Nitartha Digital Library
Tibetan
 
no previousno next

(༡)བཤད་ལུང་སྦྱོར་བཀོད་རྒྱ་མཚོ་མཐའ་ཡས་བཞུགས་སོ།། །།

(༢)སྟོན་པ་ལྔ་དང་བསྟན་པ་ལྔ། །མ་རྟོགས་ལོག་རྟོག་ལ་སོགས་པ། ཐེག་དགུ་ཆོས་ཀྱི་འཁོར་ལོར། །ཕྱི་ནང་གཉིས་ཀྱི་གྲུབ་མཐའ་ཤན་འབྱེད་པ། །ངར་འཛིན་པའི་ལྟ་བ་ཉི་ཤུ་རྩ་གཅིག་འདིར། གཞན་གྱིས་ཕྱི་ནང་གི་གྲུབ་མཐའ་ཐད་ཤན་འབྱེད་ཅིང་སོ་སོ་རང་རང་གཏན་ལ་ཕབ་པ་དང་། རང་གིས་མ་རྟོགས་ལོག་རྟོགས་གཉིས་ཐེག་པ་དྲུག་བླ་ན་མེད་པའི་ཐེག་པ་བརྒྱད་པོ་འདུས་པ་སྟེ། རྣལ་འབྱོར་ཆེན་པོ་གསར་རྙིང་གཉིས་ལ་ཡང་སྐྱེད་རྫོགས་གཉིས་ལ་སོགས་པ། །སྨིན་པ་དང་གྲོལ་བའི་རང་བཞིན་ཅན་གྱི་ངར་འཛིན་མང་དུ་ཡོད་པ་རྣམས་རྒྱ་རིམ་པ་དགུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་ཆོས་སྐུ་དྲི་མ་མེད་པ་ཉག་ཅིག་ཏུ་ངོ་སྤྲོད་པ་ནི་རང་གྲོལ་ཡེ་ཤེས་ཕྱག་རྒྱ་ཆེན་པོ་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལམ་གྱི་ཡེ་ཤེས་གང་གིས་རྟོགས་ཤིང་གོམས་འདྲིས་བརྩལ་ཆེན་པོ་ཡོངས་སུ་རྫོགས་པ་ནི་སྐུ་གསུམ་ལྷུན་གྱིས་གྲུབ་པའི་རྡོ་རྗེ་འཆང་དུ་ཡང་མཚན་གསོལ་ལོ། །ཐེག་པ་ཀུན་

(༣)གྱི་སྤྱི་ལུང་ཨ་ནུ་ཡོ་ག་ཡིས། ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་ལ་གྲོལ་ཤན་འབྱེད་ཅིང་། སོ་སོར་གཏན་ལ་ཕབ་ནས་གེ་སར་འབྲས་བུ་རྟོགས་བྱ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་འབྲས་བུ་རབ་འབྲིང་ཐ་མ་བཞིར་ས་མཚམས་དབྱེ་ཞིང་ཅིག་དུ་རྫོགས་ཤིང་རྟོགས་པ་སྐུ་བཞི་འདུ་བ་དང་འབྲལ་བ་མེད་པ་མ་རྟོགས་ལོག་རྟོགས་གཉིས་ཐེག་པ་དྲུག་དང་བརྒྱད། ངོ་བོ་ཉིད་ཀྱི་ཆོས་ཀྱི་དབྱིངས་དང་མཉམ་པར་གང་གིས་རྟོགས་ཤིང་། ཆོས་ཀྱི་དབྱིངས་རབ་འབྱམ་རྟོགས་པ་རབ་འབྱམ་དབྱིངས་དང་ཡེ་ཤེས་རོ་མཉམ་པ་ནི་ཐེག་པ་བརྒྱད་ཀྱི་གཞི་ལམ་འབྲས་བུ་མཐར་ཐུག་པའོ། །རྫོགས་པ་ཆེན་པོའི་གཞི་རྫོགས་པ་ལས་ནམ་མཁའ་གཟའ་སྐར་ཉི་ཟླ་འཇའ་དང་སྤྲིན་ཚོགས་ལ་སོགས་པ་ཕྱོགས་མེད་དུ་རྫོགས་ཤིང་ཁྱབ་པ་བཞིན་དུ། མ་རྟོགས་ལོག་རྟོག་ཐེག་པ་ཕྱེད་དང་དགུ་མན་ཆད་མ་འདྲེས་ལ་ཡོངས་སུ་རྫོགས་པའི་ཕྱིར་ན། ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་སོ་སོའི་གཞུང་དང་མཐུན་པར་བཤད་ཅིང་། ཕྱི་ནང་གི་སྟོན་པ་རྣམས་ཀྱི་བཀའ་དང་ དགོངས next hit་དང་མི་འགལ་བར་གོང་འོག་མ་འཆུགས་པར་བཤད་ཅིང་། རང་ཉིད་ཆོས་དབྱིངས་ཡེ་ཤེས་རང་བྱུང་ཡེ་ཤེས་མཐའ་ཡས་མུ་མེད་བསམ་གྱིས་མི་ཁྱབ་པར། ཡེ་ཤེས་ལྷུན་གྱིས་གྲུབ་པར་ཡེ་ཤེས་རབ་འབྱམ་ཀུན་རྫོགས་ཡེ་ཤེས་གྲིབ་པ་མེད་པར་རྫོགས་པ་ནི། དབང་བཞི་འམ་བཅུ་དྲུག་ཡེ་ཤེས་དབྱིངས་གཅིག་དྲི་མ་མེད་པར་རྫོགས་པ་ནི་མཐར་ཐུག་པའོ། །དེའི་ཕྱིར་ན་བསྟན་པ་རྒྱ་མཚོ་མཐའ་ཡས་ལས་བཤད་ལུང་གྲངས་ཅན་གྲངས་མེད་མཐའ་ཡས་པ་ཡོད་པ་ཡང་། མདོར་བསྡུ་ན་གཉིས་སུ་འདུས་

(༤)པ་སྟེ་གཞན་པ་མ་ནོར་བར་ཕྱི་ནང་གི་གྲུབ་མཐའ་སོ་སོར་གཏན་ལ་ཕབ་པ་དང་། རང་གིས་ངོ་སྤྲོད་པའོ། །དེ་རྫོགས་པ་ཆེན་པོ་འདི་ཐམས་ཅད་ཀུན་གྱི་དབུ་དུམ་ཡང་ཡིན་ལ། རྫོགས་དུམ་ཡང་ཡིན་པ་སྟེ། རྫོགས་པ་ཆེན་པོ་ལས་མི་གནས་པ་དང་མ་བྱུང་པ་དང་མ་རྫོགས་གང་ཡང་མེད་པའི་ཕྱིར་ཏེ། དབུ་རྫོགས་གང་དུ་བཤད་ཀྱང་ཉོན་དེ་མིན་སོ་སོར་ཕྱི་ནང་གི་གྲུབ་མཐའ་འབྱེད་པ་ནི་མུ་སྟེགས་ཀྱི་གྲུབ་མཐའ་ལ་སྦྱོར་ཞིང་གྲུབ་མཐའ་ཕྱི་ནང་གི་ཤན་འབྱེད་པར་བྱའོ། །ནང་པ་སངས་རྒྱས་ཀྱི་གྲུབ་མཐའ་ཐེག་པ་ཕྱེད་དང་དགུ་ཡང་སོ་སོར་གཞུང་མ་ལོག་པ་སོ་སོར་ཡོད་པ་རྣམས། ཐེག་པ་ཕྱེད་དང་དགུ་ལ་སོ་སོར་སྦྱོར་ཞིང་ཅིག་རྒྱབ་ཅིག་གིས་བསྐྱོང་བར་བྱས་ཏེ། དེ་ལ་ཡང་དང་པོར་གསང་བ་སྙིང་པོའི་ཚིག་བཞི་པ་འདི་ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་ཀྱི་སྤྱིའི་ལུང་ཡིན་པ་ལས་སྤྲོས་པ་ཚག་བར་བཞི་བཅུ་ཞེ་དགུ་པ་མཆོད་བརྗོད་དང་བཅས་པ། །གཞུང་བསྡུས་པ་ས་གཅོད་མ་བུ་གཉིས་བཤད་པར་བྱའོ། །དེ་ལས་སྤྲོས་པ་ཕུན་སུམ་ཚོགས་པ་རྒྱ་མཚོ་མཐའ་ཡས་བཤད་ཅིང་། བཀའ་གསུམ་འཁོར་ལོ་བཞི་གཅིག་དུ་བསྡུས་པ། བྱིན་གྱིས་བརླབས་པའི་བཀའ་ཆེན་བཤད་པར་བྱ་སྟེ། དེ་རྗེས་སུ་གཞུང་པ་གཅོད་ཆེན་མོ་ཚིགས་བཅད་མ་རང་ས་གཞན་ས་སོ་སོར་འབྱེད་ཅིང་ངོ་སྤྲད་པ་སྟེ། ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་ལ་མགོ་འཇུག་མེད་པར་ཁྱབ་པ་རང་ས་གཞན་ས་སོ་སོར་དབྱེ་བ་ལས། གདམས་ངག་རྒྱ་མཚོ་མཐའ་ཡས། ཞུས་ལན་རྒྱ་མཚོ་མཐའ་ཡས། འདོད་པ་རྒྱ་མཚོ་མཐའ་ཡས་འདི་ཚོ་ཡིས་ཀུན་ལ་ཁྱབ་པ་སྟེ། འདི་རྣམས་བཤད་པ་ལས་སྔ་ཕྱི་གང་ཡང་མེད། ཀུན་གྱི་སྤྱི་ཆིངས་ཡིན་

(༥)པའི་ཕྱིར་ན། ཀུན་ལ་ཁྱབ་ཅིང་སྒྲ་དོན་མ་ནོར་བར་བཤད་པར་བྱའོ། །དེ་མན་རྣམས་ཕྱི་ནང་གི་གྲུབ་མཐའ་ཐེག་པ་རང་ག་མ་རྣམས་དང་སྦྱོར་བ་སྟེ་མུ་སྟེགས་ཀྱི་སྟོན་པ་དྲུག་དང་བསྟན་པ་དྲུག་ཁྱབ་འཇུག་ལ་སོགས་པ་མང་དུ་ཡོད་པ་རྣམས། གཅིག་ཏུ་སྡོམ་ཞིང་ལྟ་ལོག་སུམ་རྒྱ་དྲུག་བཅུ་སོ་སོར་ཤན་འབྱེད་ཅིང་རང་སར་རྟོགས་པར་ངོ་སྤྲད་པར་བྱའོ། །འདུལ་བ་རྒྱ་མཚོ་མཐའ་ཡས་ལས་སྤྲོས་པ་ཉན་རང་གི་ཐེག་པའི་གཞུང་ཡན་ལག་མང་དུ་ཡོད་པ་རྣམས། གཅིག་རྒྱབ་གཅིག་གིས་སྐྱང་ཞིང་རང་ས་གཞན་ས་སོ་སོར་འབྱེད་པར་བྱའོ། །མདོ་སྡེ་རྒྱ་མཚོ་མཐའ་ཡས་ལས་སྤྲོས་པ་དྲང་བ་དོན་གྱི་མདོ་སྡེ། ངེས་པ་དོན་གྱི་མདོ་སྡེ་དང་གཞུང་ཡན་ལག་རྒྱས་པ་དང་བསྡུས་པ་མང་དུ་ཡོད་པ་རྣམས། བྱང་ཆུབ་སེམས་དཔའི་སྡེ་སྣོད་རང་ས་དང་གཞན་སར་སོ་སོར་འབྱེད་པར་བྱའོ། །འདའ་ཀའི་བསྟེན་པ་རྒྱ་མཚོ་མཐའ་ཡས་རྫོགས་དུམ་དུ་བྱས་པ་སྟེ། དེ་ཡང་སྡེ་སྣོད་གསུམ་གྱི་རྫོགས་དུམ་ཡིན་ལ། ཐེག་པ་གོང་མ་རྣམས་ཀྱི་རྫོགས་དུམ་མིན་པར་བྱའོ། །ལོངས་སྐུ་སྤྲུལ་སྐུའི་བསྟན་པ་ཕྱི་རྒྱུད་གསུམ་ནི། །གཞུང་ཡན་ལག་ཆིངས་རྣམས་ཐེག་པ་ཀུན་གྱི་སྤྱི་གཞུང་ན་མཐོར་ནས་བཞུགས་པ་སྟེ། །ཅིག་རྒྱབ་ཅིག་གིས་བསྐྱང་ཞིང་བཤད་ནས་ཁྱད་པར་དུ་རིགས་ལྔ་སྤྲུལ་པའི་སྐུ་དང་རིགས་གསུམ་མགོན་པོ་གཞི་ལམ་འབྲས་བུའི་སྟོན་པ་དང་། བསྟན་པ་རྣམས་སོ་སོར་འབྱེད་པའི་བསྟན་པ་རྒྱ་མཚོ་མཐའ་ཡས་བྱིན་གྱིས་བརླབས་པའི་བཀའ་ཆེན་དང་། ལྷན་ན་ཡོད་པ་གཅིག་རྒྱབ་ཅིག་གིས་སྐྱོང་ཞིང་བཤད་པར་བྱའོ། །གསང་བ་རྒྱ་མཚོ་མཐའ་ཡས་ཀྱི། རྣལ་འབྱོར་ཆེན་པོ་

(༦)གསར་རྙིང་གཉིས་ཤན་འབྱེད་ཅིང་ཀུན་ལ་ཁྱབ་པ་ལ། སྤྲོས་པ་ཐེག་པ་ཀུན་གྱི་སྤྱི་གཞུང་ན་ཁྱབ་པར་གསུངས་པ་མང་དུ་ཡོད་པ་དང་། མ་ཧ་ཡོ་ག་གསར་མའི་བསྟན་པ་རྒྱ་མཚོ་མཐའ་ཡས་དང་། ཚོགས་ཀྱི་འཁོར་ལོ་དང་དབང་ལ་སོགས་པའི་གཞུང་ཕྲན་མང་པོ་ཡོད་པ་རྣམས། མ་ཧ་ཡོ་ག་གསར་རྙིང་གཉིས་དང་སྦྱར་ཞིང་རང་ས་གཞན་ས་སོ་སོར་འབྱེད་པར་བྱའོ། །ལུང་ཨ་ནུ་ཡོ་གའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས་སྤྲོས་པ། །གཞུང་ཡན་ལག་མང་དུ་ཡོད་པ་རྣམས་ཨ་ནུ་ཡོ་གར་བསྡུས་ཤིང་། གཅིག་རྒྱབ་ཅིག་གིས་བསྐྱོང་ཞིང་བཤད་པར་བྱའོ། །རྫོགས་པ་ཆེན་པོ་དབང་གི་ཚུལ་བསྟན་པ་རྒྱ་མཚོ་མཐའ་ཡས་ལས་སྤྲོས་པ་རྫོགས་ཆེན་གྱི་ཡན་ལག །མང་དུ་ཡོད་པ་རྣམས་རྫོགས་པ་ཆེན་པོ་རང་བྱུང་ཡེ་ཤེས་སུ་བསྡུས་ཤིང་། །གཅིག་རྒྱབ་ཅིག་གིས་སྐྱོང་བར་བྱ་སྟེ། གསང་བ་མཆོག་གི་བདག་པོ་དང་རྟག་པའི་རྒྱལ་མོ་གཉིས་ཀྱི་བསྟན་པ་རྒྱ་མཚོ་མཐའ་ཡས་འདི། ཐམས་ཅད་ཀུན་གྱི་འབྱུང་ཁུངས་དང་འབྱུང་གཞི་ཡིན་པའི་ཕྱིར་ན། ཐམས་ཅད་ཀུན་གྱིས་ཐོག་མར་བཤད་ཅིང་ཀུན་གྱི་སྤྱི་ཆིངས་སྤྱི་གདམས་སུ་ཤེས་པར་བྱའོ། །བསྟན་པ་རྒྱ་མཚོ་མཐའ་ཡས་འདི་ཕྱི་ནང་གི་གྲུབ་མཐའ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དཔེར་ན་རྒྱ་མཚོ་དང་འདྲ་བ་ལ། ཆུ་ཐིགས་པ་གཅིག་གི་དཔེར་མཚོན་པ་སྟེ། འདི་ལ་རྒྱས་པ་དང་རྫོགས་པ་དང་མཁས་པ་ཚད་མེད་པའི་ཕྱིར་ན་ཕྱིའི་གྲུབ་མཐའ། མུ་སྟེགས་ཀྱི་མོ་སྤྲ་སུམ་བརྒྱ་དྲུག་བཅུ་ཡན་ཆོད་མུ་སྟེགས་ཀྱི་གྲུབ་མཐའ་

(༧)ལ་སོགས་པའི་འབྱུང་ཁུངས་ཡིན། །འགྲོ་བ་རིགས་དྲུག་གི། འཁྲུལ་པ་དང་འཁྲུལ་གཞི་རྣམས་ཁམས་སུམ་འཁོར་བ་སྲིད་པའི་འབྱུང་ཁུངས་ཡིན། ནང་པ་སངས་རྒྱས་ཀྱི་ཐེག་པ་སྡེ་སྣོད་གསུམ་ཕྱི་རྒྱུད་གསུམ་རྣལ་འབྱོར་ཆེན་པོ་གསར་རྙིང་གཉིས་ཨ་ནུ་ཡོ་ག་རྫོགས་པ་ཆེན་པོ་ཐེག་པ་དགུ་ལ་གཏོགས་ཚད་རྣམས། བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་བཀའ་རྒྱུད་མན་ངག་ལ་སོགས་པའི་ཚད་མ་སྟེ། སྟོན་པ་ལྔའི་བསྟན་པ་ཆོས་ཀྱི་རྒྱ་མཚོ་མཐའ་ཡས་མུ་མེད་བསམ་གྱིས་མི་ཁྱབ་པའི་ཕྱི་ནང་གི་གྲུབ་མཐའ་ཤན་འབྱེད་ཅིང་། རབ་འབྱམ་རྒྱུད་དང་ལུང་དང་མན་ངག་སྤྱིའི་འགྲེལ་པ། བསྟན་པ་རྒྱ་མཚོ་མཐའ་ཡས་མདོར་བསྡུས་པ་འདི་ཡིན་པ་ལས་རྒྱས་པར་དབྱེ་ན་པོ་ཏི་འབུམ་ཕྲག་གྲངས་མེད་པ་ལས་ཀྱང་གྲངས་མེད་པའི་རྫོགས་པའི་དུས་མཐའ་མེད་པའི་ཕྱིར་ན་ཁམས་གསུམ་པའི་སེམས་ཅན་ཐམས་ཅད་མཁྱེན་པའི་སངས་རྒྱས་སུ་གྱུར་ནས། ཐོག་མ་མེད་པའི་དུས་ནས། མཐར་ཐུག་པ་མེད་པའི་བར་དུ་གསུངས་ཀྱང་རྫོགས་པར་མི་འགྱུར་བ་སྟེ། དེའི་ཕྱིར་ན་བསྟན་པ་རྒྱ་མཚོ་མཐའ་ཡས་གཞུང་ཡན་ལག་དང་བཅས་པ་འདི་རྣམས་ལ། ཅི་ལྟར་དུ་སྣང་ཞིང་བྲིས་པ་བཞིན་དུ་མཚམས་སྦྱར་ཞིང་། སོ་སོར་གཞུང་མ་བུ་སྤྲད་ནས་གཅིག་རྒྱབ་གཅིག་གིས་སྐྱོང་ཞིང་། རང་ས་དང་གཞན་སར་སོ་སོར་ངོ་སྤྲོད་ཅིང་སྒྲ་དང་དོན་མཐན་པར་ཀློག་པར་བྱ་བ་སྟེ། འདི་ལས་མཆན་དང་ཀ་ལྟ་དང་འབྲུ་བསྣོན་དང་ཅི་ཡང་མི་དགོས། སྒྲ་དང་དོན་གྱི་ཐོག་དུ་མི་ཕེབས་ཤིང་གང་ཟག་གི་ཚིག་ལྷད་དུ་འགྲོ་

(༨)བའི་སྐྱོན་ཡོད་པའོ། །མདོ་ལ་འགྱུར་བ་དང་མི་འགྱུར་བའི་བཀའ་ཐེག་པ་དགུ་བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་བརྒྱས་བཤད་ཡིན། །རྒྱས་པར་བཤད་ན་འདི་རྣམས་ཤེས་དགོས་པ་སྟེ། འདི་རྣམས་རྒྱས་པར་ཤེས་ཤིང་སྦྱོར་བར་ནུས་པ་དེང་སང་སུ་ཞིག་ཡོད། །ལུང་བསྟན་སྐྱེས་བུ་མི་བཞི་ཕྱི་ནང་གྲུབ་མཐའ་ཐེག་པ་དགུ་ལ། མཁས་ཤིང་གྲུབ་པ་ཐོབ་པའི་བསྟན་བཅོས་རྒྱུད་དང་རྒྱུད་ཀྱི་འགྲེལ་པ། ལུང་དང་ལུང་གི། མན་ངག་དང་མན་ངག་གི་སྐྱེད་རྫོགས་བསྒྲུབ་ཐབས། མན་ངག་གི་གསལ་བྱེད་སྒྲོལ་མ་ལ་སོགས་པ། འཛམ་གླིང་རྒྱན་ལྔ་འམ་དྲུག་གམ་བདུན་ནམ། དེ་ལ་སོགས་པའི་མུ་སྟེགས་ཀྱི་སྟོན་པ་དྲུག་དང་། བསྟན་པ་དྲུག་ལ་སོགས་པ་རྣམས་བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི། ཕྱི་ནང་གྲུབ་མཐའ་ཤན་འབྱེད། ཏི་ག་གསལ་བྱེད་སྒྲོལ་མ་ཡིན་པའི་ཕྱིར་ན། མཆན་དང་འབྲུ་གནོན་ཀ་སྟ་བྱས་པས་ས་མཚམས་སྒྲ་དོན་ཤན་འབྱེད་དཔག་དུ་མེད་པ་བྱས་ཀྱང་། རྒྱ་མཚོ་བཅུས་ཤིང་འཕོས་ཀྱང་ཟད་པར་མི་འགྱུར་བ་བཞིན་དུ། བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་སྒྲ་དོན། གཏིང་དཔག་མཐར་ཐུག་ཤིན་དུ་དཀའ་བའོ། །དེའི་ཕྱིར་ན་ནམ་མཁའ་མཐའ་ཡས་རྒྱ་མཚོ་མཐའ་ཡས་སངས་རྒྱས་མཐའ་ཡས། སེམས་ཅན་མཐའ་ཡས། མ་རིག་ཉོན་མོངས་རྒྱ་མཚོ་མཐའ་ཡས། ཡེ་ཤེས་མཐའ་ཡས། ཆོས་ཉིད་ཆོས་ཅན་རྒྱ་མཚོ་མཐའ་ཡས་ཕྱི་ནང་གྲུབ་མཐའ་རྒྱ་མཚོ་མཐའ་ཡས། སྐྱེ་ཤིང་འཕོ་འགྱུར་སྟོན་པ་བསྟན་པ་གདུལ་བྱ་རྒྱ་མཚོ་མཐའ་ཡས་ལ་སོགས་པ་ཏིང་དཔག་ཤིན་དུ་དཀའ་བའི་ཕྱིར་ན་མང་པོ་བརྗོད་པས་ཅི་ཞིག་བྱ།

(༩)བསྟན་པ་རྒྱ་མཚོ་མཐའ་ཡས་མདོར་བསྡུས་པ། རྩ་བ་འདི་རྣམས་ལ་མ་ནོར་བར་ཕྱི་ནང་གི་གྲུབ་མཐའ་སོ་སོ་ལ་སྦྱོར་ཞིང་སློབ་དཔོན་གྱིས་སློབ་མ་རྣམས་ལ་ཀློག་པ་ཙམ་གྱིས་སྒྲ་དང་དོན་རང་ས་དང་གཞན་སར་སོ་སོར་ངོ་སྤྲོད་པར་བྱའོ། །ཐམས་ཅད་ཀུན་གྱི་བཅུད་བསྡུས་པ་ནི། ཟབ་ཆོས་རྒྱ་མཚོ་མཐའ་ཡས་དེ། སྐུ་གསུམ་ངོ་སྤྲོད་གནད་ཀྱི་འཁོར་ལོ་བསྐོར་བར་བྱའོ། །ཕྱི་ནང་གྲུབ་མཐའ་ཤན་འབྱེད། སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་བཤད་པ་ལུང་སྦྱོར་སྐོར་རྒྱ་མཚོ་མཐའ་ཡས་འདི་ཡིན་པའི་ཕྱིར་ན། བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་དབུར་བཞུགས་སུ་བཅུག་ཅིང་བཤད་previous hit ་ཐམས་ཅད་ཀྱི་སྤྱི་ཆིངས་འདི་ལ་ཀུན་གྱིས་གཟིགས་ཤིག །ཐད་སོ་ཐད་སོར་བཤད་ཅིང་དགོངས next hit་པར་བྱའོ། །ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་བསགས་དང་རྟོགས་པ་ཡིས། །འགྲོ་དྲུག་སེམས་ཅན་མ་ལུས་པ། །སྐུ་ལྔ་ཡོངས་རྫོགས་སངས་རྒྱས་ཉིད་དུ་ཤོག །བཀྲ་ཤིས་དཔལ་འབར་རབ་འབར་ཀུན་མཁྱེན་རྒྱལ་པོ་མཆོག་འབར་འཛམ་གླིང་བརྒྱན་དུ་ཤོག །རབ་འབྱམ་བཀའི་ཤན་འབྱེད་ཀྱི་བཤད་པ་ལུང་སྦྱོར་སྐོར་རྒྱ་མཚོ་མཐའ་ཡས་རྫོགས་སྷོ།། ༈། །།བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་གཞུང་རྒྱས་སྡུས་ཐམས་ཅད་ཀྱི་ནང་ན་ཡང་། ཐེག་པ་གོང་འོག་ཕྱི་ནང་ཀུན་གྱི་འབྲེལ་ཚུལ་དང་། བཤད་ཚུལ་གཅིག་རྒྱབ་ཅིག་གིས་བསྐྱོང་བ་ཞིབ་མོར་ཡོད་པ་སྟེ། གསང་བ་ཀུན་བདག་རྒྱ་མཚོ་མཐའ་ཡས་དང་། སྟག་པའི་རྒྱལ་མོ་རྒྱ་མཚོ་མཐའ་ཡས་

(༡༠)མ་ཧཱ་ཡོ་ག་གསར་མའི་རྒྱ་མཚོ་མཐའ་ཡས། ཨ་ནུ་ཡོ་ག་རྒྱ་མཚོ་མཐའ་ཡས། བྱིན་གྱིས་བརླབས་པའི་བཀའ་ཆེན་རྒྱ་མཚོ་མཐའ་ཡས་ལ་སོགས་པའི་འབྲེལ་ཚུལ་མེད་པའི་ཕྱིར་ན་གོང་གི་བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་གཞུང་བཞིན་དུ་ཐམས་ཅད་སྦྱོར་ཞིང་ཀློག་པར་བྱ་སྟེ། བཤད་ལུགས་འདི་རྣམས། རྒྱུད་པ་མི་འཛིན་པ་རྣམས་ལ་གསང་ཞིང་བསྟན་པ་མི་བྱ་བས་སྟེ། ཐ་སྙད་མཁན་རྣམས་རང་ཁར་འཇུག་པའི་སྐྱོན་ཡོད་པའི་ཕྱིར་ན། གསང་ཞིང་སྦ་བར་བྱའོ། །བཤད་པ་རྒྱ་མཚོ་མཐའ་ཡས་ནི་མེད་ན། བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་དཔེ་ཡོད་ཀྱང་། བྱ་སྤུ་རླུང་གིས་གཏོར་བ་འདྲ་བ་སྟེ། དམ་དུམ་གོ་ཡང་ཕྱི་ནང་གྲུབ་མཐའ་ཕྱོགས་མེད་རྟོག་ཤིང་གོ་བ་དཀའ་བའི་ཕྱིར་ན། གཞུང་འདི་མེད་ན་མཐོར་བ་འབྲེལ་མེད། རྒྱུད་པ་འཆད་པའི་བཀའ་པོད་སྟོང་ཕྲག་ཁུར་ཡང་དགོས་པ་མེད། མ་བསླབས་པར་མཁས་པ་དང་མ་སྒོམས་པར་རྟོགས་ལྡན་འབྱུང་བའི་ཀུན་མཁྱེན། མཁའ་ལ་ཉི་མ་འཆར་བ་ལྟ་བུའི། བཤད་ལུ་རྒྱ་མཚོ་མཐའ་ཡས། འདི་གསང་བར་མི་བྱ། བསྟན་མི་བྱ། སངས་རྒྱས་རྣམས་དང་ཧེ་རུ་ཀ །དམ་ཅན་རྒྱ་མཚོས་བཀའ་བསྲུང་ཤིག །འཛམ་གླིང་ཡོངས་ལ་ཁྱབ་པར་མཛོད། །ཡ་ཐ་དེ་གཞུང་ལྟ་བུ། མ་ཐ་དེ་ཡིག་སྣ་ལྟ་བུ་ཡིན་པ་ཤེས་པར་མཛོད།། །། གཅིག་ཞུས།

(༡༡)

(༡༢)

(༡༣)

(༡༤)

(༡༥)

(༡༦)

(༡༧)

(༡༨)

(༡༩)

(༢༠)

(༢༡""

(༢༢)

(༢༣)

(༢༤)

(༢༥)སྐྱེ་མཆེད་ལ་སོགས་ཏེ། ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པ་ཐམས་ཅད་གདོད་མ་ནས་བདེ་བ་ཆེན་པོའི་དཀྱིལ་འཁོར་ཡིན་པ་ལ་ཡིན་པར་ངོ་ཤེས་པ་ཙམ་གྱིས་སངས་རྒྱས་པར་བཞེད་པ་སྟེ། འཆི་བ་མེད་པ་རྡོ་རྗེའི་ཚེ་ཐོབ་པའི་ཕྱིར་ན། རྡོ་རྗེའི་གནས་ལུགས་རྣམ་པ་བཞིའི་དཀྱིལ་འཁོར་རྫོགས་ཤིང་། དེ་བཞིན་གཤེགས་པ་ལ་མཁའ་འགྲོ་མ་ལྔ་ཡིས་བྱིན་གྱིས་བརླབས་ནས་དགའ་བ་བཞི་དང་བདེ་བ་བརྒྱད་ཀྱིས་བདུད་རྩི་བབ་པའི་ཕྱིར་ན། བདུད་རྩི་བཅུད་འཐུང་བྱ་བའི་དོན་ཡང་དེ་ཡིན། བདེ་མཆོག་གི་ལུང་ལས་ཀྱང་། །ཀྱང་གཞལ་ཡས་ཁང་། སུ་དང་ཕྲད་ཀྱང་ཧེ་རུ་ཀ །ཇི་ལྟར་བྱས་ཀྱང་ཆོས་ཀྱི་སྐུ། །དོན་དུ་མི་འགྱུར་གང་ཡང་མེད། །ཅེས་གསུངས་སྟེ། རྣལ་འབྱོར་བླ་མེད་མཐར་ཐུག་སྟེ། ཨ་ནུ་ཡོ་ག་ཆེན་པོའི་ལམ་སྟེགས་ཙམ། སྒོ་བལྟས་ཕུགས་མཐོང་ཕུགས་བལྟས་སྒོར་ཕྱིན། ཞེས་བྱ་བ་ནི། ཨ་ནུ་ཡོ་ག་དབྱིངས་དང་ཡེ་ཤེས་རོ་མཉམ་ཞིང་། སྣང་བ་སྣ་ཚོགས་པས་རྩལ་རྫོགས་པས། དེ་ཡང་མན་ངག་གཡུ་ཐང་གི་ལུང་ལས་ཀྱང་། སྣང་སྲིད་བཟང་མོའི་མཁའ་ཀློང་ལས། །མ་སྐྱེས་དཀྱིལ་འཁོར་ཀུན་བཟངས་ཤར། །ཤར་བ་ཉིད་དུ་ནུབ་པ་མེད། །ཡབ་ཡུམ་སྲས་བཅས་བདེ་བ་ཆེ། །ལྷུན་རྫོགས་ངང་ལ་སྐད་ཅིག་གིས། །སྙིང་པོ་དྲན་རྫོགས་སྐུར་ཤར་བས། །འདི་ལ་རིམ་འཇུག་རྩོལ་བ་མེད། །རྒྱ་མཚོར་ཉི་ཟླ་ཤར་བ་འདྲ། །དེ་ལྟར་དབྱིངས་དང་ཡེ་ཤེས་ནི། །དབྱེར་མེད་ཕྱོགས་མེད་རྟོགས་ལགས་ཀྱང་། །རྒྱུ་འབྲས་དབང་གི་ཕྱི་ནང་གི། སྒོ་ཕུགས་གཉིས་སུ་

(༢༦)ལྟ་བ་ཡིན། །ཨ་ནུ་ཡོ་གའི་མཐའ་ཕུགས་ཏེ། །ཨ་ཏི་ཡོ་གའི་ལམ་སྟེགས་ཙམ། །མེད་པ་གཅིག་པུ་ཕྱལ་པ་སྟེ། །རྫོགས་ཤེས་བྱ་བའི་རང་བཞིན་ཤིན་ཏུ་རྣལ་འབྱོར་ལས་འཁོར་བ་དང་མྱ་ངན་འདས་པའི་ཆོས་ཐམས་ཅད་ངར་འཛིན་པའི་ལྟ་བ་ཉི་ཤུ་རྩ་གཅིག་ཡེ་ནས་རྫོགས་པའི་ཕྱིར་ན། གཞུང་མེད་པ་གཅིག་པུ་བྱ་བ་ནི། མུ་སྟེགས་ཀྱི་ལྟ་ལོག་སུམ་བརྒྱ་དྲུག་བཅུ། རྟག་ཆད་གཉིས་སུ་འདུས། དེ་ཡང་ཡེ་ནས་རྫོགས་པར་རྟོགས། །གཞུང་ཕྱལ་པ་བྱ་བ་རིགས་དྲུག་སྟེ། །དེ་ཡང་དེ་ནས་རྫོགས་པར་རྟོགས། །རྟོགས་ཏེ་ཞེས་བྱ་བ་ནི། ལྷག་མ་དང་བཅས་པའི་ཚིག་གམ་མང་པོའི་ཚིག་ཡིན་པའི་ཕྱིར་ན། ཐེག་པ་རིམ་པ་ཕྱེད་དགུ། རང་བཞིན་གྱིས་རྫོགས་པས་ན་རྫོགས་ཤེས་བྱ། །དེའི་ཕྱིར་ན་རྒྱ་མཚོ་ཀློང་གི་རྒྱུད་ལས། །རྒྱུ་རྫོགས་ལམ་རྫོགས་འབྲས་བུ་རྫོགས། །གྲུབ་མཐའ་སྣ་ཚོགས་ཡེ་ནས་རྫོགས། །གསུངས་པའི་ཕྱིར་རོ། །ཐེ་ཚོམ་སེལ་མཛད་བྱ་བའི་དོན་ནི། ཐེག་པ་སྤྱི་དང་དགུ་མན་ཆོད་ཐེ་ཙོམ་གྱི་ཡུལ་ཡིན་པའི་ཕྱིར་ན། གསང་སྙིང་གི་ལུང་ལས་ཀྱང་། previous hit དགོངས next hit་འདུལ་བ་གསང་བ་དང་། །མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །དོན་དམ་འདི་ལ་ཐེ་ཚོམ་ཟ། །ཞེས་གསུང་པའི་ཕྱིར་ན། ཡེ་སངས་རྒྱས་པའི་གནས་ལུགས་རྟོགས་པ་རབ་མཐའ་ཡས་པར་རྫོགས་པའི་དུས་སུ། ཐེ་ཚོམ་ཞེས་བྱ་བ་ནི་གདོད་མ་ནས་གྲུབ་པའི་ཕྱིར་ན། དཔེར་ན་ཉི་མའི་འོད་ཟེར་མདངས་དང་ལྡན་པ་ལ་མུན་པའི་གནས་མེད་པ་ལྟ་བུའམ། །གསང་བ་ཡེ་ཤེས་བདག་རྟག་ཅེས་

(༢༧)བྱ་བ་ནི། ཀློང་ཆེན་རབ་འབྱམས་གྱི་རྒྱུད་ལུང་སྟེ། དངོས་པོ་གཤིས་ཀྱི་གནས་ལུགས་འདི་དང་དུས་གསུམ་དུས་མེད་ཐམས་ཅད་དུ་འཕོ་བ་མེད་ཅིང་འགྱུར་བ་མེད། །རྟག་ཅིང་བརྟན་ལ་འགྱུར་བ་མེད། །འཁོར་འདས་ཡོངས་ཀྱི་བདག་ཉིད་གཙོ། །ཡེ་སངས་རྒྱས་པའི་གནས་ལུགས་ལ། །རྟོགས་པ་རབ་འབྱམས་ལྷུན་རྫོགས་ནས། །སྐུ་ལྔ་ཡོངས་རྫོགས་སངས་རྒྱས་ཏེ། །གསང་དང་ཡེ་ཤེས་བྱ་བ་ནི། །ཀུན་བཟང་རྒྱལ་པོའི་སྐུ་གསུང་ཐུགས། །གསང་བ་གསུམ་གྱི་མཛོད་རྣམས་ནི། །སྐལ་མེད་རྣམས་ཀྱིས་རྟོགས་པར་དཀའ། །དེ་ཕྱིར་གསང་བ་བསྟན་ཞེས་བྱ། །སྐལ་ལྡན་གཅིག་ཅར་ཡང་རབ་ཀྱིས། །སྐད་ཅིག་ལག་པ་བརྐྱང་བསྐུམ་ལ། །རང་གི་ལུས་ངག་ཡིད་གསུམ་ལ། །ཀུན་བཟངས་རྒྱལ་པོ་ཉིད་དུ་ཤར། །སྐུ་ལྔ་ཡོངས་རྫོགས་སངས་རྒྱས་ཏེ། གཞན་ནས་ཐོབ་དུ་མི་རེ་ཞིང་། །ཡེ་ཤེས་ལྔ་ལྡན་རང་ལ་རྫོགས། །གསང་བ་ཡེ་ཤེས་བདག་རྟག་གོ། ལ་ཕྱག་བྱ་བ་ནི། ལྷན་སྐྱེས་བདེ་བ་ཆེན་པོའི་ཕྱག །ཡེ་ཤེས་འདུ་འབྲལ་མེད་པའི་ཕྱག །རབ་འབྱམ་རྟོགས་པའི་ཡེ་ཤེས་ཕྱག་བྱ་བའི་ཕྱིར་ན། ལ་ཕྱག་གོ། །གུས་འདུད། བྱ་བའི་རང་བཞིན་ནི། །ཏཻ་ལོ་སངས་རྒྱས་རང་བྱུང་སྟེ། །ནཱ་རོ་བརྒྱུད་པའི་བྱིན་རླབས་ཀྱིས། །རྣལ་འབྱོར་རང་བྱུང་རྡོ་རྗེ་ཡིས། །ངར་འཛིན་ཉི་ཤུ་རྩ་གཅིག་ལ། །སྒྲ་དོན་ཅུང་ཟད་གོ་ཞིང་རྟོགས། །རྟོགས་པ་རབ་འབྱམ་རྟོགས་པའི་གཞལ་ཡས་སུ། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །བསྟན་པ་རྒྱ་མཚོ་མཐའ་ཡས་བྲིས། །བཀའ་རྒྱུད་འཛིན་པའི་སྒོམ་ཆེན་རྣམས། །དེ་དང་དེ་དོན་རྟོགས་པར་མཛོད། །བསྟན་པ་རྒྱ་

(༢༨)མཚོ་མཐའ་ཡས་ཀྱི་རྩ་བ་ཤད་བར་གཅིག་པ་མ་བུ་གཉིས་ལས་འཕྲོས་པ། བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་གཞུང་ཆེན་མོ་དང་། དེ་ལས་འཕྲོས་པ་ཕུན་སུམ་ཚོགས་པའི་འཕྲོ་འགྲེལ་པ་ལྟ་བུ་ཡིན། མཐའ་ཡས་པར་ནི་གསལ་བར་བྱེད་པའི་སྒྲོན་མེ་དང་། མ་ཧཱ་ཡོ་ག་མན་ཆོད་ཀྱི་ཆིངས་ལ། །མ་རིག་མུན་སེལ་རྒྱ་མཚོ་མཐའ་ཡས་དང་། ཉན་རང་གི་ཐེག་པ་ལས་འཕྲོས་པ་འདུལ་བ་རྒྱ་མཚོ་མཐའ་ཡས་ཏེ། ཐེག་པ་ཀུན་གྱི་ཞེ་འདོད་སོ་སོར་འབྱེད་པ་ལས། འདོད་པ་རྒྱ་མཚོ་མཐའ་ཡས་འབྲལ་བ་མེད་ཅིང་འབྲེལ་བ་མེད་པ་དང་། དེ་རྣམས་ཐམས་ཅད་ཀྱི་བཅུད་བསྡུས་པ་གདམ་ངག་རྒྱ་མཚོ་མཐའ་ཡས་ཏེ། དེ་རྣམས་ཀུན་གྱི་འབྲས་བུ་རྟོགས་པ་རྒྱ་མཚོ་མཐའ་ཡས་ཀུན་ལས་ཁྱབ་པའོ། །རིག་པ་རྒྱ་མཚོ་མཐའ་ཡས་ཞོར་ལ་སྟོན། །འདི་རྣམས་ཐམས་ཅད་གཅིག་རྒྱབ་གཅིག་གིས་སྐྱོང་། །འདི་རྣམས་ཀྱི་སྒྲ་དོན་ཐམས་ཅད་སོ་སོར་གོ་ཞིང་རྟོགས་པར་བྱ་ཞིང་། སྒོམ་ཆེན་པའི་ཆོས་ཡིན་པའི་ཕྱིར་ན། སྒྲ་གཙོ་བོར་མི་བྱ་ཞིང་། དོན་གཙོ་བོར་བྱེད་པའི་ཕྱིར་ན། རྟོགས་པ་རྒྱ་མཚོ་རབ་འབྱམ་མཐའ་ཡས་རྟོགས་པར་བྱའོ། །འདི་རྣམས་གང་གིས་འཛིན་པ་དང་། །འཆང་བ་དང་། བཤད་པ་དང་། འདིའི་དོན་རྣམས་བསྒོམ་ཞིང་རྟོགས་པ་རྣམས་ཀྱང་། ཐེག་པ་རིམ་པ་དགུའི་ཆོས་སྐྱོང་རྣམས་ཀྱིས་སྟོངས་གྲོགས་དམ་པ་གྱིས་ཤིག །བར་ཆད་ཐམས་ཅད་སེལ་ཞིང་དངོས་གྲུབ་ཐམས་ཅད་བསྩོལ་ཅིག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་བསགས་དང་རྟོགས་པ་ཡི། །བསོད་

(༢༩)ནམས་རྒྱ་ཆ་མཐའ་ཡས་དེས། །འགྲོ་དྲུག་སེམས་ཅན་མ་ལུས་པ། །སངས་རྒྱས་རང་ལས་མྱུར་རྟོགས་ཤོག །བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་སྤྱི་གཞུང་རྣལ་འབྱོར་རང་བྱུང་རྡོ་རྗེས་མཛད་པ་རྫོགས་སོ།། ༈ །།སྐུ་ལྔ་ཡོངས་རྫོགས་སངས་རྒྱས་དང་། །མཁས་ལ་གྲུབ་པ་ཐོབ་པ་ཡི། །བླ་མ་བརྒྱུད་པར་བཅས་པ་ལ། །སྒོ་གསུམ་དང་བས་ཕྱག་འཚལ་ལོ། །བསྟན་པ་རྒྱ་མཚོ་མཐའ་ཡས་ལ། །ཤན་འབྱེད་མཁའ་ལ་ཉི་མ་ཤར། །ཐེག་དགུ་འཕྲང་ལས་བསྒྲོལ་བ་ཡི། །གནས་ལུགས་རྫོགས་པའི་མན་ངག་ནི། །ངར་འཛིན་ཉི་ཤུ་རྩ་གཅིག་ཀྱང་། །སོ་སོར་དབྱེ་ཞིང་གཅིག་ཏུ་རྟོགས། །བཀའ་དང་བསྟན་བཅོས་མཚམས་རྣམས། །ལུང་དང་རྟོགས་པར་འཆད་པ་ཡང་། །གཉིས་མེད་དུ་ནི་བསྟན་པར་བྱ། །ལྷུན་གྲུབ་ཡོངས་རྫོགས་ངོ་བོ་གཅིག །ཆོས་སྐུ་རང་གི་ངོ་བོ་བསྟན། །ལོངས་སྤྱོད་རྫོགས་པ་བརྡ་ཡིས་མཚོན། །སྤྲུལ་སྐུ་ཚིག་གིས་མཚོན་ནས་སུ། །དོན་རྣམས་ཐམས་ཅད་གོ་བར་སྟོན། །སྒྲོན་མེས་ནོར་བུ་འཚོལ་བ་བཞིན། །སྒྲ་དོན་འདིར་ནི་བྲི་བར་བྱ། །ཆོས་དབྱིངས་རབ་འབྱམ་བསམ་མི་ཁྱབ། །རྟོགས་དང་མ་རྟོགས་བྱེ་བྲག་གིས། །སྟོན་པ་ལྔ་དང་བསྟན་པ་ལྔ། །གདུལ་བྱ་དང་ནི་འདུལ་བྱེད་ཀྱི། །སྣང་ཚུལ་བྱེ་བྲག་བསམ་མི་ཁྱབ། །ངར་འཛིན་ཉི་ཤུ་རྩ་གཅིག་སོགས། །ལྟ་དང་གྲུབ་མཐའ་བསམ་མི་ཁྱབ། བཞེད་

