འདི་ཡི་ཕྱོགས་ལྟ་ཟུར་གནས་ཞིས། །གཞན་དག་གཡས་སྐོར་རིམ་པས་གནས། །གང་ཞིག་ཤི་ཚེ་དད་ལྡན་པས། །སྐྱབས་སོང་དེར་ནི་ངེས་པར་སྐྱེ། །མཐའ་ལ་གནས་དེར་སྐྱེ་བའི་རྒྱུ། །ཚུལ་ལྡན་གྲུ་ཟམ་བྱིན་ལས་གྱུར། །འབྲས་བུས་

(༧༢)ཉེར་འཚོའི་གནས་སུ་ནི། །རྩེ་བས་འབྲས་བུས་སྦྱིན་པས་སྐྱེས། །ཡོན་ཏན་དཀར་པོ་སྤྱོད་པ་རུ། །མེ་ཏོག་མཆོད་རྟེན་ལ་ཕུལ་སྐྱེ། །ཐམས་ཅད་གར་གནས་དེར་སྐྱེ་བ། །ཚུལ་ལྡན་རྒྱལ་བ་མེ་ཏོག་མཆོད། །གནས་ཚལ་མེད་པས་ཉན་པ་རྣམས། །ཐར་བྱེད་འགྲོ་མགྱོགས་གནས་སུ་སྐྱེ། །ཚུལ་ལྡན་གཞན་དག་བསྡུམ་བྱེད་པ། །ཡུལ་ལ་ཆགས་པའི་ལྷ་གནས་སྐྱེ། །འདོད་ལ་ཆགས་པས་གནས་སྐྱེ་བ། །དད་པས་ཆོས་ཉན་རྒྱུ་ལས་བྱུང་། །ཡིད་གཡོའི་གནས་དེར་དཀོན་མཆོག་ལ། །གུས་པས་ཕྱག་དར་བྱས་པས་སྐྱེ། །ཆོས་གོས་ཕྱིར་ནི་ཅུང་ཟད་ཕུལ། །ཉེ་བའི་ཚུལ་གྱི་གནས་སུ་འགྲོ། །དེ་རྣམས་ལས་ཀྱིས་བདེ་སྤྱོད་པ། །འཁོར་ལོས་བསྒྱུར་བས་དཔེ་བྱ་མིན། །དེ་ན་རིན་ཆེན་སྣ་ཚོགས་ཀྱི། །ཚལ་དང་མེ་ཏོག་དུ་མ་མཛེས། །ཆུ་གཙང་སྦྲང་ཆར་དགུ་འབྲུམ་གྱི། །འབབ་ཆུ་སྣ་ཚོགས་རབ་ཏུ་འབར། །སྒྲ་བསྙེན་བྱ་དང་བུང་བས་ཁེངས། །རྒྱན་དང་

(༧༣)༄༅། །གོས་དང་བཟའ་བཏུང་རྣམས། །བསམ་པ་ཙམ་གྱིས་འབྱུང་འགྱུར་ཞིང་། །མཛེས་པའི་ལྷ་མོ་བརྒྱ་ཕྲག་གིས། །སྣ་ཚོགས་མཆོད་པའི་སིལ་སྙན་སྒྲོགས། །མེ་ལོང་ཚལ་དུ་སྨོན་གྱིས་ལས། །སྣང་འགྱུར་བདེ་བ་དཔག་ཏུ་མེད། །རླུང་ལྟར་གང་འདོད་གནས་སུ་རྒྱུ། །གནས་འདིར་ལུས་ཀྱི་རྩིབ་སོགས་ནས། །ཞག་བདུན་ན་སྐྱེ་བདེ་ལྡན་འགྱུར། །གཉིས་པ་ལག་ན་ཡོལ་ཐོགས་ཀྱི། །གནས་ནི་པདྨའི་ནང་རྒྱུ་དང་། །བུང་བ་སྒྲ་སྙན་སྒྲ་ལ་ཆགས། །ཏྲིས་ཏྲེགས་དགའ་དང་རླུང་ལ་སྤྱོད། །མེ་ཏོག་ཕྲེང་དགའ་ཀུ་ཏུ་ལྟ། །རྟག་ཏུ་དགའ་དང་དྲི་ལ་ཆགས། །སྤྱི་གཙུག་ཐར་ཏེ་རྣམ་པ་བཅུ། །དེར་སྐྱེ་རྒྱུ་ནི་སྲོག་གཅོད་སྤངས། །སྡོམ་ལྡན་ཁྱད་པར་བྱེ་བྲག་ནི། །དཀོན་མཆོག་དད་པས་ཕྱག་བྱེད་དང་། །སྙིང་རྗེའི་སེམས་ནི་མཆོད་རྟེན་མཆོད། །དད་པས་རྒྱལ་ལ་གདུགས་ཕུལ་དང་། །མཆོད་རྟེན་ལ་ནི་དྲི་ཆབ་ཕུལ། །ཚད་དུས་དགེ་སློང་རླུང་གཡབ་བྱིན། །སྐོམ་དང་ངལ་ལ་ཆུ་ཕུལ་དང་།

(༧༤) །ནད་པའི་རིམ་གྲོ་བྱས་པ་དང་། །བཙོན་རར་གནས་པ་ཐར་བར་བྱེད། །དཀོན་མཆོག་ལ་ནི་གོས་མཆོག་འབུལ། །གཙུག་ནས་བཅིང་པ་ཐར་བྱེད་པའོ། །འདི་རྣམས་བདེ་བ་སྔ་མ་ལས། །ཤིན་ཏུ་ལྷག་ཏེ་བརྫུས་སྐྱེས་ལྡན། །སྣ་ཚོགས་རི་བོ་ལྗོན་པ་དང་། །རིན་ཆེན་ལས་གྲུབ་འོད་སྟོང་འཕྲོ། །རོལ་མོ་སྒྲ་སྙན་བྱ་རྣམས་ཀུན། །ཐོས་པས་ཡིད་འཕྲོག་ངོམ་པ་མེད། །བཏུང་བ་སྣ་ཚོགས་འབབ་ཆུ་རྣམས། །དེ་བཞིན་བཟའ་བ་དཔག་ཏུ་མེད། །ཁ་དོག་སྣ་ཚོགས་གོས་རྣམས་ཀུན། །ཡང་ཞིང་རེག་ན་བདེ་བ་ཡིན། །སྣ་ཚོགས་སྤོས་ཀྱི་ངད་ལྡན་ཞིང་། །གང་འདོད་རླུང་ནི་ཀུན་ཏུ་ལྡང་། །གཟུགས་མཆོག་རྒྱན་རྣམས་ཀྱིས་མཛེས་པ། །ལྷ་མོ་རྣམས་དང་ལྷན་ཅིག་བརྩེ། །ཡུལ་ལྔ་བདེ་བ་དཔག་ཏུ་མེད། །ཕྱིར་ཞིང་སྲེད་པ་འཕེལ་བྱེད་པས། །མ་ཚིམས་སྲིད་པ་གཞན་དུ་འཕོ། །དེ་ནས་གསུམ་པ་རྟག་མྱོས་ཀྱི། །གནས་ནི་བཅུ་སྟེ་དང་པོ་ནི། །ལྷག་དགའ་ཞེས་

(༧༥)༄༅། །བྱ་དེར་སྐྱེ་རྒྱུ། །ལྷ་དང་གནོད་སྦྱིན་གནས་པའི།།།། །ལྗོན་པ་མི་གཅོད་ཚུལ་ལྡན་པའོ། །གང་གིས་ཨུཏྤལ་སྐྱེད་བྱས་ན། །དད་པས་ཕུལ་གང་ཨུཏྤལ་མཆོད། །ཚུལ་ལྡན་པད་ཚལ་རབ་འབུལ་གང་། །པད་དཀར་སྤྱོད་པའི་གནས་དེར་སྐྱེ། །ཆོས་གོས་དམར་པོ་དད་པས་འབུལ། །དམར་པོ་སྤྱོད་པའི་ལྷ་གནས་སྐྱེ། །ཚུལ་ལྡན་བཟའ་བཏུང་སྦྱིན་བྱེད་གང་། །སྣ་ཚོགས་གནས་སྐྱེ་བདེ་མཆོག་ལྡན། །ཚ་གྲངས་སྐྱོན་པའི་གནས་བྱིན་པ། །དེ་ནི་མཐོ་བར་གནས་སུ་སྐྱེ། །ཚིམ་བྱེད་བཟའ་བཏུང་སྟེར་བ་ཡིན། །རྒྱུན་ཆགས་རྟག་མྱོས་དེར་སྐྱེ་འགྱུར། །ཡོ་བྱེད་བྱིན་ཏེ་ནད་སོས་པས། །དགའ་སྟེ་ཡུལ་ལ་འབོད་དུ་སྐྱེ། །སྙིང་རྗེས་འཆི་ཁར་སྐོམ་བླུད་པས། །ཆུ་བསིལ་གནས་སྐྱེ་བདེ་བར་སྤྱོད། །བརྟན་དགར་སྐྱེ་བར་བྱེད་པའི་རྒྱུ། །དགེ་སློང་ངེས་འབྱུང་རྐྱེན་བྱས་པའོ། །གནས་འདི་རྣམས་ནི་ཐམས་ཅད་དུ། །གོང་མ་

(༧༦)གཉིས་ལས་བཅུ་འགྱུར་གྱི། །བདེ་ལྡན་ལོངས་སྤྱོད་ལྡན་པ་ཡིན། །མཛེས་སྨའི་ལྷ་མོ་མྱོས་མ་དང་།།།། །བྱ་དང་བུང་བ་མྱོས་པ་རྣམས། །ཀླུ་དང་གར་བྱེད་འབྲེལ་པ་བཞིན། །མནྡ་ར་དང་རིན་ཆེན་བརྒྱན། །བསམ་གྱིས་མི་ཁྱབ་སིལ་སིལ་སྒྲོགས། །འདོད་པའི་ཡོན་ཏན་དྲུག་པོ་ཡི། །ཁྱད་པར་དགའ་བ་རྟག་ཏུ་འཕེལ། །ཁང་བཟངས་སྐྱེད་ཚལ་མེ་ཏོག་ཚོགས། །ཉི་མ་བཞིན་དུ་རབ་ཏུ་འབར། །ཡུལ་གྱི་ཁྱད་པར་མཛེས་པ་རྣམས། །བསམ་མི་ཁྱབ་པས་མྱོང་བ་ཡིན། །དེ་ནས་བཞི་པ་རྒྱལ་པོ་བཞི། །གནས་པ་པི་ཝང་གསུམ་པས་གནས། །དཔག་མེད་ལོངས་སྤྱོད་གཉིས་སྲེད་པ། །དེར་སྐྱེས་རྒྱུ་འབྲས་ལྷན་ཅིག་བཤད། །དང་པོ་དྲི་དགའ་ཞེས་བྱ་བ། །སྐྱེ་བའི་རྒྱུ་ནི་དགེ་འདུན་ལ། །ཀུན་དགའ་ར་བ་སྐྱེད་ཚལ་ཕུལ། །དེ་འབྲས་སྐྱེད་ཚལ་མཚུངས་མེད་ལྡན། །ལོག་ལྟ་ཟློག་ཕྱིར་ཆོས་སྟོན་པ། །སྒྲ་སྙན་གནས་སྐྱེ་ཁྱད་པར་དུ། །བྱ་དང་བུང་བ་མཛེས་པ་

(༧༧)༄༅། །ཡིན། །སྐོམ་བྱིན་འདྲོན་པོ་བདེ་བྱེད་གང་། །དེ་ལ་ཆགས་སྐྱེ་གནས་དེ་ནི། །དེ་མཚུངས་ལྗོན་པ་བྱ་རྣམས་དང་། །རི་བོ་རྣམས་ཀྱིས་བརྒྱན་པ་ཡིན། །སྙིང་རྗེ་ཆེ་ལྡན་འཆི་བ་ལ། །སྨན་དང་ཆུ་སྟེར་ཆུ་་སྐྱེས་དང་། །གནས་སྐྱེ་ལོངས་སྤྱོད་དཔག་མེད་ཅིང་། །ཁྱད་པར་དུས་དྲན་བྱ་རྣམས་ཡོད། །ལྷ་ཁང་མཆོད་རྟེན་རྐྱང་ནུལ་ཚལ། །ལུས་དཀར་དུ་སྐྱེ་གནས་དེ་ནི། །ཚལ་རྣམས་ཁ་དོག་སོ་སོ་སྟེ། །རང་ལུས་དེ་ཡི་ཁ་དོག་འགྱུར། །ཕུན་ཚོགས་དགའ་ལྡན་ཚུལ་ཁྲིམས་སྤྱོད། །སྦྱིན་ལས་བྱུང་སྟེ་དེར་སྐྱེས་པས། །སྣ་ཚོགས་འདྲེས་པའི་ཚལ་ལྡན་པས། །ལྷག་པར་འདོད་པས་མྱོས་པ་ཡིན། །ཡང་དག་ཆགས་སྤྱོད་དེར་སྐྱེ་བ། །ལས་བྱེད་ཤན་པ་གཟེང་སྟོད་ནས། །དགེ་ལ་སྦྱར་བྱས་ལྷ་མོས་བཏུད། །འདིར་ནི་འཕགས་སྐྱེས་གནས་པ་ཡིན། །ཆོས་ལྡན་སྦྱིན་ལ་དད་བྱེད་པས། །འཁོར་དང་རྣམས་སྤྱོད་གནས་སུ་

(༧༨)སྐྱེ། །དེར་ནི་རྣམས་པ་དུ་མ་ཡིས། །ཡུལ་དྲུག་མྱོས་པར་བྱེད་པ་ཡོད། །སྐྱིལ་ཀྲུང་བཅས་སྐྱེར་མུ་གེའི་དུས། །སྦྱིན་དང་ཆུ་ཁྱེར་འབྱིན་པས་སྐྱེ། །འཛམ་བུའི་ཚལ་སོགས་རབ་དགའ་འབར། །འབོད་པ་ཞེས་བྱ་བྱ་རྣམས་ཡོད། །སྤྱོད་ལྡན་གནས་སུ་སྐྱེ་བའི་རྒྱུ། །འབབ་ཁྲོལ་གནོད་པ་བྱེད་པའོ། །གཟུགས་ཀྱིས་ལྷག་མས་མེ་ལོངས་ཚལ། །རྒྱལ་ཆེན་མིག་མི་བཟང་གནས་སོ། །ཡུལ་འཁོར་སྐྱོང་ནི་ཤར་ཕྱོགས་ཏེ། །ལུས་ངན་བྱང་ཕྱོགས་ལྕང་ལོ་ཅན། །གཞན་ཡང་ལུས་པ་འཕགས་པར་སྐྱེས། །སྣ་ཚོགས་གཟུགས་དང་ལྕང་ལོ་ཅན། །ངོས་ལ་ཉིས་བརྒྱ་ལྔ་བཅུ་ཡི། །གཉའ་ཤིང་འཛིན་སྟེང་གནས་པ་སྟེ། །དཔག་མེད་བཀོད་པ་ལོངས་སྤྱོད་ལྡན། །དེ་འཁོར་ཀུན་ཏུ་རྒྱུ་བའི་ལྷ། །བྱེ་བ་ཕྲག་ནི་སུམ་ཅུ་དྲུག །དེ་རྣམས་གནས་པའི་གཞལ་ཡས་ཁང་། །གཟའ་སྐར་ཞེས་ཀྱང་འཇིག་རྟེན་གྲགས། །ཉི་ཟླ་གཉིས་ནི་ལྷ་གནས་སྟེ།

(༧༩)༄༅། །དཔག་ཚད་ལྔ་བཅུ་གཅིག་དང་བཅས། །གྱེན་ཐུར་འཕང་བའི་མདའ་ཡབ་དང་། །ནང་ན་སྐྱེད་ཚལ་གྲོང་ཁྱེར་དང་། །ལྟེང་ཀས་བརྒྱན་ཅིང་ལོངས་སྤྱོད་ལྡན། །འཁོར་ལོའི་རླུང་གིས་འདྲེན་པ་ཡིན། །ནམ་ཕྱེད་ཉི་མ་ནུབ་པ་དང་། །ཉི་མ་ཕྱེད་དང་འཆར་དུས་ཅིག །ཉི་མའི་འོད་དང་རང་གྲིབ་ལ། །བརྟེན་ནས་ཟླ་བ་འཕེལ་འགྲིབ་བྱེད། །འདིར་ནི་ཚུལ་ལྡན་བརྩེ་བ་ཅན། །ཁྱད་པར་སྒྲོན་མེ་བྱིན་པའི་མཐུས། །འཇིག་རྟེན་སྐྱོང་བ་བཞི་པོ་ནི། །ཚུལ་ཁྲིམས་བསོད་ནམས་གཞན་པས་ལྷག །སྣ་ཚོགས་ལོངས་སྤྱོད་བསམ་མི་ཁྱབ། །སེམས་ཀུན་རྟོགས་དགེ་བ་ཡིན།།། །གྲངས་བཞིན་ཡུལ་ཀྱང་དེ་འདྲར་སྣང་། །འདི་ལྟར་ལྷ་གནས་བཞི་བཅུ་རུ། །སྐྱེས་ནས་བདེ་བ་མང་སྤྱད་ཀྱང་། །དེ་ཟད་ངན་འགྲོར་ལྟུང་བར་བྱེད། །འདི་རྣམས་ཚེ་ནི་མི་རྣམས་ཀྱང་། །ལྔ་བཅུ་ལོ་ལ་ཞག་གཅིག་སྟེ། །རང་ལོ་ལྔ་བརྒྱ་མི་ལོ་ནི། །ས་ཡ་གཅིག་དང་འབུམ་ཕྲག་བརྒྱད།

(༨༠)།མིར་སྐྱེས་ན་ནི་རྒྱུ་མཐུན་གྱིས། །ཕྱུག་ཅིང་སྐལ་བཟང་འཁོར་མང་ལྡན། །རྟག་ཏུ་ཆོས་ལ་དགའ་བར་འགྱུར། །དེ་ནས་སུམ་ཅུ་རྩ་གསུམ་དུ། །སྐྱེས་འགྱུར་རྒྱུ་འབྲས་རྣམས་པར་དབྱེ། །གང་གིས་ཚུལ་ཁྲིམས་རྣམས་པ་བདུན། །མ་རལ་སྐྱོན་མེད་བསྲུངས་པ་དང་། །དགྲ་བཅོམ་ཕ་མ་བསམ་གཏན་དང་། །མཆོད་བྱས་མཆོད་སྦྱིན་སྟོང་ཕྲག་གིས། །མིག་སྟོང་ལྡན་པར་སྐྱེ་བར་འགྱུར། །དེ་ནི་ལྷ་ཡི་དབང་ཕྱུག་སྟེ། །བྱེ་བ་དགུ་བཅུ་རྩ་དགུ་ཡི། །ལྷ་མོ་མཛེས་མ་རྣམས་ཀྱིས་མཆོད། །དེ་རྣམས་མཆོག་ནི་བདེ་སོགས་ཏེ། །དེ་སོགས་ལྷའི་རིན་ཆེན་རྣམས། །བླ་ན་མེད་ལ་དབང་བྱེད་ཡིན། །ལྷུན་པོའི་རྩེ་ལ་བརྒྱད་ཁྲི་སྟེ། །བལྟ་ན་སྡུག་དབུས་ཆོས་བཟང་གནས། །དཔག་ཚད་ལྔ་བརྒྱ་རིན་ཆེན་གྱི། །རང་བཞིན་སྐྱེད་ཚལ་བཞི་དང་ལྡན། །བུད་མེད་དགའ་ཚལ་ཀུན་དགའི་ཚལ། །དཔེ་མེད་ཐམས་ཅད་འབྱོར་པ་བཞིན། །དེ་སོགས་ཉེ་བའི་ཚལ་དང་བཅས། །ཐམས་ཅད་སྣ་ཚོགས་ལྗོན་པ་ནི། །དཔག་མེད་རྫིང་