(༣༠)ལུགས་གནམ་གྱི་སྐར་མ་འདྲ། །ཆོས་ཀྱི་ཕུང་པོ་གྲངས་མང་ཡང་། །སྐུ་ལྔ་ཡོངས་རྫོགས་སངས་རྒྱས་དང་། །ཐམས་ཅད་ངོ་བོ་གཅིག་པར་བཞུགས། །སྟོན་པ་བསྟན་པ་གདུལ་བྱ་གསུམ། །གནས་ལུགས་རྟགས་པ་མཐར་ཕྱིན་ལ། །གང་ཡང་འདུ་འབྲལ་མེད་པ་སྟེ། །དབང་པོའི་བྱེ་བྲག་སྣ་ཚོགས་ལས། །previous hit དགོངས next hit་འདུས་པ་གསང་བ་དང་། །མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །དོན་དམ་འདི་ལ་ཐེ་ཚོམ་ཟ། །ངོ་བོ་གཅིག་ལ་སྣ་ཚོགས་འབྱུང་། །རྒྱ་མཚོ་ནམ་མཁའ་རིན་ཆེན་དཔེ། །གདུལ་བྱའི་རྣམ་རྟོག་མ་ཟད་ཚེ། །སྟོན་པ་བསྟན་པ་བསམ་མི་ཁྱབ། །ཐམས་ཅད་རང་རང་རྣམ་འཕྲུལ་ཡིན། །རྟོགས་ཏེ་སངས་རྒྱས་མ་བྱུང་ཞིང་། །མ་རྟོགས་སེམས་ཅན་མིང་མི་འདོགས། །བདེ་གཤེགས་སྐུ་དང་ཡེ་ཤེས་སུ། །སྟོན་པ་བསྟན་པའི་ས་མཚམས་མེད། །དུས་གསུམ་དུས་མེད་ཐམས་ཅད་དུ། །འགྱུར་བ་མེད་ཅིང་ལྷུན་གྱིས་གྲུབ། །ཆོས་ཀྱི་དབྱིངས་ལ་མཐའ་དབུས་མེད། །དངོས་པོ་གཤིས་ཀྱི་གནས་ལུགས་ལ། །འཁོར་དང་མྱ་ངན་འདས་པ་ཡི། །ཆོས་ཀྱི་ཕུང་པོ་སྣ་ཚོགས་སུ། །ཐ་སྙད་སྒྲོ་སྐུར་གདབ་དུ་མེད། །ཡེ་སངས་རྒྱས་པའི་གནས་ལུགས་ལ། །གཞི་རྟེན་ལམ་དང་འབྲས་བུ་རྣམས། །ངོ་བོ་ཉིད་ཀྱི་རང་བཞིན་གནས། །སངས་རྒྱས་སྒམ་པོས་གསུང་དུ་མེད། །སེམས་ཅན་སྒྲིན་པོས་བཅོས་མེད་ཅིང་། །ཐོག་མཐའ་མེད་པའི་གནས་ལུགས་ལ། །མིང་མེད་མིང་གིས་མཚོན་པ་ནི། །ཀུན་གཞི་ཀུན་གྱི་གཞི་ཡིན་པས། །མྱ་ངན་འདས་པའི་གཞི་མ་ཡིན། །དགེ་དང་མི་དགེའི་ས་མཚམས་མེད། །རྒྱ་མཚོ་འབྲུ་ཡི་ཕུང་

(༣༡)པོ་དང་། བྲེ་ཁ་མཉམ་དང་རྒྱ་ཞོའི་དཔེ། །མཚོན་མེད་དཔེ་མེད་དཔེ་ཡིས་མཚོན། །མང་པོ་བརྗོད་པ་སྒྲོ་སྐུར་ཡིན། །གནས་ལུགས་རྡོ་རྗེའི་འབྲུ་འཇོམས་དཀའ། །དེ་ལྟ་བུ་ཡི་གནས་ལུགས་ལ། །ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་། །ཚིག་ལ་ཐ་དད་ཡོད་ན་ཡང་། །དོན་ལ་ངོ་བོ་གཅིག་པའི་ཕྱིར། །དགེ་བ་སྤུ་ཙམ་མ་བྱས་པར། །རང་ངོ་ཤེས་ཤིང་རང་ས་ཟིན། །ཀུན་བཟངས་ཡངས་པ་ཆོས་ཀྱི་དབྱིངས། །སྐུ་ལྔ་ཡོངས་རྫོགས་ཀུན་ཏུ་བཟང་། །ངོ་བོ་ཉིད་ཀྱིས་སངས་རྒྱས་པའི། །རྒྱས་ལུགས་དང་པོ་བསྟན་པ་ནི། །སྟོན་པ་བསྟན་པ་གང་ཡང་མེད། །ཐམས་ཅད་ཐམས་ཅད་ཀུན་ཏུ་བཟང་། །གནས་ལུགས་ཀུན་ཁྱབ་འགྱུར་མེད་ལ། །བདེ་གཤེགས་རིགས་ལྔ་ཡབ་ཡུམ་བཅུ། །དབང་དང་བསྐྱེད་རྫོགས་གདམ་ངག་སོགས། །སྐད་ཅིག་ཙམ་ཡང་མ་སྒོམས་པར། །ཡུལ་དང་ཡུལ་ཅན་མ་ལུས་པར། །ལྷན་སྐྱེས་བདེ་ཆེན་ལོངས་སྤྱོད་རྫོགས། །སྐུ་ལྔ་གསུང་ལྔ་ཐུགས་ལྔ་དང་། །དེ་བཞིན་ཡོན་ཏན་ཕྲིན་ལས་ལྔ། །ཡུམ་ལྔ་རྒྱན་ལྔ་ཁ་དོག་ལྔ། །ཕྱག་རྒྱ་ཕྱག་མཚན་གདན་ལྔ་དང་། །དབུ་རྒྱན་ལྔ་དང་སྤྱན་ལྔ་དང་། །ཡེ་ཤེས་ལྔ་ལ་སོགས་པ་ཡི། །ལྔ་ལྔ་པོ་ནི་ཉི་ཤུ་ལྔ། །འདོད་ཡོན་ལྔ་ཡིས་ཁྱབ་ཚད་ནི། །ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་དུ། །མ་བཙལ་ལྷུན་གྱིས་གྲུབ་པ་རྒྱུ། །སངས་རྒྱས་པ་ཡི་རྒྱས་ལུགས་བསྟན། །ངོ་བོ་ཉིད་སྐུ་རང་བཞིན་སྐུ། །ཀུན་ཁྱབ་བདེ་ཆེན་ལོངས་སྤྱོད་རྫོགས། །ངོ་བོ་ཉིད་སྐུའི་རང་བཞིན་ནི། །མཐའ་ཡས་སྤྲིན་མེད་ནམ་མཁའི་དཔེ། །མི་འགྱུར་བདེ་ཆེན་ལོངས་སྤྱོད་རྫོགས། །སྒྲིབ་མེད་ཁྲི་གདུགས་མཁའ་ལ་ཤར། །འོད་ཟེར་ཐོགས་མེད་སྤྲུལ་པའི་སྐུ། །ཚོགས་བསགས་སྒྲིབ་སྦྱངས་

(༣༢)ས་ལམ་བསྒྲོད། །ཅུང་ཟད་ཙམ་ཡང་མ་བགྱིས་ཀྱང་། །གྲངས་ཅན་བྱེ་བ་ཕྲག་བརྒྱ་དང་། །གྲངས་མེད་ཚད་ལས་འདས་པ་ཡང་། །དུས་གསུམ་གཤེགས་དང་བྱོན་པ་ཡི། །ཐུབ་པ་དྲུག་ལ་སོགས་པ་རྣམས། །རྡུལ་གཅིག་སྟེང་ན་རྡུལ་རྙེད་རྣམས། །སྤྲུལ་སྐུ་གདུལ་བྱའི་གྲངས་དང་མཉམ། །སངས་རྒྱས་མྱ་ངན་ཡོངས་མི་འདའ། །དམ་པའི་ཆོས་ཀྱང་ནུབ་མི་འགྱུར། །གཟུགས་སྐུའི་ཕྲིན་ལས་རྒྱུན་མི་འཆད། །ཆུ་ཟླ་མེ་ལོང་དཔེ་བཞིན་དུ། །ཇི་ལྟར་གདུལ་བྱ་ཡོད་ཀྱི་བར། །གཟུགས་སྐུ་སྣ་ཚོགས་བསམ་མི་ཁྱབ། །གཟུགས་སྐུ་གདུལ་བྱའི་སྣང་བ་ཡིན། །གལ་ཏེ་འཁོར་བ་སྟོངས་གྱུར་ན། །ཡུལ་དང་ཡུལ་ཅན་གཉིས་མེད་དེ། །གཟུགས་སྐུའི་ངོ་བོ་རང་བཞིན་རྫོགས། །ཀུན་བཟང་གནས་ལུགས་རྒྱུད་ལས་ནི། །ཀུན་ཏུ་བཟང་གི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྫོགས་པ་ལས། །སྐུ་ལྔ་ཡོངས་སུ་རྫོགས་པ་རྒྱུ། །ཐ་སྙད་ཙམ་དུ་འདོགས་པ་ལས། །སྐུ་གསུམ་ལྷུན་གྱིས་གྲུབ་པ་དང་། །སྐུ་བཞི་འདུ་འབྲལ་མེད་པ་དང་། །སྐུ་ལྔ་ཡོངས་སུ་རྫོགས་པ་སྟེ། །དངོས་པོ་གཤིས་ཀྱི་གནས་ལུགས་ལ། །གཤིས་ཉིད་འགྱུར་བ་མེད་པ་དང་། །ངོ་བོ་སྟོང་དང་རང་བཞིན་གསལ། །དངོས་པོ་ཀུན་ལ་ཁྱབ་པ་དང་། །མཚན་ཉིད་ཐོགས་པ་མེད་པ་ལྔ། །ཀུན་བཟངས་རོལ་པའི་དཀྱིལ་འཁོར་དུ། །གནས་ལུགས་ཡོངས་རྫོགས་ཀུན་བཟང་ལ། །སྤྲུལ་སྐུ་ཀུན་བཟང་རྣམ་འཕྲུལ་ཏེ། །སྤྲུལ་སྐུ་རང་བྱུང་ཐོགས་པ་མེད། །གདུལ་བྱ་འདུལ་བྱེད་ངོ་བོ་གཅིག། སྤྲུལ་སྐུ་ཕྱོགས་མེད་སངས་རྒྱས་པ། །ཐོགས་མེད་སྤྲུལ་སྐུའི་རྒྱས་ལུགས་བསྟན། །རྒྱ་མཚོ་ཀློང་གི་རྒྱུད་ནས་ཀྱང་། །ཐམས་ཅད་རྩ་ལོག་གཅིག་

(༣༣)པའི་ཕྱིར། །གཟུགས་སྐུ་གདུལ་བྱའི་འཁྲུལ་སྣང་ཡིན། །རང་བཞིན་དབྱིངས་ཀྱི་ཀློང་དཀྱིལ་ནས། །སྐུ་དང་ཡེ་ཤེས་ཐ་དད་མེད། །སྣང་སྲིད་འཁོར་འདས་རྒྱན་དུ་རྫོགས། །གཟུགས་སྐུ་སྣ་ཚོགས་འགག་མེད་ཤར། །ཐམས་ཅད་ཀུན་བཟང་རྣམ་འཕྲུལ་ཏེ། །རྒྱུ་ལས་མ་བྱུང་རྐྱེན་མ་སྐྱེད། །སྐུ་ལྔ་ཡོངས་རྫོགས་འབྲེལ་ཚུལ་བསྟན། །དངོས་པོ་གཤིས་ཀྱི་གནས་ལུགས་ལ། །རྟོགས་པ་རབ་འབྱམ་ལྷུན་གྲུབ་པ། །འཁོར་འདས་ཡོངས་རྫོགས་ངོ་བོ་ཉིད། །སྔར་སངས་རྒྱས་པའི་རྡོ་རྗེ་འཆང་། །སྟོན་པ་བསྟན་པ་གདུལ་བྱ་གསུམ། ཐ་སྙད་གང་དུའང་མི་འདོགས་པར། །ཀུན་བཟང་རང་བཞིན་ངོ་བོ་གཅིག །ཨ་ཏི་ཡོ་གའི་ཏན་ཏྲ་ལས། །ཆོས་དབྱིངས་རབ་འབྱམ་མཐའ་ཡས་ཀུན། །ཀུན་བཟང་རྒྱལ་པོའི་སྐུ་གསུང་ཐུགས། །མ་ཁྱབ་པ་ནི་རྡུལ་ཙམ་མེད། །རྒྱ་མཚོ་ཆེ་ལས་ཕྱོགས་བཅུར་ཡང་། །རྩོལ་བ་མེད་པར་ཆུ་རྒྱུན་འབབ། །དེ་བཞིན་ངོ་བོ་ཉིད་སྐུ་ལས། །འཁོར་འདས་རང་བཞིན་དཀྱིལ་འཁོར་རྫོགས། །རྡོ་རྗེའི་ཚིག་ཏུ་གསུངས་པ་ཡང་། །ཀུན་རིག་རང་རིག་ཀུན་ཏུ་བཟང་། །སངས་རྒྱས་ཀུན་གྱི་མེས་པོ་དང་། །སེམས་ཅན་ཀུན་གྱི་ཕྱི་མོ་དང་། །རྡོ་རྗེ་འཆང་ཆེན་ཀུན་ཁྱབ་སྐུ། །སངས་རྒྱས་པ་ཡི་རྒྱས་ལུགས་བསྟན། །ཀུན་གྱིས་དམ་ཆོས་བྱས་ལགས་ན། །སངས་རྒྱས་ཐོབ་པར་བཞེད་པ་ཡིན། །སྐུ་ལྔ་ཡོངས་རྫོགས་སྟོན་པ་ཡིས། །རང་རིག་རྒྱལ་པོར་སངས་རྒྱས་བཞེད། །འགྲོ་བ་དྲུག་གི་སེམས་ཅན་རྣམས། །སྡིག་པ་སྤུ་ཙམ་མ་བྱས་ཀྱང་། །ཁམས་གསུམ་དུ་ནི་འཁྱམས་པ་ཡི། །ལུགས་རྣམས་དེ་ནི་བསྟན་པར་བྱ། །ཡོངས་སུ་

(༣༤)རྣལ་འབྱོར་ལུང་ལས་ཀྱང་། །རྣམ་ཤེས་གསུམ་འདས་རྡོ་རྗེའི་ཡིད། །དབྱིངས་སུ་རྣམ་དག་འདུས་མ་བྱས། །དགྱེས་པ་རྡོ་རྗེའི་རྒྱུད་ལས་ཀྱང་། །སེམས་ཅན་མ་འཁྲུལ་སངས་རྒྱས་འཁྲུལ། །སངས་རྒྱས་ལས་འཁྲུལ་སེམས་ཅན་འདི། །རས་འདྲ་ཤེལ་འདྲའི་རང་རིག་ལས། །ལོག་རྟོག་ཅི་སོགས་དེ་བཞིན་ནོ། །བླ་མེད་རྡོ་རྗེ་ཐེག་པ་ལས། །སེམས་ཅན་གདོད་ནས་སངས་རྒྱས་ཏེ། །འོན་ཀྱང་གློ་བུར་དྲི་མས་སྒྲིབས། །མ་རིག་རྟོགས་ན་མངོན་སངས་རྒྱས། །ཤེས་རབ་རང་བཞིན་མ་རྒྱུད་ལས། །བདེ་གཤེགས་སྙིང་པོས་ཡོངས་ལ་ཁྱབ། །གཤང་གཅི་སྲིན་བུ་ལ་སོགས་པ། །ངོ་བོ་ཉིད་ཀྱིས་རྟག་བདེ་ཅན། །རྡོ་རྗེ་ཐེག་པར་གསུངས་པ་ཡང་། །གནས་ལུགས་དོན་ལ་previous hit དགོངས next hit་ཡིན། །དངོས་པོ་གཤིས་ཀྱི་གནས་ལུགས་ནི། །ཐམས་ཅད་ཀུན་ལ་ཁྱབ་པའི་ཕྱིར། །རྒྱ་ཆད་ཕྱོགས་ལྷུང་མ་མཆིས་ཤིང་། །གནས་ལུགས་དག་ལ་ཀུན་ཚང་བ། །གདོད་ནས་དྲི་མེད་ལྷུན་གྲུབ་ཀྱང་། །ལྷན་ཅིག་སྐྱེས་པའི་མ་རིག་པས། །བསྒྲིབས་ཤིང་མཉམ་བྱེད་ཅུང་ཟད་ཙམ། །ངོ་བོ་སྟེང་དང་རང་བཞིན་གསལ། །ཀུན་རྫོབ་མཚན་ཉིད་གཤིས་མི་འགྱུར། །གཤིས་ལ་གནས་པའི་རང་བཞིན་གྱིས། །རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། །འཁྲུལ་དང་འཁྲུལ་གཞི་ལ་སོགས་པ། །ཡོད་ལས་འཁྲུལ་དང་གཞི་ཉིད་མེད། །ཐེག་པའི་བྱེ་བྲག་སྣ་ཚོགས་སུ། །བཞེད་ལུགས་གྲངས་མང་གསུངས་པ་ཡང་། །གནས་ལུགས་རང་བཞིན་ཀུན་ཁྱབ་ལ། །ཡོད་མེད་ཐ་སྙད་གང་དུ་ཡང་། །ཅུང་ཟད་ཙམ་དུ་མིང་འདོགས་ཤིང་། །རྟོགས་དང་མ་རྟོགས་གཉིས་ལས་ནི། །ས་མཚམས་དེ་ལས་མ་མཆིས་སོ། །མ་རྟོགས་འཁྲུལ་པའི་འབྱུང་བཞི་ནི། །

(༣༥)གཤིས་ལ་གནས་པའི་རང་འོད་ཀྱིས། །ཁ་དོག་ལྔ་ཡི་སྙམ་ཆ་ཙམ། །བན་བུན་སྣང་བྱེད་སྨིག་སྒྱུ་འདྲ། །བདག་གཞན་གཉིས་དང་ཐ་སྙད་ཀྱི། །སྙམ་ཆ་ཕྲའུ་དང་པོ་སྟེ། །གཤིས་ལ་རང་གནས་རང་མ་རིག །དུག་ལྔ་རང་བྱུང་རང་ཆས་སུ། །འདོད་སྲེད་གཉིས་ཀྱི་ཞེན་པ་བྱུང་། །སྲེད་ལེན་གཉིས་ཀྱི་རྟེན་འབྲེལ་གྱིས། །ཕུང་པོ་ལྔ་དང་འབྱུང་བ་ལྔ། །རྣམ་པར་ཤེས་དང་ཚོགས་བརྒྱད་ཀྱིས། །འདོད་ཡོན་ལྔ་ཡི་གདུངས་པ་ལ། །ནད་ལྔ་འདྲེ་ལྔ་གདོན་ལྔ་དང་། །ཕྱོགས་ལྔ་དང་ནི་བདུད་ལྔ་དང་། །སྐྱེ་འཆི་རྣ་རྒས་རྒུད་པ་ལྔ། །རྟེན་འབྲེལ་དག་ནི་བཅུ་གཉིས་སུ། །རྒྱས་པར་གསུངས་པ་གདའ་ན་ཡང་། །བསྡུས་ན་རྣམ་པ་ལྔ་རུ་འདུས། །དབྱེ་ན་སྐྱེས་བུ་བཅུ་གཉིས་ཏེ། །རྣམ་པ་ལྔ་རུ་འདུས་པ་ཡིན། །མ་རིག་འཁྲུལ་པའི་སེམས་ཅན་རྣམས། །ལུས་ཅན་གྲངས་མེད་གསུངས་ན་ཡང་། །རིགས་ནི་རྣམ་པ་ལྔ་རུ་བཞེད། །རིགས་ལྔ་རིགས་དྲུག་བྱེ་བྲག་རྩོད། །འགྲོ་བ་སྤྱི་དང་གཅིག་རྒྱུད་ལས། །རྣམ་རྟོག་བརྒྱད་ཁྲི་བཞི་སྟོང་གནས། །རྣམ་རྟོག་ལྔ་རུ་འདུས་པ་ཡིན། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི། །སེམས་ཅན་ཐམས་ཅད་གསོ་ཞིང་བསྐྱེད། །ཉོན་མོངས་ལྔ་རུ་འདུས་པ་ཡིན། །བདག་ལྔ་གཞན་ལྔ་འཛིན་ལྔ་དང་། །དེ་སོགས་ཉི་ཤུ་རྩ་ལྔ་ཡིས། །ཁམས་གསུམ་པ་ཡི་སེམས་ཅན་རྣམས། །སྡིག་པ་སྤུ་ཙམ་མ་བྱས་ཀྱང་། །རྒྱུ་རྐྱེན་མེད་ལས་རྒྱུ་རྐྱེན་བྱུང་། །རྒྱུ་སྐྱེན་ཡོད་པར་ཁས་མི་ལེན། །དམ་ཆོས་མངོན་པའི་ལུང་ལས་ཀྱང་། །རྒྱུ་མེད་རྐྱེན་གྱིས་མ་སྤྱད་ན། །འགྲོ་བ་སེམས་ཅན་གང་ནས་བྱུང་། །ཕ་རོལ་ཕྱིན་པ་ཉིད་ལས་ཀྱང་། །མ་རིག་འཁྲུལ་འཁོར་འདི་ལ་ནི། །ཟད་པ་མེད་ཅི་

(༣༦)འཕེལ་བ་མེད། །བདེ་གཤེགས་བཀའ་ཡིས་གསུངས་པ་ཡང་། །མ་རིག་པ་ཡིས་རྒྱུ་བྱས་ནས། །འཁྲུལ་རྟོག་ཚོགས་ཀྱི་རྐྱེན་དབང་གིས། །རྒྱུ་རྐྱེན་འཛོམ་ན་འཁྲུལ་རྟོག་རྒྱས། །དམྱལ་སོགས་སྡུག་བསྔལ་གཞན་ན་མེད། །དམྱལ་ཁམས་བཅོ་བརྒྱད་སྡུག་བསྔལ་སོགས། །ལྕགས་བསྲེགས་ས་གཞི་རང་གི་སེམས། །ཡི་དྭགས་སྡུག་བསྔལ་ལོགས་ན་མེད། །རིགས་བཞི་ཡི་དྭགས་མཁའ་རྒྱུ་སོགས། །འཇུར་བགེར་བཀྲེས་སྐོམ་རང་གི་སེམས། །གཏི་མུག་བྱོལ་སོང་གཞན་ན་མེད། །འབུམ་ཕྲག་བྱེ་བ་དྲུག་བཅུ་དང་། །རིགས་མི་གཅིག་པ་སོ་བདུན་གྱི། །བསད་བཅད་བཀོལ་སྤྱད་རང་གི་སེམས། །སྟོང་གསུམ་འཇིག་རྟེན་ཁམས་རྣམས་ན། །མིའུ་རིགས་ལྔ་ཁ་འཐོར་ཚོགས། །བྲེལ་འཕོངས་འདུ་འཛི་གཡེང་བ་དང་། །བདེ་སྡུག་སྣ་ཚོགས་རང་གི་སེམས། །ལྷ་དང་ལྷ་མིན་ཕྱོགས་གཅིག་ཀྱང་། །རྣམ་པ་གཉིས་སུ་དབྱེ་བར་བྱ། །རི་རབ་བྱེ་བ་ཕྲག་བརྒྱ་ཡི། །ཁོང་སེང་རྩུབ་འགྱུར་ཚལ་ནང་ན། །ཐག་བཟང་རིས་དང་རབ་རྒོད་སོགས། །ལྷ་མིན་དམག་ཚོགས་བསམ་མི་ཁྱབ། །གོ་མཚོན་འཐབ་རྩོད་རང་གི་སེམས། །རྒྱལ་ཆེན་བཞི་དང་གཟུགས་མེད་ཁམས། །ལྷ་རིགས་ཉི་ཤུ་རྩ་བརྒྱད་ཀྱང་། །འདོད་ཡོན་འོད་ལུས་བསམ་གཏན་ཚོགས། །འཆི་འཕོ་ལྟུང་བྱེད་ལོགས་ན་མེད། །ལྷ་གནས་གོང་མ་རང་གི་སེམས། །འགྲོ་དྲུག་འགྲོ་ལྔར་བཞེད་པ་ཡང་། །ཁམས་གསུམ་འཁོར་ཞིང་རྒྱུད་དྲུག་འཁྱམས། །སྡིག་པ་སྤུ་ཙམ་མ་བྱས་པར། །གནས་ལུགས་ཡེ་སངས་རྒྱས་པ་ལ། །རང་མ་རིག་པས་རང་ཉིད་འཁྲུལ། །ཉིན་མོ་མཚན་མོ་ཇི་བཞིན་དུ། །མ་རིག་དབང་གིས་སེམས་ཅན་ཏེ། །སངས་རྒྱས་སེམས་ཅན་གཡེར་པོ་ཆེ། །རྟོགས་ན་སྐུ་ལྔ་ཡོངས་སུ་རྫོགས། །མ་རྟོགས་ཁམས་གསུམ་འཁོར་བ་སྟེ། །ས་མཚམས་

(༣༧)དེ་བས་མ་མཆིས་སོ། །རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། །ཨེ་མ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་འཁྲུལ། །རྡོ་རྗེ་འཆང་ཆེན་ཞལ་སྔ་ནས། །རྩ་བ་གཅིག་གི་སེམས་ཉིད་ལས། །འགྲོ་དྲུག་སྡུག་བསྔལ་འབྱུང་བ་ནི། །ཐག་པ་སྦྲུལ་དུ་མཐོང་བ་བཞིན། །ཁམས་གསུམ་རྒྱུད་དྲུག་དག་ཏུ་འཁྱམས། །གནས་ལུགས་ཐོག་མཐའ་མེད་པའི་ཕྱིར། །འཁོར་འདས་ཐོག་མཐའ་མེད་པ་ཡིན། །འོན་ཀྱང་གང་ཟག་དགོས་ཚན་དུ། །རྟོགས་དང་མ་རྟོགས་ས་མཚམས་ནས། །འཁོར་འདས་ཐོག་མཐའ་མཆིས་པ་ལགས། །ཁམས་གསུམ་འཁོར་བ་ཐམས་ཅད་ཀྱི། །ལྷན་ཅིག་སྐྱེས་པའི་མ་རིག་པས། །གནས་ལུགས་སྤྱི་ཁྱབ་དུ་ནི་སྒྲིབས། །བྱ་བ་ཆོས་དང་བྱེད་པའི་ཡིད། །ཀུན་རིག་རྒྱལ་པོར་མ་རྟོགས་ནས། །འཁོར་བར་འཁྱམ་པའི་འཁྱམ་ལུགས་བསྟན། །དཔེར་ན་ཆུ་ལ་རྐྱེན་དག་གིས། །ཆབ་རོམ་དུ་ནི་འགྱུར་བ་བཞིན། །ཐ་མལ་སེམས་ཉིད་མ་རྟོགས་ནས། །འགྲོ་བ་རིགས་ལྔར་འཁྲུལ་ཞེས་འཁྱམས། །ལུས་ཅན་སྣ་ཚོགས་དག་ཏུ་འགྱུར། །རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། །མ་རྟོགས་པ་ཡི་འགྲོ་བ་རྣམས། །འཁྲུལ་པར་རང་ངོ་ཤེས་པ་ཡིས། །འཁྲུལ་པ་རྩད་གཅོད་རྒྱུད་ལས་ཀྱང་། །གནས་ལུགས་རྒྱུ་འབྲས་རང་བཞིན་གནས། །རིན་ཆེན་གསེར་དང་ཆུ་གཙང་དཔེ། །རང་སར་གཞག་ན་གནས་ལུགས་ཏེ། །རྒྱུ་རྐྱེན་དབང་གིས་ཅིར་ཡང་འཁྲུལ། །མ་རྟོགས་འཁྲུལ་སྣང་རྐྱེན་དབང་གིས། །ལུས་ཅན་འགྲོ་བ་བསམ་མི་ཁྱབ། །ཆབ་རོམ་ཆུ་རུ་ཞུ་བ་བཞིན། །འཁྲུལ་པ་ཡེ་ཤེས་ཟང་མ་རུ། །དེ་ཉིད་རྟོགས་ན་རྡོ་རྗེ་འཆང་། །སྒྲ་དོན་རྟོགས་པའི་

(༣༨)བཤེས་གཉེན་རྣམས། །དེ་དང་དེ་དོན་མཁྱེན་པར་མཛོད། །འཁོར་དང་མྱ་ངན་འདས་པའི་ལུང་། །ལུང་དང་རིག་པ་མན་ངག་གསུམ། །སྒྲ་དོན་ཤན་འབྱེད་རྣལ་འབྱོར་པས། །སེམས་ཅན་ཡོངས་ཀྱི་ཁམས་རྒྱུད་ལ། །དངོས་འཛིན་ཞེན་པ་བསམ་མི་ཁྱབ། །དེ་དང་དེ་དོན་མ་ལུས་པ། །འཇིགས་པ་གསུམ་དང་རྟེན་པ་དྲུག །རྒྱུ་དྲུག་ཆོས་ལ་མིང་རྟོག་པས། །སྐྱེ་དྲུག་གནས་སུ་མི་སྐྱེ་ཞིང་། །སྡུག་བསྔལ་དྲུག་ལས་གྲོལ་བའི་ཕྱིར། །མྱ་ངན་འདས་ཤེས་དེ་ལ་བྱ། །ཡེ་ཤེས་ལྷུན་གྲུབ་ཕྱག་རྒྱ་ཆེ། །དེ་ལྟར་རྟོགས་པའི་ཡེ་ཤེས་ལ། །མྱ་ངན་འདས་དང་མ་འདས་ཀྱི། །རྩིས་གདབ་གང་ཡང་མི་བྱ་ཞིང་། །ཤིན་ཏུ་རྣལ་འབྱོར་རྡོ་རྗེ་ཡི། །འཁོར་བ་དུ་མ་རོ་གཅིག་ཏུ། །རྟོགས་པའི་གནས་ལུགས་དང་པོ་ལགས། །གནས་ལུགས་ནམ་མཁའ་རྒྱ་མཚོ་ལས། །ལོག་རྟོག་འཁྲུལ་པའི་མུ་སྟེགས་ལ། །ལྟ་ལོག་སུམ་བརྒྱ་དྲུག་བཅུ་སྟེ། །བསྡུས་ན་རྣམ་པ་གསུམ་དུ་འདུས། །ཚངས་པ་དྲྭ་བའི་རྒྱུད་ལས་ཀྱང་། །རྟག་ཆད་དག་ནི་གཉིས་དང་ནི། །བྱེ་བྲག་གསང་བ་ས་རུ་གསུངས། །སྤྱིར་ན་ལོག་རྟོག་བསམ་ཡས་ལ། །རྟག་ལྟ་རང་གི་མཚན་ཉིད་ནི། །ཉི་ཤར་ཆུ་བོ་འཐུར་དུ་འབབ། །སྲན་མ་བཟླུམ་དང་ཚེར་མ་རྣོ། །སུས་ཀྱང་མ་བྱས་རང་བྱུང་ཡིན། །སྐྱེས་བུའི་ཤེས་རིག་སྙིང་དཀྱིལ་ན། །ཆེ་ན་ཆེ་སྟེ་མཐེ་བོང་ཙམ། །ཆུང་ན་ཆུང་སྟེ་ཡུངས་འབྲུ་ཙམ། །ཡང་ཆུང་སྐྲའི་རྩེ་མོ་ཙམ། ཤེས་རིག་གདོད་ནས་རྟག་པར་བཞེད། །གཅེར་བུ་ས་ནི་རྟག་པར་ལྟ། །ཚངས་previous hit ་དག་གི་བཞེད་དགོངས next hit་ཀྱིས། །བཟང་མོ་ཚུར་ཤོག་མ་ཤི་བར། །ལེགས་སྤྱོད་བདེ་ལ་གནས་པར་གྱིས། །ཤི་ནས་དེ་ཡི་སྤྱོད་ཡུལ་མིན།

(༣༩)སླར་ཡང་འཚེ་བ་ག་ལ་སྲིད། །སྣོད་བཅུད་གཉིས་ཀྱི་སྣང་བ་འདི། །ཕྱ་དང་དབང་ཕྱུག་གཉིས་ཀྱིས་བྱས། །ཕུང་པོ་ཁམས་དང་སྐྱེ་མཆེད་འདི། །ཕྱ་དང་དབང་ཕྱུག་མཆོད་ལེགས་ན། །བདེ་བ་ཕུན་སུམ་ཚོགས་པ་འབྱུང་། །ཆད་པར་ལྟ་བའི་བཞེད་ལུགས་ཀྱིས། །ལས་དང་རྣམ་ཤེས་རྒྱུ་འབྲས་སོགས། །གང་ཡང་ཡོད་པར་མི་འདོད་ཅིང་། །འབྱུང་བ་ལྔ་ཡིས་བསྡུས་པ་ཡང་། །ཕྱ་དང་དབང་ཕྱུག་གནམ་གྱིས་བསྐོས། །དབྱར་གྱི་རྩི་ཤིང་ནགས་ཚལ་བཞིན། །འཇིག་རྟེན་འདི་ཡི་བདེ་སྐྱིད་ཀྱང་། །ཕྱ་དང་དབང་ཕྱུག་ཁ་རྗེས་འགྲུབ། །ཡོད་བཞིན་སྣང་ལ་སྣང་བཞིན་མེད། །ནམ་ཞིག་འཆི་བར་གྱུར་པ་ན། །མེ་ཤི་ཐལ་བ་རླུང་ཁྱེར་བཞིན། །ཅི་ཡང་མེད་པར་བཞེད་པ་སྟེ། །ལས་མེད་ལས་ཀྱི་རྣམ་སྨིན་མེད། །འཇིག་རྟེན་འདི་དང་ཕྱི་མ་ལ། །བདེ་སྡུག་སྣང་བ་ལ་སོགས་པ། །ཕྱི་ནང་བརྟན་གཡོ་ཐམས་ཅད་ཀྱང་། །སྤུ་རྩེ་ཙམ་ཡང་མེད་པར་བཞེད། །ཚངས་པ་དག་གི་ཆད་ལྟ་ཡང་། །དེ་ལྟར་གོམས་ཤིང་མཐར་ཕྱིན་ན། །ཅི་ཡང་མེད་པའི་ལྟ་སྤྱོད་ལ། །འབྲས་བུ་གང་ཡང་མེད་པར་འདོད། །མུ་སྟེགས་ལྷ་ཆེན་གཞན་རྣམས་ཀྱང་། །ལྟ་སྤྱོད་སྒོམ་དང་འབྲས་བུ་ཡི། །བཞེད་ལུགས་མི་གཅིག་སོ་སོར་སྣང་། །གཅེར་བུ་པ་ཡི་ལྟ་བ་ནི། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀྱང་། །གདོད་ནས་དག་ཅིང་རང་བྱུང་སྟེ། །ཉི་ཟླ་འབྱུང་བ་ལྔ་ལ་སོགས། །འཕོ་འགྱུར་དུ་མར་སྣང་ལགས་ཀྱང་། །སུས་ཀྱང་མ་བྱས་རང་བྱུང་ཡིན། །རྟག་དང་མི་རྟག་ལ་སོགས་པ། །གཉིས་སུ་མ་ཡིན་གཅིག་ཏུ་བརྟག །དངོས་པོར་གྱུར་པ་ཐམས་ཅད་ལ། །ཤེས་རིག་རབ་འབྲིང་ཐ་མ་གསུམ། །གདོད་

(༤༠)ནས་རྟག་ཅིང་བརྟན་པར་བཞེད། །དེ་ལྟར་རྒྱུན་དུ་རྟག་པ་ལས། །ལོག་པར་ཞེན་ཞིང་རྟག་སེམས་སྐྱེ། །དཀའ་ཐུབ་དཀའ་སྤྱད་དུ་མ་ཡིས། །ལྟ་སྒོམ་སྤྱོད་པ་འབྲས་བུ་ཡང་། །ཨ་འཐས་ཐེར་ཟུག་རྒྱུན་རྟག་ཏུ། །བློ་ངེས་རྟག་སེམས་འགྱུར་བ་མེད། །བྱེ་བྲག་རྣམས་ཀྱིས་གསང་བ་པ། །གཉིས་ཀ་སྒྲུབ་པའི་བཞེད་ལུགས་ནི། །རྟག་ལྟ་སྐྱོང་ཞིང་ཆད་ལྟ་སྒྲུབ། །གཉིས་ཀའི་བར་ན་ཅུང་ཟད་ཙམ། །ཡོད་མེད་གཉིས་ཀྱི་ལྟ་སྤྱོད་དང་། །སྒོམ་དང་འབྲས་བུ་ལ་སོགས་པ། །དཀའ་ཐུབ་དཀའ་སྤྱད་དུ་མས་བསྒྲུབ། །ལོག་རྟོག་གཉིས་ཀ་སྒྲུབ་པའི་བློས། །རྣམ་རྟོག་ལོག་པས་མཐུ་བརྟས་པས། །ཐུན་མོང་སྒྲུབ་རྟགས་སྣ་ཚོགས་འབྱུང་། །ལྟ་ལོག་སུམ་བརྒྱ་དྲུག་བཅུ་ལ། །ངེས་ཤེས་བརྟན་པར་བསྒྲུབས་ལགས་ན། །ཐུན་མོང་ཕྲིན་ལས་བསམ་མི་ཁྱབ། །གནས་སྐབས་འབྲས་བུ་མང་ལགས་ཀྱང་། །མྱ་ངན་འདས་ལས་གཏན་གོལ་བས། །ཐར་པ་ཐོབ་པའི་དུས་མཐའ་མེད། །དྲང་བ་དོན་གྱི་རྒྱུ་འབྲས་ལ། །རྟག་པར་གོ་ཞིང་མངོན་ཞེན་ན། །རྟག་ལྟ་ཉིད་དུ་གོལ་ཞིང་གདའ། །རབ་མི་གནས་དང་སྟོང་ཉིད་སོགས། །སྒྲ་དོན་མ་རྟོགས་ཚིག་ཕྱིར་འབྲེངས། །ཆད་ལྟ་བ་རུ་གོལ་ཉེན་གདའ། །དབུ་མ་དང་ནི་སེམས་ཙམ་པ། །ཐིག་ལེ་ནཱ་ད་སེམས་འཛིན་སོགས། །དོན་དམ་དང་ནི་ཀུན་རྫོབ་སོགས། །མཐའ་རྣམས་ཐམས་ཅད་སྤངས་ནས་སུ། །ཅུང་ཟད་ཙམ་ལ་བློ་གཞག་སྟེ། །ཆ་ཤས་ཙམ་ལ་བློ་ངེས་པའོ། །ཕྱོགས་མེད་previous hit དགོངས next hit་མ་རྟོགས་ཤིང་། །ཚིག་ཕྱིར་འབྲེང་ཞིང་མངོན་ཞེན་དམིགས། །གཉིས་ཀ་སྤྱོད་དུ་གོལ་ཉེན་གདའ།། །རྒྱང་འཕེན་མུ་སྟེགས་སྤུ་སྡུག་གསུམ། །དབང་ཕྱུག་ཆེན་པོ་ལ་སོགས་པ། །མུ་སྟེགས་སྟོན་པ་བསམ་མི་ཁྱབ། །ཕྱག་འཚལ་གྲུབ་མཐའ་གྲངས་

(༤༡)མང་ཞིང་། །གྲུབ་མཐའ་རེ་ལ་ཞེ་འདོད་རེ། །ལྟ་སྤྱོད་འབྲས་བུ་དེ་བཞིན་ནོ། །ལྟ་ལོག་འདི་རྣམས་ཐམས་ཅད་ཀྱིས། །སྲིད་གསུམ་གྲོང་ཁྱེར་ཀུན་ལ་ཁྱབ། །གྲངས་མེད་བསྐལ་པའི་གོང་རོལ་ནས། །མུ་སྟེགས་སྟོན་པའི་གྲུབ་མཐའ་དང་། །ལས་འབྲེལ་ཇི་ལྟར་ཡོད་པ་བཞིན། །རིགས་སུ་སྐྱེས་པས་རིགས་མི་འདོར། །ད་ལྟར་མུ་སྟེགས་རིགས་སུ་སྐྱེ། །རྒྱུ་རྐྱེན་མེད་པར་འབྱུང་བ་མིན། །རྒྱུ་རྐྱེན་ཚོགས་ཕྱིར་མུ་སྟེགས་ལམ། །ལམ་འཚོལ་གྲུབ་མཐའ་སེམས་བསྒྱུར་བ། །མུ་སྟེགས་ལ་ཡང་སྨད་མི་བྱ། །ཡང་ན་བསྟན་པའི་ཆེ་བ་འདོན། །མུ་སྟེགས་སྟོན་པའི་གྲུབ་མཐའ་ཡང་། །རྒྱལ་བའི་ཆོ་འཕྲུལ་ཡིན་ཡང་གསུང་། །མུ་སྟེགས་གྲུབ་མཐའ་ཐམས་ཅད་ཀྱང་། །གནས་ལུགས་རྟོགས་པའི་དེ་ཉིད་ལས། །ཐམས་ཅད་ངོ་བོ་གཅིག་པའི་ཕྱིར། །ཆོས་རྣམས་ཀུན་གྱི་རང་བཞིན་ནི། །རྟོགས་པ་རབ་འབྱམ་ཕྱག་རྒྱ་ཆེ། །དུ་མ་རོ་གཅིག་ལྷུན་གྲུབ་ལས། །མུ་སྟེགས་བྱ་བའི་མིང་ཡང་མེད། །མུ་ཞེས་བྱ་བ་དབྱིངས་ཉིད་ལ། །སྟེགས་ཤེས་བྱ་བ་ཡེ་ཤེས་ཏེ། །དབྱིངས་དང་ཡེ་ཤེས་རོ་མཉམ་ལས། །གྲུབ་མཐའ་ཞེས་བྱའི་ཐ་སྙད་ཆེ། །ཤིན་ཏུ་རྣལ་འབྱོར་རྡོ་རྗེ་ཡིས། །སྒྲ་དོན་གཅིག་ཏུ་རྟོགས་པའི་ཕྱིར། །ཨ་ཏི་ཡོ་གའི་ལུང་ལས་ཀྱང་། །རང་བྱུང་བྱང་ཆུབ་སེམས་ཀྱིས་ནི། །རྟག་ཆད་གཉིས་ཀྱི་མཐའ་བསལ་ཏེ། །མ་སྐྱེས་གཟུང་འཛན་རྟོག་པའི་གནས། །རྟག་པའི་དངོས་པོ་མཐའ་བསལ་བས། །རང་བྱུང་ཡེ་ཤེས་འགྱུར་མེད་ལས། །མེད་པ་ཆད་པའི་མཐའ་ལས་གྲོལ། །མུ་ཞེས་བྱ་བ་ཆོས་ཀྱི་དབྱིངས། །སྟེགས་ཤེས་བྱ་བ་རྟོགས་པའི་གནས། །རྒྱུ་འབྲས་འདས་པའི་ཐེག་པ་ལས། །རང་བཞིན་ངོ་བོ་ཉིད་གསུངས་པ། །དེ་དོན་

(༤༢)རྟོགས་པའི་སྐྱེས་བུ་ཡིས། །མུ་སྟེགས་ཆོས་སྐུར་རྟོགས་པ་ཡི། །བར་སྐབས་དག་ནི་གཉིས་པ་ཡིན། །གནས་ལུགས་རང་བཞིན་ངོ་བོ་ཉིད། །རྟོགས་པ་ཆོས་དབྱིངས་ཡེ་ཤེས་ཀློང་། །རྒྱ་མཚོ་ཆེ་ལས་མ་གཡོས་ཀྱང་། །ཆུ་རྣམས་ཕྱོགས་བཅུར་འབབ་པ་བཞིན། །རང་བཞིན་རང་བྱུང་ཡེ་ཤེས་ལས། །སྐུ་གསུམ་སྟོན་པ་ལྷུན་གྱིས་གྲུབ། །ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས། །སྤྲུལ་པ་སྐུ་ཡི་མཚན་ཉིད་རྫོགས། །སྐུ་གསུམ་རྣམ་དབྱེའི་རྒྱུད་ལས་ཀྱང་། །ཆོས་ཀྱི་སྐུ་ཡི་ངོ་བོ་ཉིད། །མ་སྐྱེས་མཉམ་ཉིད་རང་བཞིན་བཞུགས། །ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་དུ། །འདོད་ཡོན་ལྔ་ཡིས་ཁྱབ་ཚད་ལ། །བདེ་ཆེན་ལོངས་སྤྱོད་རྫོགས་པར་གནས། །སྤྲུལ་པ་སྐུའི་མཚན་ཉིད་ནི། །ཇི་ལྟར་འདུལ་བའི་སྐུར་སྤྲུལ་ནས། །སྣ་ཚོགས་ཐབས་ཀྱིས་འགྲོ་དོན་མཛད། །རྡོ་རྗེ་ཐེག་པར་གསུངས་པ་ཡང་། །ངོ་བོ་གཅིག་ལས་མཐོང་ཚུལ་ནི། །ཐ་དད་དུ་མར་སྣང་བའི་ཕྱིར། །ལ་ལས་སངས་རྒྱས་ཆོས་སྐུར་རྟོགས། །ལ་ལས་ལོངས་སྤྱོད་རྫོགས་སྐུ་དང་། །སྤྲུལ་སྐུ་གྲངས་ཅན་གྲངས་མེད་སོགས། །སེམས་དཔའ་ཚོགས་དང་ཉན་རང་དང་། །ཚངས་དང་བརྒྱ་བྱིན་ལ་སོགས་པ། །འཇིག་རྟེན་ཆེན་པོ་རྣམས་སུ་མཐོང་། །གདུལ་བྱ་རབ་འབྲིང་ཐ་མ་རྣམས། །གྲངས་མེད་བསམ་གྱིས་མི་ཁྱབ་རྣམས། །གདུལ་བྱ་ཇི་ལྟར་གནས་པ་རྣམས། །འདུལ་བྱེད་སྤྲུལ་སྐུ་དེ་ལྟར་གནང་། །ཚད་གཞལ་གཏིང་དཔག་དཀའ་བའི་ཕྱིར། །མཁས་རྣམས་དེ་ལྟར་མཁྱེན་པར་མཛོད། །ཁྱད་པར་ད་ལྟའི་དུས་འདི་རུ། །འཛམ་གླིང་སྟོང་གསུམ་འདི་ཉིད་དུ། །ཐུབ་པའི་དབང་པོ་བྱོན་པ་ནི། །རྣམ་སྣང་རྒྱལ་པོའི་རྒྱུད་ལས་ཀྱང་། །རྫོགས་པའི་སངས་རྒྱས་སྔར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་