(༨༡)༄༅། །བུ་དུ་མས་བརྒྱན། །ཟླ་བཟངས་པད་ཆེན་མནྡ་ར། །རིན་ཆེན་མེ་ཏོག་དུ་མར་ལྡན། །སྒྲ་སྙན་ལེགས་སྦྱར་སྨྲ་བ་ཡིན། །བུང་བ་བྱ་རྣམས་དུ་མས་གང་། །དུས་དང་དུས་མེད་ཚལ་རྣམས་ན། །ལྷ་ཡི་གོས་དང་རྒྱན་དང་ཟས། །ཁ་དོག་བཞི་ལྡན་ཡིད་བཞིན་འབྱུང་། །ཁང་བརྩེགས་མཛེས་པ་དཔག་མེད་དང་། །རིན་ཆེན་བྱེ་མ་བརྡལ་བ་དང་། །གཉེན་བཀྲ་ཆེད་དུ་བཤམས་པ་བཞིན། །ཉི་ཟླ་ལས་ལྷག་འོད་ལྡན་པ། །སྣ་ཚོགས་གཞོན་པ་དུ་མ་དང་། །དུས་འབྲང་ཙནྡན་སྣ་ཚོགས་དྲི། །དཔེ་བྱེད་མེད་པ་རྣམས་དང་ལྡན། །མངའ་བདག་ཀོའུ་ཤི་ཀ་ཡིས། །ལྷ་རྣམས་ལེགས་སྟོན་ཕ་དང་འདྲ། །སྣ་ཚོགས་བདེ་བ་མྱོང་བར་བྱེད། །དེ་སྲས་ཆོས་བཟང་ལྷ་ཀུན་ཀྱང་། །ལྷ་རྣམས་བདེ་བ་དཔེ་མེད་ལྡན། །སྲོག་གཅོད་མ་བྱིན་ལེན་སྤངས་ཤིང་། །སྦྱིན་དང་གུས་པས་བསྐྱེད་པ་ཡིན། །དེ་ནས་གཉིས་པ་མཐོར་གནས་སུ། །སྐྱེ་བའི་རྒྱུ་ནི་གཞན་གང་དག་

(༨༢) །སྲོག་གཅོད་མ་བྱིན་ལེན་བྱེད་པ། །སྤོང་བ་སྦྱོར་བའི་གནས་དེ་ནི། །བཟའ་བཏུང་ཆུ་བོ་དུ་མ་དང་། །ལྗོན་ཚལ་གྱིས་བསྟེན་བདེ་ལྡན་ཡིན། །གསུམ་པའི་རི་རྩེར་གནས་ཞེས་བྱ། །གསོད་དང་བུར་ཤིང་སོག་རྐུ་བ། །སྤངས་ཤིང་གཞན་ཡང་དེར་སྦྱོར་བའོ། །དེ་ན་སྐྱེད་ཚལ་དྲུག་ཡོད་དེ། །ཡུལ་ལྔ་མོ་དུ་མ་དང་། །རབ་མྱོས་བདེ་བ་དཔག་ཏུ་མེད། །བཞི་པ་ལྟ་ན་སྡུག་གནས་པའི། །ལྷ་རྣམས་མཚོ་དང་ཆུ་ལས་ནི། །སྲོག་འདོན་བྱེད་དང་ཉམ་ང་བའི། །མ་བྱིན་ལེན་པ་སྤངས་པས་སྐྱེ། །དཔག་ཚད་ཁྲི་པ་གསེར་རང་བཞིན། །དགུ་བརྒྱ་དགུ་བཅུ་གོ་དགུས་སྒོ། །གནོད་སྦྱིན་གྱིས་བསྲུང་སྲང་མཉམ་ཞིང་། །རྫིང་བུ་སྐྱེད་ཚལ་བཞི་མདོ་རྣམས། །ལྷ་མོས་མཛེས་བྱས་སིལ་སྙན་རྡུང་། །གཡེར་ཀ་མུ་ཏིག་ཕྲེང་བས་མཛེས། །རིན་ཆེན་ཤིང་རྟ་དུ་ཞོན་ཅིང་འགྲོ། །ཕུན་ཚོགས་བདེ་བར་གནས་ལྡན་པ་ཡིན། །ལྔ་པ་ཕྱོགས་ཅིག་གནས་སྐྱེ་བའི། །རྒྱུ་ནི་

(༨༣)༄༅། །དབུལ་ཡང་སྦྱིན་བྱེད་དང་། །ལོགས་གཡེམ་བཟུང་བྱ་ཐར་བྱེད་པའོ། །དེ་ནི་འདོད་དང་རྒྱན་རྣམས་ཀུན། །གཞན་པས་ལྷག་གྱུར་ལྷ་མོ་རྣམས། །མཆོད་བྱེད་བདེ་ལྡན་རྨད་དུ་བྱུང་། །དྲུག་པ་ཤིང་གསེབ་གནས་པའི་ལྷ། །དེར་སྐྱེ་བྱེད་རྒྱུ་ཕ་མ་དང་། །རྒྱལ་ལ་བྱེད་རྐུན་པོ་རྣམས།།།། །ཐར་བྱེད་གཞན་ཕན་ལྡན་ཅིང་དྲང་། །དེར་ནི་ལྗོན་ཚོགས་ཁང་བཟངས་དང་། །རྫིང་བུ་བྱ་བཞིན་རྗེས་འབྲང་ཞིང་། །ལྷ་མོ་རྣམས་དང་བཅས་པ་རྣམས། །བདེ་བ་དུ་མ་དཔེ་ལས་འདས། །བདུན་པ་ཤིང་རྟ་སྣ་ཚོགས་བུ། །སྐུ་གཟུགས་མཆོད་རྟེན་ལོངས་སྤྱོད་རྣམས། །འཕྲོགས་པས་ཚིགས་འཇོམས་བཟློག་པས་སྐྱེ། །གནས་དེར་རིན་ཆེན་ཤིང་རྟ་རྣམས། །རྫིང་བཅས་བཀྲ་བའི་མེ་ཏོག་ལྡན། །རིན་ཆེན་སྤེལ་བའི་ལྗོན་པར་ལྡན། །གང་ཚེ་གཡུལ་འགྱེད་བྱེད་པ་ན། །ཚལ་དེར་ལོངས་སྤྱོད་ལེན་པ་ཡིན། །བརྒྱད་པ་དགའ་གནས་དེར་སྐྱེ་བ། །བྱ་རྣམས་གསོད་སྤངས་ལོངས་སྤྱོད་

(༨༤)དག །མ་བྱིན་མི་ལེན་ཆོས་སྟོན་པའོ། །དཔག་ཚད་སུམ་སྟོང་རིན་ཆེན་གྱིས། །ལྗོན་པས་གང་ཞིང་དེ་རྣམས་ལས། །ཁང་ཁྱིམ་བཟའ་བཏུང་ལོངས་སྤྱོད་ཚོགས། །ཐམས་ཅད་བསམ་པ་ཙམ་གྱི་འབྱུང་། །དེར་ནི་ལྷ་ཡི་དབང་པོ་ཡང་། །གླང་པོ་ས་སྲུང་སྤྲུལ་བྱེད་ཅིང་། །དགའ་སྤྱོད་བྱེད་ཅིང་འགྲོ་བ་ཡིན། །དེར་ནི་སྲོག་ཆགས་ཕྲ་མོ་རྣམས། མི་གསོད་རྫ་མཁན་སོགས་ཀྱི་རྫས། །མ་བྱིན་ལེན་པ་སྤངས་པས་སྐྱེ། །གསེར་ཚལ་རིན་ཆེན་དྲ་བས་བཀབ། །བཻཌཱུརྱའི་གཡེར་ཁ་ལས། །ཆོས་སྒྲའི་ཚིགས་བཅད་སྙན་པ་འབྱིན། །ཚལ་འདིར་གཡུལ་འགྱེད་སྔོན་འགྲོ་སྟེ། །ཕམ་རྒྱལ་གནོད་པ་སྣང་བར་མཐོང་། །དེ་ཕྱིར་ཚལ་པའི་འཕགས་པ་ཡིན། །བཅུ་པ་ཡོངས་སུ་སྐྱེ་བའི་རྒྱུ། །ཕ་ལ་བཀུར་བྱེད་ལྡོམ་ལྡན་པས། །ཁ་ན་མ་ཐོ་ཕྲ་མོ་འཛེམ། །དེའི་ལྗོན་པ་ཁྱད་འཕགས་ཏེ། །མི་རྣམས་ཆོས་ཚུལ་ལྡན་མི་ལྡན། །ཤེས་ཏེ་བདེ་བ་དུ་མ་ཡོད།

(༨༥)༄༅། །དེ་ནི་ལྷ་ཀུན་རྒྱལ་ལ་མཆོད། །དབྱར་གྱི་ཀུན་དགའ་སྤྱོད་པ་ཡིན། །བཅུ་གཅིག་འདྲེས་པའི་འགྲམ་གནས་པ། །སྲོག་ཆགས་ཕྲ་མོ་གསོད་རྒྱུ་ཡང་། །ཤིང་ཡང་མ་བྱིན་མི་ལེན་པའོ། །དེར་སྐྱེས་བདེ་བ་མྱོང་འགྱུར་ཏེ། །སྣ་ཚོགས་བཞི་པ་མཉེན་པའི་ཚལ། །དུ་མར་ལྷ་མོ་རྣམས་དང་བརྩེ། །བཅུ་གཉིས་ཚང་ཚིགས་འགྲམ་གནས་ཏེ། །ཁྲིམས་ལྡན་གཞན་ཡང་བསམ་གཏན་པ། །སྦྱིན་བྱེད་གནས་དེར་སྐྱེ་བ་སྟེ། །དུས་ཀྱི་ཚུལ་དུ་བདེ་སྤྱོད་ཅིང་། །སྣ་ཚོགས་བྱའི་གཞོན་པ་དང་། །བཅས་ཏེ་འབབ་སྟེགས་ལྟ་བུར་བདེ། །བཅུ་དྲུག་ནོར་བུའི་སྙིང་པོ་ཏེ། །སྦྲང་རྩི་གནས་ལ་མི་འཚོ་ཞིང་། །མར་མེའི་འོད་ཀྱང་འཛེམ་སྤྱོད་པ། །གཞན་ཡང་མི་དགེ་བཟློག་པས་སྐྱེ། །གནས་དེར་ཉི་མ་བརྒྱ་ཡི་འོད། །འཕྲོག་བྱེད་ཚལ་དང་ལྷ་མོར་ལྡན། །བཅུ་བཞི་ཀུན་ཏུ་གསལ་སྤྱོད་དུ། །ཆུ་དང་ལོ་མར་གནས་པ་ཡི། །སྲོག་མི་འཚོ་ཞིང་ཤིང་ཏོག་སོགས། །མ་བྱིན་ལེན་སྤོང་སྨན་པ་སྦྱིན། །མེ་ཏོག་

(༨༦)ཁྱིམ་དང་བྱ་རྣམས་ཀྱིས། །ཕྱེ་མའི་ཚལ་དུ་ལྷ་མོས་དཀར། །བཅོ་ལྔ་པ་ནི་གསེར་ཕུག་གི །ཁང་པ་ཡིན་ཏེ་དེར་སྐྱེའི་རྒྱུ། །དགྲ་ཡང་སྐྱོན་བྱེད་སྟོབས་ལ་ཞིགས། །སྲོག་ཀྱང་བཏང་སྟེ་གཞན་ཕན་བརྩོན། །རང་གི་ཟས་ཀྱང་བྱིན་པའོ། །བརྒྱ་བྱིན་དགའ་བའི་གསེར་གནས་དེར། །དགའ་ཚལ་ཀུན་པས་ཁྱད་འཕགས་ཡོད། །སྔོན་ནི་ང་ལ་ནུ་ཡིས་སྤྱད། །ཕྲེང་བས་གྲིབ་མ་བཅུ་དྲུག་པ། །དུང་དང་ཆུ་སྲིན་ཉ་རྣམས་ཀྱིས། །སྲོག་མི་གཅོད་ཅིང་བཀོན་མཆོག་གི །སྤོས་ཀྱང་བདག་གིར་མི་བྱེད་པའོ། །དེར་ནི་རིན་ཆེན་གྲིབ་ཤིང་གི །མཆོག་ཏུ་བཟང་ལྡན་གཞལ་མེད་དང་། །རྫིང་བུ་དུ་མ་མེ་ཏོག་བཀྲ། །རིན་ཆེན་བྱ་དང་བུང་བས་གྲགས། །དེ་ལས་གཞན་ཡང་བཅུ་བདུན་པ། །མཐོ་དམན་རྒྱུ་ཞེས་བྱ་བ་དེར། །སྐྱེ་བའི་རྒྱུ་ནི་སྦྲུལ་ལ་སོགས། །མི་གསོད་མ་བྱིན་ལེན་སྤངས་མཐུས། །ལྷ་མོ་རྣམས་དང་བྱ་ཚོགས་དང་། །བུང་བ་དང་བཅས་རི་དང་ཚལ། །ཀུན་ཏུ་འདོད་

(༨༧)༄༅། །པའི་ཡོན་ཏན་ལྡན། །སྤྱོད་ཀྱང་ཚིམས་པ་མེད་པ་ཡིན། །སྣ་ཚོགས་བཀྲ་བས་ཕྱེ་བ་ནི། །བཅོ་བརྒྱད་པ་སྟེ་དེར་སྐྱེ་བ། །སྲོག་སྐྱོབ་དྲང་ཞིང་གཡོ་སྒྱུ་བྲལ། །གཞན་ཕན་བྱེད་ལྡན་ཡི་རང་བའོ། །དེ་ནི་ཡུལ་ལྔ་མཚུངས་མེད་པ། །ཐོབ་ནས་ཆག་འགྱུར་ལྷ་མོ་དང་། །ལྷན་ཅིག་ཡིད་འོང་ཚལ་དུ་བརྩེ། །བག་མེད་ཀྱིས་བཅོམ་སྲེད་གཞན་འགྲོ། །སྦྱོར་བ་འཇུག་པ་ཞེས་བྱའི་གནས། །བཅུ་དགུ་པའོ་དེར་སྐྱེའི་རྒྱུ། །སྲོག་གཅོད་མ་བྱིན་ལེན་པ་ཡི། །རྣམ་པ་ཀུན་སྤངས་སྦྱིན་འདོད་པའོ། །ཀ་ར་ཝཱི་རའི་ཚལ་མཛེས་ཡོད། །གནས་ཀུན་ལྟ་བྱེད་ལོངས་སྤྱོད་རྣམས། །ཐོབ་ཅིང་བདེ་བའི་ཚིམས་པ་མེད། །ཉི་ཟླས་གནས་ཀྱང་ལྟ་བར་བྱེད། །ཉི་ཤུ་པ་ནི་ཞི་སྤྱོད་དོ། །དེར་ནི་གྲང་ཞིང་བཟང་པོར་སྤྱོད། །ཕྲ་མོའི་སྲོག་ལའང་མི་འཚེ་དང་། །ཁེ་དང་གཞན་གནོད་སྤངས་པས་སྐྱེ། །དཔག་ཚད་ཉི་ཤུ་ཕྱེད་བཅས་པའི། །སྣ་ཚོགས་ཚལ་དང་སྤོས་བརྩེགས་

(༨༨)རི། །མུ་ཏིག་ཕྲེང་ལྡན་འབབ་ཆུར་ལྡན། །དེར་གནས་ལྷའི་དབང་པོ་དགྱེས། །གླུ་སྒྲ་ཤིན་ཏུ་ཆགས་པའི་གནས། །ཉི་ཤུ་གཅིག་པོའང་དེར་སྐྱེས་པ། །འབྲུ་གནས་སེམས་ཅན་སྲོག་མི་གཅོད། །དུད་འགྲོ་ཀུན་ལ་ཕན་པ་དང་། །ཆོས་དང་སྲོག་སྦྱན་བྱས་པས་སོ། །འདི་ན་ཁྱད་འཕགས་མྱོ་འགྲོ་འདུལ། །ཞེས་བྱའི་ཁང་བཟང་ཕུལ་བྱུང་བ། །བཅོམ་ལྡན་འཁོར་བ་འཇིགས་བཞུགས་ཡོད། །དེ་ན་བྱ་རྣམས་སྒྲ་འབྱིན་པ། །ཇི་ལྟར་པདྨའི་ཚལ་ནང་དུ། །རྗེན་ཟ་བྱ་རྒོད་མཛེས་མ་ཡིན། །དེ་བཞིན་ཞི་བའི་དགོན་པ་རུ། །མི་དགེ་སྤྱོད་པ་མི་མཛེས་སོ། །ཇི་ལྟར་ཉི་མའི་འོད་གྲང་ན། །ལོག་པར་གྱུར་ཏེ་མི་མཐུན་ལྟར། །བག་མེད་ལྷ་རྣམས་ག་ལ་ཞིག །ཞི་བའི་ཚུལ་དུ་ག་ལ་དགའ། །སྲེག་དང་བྲལ་བའི་བདེ་བ་དང་། །སྡུག་བསྔལ་གྲོལ་བའི་སྐྱོབ་པ་གང་། །བདེ་བ་དེ་ཡི་ཁྱད་པར་ལས། །བདེ་འདི་གྲངས་སུ་མི་བརྩིའོ། །རབ་ཏུ་མྱོས་མེད་བསམ་གཏན་པ། །ཀུན་ཏུ་བཞགས་

(༨༩)༄༅། །ལས་གྲོལ་བ་ཡི། །བདེ་གང་དེ་ནི་བདེ་མཆོག་སྟེ། །སྲེད་པས་བསླུས་པ་འདི་མ་ཡིན། །ཚལ་འདི་ཐུབ་པས་བསྟན་པ་སྟེ། །ཤིན་ཏུ་བསྒོམ་པ་རྣམས་ཀྱིས་བསྟན། །ལྷ་མཆོག་འདོད་ཆགས་ཡིད་བྱེད་ཀྱེ། །བརྟེན་པར་འདོད་པ་མ་ཡིན་ནོ། །ཞེས་སོགས་དུ་མ་སྒྲོགས་པ་ཡོད། །གཞལ་མེད་ཁང་ཆེན་མཛེས་པ་དེའི། །ལོགས་ལས་རྒྱལ་བས་ཚིགས་བཅད་བྲིས། །གཡང་སར་ལྟུང་བའི་གང་ཟག་ནི། །གལ་ཏེ་འཚོ་བར་འགྱུར་ཡང་སྲིད། །བག་མེད་པར་ནི་ལྟུང་བ་དག །ནམ་ཀྱང་བདེ་བ་མི་འཐོབ་བོ། །གལ་ཏེ་ལས་རྣམས་ཐམས་ཅད་ལ། །གང་ཟག་ཤིན་ཏུ་བག་མེད་ལ། །དེ་ནི་ཉིན་དང་མཚན་ཉིད་དུ། །གནས་ཀྱང་དགེ་བར་མི་འགྱུར་རོ། །འཇིག་རྟེན་ཅུང་ཟད་བདེ་གང་དང་། །འཇིག་རྟེན་འདས་པའི་བདེ་བ་གང་། །དེ་དག་བག་མེད་པ་ཡིས་འཇིགས། །དེ་བས་དེ་ནི་ཡོངས་སུ་སྤངས། །ཞེས་སོགས་ལྷ་ཀུན་དོན་མཛད་དོ། །འདི་ནི་དེ་བས་རྨད་དུ་བྱུང་། །ཉི་ཤུ་གཉིས་

(༩༠)པ་གཟི་བརྗིད་འབར། །དེར་ནི་སྔོན་བཞིན་སྡོམ་ལྡན་ཞིང་། །ཕ་མ་དཀོན་མཆོག་མཆོད་པ་སྐྱེ། །གསེར་རི་ཆུ་རྣམས་ལྷུང་ལྷུང་སྒྲོགས། །ལྷ་མོ་གར་བྱེད་ཡིད་གཡོ་བ། །པད་ཚལ་དཔག་ཚད་ལྔ་བརྒྱ་པ། །བྱ་རྣམས་ཆོས་སྒྲ་སྒྲོགས་པ་ཡོད། །བདེ་བ་དུ་མ་རྗེས་སུ་མྱོང་། །ཟླ་བའི་གནས་ལྟར་རྒྱུ་བ་ནི། །ཉི་ཤུ་གསུམ་པའོ་དེར་འགྲོ་བ། །སྐུ་གཟུགས་བཞེངས་དང་སྡོམ་ལྡན་པའོ། །ཟླ་བ་ལས་ནི་བཅུ་འགྱུར་དུ། །འོད་གསལ་ཡུལ་ལྔ་ལྷག་པར་བདེ། །རང་གི་ལས་པའི་འབྲས་ལྡན། །ས་ལ་ཟུང་ནི་ཉེར་བཞི་པ། །དེར་ནི་སྡོམ་ལྡན་རྒྱལ་ལ་གུས། །ཆུ་དང་ཐང་གནས་གཞན་ཕན་བྱེད། །ངན་སྤྱོད་འགྲོ་བ་སྤངས་པས་སྐྱེ། །གནས་འདི་ཀུན་ལས་ལྷག་པ་སྟེ། །སཱ་ལའི་སྟེང་ན་རྫིང་མཆོག་ཡོད། །ལྷ་ཀུན་བག་མེད་བཟློག་པའི་ཕྱིར། །སྔོན་ནི་རྒྱལ་བ་འོད་སྲུང་གིས། །གཅིག་ཏུ་ལས་ཀྱི་མེ་ལོང་སྤྲུལ། །ལྷ་རྣམས་མཆོག་དང་བར་མཐའ་ཡི།