(༤༣)སངས་རྒྱ། །མཛད་པ་བཅུ་གཉིས་རབ་རྫོགས་ནས། །ཡོངས་སུ་མྱ་ངན་འདའ་ཚུལ་བསྟན། །རྣལ་འབྱོར་རྒྱུད་ལས་གསུངས་པ་ཡང་། །རང་བཞིན་དང་ནི་ངོ་བོ་ཉིད། །དོན་དམ་དབྱིངས་ལས་མ་གཡོས་ཀྱང་། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །རྣམ་པར་སྣང་མཛད་སྐུ་གསུང་ཐུགས། །འོད་ཟེར་ཆ་གཅིག་དགའ་ལྡན་གནས། །དམ་པ་ཏོག་དཀར་ཉིད་སྤྲུལ་ཞིང་། །སྙིགས་མའི་དུས་འདིར་སྨོན་ལམ་སྟོབས། །ཐུགས་རྗེའི་དབང་གིས་འཛམ་གླིང་འདིར། །ས་ག་དང་ནི་ས་རི་སྟེ། །ཚེས་བརྒྱད་རྒྱལ་དང་ཕྲད་པ་ལས། །གླང་ཆེན་ཐལ་དཀར་ཉིད་སྤྲུལ་ནས། །ལྷུམས་ཞུགས་སྐུ་བལྟམས་དབུ་སྐྲ་བྲེགས། །མཛད་པ་བཅུ་གཉིས་ཡོངས་རྫོགས་ཤིང་། །དེའི་ཉ་ལས་རྫོགས་སངས་རྒྱས། །ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་སུ། །སྐུ་གསུང་ཐུགས་ཀྱི་གསང་མཛོད་ལས། །འོད་ཟེར་ཚོགས་ཀྱིས་སྟོང་གསུམ་ཁྱབ། །ཕྱི་ནང་སྣོད་བཅུད་དག་མཛད་ནས། །སྤྲུལ་སྐུའི་ཞིང་དུ་བྱིན་རླབས་ཤིང་། །གླིང་བཞི་བྱེ་བ་ཕྲག་བརྒྱར་ཡང་། །ཐུབ་ཆེན་བྱེ་བ་ཕྲག་བརྒྱ་ནི། །རྣམ་འཕྲུལ་ཐོགས་པ་མེད་པར་ཡང་། །གང་གིས་གང་ལ་ཅིས་འདུལ་བར། །དེ་དང་དེ་ཡི་སྐུར་སྟོན་ཏེ། །མེ་ལོང་གཟུགས་བརྙན་ཚུལ་དུ་བཞུགས། །སྐུ་གསུམ་རབ་དབྱེའི་མདོ་ལས་ཀྱང་། །གདུལ་བྱ་ཇི་ལྟར་གནས་པ་ལས། །འདུལ་བྱེད་སྟོན་པ་དེ་ལྟར་བྱོན། །ལུས་མཐུན་པར་ནི་སྐུ་སྤྲུལ་ཞིང་། །སྐད་མཐུན་པར་ནི་ཆོས་ཀྱང་གསུངས། །གདུལ་བྱའི་ཁམས་རྒྱུད་ཇི་ལྟ་བར། །ཟས་དང་ཏིང་འཛིན་སྤྱོད་ལམ་སོགས། །དེ་དང་ཆ་མཐུན་དེ་བཞིན་སྤྱོད། །རྒྱལ་བའི་བཀའ་ལས་

(༤༤)གསུངས་པ་ཡང་། །སྤྲུལ་སྐུ་ཐོགས་མེད་དེ་བཞིན་གཤེགས། །ཉོན་མོངས་ཐེག་པ་དམན་པ་ཡི། །སྒྲ་རྣམས་ཡེ་ཤེས་རྡོ་རྗེ་ཡི། །ཆོས་སྐུ་དྲི་མེད་ཉིད་ཀྱིས་བཅོམ། །ལྷར་བཅས་འཇིག་རྟེན་འདི་ཉིད་དུ། །གཙུག་གཏོར་ལྟ་བས་མི་མངོན་ཞིང་། །སྒྲིབ་པ་མེད་པར་ཀུན་ལ་མངོན། །སྒྲིབ་པ་བཞི་ལ་སོགས་པ་ཡི། །ཉེས་པའི་སྐྱོན་རྣམས་དག་པ་དང་། །ལེགས་པའི་ཡོན་ཏན་ཀུན་རྫོགས་ཕྱིར། །ཐུབ་ཆེན་རྒྱལ་བ་གསེར་མདོག་ཅན། །ལྷའི་སྟོན་པ་རྨད་བྱུང་བ། །ཀུན་གྱི་ནང་ནས་མཆོད་སྡོང་ལྟར། །འགྲན་མེད་སྟོན་པ་ཤཱཀྱ་ཐུབ། །ཚོགས་དྲུག་དོན་དམ་རྣམ་དག་ལས། །ཐུབ་པ་དྲུག་ཀྱང་རྣམ་པར་འཕྲུལ། །སྲིད་པ་གསུམ་གྱི་ཞིང་ཁམས་འདིར། །སྤྲུལ་སྐུའི་མཛད་སྤྱོད་རྒྱུན་མི་འཆད། །ཚངས་པས་ཞུས་པའི་མདོ་ལས་ཀྱང་། །ཉི་མ་ཟླ་བ་འཆར་ནུབ་ལྟར། །སྤྲུལ་སྐུ་སྐུ་བལྟམས་མྱ་ངན་འདས། །གདུལ་བྱའི་སྣང་ཚུལ་ལ་གཏོགས་པ། །སངས་རྒྱས་མྱ་ངན་འདས་མི་འགྱུར། །མདོ་དང་སྡེ་ལས་གསུངས་པ་ཡང་། །གདུལ་བྱ་རབ་འབྲིང་ཐ་མ་ཡི། །ལྷ་ཡི་དབང་པོ་ཐ་དད་པས། །སྐུ་བལྟམས་འཆག་དང་ཡིག་རྩིས་སློབ། །གཞོན་ནུ་རོལ་རྩེད་སྟོབས་དང་ལྡན། །ཚོགས་བསགས་སྒྲིབ་སྦྱངས་ས་ལམ་རྫོགས། །མཉམ་གཞག་བདུད་བཏུལ་རྫོགས་སངས་རྒྱས། །ལེ་ལོ་ཅན་གྱི་གདུལ་བྱ་ལ། །མུ་ཏིག་སྟོན་ཕྱིར་མྱ་ངན་འདས། །སྤྲུལ་སྐུའི་མཛད་སྤྱོད་བསམ་མི་ཁྱབ། །གདུལ་བྱ་དག་པའི་སྣང་བ་ལ། །མཚན་དང་དཔེ་བྱད་བརྒྱན་པ་ཡི། །དག་པའི་སྤྲུལ་སྐུ་བསམ་མི་ཁྱབ། །མ་དག་གདུལ་བྱའི་སྣང་བ་ལ། །སྣ་ཚོགས་སྤྲུལ་སྐུ་གྲངས་མཐའ་ཡས། །ལུང་དུ་

(༤༥)བསྟན་དང་ལུང་མ་བསྟན། །མ་ངེས་པ་ཡི་གདུལ་བྱ་ལ། །སྐུ་གདུང་དང་ནི་རིང་སྲེལ་དང་། །འཇའ་དང་འོད་ཟེར་ཆོ་འཕྲུལ་སོགས། །རང་བཞིན་བྱོན་དང་འདུས་བྱས་ཀྱི། །སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ཀྱིས། །ངོ་བོ་ཉིད་ཀྱིས་འགྲོ་དོན་མཛད། །ཅི་ཡང་སྤྲུལ་པའི་སྐུ་དག་པ། །རྣམ་འཕྲུལ་བསམ་གྱིས་མི་ཁྱབ་གསུང་། །ཇི་ལྟར་མཛད་པ་མཐའ་ཡས་ལ། །ཟས་གཙང་སྲས་པོ་ཐུབ་ཆེན་དབང་། །རྒྱལ་བ་དེ་ཡི་རྣམ་འཕྲུལ་ཡིན། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །གྲགས་ཆེན་ཤེས་རབ་ཆེན་པོ་བ། ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས། །previous hit དགོངས next hit་མཉམ་ཉིད་ཡེ་ཤེས་ཀྱི། །ཟབ་མོ་སྣང་བ་ཞེས་བྱ་བ། །ཏིང་ངེ་འཛིན་ལ་སྙོམས་འཇུག་ནས། །འགྲོ་དྲུག་སེམས་ཅན་ཐམས་ཅད་འདི། །རྒྱུ་རྐྱེན་གང་དང་གང་ལས་བྱུང་། །གདོད་ནས་རང་བཞིན་རྣམ་དག་ལས། །འགྲོ་བ་སྣ་ཚོགས་གྲངས་མང་ཡང་། །འཁྲུལ་དང་འཁྲུལ་གཞི་previous hit དགོངས next hit་ཡང་། །སེམས་ཉིད་ནམ་མཁའ་ལྟ་བུ་ལས། །མ་རིག་མུན་པ་ལྟ་བུས་བསྒྲིབས། །རྣམ་པར་རྟོག་པ་སྐར་ཚོགས་བཀྲ། །སེམས་ཅན་གཅིག་གི་རྒྱུད་ལ་ཡང་། །རྣམ་རྟོག་བརྒྱད་ཁྲི་བཞི་སྟོང་སྟེ། །འགྲོ་བ་ཡོངས་ཀྱི་རྒྱུད་ལ་ཡང་། །རྣམ་རྟོག་བརྒྱད་ཁྲི་བཞི་སྟོང་མཆིས། །རྩ་བ་རྣམ་རྟོག་ལྔ་དང་ནི། །དེས་བསྐྱེད་དུག་ལྔ་དུག་གསུམ་དུ། །ཉོན་མོངས་ཐམས་ཅད་འདུས་པར་གཟིགས། །སྟོན་པ་འཇིག་རྟེན་བྱོན་ནས་ཀྱང་། །previous hit དགོངས next hit་གདུལ་བྱ་གཟིགས་པའི་དུས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། །འོད་ཟེར་བྱེ་བ་ཁྲག་ཁྲིག་གིས། །འཛམ་གླིང་སྟོང་གསུམ་འདི་ཉིད་དུ། །ཐམས་ཅད་དུ་ནི་ཁྱབ་པར་བཀྱེ།། །ཕྱི་སྣོད་གསུམ་གྱི་འཇིག་རྟེན་འདི། །ས་རྡོ་རྩི་ཤིང་

(༤༦)འབྱུང་བ་ལྔ། །མ་དག་སྣོད་དུ་མི་རུང་བས། །རྒྱལ་བའི་འོད་ཟེར་རྣམ་ལྔ་ལས། །སྣོད་དག་རིན་ཆེན་ལྔ་དག་ཏུ། །ཞིང་ཁམས་དག་པར་བྱིན་གྱིས་བརླབས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས། །འབྱུང་ལྔ་དུས་དང་དུག་ལྔ་སེམས། །སྣོད་ངན་དྲི་མར་བཅས་པ་ལས། །བདེ་གཤེགས་འོད་ཟེར་ལྔ་དག་གིས། །དམ་ཆོས་སྣོད་དག་རྒྱལ་བའི་སྲས། །གདུལ་བྱ་དག་པར་བྱིན་གྱིས་བརླབས། །ཐུབ་པའི་ཆོ་འཕྲུལ་རྣམ་པར་འཕྲུལ། །རི་རབ་བྱེ་བ་ཕྲག་བརྒྱ་ཡི། །རྩེ་མོར་སྤྲུལ་སྐུའི་ཚོགས་རྣམས་ནི། །བྱེ་བ་ཕྲག་བརྒྱ་དག་ཏུ་བྱོན། །རི་རབ་ཀྱི་ནི་ཕྱོགས་བཞི་ཏུ། །སྤྲུལ་སྐུའི་ཤ་ཟ་མཁའ་འགྲོ་ནི། །བཞི་བཞི་དག་ཏུ་གནས་པ་ན། །རྒྱལ་བ་དག་གི་གསུང་བྲིད་ནི། །བྱེ་བ་དག་ནི་ཕྲག་བརྒྱར་བྱོན། །ཤར་ཕྱོགས་ནས་གཟུང་ཕྱོགས་བཞི་ཡི། །མཁའ་འགྲོ་རྣམས་ཀྱིས་འདི་ལྟར་གོ། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་བསྐྱེད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །དེ་ལྟར་མ་བུ་བཞི་རྣམས་ཀྱིས། །ཕྱོགས་བཞིར་ཤད་བར་རེ་རེར་གོ། །ཕྱོགས་གཅིག་ཏུ་ནི་སྡེབས་པ་ལ། །ཤླཽཀ་ནི་བྱེ་བ་དང་། །ཕྲག་བརྒྱ་དག་ཏུ་ཀུན་གྱིས་གོ། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། །བསྟན་པ་དག་གི་རྒྱ་མཚོ་ཡི། །རྩ་བ་དག་ཏུ་བྱིན་གྱིས་བརླབས། །གླིང་བཞི་བྱེ་བ་ཕྲག་བརྒྱ་རུ། །གནས་པའི་སེམས་ཅན་ཐམས་ཅད་ཀྱང་། །ཐམས་ཅད་བློ་གྲོས་མཐུན་པ་རུ། །ཞི་དང་དུལ་དང་སྡོམ་པ་དང་། །ཁྲེལ་དང་ངོ་ཚ་ཤེས་པ་དང་། །བག་ཡོད་སྦྱིན་དང་བཟོད་པ་རྒྱན། །གཅིག་ལ་གཅིག་ནི་མི་འཚེ་ཞིང་། །ཕ་དང་མ་དང་རིགས་ལྡན་བསྐུར།

(༤༧)བཙོན་རར་གནས་དང་ཁྲི་མོན་འཁོད། །མནར་མེད་སྡུག་བསྔལ་ལ་སོགས་པ། །འགྲོ་བའི་སྡུག་བསྔལ་ཐམས་ཅད་ཀྱང་། །སྐད་ཅིག་ཙམ་གྱིས་རབ་ཞི་ནས། །དཔེར་ན་དགེ་སློང་བསམ་གཏན་མཆོག །དང་པོ་ལ་ནི་སྙོམས་འཇུག་བཞིན། །སྤྲུལ་སྐུ་མཆོག་གི་བྱིན་རླབས་ཀྱིས། །སྟོང་གསུམ་དུ་ནི་ཁྱབ་པར་གནས། །བདེ་གཤེགས་སྐུ་བྱོན་གསུང་མ་ཐོས། །བཤད་པས་གོ་བ་མ་ཡིན་ཏེ། །བྱིན་གྱིས་བརླབས་ཀྱིས་གོ་བར་ཟད། །ཐུབ་ཆེན་བྱེ་བ་ཕྲག་བརྒྱ་ཡི། །བྱིན་རླབས་བཀའ་དེ་དང་པོ་ཡིན། །ད་ནི་ཞལ་ནས་གསུངས་པའི་བཀའ། །གསུང་བར་བཞེད་ནས་previous hit དགོངས་པར་མཛད། །དྲང་དོན་བདེན་པའི་དབང་དུ་ནི། །ལས་དང་སྐལ་བར་ལྡན་ next hit་ཡི། །ཞུ་བ་པོར་ནི་སྨོན་ལམ་བཏབ། །རྒྱལ་ཆེན་བཞི་དང་ཚངས་པར་ནི། །བྱེ་བ་དག་ནི་ཕྲག་བརྒྱ་སྟེ། །རྒྱལ་པོ་ཆེན་པོ་བཞི་དག་གིས། །ལྷུང་བཟེད་བཞི་པོ་ཕུལ་ནས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་། །ཞུ་བ་ཕུལ་ཡང་མ་གནང་བར། །སྤྲུལ་པའི་ཚངས་པ་གདོང་བཞི་ཡིས། །མི་འཇེད་འགྲོ་བའི་འཁོར་གྱིས་བསྐོར། །རིན་ཆེན་འཁོར་ལོ་རྩིབས་སྟོང་ཕུལ། །བརྒྱད་ཁྲི་བཞི་སྟོང་གསུང་གི་མཛོད། །འཁོར་ལོ་བསྐོར་བར་གསོལ་བ་བཏབ། །ཐུབ་ཆེན་བྱེ་བ་ཕྲག་བརྒྱ་ཡིས། །དུས་ལ་བབ་པར་མཁྱེན་ནས་ཀྱང་། །ཚངས་པ་རྣམས་ལ་གནང་བ་བྱིན། །མཚན་དང་དཔེ་བྱད་འབར་བའི་སྐུ། །འོད་དང་འོད་ཟེར་བསམ་མི་ཁྱབ། །ཉི་མ་དག་ནི་སྟོང་དག་གི། །འོད་ཟེར་དྲ་བས་བརྒྱན་པའི་ཞལ། །ལེ་བརྒན་ལྗགས་ཀྱིས་སྟོང་གསུམ་ཁྱབ། །གསུང་དབྱངས་ཡན་ལག་དྲུག་བཅུ་ཡི། །ཞལ་ནས་

(༤༨)གསུངས་པའི་བཀའ་དག་ནི། །མི་ཟད་རྒྱན་གྱི་འཁོར་ལོ་བསྐོར། །སྣང་སྲིད་ཆོས་ཀྱི་ཕུང་པོ་ལ། །མ་གསུངས་པས་ཀྱང་གོ་བ་མིན། །སྟོན་པས་གསུང་ཅིག་བསྒྲགས་པ་ལས། །གདུལ་བྱ་དབང་པོ་ཐ་དད་པས། །ཆོས་ཀྱི་ཕུང་པོ་བསམ་མི་ཁྱབ། །སྣ་ཚོགས་ཐེག་པ་དུ་མར་གོ། །ལ་ལས་རྡུལ་ཕྲན་རྫས་སུ་གོ། །ལ་ལས་ཉོན་མོངས་སྤངས་པར་གོ། ལ་ལས་སྤྲོས་བྲལ་ཞི་བར་གོ། །ལ་ལས་སེམས་ཙམ་དབུ་མ་སྟེ། །ལ་ལས་དགག་བྱའི་ཡུལ་དུ་གོ། །ལ་ལས་སྦྱང་བ་ཉིད་དུ་གོ། །ལ་ལས་བླང་དོར་ཡུལ་དུ་གོ། །ལ་ལས་དབང་བསྡུའི་ཡུལ་དུ་གོ། །ལ་ལས་སྒོ་ཕུགས་གཉིས་ལྟར་གོ། །ལ་ལས་ལ་སྒྲོལ་ཤན་འབྱེད་དུ། །གོ་ལུགས་དག་ནི་ཕྱེ་དང་དགུ། །གནས་ལུགས་ཡེ་སངས་རྒྱས་པ་ལ། །རང་བཞིན་ལྷུན་གྲུབ་ངོ་བོ་གཅིག །མཚན་ཉིད་ཐོགས་མེད་སྤྲུལ་པའི་སྐུ། །རྩོལ་སྒྲུབ་ཅི་ཡང་མ་མཆིས་ཀྱང་། །གདུལ་བྱ་དབང་པོ་ཐ་དད་པས། །སྣ་ཚོགས་མཐོང་ཚུལ་བསམ་མི་ཁྱབ། །གྲུབ་མཐའི་བྱེ་བྲག་དུ་མ་ལ། །གདོད་ནས་གྲུབ་མཐའ་མ་མཆིས་ཀྱང་། །དབང་པོའི་བྱེ་བྲག་ཇི་བཞིན་དུ། །གྲུབ་མཐའི་ཚོགས་ཀྱང་དེ་ལྟར་གོ། །གདུལ་བྱ་དབང་པོ་ཐ་མ་ཡིས། །སྟོན་པ་རང་རྒྱུད་པ་རུ་མཐོང་། །གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་། །དེ་བཞིན་བསྐལ་པར་སྒྲིབ་སྦྱངས་ནས། །མ་དག་སྐྱེ་བ་ལྔ་བརྒྱ་དང་། །དེ་བཞིན་དག་པ་ལྔ་བརྒྱ་སྟེ། །ལུང་དུ་བསྟན་དང་ལུང་མ་བསྟན། །གྲངས་མེད་དག་ཏུ་སྐྱེས་པ་ཡི། །རབ་ཀྱང་གདུལ་བྱ་རྣམས་ལ་བསྟན། །གྲུབ་མཐའ་ཀུན་ལ་འཇུག་ཚུལ་དང་། །ས་

(༤༩)བཅུ་ལམ་ལྔ་མཐར་ཕྱིན་ནས། །གཉེན་པོ་ཡེ་ཤེས་རྡོ་རྗེ་ཡིས། །རབ་བཅོམ་ཤེས་བྱའི་སྒྲིབ་པ་འཇོམས། །མཉམ་གཞག་རྫོགས་སངས་རྒྱས་ཚུལ་བསྟན། །སྐུ་ཚེའི་ཚད་དང་གདུལ་བྱའི་ཚད། །བསྟན་པའི་ཚད་ལ་སོགས་པ་རྣམས། །དྲང་དོན་དུ་ནི་བསྟན་པ་སྟེ། །མི་མཆོག་རྐང་གཉིས་གཙོ་བོ་ཡིས། །བཀའ་གསུམ་འཁོར་ལོ་བཞི་དག་ནི། །རིགས་ཅན་གདུལ་བྱ་ཐམས་ཅད་ལ། །དང་པོ་བྱིན་གྱིས་བརླབས་པའི་བཀའ། །གཉིས་པ་ཞལ་ནས་གསུངས་པ་ནི། །སྡེ་སྣོད་བྱེད་པའི་མདོ་ལས་ཀྱང་། །མཚན་ཉིད་རྒྱུའི་ཐེག་པ་གསུམ། །མདོ་སྡེ་འདུལ་བ་མངོན་པ་སྟེ། །སྤྱི་ཁྱབ་ཆོས་ཀྱི་སྒོ་མོ་རུ། །བརྒྱད་ཁྲི་བཞི་སྟོང་ཆོས་གསུངས་པའི། །ཞལ་ནས་གསུངས་པའི་བཀའ་རུ་བཞེད། །འདོད་ཆགས་ཅན་གྱི་གདུལ་བྱ་རྣམས། །ཐུན་མོང་འདུལ་བའི་གཉེན་པོར་ནི། །འདུལ་བ་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་ནི། །མདོ་སྡེ་ཉི་ཁྲི་ཆིག་སྟོང་གསུངས། །གཏི་མུག་དག་ནི་འཇོམས་མཛད་པ། །མངོན་པ་ཉི་ཁྲི་ཆིག་སྟོང་གསུངས། །དུག་གསུམ་དག་ནི་མཉམ་པ་ལ། །ང་རྒྱལ་དང་ནི་ཕྲག་དོག་སྟེ། །ཆ་མཉམ་ཉི་ཁྲི་ཆིག་སྟོང་གསུངས། །གྲངས་ཅན་བརྒྱད་ཁྲི་བཞི་སྟོང་དང་། །གྲངས་མེད་ཆོས་ཀྱི་ཕུང་པོ་ནི། །ཚད་གཞལ་གཏིང་དཔག་དཀའ་བའི་ཕྱིར། །དཀོན་མཆོག་བརྩེགས་པའི་མདོ་ལས་ཀྱང་། །སྟོན་པ་སྤྲུལ་སྐུའི་བསྟན་པ་ནི། །ཉན་ཐོས་དང་ནི་རང་རྒྱལ་ཏེ། །ཐེག་ཆེན་མདོ་སྡེ་མངོན་པ་སོགས། །མཚན་ཉིད་སྡེ་སྣོད་གསུམ་དུ་གྲགས། །སྤྲུལ་སྐུ་དག་གི་འཁོར་བསྟན་པ། །མུ་སྟེགས་རྒྱང་འཕེན་ཕལ་པ་

(༥༠)སོགས། །བླ་མེད་བྱང་ཆུབ་གཏན་གོལ་བའི། །དབང་པོ་དག་གིས་སེམས་བསྒྱུར་ཞིང་། །ཐུགས་རྗེ་རྨད་བྱུང་བྱིན་རླབས་ནས། །དགེ་སློང་དགེ་གཉེན་ཕོ་མོ་བཞི། །དགེ་སྦྱོང་བར་སློབ་ཡན་ལག་བརྒྱད། །སེམས་དཔའ་དང་ནི་སེམས་མ་སྟེ། །ཐུན་མོང་དང་ནི་ཐེག་ཆེན་གྱི། །གྲུབ་མཐའ་དག་དུ་བློ་བསྒྱུར་བ། །སྤྲུལ་སྐུའི་འཁོར་དུ་བསྟན་པ་ཡིན། །ཀུན་བྱེད་རྒྱུད་ལས་གསུངས་པ་ཡང་། །གསེར་མདོག་ཅན་ལ་སོགས་པ་ཡི། །སྐལ་བཟང་ཐུབ་པ་སྟོང་དང་གཉིས། །བྱ་རྒོད་ཕུང་པོ་རྡོ་རྗེ་གདན། །ཡང་དག་ཐུགས་རྗེ་སྣ་ཚོགས་སྤྲུལ། །ངེས་མེད་གནས་མཆོག་བསམ་མི་ཁྱབ། །སྤྲུལ་སྐུ་འདུལ་བའི་ཞིང་ཁམས་ནི། །འཛམ་གླིང་བྱེ་བ་ཕྲག་བརྒྱ་ལས། །ཚད་མེད་ཐུགས་རྗེས་རྒྱུད་དྲུག་འདུལ། །སྟོན་པ་བསྟན་པ་གནས་དུས་དང་། །ཞིང་ཁམས་སྣ་ཚོགས་བསམ་ཡས་པར། །སྣང་སྲིད་ཆོས་ཀྱི་ཕུང་པོར་ཡང་། །སྤྲུལ་པ་སྐུ་ཡི་བསྟན་པ་ནི། །ཚིག་དང་ཡི་གེ་དོན་སྡེབས་ནས། །གང་ཟག་རྣ་བའི་དབང་པོར་ཡང་། །ཚིག་སྒྲས་དོན་དེ་གོ་བྱས་ནས། །དོན་དེ་སྒྲ་ཡིས་བཤད་པ་ཡིན། །ཤན་འབྱེད་རྒྱུད་ལས་གསུངས་པ་ཡང་། །སྡེ་སྣོད་གསུམ་ལས་previous hit དགོངས next hit་ཡིན། །སྡེ་སྣོད་གསུམ་ཡང་བཞི་བཞིར་དབྱེ། །འདུལ་བ་ཡི་ནི་འདུལ་བ་དང་། །འདུལ་བ་ཡི་ནི་མདོ་སྡེ་དང་། །འདུལ་བ་ཡི་ནི་མངོན་པ་སྟེ། །མདོ་སྡེ་ཡི་ནི་མདོ་སྡེ་དང་། །མདོ་སྡེ་ཡི་ནི་འདུལ་བ་དང་། །མདོ་སྡེ་ཡི་ནི་མངོན་པར་དབྱེ། །མངོན་པ་ཡི་ནི་མངོན་པ་དང་། །མངོན་པ་ཡི་ནི་འདུལ་བ་དང་། །མངོན་པ་ཡི་ནི་མདོ་སྡེ་སྟེ། །བཅུ་གཉིས་དག་ཏུ་རབ་དབྱེ་བས། །དཀོན་མཆོག་པ་ར་མི་ཏཱ་དང་། །སངས་རྒྱས་

(༥༡)བྱང་ཆུབ་ཐམས་ཅད་མཁྱེན། །འཇམ་དབྱངས་འཕགས་པའི་ཚོགས་རྣམས་ལ། །ཀླད་དོན་མཚན་ཕྱག་འཚལ་བ་ཡིས། །མ་འདྲེས་སོ་སོར་ཤེས་པར་བྱ། །ཐུབ་པ་ཆེན་པོར་མངོན་སངས་རྒྱས། །དང་པོ་བདེན་པ་བཞི་དག་གི། ཐུན་མོང་དང་ནི་དྲང་བའི་དོན། །འདུལ་བ་ལུང་གི་སྡེ་བཞི་དང་། །ཕྲན་ཚེགས་ཡན་ལག་བཅས་པ་ཡི། །འདུལ་བ་དག་གི་བཞེད་previous hit དགོངས་ཀྱིས། །སྡེ་ next hit་བཞི་རུ་འདུས་པ་ཡིན། །ཆོས་ཀྱི་འཁོར་ལོ་དང་པོ་བསྐོར། །ཀུན་འབྱུང་འཕགས་པའི་བདེན་པ་དང་། །སྡུག་བསྔལ་འཕགས་པའི་བདེན་པ་དང་། །ལམ་ནི་འཕགས་པའི་བདེན་པ་དང་། །འགོག་པ་འཕགས་པའི་བདེན་པ་དང་། །བདེན་པ་རྣམ་པ་བཞི་དག་ནི། །ཉན་རང་ཐེགཔར་བཞེད་པ་ཡིན། །ཉན་ཐོས་ལུགས་ཀྱི་ཐེག་པ་ནི། །ཤེས་བྱ་རྣམ་པ་ཐ་དད་ཀྱང་། །བདེན་པ་བཞི་རུ་འདུས་པར་འདོད། །སྡུག་བསྔལ་ཀུན་འབྱུང་བདེན་པ་དང་། །འགོག་པ་ལམ་གྱི་བདེན་པའོ། །འབྲས་བུར་གྱུར་པའི་ཕུང་པོ་ལྔས། །སྡུག་བསྔལ་གསུམ་བརྒྱད་བཅུ་གཅིག་སོགས། །གཞི་དང་རྟེན་དུ་གྱུར་པའི་ཕྱིར། །གཉིས་གྱུར་ལས་དང་ཉོན་མོངས་ཏེ། །འཁོར་བའི་སྡུག་བསྔལ་ཀུན་འབྱུང་རྒྱུར། །གསུམ་པ་ཆོས་ཉིད་དེ་བཞིན་ལ། །གློ་བུར་དྲི་མ་དང་བྲལ་སེམས། །ཉོན་མོངས་ཚོགས་རྣམས་མ་ལུས་པ། །མི་སྐྱེ་བ་ཡི་གནས་སྐབས་ཏེ། །འཁོར་བའི་སྡུག་བསྔལ་འགོག་ཕྱིར་རོ། །ལམ་རྣམས་ཀྱི་ནི་བདེན་པ་ནི། །ཤེས་རབ་རྣམ་པ་གསུམ་དག་གིས། །བླ་ན་མེད་པའི་བྱང་ཆུབ་ཀྱི། །རྒྱུ་དག་ཏུ་ནི་བསྔོས་པས་ཏེ། །འགོག་པ་སྔོན་དུ་འབྱིན་པའི་ཕྱིར། །དེ་དག་གཅིག་ཏུ་བསྡུས་ལགས་ན། །སྔ་མ་རྣམ་པ་གཉིས་དག་

(༥༢)གིས། །འཁོར་བའི་རྒྱུ་དང་འབྲས་བུར་འདུས། །འགོག་པ་དང་ནི་ལམ་ཉིད་ཀྱིས། །མྱ་ངན་འདས་པའི་རྒྱུ་འབྲས་སུ། །ལམ་དང་འབྲས་བུ་དག་ཏུ་བཞེད། །སྡུག་བསྔལ་གྱི་ནི་མཚན་ཉིད་ཀྱིས། །ཤེས་པར་བྱས་ནས་དེས་འཇིག་པ། །ཀུན་འབྱུང་ངན་སོང་འཁོར་བའི་རྒྱུ། །ཆོས་ཉིད་བྱང་ཆུབ་སེམས་ཉིད་ནི། །ཉོན་མོངས་པར་སྣང་དེ་བཞིན་ནི། །དུག་དང་ཚེར་མ་ལྟར་སྤོང་བྱེད། །དེ་ཡི་ཆོས་ཉིད་མི་མཐོ་ཡང་། །དེ་ལྟར་བདེན་པ་བཞི་དག་ལ། །སྤོང་ལེན་སྣ་ཚོགས་བྱས་པ་ཡིས། །ཆོས་རྣམས་ཀུན་གྱི་ཆོས་ཉིད་ལས། །དེ་དོན་མི་མཐོང་སྤངས་པ་ཡིན། །དེ་ཡི་མཚན་ཉིད་ཕྱིར་ཞེ་ན། །སྤངས་པའི་སྡུག་བསྔལ་ཀུན་འབྱུང་སྤངས། །བདེན་པ་གཉིས་པོ་སྤངས་པ་ཡིས། །ཉན་ཐོས་ཐེག་པར་བཞེད་པ་ཡིན། །ཉན་ཐོས་དག་གི་ཐེག་པ་ནི། །དཔེར་ན་མི་ཅིག་བརྐྱལ་བའི་དཔེ། །གཅིག་པོ་ཆུ་ལ་བརྒལ་བ་ལྟར། །རང་ཉིད་གཅིག་པུ་ཞི་བ་དང་། །དུལ་བ་མྱ་ངན་འདའ་བར་བཞེད། །རྣམ་ཤེས་རྡུལ་ཕྲན་རྫས་སུ་བཞེད། །ཉན་ཐོས་གོ་བ་ཉི་ཤུ་སྟེ། །གྲུབ་མཐའི་བྱེ་བྲག་ཤེས་པར་བྱ། །གང་ཞིག་གྲུབ་མཐའ་བསྒྱུར་བ་དང་། །མ་བསྒྱུར་བ་ཡི་ས་མཚམས་ཀྱང་། །ཡོངས་སུ་རྣལ་འབྱོར་ལུང་ལས་ཀྱང་། །སྐྱེས་བུ་ཁྱོད་ནི་ཇི་ལྟ་བུ། །གང་ནས་འོངས་ཏེ་ཇི་ལྟར་གནས། །དོན་གྱི་ཆེད་ཀར་འགྱུར་གྱི་གོང་། །དེ་ཉིད་དུ་ནི་ལན་བཏབ་པ། །མུན་སྣང་གཉིས་ཀྱི་མཚམས་ནས་འོངས། །རང་བཞིན་ངོ་བོར་གནས་ཅི་གུ། །ལུང་ཆེན་དག་ལས་གསུངས་པ་ཡང་། །ད་ནི་ཅུང་ཟད་དབྱེ་བར་བགྱི། །གང་དང་གང་ཞིག་མུ་སྟེགས་བྱེད། །

(༥༣)ནང་པ་མཆོག་གི་སངས་རྒྱས་ཀྱི། །ལུང་དང་རིགས་པ་ལ་བརྟེན་ནས། །དངོས་སམ་མོས་པའི་ཡུལ་དུ་ནི། །རྟག་དང་ཆད་དང་བདག་མེད་རྟོགས། །གྲུབ་མཐའ་བློས་བསྒྱུར་བློས་མ་བསྒྱུར། །མ་རྟོགས་གྲུབ་མཐས་བློ་བསྒྱུར་བ། །གྲུབ་མཐའ་དག་ཀྱང་རྣམ་གཉིས་ཏེ། །ཕྱི་པ་དག་དང་ནང་པའོ། །སྤྲུལ་སྐུ་དག་གི་བསྟན་པ་ཡི། །གྲུབ་མཐའ་དག་ཀྱང་གསུམ་དུ་བཞེད། །ཉན་རང་བྱང་ཆུབ་སེམས་དཔའ་འོད། །ཉན་ཐོས་གང་ཟག་བདེན་མེད་རྟོགས། །བྱེ་བྲག་མདོ་སྡེ་ལ་སོགས་པ། །ལྟ་བའི་བྱེ་བྲག་ཐ་དད་ཀྱང་། །ཉན་ཐོས་རྣམས་ཀྱི་ཐེག་པ་ནི། །ལྟ་སྒོམ་དག་ནི་མདོར་བསྡུས་ན། །རྣམ་པ་དགུ་རུ་ཤེས་པར་བྱ། །འཇུག་སྒོ་ལྟ་བ་རྟོགས་པའོ། །ཉམས་སུ་ལེན་པའི་སྒོམ་པ་དང་། །འབྲས་བུ་ཡི་ནི་ཐོབ་ཚུལ་ལོ། །ཀུན་འབྱུང་གི་ནི་བདེན་པ་ནི། །ལས་རྣམས་དང་ནི་ཉོན་མོངས་ཚོགས། །སྡུག་བསྔལ་གྱི་ནི་བདེན་པ་ནི། །ལས་རྣམས་དང་ནི་ཉོན་མོངས་ཚོགས། །སྡུག་བསྔལ་གྱི་ནི་བདེན་པ་ནི། །ཆོས་ཀྱི་བདག་དོན་དམ་པར་འདོད། །གང་ཟག་གི་ནི་བདག་མེད་རྟོགས། །འགོག་པ་མི་ནི་བདེན་པ་ཡིས། །དེ་བཞིན་ཉིད་ལ་གློ་བུར་གྱི། །དྲི་མ་དག་ནི་དང་བྲལ་བ། །སྡུག་བསྔལ་དང་ནི་ཀུན་འབྱུང་བ། །སེམས་ཅན་རྒྱུད་ལ་ཡོད་ལགས་ཀྱང་། །འཕགས་པའི་བདེན་པ་མཐོང་བ་ལྟར། །འཕགས་པའི་བདེན་པ་ཞེས་བྱར་བརྗོད། །ཉན་ཐོས་ཚུལ་ཁྲིམས་སྡོམ་པ་ནི། །གདུལ་བྱ་མུ་སྟེགས་ཕྱ་ལ་སོགས། །སྟོན་པའི་ཐུགས་རྗེ་བྱིན་རླབས་ནས། །མ་རྟོགས་འགྲོ་དྲུག་སེམས་ཅན་དང་། །ལོག་རྟོག་མུ་སྟེགས་ཚོགས་རྣམས་ནི། །སྐྲ་དང་ཁ་སྤུ་བྲེགས་ནས་སུ། །རྒྱལ་བའི་བསྟན་ལ་རབ་དད་ནས། །དགེ་སློང་དགྲ་བཅོམ་མདུན་དག་ཏུ། །བདག་ཉིད་མྱ་ངན་འདའ་སེམས་བསྐྱེས། །དགེ་སློང་དགེ་གཉེན་

(༥༤)ཕོ་མོ་བཞི། །དགེ་ཚུལ་བར་སློབ་ཡན་ལག་བརྒྱད། །རྒྱས་བསྡུས་གང་ཡིན་ལེགས་པར་འདོད། །དམ་ཆོས་འདུལ་བའི་ལུང་ལས་ཀྱང་། །ལེན་པར་འདོད་ཅིང་ཐོབ་པར་ཤེས། །མྱ་ངན་འདས་པའི་བསམ་པ་ཅན། །དེ་ཡིས་འདུལ་ཁྲིམས་རྫོགས་པར་བཤད། །བརྗོད་པ་གསུམ་གྱི་ཐ་མ་ལ། །ཐོབ་པ་དག་ཏུ་བཞེད་པ་ཡིན། །འཁོར་བ་དག་གི་སྡུག་བསྔལ་ལས། །མྱ་ངན་འདས་དྲུག་བསྟོན་པ་སྟེ། །དེ་ལས་གྲོལ་ན་མྱ་ངན་འདས། །མྱ་ངན་འདས་པའི་བསམ་པ་ཅན། །བརྟན་པོར་བྱ་བ་མན་ངག་ཡིན། །ཐེག་པ་བྱ་བའི་མཚན་ཉིད་ཀྱང་། །ལམ་དང་འབྲས་བུར་བཅས་པ་ལ། །ཐེག་པ་ཞེས་སུ་སྨོས་པ་སྟེ། །འདེགས་བྱ་འདེགས་བྱེད་འདེགས་པ་དངོས། །བཏེག་པ་གསུམ་དང་ལྡན་པའི་ཕྱིར། །ཞོན་པ་དག་ལ་ཞོན་པའི་དཔེ། །གར་འདོད་ཡུལ་དུ་ཕྱིན་པ་ལྟར། །རྫོགས་པ་ཆེན་པོའི་རྒྱུད་ལས་ཀྱང་། །སྡུག་བསྔལ་སྤོང་བའི་ཉན་ཐོས་ནི། །ཡེ་ཤེས་ཡུལ་མེད་བཅུ་དྲུག་གིས། །གང་ཟག་མཚན་མའི་ཆོས་འདི་ལ། །བདག་ཅེས་བྱ་བ་མེད་པར་བལྟ། །ཆོས་བདག་མེད་པའི་དོན་མ་རྟོགས། །རང་གི་དགེ་བའི་བཤེས་གཉེན་ལ། །ཅི་སྲིད་འཚོའི་བར་དུ་ནི། །ཞི་བ་ཡི་ནི་དམ་ཆོས་རྣམས། །ཉན་ཞིང་ཐོས་པས་ཉན་ཐོས་ཡིན། །ཉན་ཐོས་ཐེག་པའི་འདུལ་ཁྲིམས་ནི། །གྲངས་ཅན་དག་ཏུ་བསྲུང་ལུགས་བསྟན། །འདུལ་ཁྲིམས་དོན་ནི་དྲུག་གིས་བསྟན། །ངོ་བོ་ངེས་ཚིག་གཏོང་ཐོབ་དུས། །རྣམ་གྲངས་བསྲུང་བའི་ཡོན་ཏན་དང་། །མ་ཐུབ་མ་སྲུངས་སྐྱོན་རྣམས་སོ། །ངོ་བོ་ལུས་ངག་ཡིད་གསུམ་དུ། །བསྲུང་བར་བྱ་བའི་སྡོམ་པ་དང་། །སྤང་བར་བྱ་བའི་མི་དགེ་བ། །ཅུང་ཟད་ཙམ་ཡང་འདའ་མི་བྱེད། །རྣམ་གྲངས་

(༥༥)ཆད་ལྷག་མེད་པར་བསྲུང་། །དགེ་སློང་ཕ་ཡི་ཚུལ་ཁྲིམས་ནི། །ཉི་བརྒྱ་ལྔ་བཅུ་རྩ་གསུམ་སྟེ། །ཕས་ཕམ་པ་ཡི་ཆོས་བཞི་དང་། །དགེ་འདུན་ལྷག་མ་བཅུ་གསུམ་དང་། །སྤངས་པའི་ལྟུང་བ་སུམ་བཅུ་དང་། །ལྟུང་བྱེད་འབའ་ཞིག་དགུ་བཅུ་ལ། །སོ་སོར་བཤགས་པ་བཞི་དག་དང་། །ཉེས་བྱས་བརྒྱད་དང་བཅུ་གཉིས་ཏེ། །འབྲལ་མེད་བསྲུང་བ་ཉིས་བརྒྱ་དང་། །ལྔ་བཅུ་རྩ་གསུམ་ཁྲིམས་ཡིན་ནོ། །དགེ་སློང་མ་ཡི་ཚུལ་ཁྲིམས་ནི། །སུམ་བརྒྱ་དང་ནི་དྲུག་བཅུ་སྟེ། །ཕས་ཕམ་བརྒྱད་དང་ཉི་ཤུ་ལྷག །སྤངས་པའི་ལྟུང་བ་བཞི་བཅུ་ལ། །ལྟུང་བྱེད་དག་ནི་འབའ་ཞིག་པ། །བརྒྱ་དང་བརྒྱད་བཅུ་དག་ཏུ་བཞེད། །སོ་སོར་བཤགས་པ་བཞི་དང་ནི། །ཉེས་བྱས་བརྒྱད་བཅུ་རྩ་གཉིས་ཏེ། །དགེ་སློང་མ་ཡི་ཁྲིམས་རྣམས་ནི། །དྲིལ་བས་སུམ་བརྒྱ་དྲུག་བཅུའོ། །བར་སློབ་ཁྲིམས་ནི་བདུན་ཡིན་ནོ། །དགེ་གཉེན་ཚུལ་ཁྲིམས་བསྲུང་བ་ནི། །རྩ་བ་བཞི་དང་ཡན་ལག་ལྔ། །ཁྱིམ་པ་ཡན་ལག་བརྒྱད་པར་བཞེད། །དམ་ཆོས་འདུལ་བའི་ཕུང་པོ་ལ། །རྒྱ་ཆེ་གྲངས་མང་གསུངས་ན་ཡང་། །ཚུལ་ཁྲིམས་དག་ཏུ་འདུས་པ་ཡིན། །དེ་ཕྱིར་ཉན་ཐོས་བྱིས་པའི་སྡེ། །དཀའ་ཐུབ་དཀའ་སྤྱད་དུ་མ་ཡིས། །ཚུལ་ཁྲིམས་བསྲུང་བ་མན་ངག་ཡིན། །ཚུལ་ཁྲིམས་རྣམ་དག་བསྲུང་བ་ནི། །ཉོན་མོངས་དགྲ་ལས་གཡུལ་རྒྱལ་ཞིང་། །འཆི་བའི་འཆི་བ་འབྱིན་པར་བྱེད། །ཚུལ་ཁྲིམས་རྣམ་དག་མ་བསྲུངས་ན། །གང་ཞིག་ཚུལ་ཁྲིམས་ཆལ་པ་ཡིས། །ངན་སོང་གསུམ་དུ་དེ་འགྲོ་སྟེ། །ཐོས་པ་མང་པོས་སྐྱོབ་མི་ནུས། །འདུལ་བ་ལུང་ལས་གསུངས་པ་ཡང་། །ཉན་ཐོས་ཐེག་