(༩༡)༄༅། །ལས་ཀུན་མཐོང་བར་བྱིན་གྱིས་བརླབས། །ཅིག་ན་ཁང་བཟངས་མཆོག་སྤྲུལ་ཏེ། །དེར་ནི་ཉིད་ཀྱི་སྐུ་དང་ནི། །བེ་དུ་དྲི་མེད་རྩིས་ངོས་ལ། །རིགས་དྲུག་སྐྱེ་དང་འཆི་བ་ཡི། །ལས་ཀུན་སྤྲུལ་པ་སྣང་མཛད་དེ། །ད་དུང་དུ་ཡང་དུས་དུས་སུ། །ལྷའི་དབང་པོས་དེ་ཕྱེ་ནས། །ལྷ་རྣམས་ཡོངས་སུ་སྨིན་པར་མཛད། །དེས་ནི་འདུས་བྱས་ཚུལ་ཤེས་ནས། །མི་རྟག་སྡུག་བསྔལ་བག་མེད་པ། །རྟོགས་འགྱུར་གནས་ནི་དཔེ་བྱར་མེད། །མིག་ཕྱེད་བཙུམས་པས་འགྲོ་བའི་གནས། །ཉེར་ལྔ་པའོ་དེར་སྐྱེ་བ། །ཚུལ་ལྡན་གྲུབ་སྟེགས་སྦྱིན་པ་དང་། །མི་འཚེ་སེམས་ཅན་ཕན་པའོ། །གཞལ་མེད་ཚལ་འཕྲེང་འཁྲིགས་པ་དང་། །རི་བོ་ཚང་ཚིགས་བརྒྱན་པ་ཡོད། །མིག་ནི་ཕྱེད་བཙུམ་ཙམ་གྱིས་ནི། །རི་རབ་སྟེང་འོག་འགྲོ་བར་བྱེད། །རི་རབ་བདེ་བ་དཔག་ཏུ་མེད། །མྱོས་བྱེད་སྲད་པ་འཕྲོལ་པ་ཡོད། །ལུས་མདོག་བཟང་ཞིང་ཆེ་བའི་གནས།

(༩༢)ཉེར་དྲུག་པ་སྟེ་དེར་སྐྱེའི་རྒྱུ། །སྡོམ་ལྡན་ནོར་ལ་མི་བསྐམ་ཞིང་། །གྲིབ་གནོན་གདོན་ལ་གནོད་མི་བྱེད། །དེ་ན་སྣ་ཚོགས་ཚལ་རབ་དང་། །བདེ་བའི་ལོངས་སྤྱོད་དུ་མ་ཡོད། །རེས་འགའ་མཛེས་པའི་རྨ་བྱ་དང་། །སྣ་ཚོགས་ཞོན་ཅིང་ལྷ་ཡུལ་དང་། །འཛམ་གླིང་རྣམས་སུ་ལྟ་བར་བྱེད། །དེ་མཐོང་བྲམ་ཟེ་ལ་སོགས་པ། །ཚངས་དང་སྲེད་མེད་དབང་ཕྱུག་དང་། །གཞོན་ནུ་ཡིན་ཞེས་འཁྲུལ་པ་སྐྱེད། །འོད་ཀྱི་དྲ་བ་མེར་འཁྲུལ་ཅིང་། །རི་རབ་འགྲོ་བ་ལྟུང་མཐོང་ནས། །བསྟན་ཆོས་ངན་ན་སྨྲ་བྱེད་པས། །གནོད་པར་འགྱུར་ཅེས་འདྲེན་པས་གསུངས། །ནོར་བུ་འཕྱང་གནས་ཉེར་བདུན་པ། །དེར་ནི་དགའ་ལྡན་བརྡུལ་ཞུགས་འཛིན། །ཀློག་ཕྱིར་མར་མེ་སྦྱིན་པ་དང་། །བསིལ་བྱེད་སྡིག་གྲོགས་སྤངས་པ་སྟེ། །དེར་སྐྱེས་མཚུངས་མེད་ལྷ་མོ་རྣམས། །མེ་ཏོག་ཆར་འབེབས་བདེ་མྱོང་ནས། །སྣ་ཚོགས་ཚལ་དུ་རབ་རྒྱུ་ཞིང་། །ཡུལ་གྱི་སྲེད་པ་འཕེལ་

(༩༣)༄༅། །བར་བྱེད། །ཉེར་བརྒྱད་རིས་མཐུན་པ་ཞེས་བྱ། །དེར་ནི་ཚུལ་ལྡན་རྒྱུ་མེད་དང་། །ཆོས་ཉན་འདོད་ལོག་ཉེས་སྤྱོད་པ། །།།བྱེད་དགེ་འདུན་མཆོད་པས་སྐྱེད། །དེར་ནི་ཚེ་རབས་དྲན་འགྱུར་ཞིང་། །གསལ་ཡང་སྲེད་པས་ངན་བཟུང་ནས། །སྣ་ཚོགས་གནས་སུ་ལྷ་མོ་དང་། །དགའ་སྤྱོད་བག་མེད་དབང་དུ་གྱུར། །དེ་རྣམས་ཤིན་ཏུ་མྱོས་པ་ལས། །།།།བཟློག་ཕྱིར་དབང་སྤྲུལ་པ་ལས། །གཤིན་རྗེས་སྐྱེས་བུས་བཟུང་བ་རྣམས། །ལྷ་དབང་ཆོས་ནི་སྟོན་བྱེད་པ། །ཡང་དག་ལམ་ལ་བརྟེན་པར་འགྱུར། །ཉེར་དགུ་པ་ནི་འཁོར་ན་གནས། །དེར་ནི་དྲང་ཞིང་ལས་ལ་ལྟ། །ནེ་ཙོ་བྱ་གག་སོགས་ཐར་བྱེད། །དགེ་འདུན་མཆོད་ཅིང་བསྟེན་པས་སྐྱེ། །དེ་ལ་ཁྱད་པར་རི་མཆོག་ཡོད། །དེར་ནི་མཐའ་བྲལ་ལྷའི་བུ། །ལྷུང་བའི་འོད་ཀྱང་མཐོང་ཞེས་གྲགས། །སྣ་ཚོགས་བདེ་སྤྱོད་གནས་ཡིན་ནོ། །སུམ་ཅུ་ས་ནི་མཐོག་སྤྱོད་དེ། །དབང་བྱེད་

(༩༤) ཡིན་ཀྱང་ནོར་མི་འཕྲོག། །ཉེས་བྱེད་སྲོག་ཐར་བརྩོན་པ་དང་། །ཡང་དག་ལྷ་ལྡན་གནས་དེར་སྐྱེ། །དགའ་ཚལ་རྩེ་བས་རི་ཡོད་དོ། །རི་དྭགས་བྱ་སོགས་འཁྲུགས་པས་མཛེས། །ལྕགས་ལོའི་གནས་བཟང་ཚལ་དེར་ནི། །ལྷ་མོ་སྟོང་སྙེད་མཆོད་པར་འགྱུར། །གཟི་བརྗིད་མཆོག་ཅེས་བྱེ་བའི་གནས། །སོ་གཅིག་པའོ་དེར་སྐྱེའི་རྒྱུ། །གཡུལ་དུ་སྲོག་གཅོད་མི་བྱེད་ཅིང་། །ཉེན་ཀྱང་མ་བྱིན་ལེན་སྤོངས་པའོ། །དེར་ནི་གཟུགས་མཆོག་ལྷག་འགྱུར་ཏེ། །མེ་ལོང་ལྟ་བུའི་གསལ་བ་ཡི། །གནས་སུ་མཐོང་ནས་ལྷག་པར་མོས། །སོ་གཉིས་པ་ནི་གཟི་འཕྲིང་འབར། །དེར་ནི་ལྷ་ཁང་མཆོད་རྟེན་ལ། །ཞིག་གསོ་ལོངས་སྤྱོད་ལམ་རྙེད་ཀྱང་། །སྟོན་ཅིང་དགེ་འདུན་འབུལ་བ་དང་། །སྲིན་བུ་ཙམ་ཡང་གསོད་སྤངས་སྐྱེ། །དེ་ནི་བརྒྱ་བྱིན་གཉིས་པ་བཞིན། །སྣ་ཚོགས་བཏུང་བ་འཐུང་བར་བྱེད། །ལྷ་མོ་འབུམ་གྱིས་མཆོད་བྱེད་ཅིང་།

(༩༥)༄༅། །བདེ་བ་དུ་མ་མྱོང་བར་འགྱུར། །མ་འདྲེས་ཞེས་བྱ་སུམ་ཅུ་གསུམ། །རྒྱུ་འབྲས་རྟོགས་ཤིང་གནས་བདུན་བསྲུང་། །དད་ལྡན་དགེ་བ་སྤྱོད་པའོ། །ཉི་མ་ལས་ལྷག་འོད་འབར་ཞིང་། །རིན་ཆེན་བདུན་གྱིས་ཚལ་མཆོག་ཏུ། །ཡུལ་ལྔའི་བདེ་བ་དཔག་ཏུ་མེད། །དེ་ལྟར་གནས་ནི་དེ་རྣམས་ཀྱིས། །ཤར་ཕྱོགས་ཤིང་རྟ་སྣ་ཚོགས་ཏེ། །རྩུབ་འགྱུར་འདྲས་ཚལ་དགའ་བས་བརྒྱན། །ལྷོ་ནུབ་བྱང་ནས་རིམ་ཇི་བཞིན། །ཡོངས་འདུ་བྱང་ཤར་འཚམས་ན་སྟེ། །གཞན་རྣམས་ཕྱོགས་ཀུན་བསྐོར་བར་གནས། །ཕྱོགས་འཚམས་བརྩེགས་པ་བཞི་ལ་ནི། །ལག་ན་རྡོ་རྗེ་འཆང་བར་གནས། །ཁྱད་པར་སུམ་ཅུ་རྩ་གསུམ་ན། །བག་མེད་མྱོང་དང་ལྷ་མིན་གྱི། །གནོད་པས་བཟློག་པ་རྔ་བོ་ཆེ། །གཟུགས་མེད་ཆོས་སྒྲ་འབྱིན་པ་འདི། །རྒྱལ་བའི་ཕྲིན་ལས་ཁྱད་པར་ཡིན། །ཐམས་ཅད་རིན་ཆེན་ས་གཞི་ལ། །ཁང་བཟངས་མཛེས་པར་སྐྱེད་ཚལ་དང་། །རྫིངས་བུ་རིན་ཆེན་ཐེམ་

(༩༦)སྐས་ཅན། །མེ་ཏོག་སྣ་ཚོགས་རབ་བཀྲ་བ། །འོད་འབར་ལྟ་ན་སྡུག་པ་དང་། །སྣ་ཚོགས་སྤོས་ཀྱི་ངད་ལྡན་ཞིང་། །བཟའ་བཏུང་རིན་ཆེན་སྣོད་རྣམས་དང་། །བཏུང་བ་དུ་མ་འབབ་ཆུར་བཅས། །ཡང་ཞིང་བཀྲ་བའི་གོས་རྣམས་དང་། །རྒྱན་ཀུན་བསམ་པ་ཙམ་གྱིས་འབྱུང་། །ཁྱད་པར་བྱ་རྐུན་ཆོས་སྒྲ་སྒྲོགས། །དེ་རྒྱུ་སྔོན་ནི་བཟའ་བཏུང་ཕྱིར། །ཆོས་འཆད་ཟློས་གར་བྱེད་པ་རྣམས། །སྐྱེ་བོ་དགའ་བྱས་རྒྱུ་ཡིས་སྐྱེས། །ལྷ་རྣམས་ཐོག་མར་སྐྱེས་པ་ན། །སྔར་མ་མཐོང་བའི་ཡུལ་སྐྱེས་ཤིང་། །ཀྱེ་མ་ངོ་མཚར་ཡིད་གཞོལ་གྱུར། །དེ་ཚེ་སྔོན་བྱས་དགེ་བ་ལ། །དགའ་ཞིང་ཡིད་རང་བག་དང་ལྡན། །དེ་ནས་ལྷ་མོ་མཛེས་མ་རྣམས། །དྲུང་དུ་འོང་ཞིང་གླུ་དབྱངས་ལེན། །སིལ་སྙན་རྒྱན་གྱིས་སྒྲ་སྙན་དང་། །མེ་ཏོག་ཆར་འབེབས་དེའི་ཚེ། །ཐོག་མེད་སྲེད་པས་བག་ཆགས་ཀྱིས། །དགའ་ཞིང་དེ་རྣམས་ཕྱི་རུ་རྩེ། །ཡུལ་ལྔ་མྱོས་པས་ལྷག་པར་བྱེད།

(༩༧)༄༅། །མཆིལ་པས་བཟུང་བའི་ཉ་བཞིན་འགྱུར། །ལྷའི་གནས་ན་ཁང་བཟངས་རིན་ཆེན་རྣམས་པར་སྤེལ་བས་འོད་འབར་བས། །ཉིན་མོར་བྱེད་ལྟར་རབ་འབར་གཡེར་ཁའི་ཕྲེང་ལྡན་བ་དན་གཡོ་བས་བརྒྱན། །རིན་ཆེན་རྒྱན་ཆ་ལྗོན་པ་འཁྲིགས་པའི་སྐྱེད་ཚལ་དུས་དང་དུས་མེད་འབྲས་བུར་ལྡན། །ཡུར་ཞིང་འདུད་པ་གསོ་དང་རྒྱན་མཆོག་ལྷའི་ཡིད་དང་འབྲེལ་པ་འདྲ། །ཡན་ལག་བརྒྱད་ལྡན་རྫིང་བུ་པད་མའི་གེ་སར་བཀྲ་བའི་ཕྱེ་བ་རྣམས། །རིན་ཆེན་བྱ་དང་བུང་བ་གར་བྱེད་ལྷ་མོའི་གླུ་དབྱངས་ཟིལ་གྱིས་གནོན། །རྒུན་ཆང་སྦྲང་མ་ལྷའི་བཏུང་བ་མྱོས་བའི་སྐྱོན་བྲལ་རོ་མྱོང་བྱེད། །ཟླ་བ་རྒྱས་འདྲའི་བཞིན་ལྡན་ཡན་ལག་རིན་ཆེན་རྒྱན་མཆོག་རྣམ་སྤྲས་པ། །དྲི་མཆོག་ངད་ལྡན་ལྷའི་གོས་འཆང་རེག་ན་བདེ་བར་བྱེད་པ་རྣམས། །ཡིད་དང་འབྲེལ་གཞན་གླུ་གར་གླིང་བུ་སྣ་ཚོགས་རྩེད་ཆོས་དུས་འདའ་བར། །ཤིང་རྟ་རྨ་བྱ་ངང་པ་གླང་པོ་རྟ་མཆོག་བཞོན་བས་ལང་ལོང་དུ། །དགའ་བའི་ཚལ་རྒྱུ་

(༩༨)སྲས་མེད་འབར་བས་ཡུལ་གྱི་བུད་ཤིང་བསྲེག་པར་བྱེད། །དེ་འདྲའི་བདེ་བ་དཔག་མེད་ཀྱང་། །ཚུལ་ཁྲིམས་ཀྱིས་ནི་གཟུགས་མཆོག་དང་། །བར་མ་ཐ་མར་འགྱུར་བར་སྣང་། །གང་གང་སྦྱིན་པ་དེ་འབྲས་བྱེད། །བཟའ་བཏུང་གོས་སོགས་ཁྱད་པར་སྣང་། །རེ་ཞིག་བདེ་བ་ཕུན་ཚོགས་ཀྱང་། །གང་ཚེ་དེ་འབྲས་ཟད་གྱུར་ཚེ། །སྣུམ་ཟད་མར་མེ་བཞིན་དུ་འགྱུར། །སྲིད་གཞན་སྲོག་གཅོད་གང་བྱས་པ། །ཚེ་ཐུང་ལྷ་མིན་གཡུལ་དུ་འཆི། །མ་བྱིན་བླང་ན་རྒྱན་ཀུན་ཀྱང་། །གང་ཚེ་འཆི་རྟགས་བྱུང་བ་ན། །ལྷ་མོ་གཞན་དུ་ཁྱེད་པར་སྣང་། །འདོད་ལོག་རྒྱུས་ནི་ལྷ་མོ་རྣམས། །མཐོང་བཞིན་གཞན་འགྲོ་འདོར་བར་འགྱུར། །ངག་ལས་ལྡན་པ་དེའི་ཚེ། །ཀྱི་ཧུད་སྒྲ་འབྱིན་ལྷ་མོ་རྣམས། །ཚིགས་ནི་བརླང་པོས་སྤྱོད་པར་བྱེད། །ལུས་ནི་དྲི་མར་བཅས་འགྱུར་ཞིང་། །ཆང་གི་རྒྱུས་ནི་རྨོངས་པར་བྱེད། །དེ་ལ་སྡུག་བསྔལ་རབ་འབར་བ། །དམྱལ་བའི་མེ་ཡིས་དཔེ་བྱར་མིན། །དེ་ཚེ་

(༩༩)༄༅། །འགྲོ་ལྡོག་ཡི་མུག་ཅིང་། །ཞག་བདུན་སྡུག་བསྔལ་མྱོང་བར་འགྱུར། །ཚུལ་ཁྲིམས་ལྔ་པོ་སྲིད་བཞིན་དུ། །བསྲུངས་དེ་སྐྱོབ་རྣམས་མི་འབྱུང་ངོ་། །ལས་དང་རྗེས་མཐུན་སྲིད་གཞན་འགྲོ། །འདི་མཐོང་མཁས་རྣམས་ལྷ་ཡུལ་གྱི། །བདེ་བ་སུ་ཞིག་སྨོན་པར་བྱེད། །བག་ལྡན་ཤེས་རབ་གོམ་བྱེད་ན། །གོང་ནས་གོང་དུ་འགྲོ་འགྱུར་ཞིང་། །མིར་སྐྱེས་ན་ཡང་རྒྱུ་མཐུན་གྱི། །ཕྱུག་ཅིང་སྐལ་བཟང་ཕུན་སུམ་ཚོགས། །རིགས་མཐོར་ཡུལ་འཁོར་འབྱོར་པ་དང་། །ཆོས་ལྡན་མཐོང་ན་དགའ་བར་འགྱུར། །འདིར་ནི་མི་ལོ་བརྒྱ་ཕྲག་གཅིག །ཞག་ཡིན་དེས་བསྒྲེས་རང་ལོ་སྟོང་། །མི་ལོ་བྱེ་བ་ཕྲག་གསུམ་དང་། །ས་ཡ་དྲུག་ཏུ་བརྗོད་པ་ཡིན། །དེ་ལྟར་རི་རབ་སྟེང་གི་ཆ། །བརྒྱ་བྱིན་དབང་བྱེད་གནས་སུ་གསུངས། །དེ་ནས་གཞན་ཡང་འཐབ་བྲལ་གྱིས། །གནས་དང་རྒྱུ་འབྲས་བཤད་པར་བྱ། །དེ་རྣམས་མངའ་བདག་རྒྱལ་པོ་ནི། །མུ་སུ་ལུན་

(༡༠༠)།དྷ་ཞེས་བྱ་སྟེ། །ཚུལ་ཁྲིམས་རྣམས་བདུན་སྐྱོན་མེད་པ། །ལྷའི་སྦྱིན་པ་བརྩོན་པས་འགྲུབ། །བརྒྱ་བྱིན་ལས་ནི་བརྒྱ་ཕྲག་དག །དུ་མ་འཕགས་པའི་ལས་ལས་བྱུང་། །འོད་དང་གཟི་བརྗིད་གཟུགས་བརྩོན་འགྲུས། །བདེ་དང་སྤྲོ་བའི་ལྷག་པ་ཡིན། །དེར་གནས་ལྷ་རྣམས་ཐམས་ཅད་ཀྱང་། །སྲོག་གཅོད་མ་བྱིན་ལེན་སྤངས་པས། །སྔ་མ་བཞིན་ཏེ་ཁྱད་པར་དུ། །འདོད་ལོག་སྤོང་བའི་ཚུལ་ཁྲིམས་ནི། །རྣམ་པར་དག་པའི་རྒྱུ་ལས་བྱུང་། །གཞན་གྱི་དབང་བྱས་དེ་བཞིན་དུ། །ཕ་མ་གཉེན་གྱིས་བསྲུངས་པ་དང་། །ལྟ་དང་རྒོད་དང་འཁྱུད་པ་དང་། །ཚུལ་བཞིན་མ་ཡིན་ཡིད་བྱེད་དང་། །རྒྱན་དང་གླུ་སྒྲ་སྔར་རྩེས་པའི། །འདོད་སྡེ་རོ་མྱོང་སྤངས་པ་ཡིན། །ཐོས་ཕྱུག་མཁས་པ་བསམ་གཏན་པ། །ཕ་མ་སྡུག་འཕོངས་ནད་པ་ལ། །ལོངས་སྤྱོད་སྦྱིན་དང་ཆོས་ཀྱི་དོན། །སྦྱོར་བྱེད་སྲོག་གི་སྦྱིན་པ་རྣམས། །སྔོན་བཤད་རྣམས་དང་ལྡན་པ་ཡིན།

(༡༠༡)༄༅། །གནས་དེ་ཁྱད་པར་འཕགས་པ་སྟེ། །རི་རབ་ནས་ནི་འབུམ་ཁྲི་དྲུག །བརྒྱད་སྟོང་སྟེང་གི་ནམ་མཁའ་ལ། །རླུང་གི་སྤྲིན་ཕུང་ལྟར་བཏེག་གོ །དེ་གནས་ཉི་ཤུ་བདུན་ཡོད་དེ། །རབ་ཀྱི་ཤུག་བདག་རྒྱུ་གནས་ཏེ། །བརྩེས་པ་རྒྱུ་དང་ཡིད་ཀྱི་རྒྱན། །རབ་ཏུ་རྣམས་འདྲེས་འཁོར་ཡུག་རྒྱུ། །རླུང་རྒྱུ་རབ་ཏུ་མཐོང་བ་དང་། །འབྲས་བུས་དང་ལྡན་ཅིག་ཏུ་དགའ། །ཀུན་ཏུ་འགྲོ་དང་ཡང་དག་ལྡན། །འོད་ཟེར་རབ་འཕྲོ་སྡོམ་པར་རྒྱུ། །རྟག་ཏུ་བདེ་བ་རབ་འཕེལ་ལྡན། །རི་ཚོགས་རྒྱུ་དང་རྣམ་པར་བཀྲ། །ཟླ་བ་དེ་བཞིན་མཐོང་བར་འདོད། །བསམ་གཏན་དགྲ་དབེན་ང་རྒྱལ་སྒྲོག །འཇུག་སྤྱོད་ཚོགས་ན་རྣམས་པར་རྒྱུ། །རང་ཡུལ་རྣམ་རྒྱུ་ལུས་བརྒྱག་པ་དང་། །རྟག་ཀྱི་གཟི་བརྗིད་ཚལ་མཆོག་དང་། །ནག་ཚལ་འོད་ཟེར་ཞེས་བྱའོ། །ཐམས་ཅད་རིན་ཆེན་རི་མཆོག་དང་། །ནགས་ཚལ་འབབ་ཆུ་མཛེས་པ་དང་། །པདྨ་ཨུཏྤལ་མཚོ་རྣམས་དང་། །དེ་སོགས་སུམ་ཅུ་རྩ་

(༡༠༢)གསུམ་བཞིན། །ཁྱད་པར་དགེ་བའི་ལས་ཀྱི་མཐུ། །འོད་དང་ནུས་པ་བདེ་བ་ཡིན། །རྣམ་པ་ཁྱད་པར་འཕགས་པ་ཡིན། །དེར་གནས་རི་བོ་དེ་དག་ཀྱང་། །ཁ་ཅིག་གསེར་དང་དེ་བཞིན་དངུལ། །ཁ་ཅིག་རིན་ཆེན་བཻ་ཌཱུརྻ། །ཤེལ་དང་བྱེ་རུ་ལ་སོགས་པ། །ལ་ལ་ཐམས་ཅད་རང་བཞིན་ཏེ། །མཐོ་ཁྱེད་དཔར་ཚད་སྟོང་ཕྲག་བཅུ། །དེ་དག་རྩེ་ལ་རིན་ཆེན་ནི། །དྲི་མེད་གནས་ཏེ་ལས་འབྲས་ཀྱི། །གཟུགས་རྣམས་སྣང་བར་འགྱུར་བ་ཡིན། །དེས་ནི་བག་དང་ལྡན་བསྐུལ་བྱེད། །རིན་ཆེན་ལྗོན་པ་བཀྲ་བ་ལས། །བཟའ་བཏུང་གོས་དང་རྒྱན་རྣམས་ཀུན། །བསམ་པ་ཙམ་གྱིས་འབྱུང་འགྱུར་ཏེ། །མེ་ཏོག་དུ་མའི་ཚལ་གནས་པ། །ཁ་ཅིག་གསེར་ལ་དེ་བཞིན་ཤེལ། །སྤུག་དང་མར་གད་མཐོང་ཁ་ཆེ། །དཔག་ཚད་དུ་མའི་ངད་ལྡན་ཞིང་། །འོད་ཟེར་གསལ་བ་དུ་མས་མཛེས། །བྱ་རྣམས་སྣ་ཚོགས་སྒྲ་སྙན་འབྱིན། །འབབ་ཆུ་བདེ་བ་རོལ་མོའི་སྒྲ། །རླབས་ཀྱི་ཕྲེང་བས་རབ་སྤྱོད་པ།

(༡༠༣)༄༅། །རོ་མཆོག་དང་ལྡན་དེ་བཞིན་དུ། །ཁ་དོག་རྣམ་པ་དུ་མར་ལྡན། །མདོར་ན་མང་དུ་སྨོས་ཅི་དགོས། །རྩ་གསུམ་གནས་ལས་བཅུ་དྲུག་འགྱུར། །ཁྱད་པར་ཕུལ་དུ་གྱུར་པ་ཡིན། །དེར་སྐྱེས་ལྷ་དང་ལྷ་མོ་ཀུན། །ཐོག་མར་དྲན་དང་ལྡན་གྱུར་ཏེ། །གང་ཞིག་གིས་སྐྱེས་གནས་འདི་ཅི། །སྙམ་སེམས་དེ་ལ་ལྷག་གཞན་གྱིས། །ཉེར་བསྟན་དགའ་བའི་ཁྱད་པར་སྐྱེ། །དེ་ནས་གོས་དང་རྒྱན་ཐོག་ཅིང་། །སྣ་ཚོགས་ལྷ་གནས་ལྟ་བར་བྱེད། །དེ་ནས་འཐབ་བྲལ་བདག་པོའི་དྲུང། །འགྲོ་བྱེད་དགའ་བའི་ཁྱད་པར་ཐོབ། །དེ་ནས་སྣ་ཚོགས་དགེ་བའི་མཐུས། །བསྒྲུབ་པའི་བདེ་བ་དུ་མ་དང་། །ཡུལ་ལ་སྲད་པའི་ཀུན་རྟོག་གིས། །བག་མེད་བདེ་བ་རྒྱུག་པར་བྱེད། །དེ་ནས་ལྷའི་བུ་རེ་རེ་ཡང་། ལྷ་མོ་སྟོང་དང་དེ་བཞིན་ཁྲི། །དཔག་མེད་ཀྱིས་བསྐོར་མཛེས་པ་ཡིས། །འགྲོས་བཟང་འགྱིང་ཞིང་ཆགས་པ་དང་། དེ་བཞིན་འཛིན་ལ་མཁས་ ༈༈༡༠༤

(པའི་གར། །གླུ་སྒྲ་སྙན་པ་རབ་སྒྲོག་པ། །འཁྱུད་པས་ཚིམ་པར་བྱེད་པ་ཡིན། །ཡན་ལག་ལྔ་ལྡན་རྔ་སྒྲ་དང་། །སིལ་སྙན་དུ་མ་ལྡན་པ་ཡི། །སྤོས་མཆོག་རྣམས་ཀྱི་ངད་ལྡན་ཞིང་། །བདེ་བ་དཔག་མེད་རྗེས་སུ་མྱོང་། །འགའ་ཞིག་རིན་ཆེན་གྲུ་མཛེས་ལ། །ཞོན་ཅིང་ཆུ་རླུང་རྣམས་ན་རྒྱུ། །གཞན་དག་པད་ཚལ་མེ་ཏོག་གི །ཕྲེང་མཛེས་ཆར་བཞིན་འབེབས་པར་བྱེད། །ལ་ལ་རྨ་བྱ་ངང་པ་དང་། །ཤིང་རྟ་སྣ་ཚོགས་བཞོན་པ་ཡི། །ནམ་མཁའི་རི་བོའི་ངོས་ལ་འགྲོ། །དེ་སོགས་ལོངས་སྤྱོད་ཀྱིས་གཡེངས་ལ། །བྱ་རྣམས་ཆོས་ཀྱི་ཚིག་སྨྲ་ཞིང་། །བསྐུལ་ཀྱང་སྲིད་པའི་དབང་དུ་འགྲོ། །ཇི་ལྟར་ཡུན་རིང་ཀུན་དགའ་ཡང་། །ཡུལ་ཅན་རྣམས་ལ་རྟག་པ་མེད། །མི་རྟག་པ་ཡི་བདེ་དེ་ཡང་། །ལྷ་རྣམས་ཀྱིས་ཀྱང་རྟོགས་པ་ཡིན། །བདེ་བ་ཡི་ནི་ལམ་འདི་ལ། །རྣམ་པར་འཇིག་པར་འགྱུར་བ་ཡིན། །འདོད་པ་ཡིས་ནི་སེམས་བསླུས་པས། །རྣམ་པར་ )༡༠༥

(༄༅། །འཇིག་པར་རྟོག་མ་ཡིན། །སྡུག་བསྔལ་གྱིས་འདྲེས་བདེ་རིག་པ། །རབ་ཏུ་གཡོགས་པ་མཐོང་མ་ཡིན། །པདྨའི་ཕྲེང་བས་ཡོངས་བཀབ་བའི། །དུག་གིས་གང་བཞིན་འདོད་ཆགས་ཡིན། །འབྲས་མཆན་དུག་གིས་ལེགས་བསྲེག་པས། །ཇི་བཞིན་དེ་ནི་འཆི་བའི་མཐའ། །དེ་བཞིན་བདེ་བ་འདི་དག་ཀུན། །མཐར་ནི་དམྱལ་བར་འགྱུར་བ་ཡིན། །ལུས་ཀྱི་ལྷ་རྣམས་ཐམས་ཅད་ཀྱང་། །བདེ་ཕྱིར་འདོད་པ་ཞི་ཉིད་མིན། །བདེ་བ་ཡི་ཡང་རྩ་བའི་མཆོག །ཞི་བ་ཅིག་པུར་རབ་ཏུ་གྲགས། །གང་གི་སྙིང་ལ་དེ་མེད་པ། །དེ་ནི་སྡུག་བསྔལ་རབ་ཏུ་གྲགས། །ཞེས་སོགས་དུ་མ་སྨྲས་ནས་ཀྱང་། །ཡུད་ཙམ་བག་ཡོད་དབང་དུ་འགྱུར། །གཞན་ཡང་ལྷ་དབང་གནས་དེ་ནི། །རིན་ཆེན་ཁང་བརྩེགས་མཛེས་པ་ནི། །བསམ་གྱིས་མི་ཁྱབ་ཚལ་བཅས་ཡོད། །དེ་ན་འགྲོ་ལ་ཕན་གཟིགས་པ། །རྣམ་པར་གཟིགས་དང་གཙུག་ཏོར་ཅན། །འཁོར་བ་འཇིགས་དང་གསེར་ཐུབ་དང་། །འོད་སྲུང་ཞེས་བྱ་རྒྱལ་བ་དེའི། །མཆོད་རྟེན་རིན་ཆེན་ལས་བྱས་ཡོད། )༡༠༦

(།དེ་ནས་ལྷ་རྣམས་ཕན་བྱེད་པའི། །མདོ་རྣམས་རིན་ཆེན་གྱིས་བྲིས་པ། །ལྷ་ཡི་དབང་དེ་སྟོན་པར་བྱེད། །དེས་ནི་ལྷ་ཀུན་དོན་བྱས་ནས། །བག་ཡོད་ཆོས་ལ་བརྩོན་གྱུར་ན། །གོང་ནས་གོང་དུ་འཕགས་པར་འགྱུར། །ལྷ་རྣམས་བག་མེད་དབང་གིས་སུ། །སྔོན་གྱི་བདེ་བ་ཟད་ནས་ཀྱང་། །གང་ཚེ་དུས་ལ་བབ་པ་ན། །ངལ་ཅིང་ལོངས་སྤྱོད་ཉམས་པ་དང་། །དབུགས་འབྱིན་སྡུག་ནི་བསྔལ་བར་བྱེད། །ཡུལ་རྣམས་འགག་ཅིང་ཡི་ཆད་པ། །ལྷ་རྣམས་ཀུན་གྱིས་ཡོངས་སྤོངས་ནས། །སྨིག་རྒྱུ་ལྟར་གཡོ་དེ་ནས་ནི། །ངན་འགྲོ་རྣམས་སུ་ལྷུང་བར་འགྱུར། །ལུས་ཀྱང་རླུང་གིས་བཏེག་ནས་ནི། །ནམ་མཁར་འཕངས་ནས་འཐོར་བར་འགྱུར། །གང་ཚེ་འོག་ཏུ་འགྲོ་བ་ཡི། །ལྟས་བྱུང་ཞག་བདུན་ཡིན་མོད་ཀྱང་། །མི་ལོ་སྟོང་དང་བཞི་བརྒྱ་སྟེ། །དེ་སྟེང་སྡུག་བསྔལ་དམྱལ་དང་མཚུངས། །དེས་ན་མཁས་པས་བསམ་གཏན་པ། །བག་མེད་གནས་ལ་སྨོད་བྱེད་ཅིང་། །ལྷའི་བདེ་ལ་ཆགས་ )༡༠༧

(༄༅། །མི་བྱ། །ཡང་དག་རྒྱལ་བའི་དེ་བསྟན་ཏོ། །མི་ལོ་ཉིས་བརྒྱ་ཞག་ཅིག་སྟེ། །དེས་བསྒྲོས་རང་ལོ་ཉིས་སྟོང་ཡིན། །བྱེ་བ་བཅུ་བཞི་ས་ཡ་བཞི། །མི་རྣམས་ལོ་གྲངས་ཡིན་པར་བརྗོད། །དེ་ནི་མཚེ་མ་ཞེས་བྱ་བའི། །ལྷའི་གནས་གཞན་ཡིན་པར་བརྗོད། །དེ་ནས་གཞན་ཡང་དགའ་ལྡན་གྱི། །ཕྱོགས་ཙམ་རབ་ཏུ་དབྱེ་བར་བྱ། །སྔ་མའི་གནས་གཞན་ཇི་སྙེད་པ། །དེ་སྟེང་བྱང་ཆུབ་སེམས་དཔའ་ནི། །འགྲོ་བ་ཀུན་ལ་ཕན་མཛད་པ། །བྱམས་པ་བདག་ཉིད་ཆེན་པོ་བཞུགས། །དེར་གནས་ལྷ་ནི་རྣམ་གཉིས་ཏེ། །འཕགས་པ་དང་ནི་ཕལ་པའོ། །ཕལ་པ་དེ་རྣམས་སྔོན་གྱི་ལས། །ཁྲིམས་ལྡན་རྣམ་པར་དག་པ་ནི། །བླ་ན་མེད་པ་སྲུང་བ་དང་། །དྲང་པོའི་རྟ་ལྡན་འཕགས་རྣམས་དང་། །ཕ་མ་ནད་པ་དབུལ་པོ་ལ། །སྔ་མ་རྣམས་ལས་ལྷག་པ་དང་། །སྦྱོར་དངོས་རྗེས་གསུམ་དག་པས་བྱིན། །དེར་སྐྱེས་ཚེ་རབ་དྲན་པར་འགྱུར། །ལུས་ངག་གཟི་བརྗིད་ )༡༠༨

(འོད་དང་ནི། །སྤྲོ་བ་སྔ་མ་འཐབ་བྲལ་ལས། །ཁྱད་པར་དུ་མས་འཕགས་པར་འགྱུར། །དེ་རྣམས་གནས་ནི་དགའ་ལྡན་པ། །དྲི་མེད་རིན་ཆེན་ས་གཞི་ལ། །སྣ་ཚོགས་འོད་ཀྱི་ཕྲེང་བས་འཁྲིགས། །ནེམ་ཞིང་འཕར་བར་སྣང་བ་སྟེ། །དེ་ན་སྣ་ཚོགས་འབབ་ཆུ་རྣམས། །གསལ་དང་ཡན་ལག་བརྒྱད་ལྡན་པ། །དགོས་རྣམས་རིན་ཆེན་ཤིང་མཆོག་བརྒྱན། །ལ་ལ་ཁ་དོག་ཐ་དད་པ། །རོ་མཆོག་དཔག་ཏུ་མེད་པ་ཡོད། །ཆུ་ལ་གནས་པའི་བྱ་རྣམས་ནི། །འདོད་དགུར་འསྒྱུར་བའི་གཟུགས་ཅན་ཡོད། །ལ་ལ་རིན་ཆེན་ལྷུན་པོ་ལ། །འོད་ཟེར་འབར་ལྡན་རི་སུལ་ལ། །སྨན་ལྗོངས་འབབ་ཆུའི་སྒྲ་སྙན་སྒྲོགས། །བཻ་ཌཱུརྻ་དང་རིན་ཆེན་གསེར། །ཤེལ་དང་དངུལ་གྱི་ལྗོན་པའི་ཚལ། །དབྱིབ་ལེགས་བལྟ་ན་སྡུག་པ་རྣམས། །ཉི་མ་ལས་ལྷག་འོད་འབྱིན་པ། །གཡེར་ཁའི་དྲ་བ་སྒྲ་སྙན་འབྱིན། །སྣ་ཚོགས་སྤོས་ཀྱི་ངད་ལྡན་པ། །དཔག་བསམ་གོས་མཆོག་དུ་མ་དང་། །རྣ་རྒྱན་མགུལ་རྒྱན་སྣང་བྱེད་རྒྱན། །གདུ་བུ་དྲིན་ངེད་མུ་)༡༠༩

(༄༅། །ཏིག་འཕྲེང་། །རྔ་དང་སིལ་previous hit ཁྲོལ་གླིང་བུ ་དང་། །པི་ཝཾ་ལ་སོགས་དུ་མ་དང་། །གཞན་ཡང་བཟའ་བཏུང་སྣ་ཚོགས་ཀུན། །བསམ་པ་ཙམ་གྱིས་འབྱུང་བ་ཡོད། །དེ་ན་རྫིང་བུ་དུ་མ་རྣམས། །ངོས་གཅིག་གསེར་ལ་གཉིས་པ་དངུལ། །པདྨ་རཱ་ག་བཻ་ཌཱུརྻ། །གསུམ་པ་བཞི་པ་རིམ་བཞིན་ལྡན། །ཐེམ་སྐས་རྣམ་པ་དུ་མ་ལ། །ངོས་གཉིས་རིན་ཆེན་ལྗོན་པ་མཛེས། །ཟླ་བ་ཟླ་བཟང་པདྨ་དང་། །ཨུཏྤལ་དེ་བཞིན་ཀུ་མུ་ཏ། །རིན་ཆེན་མེ་ཏོག་དུ་མ་རྣམས། །གཅིག་དང་གཉིས་གསུམ་བཞི་ལྔ་དང་། །ཐམས་ཅད་སྤེལ་ཅིང་བཀྲ་བ་རྣམས། །སྤེལ་ལེགས་མཁས་པས་བཀོད་པ་བཞིན། །རིན་ཆེན་བུང་བ་མྱོས་པ་དང་། །ཆུ་དང་ཐང་ལ་གནས་པའི་བྱ། །སྣ་ཚོགས་ཆོས་ཀྱི་སྒྲ་སྙན་འབྱིན། །ས་ཀུན་དུས་འབྲང་ཙནྡན་དྲི། །སྣ་ཚོགས་སྤོས་ཀྱི་ངད་ལྡང་བ། །ཕྱོགས་ཀུན་ཁྱབ་པར་བྱེད་པ་འདྲ། །དེ་ན་ཁང་བཟངས་དུ་མ་རྣམས། །ཀ་བ་སྟོང་ཕྲག་དུ་མས་བརྒྱན། །རིན་ཆེན་དུ་མ་སྤེལ་བའི་མཛེས། །རྟ་ )༡༡༠