(༥༦)previous hit ་ཉིད་ལ་དགོངས next hit། །སྤྲུལ་སྐུའི་ཐེག་པ་རྣམ་གསུམ་གྱིས། །དང་པོར་གཞི་འཇིན་ཉན་ཐོས་ནི། །ཐེག་པ་དག་ཏུ་གསུངས་པ་ཡིན། །རྣལ་འབྱོར་ཆེན་པོའི་ལུང་ལས་ཀྱང་། །བདེན་བཞིའི་དོན་རྟོགས་རབ་ཏུ་སྤོང་བྱེད་ཅིང་། །ཡེ་ཤེས་བཅུ་དྲུག་ཆ་སྦྱངས་རབ་ཞི་བ། །རྒྱུན་ཞུགས་ལ་སོགས་རིམ་པས་སྦྱངས་ནས་ནི། །ཉན་ཐོས་དགྲ་རྣམས་ཞི་བའི་ས་རུ་འགྲོ། །ཐེག་ཆེན་ལུང་ལས་གསུངས་པ་ཡང་། །ཉན་ཐོས་རིགས་ཅན་སྐྱེས་བུ་ཡིས། །གྲངས་མེད་བསྐལ་པ་དུ་མར་ཡང་། །བདེན་བཞི་ལྟ་ཞིང་བདེན་བཞི་སྦྱོང་། །བཅུ་དྲུག་བྱེ་བྲག་སོ་སོར་དབྱེ། །རྡུལ་ཕྲན་གཞན་འཇོག་བྱེ་བྲག་གིས། །རྒྱུན་ཞུགས་ལྔ་པོ་ཞི་བར་སྦྱངས། །ཉོན་མོངས་ཚོགས་རྣམས་དགྲ་གཤེད་ལྟར། །སྦྱོང་ཞིང་གོམས་པ་མཐར་ཕྱིན་པས། །ཞི་བའི་གནས་སུ་དེ་འགྲོ་སྟེ། །ཉན་ཐོས་འབྲས་བུའི་ཐོབ་ཚུལ་ཡིན། །གང་ཟག་འགའི་བཞེད་དགོངས་ཀྱི་ས། །ཉན་ཐོས་གཞན་དོན་མི་འབྱུང་སྐད། །རིགས་ཀྱི་རིགས་ཅན་འདུལ་བའི་ཕྱིར། །ཐེག་ཆུང་ཉན་ཐོས་བྱིས་པའི་རིགས། །ཉན་ཐོས་ཐེག་པའི་རིགས་སྐྱེས་པ། །ཚད་མེད་གྲངས་ལས་འདས་པའི་ཕྱིར། །ཐེག་ཆུང་ཉིད་ཀྱིས་བློ་དམན་འདུལ། །ནེ་ཙོ་བསེ་རུ་ཁྱུང་ལྡིང་བཞིན། །གྲངས་མེད་ཕྱོགས་གཅིག་ཞི་བ་ཡི། །འགོག་པའི་ས་ལས་འགོད་པ་ནི། །ཉན་ཐོས་དག་གི་ཕྲིན་ལས་ཡིན། །ཡུམ་ཆེན་ཕ་རོལ་ཕྱིན་པ་ལས། །ཉན་ཐོས་དག་གི་རྒྱུ་དང་ནི། །ལམ་དང་འབྲས་བུ་ཤེས་བྱས་ཏེ། །རྒྱུ་ལམ་འབྲས་བུ་ཐམས་ཅད་ལས། །བཟློག་ཅིང་འགོག་པར་གནས་མི་བྱེད། །ཕ་རོལ་ཕྱིན་ལས་གསུངས་པ་ཡང་། །འདི་འདྲའི་དོན་ལ་previous hit དགོངས next hit་ཡིན། །ཉན་ཐོས་གྲུབ་མཐའ་ཐམས་ཅད་ལས། །སྤྱོད་ལུགས་གྲངས་མེད་

(༥༧)གསུངས་ན་ཡང་། །སྦྱངས་པའི་ཡོན་ཏན་བཅུ་གཉིས་ནི། །ཉན་ཐོས་འདུལ་ཁྲིམས་སྤྱོད་པ་ཡིན། །དུར་ཁྲོད་ཤིང་དྲུང་ཕྱག་དར་ཁྲོད། །བླ་གབ་མེད་དང་ཅོག་བུ་བ། །ཕྱིས་མི་ལེན་དང་སྟན་གཅིག་པ། །རྐང་པ་དག་ནི་སྐུད་པ་བྲལ། །ཆོས་གོས་གསུམ་དང་ཆིང་པ་བ། །གཞི་ཇི་བཞིན་པ་དང་བསོད་སྙོམས་པ། །སྦྱངས་པ་བཅུ་གཉིས་མཐར་ཕྱིན་པ། །ཉན་ཐོས་སྤྱོད་པར་བཞེད་པ་ཡིན། །ལུས་ངག་ཡིད་ཀྱི་སྒོ་གསུམ་དུ། །སྤོང་ལེན་འགོག་པ་རྒྱུན་མི་འཆད། །སྣོད་ཡུལ་དག་ནི་འདོད་ཡོན་ལྔ། །སྣང་བས་འཇིགས་པའི་འདུ་ཤེས་ཀྱིས། །དགྲ་གཤེད་བཞིན་དུ་འགོག་བྱེད་པ། །ཟིན་དང་སྦྱངས་དང་བྲལ་ཞི་བ། །དངོས་མེད་རྟོགས་དང་རྣམ་པར་སྤོངས། །ཨུ་པ་ལི་ཡི་མདོ་ལས་ཀྱང་། །ཐེག་པ་རེ་ལ་ལྟ་བ་རེ། །ཉན་ཐོས་ལྟ་བ་གྲངས་མེད་གསུངས། །ཉན་ཐོས་དག་གི་ལྟ་བ་ནི། །ལུང་ཚིག་འདི་རུ་འདུས་པ་ཡིན། །མདོ་སྡེ་ཡན་ལག་བཅུ་གཉིས་ཀྱང་། །ཐེག་པ་ཀུན་གྱི་སྤྱི་ཁར་གནས། །ལམ་ཕྲན་ཞུགས་པའི་ཐེག་པར་ཡང་། །ཉན་ཐོས་དག་གི་ཐོབ་སྐལ་དུ། །ཐེག་དམན་ཡན་ལག་བཅུ་གཉིས་སུ། །མཁས་པ་འགའ་ཞིག་བཞེད་པར་སྣང་། །ཐེག་པ་རེ་ལ་འཇུག་སྒོ་རེ། །ཐེག་པ་རེ་ལ་ལྟ་བ་རེ། །ཐེག་པ་རེ་ལ་སྤྱོད་པ་རེ། །ཐེག་པ་རེ་ལ་བསྲུང་སྡོམ་རེ། །ཐེག་པ་རེ་ལ་སྒོམ་པ་རེ། །ཐེག་པ་རེ་ལ་ས་ལམ་རེ། །ཐེག་པ་རེ་ལ་འབྲས་བུ་རེ། །ལ་དགུ་དང་ནི་ལུང་དགུ་སྟེ། །ལམ་དགུ་བསྒྲོད་པའི་ཐེག་དགུ་ལས། །ལྟ་སྒོམ་སྤྲོད་གསུམ་ལ་སོགས་པ། །ཆེ་ཆུང་ཡངས་དོག་མ་གཏོགས་པ། །བཞེད་previous hit དགོངས་རྣམ་ next hit

(༥༨)གྲངས་མང་ཡང་། །རྣམ་གྲངས་ས་སྤྱོད་མཐུན་པ་ཡིན། །རང་གི་ཉན་ཐོས་དགེ་བའི་བཤེས། །ཉན་ཐོས་སྟོན་པ་དག་ལས་ཐོས། །རྣམ་གྲངས་དྲུག་གིས་བསྟན་པ་ནི། །བདེན་པ་བཞི་ཡི་སྒོ་ནས་འཇུག།རྟོགས་པ་དག་གི་ལྟ་བ་ནི། །གང་ཟག་བདག་མེད་རྟོགས་པ་ཡིན། །སྒོམ་པ་ཏིང་འཛིན་བདེན་བཞི་དང་། །བཅུ་དྲུག་དག་ཏུ་ཕྱེ་ནས་བསྒོམ། །དམ་ཆོས་འདུལ་བའི་བཀའ་ལས་ནི། །སོ་སོ་ཐར་པ་རིགས་བདུན་ལ། །ཚུལ་ཁྲིམས་བསྲུང་བ་སྡོམ་པ་ཡིན། །སྦྱངས་པ་བཅུ་གཉིས་སྤྱོད་པ་སྟེ། །ལུང་ཕྲན་དག་ནི་བཅུ་གཉིས་ཀྱང་། །ལམ་རྐྱེན་དག་ཏུ་བཞེད་པ་ཡིན། །དེ་རྣམས་སྦྱངས་ཤིང་མཐར་ཕྱིན་ན། །འབྲས་བུ་དགྲ་བཅོམ་ཐོབ་པ་ཡིན། །སངས་རྒྱས་འཇིག་རྟེན་བྱོན་པ་དང་། །ཆོས་ཀྱི་འཁོར་ལོ་དང་པོ་བསྐོར། །བདེན་བཞི་ཆོས་ཀྱི་འཁོར་ལོ་བསྐོར། །དམ་ཆོས་འདུལ་འདི་ཡོད་ལགས་ན། །སངས་རྒྱས་བསྟན་པ་རྒྱས་པ་ཡིན། །ཉན་ཐོས་དག་གི་ཐེག་པ་ཡང་། །བསྟན་པ་ཀུན་གྱི་གཞི་རྟེན་ཡིན། །དེ་ཡང་ལྷག་བཅས་ལྷག་མེད་དོ། །བདེ་གཤེགས་རྒྱལ་བའི་ལུང་ལས་ཀྱང་། །དེ་ལ་གནས་ཤིང་གནས་མི་བྱ། །གོང་ནས་གོང་དུ་རྫོགས་ལགས་ན། །ཆོས་དབྱིངས་ནམ་མཁའ་མཐའ་ཡས་ལ། །འཁོར་འདས་རང་བྱུང་བདེ་བ་ཆེ། །ལྷུན་གྲུབ་རང་བྱུང་བདེ་ཆེན་རྟོགས། །ཉན་ཐོས་ཞི་བའི་མཐའ་ལས་གྲོལ། །ས་ལམ་བསྒྲོད་ཅིང་ས་ལམ་རྫོགས། །མ་ཧཱ་མུ་དྲ་དེ་བཞིན་རྒྱུད། །འབྲས་བུ་མཐར་ཕྱིན་ལུང་ལས་ཀྱང་། །སྟོན་པ་བསྟན་པ་དམ་ཆོས་དང་། །འགྲོ་དྲུག་མུ་སྟེགས་ཉན་ཐོས་ཐེག །ཐམས་ཅད་སྐྱེ་མེད་འགག་མེད་དུ། །ལྷན་སྐྱེས་ལྷུན་གྲུབ་རོ་གཅིག་རྟོགས། །འགྲོ་བ་དྲུག་དང་མུ་སྟེགས་གསུམ། །ཉན་ཐོས་བཞི་སྦྱངས་བདེན་

(༥༩)པ་བཞི། །ངར་འཛིན་ལྟ་བ་བཅུ་དག་གིས། །མཐའ་རྣམས་ཀུན་ལས་གྲོལ་བར་བྱེད། །བདེ་གཤེགས་བཀའ་དང་བླ་མའི་ལུང་། །བཀའ་དང་བསྟན་བཅོས་སྒྲ་དོན་འབྲེལ། །རྟོགས་པ་མུན་སེལ་སྒྲོན་མེ་གཏམས། །རྣལ་འབྱོར་རང་བྱུང་རྡོ་རྗེ་ཡིས། །སྒྲ་དོན་དང་ནི་གྲུབ་མཐའ་རྣམས། །སྒྲ་དོན་མ་འདྲེས་སོ་སོར་རྟོགས། །ཅུང་ཟད་ཙམ་ཅིག་གོ་བ་ལགས། །མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཉན་ཐོས་བདེན་བཞིའི་སྐབས། །ཡུམ་ཆེན་ཕ་རོལ་ཕྱིན་མ་ལས། །དམྱལ་སོགས་འགྲོ་བ་དྲུག་དང་ནི། །ལྟ་ལོག་མུ་སྟེགས་གྲུབ་མཐའ་དང་། །ཉན་ཐོས་ཐེག་པའི་གཞི་རྟེན་གྱི། །རྒྱུ་ལམ་འབྲས་བུ་ཤེས་བྱ་ཞིང་། །རྒྱུ་ལམ་ཀུན་ལས་བཟློག་ནས་ཀྱང་། །དེ་དང་དེ་ལ་གནས་མི་བྱ། །གོང་ནས་གོང་དུ་བོགས་འདོན་ཞིང་། །རང་རྒྱལ་ལ་སོགས་ཐེག་པ་རྣམས། །ཟླ་བ་ཉ་རྒྱས་ཇི་བཞིན་དུ། །གོང་ནས་གོང་དུ་རྫོགས་པར་བགྱི། །རང་རྒྱལ་ཐེག་པ་བར་པ་ནི། །ཞོར་འགྲོས་ཞོར་འབྱུང་དག་ཏུ་བཞེད། །གནས་ལུགས་སྤྲིན་མེད་ཉི་ཤར་ལ། །མ་རིག་མུན་པ་ལྟ་བུས་སྒྲིབས། །འགྲོ་དྲུག་ཀུན་གྱི་འབྱུང་གཞི་ནི། །མ་རིག་ལ་སོགས་རྟེན་འབྲེལ་གྱི། །བཅུ་གཉིས་དག་ལས་བྱུང་བ་ཡིན། །མ་རིག་རྐྱེན་གྱིས་འདུ་བྱེད་དེ། །རྣམ་ཤེས་རྐྱེན་གྱིས་མིང་དང་གཟུགས། །སྐྱེ་མཆེད་དྲུག་དང་རེག་དང་ཚོར། །སྲེད་ལེན་སྲིད་དང་སྐྱེ་བ་སྟེ། །རྒ་ཤི་རྒུད་དང་ན་བ་ནི། །མྱ་ངན་སྨྲེ་སྔགས་སྡུག་བསྔལ་སོགས། །རེག་ལ་རེག་པས་ཆོས་གཉིས་ཏེ། །བྱེད་པའི་སྐྱེས་བུ་བཅུ་གཉིས་ཏེ། །རྟེན་འབྲེལ་བཅུ་གཉིས་རྐྱེན་དབང་གིས། །ཁམས་གསུམ་འཁོར་བའི་ཤིང་རྟ་ལྟར། །མཚན་ཉིད་

(༦༠)རྟེན་འབྲེལ་འཁོར་ལོ་བཞིན། །ཟོ་ཆུའི་མཁྱུད་མོ་ལྟ་བུར་ཡང་། །རྒྱུན་ཆད་མེད་པར་རིགས་དྲུག་ཏུ། །སྣ་ཚོགས་ལུས་ཅན་འཁོར་བ་སྟེ། །ལུགས་འབྱུང་རྟེན་འབྲེལ་རྒྱུ་འབྲས་ཡིན། །རང་སངས་རྒྱས་ཀྱི་ཐེག་པ་ནི། །དམ་ཆོས་མངོན་པའི་ལུང་ལས་ཀྱང་། །ཕྱི་ནང་རྟེན་འབྲེལ་ཚུལ་ཤེས་ཤིང་། །དངོས་པོ་གཟུགས་ལ་ཐོགས་མེད་འཇུག །བཤེས་གཉེན་མི་སློབ་རང་རིག་རྟོགས། །བྱང་ཆུབ་སར་འགྲོ་བདེ་བའི་མཆོག །སངས་རྒྱས་བཀའ་ལས་གསུངས་པ་དང་། །རང་རྒྱལ་དག་གི་འཇུག་སྒོ་ནི། །རྟེན་འབྲེལ་བཅུ་གཉིས་ལུགས་ལས་བཟློག །འགག་པའི་སྒོ་ནས་འཇུག་པ་ཡིན། །མ་རིག་འགགས་པས་འདུ་བྱེད་འགག །རྣམ་ཤེས་མིང་གཟུགས་སྐྱེ་མཆེད་དྲུག །རེག་ཚོར་སྲེད་ལེན་སྲིད་པ་འགག །སྐྱེ་རྒ་ན་འཆིའི་ཆུ་བོ་བཞི། །འཁོར་བའི་རྒྱུ་འབྲས་འགོག་པ་ཡིན། །རྟེན་འབྲེལ་བཅུ་གཉིས་གནས་འཇུག་གོ། །ཕྱི་དང་ནང་གི་རྟེན་འབྲེལ་རྣམས། །ཚུལ་དང་མཚན་ཉིད་ཤེས་པ་ཡིས། །དངོས་པོ་གདུགས་ཀྱི་བྱེ་བྲག་ལ། །གང་དང་གང་ལ་ཆགས་ཐོགས་མེད། །གཞན་རྐྱེན་སློབ་དཔོན་མི་དགོས་པར། །སྣ་ཚོགས་སུ་ཡང་རབ་ཏུ་འཇུག །རང་གིས་རང་རིག་རྟོགས་པ་ཡི། །གང་ཟག་བདག་མེད་རྟོགས་པ་དང་། །ཆོས་ཀྱི་བདག་མེད་ཕྱེད་རྟོགས་ཤིང་། །རང་བྱང་ཆུབ་ལ་རིམ་འཇུག་པས། །ཡིད་བཞིན་བདེ་བ་མཆོག་གི་ས། །ཕྱོགས་གཅིག་ཕྱོགས་འགའ་རྟོགས་པ་ཡི། །ས་དྲུག་ནོན་པས་རང་སངས་རྒྱས། །རྡོ་རྗེ་ཐེག་པའི་རྒྱུད་ལས་ཀྱང་། །མ་རིག་ནས་གཟུང་རྒ་ཤིའི་བར། །ལུགས་ལས་འབྱུང་ཞིང་ལུགས་ལས་བཟློག །གཅིག་ལ་གཅིག་བརྟེན་ལུགས་བཟློག་པས། །རག་ལས་ཆོས་སུ་འགག་པ་

(༦༡)ཡིན། །རག་ལས་པ་དང་ལས་ཆོས་ཏེ། །རང་རྒྱལ་ཐེག་པར་བཞེད་པ་ཡིན། །འཛིན་པའི་སེམས་ཀྱིས་མ་སྤངས་པ། །གཟུང་བའི་ཡུལ་ལས་རྣམ་རྟོག་བྲལ། །ཉན་ཐོས་དག་ལས་ཁྱད་པར་འཕགས། །རྩོལ་སྒྲུབ་མེད་པར་བདག་ཉིད་ནི། །བདག་མེད་དྲི་མ་མེད་པར་རྟོགས། །སྣང་བ་ཡུལ་གྱི་ཆོས་རྣམས་ལ། །ཕྱོགས་གཅིག་ཆ་ཙམ་བདག་མེད་རྟོགས། །རང་རྒྱལ་བྱ་བའི་ཐ་སྙད་ཀྱིས། །ཉན་ཐོས་དང་ནི་རང་རྒྱལ་གྱི། །འཁོར་བ་ལས་ནི་ངེས་པར་འབྱུང་། །རང་ཉིད་བདེ་བ་ཐོབ་པ་ཡིན། །སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ། །ཐེག་པ་གསུམ་དུ་འདུས་པ་ལས། །རང་སངས་རྒྱས་ཀྱི་ཐེག་པ་ནི། །འདེགས་པ་དང་ནི་འདེགས་བྱེད་དེ། །ཐེག་པ་ཡི་ནི་དངོས་པོ་ལ། །ད་ནི་རབ་ཏུ་དབྱེ་བར་བྱ། །འཇུག་པའི་སྒོ་དང་ལྟ་བ་དང་། །སྒོམ་དང་སྤྱོད་དང་བསྲུང་སྡོམ་དང་། །ས་ལམ་འབྲས་བུ་ཐོབ་ལ་སོགས། །རང་རྒྱལ་འཇུག་པའི་སྒོ་དག་ནི། །རྟེན་འབྲེལ་བཅུ་གཉིས་ལུགས་ལས་བཟློག །ཕྱི་ནང་སྒོ་ནས་འཇུག་པ་ཡིན། །ལྟ་བ་གང་ཟག་བདག་མེད་རྟོགས། །ཆོས་ཀྱི་ལྟ་བ་བདག་མེད་རྟོགས། །རང་རྒྱལ་གྱི་ནི་ལྟ་བ་ཡིན། །རང་སངས་རྒྱས་ཀྱི་སྒོམ་པ་ནི། །རྟེན་འབྲེལ་བཅུ་གཉིས་ལུགས་ལས་བཟློག །བཅུ་གཉིས་སྒོ་ནས་ཉམས་སུ་ལེན། །རྒྱུན་ཞུགས་དགྲ་བཅོམ་ལ་སོགས་པ། །རིམ་གྱིས་བརྟན་པར་བྱེད་པ་ཡིན། །འཇུག་ཅིང་གོམས་པར་བྱེད་པ་ཡིན། །རང་རྒྱལ་ཐེག་པའི་ངོ་བོ་ནི། །རངགི་རྟེན་འབྲེལ་རང་རིག་ལས། །དགེ་གཤེས་དག་ལ་བརྟེན་མི་དགོས། །ཕྱི་ནང་གིས་ནི་རྟེན་འབྲེལ་རྣམས། །སྒྱུ་མ་མི་གཡོར་ཚུལ་ཤེས་པས། །རྣམ་རྟོག་སྣང་སེམས་རྣམ་

(༦༢)ལྔ་ལས། །བདག་རྟོགས་གཞན་ཕྱེད་རིག་པས་ན། །ཉན་ཐོས་དག་ལས་ཁྱད་པར་འཕགས། །རང་ཉིད་གཅིག་པུ་ཞི་དང་དུལ། །འཁོར་བ་ལས་བརྒལ་མྱ་ངན་འདས། །དང་པོ་བློ་ཆུང་བསམ་པ་ཡིས། །གང་ཟག་ཟག་མེད་དགེ་བ་དང་། །མུ་བཞི་དང་ནི་སྐྱེ་འགོག་སྟེ། །རྡོ་རྗེ་ཟེག་མ་ལ་སོགས་པ། །ཚོགས་ལམ་འབྲིང་པོའི་བཟོད་པ་དང་། །མན་ཆད་ཉན་ཐོས་དག་དང་ནི། །ལམ་རྣམས་གཅིག་ཅར་བསྒྲོད་པ་སྟེ། །བསྲུང་བྱ་དང་ནི་སྡོམ་པ་ཡིན། །རྟེན་འབྲེལ་དག་ནི་བཅུ་གཉིས་དང་། །བྱེད་པའི་སྐྱེས་བུ་བཅུ་གཉིས་ཏེ། །སྣོད་བཅུད་ལྟ་བུར་རྟོག་ཅིང་དཔྱོད། །རང་རྒྱལ་བ་ཡི་སྤྱོད་པ་ཡིན། །ཡིད་བཞིན་བདེ་བ་མཆོག་གི་ནི། །ས་ཐོབ་རང་རྒྱལ་འབྲས་བུ་སྟེ། །བསེ་རུ་དང་ནི་ནེ་ཙོ་ལྟར། །རིགས་ཅན་གྱིས་ནི་རིགས་ཅན་འདུལ། །ཁྱུ་ལྡིང་སུ་ནི་རང་བྱང་ཆུབ། །འགའ་ཞིག་གིས་ནི་བཞེད་པ་ཡིས། །རང་རྒྱལ་འཕགས་པའི་ཚོགས་རྣམས་ནི། །གཞན་དོན་ཕྲིན་ལས་མི་འབྱུང་སྐད། །དེ་ཡང་ལྷག་བཅས་ལྷག་མེད་དོ། །འགྲོ་དོན་རྣམ་པ་སྣ་ཚོགས་ནི། །རྩོལ་བ་རྩ་མེད་ཤུགས་ལས་འབྱུང་། །དུས་དང་གནས་དང་རྟེན་འབྲེལ་སོགས། །གྲངས་ཅན་དུ་ནི་བཞེད་པ་ཡིན། །ཕ་རོལ་ཕྱིན་པ་ཉིད་ལས་ཀྱང་། །གཟུགས་ནས་རྣམ་མཁྱེན་བར་དུ་ནི། །བློ་ཆུང་ཐེག་པ་དམན་པ་ཡིས། །འཁོར་འདས་ལམ་གྱི་ཆོས་རྣམས་ནི། །རྟེན་འབྲེལ་དང་ནི་བཅུ་དང་གཉིས། །ལུགས་འབྱུང་དང་ནི་ལུགས་ལས་བཟློག །ཟག་བཅས་ཟག་མེད་དགེ་བ་རྣམས། །རང་དོན་ཞི་བར་བསྔོ་བྱེད་པ། །རང་རྒྱལ་ཉིད་དུ་གོལ་བར་བཞེད། །ཐམས་ཅད་མཁྱེན་པ་སྡེ་གསུམ་ལས།

(༦༣)ཉན་ཐོས་དང་ནི་རང་སངས་རྒྱས། །ཐམས་ཅད་ཤེས་པ་ཉིད་དུ་བཞེད། །ཨ་ནུ་ཡོ་གའི་ལུང་ལས་ཀྱང་། །བཅོས་མ་ཕྲ་མེན་མ་རྣམས་ནི། །སྤྲུལ་སྐུའི་བསྟན་པ་དང་པོ་ཡི། །ཐེག་པ་དག་ནི་ཉན་རང་གཉིས། །བརྟེན་པ་བདེན་བཞིའི་འཁོར་ལོ་སྟེ། །ས་ལམ་འབྲས་བུའི་ཐོབ་ཚུལ་རྣམས། །བདེ་གཤེགས་བཀའ་དང་མཁས་པ་ཡི། །བསྟན་བཅོས་དག་ལས་ཤེས་པར་མཛོད། །རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། །རང་རྒྱལ་དག་གི་ཐེག་པ་ལས། །གང་དང་གང་གིས་སྨོད་མི་བྱ། །དེ་དག་གིས་ནི་བསྟན་པ་རྣམས། །མ་ལུས་བྱེ་བྲག་ཤེས་བྱ་ཞིང་། །དེ་དག་ལ་ཡང་གནས་མི་བྱ། །གསང་མཆོག་རྒྱུད་ལས་གསུངས་པ་དང་། །དོན་དམ་དང་ནི་ཀུན་རྫོབ་གཉིས། །སྣང་སེམས་ལྷན་སྐྱེས་དོན་རྟོགས་ཤིང་། །ཐེག་པ་ཆེ་དང་ཐེག་པ་ཆུང་། །ཉན་ཐོས་རང་རྒྱལ་ལ་སོགས་པ། །ཐེག་པའི་བྱེ་བྲག་གྲངས་མང་ཡང་། །ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་བཞིན། །རང་གི་རང་རིག་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཆོས་དབྱིངས་མི་འགྱུར་རྡོ་རྗེ་ནི། །བློ་འདས་ཆོས་སྐུ་དྲི་མ་མེད། །སྒོམ་ལམ་མཧཱ་མུ་དྲ་སྟེ། །ཉན་རང་ཐེག་པའི་བྱེ་བྲག་རྣམས། །རང་གྲོལ་ལྷན་སྐྱེས་བདེ་བ་ཆེ། །སྣང་སེམས་རོ་གཅིག་དོན་རྟོགས་སྐབས། །སྒྲ་དོན་རྟོགས་ན་སྒོམ་ཆེན་ཡིན། །རྣལ་འབྱོར་རང་བྱུང་རྡོ་རྗེ་ཡིས། །རྟོགས་པའི་ས་མཚམས་བཞི་པ་ཡིན། །རིགས་ལྡན་སློབ་མས་གོ་བར་མཛོད། །གྲགས་ཆེན་ཤེས་རབ་ཆེན་པོ་བ། །ཐུབ་ཆེན་དཔའ་བོ་ཆེན་པོ་བ། །སྲིད་པའི་མྱ་ངན་བརྒལ་བ་པོ།

(༦༤)མྱ་ངན་བརྒལ་ལ་ཕྱག་འཚལ་བསྟོད། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་ལྟར། །གྲགས་པ་འཇིག་རྟེན་བཀྲམ་པ་ལྷ་མེ་བ། །མགོན་པོ་མཆོག་ཉིད་ལ་ནི་སྐྱབས་སུ་མཆི།།བྱང་ཆུབ་ཆེན་པོའི་ཤིང་དྲུང་དུ། །བདུད་བཏུལ་མཉམ་གཞག་མངོན་སངས་རྒྱས། །སྟོན་པ་དེ་ཡི་ཞལ་སྔ་ནས། །མདོ་སྡེ་དང་ནི་མངོན་པ་སྟེ། །བྱང་ཆུབ་སེམས་ཀྱི་སྡེ་སྣོད་ནི། །རྒྱ་ཆེན་གཏིང་དཔག་དཀའ་བ་ཡི། །ཆོས་ཀྱི་ཕུང་པོ་བསམ་མི་ཁྱབ། །ལྷར་བཅས་འཇིག་རྟེན་འདི་ཉིད་དུ། །ཐེག་ཆེན་འཁོར་ལོ་རྒྱ་ཆེན་བསྐོར། །བྱིན་གྱིས་བརླབས་དང་ཞལ་ནས་གསུངས། །རྗེས་གནང་བཀའ་ལ་སོགས་པ་ཡི། །གྲངས་ཅན་དང་ནི་གྲངས་མེད་པས། །བྱང་ཆུབ་སེམས་ཀྱི་ཐེག་པ་ནི། །རིགས་ཅན་རྣམ་པར་འབྱེད་པའི་སར། །བཀའ་དང་བསྟན་བཅོས་དུ་མ་ཡིས། །ས་མཚམས་སོ་སོར་དབྱེ་བ་ནི། །བྱང་ཆུབ་སེམས་དཔའི་སྡེ་སྣོད་དེ། །བསྟན་པ་ཐེག་ཆེན་སྡེ་སྣོད་དེ། །གནས་ནི་བྱ་རྒོད་ཕུང་པོ་དང་། །རྡོ་རྗེ་གདན་ལ་སོགས་པ་ཡི། །སྤྲུལ་སྐུའི་བཞུགས་གནས་བསམ་མི་ཁྱབ། །དུས་གསུམ་དུས་མེད་ཐམས་ཅད་དུ། །གདུལ་བྱེད་དང་ནི་གདུལ་བྱ་རྣམས། །དེ་ཡི་ཚེ་དང་དེ་ཡི་དུས། །དུས་ནི་ཕུན་སུམ་ཚོགས་པ་སྟེ། །ས་བཅུ་ཡི་ནི་མགོན་པོ་དང་། །ཚོགས་སྦྱོར་ལམ་རྣམས་བསྒྲོད་པ་ཡི། །ཟག་བཅས་ཟག་མེད་ཟུང་འཇུག་གི། །བྱང་ཆུབ་སེམས་དཔའི་ཐེག་པར་བཞུགས། །ཐེག་ཆེན་རིགས་སུ་སྐྱེས་པ་ཡི། །ལྷ་མིན་ལ་སོགས་གདུལ་བྱ་རྣམས། །འཁོར་ནི་ཕུན་སུམ་ཚོགས་པ་ཡིན། །ཕུན་སུམ་ཚོགས་པ་ལྔ་བསྟན་ཡང་། །བཀའ་དང་བསྟན་བཅོས་གཉིས་སུ་འདུས། །བདེ་གཤེགས་བཀའ་ཡི་འོད་ཟེར་གྱིས། །སྒྲ་དོན་

(༦༥)ཤན་འབྱེད་ས་ལམ་རྫོགས། །མཁས་ལ་གྲུབ་པ་ཐོབ་པ་ཡི། །འཛམ་གླིང་རྒྱན་དྲུག་ལ་སོགས་ཀྱིས། །ཞལ་གྱི་བདུད་རྩིའི་ཆུ་རྒྱུན་གྱིས། །སྐལ་ལྡན་སྐྱེས་བུ་ཚིམ་མཛད་པའི། །སྐྱོན་དག་ས་ལམ་རྫོགས་པ་ཡི། །འཛམ་གླིང་རྒྱན་དྲུག་ལ་སོགས་ཀྱིས། །བྱང་ཆུབ་སེམས་ཀྱི་སྡོམ་པ་རྣམས། །མ་ལུས་ཡོངས་སུ་རྫོགས་འདོད་ན། །བཤེས་གཉེན་དམ་པ་བསྟོན་པར་བྱ། །ཐེག་ཆེན་མདོ་སྡེའི་ལུང་ལས་ཀྱང་། །བྱང་ཆུབ་སེམས་དཔའ་ཐོས་མང་དང་། །བདེན་མཐོང་སྨྲ་མཁས་བརྩེ་བ་ཅན། །སྐྱོ་མེད་སྐྱེས་བུ་དམ་པ་ནི། །ཆེན་པོ་ཡིན་པར་ཤེས་པར་བྱ། །བཤེས་གཉེན་སྤྲུལ་སྐུ་མཆོག་རྣམས་ལ། །མདོ་སྡེ་དང་ནི་མངོན་པ་ཡི། །བཀའ་འབྲེལ་སྣ་ཚོགས་ཉན་བྱ་ཞིང་། །ཐེག་པ་ཀུན་ལ་མཁས་པར་བསླབ། །བླ་མེད་མཆོག་གི་བཤད་རྒྱུད་ལས། །ཞལ་དུ་མ་གསུངས་དོན་དམ་ཉིད། །གསུང་གི་འགྱུར་མེད་དེས་མཚོན་པ། །སྐྱེས་བུ་རྒྱལ་པོའི་བཀའ་ལུང་ཡིན། །མདོ་སྡེ་དག་ཀྱང་རྣམ་པ་གཉིས། །དྲང་བ་དོན་གྱི་མདོ་སྡེ་དང་། །ངེས་པ་དོན་གྱི་མདོ་སྡེའོ།མངོན་པ་དག་ཀྱང་གཉིས་སུ་བྱ། །དྲང་བ་དོན་གྱི་མངོན་པ་དང་། །ངེས་པ་དོན་གྱི་མངོན་པའོ། །རྒྱུ་འབྲས་གཙོ་ཆེར་སྟོན་པ་ནི། །དྲང་བ་དོན་གྱི་མདོ་སྡེ་ཡིན། །ལྟ་བ་ཕྱོགས་མེད་སྟོན་པ་ནི། །ངེས་པ་དོན་གྱི་མདོ་སྡེའོ། །མངོན་པ་མཛོད་ལ་སོགས་པ་ཡི། །ཕྱི་ནང་སྣོད་བཅུད་ལ་སོགས་པའི། །རྟེན་འབྲེལ་འཁོར་ལོ་རྒྱས་པར་སྟོ། །དྲང་བ་དོན་གྱི་མངོན་པ་ཡིན། །ཀུན་གཞི་གཏན་ལ་འབེབས་བྱེད་པའི། །དམ་ཆོས་མངོན་པའི་སྡེ་སྣོད་རྣམས། །བདེན་པ་གཉིས་སུ་གཏན་ལ་འབེབས། །སེམས་ཙམ་དབུ་མ་རབ་མི་གནས། །རྣམ་རིག་ལ་སོགས་ལྟ་བ་ཡིན། ངེས་དོན་གཏན་ལ་འབེབས་པ་ནི། །ངེས་པ་དོན་གྱི་མངོན་པའོ། །སྡེ་སྣོད་གཉིས་པོ་འདི་དག་གིས། །ཉན་

(༦༦)རང་བྱང་ཆུབ་སེམས་དཔའ་ཡི། །ཐེག་པ་གསུམ་ནི་སྟོན་པ་ཡིན། །གཙོ་ཆེན་ཐེག་ཆེན་སྟོན་པ་ལགས། །མཚན་བརྗོད་དག་གི་ལུང་ལས་ཀྱང་། །ཐེག་པ་གསུམ་གྱི་ངེས་འབྱུང་ལས། །ཐེག་པ་གཅིག་གི་འབྲས་བུར་གནས། །རྡོ་རྗེ་ཐེག་པའི་བཤད་རྒྱུད་ལས། །གཞི་ཡི་ངེས་འབྱུང་ཐུན་མོང་ལམ། །དེ་བཞིན་རིག་ཅིང་ཐུན་མོང་ཡིན། །ཕྱི་རོལ་ལྟོས་པའང་ཐུན་མོང་ཡིན། །བྱང་སེམས་མཐའ་འདྲ་ངེས་པར་འབྱུང་། །ཉན་རང་འཁོར་བ་ངེས་པར་འབྱུང་། །གོང་ནས་རྒྱས་པར་བསྟན། །སྡེ་སྣོད་འདི་ཡི་previous hit དགོངས next hit་ལགས། །མདོ་སྡེ་མངོན་པ་བཞི་ཏུ་དབྱེ། །ཀྲི་ཡ་མདོ་སྔགས་མཚམས་སུ་ནི། །སྟོན་པ་དག་ནི་མཐུན་པ་ལགས། །བསྟན་པ་དག་ནི་མི་མཐུན་ནོ། །previous hit དགོངས next hit་གཅིག་ཏུ་འདུས་པ་ཡིན། །བྱང་ཆུབ་སེམས་ཀྱི་ཐེག་པ་ནི། །ས་བཅུ་ལམ་ལྔར་བཞེད་པ་སྟེ། །ཚོགས་ལམ་བཞི་གསུམ་བཅུ་གཉིས་དང་། །སྦྱོར་ལམ་ངེས་འབྱེད་ཆ་བཞི་ལ། །མཐོང་ལམ་དང་ནི་སྒོམ་ལམ་སྟེ། །འབྲས་བུ་མཐར་ཕྱིན་མི་སློབ་ལམ། །ས་བཅུ་རིམ་གྱིས་བསྒྲོད་པར་བཞེད། །འབྲས་བུ་བཅུ་གཅིག་ཀུན་ཏུ་འོད། །སྤྲུལ་སྐུའི་ས་སྟེ་བཅུ་གཅིག་པ། །མཁས་པ་འགའ་དང་འགའ་ཞིག་གིས། །སངས་རྒྱས་མི་ཙམ་དུ་ཡང་བཞེད། །ད་ནི་རྒྱས་པར་དབྱེ་བར་བགྱི། །ཐུབ་ཆེན་རྒྱལ་བ་གསེར་མདོག་ཅན། །ཕུན་སུམ་ཚོགས་པ་ལྔ་ལྡན་ཞིང་། །བཀའ་གསུམ་འཁོར་ལོ་བཞི་དག་གིས། །བསྟན་པ་ཡུན་དུ་གནས་པ་ཡིན། །མཛད་པ་བཅུ་གཉིས་རབ་རྫོགས་ཤིང་། །མངོན་པར་རྫོགས་པར་སངས་རྒྱས་ནས། །ཆོས་ཀྱི་འཁོར་ལོ་མ་བསྐོར་བར། །ཕྱི་སྣོད་ནང་བཅུད་ཐམས་ཅད་ཀྱང་། །སྤྲུལ་སྐུའི་ཞིང་དུ་བྱིན་རླབས་པ། །བྱིན་

(༦༧)རླབས་བཀའ་རུ་བཞེད་པ་ཡིན། །རྒྱལ་བས་དང་པོར་ཆོས་གསུངས་ནས། །བུད་ཤིང་ཟད་པའི་མེ་བཞིན་དུ། །ཡོངས་སུ་མྱ་ངན་མ་འདས་བར། །སྟོང་གསུམ་འཇིག་རྟེན་འདི་ཉིད་དུ། །ཕྱོགས་བཅུའི་སྤྲུལ་སྐུ་ཐམས་ཅད་དང་། །བྱང་ཆུབ་སེམས་དང་ཉན་རང་ཚོགས། །རྒྱལ་བ་སྲས་དང་བཅས་པ་ཡི། །ཞུ་བ་དང་ནི་ཞུས་ལན་དང་། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །འབྱུང་བ་ལྔ་ཡིས་བསྡུས་པ་ཡི། །ཕྱི་ནང་སྣོད་བཅུད་ཐམས་ཅད་ལས། །སྒྲ་སྐད་གྲག་ཚད་ཐམས་ཅད་སོགས། །ཞལ་ནས་གསུངས་པའི་བཀའ་རུ་བཞེད། །ཐུབ་པ་མྱ་ངན་འདས་ནས་ཀྱང་། །ཇི་སྲིད་བསྟན་པ་གནས་ཀྱི་བར། །ཐུབ་པ་མཆོག་གི་བྱིན་རླབས་ཀྱིས། །མཁས་དང་གྲུབ་པ་ཐོབ་པ་ཡི། །ས་ར་ཧ་དང་ཀླུ་སྒྲུབ་སོགས། །རྒྱལ་བས་ལུང་བསྟན་རྒྱལ་བློན་སོགས། །ལོ་པཎ་ཡི་གེའི་ཚོགས་རྣམས་དང་། །སྐུ་གསུང་ཐུགས་ཀྱི་རྟེན་ལ་སོགས། །ཡི་གེ་ཀ་ཙམ་ཡན་ཆོད་དང་། །བདེ་གཤེགས་གསུང་རབ་རྒྱ་མཚོ་རྣམས། །འཆད་དང་ཉན་དང་སྒོམ་ལ་སོགས། །བཀའ་དང་བསྟན་བཅོས་ཅི་བྱུང་ཡང་། །རྗེས་གནང་བཀའ་རུ་གསུངས་པ་ཡིན། །ཅི་ཕྱིར་ཞེ་ན་རྒྱལ་བ་ཡི། །དཀོན་མཆོག་བརྩེགས་པའི་མདོ་སྡེ་རུ། །དམ་ཆོས་གསུང་རབ་རྒྱ་མཚོ་རྣམས། །གསུང་ཞིང་གསུང་ངོ་གསུང་བར་འགྱུར། །མདོ་སྡེ་དང་ནི་མངོན་པ་ཡི། །ཐེག་ཆེན་བྱང་ཆུབ་སྡེ་སྣོད་རྣམས། །བཀའ་གསུམ་previous hit དགོངས next hit་གཅིག་ཏུ་རྫོགས། །ས་བཅུ་ལམ་ལྔ་དབྱེ་བར་བགྱི། །ལམ་ནི་རྣམ་པ་ལྔ་དག་གི། །དང་པོར་ཚོགས་ལམ་རྣམ་གསུམ་སྟེ། །ཕ་རོལ་ཕྱིན་པའི་ལུང་ལས་ཀྱང་། །ཚོགས་གཉིས་

(༦༨)ཐམས་ཅད་རབ་རྫོགས་ནས། །གཟུང་དང་འཛིན་པ་ཆོམས་པ་སྟེ། །རིམ་གྱིས་ལམ་ལྔ་རྫོགས་པར་བཞེད། །ཚོགས་ལམ་དུ་ནི་ཚོགས་བསགས་ཤིང་། །བྱང་ཆུབ་སེམས་ཀྱི་སྡོམ་པ་རྣམས། །གསེར་མདོག་ཅན་གྱིས་གསུངས་བཞིན་དུ། །བླ་མ་མཁས་ཤིང་སྡོམ་ལ་གནས། །ནུས་དང་ལྡན་ལ་བླང་བར་བྱ། །མདོ་སྡེ་དང་ནི་མངོན་པ་སོགས། །སྤྲུལ་སྐུའི་གསུང་ལས་མཁྱེན་པ་རྒྱས། །ཐེག་ཆེན་ནུས་པ་མཆོག་མངའ་བ། །བྱང་ཆུབ་སེམས་དཔའི་བཤེས་གཉེན་རྣམས། །མི་འབྲལ་རྒྱུན་དུ་བསྟེན་པར་བྱ། །བྱང་ཆུབ་སེམས་དཔའི་ཐེག་པ་རྣམས། །རྒྱ་ཆེ་གྲངས་མང་གསུངས་ན་ཡང་། །བསྡུ་ན་རྣམ་པ་དགུ་རུ་འདུས། །འཇུག་པར་བྱེད་པའི་སྒོ་དང་ནི། །སེམས་བསྐྱེད་པ་ཡི་སྡོམ་པ་དང་། །ལྟ་བ་དང་ནི་སྒོམ་པ་སྟེ། །སྤྱོད་པ་དང་ནི་ས་ལམ་སྦྱོང་། །མི་ཉམས་བསྲུང་དང་འབྲས་བུའོ། །མདོ་སྡེ་དང་ནི་མངོན་པ་ཡི། །བཀའ་གསུམ་ཆོས་ཀྱི་ཕུང་པོ་ལ། །ཐེག་ཆེན་བྱང་ཆུབ་སེམས་དཔའ་ཡི། །གཞི་ལམ་འབྲས་བུ་རབ་རྫོགས་ཤིང་། །མདོ་སྡེ་ཡན་ལག་བཅུ་གཉིས་ཏེ། །ཐེག་ཆེན་ཆོས་ཀྱི་ཕུང་པོ་ཡང་། །རྣམ་པ་གཉིས་སུ་འདུས་པ་ལགས། །བཀའ་ནི་མདོ་སྡེ་མངོན་པ་སྟེ། །གསེར་མདོག་ཅན་གྱི་རྗེས་འཇུག་ཅིང་། །ཐེག་ཆེན་རིགས་སུ་སྐུ་འཁྲུངས་ནས། །བཤད་དང་སྒྲུབ་previous hit ་ལ་སོགས་ཀྱིས། །ས་ལམ་མ་ལུས་རབ་རྫོགས་ནས། །བསྟན་བཅོས་དགོངས next hit་འགྲེལ་བསམ་མི་ཁྱབ། །སྒྲུབ་མཐའ་བཞེད་ལུགས་སྐར་ཚོགས་འདྲ། །ཐ་དད་དུ་མར་གསུངས་ན་ཡང་། །ལམ་ལྔ་རྫོགས་ཤིང་ས་བཅུ་བསྒྲོད། །འབྲས་བུ་ཐོབ་ཚུལ་སྤྲུལ་པའི་སྐུ། །ཐམས་ཅད་previous hit དགོངས next hit་མཐུན་པ་ཡིན། །ཐེག་པ་དག་ཀྱང་གསུམ་དུ་དབྱེ། །ཐེག་

(༦༩)དམན་ཉན་རང་ཐེག་པ་སྟེ། །གོང་དུ་རྒྱས་པར་བསྟན་པ་ལགས། །བྱང་ཆུབ་སེམས་དཔའི་ཐེག་པ་ནི། །འདི་རུ་ས་མཚམས་དབྱེ་བར་བྱ། །ཐེག་པ་ཡི་ནི་ངོ་བོ་དག །ཐེག་པ་མཆོག་གི་མཚན་ཉིད་དང་། །ཐེག་དང་ཆེ་དང་ཐེག་པ་ཆུང་། །ས་མཚམས་སོ་སོར་ཤེས་པར་བྱ། །ཉན་རང་རང་དོན་གཙོར་བྱེད་ཅིང་། །ཐེག་ཆེན་གཞན་དོན་ལྷུར་བྱེད་ཅིང་། །འགྲོ་བའི་སྡུག་བསྔལ་ཁུར་དུ་འཁུར། །སྐྱོ་དང་དུབ་པ་མེད་པར་ཡང་། །སེམས་བསྐྱེད་ནས་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་སངས་རྒྱས་འདོད། །གསེར་མདོག་ཅན་གྱིས་གསུངས་པ་ཡང་། །རང་དོན་དང་ནི་གཞན་དོན་ནོ། །ཐེག་པའི་ས་མཚམས་དག་ཏུ་བཞེད། །བྱང་ཆུབ་སེམས་ཀྱི་ཐེག་ཆེན་ནི། །རྒྱ་ཆེན་མཐའ་ཡས་གཏིང་དཔག་དཀའ། །འགྱུར་བ་མེད་ཅིང་ལྡོག་པ་མེད། །ཆོས་ཉིད་མངོན་དུ་མི་བྱེད་ཅིང་། །ཇི་ལྟར་འཁོར་བ་སྟོངས་གྱུར་ཀྱང་། །བྱང་ཆུབ་སེམས་ལ་འགྲིབ་མེད་པ། །བྱང་ཆུབ་སེམས་དང་ཆེན་པོ་སྟེ། །འདེག་བྱེད་ཐེག་པར་གསུངས་པ་ཡང་། །ཕྱིར་མི་ལྡོག་པར་དམ་བཅས་ཤིང་། །ངོ་བོ་མཚན་ཉིད་རྟོགས་པ་ནི། །ཐེག་ཆེན་བྱང་ཆུབ་སེམས་ཉིད་ལས། །བདེན་པ་གཉིས་ཀྱི་སྒོ་ནས་ཀྱང་། །དམ་བཅའ་བརྟན་པོས་འཇུག་པ་སྟེ། །སངས་རྒྱས་རྣམས་ཀྱིས་ཆོས་གསུངས་པ། །བདེན་པ་གཉིས་སུ་ཡང་དག་གནས། །ཀུན་རྫོབ་ཀྱི་ནི་བདེན་པ་དང་། །དོན་དམ་གྱི་ནི་བདེན་པ་དང་། །ཆ་མཉམ་དུ་ནི་འཇུག་པར་བྱ། །དོན་དམ་པ་ཡི་བདེན་པ་དང་། །རིག་པ་སེམས་ཉིད་ཇི་ལྟ་བཞིན། །ཅིར་ཡང་མ་གྲུབ་དོན་དམ་དེ། །ཀུན་རྫོབ་ཀྱི་ནི་