(བབ་ཀར་ཁུང་མུ་ཁྱུད་དང་། །ལན་ཀན་རིན་ཆེན་དུ་མ་ཡི། །བཀོད་པ་དཔག་ལས་འདས་པ་ཡིན། །ཁྱད་པར་བདག་ཉིད་ཆེན་པོ་དེའི། །གནས་དེར་རོལ་མོ་ཐམས་ཅད་ཀྱང་། །ཐེག་མཆོག་སྒྲ་དབྱངས་འབྱུང་བ་ཡིན། །དེ་ལ་སོགས་པའི་ལོངས་སྤྱོད་རྣམས། །སུ་ཞིག་གིས་ནི་བརྗོད་པར་ནུས། །དེ་ན་ལྷ་བུ་རེ་རེ་ཡང་། །ཟླ་ལྟར་ཡིད་གཡོ་མཛེས་པ་ཡི། །བདེ་སོགས་བརྒྱ་འགྱུར་གྱིས་འཕགས་པ། །ལྷ་མོ་སྟོང་ཕྲག་བརྒྱ་རྣམས་ཀྱིས། །གར་དང་རོལ་མོ་སྒྲ་དབྱངས་ཀྱིས། །མཆོད་བྱེད་བདེ་བ་དཔག་ཏུ་མེད། །ལུས་སེམས་ཀུན་ནས་མྱོས་པ་ཡང་། །རེག་པ་ཙམ་གྱིས་ཚིམ་པར་བྱེད། །རིན་ཆེན་མཛེས་པའི་ཤིང་རྟ་དང་། །སྣ་ཚོགས་བཞིན་པ་དུ་མ་ཡང་། །གློག་འགྱུ་ཙམ་དུ་གར་འདོད་དུ། །ཕྱིན་བྱེད་དཔལ་དང་ལྡན་པ་ཡིན། །གནས་དེར་རྒྱལ་སྲས་དུ་མ་ཡིས། །རྣམ་དག་སྤྱོད་ཚུལ་དཔག་ཏུ་མེད། །ཕྱོགས་བཅུས་ཞིང་ཁམས་ཐམས་ཅད་ནས། །སྙན་པའི་འཕྲིན་ལས་ཀྱིས་འདུ་བ། །འདི་ནི་ )༡༡

(༄༅། །སུ་ཞིག་གིས་བརྗོད་ནུས། །ཕལ་པའི་ལྷ་རྣམས་ཐམས་ཅད་ཀྱང་། །གང་ཚེ་བག་མེད་བདེ་བ་ལ། །རྣམས་པར་གཡེངས་བར་བྱེད་པ་ན། །བྱམས་པ་བདག་ཉིད་ཆེ་དེ་ཡི། །ཡོངས་སུ་བསྐུལ་བར་མཛད་པ་ཡིན། །དེས་ན་ལྷ་གནས་ཐམས་ཅད་ལས། །གནས་འདི་ཁྱད་པར་འཕགས་པ་སྙམ། །ཐོས་པ་མང་དང་ཆོས་འཛིན་དང་། །ཤེས་རབ་ལྡན་ཞིང་ཐར་པ་འདོད། །ཡོན་གནས་རྣམས་ལ་དགའ་བ་ཡི། །མི་དེ་དགའ་ལྡན་ཉེ་བར་འགྲོ། །ཐར་པའི་ལས་ལ་རྣམ་གྲངས་དུ་མའི་ལ་ལས་འབད་པ་ཆེར་བྱས་ཀྱང་། །སྣ་ཚོགས་བདེ་ལྡན་དེ་ལ་ཞེན་པས་བདེ་ལྡན་བག་མེད་ཀྱིས་བཅོམས་ནས། །རྣམ་པར་སེམས་གཡེང་རོ་མྱང་འཛིན་པས་སེམས་གཡེངས་དུས་མཐར་བབ་པ་ན། །གནམ་ལྕགས་ལྷུང་ལྟར་ཉམས་ངའི་གནས་སུ་ལྷུང་བ་དེ་ཚེ་རྨོངས་པར་འགྱུར། །དེ་བས་འབད་པ་དུ་མ་ཡིས། །མཁས་པས་བག་མེད་བཟློག་པར་བྱ། །གང་ཚེ་བག་མེད་གྱིས་བཅོམ་ན། །དགའ་ལྡན་སྐྱེས་པའི་ལྷ་དེ་ )༡༡༢

(ཡང་། །རྟགས་ལྔ་མཐོང་ནས་སེམས་རྨོངས་ཞིང་། །ངན་འགྲོ་རྣམས་སུ་ལྟུང་བར་འགྱུར། །མིར་སྐྱེས་ན་ནི་དབང་ཕྱུག་དང་། །སྐལ་བཟང་ཆོས་ཀྱི་སྣོད་དུ་འགྱུར། །མི་རྣམས་ལོ་ནི་བཞི་བརྒྱ་ལ། །ཞག་ཡིན་དེས་བསྒྲེས་རང་ལོ་ནི། །སྟོང་ཕྲག་བཞི་ཡི་མི་ལོ་ནི། །བྱེ་བ་ལྔ་བཅུ་རྩ་བདུན་དང་། །ས་ཡ་དྲུག་གི་ཚད་དུ་འདོད། །དགའ་བ་དུ་མས་བརྒྱན་པ་ཡི། །གནས་གཞན་མདོར་བསྡུས་བརྗོད་པ་ཡིན། །དེ་ནས་གཞན་ཡང་འཕྲུལ་དགའ་ནི། །རང་གི་འཕྲུལ་པའི་བདེ་བ་ལ། །སྤྱོད་བྱེད་གནས་དེར་སྐྱེ་བ་ཡི། །རྒྱུ་ནི་ཚུལ་ཁྲིམས་དག་པ་སྟེ། །སྦྱིན་སོགས་དེ་བ་དེ་དག་ཀུན། །སྔ་མ་ལས་ནི་འཕུལ་བའོ། །གང་གི་འཕྲུལ་དགའི་བདག་པོ་ནི། །དེ་དག་ཀུན་ལས་ཕུལ་བྱུང་བ། །བསོད་ནམས་མཐུའི་ཐོབ་པ་ཡིན། །ལུས་དང་འོད་དང་སྟོབས་རྣམས་ནི། །བརྒྱ་བྱིན་འབུམ་ལས་ལྷག་པ་ཡིན། །གནས་དེར་ལོངས་སྤྱོད་དཔག་མེད་དེ། །རང་གི་ )༡༡༣

(༄༅། །ཡིད་ཀྱི་གང་སྤྲུལ་བ། །དེ་དང་དེ་འདྲ་དབང་བྱེད་འགྱུར། །རིན་ཆེན་སྣ་ཚོགས་ལས་གྲུབ་པ། །ས་གཞི་རི་དང་ལྗོན་པའི་ཚལ། །མེ་ཏོག་སྣ་ཚོགས་ཡུར་གྱིས་འདུད། །ལྷ་ཡི་གཞལ་མེད་ཁང་བརྩེགས་དང་། །སྣ་ཚོགས་རོལ་མོ་དུ་མ་དང་། །དྲི་མཆོག་རྣམ་དག་དུ་མ་དང་། །རིན་ཆེན་སྣོད་དུ་ཟས་མཆོག་ཀུན། །དཔག་མེད་འདོད་ཡོན་ལྡན་པ་ཡིན། །དེ་ན་ལྷ་མོ་དཔག་མེད་པ། །འབུམ་ཕྲག་བཅུར་བཅས་མཛེས་མ་རྣམས། །སྤྲིན་ལས་བྱུང་བའི་གློག་ལྟར་བརྗིད། །རྒོད་ཅིང་རེགས་པས་ཡིད་ཚིམ་བྱེད། །མདོར་ན་དགའ་ལྡན་གནས་དེ་བས། །བཅུ་དྲུག་འགྱུར་གྱིས་ཁྱད་པར་འཕགས། །དེར་གནས་ལྷ་རྣམས་བག་མེད་ལས། །འཕྲུལ་དགའི་བདག་པོ་བཟློག་པར་བྱེད། །བྱ་དང་བུང་བ་དུ་མ་དང་། །སྔོན་བཞིན་ལེགས་སྦྱར་སྒྲ་སྙན་འབྱིན། །སྦྱིན་དང་ཚུལ་ཁྲིམས་རྣམ་དག་གི །ཁྱད་པར་སྣང་བས་དམན་པ་ཀུན། །ངོ་ཚ་ཞུམ་པར་བྱེད་པ་ཡིན། །དེར་ )༡༡༤

(གནས་བདེ་བ་དཔག་མེད་ཀྱང་། །འཕགས་པ་མ་གཏོགས་ལྷ་དེ་རྣམས། །རིང་དང་ཉེ་བའི་འཆི་ལྟས་བཅུ། །བྱུང་ཚེ་སྡུག་བསྔལ་གྱིས་གདུང་ནས། །ངན་སོང་ནང་དུ་ལྟུང་བ་ཡིན། །གང་ཚེ་མིར་སྐྱེས་རྒྱུ་མཐུན་གྱིས། །བདེ་དང་ལོངས་སྤྱོད་ལྡན་པ་དང་། །ཆོས་ཀྱི་རྗེས་སུ་མཐུན་པར་འགྱུར། །འདིར་ནི་མི་ལོ་བརྒྱད་བརྒྱ་ལ། །ཞག་གིས་དེ་བསྒྲེས་རང་ལོ་ནི། །སྟོང་ཕྲག་བརྒྱད་ཡིན་མི་ལོའི་གྲངས། །བྱེ་བ་ཉིས་བརྒྱ་སུམ་ཅུ་དང་། །ས་ཡ་ཕྲག་བཞིར་ངེས་པ་ཡིན། །དེ་ལས་གཞན་འཕྲུལ་དབང་བྱེད་ཀྱི། །ཕྱོགས་ཙམ་མདོར་བསྡུས་བརྗོད་པར་བྱ། །དེ་སྐྱེས་རྒྱུ་ནི་ཚུལ་ཁྲིམས་བདུན། །མ་རལ་སྐྱོན་མེད་བསྲུངས་པ་དེ། །རྨི་ལམ་ན་ཡང་མི་ཉམས་སོ། །དེ་བཞིན་རྣམ་དག་སྦྱིན་པ་ནི། །ཡུལ་ལྔ་མཆོག་ཏུ་གྱུར་པ་ལ། །གུས་བཅས་སྦྱོར་དངོས་རྗེས་གསུམ་ལྡན། །འོན་ཀྱང་དེ་ན་རིགས་གཉིས་ཏེ། །བདུད་རིགས་གཏོགས་དང་གཞན་མའོ། །དེ་ཡང་)༡༡༥

(༄༅། །ཕལ་དང་འཕགས་རིག་གཉིས། །དང་པོ་སྔོན་ནི་ལོག་ལྟ་དང་། །འབྲེལ་པའི་སྨོན་ལམ་གྱིས་འགྱུར་ཏེ། །དཔེར་ན་ཤོར་བ་གཞོན་ནུ་ཡིས། །རྒྱལ་པོ་འོད་ཞི་སྤོས་སྣང་གིས། །བསྟན་ལ་མ་དད་གང་བྱས་པ། །དགེ་སྦྱོང་ཆེན་པོ་ཨུཏྤལ་གཏོང་། །སྙིང་རྗེས་བསྒྲུབ་པའི་དོན་བྱས་པས། །མཐུ་ཡིས་འདི་ན་བདུད་ཅེས་གྲགས། །འོན་ཀྱང་རྒྱུ་འདི་བརྟེན་མེད་པ། །མཆོད་སྦྱིན་གྱིས་བསྒྲུབས་འབྲས་བུས་ཡིན། །ལོག་ལྟས་མནར་མེད་ཁྲིད་པ་ཡིན། །དེ་བས་རྒྱུ་འབྲས་སོ་སོར་སྨིན། །གཞན་དག་ཡང་དུག་ལྟ་དང་ལྡན། །ལོག་ལྟ་རིང་དུ་སྤངས་པ་ཡིན། །གནས་འདི་འདོད་པའི་ལྷ་མི་རྣམས། །ཀུན་གྱི་གནས་ལས་ཁྱེད་འཕགས་ཏེ། །གཞན་གྱི་འཕྲུལ་ལ་དབང་བྱེད་ཕྱིར། །ཉི་མ་དང་ནི་མེ་ཁྱེར་བཞིན། །ཕྱོགས་ཅིག་ཉེ་བར་བརྗོད་པ་ན། །དབང་བསྒྱུར་ལྷའི་གཞལ་མེད་ཁང་། །དཔག་ཚད་བརྒྱ་སྟོང་དུ་མར་ལྡན། །གྲུ་བཞི་རིན་ཆེན་བཞི་རང་བཞིན། )༡༡༦

(།བཞི་ནི་རིན་ཆེན་བཻཌཱུརྻ། །སྣ་ཚོགས་སྒོ་དང་སྒོ་ཁྱུད་དང་། །སྐར་ཁུང་རྟ་བབས་དུ་མ་རྣམས། །རིན་ཆེན་དུ་མ་སྤེལ་བ་ལ། །འོད་ཟེར་ཉི་མ་ལས་ལྷག་འཕྲོ། །ཀ་བ་སྟོང་ཕྲག་དུ་མ་རྣམས། །གཅིག་ནི་གསེར་ལ་དེ་བཞིན་དངུལ། །བཻཌཱུ་རྻ་དང་ཤེལ་དང་ནི། །མ་རྒད་པདྨ་རཱ་ག་དང་། །སྤུག་དང་རྡོའི་སྙིང་པོ་སོགས། །རེ་རེའང་བསམ་གྱིས་མི་ཁྱབ་བོ། །འདོད་ན་མཁའ་ལ་བྱེ་བཞིན་འགྲོ། །འདི་ན་སྐྱེད་མོས་ཚལ་མཆོག་རྣམས། །རེ་རེའང་ངག་གི་བརྗོད་མི་ནུས། །གཟུགས་སྒྲ་དྲི་རོ་རེག་བྱ་ཡི། །མདའ་སྔ་ཡུལ་ལ་དབང་བྱེད་ཕྱིར། །གནས་འདིར་སྲེད་པ་བསྐྱེད་བྱེད་ན། །སུ་ཞིག་མྱ་ངན་འདའ་བར་ནུས། །དེ་ཕྱིར་དབང་བསྒྱུར་བདུད་ཀྱི་ཡུལ། །འདོད་ཁམས་ཀུན་ལ་ཕུལ་བྱུང་ཡིན། །དགའ་བཟང་ལ་སོགས་ལྷ་མོ་རྣམས། །བྱེ་བ་བརྒྱ་ཕྲག་དུ་མས་གང་། །གཅིག་གི་འོད་དང་གཟུར་དང་རྒྱན། །སྣ་ཚོགས་གོས་ལྡན་སྒྲིབ་མེད་པ། །མཛེས་པ་སྤྱོད་ཚུལ་སྒྱུ་མ་བཞིན། །བསམ་)༡༡༧

(༄༅། །ཀྱང་ཤེས་པར་མི་འགྱུར་བ། །ཆགས་བྲལ་མ་གཏོང་འཇིག་རྟེན་འདིར། །གཡོ་བར་མི་འགྱུར་སུ་ཞིག་ཡོད། །མཐོང་བ་ཙམ་གྱིས་ཚིམ་བྱེད་ཡིན། །གནས་དེར་རོལ་མོ་ཅིག་གིས་ཀྱང་། །ལྷ་གནས་སྒྲ་ཀུན་ཟིལ་གནོད་ན། །མི་རྣམས་རོལ་མོ་སྨོས་ཅི་དགོས། །དེ་ཡི་བདུད་རྩི་རོ་མྱོང་ནས། །གཞན་དག་ལྷའི་ཞལ་ཟས་ཀུན། །བོང་བའི་རོ་དང་མཚུངས་པར་འགྱུར། །ཡང་དང་ཚ་གྲངས་རེག་པ་ཡིས། །མི་གདུང་ལུས་ཀུན་ཚིམ་བྱེད་པ། །སྒྲིབས་མེད་གོས་མཆོག་ཕུལ་དུ་བྱུང་། །དེའི་དྲི་བསུང་གཅིག་གིས་ཀྱང་། །ཕྱོགས་ཀུན་དང་བར་བྱེད་འགྱུར་ཞིང་། །ལྷ་མིའི་གདུག་སྤོས་ཟིལ་གནོན་བྱེད། །དེ་ལྟར་བརྗོད་ཀྱིས་མི་ལངས་བའི། །ཁྱད་པར་བསམ་པ་ནུས་པ་མིན། །དེ་ན་མེ་ཏོག་རེ་རེ་ཡང་། །དཔག་ཚད་དུ་མ་ཁྱད་ལྡན་པ། །འདབ་མ་སྟོང་ཕྲག་དུ་མས་མཛེས། །དབང་པོའི་གཞུ་ལས་ཕུལ་བྱུང་བའི། །འོད་ཀྱི་དྲ་བས་ )༡༡༨

(མཛེས་པ་ཡིན། །ཁོར་ཡུག་མཚུངས་མེད་དྲི་ལྡན་པ། །རོ་བརྒྱད་ལྡན་པའི་བཏུང་བ་དང་། །ལྡན་པ་དེ་ལ་འདུག་བྱེད་འདོད། །།།ནམ་མཁའ་ལ་འགྲོ་བར་བྱེད། །འདོད་ན་མཁའ་ལ་གཡེར་ཁ་ཡི། །སྒྲ་དང་མུ་ཏིག་རྒྱན་འཕྲེང་རྣམས། །ཀུན་ཏུ་ཁྱབ་བྱེད་སྤྲིན་ཕུང་འདྲ། །དེ་སོགས་མཐུ་ནི་དཔག་མེད་ལྡན། །ལྗོན་པ་རི་དང་འབབ་ཆུ་དང་། །ས་ཕྱོགས་དགའ་ཚལ་ཁྱད་པར་རྣམས། །འཕགས་མིན་སྐྱེ་བོས་བརྗོད་མི་ལང་། །མདོར་ན་སེམས་ཀྱི་ཀུན་རྟོག་ལ། །སྣང་བའི་འོད་ལྡན་གྱིས་བསྒྲུབས་པ། །གནས་འདི་ལས་ནི་ལྷག་ཡོད་མིན། །དེ་འདྲས་འབྲས་བུས་ཕུལ་བྱུང་ལ། །སྤྱོད་པ་གང་དེ་བདུད་ཅེས་པ། །བྱིས་པའི་སྐྱེ་བོ་འཁྲུལ་པ་རྣམས། །མི་རྣམས་ལོངས་སྤྱོད་ཅུང་ཟད་ཙམ། །མྱོང་ཡང་སྲེད་པས་རོ་མྱོང་ཞིང་། །བག་མེད་བརྒྱག་པས་རབ་མྱོས་ནས། །དེ་ལ་མྱོས་ནས་ཞི་བ་ཡི། །བདེ་བ་ལས་ནི་ཕྱིར་ཕྱོགས་ )༡༡༩

(༄༅། །འགྱུར། །གང་ཚེ་བག་མེད་ལ་བརྟེན་ནས། །སྲེད་དང་མྱོས་དང་འཐབ་པ་དང་། །ཡིད་འཁྲུགས་འགྱུར་བ་སྨོས་ཅི་དགོས། །དེ་ནི་བདུད་ཀྱི་ཕོ་ཉ་ཡིན། །དེ་རྣམས་དབང་བསྒྱུར་མི་དགེ་སྤྱོད། །འབྲས་བུས་སྔོན་བཤད་ངན་འགྲོར་ལྟུང་། །དེས་ན་བདུད་ཀྱི་ལྷ་ཞེས་བརྗོད། །དེ་ལྟར་སྣང་བའི་ལོངས་སྤྱོད་ཀྱང་། །རྨི་ལམ་ལྟར་ཤེས་བག་ཡོད་ཀྱང་། །འདོད་ཁམས་དབང་བྱེད་ང་རྒྱལ་དང་། །རློམ་པས་སྒྲིབ་པར་མི་ནུས་པར། །མ་ཆགས་བསམ་གཏན་སྤྱོད་པ་གང་། །འདོད་པའི་ཁམས་ལས་འདས་པས་ན། །བདུད་དབང་མ་གྱུར་ལྷ་ཞེས་བྱ། །དེ་ཕྱིར་བརྟན་ལ་ཞུགས་པ་རྣམས། །སྦྱིན་དང་ཚུལ་ཁྲིམས་དག་པ་ལ། །སྤྱོད་ཅིང་མ་ཆགས་སྤྱོད་པ་དང་། །རང་གི་དོན་ཙམ་མི་སེམས་པར། །བཟོད་དང་བརྩོན་འགྲུས་རབ་ལྡན་པས། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །བསམ་གཏན་གནས་ལ་འདུན་པར་བྱ། །འདིར་ནི་མི་ལོ་སྟོང་དྲུག་བརྒྱ། །ཞག་གཅིག་ཡིན་ཏེ་དེས་བསྒྲེས་ )༡༢༠

(པ། །ཁྲི་དང་དྲུག་སྟོང་རང་ལོ་ཐུབ། །མི་ལྟར་རྩིས་ན་བྱེ་བ་ནི། །དགུ་བརྒྱ་ཉི་ཤུ་རྩ་གཅིག་དང་། །ས་ཡ་དྲུག་སྟེ་འདི་དག་རྣམས། །ཀུན་ལ་དུས་མིན་འཆི་བ་ཡོད། །དེ་ལྟར་འདོད་ལྷ་རིགས་དྲུག་གི །ཉིན་མཚན་མེ་ཏོག་བྱེ་ཟུམ་དང་། །གཉིད་དང་བྱ་སྐད་འབྱིན་མི་འབྱིན། །ཡིན་ཏེ་མུན་པ་ཡོད་མ་ཡིན། །ལུས་ཚད་རྒྱང་གྲགས་བཞི་ཆ་ནས། །ཕྱེད་དང་གཉིས་ཀྱི་བར་དུ་ཡིན། །མདོར་ན་འདོད་པས་ཁམས་འདི་ནི། །སྲོག་གཅོད་སྤངས་པས་ཚེ་རིང་ལ། །བཟོད་བྱས་གཟུགས་མཆོག་ཕུན་སུམ་ཚོགས། །མ་བྱིན་ལེན་སྤངས་བདག་ཉིད་ཀྱིས། །ལོངས་སྤྱོད་བསྲུང་བའི་མཆོག་ཡིན་ནོ། །གཞན་གནོད་འདོད་སྦྱོར་རབ་སྤངས་པས། །མཚུངས་མེད་ཁྱིམ་ཐབས་ལྷ་མོ་ལྡན། །བརྫུན་སྤངས་བདེན་པ་ཐོབ་འགྱུར་ཏེ། །ཕྲ་མ་སྤངས་པས་མི་ཕྱེད་འཐོབ། །ངག་འཆལ་སྤངས་པས་ངག་བཙུན་འགྱུར། །ཚིགས་རྩུབས་སྤངས་ན་སྙན་སྨྲ་ལ། །སྲོག་ )༡༢༡

(༄༅། །བྱིན་གཞན་གྱིས་འཚེ་བ་མེད། །ནོར་སྦྱིན་ལོངས་སྤྱོད་དུ་མ་འབྱུང་། །སྨན་སྦྱིན་ནད་མེད་ཐོབ་པ་སྟེ། །བཟའ་བཏུང་བྱིན་པས་བཀྲེས་སྐོམ་མེད། །བཞོན་པ་ལྷྭམ་བྱིན་དེ་ཉིད་དང་། །ངལ་བ་མེད་དང་མགྱོགས་པར་འགྱུར། །སིལ་སྙན་བྱིན་པས་སྒྲ་སྙན་ཅིང་། །སྒྲོན་མེ་བྱིན་པས་འོད་འཐོབ་འགྱུར། །རྒྱན་དང་མེ་ཏོག་ཕྲེང་མཛེས་བྱིན། །དེ་ཉིད་དང་ནི་མཛེས་པ་ཐོབ། །གྲུ་ཟམ་གྱིས་ནི་བདེ་བླག་འགྲོ། །ངལ་སྟེགས་བྱས་པས་ངལ་མེད་འགྱུར། །ཁང་པ་བྱིན་པས་རིན་ཆེན་གྱི། །བརྒྱན་པའི་ཁང་བཟངས་ཐོབ་འགྱུར་ཏེ། །སྐྱེད་ཚལ་ས་གཞི་བྱིན་པ་ལས། །ཐམས་ཅད་ས་ཡི་བདག་པོར་འགྱུར། །བྲན་དང་འཁོར་བྱིན་དེ་ཉིད་དང་། །གང་གང་བྱིན་པའི་འབྲས་བུར་ལྡན། །རྒྱལ་དང་དམ་ཆོས་དགེ་འདུན་དང་། །ཕ་མ་ནད་པ་དབུལ་པོ་དང་། །མ་རྙེད་འདོད་པ་རིམ་ཅི་བཞིན། །སྦྱིན་ཞིང་མཆོག་དང་དམ་པ་ཡིན། །དབང་མེད་ཁྱིམ་སོགས་ཆེད་དུ་ནི། །མ་དག་འབྱུང་བ་ )༡༢༢

(རྣམས་ལ་ནི། །བསྲེག་དང་ཆུ་སོགས་འབྲས་བཟང་མིན། །དངོས་པོ་ཁྱད་པར་དེ་བཞིན་ཏེ། །སྡིག་དང་མ་འདྲེས་མཆོག་ཏུ་འགྱུར། །དུག་མཚོན་ཆང་སོགས་མ་དག་ཡིན། །འདི་དང་ཕྱི་མ་རང་བཞིན་གྱི། །དོན་སེམས་དམན་དང་འབྲིང་པོ་སྟེ། །མྱ་ངན་འདས་ཐོབ་འདོད་པ་གང་། །བླ་མེད་དེའང་མཆོག་དམན་གཉིས། །མདོར་ན་སྦྱིན་དང་ཚུལ་ཁྲིམས་ཀྱི། །གནས་ལ་བཟོད་བརྩོན་བསོད་ནམས་ཚོགས། །རྒྱུ་འདི་སྤངས་ནས་གཏི་མུག་གིས། །འཕགས་ཏེ་ཆགས་དང་ཞེ་སྡང་བས། །སྡུག་བསྔལ་ཉམས་སུ་མྱོང་བར་བྱེད། །དེ་ཕྱིར་བདེ་བ་འདོད་གང་དག །བསྒྲིམས་ཏེ་རྒྱུ་འབྲས་རྟག་པར་བྱ། །དྲན་པ་ཉེ་བར་བཞག་པའི་དོན་སྣང་བར་བྱེད་པའི་ཚིག་ལེའུར་བྱས་པ་ལས། །འདོད་པའི་ཁམས་ཀྱི་ལྷ་རྣམས་ཀྱི་ལེའུ་དྲུག་པའོ།། །།དེ་ནས་གཟུགས་ཁམས་བཤད་པར་བྱ། །དུག་གསུམ་ཀུན་ལྡང་དྲག་པ་ཡི། །ཆགས་བྲལ་དེ་ལས་གོང་མར་བརྗོད། །དེ་ཡང་རྣམ་གཉིས་ )༡༢༣

(༄༅། །འཇིག་རྟེན་དང་། །འཇིག་རྟེན་འདས་འབྲེལ་རྣམ་པ་ཅན། །དེའང་བསམ་གཏན་ཉེར་ལྡོགས་ལ། །བྱུང་བ་གནས་གཞན་བཅུ་གཉིས་ཏེ། །ཚངས་རིས་ཚངས་པ་འདུན་ན་འདོན། །ཚངས་ཆེན་འོད་ཆུང་ཚད་མེད་འོད། །འོད་གསལ་དགེ་ཆུང་ཚད་མེད་དགེ །དགེ་རྒྱལ་སྤྲིན་མེད་བསོད་ནམས་སྐྱེས། །འབྲས་བུས་ཆེ་སྟེ་གཞན་མ་ལྔ་། །མི་ཆེ་མི་གདུང་གྱ་ནོམ་སྣང་། །ཤིན་ཏུ་མཐོང་དང་འོག་མིན་པ། །དེ་རྣམས་འཕགས་པའི་ལྷ་ཡིན་ནོ། །གང་གིས་བསམ་གཏན་དང་པོ་ནི། །སྒོམ་བྱེད་སྦྱིན་དང་ཚུལ་ཁྲིམས་ནི། །སྔར་ལྟས་དག་པ་ལོགས་སྤྱོད་པ། །དེ་ཚེ་འདོད་པའི་བདེ་བ་རྣམས། །ཆགས་ཞན་སྲད་པའི་རྒྱུར་མཐོང་ནས། །དེ་སྤོང་བྱེད་དེ་བསམ་གཏན་ལ། །སྲེད་སྤོང་ལེན་པས་འཚམས་སྦྱར་ཏེ། །ཚང་རིས་ཉིད་སྐྱེ་དེ་བས་ཀྱང་། །མི་ལྕོགས་མེ་བསྒོམ་གཉིས་པ་སྟེ། །དག་པ་བྱམས་དང་འབྲེལ་བསྒོམ་པ། །ཚངས་ཆེན་དུ་སྐྱེ་ )༡༢༤

(དེ་དག་ཀྱང་། །ཕལ་པ་བསྒོམ་པ་ཉོན་མོངས་ལྡན། །དོན་རབ་འབྱེད་ལྡན་དེ་གཅོད་པས། །ཁྱད་འཕགས་ཡང་དག་ལམ་དུ་འགྲོ། །དེ་རྣམས་གནས་ནི་བསོད་ནམས་མཐུས། །ཡུལ་དུ་སྣང་བ་ཁྱེད་འཕགས་ཏེ། །སྣ་ཚོགས་རིན་ཆེན་ཞིང་དུ་སྣང་། །མཐོན་དམན་སྡོང་དུམ་ཡོད་མིན་ཏེ། །མཉམ་ཞིང་ཡིད་བཞིན་ལྡན་པ་ཡིན། །ཚངས་པའི་གཞལ་མེད་གྲུབ་པ་གང་། །འདོད་ཁམས་རིན་ཆེན་ཀུན་གྱིས་ཀྱང་། །དེ་ཡི་ཆ་ཤས་རི་བ་མིན། །དེ་ཡི་འོད་ཟེར་ཆ་ཅིག་ཀྱང་། །དབང་བསྒྱུར་འོད་ཀྱང་མོག་མོག་བྱེད། །ཚངས་གནས་སིལ་སྙན་ཅིག་གིས་སྒྲ། །ཐོས་ནས་འདོད་ཁམས་སེམས་ཅན་སྒྲ། །ཟིལ་གནོན་ནུས་བྱེད་འགྱུར་ཞེས་གྲགས། །དེ་སོགས་ཡུལ་གྱི་ལོངས་སྤྱོད་རྣམས། །དཔག་ཏུ་མེད་ཀྱང་འདོད་པ་མེད། །དེ་ན་ཕོ་མོ་མེད་པ་སྟེ། །གནས་འདི་ནས་ནི་འོག་མིན་པར། །གང་ཚེ་སྐྱེས་པ་དེ་ཡི་ཚེ། །ཀུན་རྫོགས་གོས་དང་བཅས་པ་ཉིད། །གཉིད་དང་ཉིན་)༡༢༥

(༄༅། །མཚན་མེད་པ་སྟེ། །བསམ་གཏན་ཟས་མཆོག་དགའ་དང་ལྡན། །རང་རང་རྫུ་འཕྲུལ་ལྡན་པ་སྟེ། །འདོད་ཁམས་སྙིང་རྗེས་གནས་སུ་མཐོང་། །ཚུལ་འདི་རྣམས་ནི་བཅུ་དྲུག་འགྱུར། །གོང་མ་གོང་མ་འཕགས་ཤེས་གྲགས། །དེ་རྣམས་མཆོག་ནི་མི་མཆེད་ཀྱི། །ཚངས་པ་ཆེན་པོ་ཞེས་གྲགས་སྟེ། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །དམ་ཆོས་བསྐུལ་འདི་འཕགས་པ་ཡིན། །གཞན་དག་ལོག་ལྟའི་གཞིར་གྱུར་པ། །བློ་ཉམས་རྣམས་ཀྱིས་སྨྲ་བར་བྱེད། །དེ་ལྟར་བསམ་གཏན་དང་པོ་ལས། །གྲུབ་པ་གསུམ་ཡིན་དེ་ལས་གཞན། །གཉིས་པ་རྟོག་མེད་བསྒོམ་པ་ལས། །འོད་ཆུང་དུ་སྐྱེ་སྔར་བས་ལྷག །དེ་ཉིད་མི་ལྕོགས་མེད་བསྒོམ་པ། །ཚད་མེད་འོད་སྐྱེ་དེ་ལ་གཞན། །ཕུལ་དུ་བྱུང་བའི་འོད་གསལ་ཡིན། །འདི་རྣམས་གནས་ནི་ཚངས་ཆེན་ལས། །གོང་མ་གོང་མའི་ཁྱེད་པར་དུ། །འཕགས་པས་སྣང་ལྡན་ཞི་བ་ཡིན། །ཤིན་ཏུ་ )༡༢༦

(དགའ་དང་བདེ་བ་ཡིས། །ལུས་སེམས་ཚིམ་བྱེད་བླ་ན་མེད། །དེ་ནས་དགའ་བདེ་དང་བྲལ་ཞིང་། །དྲན་རིག་གཡོ་བ་རླུང་རྒྱུ་བ། །ཙམ་ལྡན་བསམ་གཏན་གསུམ་པ་ནི། །བསྒོམ་ལས་དགེ་ཆུང་དུ་སྐྱེ་ལ། །བརྟན་བྱས་ཚད་མེད་དགེ་ཡིན་ཏེ། །ཤིན་ཏུ་བརྟན་པའི་དགེ་རྒྱས་ཞེས། །དགེ་བས་གང་བས་འགྲུབ་པར་འགྱུར། །རང་སྣང་འོད་ཀྱི་གཞལ་ཡས་ཁང་། །མཚུང་མེད་རབ་ཏུ་ཞི་བར་སྣང་། །ཞིང་དང་བདེ་བ་ཅི་སྙེད་པ། །འཇིག་རྟེན་དཔེ་བྱར་གང་ཡང་མེད། །འོན་ཀྱང་རང་རང་བསམ་གཏན་མཐུས། །གོང་མ་གོང་མར་རིམ་པར་འཕགས། །གཞན་ཡང་བསམ་གཏན་བཞི་པ་ནི། །གཡོ་མེད་ཞེས་བྱ་དེ་བསྒོམ་པས། །སྤྲིན་མེད་ཞེས་བྱ་དོར་འགྲོ་སྟེ། །དེ་གོམས་བསོད་ནམས་སྐྱེས་བུ་སྐྱེ། །མཐར་ཐུག་གྱུར་པ་འབྲས་བུས་ཆེ། །དེ་རྣམས་རབ་ཏུ་ཞི་བའི་ལྷ། །ཁྱད་པར་འཕགས་པ་བཤད་པ་ཡིན། །དེར་ནི་ཟག་བཅས་མཐུས་བསྐྱེད་ཕྱིར། །རེ་ཞེས་ )༡༢༧

(༄༅། །ཉོན་མོངས་ཞིར་སྣང་ཡང་། །འཇིག་རྟེན་སེམས་ཅན་ཀུན་རྟོག་འདི། །རོ་མྱོང་འཛིན་དང་རབ་འབྲེལ་པས། །ཐལ་བས་བཀབ་པས་མེ་བཞིན་དུ། །ཡུན་རིང་ལོན་ཀྱང་ཚུལ་མིན་གྱིས། །ཡིད་བྱེད་ཀྱིས་བསྐྱེད་ལས་ཉོན་མོངས། །ཤིང་དང་འཕྲད་ན་འབར་བར་འགྱུར། །དེ་བས་དོན་རབ་འབྱེད་པ་ཡི། །ཤེས་རབ་ཀྱིས་བཟུང་བསམ་གཏན་ནི། །འཕགས་པས་ལམ་འབྲེལ་བསྒོམ་པར་བྱ། །དེ་གཉིས་ཁྱད་པར་བཤད་བྱ་བ། །སྔ་མ་ཆོས་ཀུན་མ་རྟོགས་ཀྱང་། །སེམས་གནས་ཁྱད་པར་ལས་བྱུང་ངོ། །ཕྱི་མ་ཆོས་ཀུན་རྟེན་འབྲེལ་གྱི། །ཚུལ་ཤེས་སེམས་དང་སེམས་བྱུང་གི །རྣམ་པ་རྒྱུ་དང་འབྲས་མཐོང་སྟེ། །རྟོག་དང་དཔྱོད་པ་གཉེན་པོ་སྟེ། །དེ་ལ་རྩེ་གཅིག་བཙོན་བྱས་པས། །དགའ་བདེ་འབྲས་བུས་རབ་ཏུ་སྐྱེ། །དེ་ནི་བསམ་གཏན་དང་པོ་ཡིན། །རྟོག་དཔྱོད་དང་བྲལ་རྩེ་གཅིག་པར། །ནང་དུ་རབ་ཏུ་དང་བ་ཡི། །དགའ་བདེ་ )༡༢༨

(ལྡན་པ་གཉིས་པ་ཡིན། །རྟོག་དཔྱོད་བདེ་སྡུག་དང་བྲལ་ཞིང་། །དྲན་དང་ཤེས་བཞིན་ལྡན་རྩེ་གཅིག །བསམ་གཏན་བཞི་པ་ཞེས་བྱར་བཤད། །རྟོག་དཔྱོད་བདེ་དང་སྡུག་བསྔལ་དང་། །ཡིད་བདེ་མི་བདེ་དབུགས་དབྱུང་རྔུབས། །སྐྱོན་བརྒྱད་མེད་ཅིང་མི་གཡོ་བ། །བཏང་སྙོམས་དྲན་པ་དག་པ་ནི། །བསམ་གཏན་བཞི་པ་ཞེས་བྱའོ། །ཚུལ་འདི་དེ་བཞིན་ཉིད་འབྲེལ་བས། །འཕགས་པའི་བསམ་གཏན་ཞེས་བརྗོད་དོ། །ཉོན་མོངས་ཅན་ལ་དགའ་བདེ་དང་། །རབ་དང་ཤེས་བཞིན་དྲན་པ་དང་། །བཏང་སྙོམས་དྲན་པ་ངག་མེད་དེ། །ཉོན་མོངས་དབེན་པ་མིན་ཕྱིར་དང་། །ཉོན་མོངས་རྙོགས་པས་དང་མིན་དང་། །ཉོན་མོངས་ཅན་བདེ་དྲན་ཤེས་མེད། །དྲན་དག་མིན་ཏེ་དྲིན་བཅས་ཕྱིར། །འདི་དག་ལྡོག་པའི་བསམ་གཏན་ཡིན། །འདི་ཡི་བསམ་གཏན་བཞི་པ་ལས། །འདུ་ཤེས་བཀག་ནས་དེ་རྩམ་གྱིས། །མྱ་ངན་འདས་པར་རྟོག་བྱེད་པར། །འདུ་ཤེས་མེད་པའི་ལྷ་ཞེས་བྱ། །གྲོང་ )༡༢༩