(༧༠)བདེན་པ་ནི། །སྣང་བ་སྣ་ཚོགས་ཅིར་སྣང་ཡང་། །ཀུན་ཏུ་སྣང་ཞིང་ཀུན་ཏུ་གསལ། །ཅིར་ཡང་འགྱུར་བ་ཀུན་རྫོབ་ཡིན། །བདེན་པ་དག་ནི་གཉིས་དག་ལ། །འཁྲུལ་དང་མ་འཁྲུལ་ཤེས་ངོ་ལ། །ལྟོས་པ་དང་ནི་ལྟོས་ཆོས་སུ། །བདེན་པ་གཉིས་སུ་འདུས་པ་ཡིན། །ཐུབ་པས་གསུངས་པའི་སྡེ་སྣོད་རྣམས། །ཀུན་རྫོབ་དོན་དམ་ཆོས་ཀྱི་སྐུ། །སྒོ་མོ་གྲངས་མེད་གསུངས་པ་ཡང་། །བདེན་པ་གཉིས་ནས་འཇུག་པར་བྱ། །བྱང་ཆུབ་སེམས་ཀྱི་སྡོམ་པ་ནི། །སེམས་བསྐྱེད་བསླབ་པ་ལ་སོགས་པ། །ཚིག་ལ་ཐ་དད་ཡོད་ན་ཡང་། །བྱང་ཆུབ་སེམས་སུ་འདུས་པ་ཡིན། །སེམས་བསྐྱེད་དག་ཀྱང་གསུམ་དུ་དབྱེ། །སྨོན་འཇུག་གཉིས་དང་དོན་དམ་མོ། །བྱང་ཆུབ་སེམས་ཀྱི་སྡེ་སྣོད་ལས། །བྱང་ཆུབ་སེམས་ནི་མདོར་བསྡུས་ན། །རྣམ་པ་གཉིས་སུ་ཤེས་པར་བྱ། །སྨོན་པ་བྱང་ཆུབ་སེམས་དང་ནི། །འཇུག་པ་བྱང་ཆུབ་སེམས་ཉིད་དོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །ལམ་གྱི་བྱེ་བྲག་ཤེས་པར་བྱ། །གསེར་འགྱུར་རྩི་ཡི་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་པ་ཡང་། །རྒྱལ་བ་རྣམས་ཀྱི་སྲས་ཡིན་པས། །བྱང་ཆུབ་སེམས་ཤེས་རབ་བརྟན་གཟུང་། །སྤྱོད་འཇུག་མཁན་པོས་གསུངས་པ་ཡང་། །སྨོན་འཇུག་གཉིས་ལ་previous hit དགོངས next hit་ཡིན། །སྨོན་པ་བྱང་ཆུབ་སེམས་དག་ཀྱང་། །སྐྱེ་བར་བྱེད་པའི་རྒྱུ་བཞི་དང་། །སེམས་བསྐྱེད་ངོ་བོ་རྫོགས་པ་ཡི། །ངོ་བོ་མཚན་ཉིད་གསུམ་དུ་བཞེད། །སེམས་བསྐྱེད་སྐྱེ་བའི་རྒྱུ་འམ་ཐབས། །དེ་ཡང་རྣམ་པ་བཞི་རུ་དབྱེ། །ཚད་མེད་པ་དང་བསོད་ནམས་ཚོགས། །སྐྱབས་སུམ་ཁྱད་པར་འཕགས་པ་དང་། །བཤེས་གཉེན་དམ་

(༧༡)པ་བསྟེན་པའོ། །ཚད་མེད་རྣམ་པ་བཞི་དག་ཀྱང་། །བྱམས་པ་དང་ནི་སྙིང་རྗེ་སྟེ། །དགའ་བ་དང་ནི་བཏང་སྙོམས་སོ། །བྱམས་པ་དག་ཀྱང་གཉིས་ཡིན་ཏེ། །ཚད་ཅན་འཇིག་རྟེན་བྱམས་པ་དང་། །ཚད་མེད་འཇིག་རྟེན་འདས་པ་ཡི། །བྱང་སེམས་བྱང་ཆུབ་སེམས་ཀྱི་ཐབས། །སྙིང་རྗེ་རྣམ་གྲངས་མང་ན་ཡང་། །སྙིང་རྗེ་གཉིས་སུ་འདུས་པ་ཡིན། །གཅིག་ལ་གཅིག་ཆགས་འཁོར་བའི་རྒྱུ། །སྙིང་རྗེ་བསྐྱེད་ཉེས་འཁོར་བར་འཁྱམས། །ཁམས་གསུམ་འཁོར་བའི་རྒྱུ་འབྲས་ཡིན། །ཚད་མེད་སྙིང་རྗེ་ཆེན་པོ་ནི། །བྱང་ཆུབ་སེམས་ཀྱི་གཞི་རྟེན་ཡིན། །དགའ་བ་དག་ཀྱང་གཉིས་སུ་དབྱེ། །ཚད་ཅན་ཟག་བཅས་དགའ་བ་ནི། །ཡིད་དུ་འོང་དང་མི་འོང་དང་། །ཆགས་སྡང་གཉིས་པོ་སྐྱེ་བར་བྱེད། །ཚད་མེད་དགའ་བ་ཆེན་པོར་ནི། །སྨོན་པ་བྱང་ཆུབ་སེམས་ཀྱི་རྒྱུ། །བཏང་སྙོམས་དག་ཀྱང་གཉིས་ཡིན་ཏེ། །སྤོང་ལེན་གཉིས་ཀྱི་འདུ་ཤེས་ཀྱིས། །འགྲོ་བའི་དོན་ལ་མི་སྙོམས་ཤིང་། །ལེ་ལོ་བཏང་སྙོམས་དབང་གྱུར་པས། །ལེ་ལོ་འཁྲུལ་པའི་དབང་དུ་འགྲོ། །བཏང་ཞིང་སྙོམས་པ་ཚད་མེད་པས། །བྱང་ཆུབ་སེམས་ཀྱི་སྡོམ་པ་ནི། །སྐྱེ་ཞིང་རྒྱས་པར་མཛད་པ་ཡིན། །ཚད་ཅན་བཞི་དང་ཚད་མེད་བཞི། །ཚད་ཅན་བཞི་པོ་རབ་སྤངས་ཤིང་། །ཚད་མེད་བཞི་ལ་བློ་སྦྱངས་ནས། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྒྱས། །བྱམས་ཆེན་ཚད་ལས་འདས་པ་ནི། །དབྱེ་ན་རྣམ་གྲངས་བཞི་ཡིན་ཏེ། །ལུས་ཅན་འགྲོ་བ་ཐམས་ཅད་ལ། །ལུས་ཀྱི་ལས་ནི་བྱམས་པ་དང་། །ངག་གི་ལས་ནི་བྱམས་པ་སྟེ། །སེམས་ཀྱི་བྱམས་པ་

(༧༢)ཚད་མེད་ཅིང་། །ལུས་དང་ལོངས་སྤྱོད་དགེ་བ་རྣམས། །ཐམས་ཅད་ཀུན་ལ་སྙོམས་པར་གནས། །བྱམས་ཆེན་རྣམ་པ་བཞི་དག་ནི། །ངག་གི་ལས་ནི་བྱམས་པ་སྟེ། །སེམས་ཀྱི་བྱམས་པ་ཚད་མེད་ཅིང་། །བྱང་སེམས་བསྐྱེད་པའི་ས་གཞི་ཡིན། །ཚད་མེད་སྙིང་རྗེ་ཆེན་པོ་ནི། །དབྱེ་ན་རྣམ་པ་གཉིས་ཡིན་ཏེ། །གདུག་པ་ཅན་གྱི་ཚོགས་རྣམས་ནི། །ཉམ་ཐག་མགོན་མེད་གྱུར་པ་ཡི། །འགྲོ་བ་གཉིས་ཀྱིས་གཙོ་བྱས་ནས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །ཚད་མེད་སྙིང་རྗེ་ཆེན་པོ་ཡིས། །ཆགས་ཤིང་དང་དུ་ལེན་པ་སྟེ། །བྱང་སེམས་ཆུ་རྒྱུན་ཐབས་ཡིན་ཏེ། །ཚད་མེད་སྙིང་རྗེ་ཆགས་པར་བྱེད། །ཚད་མེད་པ་ཡི་དགའ་བ་ནི། །དབྱེ་ན་རྣམ་པ་དྲུག་ཡིན་ཏེ། །མཐོང་ཐོས་དྲན་པའི་འགྲོ་བ་རྣམས། །མཐོང་ངམ་ཐོས་སམ་དྲན་ཡང་རུང་། །ལུས་ངག་ཡིད་ཀྱི་སྒོ་གསུམ་དུ། །དང་ཞིང་ཡིད་དུ་འོང་བ་ཡི། །ཆགས་ཐོགས་མེད་པའི་དགའ་བ་ནི། །རྒྱ་ཆེན་རྒྱུན་དུ་གོམས་པར་བྱེད། །ཀུན་ལ་སྙོམས་ཤིང་སྤོང་ལེན་མེད། །དགའ་བ་ཆེན་པོ་ཚད་མེད་པ། །པདྨ་དྲི་མེད་མདངས་ལྡན་པ། །ཚད་མེད་པ་ཡི་བཏང་སྙོམས་ནི། །དབྱེ་ན་རྣམ་པ་གཉིས་ཡིན་ཏེ། །དགྲ་གཉེན་གཉིས་ཀྱིས་བསྡུས་པ་ཡི། །འགྲོ་བ་སེམས་ཅན་ཐམས་ཅད་ལ། །གཉེན་རྣམས་དང་དུ་མི་ལེན་ཞིང་། །དགྲ་རྣམས་སྤོང་བར་མི་བྱེད་པ། །གཉེན་ལ་ཆགས་སེམས་བཏང་བ་དང་། །དགྲ་ལ་སྤོང་སེམས་མེད་པ་ནི། །བཏང་སྙོམས་མཉམ་པར་གནས་པའི་ཕྱིར། །བཏང་སྙོམས་ཆེན་པོའི་ནམ་མཁའ་ཡིས། །བྱམས་སེམས་དཔག་པར་དཀའ་བ་ཡི། །སེམས་བསྐྱེད་

(༧༣)སྐྱེ་བའི་ཐབས་སུ་གསུངས། །སྒྱུ་འཕྲུལ་དྭྲ་བའི་ལུང་ལས་ཀྱང་། །བྱམས་པའི་གོ་ཆ་འཆས་པ་སྟེ། །སྙིང་རྗེ་ཡིས་ནི་ཡ་ལད་བགོས། །གསེར་མདོག་ཅན་གྱིས་གསུངས་པ་ཡང་། །ཚད་མེད་བཞི་ལས་བློ་སྦྱངས་ཤིང་། །རང་རྒྱུད་དག་པར་བྱེད་པ་ཡིན། །བྱང་ཆུབ་སེམས་ཀྱི་སྨོན་པ་ནི། །མྱུར་དུ་སྐྱེ་བའི་ཐབས་སུ་བཤད། །དཀོན་མཆོག་བརྩེགས་པའི་མདོ་ལས་ཀྱང་། །ལྷག་བསམ་རྣམ་པར་དག་པ་ཡིས། །བསོད་ནམས་རྒྱ་ཆེན་ཡོངས་རྫོགས་ནས། །འཁོར་དང་མྱ་ངན་འདས་པ་ཡི། །ཡོན་ཏན་ཐམས་ཅད་ཤུགས་ལས་འབྱུང་། །བྱང་ཆུབ་སེམས་ཀྱི་རིན་ཆེན་གཏེར། །ས་བཅུ་ལམ་ལྔ་ཡོངས་རྫོགས་ཤིང་། །སྤྲུལ་སྐུ་དཔག་མེད་འཇིག་རྟེན་དུ། །རྒྱུན་ཆད་མེད་པར་བྱོན་པ་ཡང་། །བསོད་ནམས་ཚོགས་ཀྱི་རྒྱུ་འབྲས་ཡིན། །གསེར་མདོག་ཅན་གྱིས་གསུངས་པ་ཡང་། །གནས་སྐབས་འདི་རུ་previous hit དགོངས next hit་ལགས། །བསོད་ནམས་ཚོགས་ཆེན་རབ་རྫོགས་ན། །བྱང་སེམས་སྐྱེ་བའི་ཐབས་ཤེས་བྱ། །བསོད་ནམས་ཚོགས་ཀྱང་གཉིས་ཡིན་ཏེ། །ཡིད་ཀྱིས་སྤྲུལ་གཞི་དངོས་སུ་བསགས། །ཡིད་ཀྱིས་སྤྲུལ་ཞེས་བྱ་བ་ནི། །ཆོས་རྣམས་ཐམས་ཅད་སེམས་ཡིན་པས། །ཇི་ལྟར་བསམས་པ་བཞིན་དུ་འགྲུབ། །ཀུན་བཟངས་ཡངས་པའི་དཀྱིལ་འཁོར་དུ། །ཡན་ལག་བདུན་པ་རྫོགས་བྱས་ནས། །རྒྱལ་བ་མཉེས་ཤིང་བྱང་སེམས་བསྐྱེད། །དབྱེ་ན་རྣམ་པ་བདུན་ཡིན་ཏེ། །རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་རྣམས། རྟེན་སྤྲུལ་ཡིད་ཀྱི་ཞིང་ཁམས་ལྟ། །མཆོད་རྫས་ལེགས་པར་བཤམས་ནས་ནི། །ཀུན་བཟངས་སྤྱོད་ལས་གསུངས་པ་ཡི། །མཆོད་པ་རྣམ།

(༧༤)པ་བདུན་ཡང་འབུལ། །ཆོས་དབྱིངས་རབ་འབྱམ་མཐའ་ཡས་པར། །མཆོད་པའི་སྤྲིན་ཕུང་བསམ་མི་ཁྱབ། །བློ་ཡིས་སྤྲུལ་ཞིང་ཡང་ཡང་ཕུལ། །གཟུང་བ་མེད་པའི་མཆོད་པའོ། །བདག་པོར་འགྲོ་བ་ཐམས་ཅད་ཀྱི། །ལས་ངན་སྡིག་པའི་ཚོགས་རྣམས་ཀྱང་། །སྟོབས་བཞིའི་སྒོ་ནས་བཤགས་པར་བགྱི། །བདག་གཞན་འཁོར་འདས་དགེ་བ་ལ། །རྗེས་སུ་ཡི་རང་ཡང་ཡང་འབུལ། །ཕ་རོལ་ཕྱིན་པའི་ལུང་ལས་ཀྱང་། །སྟོང་གསུམ་དག་གི་རི་རབ་ནི། །སྲང་ལ་གཞལ་བས་ཚད་གཟུང་རུང་། །རྗེས་སུ་ཡི་རང་དགེ་བ་ནི། །ནམ་ཡང་ཚད་བཟུང་རུང་མ་ཡིན། །དེ་ཕྱིར་སྐྱེས་བུ་དམ་པ་རྣམས། །བསོད་ནམས་དགེ་བའི་ཚོགས་རྣམས་ལ། །འགྱོད་དང་ཕྲག་དོག་མེད་པ་ཡིས། །རྗེས་སུ་ཡི་རང་འབུལ་བར་བགྱི། །ས་བཅུ་རྒྱུན་གྱི་ཐ་མ་ལ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། །མཉམ་ཉིད་མངོན་སངས་རྒྱས་པ་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །སྤྲུལ་སྐུའི་མཛད་པ་ཀུན་རྫོགས་ནས། །མྱ་ངན་འདས་པར་གང་བཞེད་པ། །མྱ་ངན་མི་འདའ་གསོལ་བ་གདབ། །དགེ་བ་སེམས་ཅན་དོན་ཕྱིར་བསྔོ། །སངས་རྒྱས་ཞིང་ཁམས་མཐའ་ཡས་པར། །རྒྱལ་བ་ཐམས་ཅད་མཉེས་གྱུར་པ། །ཡན་ལག་བདུན་པའི་ཡོན་ཏན་ཏེ། །བྱང་སེམས་སྐྱེ་བའི་ཐབས་ཡིན་ཏེ། །བསོད་ནམས་ཚོགས་ཆེན་ཐམས་ཅད་ནི། །རྒྱུན་ཆད་མེད་པར་དངོས་སུ་བསགས། །དེ་ཡང་རྣམ་པ་གཉིས་ཡིན་ཏེ། །འཕགས་པ་མཆོད་ཅིང་སེམས་ཅན་སྦྱིན། །དཀོན་མཆོག་མཆོད་ཅེས་བྱ་བ་ནི། །སྡེ་སྣོད་གསུམ་གྱི་ལུང་ལས་ཀྱང་། །མཆོད་ལུགས་གྲངས་མཐའ་ཡས་པར་གསུངས། །ཇི་ལྟར་འགྲུབ་པ་དེ་བཞིན་དུ། །དཀོན་མཆོག་རྟེན་རྣམས་བཞེངས་པ་དང་།

(༧༥)ཀློག་འདོན་མཆོད་པ་རྒྱ་ཆེན་འབུལ། །ཕྱོགས་མེད་དགེ་འདུན་སྡེ་རྣམས་འཛུགས། །ཚུལ་ཁྲིམས་རྣམ་དག་དགེ་འདུན་རྣམས། །གཙུག་གི་ནོར་བཞིན་བཀུར་བར་བྱ། །ལྷ་རུ་དཀོན་མཆོག་གསུམ་མཆོད་ན། །ཐུགས་རྗེ་རྒྱུན་ཆད་མེད་པར་འབྱུང་། །བྱམས་སེམས་སྐྱེ་བའི་ཐབས་ཡིན་ནོ། །སེམས་ཅན་རྣམས་ལ་སྦྱིན་པ་ལས། །དབྱེ་ན་རྣམ་པ་གཉིས་ཡིན་ཏེ། །ཆོས་དང་ཟང་ཟིང་སྦྱིན་པ་དང་། །སྦྱིན་དང་སྦྱིན་པ་ཆེན་པོ་སོགས། །དུས་གསུམ་དུས་མེད་ཐམས་ཅད་དུ། །ཕྱོགས་རིས་མེད་པར་སྦྱིན་པ་དང་། །ལན་ལ་མི་རེ་འགྱོད་པ་མེད། །འཁོར་གསུམ་ཡོངས་དག་བསོད་ནམས་དང་། །བྱང་སེམས་རྒྱུའམ་ཐབས་ཡིན་ནོ། །ཞིང་དང་བསམ་པ་དངོས་པོ་གསུམ། །སྨོན་ལམ་རྣམ་དག་ཁ་ལོ་བསྒྱུར། །བསོད་ནམས་ཚོགས་ལས་ཐམས་ཅད་རྫོགས། །བསོད་ནམས་ཚོགས་ཆེན་རབ་བསགས་ན། །ཐེག་ཆེན་བྱང་ཆུབ་སེམས་ཀྱིས་ནི། །འགྲོ་བ་ཀུན་ལ་ཁྱབ་པར་སྐྱེ། །བསོད་ནམས་ཚོགས་ལས་བྱུང་བ་ཡི། །སྨོན་པ་བྱང་ཆུབ་སེམས་དཔའི་སྐབས། །མི་ཕམ་མགོན་པོའི་ཞལ་ནས་ཀྱང་། །དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ལ། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཡིན། །ཚོགས་ཀྱང་དེ་ཡི་མཐར་ཐུག་སྟེ། །སྐྱབས་མཆོག་ཁྱད་པར་འཕགས་པ་སྟེ། །ཐེག་ཆེན་བྱང་ཆུབ་སེམས་ཀྱི་ནི། །བསླབ་པ་དག་ནི་དངོས་གཞི་སྟེ། །བསམ་པ་དང་ནི་སྐྱབས་གནས་དང་། །དུས་དང་བསླབ་བྱ་ངོ་བོ་སྟེ། །ཕན་ཡོན་དང་ནི་ཐོབ་པའི་དུས། །སྐྱབས་མཆོག་ཁྱད་པར་འཕགས་པ་ཡི། །གང་ཞིག་སྐྱབས་སུ་མ་སོང་བ། །ཐེག་ཆེན་སྡོམ་པ་སྐྱེ་མི་འགྱུར། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་ནི། །འབྲས་བུ་དག་གི་ཁྱད་པར་རོ། །ཁྱད་པར་རྣམ་པ་དགུ་དག་གིས།

(༧༦)སྐྱབས་གསུམ་དཀོན་མཆོག་གསུམ་དག་ལ། །རྒྱུན་ཆད་མེད་པར་སྐྱབས་སོང་ནས། །ཐེག་ཆེན་སྡོམ་པ་རྒྱུད་ལ་འབྱོན། །སྐྱབས་གསུམ་ཁྱད་པར་འཕགས་པ་ཡང་། །བསྡུས་ན་རྣམ་པ་གསུམ་དུ་འདུས། །གཞི་ལམ་འབྲས་བུར་སྐྱབས་སུ་འགྲོ། །སེམས་བསྐྱེད་ལེན་པའི་སློབ་དཔོན་ལ། །བསམས་ཤིང་སྲིད་པར་སྐུ་འཁྲུངས་ཤིང་། །ཡོན་ཏན་རྒྱལ་བ་རྣམས་དང་མཉམ། །སྐྱོ་ཞིང་དུབ་པ་མེད་པ་རུ། །འགྲོ་བའི་སྡུག་བསྔལ་ཁུར་དུ་ཁུར། །དེ་འདྲའི་བཤེས་གཉེན་མཆོག་རྣམས་དང་། །མོས་ཤིང་འཕྲད་པར་གྱུར་པའི་ཚེ། །མཉེས་པ་གསུམ་གྱིས་མཉེས་བྱ་ཞིང་། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་ཞིང་། །སངས་རྒྱས་རྣམས་དང་ཐ་དད་མེད། །ངེས་ཤེས་གཏིང་ནས་སྐྱེས་ལེགས་ན། །སྨོན་པ་ཡི་ནི་བྱང་ཆུབ་སེམས། །མྱུར་དུ་སྐྱེ་བར་ཐེ་ཙོམ་མེད། །དང་པོ་བྱང་ཆུབ་སེམས་བསྐྱེད་པ། །སྨོན་པ་བཞི་དང་འབྲས་བུ་ཡི། །དམ་ནི་བཅའ་བར་བཞེད་པ་ཡིན། །བསྐྱེད་ལུགས་རྣམ་པ་གཉིས་ཡིན་ཏེ། །བསོད་ནམས་ཚོགས་ལ་བརྟེན་ནས་སུ། །རྟེན་ཅན་དུ་ནི་བསྐྱེད་པ་ནི། །སྤྱན་རས་གཟིགས་དང་བྱམས་པ་སོགས། །ས་བཅུ་མགོན་པོ་འགའ་ཡིས་བཞེད། །བྱང་ཆུབ་སེམས་ནི་རྟེན་མེད་དུ། །མ་སྐྱེད་མངོན་སངས་རྒྱས་པས་ནི། །འཇམ་དཔལ་གཞོན་ནུའི་བཞེད་ལུགས་ཡིན། །མངོན་པ་མདོ་སྡེ་གཉིས་ཀ་ཡི། །བཞེད་ལུགས་དག་ཏུ་ཤེས་པར་བྱ། །དང་པོ་བྱང་ཆུབ་སེམས་བསྐྱེད་ནས། །ཐ་མར་རྫོགས་པར་མ་གྱུར་ཚེ། །བྱང་ཆུབ་སེམས་ཀྱི་སྡོམ་པ་རྣམས། །མ་སྤངས་ དབུ་མ་དུང་སེམས་ཚེ་རབ་ཏུ་མི་གནས་པའི་སེམས་བསྐྱེད་པ་ནི་ལུགས་མངོན་ནས་སྟོན། །ཡོངས་སུ་རྫོགས་པར་བྱ། །ཚོགས་ལམ་བཞི་གསུམ་བཅུ་གཉིས་ཏེ། །སྨོན་པའི་བྱང་སེམས་

(༧༧)དང་པོར་བཞེད། །བྱང་ཆུབ་སེམས་ཀྱི་སྡེ་སྣོད་ནས། །སྡོམ་པ་ལེན་པའི་ཆོ་ག་ནི། །མཁས་པ་རྣམས་ཀྱི་བཀའ་འགྲེལ་ལས། །རྒྱས་བསྡུས་ཇི་ལྟར་གསུངས་པ་ཡིན། །སྦྱོར་དངོས་ཡོངས་སུ་རྫོགས་པ་ཡི། །བྱང་ཆུབ་སེམས་ཀྱི་སྡོམ་པ་ནི། །ཐོས་ལ་མ་ཉམས་བླང་བར་བྱ། །བྱང་ཆུབ་སེམས་ཀྱི་ཡོན་ཏན་ནི། །སྤྱོད་འཇུག་སྡོང་པོས་བརྒྱན་པ་སོགས། །བྱང་ཆུབ་སེམས་ཀྱི་སྡེ་སྣོད་ལས། །རབ་ཏུ་བསྟན་ཞིང་ཤེས་པར་བྱ། །སྨོན་པ་བྱང་ཆུབ་སེམས་ཀྱིས་ནི། །བར་སྐབས་དེ་ནི་དང་པོ་ཡིན། །སྡེ་སྣོད་གཉིས་ཀྱི་བཅུད་ཕྱུང་བ། །འཇུག་པ་ཡི་ནི་བྱང་ཆུབ་སེམས། །དང་པོར་བྱང་ཆུབ་སེམས་བསྐྱེད་ནས། །ས་བཅུ་ལམ་ལྔ་ཡོངས་རྫོགས་ཤིང་། །བླ་མེད་བྱང་ཆུབ་ཐོབ་ཀྱི་བར། །བསོད་ནམས་ཚོགས་དང་ཡེ་ཤེས་ཚོགས། །ལུས་ནི་སྡོམ་པའི་ཚུལ་ཁྲིམས་དང་། །སེམས་ནི་འགྲོ་བའི་དོན་བྱེད་དང་། །ངག་ནི་དགེ་བའི་ཆོས་བསྡུད་དེ། །བསོད་ནམས་ཚོགས་དང་ཏིང་འཛིན་ཚོགས། །མཉམ་ཉིད་ཚོགས་དང་ཡེ་ཤེས་ཚོགས། །རྒྱུན་ཆད་མེད་པར་སྒྲུབ་བྱེད་ཅིང་། །གོང་ནས་གོང་དུ་ནར་སོན་པས། །འཇུག་པ་ས་ལམ་བསྒྲོད་པ་དང་། །རྫོགས་པར་བྱེད་ཅིང་མཐར་ཕྱིན་པ། །འཇུག་པ་ཡི་ནི་བྱང་ཆུབ་སེམས། །མཁས་པས་དང་དུ་བླང་བར་བགྱི། །འཇུག་པ་བྱང་ཆུབ་སེམས་ཉིད་ཀྱང་། །ད་ནི་ཅུང་ཟད་དབྱེ་བར་བགྱི། །ལམ་ལྔ་དང་ནི་ས་བཅུ་སྟེ། །དབྱེར་མེད་གཅིག་ཏུ་བསྒྲོད་པ་ཡིན། །བྱང་ཆུབ་སེམས་ཀྱི་ལུང་ལས་ཀྱང་། །ས་བཅུ་རྒྱུན་གྱི་ཐ་མ་ལ། །

(༧༨)ཡེ་ཤེས་རྡོ་རྗེ་ལྟ་བུར་རྫོགས། །ལྔ་དང་བཅུ་ཡི་འབྲས་བུའོ། །ཚོགས་ལམ་རབ་འབྲིང་ཐ་མ་གསུམ། །དྲན་པ་ཉེར་གཞག་ཡང་དག་སྤོང་། །ལུས་དང་ཚོར་བ་སེམས་དང་ནི། །ཆོས་ནི་དྲན་པ་ཉེ་བར་གཞག །དང་པོ་ལུས་དྲན་ཉེར་གཞག་ནི། །ལུས་ནི་མི་གཙང་ཕུང་པོས་ཏེ། །གཙང་བར་འཛིན་པའི་གཉེན་པོ་རུ། །དུར་ཁྲོད་གནས་སུ་ཕྱིན་ནས་སུ། །དུར་ཁྲོད་ཀེང་རུས་གསར་རྙིང་ཚོགས། །ཐེག་ཆེན་སྐྱེས་བུས་མཐོང་ཙ་ན། །བདག་ཀྱང་མི་རྟག་ཆོས་ཅན་ཏེ། །རང་བཞིན་འདི་ལས་མ་འདས་ཕྱིར། །མི་རྟག་རྒྱུན་དུ་བསྒོམ་པར་བྱ། །གཉིས་པ་ཚོར་བ་ཉེར་གཞག་ནི། །སྡུག་བསྔལ་བདེ་བར་འདུ་ཤེས་ཤིང་། །ཞེན་ཆགས་བྲལ་བའི་གཉེན་པོར་ནི། །ཚོར་བ་བདེ་སྡུག་བཏང་སྙོམས་སོ། །ཐམས་ཅད་སྡུག་བསྔལ་ཉིད་དུ་བསྒོམ། །ཚོར་བ་དག་ནི་གསུམ་ཡིན་ཏེ། །ཕྱི་ནང་གར་གནས་བརྟག་པ་ལས། །ཚོར་བ་དག་ནི་བཞི་རྣམས་ནི། །ཕུང་པོ་དག་པའི་རང་བཞིན་ཏེ། །གང་དང་གང་དུ་འཛིན་མེད་ཅིང་། །ཉམས་གཅིག་རྒྱུད་ལ་སྐྱེས་ཕྱིར་བསྒོམ། །གསུམ་པ་སེམས་དྲན་ཉེར་གཞག་ནི། །མུ་ཏིག་པར་ནི་འཛིན་པ་ཡི། །གཉེན་པོ་བརྟན་པར་བསྒོམ་པ་ནི། །རང་གི་སེམས་དང་སེམས་བྱུང་ལ། །ཤེས་པ་ནང་དུ་བཟློག་ནས་ནི། །རང་གི་སེམས་འདི་འབྱུང་ལུགས་འདི། །ཕྱི་ནང་གསུམ་དུ་རྟག་ཅིང་དཔྱད། །མ་རྙེད་དྲན་རྟོག་ཐམས་ཅད་ཀུན། །རང་སྣང་སྟོང་པ་ཉིད་དུ་སངས། །རང་གསལ་ཙམ་དུ་འཇོག་པའོ། །བཞི་པ་ཆོས་དྲན་པ་ཉེ་བར་གཞག་པ་ནི། །བདག་མེད་པ་ལ་བདག་

(༧༩)ཏུ་འཛིན། །དངོས་འཛིན་བཤིག་པའི་གཉེན་པོར་ནི། །གསུམ་དུ་མ་གཏོགས་ཆོས་རྣམས་ལ། །ཡང་ཡང་བརྟགས་པས་ཐམས་ཅད་དུ། །སྟོང་པ་ཉིད་དུ་རྟོགས་པའོ། །དེ་ལྟར་ཉེར་གཞག་བཞི་པོ་ཡང་། །རྒྱུན་དུ་གོམས་པས་རྟགས་གསུམ་འབྱུང་། །དང་པོ་བརྟན་པའི་ཚད་དུ་ནི། །སེམས་ནི་རྩེ་གཅིག་བརྟན་གྱུར་པས། །རིག་པ་གར་གཏད་ཚུགས་པར་འབྱུང་། །གཉིས་པ་འཁོར་བའི་ཆོས་རྣམས་ལ། །མེ་ལོང་ལྟ་བུར་མཐོང་ནས་ནི། །འཇིག་རྟེན་ཆོས་ལ་ཞེན་པ་ལོག །གསུམ་པ་མྱ་ངན་འདས་ཀྱི་ཆོས། །སྐོམ་པ་ཆུ་ཡིས་དུངས་པ་ལྟར། །གདུང་བས་རྒྱུན་ཆད་མེད་པ་འབྱུང་། །ཚོགས་ལམ་གཉིས་པ་ཡང་དག་སྤོང་། །རྣམ་གྲངས་བཞི་རུ་གསུངས་པ་ནི། །མི་མཐུན་མི་དགེ་སྐྱེས་པ་རྣམས། །སྐྱེས་པར་བྱེད་པ་སྤོང་བྱེད་ཅིང་། །སྐད་ཅིག་ཙམ་ཡང་མི་སྤྱོད་པར། །གཉེན་པོ་རྒྱུད་ལ་བསྟེན་བྱེད་ཅིང་། །རྒྱུན་དུ་འཕེལ་བར་མི་བྱེད་ཅིང་། །མི་དགེ་བ་ཡི་ཆོས་རྣམས་ཀྱང་། །ཡང་དག་སྤོང་བ་དང་པོ་སྟེ། །མ་སྐྱེས་པ་རྣམས་ཕྱིས་བསྐྱེད་ཅིང་། །ཡང་དག་པ་རུ་སྤོང་དང་གཉིས། །གཉེན་པོ་ཡི་ནི་དགེ་བའི་ཕྱོགས། །མ་སྐྱེས་པ་རྣམས་བསྐྱེད་པར་གསུངས། །སྐྱེས་རྣམས་མ་ཉམས་གོང་ནས་གོང་། །གོང་དུ་ཡང་དག་འཕེལ་བྱེད་པ། །ཡང་དག་སྤོང་བཞི་བསྒོམ་པའོ། །དང་པོ་མ་དག་སྐྱེས་པ་རྣམས། །ཡང་དག་པར་ནི་སྤོང་བ་ནི། །ལུས་ངག་ཡིད་གསུམ་མི་དགེ་བཅུ། །རང་གིས་བྱས་པ་རྣམས་དང་ནི། །བདག་གཞན་རྣམས་ལ་གནོད་པའི་ཕྱིར། །རྣམ་

(༨༠)སྨིན་ཡིད་དུ་མི་འོང་བ། །འབྱིན་པ་ལ་སོགས་སྒོ་ནས་ཀྱང་། །ཉེས་དམིགས་དུ་ནི་བལྟས་ནས་ཀྱང་། །འབད་ཅིང་འཆགས་ལ་བརྩོན་འགྲུས་བརྩོམས། །དེ་ལྟར་བརྩོན་འགྲུས་བརྩམས་པ་ཡིས། །མི་མཐུན་པ་ཡི་ཕྱོགས་སྐྱེས་པ། །རྟག་ཏུ་སྤོང་བར་བྱེད་པའོ། །གཉིས་པ་དག་གི་མི་མཐུན་ཕྱོགས། །མ་སྐྱེས་པ་ནི་རྣམ་གཉིས་བསྐྱེད། །ཡང་དག་པར་ནི་སྤོང་བ་ནི། །ལུས་ངག་ཡིད་ཀྱི་མི་དགེ་བཅུ། །བདག་གཞན་ཀུན་ལ་གནོད་པའི་ཕྱིར། །ཉེས་སོགས་མཐོང་བ་དེ་བཅུ་དང་། །ཕྱིན་ཆད་རྒྱུད་ལ་མི་སྐྱེ་ཕྱིར། །འབད་ཅིང་བརྩོན་འགྲུས་བརྩོམ་པ་སྟེ། །མ་སྐྱེས་མི་དགེ་སྡིག་པའི་ཚོགས། །དེ་རྣམས་རྒྱུད་ལ་མི་འབྱུང་ངོ། །གསུམ་པ་དགེ་བའི་ཆོས་རྣམས་ཀྱང་། །མ་སྐྱེས་རྒྱུད་ལ་སྐྱེད་པ་ནི། །ལུས་ངག་ཡིད་ཀྱི་དགེ་བ་རྣམས། །བདག་གཞན་ཀུན་ལ་ཕན་པ་དང་། །རྣམ་སྨིན་ཡིད་འོང་འབྱིན་པ་སོགས། །སྒོ་ནས་ཡོན་ཏན་ཀུན་ལྟ་ནས། །དགེ་བ་མ་སྐྱེས་པ་རྣམས་བསྐྱེད། །དེ་ཕྱིར་བརྩོན་འགྲུས་བརྩོམ་པ་སྟེ། །དགེ་དང་མི་དགེ་ལ་སོགས་རྣམས། །ནམ་ཡང་རྒྱུད་ལས་མི་འབྱུང་ངོ། །གསུམ་པ་དགེ་བའི་ཆོས་རྣམས་ཀུན། །མ་སྐྱེས་རྒྱུད་ལ་སྐྱེད་པ་ནི། །ལུས་ངག་ཡིད་གསུམ་དགེ་བ་རྣམས། །བདག་གཞན་ཀུན་ལ་ཕན་པ་དང་། །རྣམ་སྨིན་ཡིད་འོང་འབྱིན་ལ་སོགས། །སྒོ་ནས་ཡོན་ཏན་ཚོགས་ལྟ་ཞིང་། །དགེ་བ་རྣམ་ཀུན་བསྐྱེད་བྱེད་པའི། །བརྩོན་འགྲུས་རྒྱ་ཆེན་བསྐྱེད་པ་སྟེ། །དགེ་ཕྱོགས་སྔ་མ་སྐྱེས་པ་རྣམས། །ཕྱིན་ཆད་རྒྱུད་ལ་སྐྱེ་བར་འགྱུར། །བཞི་པ་དགེ་བའི་ཆོས་སྐྱེས་རྣམས། །མི་ཉམས་གོང་ནས་གོང་དུ་ནི། །འཕེལ་

(༨༡)བའི་ཡང་དག་སྤོང་བ་བཞི། །ལུས་ངག་ཡིད་གསུམ་དགེ་བ་རྣམས། །རྒྱུད་ལ་སྐྱེས་པ་དེ་དག་ནི། །ཕན་ཡོན་མཐོང་བའི་སྒོ་ནས་ནི། །མི་ཉམས་འཕེལ་བར་བྱ་བའི་ཕྱིར། །ཡང་ནས་ཡང་དུ་ཡིད་བྱེད་ཅིང་། །འབད་ནས་བརྩོན་འགྲུས་བརྩོམ་པ་སྟེ། །དགེ་བ་ཡི་ནི་ཆོས་སྡུད་རྣམས། །སྐྱེས་པ་མི་ཉམས་གོང་ནས་གོང་། །ཡར་ལྡན་དུ་ནི་འཕེལ་བར་འགྱུར། །ཉམས་བླངས་རྒྱུ་འབྲས་ཡིད་ཆེས་ཤིང་། །འབད་ནས་བརྩོན་འགྲུས་བརྩོམ་པ་སྟེ། །རྟགས་དང་ཡོན་ཏན་འབྱུང་བ་ནི། །ཚོགས་ལམ་གཉིས་པ་ཡང་དག་སྤོང་། །ཚོགས་ཀྱི་ལམ་ནི་གསུམ་དག་ཏུ། །རྫུ་འཕྲུལ་གྱི་ནི་རྐང་པ་བཞི། །འདུན་པ་ཡི་ནི་ཏིང་འཛིན་གྱིས། །སྤོང་བའི་འདུ་ཤེས་དང་ལྡན་པ། །རྫུ་འཕྲུལ་གྱི་ནི་རྐང་པ་དང་། །བརྩོན་འགྲུས་སེམས་ཀྱི་ཏིང་འཛིན་གྱིས། །སྤྱོད་པའི་ཏིང་ངེ་འཛིན་དང་པོའོ། །གོང་གི་ལམ་གཉིས་གོམས་པ་ཡི། །མཐུ་ལས་རྫུ་འཕྲུལ་གྱི་ནི་ཚུལ། །བདག་གཞན་དོན་ལ་དད་པ་ཡི། །ལྷང་ལྷང་སྐྱེས་པའི་རྟགས་འབྱུང་ངོ་། །སྦྱོར་བ་དྲག་པོ་ལ་བརྟེན་ནས། །སེམས་རྩེ་གཅིག་པ་ཐོབ་པའོ། །བརྩོན་འགྲུས་ཀྱིས་ནི་ཏིང་འཛིན་སྤོང་། །འདུ་བྱེད་དང་ལྡན་རྫུ་འཕྲུལ་རྐང་། །ཏིང་འཛིན་སེམས་ལ་མངོན་པར་སྤྲོ། །སྒོ་ནས་མི་བཏང་ཡང་ནས་ཡང་། །སྦྱོར་བ་དག་ལ་བརྟེན་ནས་སུ། །སེམས་རྩེ་གཅིག་པ་ཐོབ་པའོ། །གསུམ་པ་སེམས་ཀྱི་ཏིང་འཛིན་སྤོང་། །འདུ་བྱེད་དང་ལྡན་རྫུ་འཕྲུལ་རྐང་། །གོང་གི་སྒོམ་པ་དག་ལ་ནི། །སེམས་ནི་གཡོ་བར་བརྟེན་པ་ཡི། །ཚེ་རབས་སྔ་མ་དག་ལ་ནི། །ཏིང་འཛིན་གོམས་པར་བྱས་པ་ལས། །བརྟེན་ནས་སེམས་རྩེ་གཅིག་ཐོབ་པས།

(༨༢)གསུམ་པའི་རྫུ་འཕྲུལ་རྐང་པའོ། །བཞི་པ་སྤྱོད་པའི་ཏིང་འཛིན་སྤོང་། །འདུ་བྱེད་དང་ལྡན་རྫུ་འཕྲུལ་རྐང་། །གཞན་གྱི་ཏིང་འཛིན་ཐོབ་བྱེད་ཐབས། །བཤད་པ་དག་ལ་བརྟེན་ནས་ནི། །རང་གི་ཤེས་རབ་ཐོབ་པ་ལས། །དོན་དེ་ཉིད་ལ་བལྟས་ཙམ་གྱིས། །སེམས་རྩེ་གཅིག་དང་ཐོབ་པ་ཡི། །ཡང་ན་ཏིང་འཛིན་རྩེ་གཅིག་ལ། །རྒྱུན་དུ་གནས་ཤིང་ལོངས་སྤྱོད་པས། །དེ་ལྟར་ཏིང་འཛིན་བཞི་ཐོབ་ནས། །དྲོད་ཚད་ཡོན་ཏན་འབྱུང་བ་ནི། །ལུས་ཀྱི་སྟོད་ནས་མེ་འབར་ནས། །སྨད་ནས་ཆུ་འབྲུབ་སྟོན་པ་ནི། །ཡོན་ཏན་གྱི་ནི་ཚོགས་རྣམས་ཀྱང་། །རང་གིས་མངོན་དུ་སྟོན་ནུས་འགྱུར། །ཚོགས་ལམ་རབ་འབྲིང་ཐ་མ་གསུམ། །གོམས་ཤིང་བརྟན་པར་གྱུར་པ་ཡིན། །ལམ་ལྔའི་དང་པོར་བཞེད་པ་ཡིན། །ཚོགས་ཞེས་བྱ་བ་མང་པོ་སྟེ། །བསྡུ་ན་རྣམ་པ་གཉིས་སུ་འདུས། །བསོད་ནམས་ཀྱི་ནི་ཚོགས་རྣམས་དང་། །ཡེ་ཤེས་ཀྱི་ནི་ཚོགས་རྣམས་ཀུན། །སྒྲུབ་དང་སྤང་བར་བྱེད་པའོ། །འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །མི་དེ་བསྐལ་པ་སྟོང་དུ་ཡང་། །ངན་སོང་དག་ཏུ་འགྲོ་མི་འགྱུར། །མདོ་དང་སྡེ་ལས་གསུངས་པ་ཡང་། །ཚོགས་ལམ་དག་ལ་previous hit དགོངས next hit་ཡིན། །དེ་ལྟར་ཚོགས་ལམ་རྫོགས་ནས་ཀྱང་། །སྦྱོར་ལམ་རྒྱུད་ལ་སྐྱེད་བྱེད་པ། །ཆོས་ཉིད་སྤྱི་ཡི་ཚུལ་དུ་ནི། །སྒོམ་ཞིང་བརྟེན་པར་བྱེད་པ་སྟེ། །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ། །ཟག་མེད་མཐོང་ལམ་སྦྱོར་བའི་ཕྱིར། །སྦྱོར་ལམ་ཞེས་སུ་བརྟགས་པ་ཡིན། །དེ་ཡང་ངེས་འབྱེད་ཆ་བཞི་སྟེ། །དྲོད་དང་རྩེ་མོ་བཟོད་པ་དང་། །འཇིག་རྟེན་གྱི་ནི་ཆོས་

(༨༣)མཆོག་སྟེ། །དེ་རྣམས་ཀྱི་ནི་སྐབས་རྣམས་སུ། །དབང་པོ་ལྔ་དང་སྟོབས་ལྔ་བསྒོམས། །དྲོད་རྩེ་གཉིས་ཀྱི་སྐབས་རྣམས་སུ། །དབང་པོ་ལྔ་ནི་རྟག་སྒོམ་ཞིང་། །དད་པ་བརྩོན་འགྲུས་དྲན་པ་དང་། །ཏིང་འཛིན་ཤེས་རབ་དབང་སྒོམ་པ། །དང་པོ་དད་པའི་དབང་པོ་ནི། །ཡིད་ཆེས་ཉོན་མོངས་གཉེན་པོར་འགྱུར། །དད་པའི་དབང་པོ་བསྒོམས་ལགས་ན། །འཕགས་པའི་བདེན་པ་བཞི་པོ་ལས། །སྡུག་བསྔལ་གྱི་ནི་བདེན་པ་ནི། །ཀུན་ནས་ཉོན་མོངས་འཁོར་བ་ཡི། །རྒྱུ་དང་འབྲས་བུ་ཆ་ལས་ནི། །ཀུན་འབྱུང་དེ་དག་འགྲུབ་བྱེད་པ། །རྒྱུ་ཡིན་པར་ཡང་ཡིད་ཆེས་བསྒོམ། །འགོག་པས་སྡུག་བསྔལ་རྒྱུ་དང་བཅས། །ཉེར་ཞི་འདས་པའི་འབྲས་བུ་ཡིན། །ལམ་གྱི་བདེན་པ་ཐོབ་བྱེད་ཅིང་། །ཐམས་ཅད་རྒྱུ་ནི་ཡིན་པར་ཡང་། །ཡིད་ཆེས་ཚུལ་གྱིས་སྤང་བླང་བྱེད། །བླང་དོར་ཚུལ་གྱིས་བསྒོམ་པའོ། །དགེ་བ་སྒྲུབ་ལས་སེམས་སྤྲོ་ཞིང་། །ལེ་ལོའི་གཉེན་པོར་གྱུར་པའི་ཕྱིར། །བརྩོན་འགྲུས་དབང་པོ་བསྒོམ་པ་སྟེ། །བདེན་པ་བཞི་ལས་ཡིད་ཆེས་སྐྱེ། །བདེན་པ་མངོན་པར་རྟོགས་བྱའི་ཕྱིར། །སེམས་སྤྲོའི་ཚུལ་གྱིས་བསྒོམ་པའོ། །དྲན་པའི་དབང་པོ་འདྲེས་པའི་དངོས། །མི་རྗེད་རྗེད་པ་སྤོང་བའི་ཕྱིར། །དྲན་པའི་དབང་པོ་བསྒོམ་པ་སྟེ། །བདེན་པ་བཞི་ལ་འདྲིས་པའི་དངོས། །མ་བརྗེད་དྲན་པའི་ཚུལ་གྱིས་བསྒོམ། །ཏིང་འཛིན་དབང་པོ་རྩེ་གཅིག་གནས། །གཡེང་བའི་གཉེན་པོར་གྱུར་པའི་ཚེ། །དྲན་པ་མི་རྗེད་བདེན་པ་རྣམས། །སེམས་རྩེ་གཅིག་པའི་ཚུལ་བསྒོམ་ཞིང་། །ལྔ་པ་ཤེས་རབ་དབང་པོ་ནི། །ཆོས་རྣམས་སྟོང་པ་ཉིད་

(༨༤)རྟོགས་ཤིང་། །དངོས་པོར་འཛིན་པའི་གཉེན་པོར་འགྱུར། །ཏིང་འཛིན་དམིགས་པའི་བདེན་པ་ལས། །དེ་ཉིད་མཉམ་པར་གཞག་པ་ཡིས། །རབ་ཏུ་འབྱེད་པའི་ཚུལ་གྱིས་བསྒོམས། །དེ་ལྟར་བསྒོམས་པའི་གང་ཟག་གིས། །བདག་ཏུ་གཟུང་བ་རང་བཞིན་མེད། །རྟོག་པས་ཁམས་གསུམ་ཉོན་མོངས་བསྲེགས། །དྲོད་ཚད་རྟགས་སུ་བཞེད་པ་ཡིན། །གཞན་ཡང་དྲོད་ཚད་སྣ་ཚོགས་འབྱུང་། །གཞུང་རྣམས་ཀུན་ལས་ཤེས་པར་བྱ། །དེ་ལྟར་བརྟན་ཞིང་གོམས་པ་ལས། །འདི་ཉིད་ལས་ནི་ལྷག་པ་ཡི། །ཡོན་ཏན་གོང་ན་མེད་སྙམ་བྱེད། །ཉམས་མྱོང་བཟང་པོ་སྣ་ཚོགས་འཆར། །གང་དག་གང་གི་སྣང་བ་ལས། །རྟགས་ཀྱི་བྱེ་བྲག་སྣ་ཚོགས་སྟོན། །ཅིར་ཡང་སྣང་ཞིང་ཅིར་ཡང་འགྱུར། །དེ་ཕྱིར་སྣང་བྱེད་ཏིང་འཛིན་ཡིན། །དེ་ལྟར་བསྒོམས་པས་གནས་སྐབས་ཀྱི། །འབྲས་བུ་བཟོད་པ་ཆོས་མཆོག་ཐོབ། །མཐར་ཐུག་འབྲས་བུ་ཟག་མེད་ཀྱི། །བདེན་པ་མངོན་དུ་མཐོང་བར་འགྱུར། །དེ་ལྟར་བཟོད་པ་ཆོས་མཆོག་གི། །སྐབས་སུ་སྟོབས་ལྔ་བསྒོམ་པ་སྟེ། །དད་པའི་སྟོབས་དང་བརྩོན་འགྲུས་སྟོབས། །དྲན་དང་ཏིང་འཛིན་ཤེས་རབ་སྟོབས། །སྟོབས་ལྔ་གོ་རིམ་བཞིན་དུ་བསྒོམ། །དེའི་ངོ་བོ་སོ་སོ་ནས། །བཤད་ཅིང་ཉམས་སུ་བླང་ན་ནི། །གོང་གི་དབང་པོ་ལྔ་དག་གིས། །སྐབས་དང་སྟོབས་ལྔ་མཐུན་པའོ། །དེའི་ངོ་བོ་ཁྱད་མེད་ན། །དེ་གཉིས་ཀྱི་ནི་ཁྱད་པར་ཡང་། །གང་གི་སྒོ་ནས་གཞག་ཅེ་ན། །མི་མཐུན་པ་ཡི་ཕྱོགས་རྣམས་ནི། །མ་དད་ལ་སོགས་ཉམས་པར་ཡང་། །བྱས་པས་དེ་ཡིས་མི་རྫི་ཞིང་། །སྟོབས་མཆོག་རབ་ཏུ་རྒྱས་པའི་ཕྱིར། །སྟོབས་ལྔ་དག་ཏུ་བཞེད་པ་ཡིན། །

(༨༥)དད་པའི་སྟོབས་སུ་གྱུར་པ་ཡི། །མི་མོས་དབང་དུ་དེ་མི་འགྲོ། །བརྩོན་འགྲུས་ཀྱིས་ནི་ལེ་ལོ་ཡི། །དབང་རྣམས་སུ་ནི་མི་འགྲོ་ཞིང་། །མྱུར་དུ་ཡོན་ཏན་བསྐྱེད་མཛད་པའི། །དྲན་པ་སྟོབས་སུ་གྱུར་པ་ཡི། །རང་བཞིན་དོན་རྣམས་མི་བརྗེད་ཅིང་། །ཏིང་འཛིན་གྱིས་ནི་གཡེང་བ་ཡི། །བདུད་རྣམས་རབ་ཏུ་འཇོམས་བྱེད་པའི། །ཤེས་རབ་སྟོབས་ཀྱིས་མཚན་མ་ཡི། །རྟོག་པའི་དབང་དུ་དེ་མི་འགྲོ། །མི་མཐུན་པ་ཡི་ཕྱོགས་རྣམས་ཀྱང་། །ཟིལ་གྱིས་གནོན་པར་ནུས་པས་ན། །སྟོབས་ལྔ་གོམས་ཤིང་བརྟན་གྱུར་ན། །སྦྱོར་ལམ་བཟོད་ཐོབ་ཡོན་ཏན་འབྱུང་། །དེ་ལྟར་བསྒོམས་པས་ཆོས་རྣམས་ཀྱི། །བདག་ཏུ་གཟུང་བའི་ཡུལ་རྣམས་ཀྱང་། །རང་བཞིན་མེད་པར་རྟོགས་པས་བཟོད། །ཆོས་ལ་བཟོད་པའི་སྟོབས་ཐོབ་པའི། །ཆོས་ཉིད་ཟབ་མོའི་དོན་རྣམས་ལ། །མི་སྔགས་མི་སྐྲག་ཞུམ་པ་མེད། །བཟོད་ཐོབ་ངན་སོང་མི་ལྷུང་སྟེ། །བཟོད་ཐོབ་ངན་སོང་ལྟུང་མི་སྲིད། །ཐུབ་ཆེན་བཀའ་ལས་གསུངས་པ་ཡང་། །འདི་འདྲའི་དོན་ལ་previous hit དགོངས next hit་ཡིན། །དེ་ཡང་ངན་སོང་སྐྱེ་བྱེད་རྒྱུ། །ལས་དང་ཉོན་མོངས་གཉིས་ཡིན་ཏེ། །ཕྱི་ནི་གཟུང་བའི་ཡུལ་རྣམས་ཀྱང་། །རང་བཞིན་མེད་པར་གང་རྟོགས་པ། །ཉོན་མོངས་མི་སྐྱེ་རྒྱུ་འབྲས་ལ། །ཡིད་ལས་རྣམ་སྨིན་མི་བསོག་གོ། །དེ་ནས་ང་དང་བདག་འཛིན་གྱི། །སེམས་ཀྱང་རང་བཞིན་མེད་རྟོགས་པས། །འཇིག་རྟེན་ཆོས་རྣམས་ཀུན་གྱི་མཆོག །དེ་ཐོབ་འཁོར་བར་མི་ལྡོག་གོ། །ལས་དང་ཉོན་མོངས་དབང་གིས་ནི། །དེའི་མཚན་ཉིད་ཕྱིར་ཞེ་ན།

(༨༦)འཇིག་རྟེན་ཀུན་གྱི་ཆོས་རྣམས་ཀྱི། །ནང་ན་མཆོག་ཏུ་གྱུར་པའི་ཕྱིར། །དེ་ལྟར་གཟུང་འཛིན་གཉིས་ཀྱིས་ནི། །སྟོང་ཆོས་རང་གི་རྒྱུད་ལ་སྦྱོར། །དེ་ཕྱིར་སྦྱོར་ལམ་ཞེས་བྱ་བ། །འདི་རུ་ས་དང་སྦྱར་བ་ནི། །ས་ནི་མོས་པ་སྤྱོད་པའི་ས། །མཐོང་ཞེས་བྱ་བ་མཐོང་ལམ་སྟེ། །དེ་ལྟར་སྦྱོར་ལམ་མཐར་ཕྱིན་ནས། །གཟུང་འཛིན་གཉིས་ཀྱིས་སྟོང་བ་ཡི། །ཆོས་ཉིད་རང་གི་རྒྱུད་ལ་ཡོད། །སྔར་མ་མཐོང་བས་ཟག་མེད་ཀྱི། །མངོན་སུམ་མཐོང་བས་མཐོང་ལམ་སྟེ། །ས་ནི་དང་པོ་རབ་དགའ་ལ། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །ཆོས་ནི་བྱང་ཆུབ་ཡན་ལག་བདུན། །དྲན་པ་ཡང་དག་ཡན་ལག་དང་། །ཆོས་རྣམས་འབྱེད་དང་བརྩོན་འགྲུས་དང་། །དགའ་དང་ཤིན་ཏུ་སྦྱངས་པ་དང་། །ཏིང་འཛིན་བཏང་སྙོམས་ཡང་དག་དང་། །བྱང་ཆུབ་ཀྱི་ནི་ཡན་ལག་བདུན། །ད་ནི་ཅུང་ཟད་དབྱེ་བར་བྱ། །ཆོས་རྣམས་འབྱེད་པའི་མན་ངག་ནི། །བདེན་པ་བཞི་པོ་དག་གིས་ནི། །ཡང་དག་དོན་ཉིད་ཇི་ལྟ་བཞིན། །མངོན་སུམ་དུ་ནི་གང་རྟོགས་པ། །ཆོས་རྣམས་སྟོང་ཉིད་ཉམས་སུ་མྱོང་། །ཆོས་རྣམས་སོ་སོར་འབྱེད་པའོ། །དྲན་པ་ཡང་དག་ཡན་ལག་ནི། །དེའི་རྐྱེན་གྱིས་བདེན་པ་བཞི། །དེ་དག་གིས་ནི་དོན་རྣམས་ཀྱང་། །ཅི་ལྟ་བཞིན་དུ་མི་རྗེད་ཅིང་། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི། །ཡན་ལག་ཡང་དག་དེ་ཡི་གྲོགས། །དམིགས་དང་ཏིང་འཛིན་དེ་ཉིད་ལས། །སེམས་ནི་མངོན་པར་སྤྲོ་བའོ། །དགེ་བ་ཡང་དག་བྱང་ཆུབ་ཀྱི། །ཡན་ལག་དེ་ཡི་ཕན་ཡོན་ཏེ། །དམིགས་པ་དེ་ཉིད་རྟོགས་པ་ཡིས། །དེ་ཡི་འཁོར་དུ་སྡུག་བསྔལ་ལས། །ཡིད་མི་བདེ་དང་གཉིས་ལས་གཞན། །ཚོར་བ་གང་ཞིག་སྐྱེས་པ་ཡི། །སེམས་ཀྱི་རྒྱུན་

(༨༧)ནི་ཚིམ་བྱེད་པ། །ཤིན་ཏུ་སྦྱངས་པའི་ཡན་ལག་ནི། །བྱང་ཆུབ་སེམས་ཀྱི་ཡན་ལག་ནི། །དེ་རྣམས་ཀྱི་ནི་གཞི་ཡིན་ཏེ། །དམིགས་པ་དེ་ཉིད་རྟོགས་པའི་སེམས། །ལས་སུ་རུང་བའི་རྒྱུར་གྱུར་པ། །བརྟེན་པ་ལས་སུ་རུང་བ་འོ། །ཏིང་འཛིན་ཡང་དག་བྱང་ཆུབ་ཀྱི། །ཡན་ལག་དམིགས་པ་དེ་ཉིད་ཀྱི། །རྟོག་པའི་སེམས་རྩེ་གཅིག་པ་སྟེ། །ཏིང་འཛིན་སྒོ་ནི་དུ་མས་སྐྱེ། །ཏིང་འཛིན་བརྟན་པའི་མན་ངག་གོ། །བཏང་སྙོམས་ཡང་དག་ཡན་ལག་ནི། །དམིགས་པ་དེ་ཉིད་རྟོགས་པ་ཡི། །སེམས་སུ་ཀུན་ཀྱང་གཅིག་པ་སྟེ། །གནོད་སེམས་དང་བྲལ་ཉོན་མོངས་ཅན། །མ་ཡིན་གནས་སྐབས་ངོ་བོ་ཉིད། །དེ་ལྟར་མཐོང་ལམ་ཡེ་ཤེས་ཀྱི། །ཁམས་གསུམ་གྱིས་ནི་ཡེ་ཤེས་ཚོགས། །མཐོང་བས་སྤང་བར་བྱ་བ་ནི། །ཁམས་གསུམ་དུ་ནི་མི་ལྡོག་སྟེ། །ས་ཐོབ་འཇིགས་པ་ལྔ་དང་བྲལ། །འཁོར་མེད་འཚོ་བ་མེད་པ་དང་། །ཕ་རོལ་ཕྱིན་པའི་དབང་དུ་ན། །ཕྱོགས་མེད་སྦྱིན་པའི་ཕ་རོལ་ཕྱིན། །ངོ་བོ་སྒོམ་དུ་མེད་པ་ལ། །སྒོམ་ཞེས་བྱ་བ་སྒོམ་ལམ་སྟེ། །སྔར་མཐོང་དེ་ཡི་དོན་རྣམས་ལ། །མ་ཡེངས་རྒྱུན་དུ་བསྒོམ་པའོ། །ས་ནི་གཉིས་ནས་བརྒྱད་པའི་བར། །ཆོས་ནི་འཕགས་པའི་ཡན་ལག་བརྒྱད། །ཡང་དག་ལྟ་དང་རྟོགས་པ་དང་། །ངག་དང་ལས་ཀྱི་མཐའ་དང་འཚོལ། །རྩོལ་བ་དྲག་དང་ཡང་དག་གི། །ཏིང་ངེ་འཛིན་ཏེ་བརྒྱད་པའོ། །དེ་བརྒྱད་རབ་ཏུ་དབྱེ་བར་བྱ། །ཡང་དག་པ་ཡི་ལྟ་བ་ནི། །སྟོང་ཞིང་རང་གི་མཚན་ཉིད་མཐོང་། །དེ་མཐོང་ལམ་དུ་འཕགས་བདེན་བཞི། །ཡང་དག་སྟོང་ཞིང་མཚན་ཉིད་རྣམས། །ཇི་ལྟ་བུར་ཡང་སྔར་རྟོགས་བཞིན། །དོན་དེ་ཉིད་ལས་རབ་ཏུ་རྫོགས། །ཡང་དག་པ་ཡི་རྟོགས་པས་

(༨༨)ནི། །ཚད་མེད་སྙིང་རྗེ་རྒྱ་ཆེན་གྱིས། །འགྲོ་བའི་དོན་རྣམས་འདྲེན་པ་སྟེ། །སྔར་རྟོགས་པ་ཡི་དོན་དེ་ཉིད། །སྙིང་རྗེས་གཞན་ལ་སྟོན་པར་མཛད། །ངག་ནི་དགེ་བ་ཆོས་བསྡུད་པ། །ཀུན་སློང་དྲན་པ་གསོ་བ་འོ། །ཡང་དག་ངག་གིས་ཆོས་སྟོན་ཞིང་། །ཡང་དག་པ་ཡི་དོན་ལྔར་རྟོགས། །དེ་ཉིད་དྲིས་ལ་མཐུན་པའི་ལན། །བདེན་པའི་ཆོས་བཤད་གཞན་རྣམས་ལ། །ལྟ་བ་རྣམ་དག་རྒྱུར་འགྱུར་རོ། །ཡང་དག་ལས་ཀྱི་མཐའ་རྣམས་ནི། །དྲི་མའི་ཚོགས་ཀྱིས་མ་གོས་ལྟར། །སྔར་གྱི་དམིགས་པ་དེ་རྟོགས་ལ། །བརྟེན་ནས་འགྲོ་དང་རྟོག་ལ་སོགས། །སྤྱོད་ལམ་ཕུན་སུམ་ཚོགས་པ་ཡི། །གཞན་གྱི་ཚུལ་ཁྲིམས་དྲི་མ་ཡིས། །མ་གོས་རྣམ་དག་རྒྱུད་འགྱུར་རོ། །ཡང་དག་པ་ཡི་འཚོ་བ་ནི། །ཐེག་ཆེན་ཆོས་ཀྱིས་འཚོ་བ་སྟེ། །སྔར་གྱི་རྟོགས་པ་དེ་ཉིད་ལས། །བརྟེན་ནས་བཅོམ་ལྡན་འདས་ཀྱིས་ནི། །ཇི་སྐད་གནས་པ་དེ་བཞིན་དུའང་། །ཆོས་གོས་ལ་སོགས་འཚོ་བས་ན། །གཞན་གྱི་འཚོ་བ་རྣམ་པར་དག །འཚོ་བ་རྣམ་དག་རྒྱུར་འགྱུར་རོ། །ཡང་དག་པ་ཡི་རྩོལ་བ་ནི། །དུས་གསུམ་འདུ་འབྲལ་མེད་པ་སྟེ། །སྔར་གྱི་དམིགས་པ་དེ་ཉིད་རྟོགས། །དེ་ལ་བརྟེན་ནས་བསྒོམ་པ་ཡང་། །ངག་གི་ཉོན་མོངས་སྤང་བའི་ཕྱིར། །སེམས་ཀྱི་རང་བཞིན་སྤྲོས་པའོ། །ཡང་དག་དྲན་པ་མ་བརྗེད་པ། །སྔར་གྱི་དམིགས་པ་རྟོགས་པ་ཉིད། །མ་བརྗེད་བྱིང་བ་ལ་སོགས་པ། །ཉེ་བའི་ཉོན་མོངས་ཚོགས་རྣམས་སུ། །མི་འགྱུར་བ་ཡི་རྒྱུར་འགྱུར་རོ། །ཡང་དག་པའི་ཏིང་ངེ་འཛིན་ནི། །སྐད་ཅིག་ཙམ་ལ་རྩེ་གཅིག་སྟེ། །སྔར་གྱི་དམིགས་པས་དེ་ཉིད་རྟོགས། །རང་བཞིན་ངང་ལས་རྩེ་གཅིག་གནས། །མངོན་ཤེས་ལ་སོགས་ཡོན་ཏན་

(༨༩)རྣམས། །མངོན་པར་འགྲུབ་པའི་རྒྱུར་འགྱུར་རོ། །དེ་ལྟར་འཕགས་པའི་ཡན་ལག་བརྒྱད། །བསྒོམས་པས་གཙོ་བོར་ཉོན་མོངས་ཚོགས། །མཐའ་དག་སྤངས་པའི་འགོག་པ་ནི། །ཐམས་ཅད་དུ་ཡང་མངོན་དུ་འགྱུར། །ཐོབ་ཅེས་བྱ་བ་མཐར་ཕྱིན་ལམ། །བཅུ་པ་ཆོས་ཀྱི་སྤྲིན་ཆེན་པ། །ཅི་ཕྱིར་ཐོབ་ཅེས་བྱ་ཞེ་ན། །ས་བཅུའི་བྱང་ཆུབ་སེམས་དཔའ་དེ། །སྐད་ཅིག་མ་ནི་དང་པོ་ལ། །ལོངས་སྐུའི་ཆ་བྱད་ཉིད་དུ་བཞུགས། །སྐད་ཅིག་དག་གི་ཕྱི་མ་ལ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །ཤེས་སྒྲིབ་ཟད་པར་སྦྱངས་ནས་སུ། །ཡང་དག་ཏུ་ནི་མངོན་སངས་རྒྱས། །སྐུ་གསུམ་ཡེ་ཤེས་བདག་ཉིད་ཅན། །རབ་ཏུ་ཐོབ་པས་ཐོབ་ཅེས་བྱ། །ད་ཡང་གོང་ལྟར་རྒྱུ་ལམ་བཞི། །རིམ་གྱིས་བསྒོམ་ཞིང་བརྟག་པ་ལས། །མཐར་ཕྱིན་སྒོམ་ལམ་ཐ་མ་ནི། །སྐད་ཅིག་དེ་ཉིད་ལ་བརྟེན་ནས། །མཐར་ཕྱིན་མི་སློབ་ལམ་སྐྱེ་སྟེ། །དེས་ནི་ཉོན་མོངས་སྒྲིབ་པ་དང་། །ཤེས་བྱའི་སྒྲིབ་པ་མཐའ་དག་བྲལ། །དེ་བཞིན་དག་པ་གཉིས་ལྡན་ཞིང་། །མངོན་སུམ་བྱེད་པའི་ཡེ་ཤེས་ནི། །ཐམས་ཅད་རྒྱུད་ལ་སྐྱེ་བ་ཡི། །འབྲས་བུ་སངས་རྒྱས་པ་ཡིན་ཏེ། །དེ་ཡི་གནས་སྐབས་རྣམས་སུ་ནི། །རྣམ་པར་ཐར་པའི་སྒོ་གསུམ་སྟེ། །སྟོང་པ་ཉིད་ཀྱི་རང་བཞིན་ཏེ། །མཚན་མ་མེད་པའི་དེ་བཞིན་ཉིད། །སྨོན་པ་མེད་པའི་ངོ་བོ་ནི། །སྟོང་པ་ཉིད་ཀྱི་ཏིང་འཛིན་གྱིས། །གཞན་དབང་ངོ་བོ་རྒྱུ་རྐྱེན་བསྐྱེད། །ཁམས་གསུམ་པ་ཡི་སེམས་དང་ནི། །སེམས་ལས་བྱུང་བ་དེ་ཉིད་ཀུན། །ངོ་བོ་ཆོས་ཀྱི་བདག་གཟུང་བ། །འཛིན་པ་གཉིས་སུ་རྣམ་པར་བཞེད། །གང་ཟག་གིས་ནི་བདག་རྟག་དང་། །གཅིག་པུ་ལ་སོགས་ངོ་བོ་བཞིན། །བདེན་མེད་

(༩༠)གཉིས་ཀྱི་རང་བཞིན་དུ། །མངོན་སུམ་མཐོང་བའི་སེམས་རྩེ་གཅིག །མཚན་མ་མེད་པའི་ཏིང་འཛིན་ནི། །གཟུགས་དང་ཚོར་བ་ལ་སོགས་པ། །མཚན་མ་ཐམས་ཅད་དང་བྲལ་བའི། །དེ་བཞིན་ཉིད་དེ་ཡོངས་སུ་གྲུབ། །མངོན་སུམ་ཤེས་པ་རྩེ་གཅིག་ཀུན། །སྨོན་པ་མེད་པའི་ངོ་བོ་ནི། །གཞན་དུ་ངོ་བོ་ཁམས་གསུམ་པ། །སེམས་དང་སེམས་ལས་བྱུང་བ་ཡི། །རྒྱུ་རྐྱེན་བསྐྱེད་པ་དེ་ཉིད་དང་། །རྒྱུ་རྐྱེན་བྲལ་བ་དེ་ཉིད་ལ། །ཡོངས་གྲུབ་ངོ་བོ་ཉིད་ཤེས་པས། །གཞན་དུ་སྨོན་པ་མེད་པའི་ཚུལ། །མངོན་སུམ་ཤེས་པའི་སེམས་རྩེ་གཅིག །རང་དོན་མཐའ་དག་ཐོས་ནས་ཀྱང་། །གཞན་དོན་གདུལ་བྱའི་སེམས་ཅན་ལ། །ཆོས་འཆད་ལ་སོགས་སྣང་བ་འབྱུང་། །ཆོས་སྟོན་ནུས་དང་ལྡན་གྱུར་ཏེ། །དེས་ནི་རང་དང་གཞན་དོན་རྣམས། །ཡང་དག་རྫོགས་ཕྱིར་སངས་རྒྱས་ཞེས། །རྒྱལ་བ་རྣམས་ཀྱིས་དེ་སྐད་གསུངས། །མི་སློབ་ལམ་ཞེན་previous hit དགོངས next hit་ཡིན། །ད་ནི་གཞི་ལམ་འབྲས་བུ་གསུམ། །ཚོགས་གཉིས་རྫོགས་དང་སྒྲིབ་གཉིས་བྱང་། །ཚོགས་གཉིས་བསགས་ནས་གཟུང་འཛིན་གཉིས། །ཆོམས་ཏེ་ས་ལམ་བསྒྲོད་པ་ཡང་། །ཕ་རོལ་ཕྱིན་པ་བཅུ་དག་དང་། །ས་བཅུ་རིམ་གྱིས་སྦྱོར་བར་གསུངས། །ས་ཆེན་རབ་ཏུ་དགའ་བ་ལས། །སྦྱིན་པ་ཡིས་ནི་ཕ་རོལ་ཕྱིན། །གཉིས་དང་གསུམ་པ་ཚུལ་ཁྲིམས་བཟོད། །བཞི་བརྩོན་ལྔ་པར་བསམ་གཏན་ནོ། །དྲུག་པ་ཤེས་རབ་བདུན་པ་ཐབས། །བརྒྱད་པར་སྟོབས་དང་སྨོན་ལམ་སྟེ། །བཅུ་པར་ཡེ་ཤེས་མཐར་ཕྱིན་ཐོབ། །དེ་ཡང་སྦྱིན་དང་ཚུལ་ཁྲིམས་བཟོད། །ཐབས་དང་སྨོན་ལམ་ལྔ་པས་ཏེ། །རྒྱུའི་བསོད་ནམས་

(༩༡)ཚོགས་ཡིན་ནོ། །བསམ་གཏན་ཤེས་རབ་ཡེ་ཤེས་སྟོབས། །བཞི་ནི་འབྲས་བུ་ཡེ་ཤེས་ཚོགས། །བརྩོན་འགྲུས་ཚོགས་གཉིས་ཟུང་འཇུག་གྲོགས། །དེ་ལྟར་ཚོགས་གཉིས་རབ་རྫོགས་ནས། །གཟུང་འཛིན་ལས་བྱུང་ལས་སྒྲིབ་པས། །ཤེས་བྱའི་སྒྲིབ་པ་གཉིས་བཅོམ་སྟེ། །མཐོང་ལམ་དུ་ནི་ཆོས་ཉིད་དེ། །རང་གི་མཚན་ཉིད་ཀུན་མཐོང་བས། །སྒོམ་ལམ་དེ་ཡི་དོན་རྣམས་དང་། །མ་བྲལ་རྒྱུན་དུ་གོམས་ཤིང་བསྒོམས། །མཐར་ལམ་རྡོ་རྗེ་ལྟ་བུ་ཡིས། །ཏིང་འཛིན་རྒྱལ་པོ་ཐོབ་པའོ། །དེ་ལྟར་ས་བཅུ་རིམ་བསྒྲོད་ནས། །མཐར་ཐུག་ས་ཡི་འབྲས་བུ་ནི། །བཅུ་གཅིག་ཀུན་ཏུ་འོད་ཀྱི་ས། །སྐུ་གསུམ་ཡེ་ཤེས་བཞི་དག་གིས། །རང་བཞིན་ཅན་དེ་ཐོབ་པ་ཡིན། །སྤྲུལ་སྐུའི་མཐར་ཐུག་ཀུན་ཏུ་འོད། །སྡེ་སྣོད་གསུམ་གྱི་མཐར་ཐུག་དེ། །གོང་མ་རྣམས་ཀྱི་ལམ་སྟེགས་ཙམ། །རྣལ་འབྱོར་རང་བྱུང་རྡོ་རྗེ་ཡང་། །ཐོས་པས་ཕྱི་ཡི་སྒྲོ་འདོགས་ཆོད། །བསྒོམས་པས་ནང་གི་སྒྲོ་འདོགས་ཆོད། །བསམས་པས་སྒྲ་དོན་སོ་སོར་གོ། །ཀུན་གྱིས་རྟོགས་པ་རྟོགས་པ་ཟེར། །རྟོགས་ན་གནས་ལུགས་ཇི་ལྟར་གདའ། །རྟོགས་པ་རབ་འབྱམས་ནམ་མཁའ་ལ། །ལྷན་སྐྱེས་ཡེ་ཤེས་ཉི་མ་ཤར། །སྟོན་པ་སྤྲུལ་སྐུ་སྟོང་རྩ་གཉིས། །བསྟན་པ་དམ་ཆོས་སྡེ་སྣོད་གསུམ། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །ཐེག་གསུམ་ས་ལམ་འབྲས་བུར་བཅས། །བཀའ་གསུམ་འཁོར་ལོ་བཞི་དག་ཏུ། །བཀའ་དང་བསྟན་བཅོས་ས་མཚམས་རྣམས། །རྟོགས་པ་གཅིག་གི་དཀྱིལ་འཁོར་དུ། །ཐམས་ཅད་རྒྱུ་འབྲས་རྫོགས་པར་རྟོགས། །རང་སེམས་དོན་དམ་བདེན་པར་ཡང་། །ཡང་དག་དོན་གྱི་རྩེ་གཅིག་རྟོགས། །དང་པོ་རབ་

(༩༢)ཏུ་དགའ་བའི་ས། །མ་ཡེངས་རྒྱུན་གྱི་དྲན་པ་ཡིས། །གོམས་པ་རྩེ་གཅིག་དྲི་མེད་པ། །རྩེ་གཅིག་རྟོགས་པ་དབང་ཐོབ་པ། །གསུམ་པ་དག་ནི་འོད་བྱེད་པ། །སྤྲོས་མེད་སྤྲོས་བྲལ་མཉམ་ཉིད་རྟོགས། །བཞི་པ་འོད་ནི་འཕྲོ་བའི་ས། །གོམས་པ་སྤྲོས་བྲལ་མཐར་ཕྱིན་པ། །ལྔ་པ་སྦྱང་བར་དཀའ་བའི་ས། །སྤྲོས་བྲལ་མཉམ་ཉིད་དབང་ཐོབ་པས། །དྲུག་པ་མངོན་དུ་གྱུར་པའི་ས། །དུ་མ་རོ་གཅིག་བདེ་ཆེན་རྟོགས། །བདུན་པ་དག་ནི་རིང་དུ་སོང་། །རོ་གཅིག་གོམས་པ་མཐར་ཕྱིན་པ། །ས་བརྒྱད་པ་ནི་མི་གཡོ་བ། །དུ་མ་རོ་གཅིག་དབང་ཐོབ་པ། །ས་དགུ་ལེགས་པའི་བློ་གྲོས་ཡིན། །སྣང་སྲིད་འཁོར་འདས་ཆོས་ཀྱི་སྐུ། །གོམས་པ་སྒོམ་བྱེད་མཉམ་རྗེས་མེད། །ས་བཅུ་ཆོས་ཀྱི་སྤྲིན་ཡིན་ནོ། །སྒོམ་མེད་མཐར་ཕྱིན་རྡོ་རྗེ་ལྟར། །དབང་ཐོབ་སྤྲུལ་སྐུ་ཐུབ་ཆེན་ཏེ། །སྟོབས་བཅུ་མི་འཇིགས་བཞི་ལྡན་ཞིང་། །མ་འདྲེས་ཆོས་དང་མཚན་དཔེས་བརྒྱན། །རྣམ་འཕྲུལ་བྱེ་བ་ཕྲག་བརྒྱ་ཡང་། །ཀུན་ཤེས་ཀུན་རིག་ཡེ་ཤེས་མཛོད། །མཧཱ་མུ་དྲའི་འབྲས་བུ་ཏེ། །རྟོགས་པ་གཅིག་གིས་ས་ལམ་རྣམས། །འབྲས་བུ་སྤྲུལ་སྐུ་ཉིད་དུ་རྟོགས། །ས་ར་ཧ་ཡི་ཞལ་ནས་ཀྱང་། །འཁོར་འདས་ལམ་གྱིས་བསྡུས་པའི་ཆོས། །འདུས་བྱས་ཆོས་ལ་མི་ལྟོས་པར། །འཁོར་འདས་དུས་གསུམ་མཉམ་པ་ཉིད། །བློ་འདས་ལྷན་སྐྱེས་ཕྱག་རྒྱ་ཆེ། །འབྲས་བུའི་མཐར་ཐུག་ཡིན་ནོ་གསུང་། །སྤྲུལ་སྐུ་ཐུབ་ཆེན་གསེར་མདོག་ཅན། །སྟོན་པ་བསྟན་པ་གདུལ་བྱ་གསུམ། །སྒྲ་དོན་ཤན་འབྱེད་རྣལ་འབྱོར་པས། །རྟོགས་པ་མཐར་ཕྱིན་

(༩༣)ཡེ་ཤེས་དབྱིངས། །གཅིག་ཤེས་ཀུན་གྲོལ་བར་སྐབས་ལགས། །མ་འོངས་དུས་ཀྱི་གདུལ་བྱ་རྣམས། །དེ་དང་དེ་དོན་ཡོངས་རྫོགས་ཤོག །ཉན་རང་བྱང་ཆུབ་སེམས་དཔའ་ཡི། །ཐེག་པའི་ཁྱད་པར་ས་མཚམས་རྣམས། །གོང་ནས་གོང་དུ་རབ་དབྱེ་བ། །རིགས་ལྡན་སློབ་མས་མཁྱེན་པར་མཛོད། །མ་རྟོགས་ཐ་མལ་སྐྱེ་བོ་དང་། །ལོག་རྟོག་མུ་སྟེགས་གྲུབ་མཐའ་དང་། །སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ། །སྤྲུལ་སྐུའི་བསྟན་པ་མན་ཆོད་ཀྱི། །ཐེག་པའི་བྱེ་བྲག་ཀུན་རྫོགས་སོ།། །།ཆོས་སྐུ་དྲི་མེད་ནམ་མཁའི་དབྱིངས། །ལོངས་སྐུ་བདེ་ཆེན་ཁྲི་གདུགས་ཤར། །ཐབས་དང་ཤེས་རབ་ལྷུན་གྲུབ་པའི། །ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་བསྟོད། །གསང་སྔགས་རིག་སྔགས་གཟུངས་སྔགས་དང་། །རྡོ་རྗེ་ཐེག་པའི་མཛོད་འཛིན་པ། །གསང་བདག་རྡོ་རྗེ་འཛིན་པ་ལ། །འདུ་འབྲལ་མེད་པར་ཕྱག་འཚལ་བསྟོད། །རྡོ་རྗེ་འཛིན་པ་ཀུན་བདག་གཙོ། །སྨིན་གྲོལ་དབང་གིས་སྐལ་ལྡན་འདྲེན། །ལོངས་སྐུའི་བསྟན་པ་རྒྱས་མཛད་པའི། །བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །ལོངས་སྐུའི་རིགས་ལྔ་ཡབ་ཡུམ་བཅུ། །ལྷན་སྐྱེས་གཉིས་མེད་བདེ་བ་ཆེ། །ཆོས་དབྱིངས་རབ་འབྱམས་མཐའ་ཡས་ཀྱང་། །ལོངས་སྐུའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །སྟོན་པ་རྨད་བྱུང་ལོངས་སྤྱོད་རྫོགས། །སྟོན་པ་དེའི་བསྟན་པ་ནི། །ཕྱི་རྒྱུད་དག་པའི་རྣམ་པ་གསུམ། །བྱ་བའི་རྒྱུད་དང་སྤྱོད་རྒྱུད་དང་། །རྣལ་འབྱོར་རྒྱུད་དེ་གསུམ་པའོ། །ལོངས་སྐུ་དག་གི་བསྟན་པ་ནི། །ཀྲི་ཡ་དག་གི་རྒྱུད་རྣམས་ནི། །ཕྱི་རྒྱུད་གསུམ་གྱིས་འཛིན་པ་ཡིན། །ཀྲི་ཡ་

(༩༤)ཡི་ནི་རྒྱུད་རྣམས་ནི། །ད་ནི་ཅུང་ཟད་དབྱེ་བར་བྱ། །ཀྲི་ཡ་དག་ཀྱང་གཉིས་སུ་བཞེད། །བཀའ་དང་རྒྱུད་ནི་གཉིས་ཡིན་ཏེ། །བཀའ་ནི་གཟུངས་སྔགས་ཚོགས་རྣམས་ཡིན། །སྡེ་སྣོད་གསུམ་དང་རྒྱུད་སྡེ་རྣམས། །ཀུན་གྱི་སྤྱི་ཁར་ཐུན་མོང་སྟེ། །མདོ་ཡང་ཡིན་ལ་རྒྱུད་དུ་བཤད། །སྟོན་པ་དག་ནི་མཐུན་པ་ལས། །བསྟན་པ་ཡི་ནི་མི་མཐུན་ནོ། །སྟོན་པ་ཤཱཀ་ཐུབ་གསེར་མདོག་ཅན། །མདོ་གཟུངས་གཉིས་ཀྱི་ཐུན་མོང་ཡིན། །བསྟན་པ་གཟུངས་སྔགས་ཀྲི་ཡར་གཏོགས། །ཀྲི་ཡ་རྒྱུད་དུ་གསུངས་པ་ཡིན། །གསེར་མདོག་ཅན་གྱི་ཞལ་ནས་ཀྱང་། །ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །དྲག་ཤུལ་ཅན་ཞེས་བྱ་བའི་རིགས། །གསང་བའི་བདག་པོ་མངོན་སྣང་ནས། །བསྟན་པ་དམ་པ་འབྱུང་བར་འགྱུར། །དེ་སྐད་དུ་ནི་ལུང་བསྟན་པ། །མ་འོངས་དུས་ལ་བབ་པ་ན། །ཝཱ་ར་ཎ་སཱིའི་གསིལ་ཁང་དུ། །ཕོ་བྲང་དམ་པ་རིན་ཆེན་ཏེ། །ཀྲྀ་ཡ་ཡི་ནི་རྒྱུད་རྣམས་ཀུན། །བསྟན་པ་དམ་པ་དེར་སྣང་ཞེས། །ཀྲྀ་ཡ་རྡོ་རྗེ་མི་འགྱུར་རྒྱུད། །སྟོན་པས་ལུང་བསྟན་གསུངས་པ་ཡང་། །དུས་ལ་བབ་ནས་འཛམ་གླིང་དུ། །སྤྲུལ་པའི་པོ་ཏི་གྲངས་མང་རྣམས། །ལས་ཅན་སྤྲུལ་སྐུའི་ཕྱག་ཏུ་བྱོན། །མཁའ་འགྲོའི་གནས་དང་དགའ་ལྡན་གནས། །གཞན་འཕྲུལ་དབང་བྱེད་རྒྱ་གར་གནས། །ཀྲྀ་ཡའི་རྒྱུད་སྡེ་བསམ་མི་ཁྱབ། །སྤྲུལ་སྐུ་མེས་དབོན་རྣམ་གསུམ་དང་། །ལོ་པཎ་བྱང་ཆུབ་སེམས་དཔའ་རྣམས། །རྒྱུ་རྐྱེན་འཛོམ་པའི་ཕྲིན་ལས་ལས། །སྔ་འགྱུར་ཀྲྀ་ཡའི་རྒྱུད་སྡེ་རྣམས། །རྙིང་མ་ཞེས་སུ་གྲགས་པ་

(༩༥)ཡིན། །ཀྲྀ་ཡའི་བཀའ་རྒྱུད་ཡན་ལག་བཅས། །ཀྲྀ་ཡའི་རྒྱུད་སྡེ་རྒྱ་མཚོ་འདྲ། །བོད་ལ་འགྱུར་བ་ཆུ་ཐིགས་ཙམ། །རྒྱ་གར་དང་ནི་བོད་ཀྱི་ཡུལ། །སྐུ་འཁྲུངས་ལོ་པཎ་སྐྱེས་ཆེན་རྣམས། །བཀའ་དང་བསྟན་བཅོས་previous hit དགོངས་འགྲེལ་ལ། །བཞེད་ལུགས་ཐ་དད་ཡོད་ན་ཡང་། །དོན་ལ་ངོ་བོ་གཅིག་ next hit་ཡིན། །ཀྲྀ་ཡ་རྒྱུད་ཀྱི་སྟོན་པ་ནི། །ལོངས་སྐུ་སྤྲུལ་སྐུ་གཉིས་སུ་འདུས། །ཡང་ན་གཟུགས་སྐུ་རྣམ་གཉིས་ཀྱང་། །ངོ་བོ་གཅིག་ཕྱིར་ལོངས་སྐུ་ཡིན། །བཀའ་དང་བསྟན་བཅོས་བྱ་རྒྱུད་ཀྱི། །མཆོད་པ་བརྗོད་ཅིང་གླད་ཀྱི་དོན། །ཡིད་ཆེས་བྱིན་བརླབས་འཇུག་པ་བསྟན། །ཀྲྀ་ཡའི་རྒྱུད་གསུངས་གྲངས་མང་ཡང་། །བཀའ་དང་བསྟན་བཅོས་གདམ་ངག་གསུམ། །རྒྱུད་དང་རྒྱུད་ཀྱི་ཕྱི་མ་དང་། །གཟུངས་དང་གཟུངས་ཀྱི་རྟོག་པ་སོགས། །ཕུན་སུམ་ཚོགས་པ་ལྔ་ཡིས་སྟོན། །སྟོན་པ་བསྟན་པ་གནས་དང་འཁོར། །དུས་དང་ཕུན་སུམ་ཚོགས་པ་ལྔ། །འབྲེལ་དང་མ་ཚང་མེད་པ་ལ། །ཕུན་སུམ་ཚོགས་པར་འཆད་བྱེད་ཅིང་། །སྒྲ་དོན་མ་ནོར་བསྟན་པར་བགྱི། །བྱ་རྒྱུད་མ་བརྟེན་རྒྱུད་འགྲེལ་དང་། །སྐྱེད་རྫོགས་གདམ་ངག་བསྟན་བཅོས་རྣམས། །རྩིས་མགོ་རྣམ་པ་ལྔ་ཡིས་འཆད། །རྒྱུད་དང་བསྟན་བཅོས་གྲངས་མང་ཡང་། །གཟེ་མ་ལྡེ་མིག་ཇི་བཞིན་དུ། །མཁས་པར་འཆད་པར་དམ་བཅའ་ཞིང་། །སྒྲ་དོན་སོ་སོར་འབྱེད་པར་བྱ། །བྱ་བའི་རྒྱུད་ཀྱང་བཞི་ཡིན་ཏེ། །བྱ་བའི་རྒྱུད་ཀྱི་བྱ་རྒྱུད་དང་། །བྱ་བའི་རྒྱུད་ཀྱི་སྤྱོད་རྒྱུད་དང་། །བྱ་བའི་རྒྱུད་ཀྱི་ཡོ་ག་དང་། །བྱ་བའི་རྒྱུད་ཀྱི་བླ་མེད་དེ། །ས་མཚམས་བཞི་རུ་

(༩༦)ཤེས་པར་བྱ། །སི་ཏི་ཀ་རས་ལེགས་ཞུས་དང་། །ཀྲྀ་ཡ་རྡོ་རྗེ་མི་འགྱུར་རྒྱུད། །དཔུང་བཟང་གིས་ནི་ཞུས་ལ་སོགས། །རྒྱུད་ཀྱི་སྡེ་ཚན་གྲངས་མང་ཡང་། །བྱ་བའི་རྒྱུད་དུ་ཐམས་ཅད་གཅིག། རྣམ་འཇོམས་རྣམ་རྒྱལ་དོན་ཞགས་དང་། །རིགས་གསུམ་གཟུངས་སྔགས་གྲངས་མང་ཡང་། །ཐམས་ཅད་ངོ་བོ་གཅིག་པའི་ཕྱིར། །སྤྱོད་པ་མདོ་འདུལ་དག་དང་མཐུན། །ད་ནི་ཉམས་སུ་བླང་ཚུལ་བསྟན། །དེ་ཡང་རྣམ་པ་དགུ་རུ་བཞེད། །འཇུག་པའི་སྒོ་དང་ལྟ་བ་དང་། །སྤྱོད་པའི་ས་ལམ་བསྒོམ་པ་དང་། །དམ་ཚིག་གནས་པ་འབྲས་བུ་སྟེ། །ས་བཅད་དགུ་རུ་བཞེད་པ་ཡིན། །ལ་དགུ་དང་ནི་ལུང་དགུ་སྟེ། །ལམ་དགུ་དག་ནི་བསྒྲོད་པའི་ཕྱིར། །ཐེག་པ་རེ་ལ་དགུ་ཚན་རེ། །ལུང་དགུ་བྱ་བ་འཇུག་པའི་སྒོ། །ལམ་དགུ་རྟོགས་པའི་ལྟ་བ་དེ། །ལ་དགུ་ཐོབ་པའི་འབྲས་བུ་ཡིན། །ཐེག་པ་རེ་ལ་འཇུག་སྒོ་རེ། །ཀྲི་ཡ་དག་གི་འཇུག་སྒོ་ནི། །ཁྲུས་དང་གཙང་སྦྲའི་སྒོ་ནས་འཇུག །སི་ཏི་ཀ་རའི་རྒྱུད་ལས་ཀྱང་། །ལས་ལ་འཇུག་པའི་དུས་དག་ཏུ། །ལུས་ལ་དྲིལ་ཕྱིས་བྱས་ནས་ནི། །ས་དག་ལུས་ལ་དྲིལ་ཕྱིས་བྱ། །ཆུ་ཆེན་རྙོག་མེད་ནང་དག་ཏུ། །ཇི་ལྟར་འདོད་བཞིན་བཀྲུ་བར་བྱ། །རྡོ་རྗེ་རྩེ་མོའི་རྒྱུད་ལས་ཀྱང་། །ཁྲུས་དང་གཙང་སྦྲ་གཙོར་བྱེད་ཅིང་། །གསོ་སྦྱོང་སྡོམ་པ་རྒྱུན་དུ་བྱ། །ལུས་ངག་ཡིད་གསུམ་དག་བྱེད་ཅིང་། །བྱ་བའི་རྒྱུད་ནས་ཇི་བཞིན་དུ། །ལུས་ངག་སྤྱོད་པ་དག་པར་བྱ། །དོན་དམ་དང་ནི་ཀུན་རྫོབ་རྟོགས། །དོན་དམ་རང་སེམས་དག་པ་ནི། །མཐའ་བཞི་བྲལ་བར་རྟོགས་བྱ་ཞིང་། །ཀུན་རྫོབ་ལྟ་བ་རབ་རྟོགས་ནས། །ཀྲྀ་