(༄༅། །ལས་དགོན་པའི་ཚུལ་སྐྱེས་ཡོད། །དེ་ནི་ཕྱིར་ཞིང་ལོག་ལྟ་ཡིས། །འཚམས་སྦྱར་མནར་མེད་ལྷུང་བྱེད་པས། །མི་ཁོམ་གནས་ཡིན་ཚེ་རང་ལྷ། །དེ་ཕྱིར་ཚུལ་ལྡན་བསམ་གཏན་པ། །ཤེས་རབ་རྣམ་པར་སྦྱང་བར་བྱ། །མི་ཚེ་ལ་སོགས་ལྔ་རྣམས་ནི། །བསམ་གཏན་ཤེས་རབ་དང་འབྲེལ་པས། །ཉོན་མོངས་ཆེ་མིན་དེས་མ་གདུང་། །ཉོན་མོངས་བྲལ་བའི་ཡོན་ཏན་ནི། །གྱ་ནོམ་སྣང་དང་དེ་བཞིན་དུ། །ཤིན་ཏུ་མཐོང་དང་འོག་མིན་འགྲོ། །རྒྱུ་དེས་འཕགས་ཞེས་བྱ་བའི་ལྷ། །དག་པའི་ཞིང་བཞིན་རང་སྣང་ངོ། །དེ་རྣམས་གཙོ་བོ་ལྷ་ཡི་བུ། །དབང་ཕྱུག་ཆེན་པོ་ཞེས་བྱའོ། །དེ་ལྟར་གཟུགས་ཁམས་བཅུ་བདུན་ནི། །སྦྱིན་སོགས་ཀྱིས་སྐྱེད་ལྷ་ཡིན་ཏེ། །ཟག་བཅས་ཟག་པ་བྲལ་བ་ལས། །འདུས་བྱས་མངོན་པར་གྲུབ་པར་བཤད། །དེ་རྣམས་ལུས་ཀྱི་ཚད་བཤད་པ། །ཚང་རིས་དཔག་ཚད་མེད་ )༡༣༠

(ཡིན་ཏེ། །གཅིག་དང་གཉིས་དང་ཕྱེད་རིམ་བཞིན། །དེ་ཡི་གོང་མ་འོད་ཆུང་གཉིས། །ཚད་མེད་འོད་དང་འོད་གསལ་ནི། །དཔག་ཚད་བཞི་དང་བརྒྱད་ཡིན་ནོ། །དགེ་ཆུང་ལ་སོགས་སུམ་བཅུ་དྲུག །སོ་གཉིས་རེ་བཞི་རིམ་པ་བཞིན། །སྤྲིན་མེད་བརྒྱ་དང་ཉེར་ལྔའོ། །བསོད་ནམས་སྐྱེས་ནས་འོག་མིན་བར། །ཕྱེད་དང་སུམ་བརྒྱ་ལྔ་བརྒྱ་དང་། །སྟོང་དང་ཉིས་སྟོང་སྟོང་ཕྲག་བཞི། །བརྒྱད་སྟོང་དེ་བཞིན་ཁྲི་དྲུག་སྟོང་། །ཚེ་ཚད་ཚངས་རིགས་སྐལ་ཆུང་ནི། །ཉི་ཤུ་དེ་བཞིན་བཞི་བཅུ་སྟེ། །ཚངས་ཆེན་ལྔ་བཅུ་ང་བརྒྱད་འདོད། །འོད་ཆུང་ནས་བཟུང་སྐལ་ཆེན་གཉིས། །གཞན་ནི་དཔག་ཚད་གྲངས་དང་མཉམ། །ལྷ་གནས་རྣམས་ཀྱི་ཐ་གྲུའི་ཚད། །གླིང་བཞི་དེ་བཞིན་སྤྱི་ཕུད་དང་། །སྟོང་གཉིས་གསུམ་པ་རིམ་ཅི་བཞིན། །འདོད་གཟུགས་གཙང་མ་མན་ཅད་ཡི། །དེ་ལྟར་གནས་དང་གཞན་སྣང་བ། )༡༣༡

(༄༅། །ལུས་ཅན་བསམ་པ་ཇི་ལྟ་བཞིན། །དྲན་པ་ཉེ་བར་བཞག་པའི་དོན་སྣང་བར་བྱེད་པའི་ཚིག་ལེའུར་བྱས་པ་ལས་གཟུགས་ཁམས་ཀྱི་ལེའུ་སྟེ་བདུན་པའོ། །དེ་ལས་གཞན་པ་གཟུགས་མེད་ནི། །རྒྱུ་དང་སོ་སོའི་ཚེ་ཚད་རྣམས། །རིམ་བཞིན་གསལ་བར་བཤད་པར་བྱ། །གང་ཞིག་སྐྱེ་འཕགས་གང་ཡིན་ཀྱང་། །བསམ་གཏན་བཞི་པ་བརྟེན་ནས།།། །གཟུགས་ནི་རག་བཅས་མ་ཞི་བར། །མཐོང་ན་གཟུགས་ཀྱི་འདུ་ཤེས་དེ། །དགག་ཕྱིར་མཁའ་ལྟར་དམིགས་པ་གང་། །ནམ་མཁའ་མཐའ་ཡས་ཞེས་བྱ་སྟེ། །རྣམ་པར་ཤེས་དང་འདུ་བྱེད་དང་། །ཁྱད་པར་ལ་བརྟེན་དེ་འཐོབ་བོ། །དང་པོ་གཟུགས་སྒྲ་རེག་བྱ་ཆོས། །ཉེར་ལྡོག་ཡིན་ཏེ་གཞན་མ་གསུམ། །ཆོས་ལ་དམིགས་པ་ཁོ་ནས་སྐྱེད། །རྣམ་ཤེས་མཐའ་ཡས་ཉིད་བསྒོམ་ན། །གོང་མ་ལས་ཀྱང་ཞི་བར་འདོད། །རྣམ་ཤེས་ཉིད་ཀྱང་རག་མཐོང་བས། །རྟོག་དེ་བཤིག་པ་ཅི་ )༡༣༢

(ཡང་མེད། །ཡུལ་ལ་མཚན་མར་འཛིན་པ་ཡི། །ཅི་ཡང་མེད་རྟོག་ཡིན་མཐོང་ནས། །དེ་བཤིག་ཡོད་མིན་མེད་མིན་ཏེ། །བརྟན་པའི་རྣམ་པར་ཤེས་པ་ལ། །ཉོན་མོངས་ཅན་ཡིད་གནས་པ་ཉིད། །གང་གང་གོམ་པ་ལ་བརྟེན་ནས། །གང་དུ་ཤི་བ་དེ་དེར་ཐོབ། །ངོ་བོ་རྣམ་ཤེས་དེ་ཉིད་དུ། །ཉེར་དམིགས་ཞི་བའི་ང་རྒྱལ་ཙམ། །དེར་ནི་སྐལ་པ་ཉི་ཁྲི་དང་། །བཞི་ཁྲི་དྲུག་ཁྲི་བརྒྱད་ཁྲི་རྣམས། །ཚེ་ཡི་ཚད་དེ་འདི་དག་ནི། །འདོད་གཟུགས་འདས་པས་བཞི་ཡིན་ཀྱང་། །ཤེས་རབ་བྲལ་ན་འོག་ཏུ་ལྷུང་། །དེ་བས་མཁས་པ་བསམ་གཏན་པ། །ཁམས་གསུམ་ལ་སྲེད་སུ་ཞིག་བྱེད། །ཐེག་མཆོག་ཞུགས་པའི་སྙིང་རྗེ་ཅན། །འདི་དག་ཏིང་འཛིན་ཐོབ་ནས་ཀྱང་། །རོ་མྱོང་མ་ཡིན་དེར་མི་སྐྱེ། །འདོད་དང་གཟུགས་ཀྱི་ཆགས་བྲལ་ཀྱང་། །བསམ་བཞིན་གཞན་ལ་ཕན་པར་བྱེད། །གང་གིས་སེམས་ཀྱི་དྲི་མ་དང་། །འདུ་བྱེད་ལས་དང་ཉོན་མོངས་རྣམས། )༡༣༣

(༄༅། །མ་རྟོག་དགེ་དང་མི་དགེ་བ། །ཐོག་མེད་དུས་ནས་རྗེས་ཞུགས་པས། །ཟོ་ཆུ་བཞིན་དུ་ཁམས་གསུམ་འཁོར། །དེ་མཐོང་ཁམས་གསུམ་སྲེད་དེ་ལ། །མ་ཞེན་ཞེན་པར་འགྱུར་རྣམ་ལ། །ཚད་མེད་རྣམས་བཞི་བསྐྱེད་པར་བྱེད། །དྲན་པ་ཉེ་བར་བཞག་པའི་དོན་སྣང་བར་བྱེད་པའི། །ཚིག་ལེའུར་བྱས་པ་ལས་གཟུགས་མེད་པའི་ཁམས་ཀྱི་ལེའུ་སྟེ་བརྒྱད་པའོ། །དེ་ལྟར་ཁམས་གསུམ་སེམས་ཅན་གྱི། །ཡུལ་དུ་སྣང་བའི་རྣམ་ཤེས་ལས། །ཐུན་མོང་ཐུན་མོང་མ་ཡིན་པའི། །གནས་སུ་སྣང་བ་བཤད་པར་བྱ། །འོག་ཏུ་རླུང་གི་དཀྱིལ་འཁོར་ནི། །རྔམས་སུ་ས་ཡ་དྲུག་འབུམ་སྟེ། །བརྒྱར་ནི་གྲངས་སུ་མ་བརྗོད་པ། །བརྟན་པར་ཆགས་ཤིང་དེའི་སྟེང་། །ཆུ་རྔམས་འབུམ་ཕྲག་བཅུ་གཅིག་དང་། །སྟོང་ཕྲག་ཉི་ཤུ་དེ་ལས་ཕྱིས། །འབུམ་ཕྲག་བརྒྱད་དེ་ལྷག་མ་ནི། །སུམ་འབུམ་ཉི་ཁྲི་གསེར་ཡིན་ནོ། །ཐད་ཀར་འབུམ་ཕྲག་བཅུ་གཉིས་དང་། །སུམ་སྟོང་ཕྱེད་དང་ལྔ་བརྒྱའོ།)༡༣༤

(ཁོར་ཡུག་ཏུ་ནི་སུམ་འགྱུར་ཡིན། །སྟེང་དུ་ཚངས་གནས་སྤྲིན་ལས་ནི། །ཆར་རྒྱུན་ལས་ཆུ་དེ་ལས་ནི། །རླུང་གིས་བསྲུབ་པས་ཚངས་གནས་ནས། །རི་གླིང་བར་དུ་རིམ་པས་འབྱུང་། །ལྷག་མ་རོལ་མཚོ་བ་ཚྭ་ཅན། །ནང་གི་མཚོར་གྱུར་དེ་རྣམས་ཀྱང་། །གླིང་རྣམས་རྔམས་སུ་བརྒྱད་ཁྲི་དང་། །བཞི་སྟོང་ལྷུན་པོ་ཉིས་འགྱུར་རོ། །ས་ནས་རི་བདུན་འཁོར་ཡུག་བཅས། །ལྷུན་པོ་ནས་ནི་རིམ་པ་བཞིན། །ཕྱེད་ཕྱེད་ཀྱིས་དམའ་རྔམས་ཀྱང་མཉམ། །རོལ་མཚོ་ནས་ནི་བརྒྱད་ཁྲིའི་ཞིང་། །གཞན་རྣམས་ཕྱེད་ཕྱེད་ཀྱིས་ཕྲིའོ། །བ་ཚའི་རྒྱ་མཚོ་འཁོར་ཡུག་བར། །སུམ་འབུམ་ཉི་ཁྲི་ཉིས་སྟོང་ཡིན། །འཛམ་གླིང་ངོས་གསུམ་ཉིས་སྟོང་སྟེ། །ཅིག་་ལ་དཔག་ཚད་ཕྱེད་དང་བཞི། །ལུས་འཕགས་སུམ་བརྒྱ་ལྔ་བཅུ་སྟེ། །ནུབ་ཕྱོགས་སྟོང་ཕྲག་ཕྱེད་དང་བརྒྱད། །སྒྲ་མི་སྙན་ནི་སྟོང་ཕྲ་ག་བརྒྱད། །ཟུར་གསུམ་ཟླ་གམ་ཟླུམ་པོ་དང་། །གྲུ་བཞིའི་དབྱིབས་སུ་གནས་པ་ )༡༣༥

(༄༅། །ཡིན། །དེ་ལྟར་སྐལ་ཆུང་ཅིག་ཏུ་ཆགས། །འཛམ་གླིང་མ་དྲོས་མཚོའི་འོག །དཔག་ཚད་སྟོང་ཕྲག་ཉི་ཤུ་ན། །མནར་མེད་དེ་སྟེང་དམྱལ་བ་བདུན། །གནས་ཞེས་འདིར་་བཤད་གཞན་དག་ནས། །རླུང་ནས་གསེར་གྱི་བར་དུ་བཞེད། །གཞན་ནི་སྔར་བཤད་རིམ་པ་ལྟར། །རང་རང་རྟོགས་པའི་དབང་གི་བྱུང་། །ལྷུན་པོ་རིན་ཆེན་བཞི་རང་བཞིན། །རི་བདུན་གསེར་ཡིན་འཁོར་ཡུག་ལྕགས། །གླིང་བཞི་ཕྲན་བཅས་པ་ཡིན་ཏེ། །སྣ་ཚོགས་བསྟན་པ་ལྟར་སྣང་དང་། །དེ་བརྟེན་བརྟན་མིན་མེ་དང་རླུང་། །ཆར་སྤྲིན་རྩ་ཤིང་མེ་ཏོག་སོགས། །སྣ་ཚོགས་འབྱུང་བ་རྣམ་བཞི་དང་། །དུས་ཀྱི་རྐྱེན་སྣང་ནམ་མཁའ་ཡིས། །གོ་ཕྱེ་སྐྱེ་འགག་ལྟར་སྣང་བ། །ས་ཆུ་འཕེལ་བྱེད་རླུང་གིས་བསྒྲུབས། །མེས་ནི་སྨིན་བྱས་རྡུལ་ཕྲན་ཚུལ། །ཁ་དོག་དབྱིབས་སུ་སྣང་བ་ཡང་། །དཀར་པོ་ཆུ་ལ་དམར་པོ་མེ། །སེར་པོ་ས་ལ་སྔོ་བ་རླུང་། །ཀུན་ )༡༣༦

(།འདུས་ཡེ་ཤེས་རང་བཞིན་ཅན།།། །ཟླུམ་པོ་ཟུར་གསུམ་གྲུ་བཞི་དང་། །ཟླ་ཕྱེད་ཐམས་ཅད་མཐུན་པར་སྣང་། །རྩོལ་བཅས་རྩོལ་བ་མེད་སྣང་བ། །མིང་དབང་སྤྱོད་ཡུལ་གྱུར་པ་རྣམས། །དེ་བཞིན་སྒྲ་ཡི་ཁྱད་པར་ཡང་། །འཇམ་དང་གྲག་པོ་བརྟན་དགྲ་དང་། །གཡོ་ཞིང་འུར་བཅས་ཁམས་བཞི་སྟེ། །གསལ་དགའ་བྱེད་པ་ནམ་མཁའ་དངོས། །དྲི་དང་རོ་རྣམས་རིམ་ཅི་བཞིན། །ས་ཆུ་མེ་རླུང་སྟོང་པ་ལ། །ལས་ཚ་མངར་དང་ཚ་ཁ་སྐ། །སྐྱུར་བ་མཁའ་སྟེ་ཡེ་ཤེས་བརྗོད། །རེག་བྱ་སྲ་འཇམ་རྩུབ་དང་སྤང་། །ཁམས་བཞི་གསལ་བྱེད་མཁའ་རང་བཞིན། །མཐུན་སྣང་ཐུན་མོང་རིག་བྱེད་བཟང་། །ཆུ་ལ་ལྷ་རྣམས་བདུད་རྩི་དང་། །ཡི་དྭགས་ཁྲག་དང་དམྱལ་བ་རྣམས། །ཟངས་ཞུན་རྩོགས་སྣང་དེས་མཐུན་སོགས། །རྨི་ལམ་ཡུལ་བཞིན་ཐ་དད་དུ། །ཐུན་མོངས་མ་ཡིན་རིགས་བྱེད་འདོད། །མདོར་ན་ཡུལ་དུ་སྣང་བ་ཡི། །རིག་པ་ལས་ནི་གཞན་མ་ཡིན། །དེ་བཞིན་མིང་ )༡༣༧

(༄༅། །བཞི་ལ་བརྟེན་ནས། །རབ་ཏུ་བྱེད་པར་བཤད་པ་བཞིན། །དེ་དག་སྐལ་ཆུང་ཉི་ཤུ་བར། །ཆགས་པར་སྣང་ཞིང་གང་གི་ཚེ། །མནར་མེད་གྲུབ་ནས་གནས་པ་སྟེ། །མི་ཚེ་དཔག་མེད་དུས་ནས་ནི། །ཚེ་ལོ་བཅུའི་མཐར་ཐུག་བར། །ཡ་ཐོག་ཞེས་བྱ་དེ་ནས་ནི། །བརྒྱད་ཁྲིའི་བར་དུ་འཕེལ་འགྲིབ་པ། །བར་དུ་བསྐལ་པ་བཅོ་བརྒྱད་དང་། །མཐར་ནི་འཕེལ་ནས་མ་ཐོག་ཅིག །དེ་རྣམས་ཉི་ཤུར་གནས་པ་སྟེ། །བརྒྱད་བརྒྱར་འཕེལ་དང་འགྲིབ་ཅེས་གྲགས། །ཡང་ནི་བཅུ་རྣམས་རིམ་པར་ལྟར། །འཇིག་རྟེན་དམྱལ་ནས་རིམ་པ་བཞིན། །གང་དུ་འཕོ་དང་འཇིག་རྟེན་གཞན། །འཕོ་བྱེད་མི་དང་ལྷ་རྣམས་ནི། །བསམ་གཏན་རང་མཚན་ཉིད་བརྟན་ནས། །སེམས་ཅན་མེད་ནས་ཅུང་ཟད་དེ། །དེ་ནས་ཉི་མ་རབ་ཚ་བས། །རྩ་ཤིང་འབབ་ཆུ་ཆུ་བོ་བཞི། །མ་དྲོས་རྒྱ་མཚོ་བ་ཚ་ཅན། །ལྷུན་པོ་རི་རབ་བདུན་པོ་ཡིས། །འབར་བྱས་ཚངས་ )༡༣༨

(གནས་བར་དུ་སྲེག །དེ་ལྟར་མེད་ཡིས་བསྲེག་པ་ནས། །སྐལ་ཆུང་ཅིག་སྟེ་ཉི་ཤུར་འཇིག །ཞིག་ནས་སྟོང་པར་དེ་སྙེད་འདུག །དེ་ནི་སྐལ་པ་ཆེན་པོར་ཡིན། །མེ་ཡི་བདུན་སྟེ་ཆུ་ཡིས་ཅིག །དེ་ལྟར་ཆུ་བདུན་ཐལ་ནས་ཀྱང་། །མཇུག་ཏུ་སླུང་གིས་འཇིགས་པ་སྟེ། །བསམ་གཏན་གཉིས་དང་གསུམ་པའི་བར། །རྟོག་དཔྱོད་དགའ་བདེ་རླུང་རྒྱུ་བས། །རྐྱེན་དང་མཐུན་ཕྱིར་རིམ་ཅི་བཞིན། །གཞན་ནས་སེམས་ཅན་སྐྱོབ་བྱེད་དང་། །དྲང་ཕྱིར་རྒྱལ་སྲས་མཐུ་རུ་བཞེད། །དེ་བཞིན་བསམ་གཏན་བཞི་པ་ནས། །གཡོ་བ་མེད་ཀྱང་སེམས་ཅན་དེ། །འབྱུང་དང་འཇིག་བཞིན་ཞིང་ཡང་སྣང་། །དེ་བཞིན་ཞིང་འདིར་འདོད་ཁམས་སུ། །སྐྱེ་དང་འགག་པར་ཅིག་མེད་ཀྱང་། །ཞེས་པའི་དབང་གིས་དེ་ལྟར་གསུངས། །དོན་ལ་ཕྱི་རོལ་དོན་བདེན་པ། །རྡུལ་ཕྲན་ཙན་ཡང་ཡོད་པ་མིན། །སེམས་ཅན་ཀྱི་རྣམ་པར་འཕྲུལ་པའི་ཕྱིར། །སྟོང་གསུམ་ཐུན་མོང་རྒྱལ་བའི་ཞིང་། །དེ་འདྲ་)༡༣༩