(༩༧)ཡ་ཡི་ནི་ལྟ་བ་ཡིན། །རྡོ་རྗེ་མི་འགྱུར་རྒྱུད་ལས་ཀྱང་། །ཀྲྀ་ཡ་དོན་གྱི་ལྷ་དྲུག་ནི། །ལས་ལྷ་དྲུག་དང་དགོས་ཆེད་བཞི། །རྣམ་པར་ལྷ་དང་གཏན་གྱི་ལྷ། །ཕྱི་སྣོད་དག་པ་གཞལ་ཡས་ཁང་། །ནང་བཅུད་དག་པ་ལྷ་ཡི་ཚོགས། །གསང་བ་རྫས་དང་ཡོ་བྱད་དང་། །མཆོད་པའི་དངོས་སམ་ཡིད་ཀྱིས་འབུལ། །ལུས་ངག་ཡིད་གསུམ་རྣམ་དག་པས། །སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་རྣམས། །རིགས་གསུམ་མགོན་པོར་ཤེས་པར་བྱ། །ཀུན་རྫོབ་མཐའ་བཞི་དྲི་བྲལ་ཡིན། །དོན་དམ་མཐའ་བཞིའི་དྲི་བྲལ་ནི། །ཆོས་ཉིད་མི་རྟོགས་མཚན་མ་མེད། །སྣང་སྟོང་དབྱེར་མེད་མཐའ་བཞི་བྲལ། །རྡོ་རྗེ་འཛིན་པའི་ས་ཐོབ་སྟེ། །བདེན་པ་གཉིས་ཀྱི་དོན་རྣམས་ནི། །ཇི་ལྟ་བཞིན་དུ་ནར་སོན་ཞིང་། །བསྐལ་པར་མི་སྡོད་མི་ཚེ་ལྔ། །འབྲས་བུ་རྡོ་རྗེ་འཛིན་ཐོབ་འགྱུར། །ཀྲྀ་ཡ་རྒྱུད་སྡེ་འབྲས་བུ་སོགས། །དོན་དམ་དང་ནི་ཀུན་རྫོབ་སྟེ། །དྲི་བྲལ་རྣམ་པ་བརྒྱད་དུ་འདུས། །སྐལ་ལྡན་སློབ་མས་མཁྱེན་པར་མཛོད། །ཤིན་ཏུ་རྣལ་འབྱོར་ལུང་ལས་ཀྱང་། །བྱ་བྱེད་རྟོག་ཅན་སྡེ་པ་ནི། །དང་པོར་མི་རྟོག་ཏིང་འཛིན་གྱིས། །ཕྱི་ནང་རྟོག་པ་དག་གསུམ་བསྒོམ། །དེ་རྟོག་གཟའ་དང་སྐར་མ་བཟང་། །དུས་ཚོད་སྒོ་ནས་འཇུག་བྱ་ཞིང་། །བྱང་ཆུབ་ཆོ་འཕྲུལ་སྣ་ཚོགས་ཀྱིས། །དམ་ཚིག་ཡེ་ཤེས་རྗེ་ཁོལ་ཚུལ། །དག་གསུམ་མཆོད་པས་མཉས་བྱས་ནས། །ངེས་པར་སྐུ་གསུང་ཐུགས་ཀྱི་ནི། །དངོས་གྲུབ་ཐམས་ཅད་ཐོབ་འདོད་པས། །རིགས་གསུམ་རྡོ་རྗེ་འཛིན་པའི་ས། །བྱ་རྒྱུད་འབྲས་བུའི་མཐར་ཐུག་ཡིན། །མཚན་ཉིད་སྡེ་སྣོད་

(༩༨)ཐེག་པ་དང་། །བྱ་རྒྱུད་འབྲས་བུའི་ཁྱད་པར་ནི། །ཐེག་ཆེན་བྱང་ཆུབ་སེམས་དཔའ་ཡིས། །བསྐལ་པ་དག་གི་གསུམ་དག་གིས། །ས་ལམ་འབྲས་བུ་ཐོབ་པར་གསུངས། །མིའི་སྐྱེ་བ་ཚེ་བདུན་གྱིས། །བྱ་རྒྱུད་འབྲས་བུ་ཐོབ་པར་བཞེད། །ཐེག་ཆེན་གཉིས་འབྲས་བུའི་ཁྱད་པར་རོ། །བྱ་རྒྱུད་ཐེག་པ་གྲངས་མང་ཡང་། །འདེགས་བྱ་དང་ནི་འདེགས་བྱེད་དོ། །ཐེག་པའི་ངོ་བོ་ས་མཚམས་འབྱེད། །འབྲས་བུའི་ཐོབ་ཚུལ་ལ་སོགས་པ། །མདོར་བསྡུས་ཅུང་ཟད་བསྟན་པ་ལགས། །མ་འོངས་དུས་ཀྱི་གདུལ་བྱ་རྣམས། །སྒྲ་དོན་སོ་སོར་གོ་བ་དང་། །ས་ལམ་ཐམས་ཅད་རབ་རྫོགས་ནས། །འབྲས་བུ་རིགས་གསུམ་ཐོབ་པར་མཛོད། །ཀྲྀ་ཡ་ཡི་ནི་མཐར་ཐུག་སྟེ། །ཨུ་པ་ཡ་ཡི་ལམ་སྟེགས་ཙམ། །གཅིག་ཅར་རྟོགས་པའི་རྣལ་འབྱོར་པ། །མ་རྟོགས་འགྲོ་དྲུག་སེམས་ཅན་རྣམས། །ལོག་རྟོག་མུ་སྟེགས་རྟག་ཆད་གཉིས། །ཐེག་དམན་བྱིས་པ་ཉན་རང་གཉིས། །ཐེག་ཆེན་བྱང་ཆུབ་སེམས་དཔའི་ཚོགས། །བྱ་རྒྱུད་ས་གཅོད་དགུ་ལ་སོགས། །ངར་འཛིན་གྲུབ་མཐའ་ཐ་དད་རྣམས། །ཆོས་རྣམས་ཐམས་ཅད་མཉམ་པ་ཉིད། །དབྱེར་མེད་གསུམ་གྱི་དོན་རྟོགས་ཤིང་། །མཚན་བཅས་མཚན་མེད་ཆོས་རྣམས་ལ། །སྒྲ་དོན་མ་འདྲེས་སོ་སོར་རྟོགས། །གཅིག་ཤེས་ཀུན་གྲོལ་མཁྱེན་པ་རྒྱས། །དེ་ལྟར་རྟོགས་པའི་རྣལ་འབྱོར་ལ། །གྲུབ་མཐའི་བྱེ་བྲག་སྒྲོད་དུ་མེད། །རང་བཞིན་ལྷུན་གྲུབ་རྩོལ་སྒྲུབ་མེད། །མཧཱ་མུ་དྲ་ཕྱག་རྒྱ་ཆེ། །འབྲས་བུ་གཞན་ནས་མི་རེ་བ། །རྟོགས་previous hit ་རྩལ་རྫོགས་བཞེད་དགོངས next hit་ཡིན། །མགྲིན་པའི་ལོངས་སྤྱོད་འཁོར་ལོ་རུ། །ཨཱ་ལི་ཀཱ་ལི་མཉམ་སྦྱོར་ཞིང་། །རྩ་མདུད་པདྨ་ཁ་འབྱེད་པས། །ངག་གི་མཁའ་འགྲོས་

(༩༩)བྱིན་གྱིས་བརླབས། །རྟོགས་པ་རབ་འབྲིང་ཐ་མ་ལས། །ཅུང་ཟད་ཙམ་ཅིག་རྟོགས་པ་ལགས། །རང་གི་ལུས་ངག་ཡིད་གསུམ་འདི། །ཕྱག་རྡོར་འཇམ་དཔལ་སྤྱན་རས་གཟིགས། །དབྱེར་མེད་རིགས་གསུམ་ངོ་བོར་རྟོགས། །བྱ་རྒྱུད་མན་ཆད་ཐེག་པ་ཡི། །གྲུབ་མཐའི་འཕྲེང་ལས་རབ་གྲོལ་བས། །ཐེག་པའི་བྱེ་བྲག་ས་མཚམས་མེད། །ཕྲིན་ལས་རྩོལ་མེད་ཤུགས་ལས་འབྱུང་། །ཡེ་ཤེས་དབྱིངས་ཀྱི་དཀྱིལ་འཁོར་ལས། །རང་བཞིན་ཉིད་ཀྱི་ལྷ་ཚོགས་བཞུགས། །མཧཱ་མུ་ཏྲ་སྐད་པ་དེ། །དེ་འདྲའི་དོན་གཅིག་རྟོགས་ན་ཡིན། །དབང་པོ་ཡང་རབ་གདུལ་བྱ་ཡིས། །སྲིད་པ་དག་ཏུ་མི་འཁྲུལ་ཞིང་། །ཞི་བར་རབ་ཏུ་མི་གནས་ཤིང་། །བདེན་གཉིས་ས་ལམ་མི་སྒྲོད་པར། །རང་བྱུང་རྟོགས་པའི་ཡེ་ཤེས་ཅན། །རྒྱུ་འབྲས་ཡོངས་རྫོགས་དོན་རྟོགས་མཛོད། །ལོངས་སྐུའི་བསྟན་པ་དང་པོ་ནི། །བྱ་རྒྱུད་བསྟན་པའི་གཞི་འཛིན་ཞིང་། །བདེ་གཤེགས་བཀའ་དང་བླ་མའི་ལུང་། །བདེ་གཤེགས་གསུང་རབ་རྒྱ་མཚོ་ལས། །བདག་འདྲས་དཔག་པར་མི་ནུས་ཀྱང་། །ཐོས་བསམ་སྒོམ་གྱི་སྒྲོ་འདོགས་བཅད། །དེ་དང་དེ་དོན་མངོན་དུ་གྱུར། །བྱ་རྒྱུད་སྔགས་ཀྱི་རིམ་པ་རྣམས། །བྱར་མེད་སྐུ་གསུམ་རྩལ་རྫོགས་ཤིང་། །ཤན་འབྱེད་སྒྲ་དོན་བར་སྐབས་ལགས། །བསྟན་ལ་རབ་དགའ་དམ་ཚིག་ཅན། །སྣོད་ལྡན་སློབ་མས་མཁྱེན་པར་མཛོད། །མཁྱེན་པ་གཉིས་ལྡན་དགེ་བའི་བཤེས། །སྒོམ་ཆེན་འབྲིང་གི་རྟོགས་ཚུལ་ལགས། །སྒོམ་ཆེན་མང་སྟེ་སྒོམ་མེད་དཀའ། །རྟོགས་ལྡན་ཟེར་བ་མང་ལགས་ཀྱང་། །མཁྱེན་པ་གཉིས་ལྡན་དཀའ་བར་གདའ། །ཉམས་དང་རྟོགས་པ་གོ་བ་

(༡༠༠)གསུམ། །བདེ་གཤེགས་བཀའ་ལ་མཁྱེན་པ་རྒྱས། །དེ་བཞི་གཅིག་ཏུ་རྟོགས་པའི་ཕྱིར། །རྒྱུད་ཚོད་འདི་དང་འདི་ཙམ་ན། །སྒོམ་ཆེན་འབྲིང་གི་རྟོགས་ཚུལ་ལགས། །འོག་མིན་སྟུག་པོ་བཀོད་པའི་ཞིང་། །རྣམ་སྣང་རིགས་ལྔ་ཀུན་གྱི་གཙོ། །ལོངས་སྐུ་ཕུན་སུམ་ཚོགས་པ་ལ། །ལྷན་སྐྱེས་བདེ་ཆེན་འདུད་ཕྱག་འཚལ། །རྡོ་རྗེ་འཛིན་དང་རྒྱུད་པར་བཅས། །དངོས་གྲུབ་ཐོབ་ཅིང་མཁྱེན་པ་རྒྱས། །རྩ་བ་བརྒྱུད་པར་བཅས་པ་ལ། །དུས་གསུམ་དུས་མེད་ཕྱག་འཚལ་བསྟོད།། །།རྒྱ་གར་སྐད་དུ། ཨུ་པ་ཡ། བོད་སྐད་དུ། །སྤྱོད་པའི་རྒྱུད། །འཛམ་གླིང་འཇིག་རྟེན་འདི་ཉིད་ན། །སྐད་རིགས་སུམ་བརྒྱ་དྲུག་བཅུ་སྟེ། །དོན་ལ་ངོ་བོ་གཅིག་པའི་ཕྱིར། །སྤྱོད་པའི་རྒྱུད་དུ་གྲགས་པ་ཡིན། །དེ་ཡང་རྣམ་པ་གསུམ་གྱིས་སྟོན། །གླད་ཀྱི་དོན་དང་གཞུང་གི་དོན། །མཇུག་གི་དོན་དུ་གསུངས་པ་ཡིན། །གླད་ཀྱི་དོན་ཡང་གཉིས་ཡིན་ཏེ། །མཆོད་པར་བརྗོད་ཅིང་བཤད་པར་ཡང་། །དམ་བཅའི་བྱེ་བྲག་བསྟན་པ་ཡིན། །མཆོད་བརྗོད་དག་ཀྱང་བཞི་རུ་དབྱེ། །སྟོན་པ་དང་ནི་སློབ་དཔོན་དང་། །དམ་ཆོས་མཚན་ཕྱག་འཚལ་བ་དང་། །ཡིད་ཆེས་བྱིན་རླབས་འཇུག་པའི་ཕྱིར། །གླེང་གཞིའི་འབྲེལ་ཚུལ་རྒྱས་བསྡུས་བསྟན། །ཨུ་པ་ཡའི་བརྒྱུད་པ་ཡང་། །རྣམ་པར་སྣང་མཛད་ཆེན་པོ་ནས། །རྡོ་རྗེ་ཆོས་ཀྱིས་རབ་ཞུས་ཏེ། །ཨིནྡྲ་བོ་དྷི་ལ་སོགས་པ། །དཔེར་ན་ཆུ་བོའི་རྒྱུན་བཞིན་དུ། །རྒྱ་བོད་སློབ་དཔོན་དེ་དང་མཚུངས། །རྣལ་འབྱོར་དང་ནི་ཨུ་པ་ཡ། །སྟོན་པ་རྒྱུད་པ་ཐུན་མོང་ལགས། །སྔ་འགྱུར་ཕྱི་འགྱུར་ལ་སོགས་པ། །ཕྱི་རྒྱུད་གསུམ་གྱི་ཐུན་མོང་

(༡༠༡)དུ། །སྤྱོད་པ་ཤས་ཆེར་སྟོན་པ་ཡིན། །ཨུ་པ་ཡ་ཞེས་མཚན་བཏགས་སོ།། །།ད་ནི་བཤད་པར་དམ་བཅའ་བ། །བསྟན་པ་རྒྱ་མཚོ་དཔག་་མི་ལང་། །རྒྱན་ནི་དམ་པ་ཞེས་བྱ་ལ། །རྟོགས་པའི་རྒྱལ་པོ་ཕྱི་མ་སྟེ། །དེ་ཡི་ཕྱི་མ་ཨུ་པ་ཡ། །རྒྱུད་རྣམས་ཀུན་ཏུ་གསུངས་པ་ཡང་། །ཕུན་སུམ་ཚོགས་པ་ལྔ་ཡིས་སྟོན། །སྟོན་པ་བསྟན་པ་གནས་དང་གསུམ། །འཁོར་ནི་ཕུན་སུམ་ཚོགས་པའོ། །མ་ནོར་འབྲེལ་ཚུལ་རྒྱས་པར་ཡང་། །མཁས་པས་མ་ནོར་འཆད་པར་བགྱི། །རྒྱུད་སྡེ་རྣམ་པར་དབྱེ་བ་ཡི། །previous hit དགོངས་འགྲེལ་གདམ་ངག་བསྟན་བཅོས་རྣམས། །རྩིས་མགོ་ལྔ་ཡིས་བསྟན་པར་བྱ། །འཆད་ next hit་པོ་དང་ཉན་པ་པོས། །ཨུ་previous hit ་ཡ་ཡི་དགོངས next hit་འགྲེལ་རྣམས། །སྒྲ་དོན་ཤན་འབྱེད་རྟེན་འབྲེལ་ཚོགས། །བསྟན་པ་གནས་ཕྱིར་བརྩོན་པར་བྱ། །ད་ནི་གཞུང་གི་དོན་རྣམས་ཀྱི། །རྒྱས་དང་བསྡུས་པ་ལ་སོགས་པའི། །ཐེག་པའི་གོ་རིམ་བསྟན་པར་བྱ། །ཨུ་པ་ཡ་ཞེས་བྱ་བ་ནི། །རྒྱུད་སྡེ་བཞི་ཡི་སྤྱི་ཁར་ཡང་། །གཙོ་ཆེར་སྤྱོད་པ་ཤས་ཆེར་སྟོན། །ཁྱད་པར་ཀྲྀ་ཡ་ཡོ་ག་གཉིས། །དེའི་བར་མཚམས་ཨུ་པ་ཡ། །གཉིས་ཀ་སྤྱོད་དུ་ཤེས་པར་བྱ། །རྟོགས་པའི་རྒྱལ་པོ་ཕྱི་མའི་རྒྱུད། །དམ་པ་རྒྱན་ཞེས་བྱ་བ་དང་། །ཕྱི་རྒྱུད་གཉིས་ཀྱི་བཞེད་previous hit དགོངས་ཀྱིས། །ཕྱི་རྒྱུད་རྣམ་ next hit་གསུམ་དག་གིས། །ལྟ་སྤྱོད་ཐུན་མོང་སྟོན་པ་ཡིན། །ཨུ་པ་ཡ་ཞེས་བྱ་བ་ནི། །ཀྲྀ་ཡ་སྤྱོད་ཅིང་ཡོ་ག་སྒྲུབ། །གཉིས་ཀ་སྤྱོད་ཅེས་མཚན་ཡང་བཏགས། །འཇུག་ལུགས་རྣམ་པ་དགུ་དག་གིས། །ས་སྤྱོད་རྐང་གྲངས་གསུངས་ན་ཡང་། །སྤྱོད་པ་གཙོ་ཆེར་སྟོན་པ་ཡིན། །ཀྲྀ་ཡ་སྐུ་གསུང་ཐུགས་ཀྱི་རྒྱུད། །སྤྱོད་པ་

(༡༠༢)གཙོ་ཆེར་སྟོན་ལགས་ཀྱང་། །ལྟ་བ་ཤས་ཆེར་སྟོན་པ་ཡིན། །སྐུ་གསུང་ཡོན་ཏན་ཕྲིན་ལས་སོགས། །རྒྱུད་སྡེ་ཀུན་གྱི་འབྲས་བུ་སྟེ། །ལྟ་སྤྱོད་གཉིས་ཀ་སྟོན་པ་ནི། །གཉིས་ཀའི་རྒྱུད་དུ་ཤེས་པར་བྱ། །ཨུ་པ་ཡ་ཡི་ཆ་ཤས་ཙམ། །འབྲས་བུ་ཐོབ་པར་བཞེད་པ་ཡིན། །རྣལ་འབྱོར་ཕྱི་པའི་འདོད་པ་གཉིས། །རང་རིག་དངོས་དང་མཚན་མ་གཉིས། །དབྱེར་མེད་དབྱིངས་དང་ཡེ་ཤེས་གཉིས། །བྱིན་རླབས་རྡོ་རྗེ་དབྱིངས་ལྟ་གཉིས། །ཤ་ལ་གྲོགས་པོའི་མཆད་ཚུལ་གཉིས། །མ་གྲུབ་ཚོལ་ནས་འཇིག་རྟེན་དག །གྲོགས་ལ་བརྟེན་ནས་ནོར་འཚོལ་མཚུངས། །གཉིས་ཀ་རྒྱུད་ལས་གསུངས་པ་ཡང་། །ཨུ་པ་ཡ་ཡི་བཞེད་ལུགས་ནི། །རྣམ་གྲངས་དགུ་ཡིས་འཇུག་པ་སྟེ། །འཇུག་པའི་སྒོ་དང་ལྟ་བ་དང་། །སྒོམ་དང་སྤྱོད་པ་དམ་ཚིག་དང་། །མི་མཐུན་ཕྱོགས་རྣམས་སྤང་བ་དང་། །ས་ལམ་དང་ནི་གནས་པ་སྟེ། །ཕྲིན་ལས་སྣ་ཚོགས་འབྲས་བུའོ། །ཕྲིན་ལས་སྣ་ཚོགས་ཤུགས་ལས་འབྱུང་། །ཞི་བ་ལ་སོགས་སྦྱིན་སྲེག་དང་། །གཏོར་མ་འགྲོན་ལ་སོགས་པ་རྣམས། །ཨུ་པ་ཡ་ཡི་དབང་བསྐུར་དང་། །གཟུངས་ཆོག་བསྲུང་བཟློག་ལས་རྣམས་འགྲུབ། །མ་འདྲེས་སོ་སོར་ཤེས་པར་བྱ། །འབྲས་བུ་དག་གི་ཐོབ་ཚུལ་ནི། །རིགས་བཞི་རྣམ་པར་འབྱེད་པའི་ས། །རྒྱུད་ནས་གསུངས་བཞིན་ཤེས་པར་བྱ། །འཇུག་སྒོ་ལ་སོགས་གཞན་རྣམས་ནི། །ཀྲྀ་ཡོག་གཉིས་སུ་ཤེས་པར་མཛོད། །བསྐྱེད་རྫོགས་དཀྱིལ་འཁོར་ལ་སོགས་པ། །ཀྲྀ་ཡོག་གཉིས་དང་མཐུན་པར་སྤྱོད། །དོན་ལ་ངོ་བོ་གཅིག་ན་ཡང་། །ཨུ་པ་ཡ་དང་བཞི་རུ་དབྱེ། །ཨུ་པ་ཡ་ཡི་སྤྱོད་རྒྱུད་དང་། །ཨུ་པ་ཡ་ཡི་བྱ་རྒྱུད་དང་། །ཨུ་པ་ཡ་ཡི་རྣལ་འབྱོར་དང་། །ཨུ་པ་ཡ་ཡི་

(༡༠༣)བླ་མེད་དེ། །སྡེ་ཚན་བཞི་རུ་གྲགས་པ་ཡིན། །ཕྱི་རྒྱུད་གསུམ་གྱི་ཞོར་འབྱུང་སྟེ། །དཀའ་ཐུབ་དཀའ་སྤྱད་དུ་མ་ཡིས། །ལུས་ངག་ཡིད་ཀྱི་སྒོ་གསུམ་དུ། །ཉོན་མོངས་དང་ནི་སྒྲིབ་པའི་ཚོགས། །སྦྱོང་ཞིང་དག་པར་བྱེད་པ་སྟེ། །ཀྲྀ་ཡོག་གཉིས་ཀྱི་སྤྱི་མཐུན་དུ། །སྤྱོད་ཅིང་སྒྲུབ་པར་བྱེད་པ་སྟེ། །དབང་པོའི་བྱེ་བྲག་ཅི་བཞིན་དུ། །དུས་ནི་རབ་འབྲིང་ཐ་མ་གསུམ། །འབྲས་བུའི་ཐོབ་ཚུལ་དེ་བཞིན་ནོ། །ཨུ་པ་ཡ་ཡི་ཐེག་པ་ནི། །ཐེག་པ་གཉིས་ཀྱི་སྤྱི་མཐུན་ལགས། །ཀྲྀ་ཡོག་རྒྱུད་སྡེ་གྲངས་མང་ཡང་། །སྐྱེད་རྫོགས་སྤྱོད་དང་དམ་ཚིག་དང་། །སྙིང་པོ་སྔགས་དང་གསོ་སྦྱོང་སོགས། །ལས་རྣམས་སྣ་ཚོགས་སྒྲུབ་པ་དང་། །སྒྲིབ་པ་ཇི་ལྟར་དག་པ་བཞིན། །ས་ལམ་རིམ་གྱིས་རྫོགས་པ་དང་། །ཡོན་ཏན་ཕྲིན་ལས་བསམ་མི་ཁྱབ། །འབྲས་བུ་ལོངས་སྐུའི་ཚུལ་དུ་རྫོགས། །སྡེ་སྣོད་དག་ནི་གསུམ་དག་ཏུ། །ཨུ་པ་ཡ་དང་ཆ་མཐུན་དུ། །ཁྱད་པར་མདོ་སྡེ་འདུལ་བ་ན། །བསྲུང་སྡོམ་དང་ནི་གཙང་སྦྲ་རྣམས། །ཇི་ལྟར་དང་དུ་ལེན་པ་བཞིན། །ཨུ་པ་ཡ་ཡི་རྣལ་འབྱོར་པས། །དེ་ལྟར་ཉམས་སུ་བླང་བར་བྱ། །ཨུ་པ་ཡ་ཡི་འབྲས་བུ་ནི། །མཐར་ཐུག་རིགས་བཞི་རྣམ་པར་འབྱེད། །ངོ་མཚར་ཆེ་བར་གསུངས་ན་ཡང་། །རྣལ་འབྱོར་རྒྱུད་ཀྱི་ལམ་སྟེགས་ཙམ། །ད་རུང་ཐེག་པའི་རྣམ་གྲངས་ནི། །གོང་དུ་རྫོགས་རྒྱུ་ཡོད་པའི་ཕྱིར། །མཁས་པས་དེ་དོན་མཁྱེན་པར་མཛོད། །གྲུབ་ཐོབ་རྣམས་ཀྱིས་བྱིན་བརླབས་ཤིང་། །སྒྲ་དོན་ཐེག་པའི་བྱེ་བྲག་ལ། །མ་འདྲེས་སོ་སོར་རྟོགས་པ་ཡི། །མ་རྟོགས་པ་དང་ལོག་པར་རྟོགས། །ཉན་རང་བྱང་ཆུབ་སེམས་དཔའ་དང་། །ཀྲྀ་ཡ་ཨུ་པའི་རྒྱུད་

(༡༠༤)སྡེ་བརྒྱད། །ལྷན་སྐྱེས་ཡེ་ཤེས་ཕྱག་རྒྱ་ཆེ། །རྒྱུ་རྟོགས་ལམ་རྟོགས་འབྲས་བུ་རྟོགས། །མཉམ་ཉིད་བདེ་བ་ཆེན་པོ་རུ། །རྟོགས་དང་མ་རྟོགས་ས་མཚམས་མེད། །སྤྱོད་པར་བྱ་བའི་ཆོས་རྣམས་དང་། །དགག་སྒྲུབ་བྱེ་བྲག་སྣ་ཚོགས་རྣམས། །ངོ་བོ་མཚན་ཉིད་གཅིག་ཏུ་རྫོགས། །སྙིང་པོ་དོན་གྱི་ཨུ་པ་ཡ། །ཀུན་རིག་རྒྱལ་པོར་རྟོགས་ལགས་པས། །བློས་བྱས་སྤྱོད་པའི་བཞག་འཇོག་རྣམས། །སྣང་སྟོང་རོ་གཅིག་སོ་སོར་རྫོགས། །འཁྲུལ་དང་ཡེ་ཤེས་འཆགས་པ་འདི། །སྒོམ་ཆེན་འབྲིང་གི་རབ་རྣམས་ཀྱིས། །ཤུགས་འབྱུང་སྤྱོད་པ་རང་གྲོལ་ཡིན། །རིགས་བཞིའི་རིགས་གསུམ་འབྲས་བུ་ཡང་། །ངོ་བོ་ཉིད་ཀྱིས་ཡོངས་རྫོགས་པས། །གཞན་ནས་ཐོབ་དུ་མི་རེ་བ། །རེ་དོགས་མེད་པ་འབྲས་བུའི་མཆོག །སྟོན་སྒོམ་རྣམས་ཀྱིས་མཁྱེན་པར་མཛོད། །ཀྲྀ་ཡོག་མན་ཆོད་ཐེག་པ་ཡི། །གོལ་སྒྲིབ་འཕྲང་ལས་སྒྲོལ་བ་ཡི། །བར་སྐབས་དག་ཏུ་བསྟན་པ་ཡིན།། །།རྒྱ་གར་སྐད་དུ། ཡོ་ག་ཏེ། བོད་སྐད་དུ། རྣལ་འབྱོར་རྒྱུད། །འདི་ཡང་རྣམ་པ་གསུམ་གྱིས་བསྟན། །གླད་དང་གཞུང་དང་མཇུག་གིས་སྟོན། །རྣམ་སྣང་རྒྱལ་པོ་ཀུན་ཏུ་ཞལ། །རིགས་བཞི་ཡུམ་ལྔར་བཅས་པ་དང་། །ཨེ་མ་སུམ་བཅུ་བདུན་དག་ལ། །སྒོ་གསུམ་དང་བས་ཕྱག་འཚལ་བསྟོད། །རྣམ་སྣང་རྒྱལ་པོ་མན་ཆོད་ནས། །སེམས་དཔའ་སེམས་མ་གྲུབ་ཐོབ་རྣམས། །ད་ལྟ་སློབ་དཔོན་ཡན་ཆད་ལ། །སྒོ་གསུམ་དང་བས་ཕྱག་འཚལ་བསྟོད། །ཡིད་ཆེས་བྱིན་རླབས་འཇུག་པའི་ཕྱིར། །བླ་མ་བརྒྱུད་པའི་གླེང་གཞི་དང་། །ཡོ་གའི་རྒྱུད་དང་གདམ་ངག་སོགས། །མ་འདྲེས་སོ་སོར་བཤད་ཀྱང་འཚལ། །གཞུང་གི་དོན་རྣམས་

(༡༠༥)བསྟན་པ་ནི། །སྔ་འགྱུར་གསང་སྔགས་རྙིང་མ་ལས། །རྣལ་འབྱོར་དག་གི་རྒྱུད་རྣམས་ཀྱང་། །གྲངས་མང་བོད་ལ་འགྱུར་བར་སྣང་། །རྒྱུད་སྡེ་རྣམ་པ་གྲངས་མང་ཡང་། །རྒྱུད་དང་རྒྱུད་ཀྱི་ཕྱི་མ་རྣམས། །གཅིག་རྒྱབ་གཅིག་གིས་སྐྱོང་བའི་ཕྱིར། །ཕུན་སུམ་ཚོགས་པ་ལྔ་རུ་འདུས། །གདུལ་བྱ་རབ་འབྲིང་ཐ་མ་ཡི། །དབང་པོའི་བྱེ་བྲག་དེ་བཞིན་དུ། །རྒྱས་དང་བསྡུས་ལ་སོགས་པ་ཡི། །ཚིག་གསལ་མཁས་པའི་སྒྲོན་མེ་དང་། །དོན་རིག་རྟོགས་པའི་ཡེ་ཤེས་གཉིས། །དབྱེར་མེད་གཅིག་ཏུ་འཆད་པར་བགྱི། །ཡོ་ག་རྒྱུད་ཀྱི་འགྲེལ་ས་དང་། བསྟན་བཅོས་གདམ་ངག་རིམ་པ་རྣམས། །ལོ་པཎ་མཁས་ལ་གྲུབ་པ་ཐོབ། །རྒྱ་བོད་སྤྲུལ་སྐུ་ཐམས་ཅད་ཀྱིས། །རྒྱུད་འགྲེལ་previous hit དགོངས next hit་ཐ་དད་རྣམས། །རྩིས་མགོ་ལྔ་ཡིས་བསྟན་པར་བགྱི། །ཡོ་ག་དག་གི་ཐེག་པ་ནི། །མཁས་རྣམས་བཞེད་ལུགས་སྣ་ཚོགས་ཡོད། །འཇུག་སྒོ་ལ་སོགས་གྲངས་མང་རྣམས། །ས་གཅོད་དགུ་རུ་ཤེས་པར་བྱ། །རྣལ་འབྱོར་རྒྱུད་ཅེས་བྱ་བ་ནི། །རྒྱུད་སྡེ་ཀུན་གྱི་སྒོམ་ལམ་སྟེ། །སྒོམ་དང་ཏིང་འཛིན་གཙོ་ཆེར་ནི། །འཇུག་པ་ཡི་ནི་སྒོ་རུ་བཤད། །སེམས་ཀྱི་ཏིང་འཛིན་རྩལ་རྫོགས་ནས། །བྱ་བ་ཐམས་ཅད་འགྲུབ་པར་བཤད། །རྡོ་རྗེ་རྩེ་མོའི་རྒྱུད་ལས་ཀྱང་། །དཀའ་ཐུབ་དཀའ་སྤྱད་འདིར་མི་དགོས། །ཁྲུས་དང་གཙང་སྦྲ་འདིར་མི་དགོས། །མཆོད་སྦྱིན་སྦྱིན་སྲེག་འདིར་མི་དགོས། །སངས་རྒྱས་ཐམས་ཅད་སེམས་དཔའ་ཆེ། །བདག་ཏུ་འགྱུར་བས་འགྲུབ་འགྱུར་ཞེས། །རྣལ་འབྱོར་རྒྱུད་ལས་གསུངས་པའི་ཕྱིར། །ཡོ་ག་བསྒྱུར་བའི་ལམ་པ་ཡིན། །རྣལ་འབྱོར་རྒྱུད་ཀྱི་ལྟ་བ་ནི། །དོན་དམ་ཀུན་རྫོབ་

(༡༠༦)རྟོགས་པ་ནི། །དོན་དམ་སེམས་ཀྱི་རང་བཞིན་ལས། །ཆོས་སྐུ་རྣམ་དག་རྟོགས་པའོ། །ཀུན་རྫོབ་ལྟ་བ་རྟོགས་པ་ཡི། །བྱིན་རླབས་ཡེ་ཤེས་ལྔ་དག་ལས། །རིགས་ལྔའི་དཀྱིལ་འཁོར་ཉིད་དུ་སྣང་། །རྡོ་རྗེ་དབྱིངས་དང་ཆོས་ཀྱི་དབྱིངས། །གཙུག་དགུ་ཀུན་རིག་ལ་སོགས་པ། །དཀྱིལ་འཁོར་ཀུན་གྱི་རྩ་བར་ཡང་། །ཡོ་ག་དཀྱིལ་འཁོར་ཀུན་བདག་པོ། །དཀྱིལ་འཁོར་ཐམས་ཅད་འབྱུང་བར་བཤད། །རྣལ་འབྱོར་རྒྱུད་ཀྱི་སྒོམ་པ་ནི། །སྐྱེད་རིམ་དང་ནི་རྫོགས་རིམ་སྟེ། །ཡོ་གའི་མངོན་རྟོགས་གྲངས་མང་ཡང་། །དག་པ་གསུམ་དང་མངོན་བྱང་ལྔ། །ལྷའི་དཀྱིལ་འཁོར་གྲངས་མང་ཡང་། །ཨེ་མ་སུམ་བཅུ་བདུན་དུ་འདུས། །ལྷ་དག་དཀྱིལ་འཁོར་གྲོགས་པོའི་ཚུལ། །བསྟེན་ཞིང་རྫོགས་པར་སྒོམ་པ་ཡིན། །མཚན་ཉིད་ཆོས་ཉིད་མི་རྟོག་སྒོམ། །རྫོགས་པར་བྱ་བའི་གདམས་པའོ། །སངྐྲ་ཧ་རའི་རྒྱུད་ལས་ཀྱང་། །གཞན་ཡང་སྒྲུབ་པ་ཆེན་པོ་ནི། །ཛཧཱུྃ་བཾ་ཧོཞེས་བརྗོད་དེ། །ཡིད་ཀྱིས་ལེགས་པར་སྦྱོར་བ་ཡིས། །ལུས་ལ་སངས་རྒྱས་རབ་ཏུ་བཞུགས། །སེམས་དཔའ་གསུམ་ལྡན་རྒྱུན་དུ་བསྒོམ། །རྡོ་རྗེ་རྩེ་མོའི་རྒྱུད་ལས་ཀྱང་། །ཤིན་ཏུ་ཕྲ་མོའི་ཡིད་ཀྱིས་ནི། །སེམས་ནི་ཆོས་ཉིད་བསྒོམ་པ་ནི། །སྣང་སྟོང་དབྱེར་མེད་ཏིང་འཛིན་ལ། །རྒྱུན་ཆད་མེད་པར་གནས་པར་བྱ། །ཡོ་ག་དག་གི་ཐེག་པ་ནི། །སྤྱོད་པ་དག་གི་དམ་ཚིག་དང་། །ས་ལམ་ཕྲིན་ལས་སྒྲུབ་པ་དང་། །དབང་དང་སྦྱིན་སྲེག་རབ་གནས་དང་། །བསྙེན་སྒྲུབ་མཆེད་དང་གཏོར་མ་དང་། །རྣལ་འབྱོར་རྒྱུད་ཀྱི་ཕྲིན་ལས་སོགས། །རྒྱུད་དང་ལུང་དང་མན་ངག་སོགས། །མཁས་previous hit ་རྣམས་ཀྱི་དགོངས next hit་འགྲེལ་སོགས། །མ་འདྲེས་སོ་སོར་ཤེས་པར་བྱ། །གསང་སྔགས་རྒྱུད་སྡེ་ཐམས་ཅད་ཀྱི། །ལག་ལེན་ཀུན་གྱི་རྩ་

(༡༠༧)བ་ནི། །ཐམས་ཅད་ཡོ་གར་འདུས་པ་ཡིན། །ཡོ་ག་དག་ནི་མཁས་གྱུར་ན། །སྔགས་ཀྱི་སྤྱོད་པ་ཀུན་ལ་མཁས། །དེ་ཕྱིར་གསང་སྔགས་སྤྱོད་པ་རྣམས། །སྔགས་དང་སྙིང་པོ་ཕྱག་རྒྱ་སོགས། །མ་ནོར་ལེགས་པར་བསླབ་པར་བྱ། །རྣལ་འབྱོར་རྒྱུད་ཀྱི་འབྲས་བུ་ནི། །རྣམ་སྣང་སྟུག་པོ་བཀོད་པའི་རྒྱན། །ཕུན་སུམ་ཚོགས་པ་ལྔར་ལྡན་ཞིང་། །གཟུགས་ལ་སོགས་པ་ཕུང་པོ་ལྔ། །རིགས་ལྔ་སྟུག་པོ་བཀོད་པའི་ཞིང་། །ལྟ་བ་སྤྱོད་པའི་འཁོར་ལོ་ལས། །ཚེ་གསུམ་སྟོད་ན་སྟུག་པོ་བཀོད། །རྣམ་སྣང་རྒྱལ་པོ་ཉིད་དུ་འགྱུར། །རྣལ་འབྱོར་འབྲས་བུའི་མཐར་ཐུག་སྟེ། །བླ་མེད་ཐེག་པའི་ལམ་སྟེགས་ཙམ། །རྣལ་འབྱོར་མན་ཆད་གྲུབ་མཐའ་རྣམས། །མ་འདྲེས་ཐེག་པ་སོ་སོར་སྣང་། །གཅིག་ཤེས་ཀུན་ལ་མཁས་པ་ཡི། །རྟོགས་པ་མཆོག་ལྡན་རྣལ་འབྱོར་པས། །སྒྲ་དང་དོན་དང་ཕྱི་ནང་གི། །གྲུབ་མཐའི་བྱེ་བྲག་སྣ་ཚོགས་རྣམས། །མ་འདྲེས་སོ་སོར་རྟོགས་པའི་ཕྱིར། །སྒོམ་བྱའི་སྔགས་ཀྱི་ཏིང་འཛིན་དང་། །དོན་དམ་ཀུན་རྫོབ་ལྟ་བ་དང་། །འཇུག་སྒོའི་བྱེ་བྲག་སྤྱོད་པ་སོགས། །མཐར་ཐུག་འབྲས་བུའི་རྣམ་སྣང་སོགས། །གཞན་ནས་ཐོབ་དུ་མི་རེ་བ། །དུས་གསུམ་དུས་མེད་མཉམ་པ་ཉིད། །དུ་མ་རོ་གཅིག་མཉམ་པ་ཉིད། །རྣལ་འབྱོར་རྒྱུད་ཀྱི་previous hit དགོངས next hit་རྣམས། །མཧཱ་མུ་ཏྲ་ལྷན་ཅིག་སྐྱེས། །རྟོགས་པ་རབ་འབྱམ་རྩལ་རྫོགས་པས། །ཀུན་རིག་རྒྱལ་པོ་ཉིད་དང་མཚུངས། །མ་རྟོགས་པ་དང་ལོག་པར་རྟོགས། །ཤཱཀྱ་ཐུབ་དང་ལོངས་སྤྱོད་རྫོགས། །གཟུགས་སྐུའི་བསྟན་པ་རྣམ་གཉིས་སོགས། །ཐ་དད་དུ་མར་སྣང་ན་ཡང་། །སྒོམ་མེད་ཀློང་དུ་གྱུར་པ་ཡི། །རང་བྱུང་ཡེ་ཤེས་དཀྱིལ་འཁོར་དུ། །མ་བྱུང་བ་དང་མ་རྫོགས་པ། །ཅུང་ཟད་ཙམ་ཡང་ཡོད་མ་ཡིན། །མཁས་ལ་གྲུབ་པ་ཐོབ་པ་རྣམས།

(༡༠༨)ཐོས་བསམ་སྒོམ་པས་རྒྱུད་སྦྱངས་ཤིང་། །རྟོགས་པ་སྒྲ་དོན་སོ་སོར་མཁྱེན། །འཁོར་འདས་ལམ་གྱི་ཆོས་རྣམས་ལ། །ཕྱོགས་མེད་རྟོགས་པའི་སྤྱན་གྱིས་གཟིགས། །རིགས་ལྡན་སློབ་མས་མཁྱེན་པར་མཛོད། །ཡོ་ག་མན་ཆོད་སྒྲ་དོན་རྣམས། །སོ་སོར་རྟོགས་པའི་བར་སྐབས་ལགས།། །།རྒྱ་གར་སྐད་དུ། མཧཱ་ཡོ་ག་སྟེ། །བོད་སྐད་དུ་རྣལ་འབྱོར་ཆེན་པོར་བརྗོད། ཆོས་དབྱིངས་རབ་འབྱམས་ཡངས་པའི་ཀློང་། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས། །རྡོ་རྗེ་བཙུན་མོའི་བྷ་ག་སྟེ། །ཀུན་བདག་དྲུག་པ་རྡོ་རྗེ་འཆང་། །ལྷན་སྐྱེས་བདེ་བ་ཆེན་པོར་བཞུགས། །བདག་གཞན་གཉིས་མེད་འདུད་ཕྱག་འཚལ། །བླ་མེད་རྡོ་རྗེ་ཐེག་པ་ནི། །སྔ་འགྱུར་རྒྱུད་སྡེ་གྲངས་མཐའ་ཡས། །སྒྱུ་འཕྲུལ་དང་ནི་སྡེ་བརྒྱད་སོགས། །རྙིང་མ་ཞེས་བྱར་མཚན་གསོལ་ལོ། །རྒྱ་མཚོ་ལྟར་ཟབ་བདེ་མཆོག་དང་། །ཉི་ཟླ་ལྟར་གྲགས་དགྱེས་རྡོར་དང་། །མཧཱ་མ་ཡ་གདན་བཞི་སོགས། །མ་རྒྱུད་རྒྱུད་སྡེ་གྲངས་མང་ཞིང་། །གསང་འདུས་དགྲ་ནག་ལ་སོགས་པ། །ཕ་རྒྱུད་དང་ནི་མ་རྒྱུད་རྣམས། །ཕྱི་འགྱུར་གསར་མ་ཞེས་སུ་གྲགས། །སྔ་འགྱུར་ཕྱི་འགྱུར་ཐམས་ཅད་ཀྱང་། །བླ་མེད་ཐེག་པ་ངོ་བོ་ལ། །ལུང་བསྟན་སྐྱེས་བུ་མི་བཞི་སྟེ། །དགའ་རབ་རྡོ་རྗེ་ས་ར་ཧ། །ཛ་དང་ཀླུ་སྒྲུབ་སྙིང་པོ་བཞི། །འདི་དག་གིས་ནི་ས་མཚམས་འབྱེད། །ཕ་རྒྱུད་རྣམས་ནི་རིམ་པ་ལྔ། །མ་རྒྱུད་ཐམས་ཅད་ཕྱག་རྒྱ་བཞི། །ཐབས་དང་ཤེས་རབ་མཚུངས་ལྡན་རྒྱུད། །བདུད་རྩི་རྒྱ་མཚོའི་རྒྱུད་ལས་ཀྱང་། །ཕུང་པོ་ཁམས་དང་སྐྱེ་མཆེད་སོགས། །གདོད་ནས་རྒྱལ་བའི་དཀྱིལ་འཁོར་ཏེ། །ཡིན་ལུགས་ཤེས་པས་གྲོལ་བར་འགྱུར།