(༄༅། །དཔག་མེད་མཁའ་ཁྱབ་པར། །ཆགས་འཇིག་བཀོད་པ་དུ་མ་རྣམས། །དག་དང་མ་དག་སྣང་བ་ལས། །ཞིང་ཁམས་དཔག་ཏུ་མེད་པ་ཡིན། །དག་པ་རྒྱལ་བའི་མཛད་སྤྲུལ་པ། །དོན་བཅས་འཛིན་པ་གནས་གྱུར་བས། །ཅི་ལྟར་འདོད་བཞིན་ལོངས་སྤྱོད་དག །བསྟན་ཕྱིར་ཞིང་ནི་དག་པ་ལ། །དབང་འབྱོར་དེ་ཡང་དག་པ་ཡི། །སེམས་ཅན་མཐུན་སྣང་འཇུག་བྱེད་ཡིན། །དཔལ་ལྡན་ཐུགས་རྗེ་ཆེ་ལྡན་ཐུབ་པའི་དབང་པོ་ཡིས། །སེམས་ཅན་མ་རིག་མུན་ཐོམས་ཡེ་ཤེས་མིག་བྲལ་བ། །ཡང་དག་ལམ་ལ་བཀྲི་ཕྱིར་ཆོས་ཀྱི་སྒྲོན་མེ་བསྟན། །སྐལ་ཉམས་དབང་གི་འཛིན་པའི་བརྩོན་འགྲུས་ཉམས་པ་རྣམས། །བཀྲི་ཕྱིར་རྒྱལ་སྲས་ཐུགས་རྗེ་ཆེ་དང་ལྡན་རྣམས་ཀྱིས། །ཡང་ནས་ཡང་བསྡུས་བློ་གྲོས་རྨད་བྱུང་བདག་ཉིད་ཆེ། །ཐོགས་མེད་དང་ནི་དབྱིགས་གཉེན་ཞེས་བྱས་ཤེས་བྱ་ཡི། །གནས་རྣམས་ལེགས་བསྡུས་འབད་པས་བལྟས་ལ་བརྩོན་པར་ )༡༤༠

(གྱིས། །དྲན་པ་ཉེ་བར་བཞག་པའི་དོན་སྣང་བར་བྱེད་པའི་ཚིག་ལེའུར་བྱས་པ་ལས་འཇིག་རྟེན་གྱི་ཁམས་བསྡུས་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་རྣལ་འབྱོར་སྤྱོད་པ་གང་། །ཡུལ་ལ་བདེན་པ་མེད་རིག་ནས། །ནང་དུ་ལུས་ལ་རྟོག་པར་བྱེད། །དེ་ལ་ཁམས་སུམ་སྣ་ཚོགས་ཀྱང་། །ཀུན་རྟོག་ཆགས་དང་གཟུགས་ལྡན་པ། །དེ་མེད་ལས་གསུམ་འདུ་བྱེད་པས། །སྐྱེ་འཆི་ཟོ་ཆུ་ལྟར་འཁོར་བྱེད། །སྐྱེ་གང་དབང་པོ་གསར་ཐོབ་པའོ། །རྒ་བས་ཞུམ་ཞིང་འགྱུར་བྱས་ནས། །ཚེ་དང་སྲོག་དང་དྲོད་འགག་པ། །འཆི་བ་ཞེས་བྱར་ཐ་སྙད་བྱས། །ལས་དང་བསོད་ནམས་ཀུན་ཟད་དང་། །ལས་ཟད་བསོད་ནམས་མ་ཟད་དང་། །བསོད་ནམས་ཟད་ཀྱང་ལས་མ་ཟད། །གཉིས་ཀ་མ་ཟད་འཆི་བའང་ཡོད། །རྒས་ཤིང་འཚེ་རྐྱེན་མེད་པ་དང་། །འཚེ་རྐྱེན་མེད་པས་གཞོན་ཀྱང་འཆི། །ལས་ཀྱི་འཆི་སོགས་རིམ་པ་བཞིན། །དེ་ལྟར་རྟེན་ཅིང་འབྲེལ་འབྱུང་བའི། །འགྲོ་བ་ལྔ་རུ་གང་འཕོ་བ། )༡༤༡

(༄༅། །སྐྱེ་གནས་བཞིས་བསྡུས་དེ་དག་དང་། །བར་དོའི་ཁམས་རྣམས་ཐམས་ཅད་ཀུན། །བྱེད་པོ་མེད་ལ་རང་ཉིད་ཀྱི། །མཚན་ཉིད་འཛིན་བྱེད་ཁམས་དེ་ནི། །མ་བསྒྲིབ་ལུང་དུ་མ་བསྟན་པའོ། །དེ་ལ་སེམས་ཅན་གནས་པ་བདུན། །འདོད་དང་ཚངས་བཅས་ཁ་ཅིག་ནི། །ལུས་དང་འདུ་ཤེས་ཐ་དད་པའོ། །དང་པོའི་ཚངས་རུས་ལྷ་དེ་དག །ཐ་དད་ལུས་ལ་འདུ་ཤེས་ཅིག །ལུས་འདྲ་འདུ་ཤེས་ཐ་དད་པ། །བསམ་གཏན་གཉིས་པའི་ལྷ་རྣམས་ཡིན། །ལུས་འདྲ་འདུ་ཤེས་ཅིག་པ་ཡང་། །བསམ་གཏན་གསུམ་པ་རྣམས་ཡིན་ནོ། །གཟུགས་མེད་གཟུགས་བཅས་དེ་རྣམས་ཡིན། །བསམ་གཏན་བཞི་པ་དང་སྲིད་རྩེ། །འགོག་པར་ལྡན་ནོ་འདི་རྣམས་ནི། །གཟུགས་དང་ཚོར་དང་འདུ་ཤེས་དང་། །འདུ་བྱེད་དུ་འགྲོ་གནས་བཞིར་བཤད། །དེ་ཡང་མུ་བཞིར་ངེས་པ་ཡིན། །དེ་རྣམས་ཡུལ་དུ་སྣང་བ་སྟེ། །རྣམ་ཤེས་དྲུག་ནི་ཡུལ་ཅན་ཡིན། །དེ་ལྟར་སྣང་བ་འཕོ་བ་ན།།། །གང་གང་སྲད་པས་ )༡༤༢

(དེས་འགྲོ་སྟེ། །བར་དོ་མངོན་དུ་བྱེད་པ་ཡིན། །དེ་ནི་སྲེད་པ་གར་ལེན་པའི། །གཟུགས་དང་འབྲེལ་པ་སྣང་བ་སྟེ། །དབང་པོ་ཀུན་ཚངས་ཐོག་མེད་ཅིང་། །ལུས་ཀྱི་རྫུ་འཕྲུལ་སྟོབས་དང་ལྡན། །སྣང་དང་སྲེད་པ་འདྲེན་དེ་ཡང་། །དམྱལ་བ་ཕལ་ཆེར་ཚོར་བ་སྟེ། །རོ་དང་དྲིས་ནས་ཡི་དྭགས་དང་། །དུད་འགྲོར་ཕལ་ཆེར་འཁྲིགས་པ་སྟེ། །ཕོ་དང་མོར་གང་རེག་བདེ་ཡིས། །འདོད་ཁམས་མི་དང་ལྷ་ཕལ་ཆེར། །ཀུན་ལ་གཟུགས་དང་འབྲེལ་པ་ནི། །བསམ་གཏན་བདེ་སྲེད་དེ་ནུབ་པ། །གཟུགས་མེད་དུ་འདྲེན་ལྕགས་ཀྱུ་བཞིན། །དཀར་དམར་སེར་དང་སྔོ་བ་དང་། །ནག་པོའི་ཁ་དོག་ལྡན་པ་ནི། །ལྷ་མིན་དུད་འགྲོ་ཡི་དྭགས་དང་། །དམྱལ་བ་རྣམ་ཉིད་རིམ་ཅི་བཞིན། །ཆུ་དང་ཟླ་བ་ལྟ་བུ་སྟེ། །བྱིས་པ་ལོ་ལྔ་ལོན་པ་བཞིན། །དང་ཞིང་རིགས་མཐུན་ལྷ་མི་མིག །རྣམ་དག་མིན་པས་མཐོང་མི་འགྱུར། །ཕལ་ཆེར་ཞག་བདུན་སྲིད་པ་སྟེ། །རིང་བ་བདུན་ )༡༤༣

(༄༅། །ཕྲག་བདུན་ཡིན་ལ། །རྐྱེན་ཚོགས་མྱུར་བ་གཟུགས་མེད་དང་། །མནར་མེད་ཤིན་ཏུ་མྱུར་བ་ཡིན། །ལྷར་འགྲོ་སྟེང་དུ་ལྟ་བ་སྟེ། །གཡས་མི་གཡོན་ཕྱོགས་ལྷ་མ་ཡིན། །དུད་འགྲོ་དམན་དང་ཡི་དྭགས་ནི། །ཅུང་ཟད་ཐུར་དུ་གཡས་གཡོན་ལ། །དམྱལ་བ་གང་དེ་ཕྱི་ཚུགས་ལྷུང་། །འདོད་ཁམས་སུ་སྐྱེ་དྲི་ཟ་སྟེ། །གོས་མེད་ངོ་ཚ་མེད་པའི་ཕྱིར། །གཟུགས་དང་འཕགས་རིགས་གོས་བཅས་སྣང་། །དེ་ལྟར་བར་དོའི་སེམས་ཅན་རྣམས། །རིགས་དྲུག་གོང་དུ་སྲེད་འཕགས་པ། །དེ་རིགས་ཡིན་ཁྱད་རྐྱེན་མ་ཚང་། །དེ་ཕྱིར་བར་དོས་སྲད་པར་བརྗོད། །དེ་ནས་རྐྱེན་སྦྱོར་བྱེད་པ་ན། །མངལ་དང་སྒོ་ང་ལས་སྐྱེས་པ། །ཕལ་ཆེར་ཕ་མས་སྦྱོར་མཐོང་ནས། །ཆགས་དང་ཁོང་ཁྲོ་བསྐྱེད་ཅིང་འཇུག །མི་དང་རྟ་དང་ཁྱུ་མཆོག་དང་། །ཚལ་བཅས་གླིང་བཞི་མིའི་སྣང་བ། །འདོད་ཁམས་ལྷ་རྣམས་དེ་ཉིད་དང་། །དུད་འགྲོ་ཁ་ཅིག་དེ་འདྲར་བཤད། །མཐོང་ནས་ )༡༤༤

(དགའ་དང་བཅས་པ་ཡིས། །མྱུར་སོང་སྐྱེ་གནས་སུ་འཇུག་སྟེ། །ཞུག་པ་དེ་ཚེ་སྣང་བ་ཡང་། །བསོད་ནམས་ལྡན་ལ་གཞལ་ཡས་དང་། །དམན་ལ་དམན་པའི་སྣང་བ་འབྱུང་། །དུད་འགྲོ་ཡི་དྭགས་དྲོད་གཤེར་སྐྱེས། །ཕལ་ཆེར་དྲི་དང་རོ་ལ་ཆགས། །དེར་ཞེན་སྐྱེ་བ་འགྲུབ་པ་ཡིན། །དེ་ཡང་ཆར་རླུང་ཚ་གྲང་གིས། །འདས་ནས་ཚང་ཚིང་ལ་སོགས་སུ། །སྐྱབས་སོ་ལ་སྣང་བ་འབྱུང་བར་གསུངས། །ལྷ་དང་དམྱལ་སོགས་རྫུས་སྐྱེས་དང་། །གནས་འདོད་ཡུལ་ལ་ཆགས་པ་ཡིན། །དེ་ཡང་དམྱལ་བ་མི་འདོད་ཀྱང་། །བར་དོ་ཚ་གྲང་གིས་ཉེན་དང་། །གཤེད་པོས་འཚེ་བའི་སྣང་བ་འབྱུང་། །སྔར་གོམས་ཤ་ཁྲག་ལ་སོགས་མཐོང་། །ཆགས་སྣང་མཚམས་སྦྱར་སྐྱེ་བ་འགྲུབ། །འཇུག་དང་གནས་དང་སྐྱེ་བ་ན། །ཕལ་ཆེར་མི་ཤེས་བཞིན་དུ་ཡིན། །འཁོར་བསྒྱུར་སྦྱངས་ལྡན་ཚོགས་གཉིས་རྫོགས། །འཇུག་གནས་སྐྱེ་བཅས་རིམ་པ་བཞིན། །དང་པོ་བར་མཐའ་ཤེས་ )༡༤༥

(༄༅། །བཞིན་དྲན། །བརྫུས་སྐྱེས་དྲན་ལྡན་ཕལ་ཆེར་ཡིན། །སྲོག་འགག་པ་ནས་རིགས་དྲུག་གི །ཉིང་མཚམས་མ་སྦྱར་དེ་བར་དོ། །དེ་ནས་སྐྱེ་བར་འགྲུབ་པ་སྟེ། །མ་རིག་དབང་གི་འདུ་བྱེད་ནས། །རྣམ་ཤེས་དེ་ལྟར་འཚམས་སྦྱོར་ཞིང་། །དེ་ལས་མིང་གཟུགས་སྐྱེ་མཆེད་དྲུག །རེག་དང་ཚོར་བ་སྲད་ལེན་དང་། །སྲིད་པ་འགྲུབ་བྱེད་མངལ་དུ་བརྒྱད། །སྐྱེ་དང་རྒས་དང་འཆི་བ་ཡིས། །ཡང་ནི་མ་རིག་རྫོགས་བྱེད་དེ། །དེ་ལྟར་ཁམས་སུམ་བར་དོར་བཅས། །རྟོགས་ནས་རྒྱུ་འབྲས་ཡིད་ཆེས་ཤིང་། །རྟེན་ཅིང་འབྲེལ་པ་འབྱུང་མཐོང་ནས། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ཡང་དག་ཤེས་རབ་ཀྱིས་རྟོགས་བྱས། །བདག་ལྟ་རིང་དུ་སྤངས་གྱུར་ཏེ། །སྡུག་བསྔལ་ཀུན་འབྱུང་ཚུལ་ཤེས་པས། །དེ་འོག་ཞི་བ་བདེ་རིག་ནས། །བྱང་ཆུབ་ཕྱོགས་ལྡན་ལམ་རྣམས་ལྡན། །མངོན་བྱེད་བསྒྲུབ་ལ་བརྩོན་པར་འགྱུར།)༡༤༦

(།སྦྱིན་དང་ཚུལ་ཁྲིམས་རབ་སྦྱར་ནས། །ལུས་སེམས་ཚོར་ལ་བཟོད་བྱེད་ཅིང་། །འཁོར་བདེ་བརྩོན་པས་གྲོགས་བྱས་ནས། །བསམ་གཏན་གྱི་ནི་མ་ཞི་བའི། །སྡུག་བསྔལ་བཅོམ་ཞིང་དང་སེམས་ལ། །དབང་ཐོབ་ཆོས་ཀུན་རྣམས་འབྱེད་ཀྱི། །ཤེས་རབ་ཀྱིས་ཟིན་རང་གཞན་ནོ། །འགྲུབ་བྱེད་སྙིང་རྗེ་ཆེན་པོ་ཡིས། །ཀྱེ་མ་ཁམས་གསུམ་སེམས་ཅན་རྣམས། །ང་མེད་ང་རུ་རྟོག་པ་དང་། །གཞན་མེད་ཡུལ་དུ་འཛིན་པ་དང་། །ཡང་དག་མ་ཡིན་ཀུན་རྟོག་ལས། །བྱུང་བ་རྟོགས་པར་མ་གྱུར་ཏོ། །བདག་གིས་འདི་ཀུན་དོན་བྱེད་ཞེས། །བྱང་ཆུབ་སྤྱོད་ལ་འཇུག་པར་བྱ། །ཐབས་མཁས་སྨོན་ལམ་ལྡན་པ་ཡིས། །སྲིད་ཞི་མཉམ་པ་ཉིད་སྦྱངས་ནས། །སྟོབས་བཅུ་མཐར་ཕྱིན་ཡེ་ཤེས་ཀྱིས། །ཇི་ལྟ་)༡༤༧

(༄༅། །ཇི་སྙེད་ཐམས་ཅད་ཀྱང་། །དྲི་བཅས་དྲི་མ་མེད་པའི་དོན། །ཆོས་དབྱིངས་ཤིན་ཏུ་དྲི་མེད་དང་། །དེའི་རྒྱུ་མཐུན་ཟབས་པ་རྣམས། །རང་གི་སེམས་ལས་བྱུང་རྟོགས་ཏེ། །རྣམ་པ་ཐམས་ཅད་མཁྱེན་པ་ཡི། །གོ་འཕང་བླ་ན་མེད་ཐོབ་བྱ། །དྲན་པ་ཉེ་བར་བཞག་པའི་དོན་སྣང་བར་བྱེད་པའི་ཚིག་ལེའུར་བྱས་པ་ལས། །ནང་གི་ལུས་དང་ལམ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དཔལ་ལྡན་ཐུགས་རྗེའི་མངའ་བདག་ཐུབ་པའི་ས། །རྒྱལ་སྲས་གཞན་པས་ལྷག་པའི་ཐུགས་བསྐྱེད་ནས། །སྙིགས་དུ་ཉོན་མོངས་ལས་ཀྱིས་ཀྲུགས་རྣམས་ལ། །བླ་མེད་རྒྱལ་བའི་བསྐུར་བསྟན་ཐེག་པའི་ཚུལ། །དུ་མས་གསུངས་ཤིང་འཇིགས་ཚོགས་ལྟ་བ་དང་། །བདག་འཛིན་གཞོམ་ )༡༤༨

(དང་ཡེ་ཤེས་སྣང་བ་བསྟན། །རྣམས་གྲོལ་ལམ་གྱིས་རིམ་པ་གསལ་མཛད་པ། །ཐུགས་རྗེ་དཔག་མེད་ཁྱེད་ནི་རྨད་་དུ་བྱུང་། །འོན་ཀྱང་རྒྱས་སྲས་རྣམས་ཀྱང་གཞན་དུ་གཤེགས། །སྐྱེ་བོ་ཡང་དག་ལམ་ལ་དད་པ་ཉུང་། །རྒྱུ་འབྲས་ཐོས་ཀྱང་ཁྱོད་དུ་གསོད་པ་མང་། །ཀྱེ་མ་དེང་སང་སྐྱེ་བོ་སྐལ་པ་དམན། །འདི་བསྡུས་འབད་པ་དོན་མེད་མི་འགྱུར་གྲངས། །འོན་ཀྱང་ཆོས་ལ་ངེས་ཤེས་རྒྱལ་ལ་དད། །ལས་འབྲས་སེམས་ཤིང་ཤེས་པར་འདོད་རྣམས་ལ། །ཚུལ་འདི་བློ་གྲོས་སྣང་བ་བྱེད་གྱུར་ཅིག །དགེ་བས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱང་། །ཡང་དག་ཡེ་ཤེས་ཤེས་རབ་སྐྱེ་བར་ཤོག །དྲན་པ་ཉེ་བར་བཞག་པའི་མདོ་ཆེན་པོ་ལས་སྔོན་གྱི་ལོ་པན་རྣམས་ཀྱིས་སུམ་བཅུ་རྩ་གསུམ་ )༡༤༩

(༄༅། །གནས་བར་དུ་བསྒྱུར། །དུས་ཕྱིས་པ་ཚབ་ལོ་རྩ་བས་མཐའ་བྲལ་བསྒྱུར་ཞིང་། །གཞན་རྒྱ་དཔེ་ལ་ཆད་ནས་མི་བཞུགས་ཀྱང་འཕགས་པ་རྣམས་ཀྱིས་བསྡུས་པའི་བསྟན་ཆོས་དང་མདོ་སྡེ་རྣམས་ལ་གུས་པས་རྣམ་དཔྱོད་ལྡན་པར་བསྟས་ཏེ། །རང་བཟོ་མེད་པར་གོ་བདེ་བའི་ངག་ཏུ་རང་བྱུང་རྡོ་རྗེས་བསྡུས་པ་དྲན་པ་ཉེ་བར་བཞག་པའི་ཚིག་ལེའུར་བྱས་པ་ཅི་སྙེད་པ་རྫོགས་སོ།། །།


no previousno next