(༡༠༩)བླ་མེད་ཐེག་པའི་ཁྱད་པར་འཕགས། །བླ་མེད་རྒྱུད་ལས་གསུངས་པའི་ཕྱིར། །རྒྱུད་དང་རྒྱུད་ཀྱི་ཕྱི་མ་རྣམས། །ཕུན་སུམ་ཚོགས་པ་ལྔར་ལྡན་ཞིང་། །རྒྱུད་དང་ལུང་དང་མན་ངག་རྣམས། །མ་ནོར་སོ་སོར་ཤེས་པར་བྱ། །བླ་མེད་རྒྱུད་ཀྱི་དགོངས་འགྲེལ་རྣམས། །བསྟན་བཅོས་གདམ་ངག་དཔག་མེད་ཀྱང་། །རྩིས་མགོ་ལྔ་ཡིས་འཆད་པར་བགྱི། །བླ་མེད་རྡོ་རྗེ་ཐེག་པར་ཡང་། །རྣམ་པ་བཞི་རུ་ཤེས་པར་བྱ། །བླ་མེད་ཀྱིས་ནི་བླ་མེད་དང་། །བླ་མེད་ཀྱིས་ནི་རྣལ་འབྱོར་དང་། །བླ་མེད་ཀྱི་ནི་བྱ་རྒྱུད་དང་། །བླ་མེད་ཀྱི་ནི་སྤྱོད་རྒྱུད་དེ། །རྒྱུད་དང་ལྷ་དང་ཐེག་པ་སོགས། །བཞི་བཞི་རུ་ནི་ཤེས་པར་བྱ། །ཐེག་པའི་འཇུག་སྒོ་གྲངས་མང་ཡང་། །ས་བཅད་དགུ་ཡིས་འབྱེད་པ་ཡིན། །འཇུག་པའི་སྒོ་དང་ལྟ་བ་དང་། །སྤྱོད་དང་སྒོམ་དང་འབྲས་བུར་བཅས། །ས་དང་ལམ་དང་གནས་པ་དང་། །དམ་ཚིག་གསུང་དང་ཕྲིན་ལས་སོགས། །དགུ་འམ་བཅུ་རུ་ཤེས་པར་བྱ། །མཧཱ་ཡོ་གའི་འཇུག་སྒོ་ནི། །ཐབས་དང་ཤེས་རབ་སྒོ་ནས་འཇུག །གསང་བ་སྙིང་པོའི་རྒྱུད་ལས་ཀྱང་། །ཐབས་དང་ཤེས་རབ་དགྱེས་སྤྲིན་པ། །བྱང་ཆུབ་ཚོགས་དྲུག་འཁོར་ལོའོ། །བདེ་མཆོག་འཁོར་ལོའི་རྒྱུད་ནས་ཀྱང་། །སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །ཐབས་དང་ཤེས་རབ་གཉིས་མེད་སྦྱོར། །བདེ་མཆོག་བདེ་བ་ཆེན་པོ་རུ། །གསང་མཆོག་རྒྱུད་ལས་གསུངས་པ་དང་། །རྡོ་རྗེ་ཐེག་པའི་སྣོད་ལྡན་རྣམས། །འཇུག་སྒོ་དང་པོར་བཞེད་པ་ཡིན། །འཇུག་ནི་ཐེག་པ་ཆེན་པོར་འཇུག །སྒོ་ནི་སྨིན་ལམ་དབང་གིས་འབྱེད། །བླ་མེད་རྡོ་རྗེའི་རྒྱུད་ལས་ཀྱང་། །གསང་མཆོག་

(༡༡༠)རྡོ་རྗེ་ཐེག་པ་ནི། །མ་བྱུང་མི་འབྱུང་འབྱུང་མི་འགྱུར། །རང་བཞིན་དག་པའི་གནས་ལུགས་ལ། །དུག་ལྔ་རང་བྱུང་ཡེ་ཤེས་ལྔ། །ཕུང་པོ་ལྔ་ནི་རིགས་ལྔ་སྟེ། །འབྱུང་བ་ལྔ་ཡང་ཡུམ་ཆེན་ལྔ། །ཕུང་པོ་ཁམས་དང་སྐྱེ་མཆེད་སོགས། །ལྷ་དང་ལྷ་མོའི་དཀྱིལ་འཁོར་ཏེ། །ཐམས་ཅད་རང་ལ་རྫོགས་པར་བཞུགས། །བླ་མེད་རྒྱུད་ལས་གསུངས་པ་ཡང་། །ལྟ་རྟོགས་གཉིས་མེད་བྲང་སྤྲད་ཅིང་། །རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་ཀྱང་། །ཐམས་ཅད་རང་གི་རྣམ་འཕྲུལ་ཏེ། །རྡོ་རྗེ་ཐེག་པའི་བཤེས་གཉེན་རྣམས། །དེ་དང་དེ་དོན་མཁྱེན་པར་མཛོད། །ཕྱིའི་ཐབས་དང་ཤེས་རབ་དང་། །ནང་གི་ཐབས་དང་ཤེས་རབ་དང་། །གསང་བའི་ཐབས་དང་ཤེས་རབ་སྟེ། །རྣམ་པ་གསུམ་དུ་ཤེས་པར་བྱ། །ཕྱིའི་ཐབས་དང་ཤེས་རབ་ནི། །སྐྱེད་རིམ་གཟུགས་བརྙན་དཀྱིལ་འཁོར་དང་། །ཏིང་འཛིན་སེམས་དཔའི་དཀྱིལ་འཁོར་ཏེ། །ཡེ་ཤེས་སེམས་དཔའ་དབང་བསྐུར་སོགས། །དཀྱིལ་འཁོར་རྒྱས་བསྡུས་གང་ཡང་རུང་། །ལྟ་རྟོགས་དབྱེར་མེད་རྫོགས་པར་བསྒོམ། །འཇུག་སྒོ་དང་པོར་བཞེད་པ་ཡིན། །ནང་གི་འཇུག་སྒོ་གཉིས་པ་ནི། །ལུས་ནི་རྡོ་རྗེའི་གནས་ལུགས་དང་། །རྩ་ནི་རྡོ་རྗེའི་གནས་ལུགས་དང་། །སེམས་ནི་རྡོ་རྗེའི་གནས་ལུགས་ཏེ། །བྱང་སེམས་རྡོ་རྗེའི་གནས་ལུགས་སོ། །དགྱེས་པ་རྡོ་རྗེའི་རྒྱུད་ལས་ཀྱང་། །ལྟེ་བའི་གཏུམ་མོ་སྤར་བྱ་སྟེ། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། །སྤྱན་ལ་སོགས་པ་ཡང་བསྲེགས་ནས། །བསྲེགས་པས་རི་བོང་སྤྱན་ནམ་འཛག །བླ་མེད་རྒྱུད་ལས་གསུངས་པ་ཡང་། །གསང་བ་ཐབས་དང་ཤེས་རབ་ཀྱིས། །previous hit དགོངས next hit་རྒྱས་པར་བསྟན་པ་ཡིན། །ལུས་ལ་ཡེ་ཤེས་ཆེན་པོ་གནས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །རྟོག་པ་ཐམས་ཅད་ཡང་དག་སྤངས། །ལུས་

(༡༡༡)གནས་ལུས་ལས་མ་སྐྱེས་པའོ། །རྡོ་རྗེ་ཐེག་པར་གསུངས་པ་ཡང་། །ལུས་སེམས་གནས་ལུགས་བསྟན་པ་ཡིན། །རྡོ་རྗེ་འཛིན་པས་ཡང་གསོལ་བ། །རྡོ་རྗེའི་ལུས་འདི་དག་པ་ལས། །རྩ་ནི་རྣམ་པ་དུ་ཞིག་མཆིས། །དཔའ་བོ་ཆེན་པོས་བཀའ་བསྩལ་བ། །གཙོ་བོ་གསུམ་དང་འཁོར་ལོ་ལྔ། །སྟོང་ཕྲག་བདུན་བཅུ་རྩ་གཉིས་ཏེ། །རླུང་དང་བྱང་ཆུབ་སེམས་རྣམས་ཀྱང་། །ཐམས་ཅད་ཀུན་ལ་ཁྱབ་པར་རྒྱུ། །འཁོར་དང་མྱ་ངན་འདས་པ་ཡི། །རླུང་སེམས་ཇི་ལྟར་འདུས་པ་བཞིན། །བྱ་བ་ཐམས་ཅད་རྫོགས་པར་སྒྲུབ། །གསང་བ་འདུས་པའི་རྒྱུད་ལས་ཀྱང་། །རླུང་ཞེས་བྱ་བ་ལས་ཀུན་བྱེད། །རྡོ་རྗེ་འཆང་གིས་བཀའ་བསྩལ་བ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རླུང་། །ཉིན་ཞག་གཅིག་ལ་རྒྱུ་བ་སྟེ། །དཀྱིལ་འཁོར་གཅིག་གི་རླུང་དུ་བཞེད། །རྩ་དང་རླུང་དང་བྱང་ཆུབ་སེམས། །ལུས་ཅན་ཀུན་ལ་ཁྱབ་པར་གནས། །འགྲོ་དྲུག་ཡོངས་ཀྱི་སྐྱེ་རྒྱུད་ཡིན། །ཁམས་གསུམ་པ་ཡི་སྲོག་རྩར་བཞེད། །ཕ་རྒྱུད་མ་རྒྱུད་བླ་མེད་རྒྱུད། །previous hit དགོངས next hit་ལོན་པའི་བཤེས་གཉེན་མཆོག །མཁས་ལ་གྲུབ་པ་ཐོབ་པ་ཡི། །བླ་མ་རྡོ་རྗེ་འཆང་དང་མཚུངས། །རྡོ་རྗེ་ཐེག་པའི་ཚིག་སྦྲམ་རྣམས། །སྙན་རྒྱུད་ཐུགས་ཀྱི་གཏེར་ཁ་ཕྱེད། །ནང་གི་ཐབས་དང་ཤེས་རབ་ཀྱི། །ཟབ་མོ་གནད་ཀྱི་ཆར་རྒྱུན་འབེབས། །སྐལ་ལྡན་མྱུ་གུ་བསྐྱེད་མཛད་པ། །མཆོག་དང་ཐུན་མོང་ལ་སོགས་པ། །སངས་རྒྱས་སྐུ་ལྔའི་དངོས་གྲུབ་འབྱུང་། །མཧཱ་ཡོ་གའི་ཐེག་པ་ཡི། །འཇུག་སྒོ་གཉིས་པར་བཞེད་པ་ཡིན། །གསང་བའི་ཐབས་དང་ཤེས་རབ་ནི། །སྒྱུ་འཕྲུལ་རྒྱས་པའི་རྒྱུད་ལས་ཀྱང་།

(༡༡༢)སྦྱོར་བ་དང་ནི་སྒྲོལ་བ་སྟེ། །སྦྱོར་བ་ཁམས་གསུམ་ཡོངས་ལ་སྦྱོར། །ཐབས་དང་ཤེས་རབ་དཀྱིལ་འཁོར་ཏེ། །འདོད་ཆགས་དཀྱིལ་འཁོར་ཀུན་བདག་གཙོ། །རང་བཞིན་སྦྱོར་དང་ཐབས་ཀྱིས་སྦྱོར། །མངོན་དུ་ཕྱུང་སྟེ་སྦྱོར་བ་དང་། །མ་འོངས་རྗེས་འཇུག་སྦྱོར་བ་དང་། །ཀུན་ཁྱབ་སྦྱོར་བ་ཆེན་པོ་སྟེ། །རྣམ་པ་ལྔ་རུ་བཞེད་པ་ཡིན། །གསང་དང་གསང་བ་བསྟན་པ་དང་། །གསང་བ་རྫོགས་ཕྱིར་བླ་ན་མེད། །བླ་མེད་རྡོ་རྗེ་ཐེག་པ་ནི། །ཉོན་མོངས་ལམ་དུ་སློང་བའི་ཕྱིར། །དུག་ལྔ་སྐུ་ལྔ་ཡེ་ཤེས་ལྔ། །ཐབས་དང་ཤེས་རབ་དབྱེར་མེད་པ། །རྡོ་རྗེ་ཐེག་པའི་ཁྱད་ཆོས་ཡིན། །དངོས་གྲུབ་ཀུན་གྱི་རྩ་བ་དང་། །ཕྱི་ནང་མཆོད་པ་ཐམས་ཅད་ཀྱིས། །ཡོན་ཏན་ཀུན་གྱི་གཏེར་གྱུར་པ། །འདོད་ཆགས་ཆེན་པོ་ཉིད་དུ་བཞེད། །སྟེང་སྒོ་འོག་སྒོ་ལ་སོགས་པ། །གསང་བའི་དཀྱིལ་འཁོར་བླ་མེད་པ། །དགའ་བ་བཞི་དང་ཨེ་ཝམ་བཞི། །གསར་རྙིང་རྒྱུད་སྡེ་གྲངས་མང་ཡང་། །previous hit དགོངས next hit་འདི་རུ་མ་འདུས་མེད། །གྲོལ་ལམ་དང་ནི་ཆགས་ལམ་དང་། །སྤྱི་ལུགས་དབང་བསྐུར་གྲངས་མང་ཡང་། །ཐབས་དང་ཤེས་རབ་སྒོ་ནས་འཇུག །མ་རྒྱུད་ཏནྟྲ་ཉིད་ལས་ཀྱང་། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །རྨོངས་པ་སྣུན་པས་ངོ་མི་ཤེས། །བླ་མེད་རྒྱུད་ལས་གསུངས་པ་ཡང་། །གསང་བའི་ཐབས་དང་ཤེས་རབ་སྟེ། །རྡོ་རྗེ་ཐེག་པ་བླ་མེད་རྒྱུད། །འཇུག་སྒོ་དག་ནི་གསུམ་པ་ཡིན། །མཚན་ཉིད་ཐེག་པའི་དབང་དུ་ན། །དོན་དམ་ཀུན་རྫོབ་སྒོ་ནས་འཇུག །བསྐལ་པ་གྲངས་མེད་གསུམ་དག་ཏུ། །དཀའ་སྤྱད་དུ་མས་འཇུག་ལགས་ཀྱང་། །མྱ་ངན་

(༡༡༣)འདས་པ་ཐོབ་པར་བཞེད། །མཧཱ་ཡོ་གའི་ཐེག་པ་ནི། །ཐབས་དང་ཤེས་རབ་སྒོ་གསུམ་དང་། །གང་ཞིག་འཇུག་པ་ཙམ་གྱིས་ཀྱང་། །ཡོ་ག་མན་ཆོད་འཇུག་སྒོ་དྲུག །ཐེག་པ་དྲུག་ལས་ཁྱད་པར་འཕགས། །མི་ཚེ་གཅིག་གིས་ལོངས་སྤྱོད་རྫོགས། །འཇུག་སྒོ་བླ་ན་མེད་པ་ཡིན། །མཧཱ་ཡོ་གའི་ཐེག་པ་ནི། །ཐབས་དང་ཤེས་རབ་དབྱེར་མེད་ཅིང་། །ལྷན་སྐྱེས་བདེ་བ་ཆེན་པོར་ལྟ། །གསང་བ་སྙིང་པོའི་རྒྱུད་ལས་ཀྱང་། །ཧོ་སྲིད་པ་གསུམ་ནི་ཡེ་ནས་དབེན། །ཁམས་གསུམ་སྲིད་གསུམ་དག་པའི་ཞིང་། །སྙིགས་མ་ལྔ་ནི་བདེ་ལྡན་ཞིང་། །ཕུང་པོ་ལྔ་ཉིད་མངོན་སངས་རྒྱས། །གཞི་རྩ་མེད་པའི་སེམས་ཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །མཚམས་མེད་མ་ཡིན་རིགས་རྒྱུད་མེད། །རྩལ་ཡང་རྒྱལ་བ་རྣམས་ཀྱིས་ནི། །དམ་ཆོས་གཞན་ནས་མི་རྙེད་དོ། །གསང་མཆོག་རྒྱུད་ནས་གསུངས་པ་ཡང་། །སྣང་ཞིང་སྲིད་པའི་ཆོས་རྣམས་དང་། །མྱ་ངན་འདས་པའི་ཞིང་ཁམས་སོགས། །གདོད་ནས་ལྷན་སྐྱེས་བདེ་བ་ཆེ། །ཡིན་ལུགས་ཤེས་པས་ཐམས་ཅད་གྲོལ། །ལྟ་བ་རྟོགས་པས་བླ་ན་མེད། །ཆོས་དབྱིངས་མཐའ་ཡས་བསམ་མི་ཁྱབ། །ཐམས་ཅད་དཀྱིལ་འཁོར་ཆེན་པོ་སྟེ། །རྣལ་འབྱོར་ཆེན་པོའི་དབྱིབས་ཀྱི་ལྷ། །རྟོགས་པ་མཐར་ཕྱིན་ལོངས་སྤྱོད་རྫོགས། །འཁོར་ལོ་སྡོམ་པའི་རྒྱུད་ལས་ཀྱང་། །གང་ན་འདུག་ཀྱང་གཞལ་ཡས་ཁང་། །སུ་དང་འཕྲད་ཀྱང་ཡི་དམ་ལྷ། །ཇི་ལྟར་བྱས་ཀྱང་ཆོས་ཀྱི་སྐུ། །དོན་དུ་མི་འགྱུར་གང་ཡང་མེད། །རྡོ་རྗེ་ཐེག་པར་གསུངས་ན་ཡང་། །རྣལ་འབྱོར་ཆེན་པོ་ལྟ་བ་སྟེ། །ལྟ་བ་བླ་ན་མེད་པ་ཡིན། །མཧཱ་ཡོ་གའི་སྒོམ་པ་ནི། །བསྙེན་དང་ཉེ་བའི་

(༡༡༤)བསྙེན་པ་སྟེ། །སྒྲུབ་དང་སྒྲུབ་པ་ཆེན་པོའོ། །རྡོ་རྗེ་ཐེག་པའི་ཚོགས་ལམ་དང་། །གསང་བ་སྔགས་ཀྱི་སྦྱོར་ལམ་གཉིས། །བྱང་ཆུབ་སེམས་ཀྱི་ཚོགས་སྦྱོར་དང་། །ཚིག་ལས་ཐ་དད་མེད་ན་ཡང་། །དོན་ལས་ཁྱད་པར་འཕགས་པ་ཡིན། །ཚོགས་ལམ་དག་ཀྱང་གསུམ་དུ་བཞེད། །སྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །གསང་མཆོག་རྒྱུད་ལས་གསུངས་པ་ཡང་། །སེམས་དཔའ་གསུམ་ལྡན་སྐྱེད་རིམ་ལ། །དཀྱིལ་འཁོར་རྒྱས་བསྡུས་གང་རུང་ལ། །གོམས་ཤིང་བརྟན་པར་བྱེད་པ་དང་། །སྙིང་པོ་སྔགས་དང་རྡོ་རྗེ་ཡི། །བཟླས་པ་ནུས་པ་མཐར་ཕྱིན་པ། །མཧཱ་ཡོ་གའི་བསྙེན་པ་ཡིན། །བསྙེན་པ་དག་ཀྱང་རྣམ་པ་བཞི། །ཕྱི་དང་ནང་དང་གསང་བ་དང་། །དེ་བཞིན་ཉིད་དུ་ཤེས་པར་བྱ། །སྔགས་དང་དབྱིབས་དང་ཆོས་བདག་མེད། །འདི་དག་རྣལ་འབྱོར་གསུམ་ཡིན་ཏེ། །སྲིད་པ་གསུམ་གྱིས་གོས་མི་འགྱུར། །སྒྱུ་མ་ཆེན་པོར་གསུངས་པ་ཡང་། །ཁམས་གསུམ་སྲིད་གསུམ་སྐུ་གསུང་ཐུགས། །དཀྱིལ་འཁོར་ཆེན་པོ་ཡོངས་རྫོགས་པ། །བསྐྱེད་རྫོགས་བརྟན་པའི་ཚད་དུ་གསུངས། །རྣལ་འབྱོར་ཆེན་པོའི་སྒོམ་པ་ནི། །སྒོམ་པ་ཀུན་ལས་བླ་ན་མེད། །རྣལ་འབྱོར་ཆེན་པོའི་སྤྱོད་པ་ནི། །ཚོགས་སྤྱོད་དང་ནི་རིག་སྤྱོད་དང་། །གསང་སྤྱོད་བླ་མེད་སྤྱོད་པའོ། །ཚོགས་ཀྱི་སྤྱོད་པ་ཞེས་བྱ་བ། །སྣང་སྲིད་འཁོར་འདས་ཐམས་ཅད་དང་། །རང་གི་ལུས་ངག་ཡིད་གསུམ་ཚོགས། །གདོད་ནས་ལྷའི་དཀྱིལ་འཁོར་ཏེ། །ཡིན་ལུགས་ཤེས་དང་ཆ་ལུགས་རྫོགས། །ངེས་ཤེས་བརྟན་དང་ཏིང་འཛིན་གྱི། །ཉིན་མཚན་སྤྱོད་ལམ་ཐམས་ཅད་དང་། །འགྲོ་འཆག་

(༡༡༥)ཉལ་འདུག་ཐམས་ཅད་དུ། །སྤྱོད་ལམ་གང་དང་གང་བསྒྲུབ་ཀྱང་། །ཐབས་དང་ཤེས་རབ་དབྱེར་མེད་ཅིང་། །ཐབས་དང་ཤེས་རབ་དཀྱིལ་འཁོར་དུ། །འདོད་ཡོན་ལྔ་ཡིས་བསྡུས་པ་འདི། །ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་དུ། །རྒྱུན་མི་འཆད་པར་སྤྱོད་བྱ་ཞིང་། །རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ། །ཐ་དད་མེད་པར་རྩལ་རྫོགས་བསྟན། །ཕྱིའི་སྤྱོད་པ་དག་ཏུ་བཞེད། །བླ་མེད་ཐེག་པའི་སྒོར་ཞུགས་ནས། །དེ་ལྟར་སྤྱོད་པ་མཐར་ཕྱིན་ན། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀྱང་། །ཞི་ཁྲོའི་དཀྱིལ་འཁོར་ཉིད་དུ་འཆར། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ། །རིག་འཛིན་དངོས་གྲུབ་དང་པོར་བཤད། །མཧཱ་ཡོ་གའི་རིགས་སྤྱོད་ནི། །ནང་གི་སྤྱོད་པ་བྱ་བ་ནི། །ཕྱི་ནང་སྣོད་བཅུད་ལ་སོགས་པ། །གདོད་ནས་ཐབས་དང་ཤེས་རབ་སྟེ། །གཉིས་མེད་སྦྱོར་བས་དངོས་གྲུབ་ཐོབ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །རང་བཞིན་ཐབས་དང་ཤེས་རབ་སྟེ། །གསང་བ་མཆོག་གི་རྒྱུད་ལས་ཀྱང་། །མི་གཙང་རྫས་དང་རྣམ་རྟོག་གིས། །ལུས་ཀྱི་ཆོས་ནི་གནས་པ་ཡིན། །དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །རྡོ་རྗེ་ཐེག་པར་གསུངས་པ་ཡང་། །ལུས་ངག་ཡིད་གསུམ་སྣང་བ་བཞི། །ཐབས་དང་ཤེས་རབ་དཀྱིལ་འཁོར་ཏེ། །འགྲོ་འཆག་ཉལ་ཞིང་འདུག་པ་དང་། །སྤྱོད་ལམ་རྣམ་པ་ཐམས་ཅད་དུ། །སྐྱེད་རྫོགས་དང་ནི་དཀྱིལ་འཁོར་ཏེ། །ཚོགས་དང་གཏོར་མ་མཆོད་སྦྱིན་སོགས། །གར་དང་ཕྱག་རྒྱ་འཁྲུལ་འཁོར་དང་། །ནང་གི་སྤྱོད་པ་སྣ་ཚོགས་རྣམས། །ཐབས་དང་ཤེས་རབ་དབྱེར་མེད་ཅིང་། །རྒྱུན་མི་འཆད་པར་སྤྱོད་བརྟན་

(༡༡༦)ན། །དེ་ལྟར་བརྟན་པའི་རྣལ་འབྱོར་ལ། །རྒྱུད་སྡེ་ཀུན་ནས་བཤད་པ་ཡིན། །ནང་གི་དངོས་གྲུབ་སྣ་ཚོགས་འབྱུང་། །རྣལ་འབྱོར་བླ་ན་མེད་པ་ཡི། །ནང་སྤྱོད་དངོས་གྲུབ་གཉིས་པ་ཡིན། །རྣལ་འབྱོར་ཆེན་པོའི་གསང་སྤྱོད་ནི། །གསང་སྔགས་གསུངས་པས་འགྲུབ་པ་སྟེ། །ལྷ་དང་སྔགས་དང་ཕྱག་རྒྱ་དང་། །ཕྱི་ནང་རྫས་ཀྱི་རིམ་པ་རྣམས། །གཞན་ལ་མི་བསྟན་གསང་བར་བྱ། །ཁྲག་འཐུང་རོལ་པའི་རྒྱུད་ལས་ཀྱང་། །གསང་སྔགས་གསང་ཞེས་བྱ་བ་ནི། །སྔགས་ལ་སྐྱོན་ཡོད་མ་ཡིན་ཏེ། །ཐེག་པ་དམན་པའི་མན་ངག་ལ། །སྙིང་རྗེ་ཆེན་པོས་ཐབས་ཀྱིས་གསང་། །ཡོ་ག་མན་ཆོད་ཐེག་པ་ལས། །ཁྱད་པར་འཕགས་པ་བླ་མེད་ཡིན། །གསང་བར་སྤྱོད་པ་མན་ངག་སྟེ། །རྒྱུད་དང་བླ་མའི་གདམ་ངག་བཞིན། །ཉམས་སུ་བླང་བ་མན་ངག་ཡིན། །མཆོད་པ་ཆེན་པོ་འདོད་ཆགས་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །དུག་ལྔའི་མཆོད་པ་བླ་ན་མེད། །འཇམ་དབྱངས་རྒྱུད་ལས་གསུངས་པ་བཞིན། །འདིའི་དོན་ལ་previous hit དགོངས next hit་ཡིན། །གསང་སྤྱོད་བརྟན་ཞིང་མཐར་ཕྱིན་ནས། །ལོངས་སྤྱོད་རྫོགས་པ་ཉིད་དུ་འགྱུར། །བླ་མེད་གསང་སྤྱོད་གསུམ་པ་ཡིན། །ཁོ་ན་ཉིད་ཀྱི་སྤྱོད་པ་ནི། །ཐམས་ཅད་ངོ་བོ་གཅིག་པའི་ཕྱིར། །མ་འདྲེས་ཡོངས་སུ་རྫོགས་པར་སྤྱོད། །ཡེ་ཤེས་ཡོངས་རྫོགས་དཀྱིལ་འཁོར་ལས། །མ་ཡེངས་རྒྱུན་དུ་དྲན་པ་ཡིས། །རྒྱུན་ཆད་མེད་པར་བརྟན་གྱུར་པ། །སྤྱོད་དུ་མེད་པའི་སྤྱོད་པ་སྟེ། །མཆོག་གི་དངོས་གྲུབ་རྨད་བྱུང་ཐོབ། །སྤྱོད་པ་བཞི་བརྟན་ཐེག་པ་འདི། །སྔགས་འཆང་རྣམས་ཀྱིས་མཁྱེན་པར་མཛོད། །རྣལ་འབྱོར་ཆེན་པོའི་གནས་པ་ནི།

(༡༡༧)དངོས་པོ་གཤིས་ཀྱི་གནས་ལུགས་ལ། །ཐབས་དང་ཤེས་རབ་ཟུང་འཇུག་གནས། །སྣང་སྲིད་འཁོར་འདས་མ་ལུས་པ། །ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་ཏེ། །རིགས་ལྔ་ཡབ་ཡུམ་བཅུ་རུ་གནས། །མཧཱ་ཡོ་གའི་གནས་པ་ཡིན། །རྣལ་འབྱོར་མཆོག་གི་ལམ་བསྒྲོད་པ། །དོན་དམ་དང་ནི་ཀུན་རྫོབ་སྟེ། །སྐྱེད་རྫོགས་ཟུང་འཇུག་ལམ་རྣམས་རྫོགས། །མཆོད་པ་དང་ནི་བླ་མེད་མཆོད། །མཆོད་པ་ཆེན་པོས་རྒྱལ་བ་མཉེས། །ཐེག་ཆེན་ལམ་རྣམས་བསྒྲོད་པའི་ཕྱིར། །བསོད་ནམས་ཚོགས་ཆེན་རྫོགས་ལགས་ན། །ལམ་ཆེན་རྫོགས་པར་ཐེ་ཚོམ་མེད། །ཐེག་ཆེན་མཧཱ་ཡོ་གའི་ལམ། །རིག་འཛིན་རྣམས་ཀྱིས་བསྒྲོད་ཀྱང་འཚལ། །བླ་མེད་ཐེག་པའི་དམ་ཚིག་ནི། །མི་སྤང་པ་ཡི་དམ་ཚིག་དང་། །དང་དུ་བླང་བའི་དམ་ཚིག་གོ། །དུག་ལྔ་མི་སྤང་དང་དུ་བླང་། །རྩ་བ་ཡན་ལག་དམ་ཚིག་དང་། །དམ་ཚིག་རྒྱུད་ཀྱི་རྗེས་འབྲངས་ནས། །ཆག་ཉམས་མེད་པར་བསྲུང་བར་བྱ། །ཤ་ལྔ་དམ་ཚིག་ལྔ་ལ་སོགས། །ཚོགས་འཁོར་ཡེ་ཤེས་བདུད་རྩི་རོལ། །ཕྱི་ནང་གསང་གསུམ་དམ་ཚིག་རྣམས། །རྒྱུན་ཆད་མེད་པར་བསྲུངས་ལགས་ན། །དངོས་གྲུབ་རྒྱ་མཚོ་ཐོབ་པར་འགྱུར། །གསང་བ་བླ་མེད་དམ་ཚིག་གོ། མཧཱ་ཡོ་གའི་ཕྲིན་ལས་ནི། །བྱ་བ་ཐམས་ཅད་དབང་གིས་རྫོགས། །དབང་ཡང་རྣམ་པ་གསུམ་ཡིན་ཏེ། །གཞི་ལམ་དང་ནི་འབྲས་བུའོ། །འཇམ་དཔལ་སྒྲ་ནག་རྒྱུད་ལས་ཀྱང་། །དབང་མཆོག་སེམས་ལ་མེད་གྱུར་ན། །བསྐུར་ཡང་ཐོབ་པར་གདན་འགྱུར། །དབང་མཆོག་སེམས་ལ་ཡོད་གྱུར་ན། །མ་བསྐུར་ན་ཡང་ཐོབ་པར་འགྱུར། །གསང་མཆོག་རྒྱུད་ནས་གསུངས་པ་ཡང་། །སྣང་སྲིད་འཁོར་འདས་མ་ལུས་པ། །ཐམས་ཅད་རང་བཞིན་མཉམ་པ་ཉིད།

(༡༡༨)དེ་ཉིད་རྫོགས་ན་དབང་རྣམས་རྫོགས། །ཆོ་ག་དཀྱིལ་འཁོར་སློབ་དཔོན་སོགས། །གཅིག་ཅར་རྫོགས་པས་བསྐུར་མི་དགོས། །མཧཱ་ཡོ་གའི་ཐེག་པ་ནི། །དབང་གི་ཁྱད་པར་འཕགས་པ་སྟེ། །དགྱེས་པ་རྡོ་རྗེའི་རྒྱུད་ལས་ཀྱང་། །བུམ་པའི་དབང་ནི་དང་པོ་སྟེ། །གསང་བའི་དབང་ནི་གཉིས་པ་ཡིན། །ཤེས་རབ་ཡེ་ཤེས་གསུམ་པ་ཡིན། །དེ་ལྟར་དེ་བཞིན་བཞི་པ་ཡང་། །རྡོ་རྗེའི་རྒྱུད་དུ་གསུངས་པ་ཡང་། །དབང་གི་ས་ལམ་རྫོགས་པ་སྟེ། །དབང་བཞི་བསྐུར་དང་བརྟན་པ་དང་། །རྫོགས་ཤིང་འབྲས་བུ་མཐར་ཐུག་པ། །བུམ་དབང་ལ་སོགས་དབང་བཞི་ཡིས། །རེ་རེས་ས་ནི་གསུམ་དུ་ནོན། །བཅུ་གཉིས་མ་ཆགས་པདྨ་ཅན། །ལོངས་སྤྱོད་རྫོགས་པའི་ས་ཆེན་ཡིན། །དེ་བཞིན་ཉིད་ཀྱི་རྒྱུད་ལས་ཀྱང་། །བུམ་པའི་དབང་བསྐུར་ཐོབ་པ་དང་། །ལུས་ཀྱི་རྣམ་གཞག་གོ་བ་དང་། །རྟེན་དང་བརྟེན་པ་མ་ལུས་པ། །ལྷ་དང་གནས་སུ་དག་པར་རྫོགས། །བུམ་དབང་ཐོབ་པའི་སྔ་ལྟས་ཡིན། །བུམ་དབང་ལུས་ལ་བསྐུར་བ་ནི། །ཕུང་པོ་ལྔ་ནི་རྣམ་དག་ཅིང་། །རིགས་ལྔའི་དཀྱིལ་འཁོར་ཉིད་དུ་རྫོགས། །བུམ་དབང་དག་ཏུ་བཞེད་པ་ཡིན། །མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས་ཀྱང་། །གསང་བ་བདེ་ཆེན་དཀྱིལ་འཁོར་ནས། །ཐབས་དང་ཤེས་རབ་གཉིས་མེད་སྦྱོར། །པདྨ་གསུང་གི་དཀྱིལ་འཁོར་སོགས། །ཐམས་ཅད་བདེ་བ་ཆེན་པོར་རྫོགས། །རྡོ་རྗེ་ཐེག་པར་གསུངས་ན་ཡང་། །ངག་ལས་གསང་བའི་དབང་བསྐུར་བས། །འདོད་ཆགས་ངག་གི་སྒྲིབ་པ་རྣམས། །ཨཱ་ལི་ཀཱ་ལི་མཉམ་སྦྱོར་ཞིང་། །འཁོར་འདས་སྒྲ་སྐད་སྣ་ཚོགས་རྣམས། །གསང་མཆོག་རྡོ་རྗེ་ཐེག་པར་རྫོགས། །གསང་དབང་འབྲས་བུ་བཞེད་པ་ཡིན། །ཤེས་རབ་ཡེ་ཤེས་དབང་ཆོག་ནི། །སེམས་ལ་རྫོགས་པར་བསྐུར་བ་ནི། །ཟླ་གསང་རྒྱུད་ལས་གསུངས་

(༡༡༩)པ་ཡང་། །མི་འགྱུར་རྡོ་རྗེའི་དཀྱིལ་འཁོར་དུ། །ཞེ་སྡང་རྣམ་དག་རྡོ་རྗེའི་དབང་། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །གང་ཞིག་སེམས་ལ་བསྐུར་ཙམ་གྱིས། །རྡོ་རྗེའི་དཀྱིལ་འཁོར་ཉིད་དུ་རྫོགས། །གསང་མཆོག་རྒྱུད་ལས་གསུངས་པ་ཡང་། །ཤེས་རབ་དང་ནི་ཡེ་ཤེས་ཏེ། །ཤེས་རབ་ཡེ་ཤེས་སྐད་པ་དེ། །དབྱིངས་དང་ཡེ་ཤེས་རོ་མཉམ་པ། །གང་ཞིག་སེམས་ལ་བསྐུར་བ་ཡིས། །ཞེ་སྡང་ལ་སོགས་ཉོན་མོངས་རྣམས། །མི་འགྱུར་ཐུགས་ཀྱི་དཀྱིལ་འཁོར་དུ། །རྡོ་རྗེ་བཙུན་མོའི་བྷ་ག་ཀློང་། །ཀུན་བདག་རྡོ་རྗེ་རྒྱལ་པོ་ནི། །བདེ་ཞིང་བདེ་བ་ཉིད་དུ་བཞུགས། །ཤེས་རབ་དང་ནི་ཡེ་ཤེས་ཀྱི། །དབང་གི་འབྲས་བུ་རྫོགས་པ་ཡིན། །རྫོགས་ཆེན་རྒྱ་མཚོའི་རྒྱུད་ལས་ཀྱང་། །འཁོར་འདས་ཐམས་ཅད་རང་བཞིན་རྫོགས། །ཆོས་དབྱིངས་རྣམ་དག་ལྷུན་གྱིས་གྲུབ། །དབང་བཞི་དེ་བཞིན་ཉིད་དུ་རྫོགས། །བསྐུར་བྱ་བསྐུར་བྱེད་ངོ་བོ་གཅིག །འབྲས་བུའི་རྒྱུད་ལས་གསུངས་པ་ཡང་། །དབང་གིས་རྟོགས་པའི་ཡེ་ཤེས་ནི། །འཁོར་འདས་ཐམས་ཅད་ཡེ་ཤེས་རྫོགས། །ཕུན་སུམ་ཚོགས་པ་ལྔ་རྣམས་དང་། །སྐྱེད་དང་རྫོགས་པ་ལ་སོགས་པ། །ཆོས་སྐུ་དེ་བཞིན་ཉིད་སྐུ་དང་། །རང་བཞིན་དབྱེར་མེད་རྡོ་རྗེའི་སྐུ། །དངོས་དང་དངོས་པོ་མེད་པ་དང་། །དངོས་པོ་རྟོགས་ཕྱིར་སངས་རྒྱས་ང་། །རང་གི་ཚོགས་ལྷན་ཉན་པ་ང་། །ཞུ་བ་པོ་ང་ཆོས་ཀྱང་ང་། །འཇིག་རྟེན་འཇིག་རྟེན་འདས་པ་ང་། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །གནས་གསུམ་པོ་ཡང་ང་ལས་བྱུང་། །དགྱེས་རྡོར་རྒྱུད་ལས་གསུངས་པ་ཡང་། །འཇིག་རྟེན་ཀུན་གྱི་གནས་ལུགས་རྟོགས། །གོམས་དང་རྩལ་རྫོགས་མཐར་ཕྱིན་པས། །དབང་བཞི་མཐར་ཕྱིན་རྡོ་རྗེ་འཆང་། །གསང་མཆོག་རྒྱུད་སྡེ་ཐམས་ཅད་ནས། །སྨིན་གྲོལ་དབང་གི་རྒྱ་མཚོ་འཁྱིལ།

(༡༢༠)དབང་གི་ས་ལམ་རྫོགས་པའི་ཕྱིར། །གསར་རྙིང་བླ་མེད་ཐེག་པ་ཡི། །རྒྱུད་སྡེ་ཀུན་གྱི་previous hit དགོངས next hit་ནི། །དབང་བཞི་རྫོགས་པར་དོན་ཡང་མཐུན། །རྣལ་འབྱོར་བླ་ན་མེད་པ་ཡི། །སྨིན་གྲོལ་དབང་གི་བར་སྐབས་ལགས། །བླ་མེད་དག་པའི་དཀྱིལ་འཁོར་ཏེ། །རང་རིག་དག་པས་དག་པ་ཉིད། །དག་པ་གཞན་གྱི་རྣམ་གྲོལ་མིན། །ཡུལ་གྱི་དངོས་པོ་དག་པས་ན། །རང་གི་རིག་པ་བདེ་བའི་མཆོག །གསང་མཆོག་རྒྱུད་ལས་གསུངས་པ་ཡང་། །མཧཱ་ཡོ་གའི་འབྲས་བུ་བསྟེན། །མཧཱ་ཡོ་གའི་ས་ལམ་ནི། །བསྒྲོད་ནས་མཐར་ཕྱིན་འབྲས་བུ་རྫོགས། །མ་ཆགས་པདྨ་ཅན་གྱི་ས། །འདོད་ཡོན་རྣམ་པ་སྣ་ཚོགས་རྣམས། །པདྨ་འདམ་གྱིས་མ་གོས་ལྟར། །ཐབས་དང་ཤེས་རབ་གཉིས་སུ་མེད། །བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ། །རིགས་ལྔ་ཡུམ་ལྔ་ཡེ་ཤེས་ལྔ། །རྒྱལ་སྲས་ལྷ་དང་ལྷ་མོའི་ཚོགས། །མཁའ་ལ་སྐར་ཚོགས་བཀྲ་བ་ལྟར། །གསར་རྙིང་བླ་མེད་རྒྱུད་ལས་ཀྱང་། །དཀྱིལ་འཁོར་ཇི་ལྟར་གསུངས་པ་བཞིན། །མ་འདྲེས་ཡོངས་རྫོགས་དཀྱིལ་འཁོར་རྣམས། །མཧཱ་ཡོ་གའི་མཐར་ཐུག་སྟེ། །འཁོར་ལོ་ཚོགས་ཆེན་ལམ་སྟེགས་ཙམ། །ཕྱི་འགྱུར་རྡོ་རྗེ་ཐེག་པ་ཡིས། །གཞི་ལམ་འབྲས་བུ་ལ་སོགས་པ། །ཐེག་པ་འདི་དང་འདི་ཙམ་དུ། །སླེབས་ཤིང་ལོངས་སྐུ་ཐོབ་པ་ཡིན། །ཕྱག་རྒྱ་ཆེན་པོ་མཐར་ཐུག་པ། །མ་ཧཱའི་འབྲས་བུ་མཐར་ཐུག་ཙམ། །འདི་ཙམ་དུ་ནི་སླེབ་པ་ཡིན། །ཕྱག་རྒྱ་ཆེན་པོ་རྡོ་རྗེའི་མཛོད། །རང་བྱུང་ཡེ་ཤེས་ནམ་མཁའི་མཛོད། །རྟོགས་པ་རབ་འབྱམ་ལྷུན་གྲུབ་མཛོད། །མཛོད་གསུམ་མཐར་ཕྱིན་རྣལ་འབྱོར་པས། །མ་རྟོགས་པ་དང་ལོག་པར་རྟོགས། །ཐེག་པ་ཀུན་གྱི་གྲུབ་མཐའ་རྣམས། །མཉམ་ཉིད་བདེ་བ་

(༡༢༡)ཆེན་པོ་རུ། །ལྷན་ཅིག་སྐྱེས་པ་བློ་ལས་འདས། །སྐུ་གསུམ་ལྷུན་གྲུབ་རང་ལ་རྫོགས། །མ་ཆགས་དང་ནི་པདྨ་ཅན། །སའི་རིམ་པ་བཅོ་ལྔ་དང་། །སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་སོ་སོར་རྟོགས། །ས་ལམ་ཐེག་པ་བསྒྲོད་དུ་མེད། །ཐམས་ཅད་རང་གི་རྣམ་འཕྲུལ་ཏེ། །ཐམས་ཅད་ཐམས་ཅད་རྒྱལ་བའི་ཞིང་། །སྤངས་ཐོབ་མེད་པའི་དཀྱིལ་འཁོར་དུ། །རྒྱལ་བ་རྒྱ་མཚོ་མཐའ་ཡས་པ། །ད་ལྟ་རང་ཉིད་ཡིན་པར་རྟོགས། །བྱིན་རླབས་དང་ནི་དངོས་གྲུབ་སོགས། །གཞན་དང་གཞན་དུ་མི་རེ་བ། །ཀུན་གྱི་བདག་ཉིད་ཆོས་དབྱིངས་རོལ། །ཨེ་མ་ངོ་མཚར་མི་ཆེའམ། །མཧཱ་ཡོ་ག་ལ་སོགས་པ། །གྲུབ་མཐའི་བྱེ་བྲག་སྣ་ཚོགས་རྣམས། །རྟོགས་པ་མཐར་ཕྱིན་བར་སྐབས་ལགས། །སྐལ་ལྡན་རྣམས་ཀྱིས་མཁྱེན་པར་མཛོད། །མ་ཧཱ་ཡོ་ག་མན་ཆོད་ཀྱི། །ཕྱི་ནང་ཐེག་པའི་བྱེ་བྲག་དང་། །མ་རྟོགས་འགྲོ་དྲུག་སེམས་ཅན་རྣམས། །ངར་འཛིན་ལྟ་བ་ཐམས་ཅད་ཀྱི། །གཟུང་འཛིན་འཁྲུལ་པའི་བྱེ་བྲག་རྣམས། །རང་གྲོལ་ཕྱག་རྒྱ་ཆེན་པོ་རུ། །ལྷན་སྐྱེས་བདེ་བ་ཆེན་པོར་རྟོགས། །མཐར་ཕྱིན་ལྷུན་གྲུབ་ཡོངས་སུ་རྫོགས། །བཅུ་གཉིས་མ་ཆགས་པདྨ་ཅན། །ཕྱག་རྒྱ་ཆེན་པོའི་བར་སྐབས་ལགས། །མཐར་ཐུག་འདི་ལས་མེད་དོ་སྐད། །ཨ་ནུ་ཡོ་གའི་ལམ་སྟེགས་ཙམ། །གོང་མ་གཉིས་པོ་མཁའ་དབྱིངས་བཞུགས། །ཐེག་བདུན་མ་འདྲེས་སོ་སོར་རྟོགས། །རྣལ་འབྱོར་དབང་ཕྱུག་དགོངས་འགྲེལ་ཡིན། །བསླབས་པས་གོ་བ་མ་ཡིན་ཏེ། །རྟོགས་པས་སྒྲ་དོན་སོ་སོར་མཁྱེན། །སྒོམ་ཆེན་རྣམས་ཀྱིས་མཁྱེན་པར་མཛོད། །རྫོགས་སོ། །

(༡༢༢)རྒྱ་གར་སྐད་དུ། །ཨ་ནུ་ཡོ་ག་ཞེས་ཀྱང་བྱ། །སྒྲ་བསྒྱུར་བོད་ཀྱི་སྐད་དུ་ནི། །ཡོངས་སུ་རྣལ་འབྱོར་ཞེས་ཀྱང་བྱ། །ཐེག་པ་ཀུན་གྱི་སྤྱི་ལུང་ནི། །རྒྱུད་སྡེ་ཀུན་གྱི་རྩ་བ་ནི། །མན་ངག་བརྟེན་ཆོས་ཀུན་གྱི་ལུང་། །རྒྱུད་ཆེན་previous hit དགོངས next hit་འདུས་པ་རུ། །མ་འདུས་པ་ནི་གཅིག་ཀྱང་མེད། །བདུད་རྩི་ཆེན་པོའི་རྒྱུད་ལས་ཀྱང་། །རྒྱུད་དང་ལུང་དང་མན་ངག་གསུམ། །རྗེ་དང་རྒྱལ་པོ་འབངས་ཀྱི་ཚུལ། །རྡོ་རྗེ་ཐེག་པར་གསུངས་པ་ཡང་། །རྒྱལ་པོ་བློན་པོ་འབངས་ཀྱིས་བསྐོར། །མ་ནོར་གྲལ་གྱི་རིམ་པ་བཞིན། །ཐེག་པ་ཀུན་གྱི་བྱེ་བྲག་དང་། །རྒྱུད་སྡེ་ཀུན་གྱི་འབྲེལ་ཚུལ་རྣམས། །འབྲེལ་ཚུལ་ཐེག་པའི་གོང་འོག་ཀྱང་། །མ་ནོར་སོ་སོར་ཤེས་པར་བྱ། །ཐེག་པ་རེ་ལ་བཀའ་བསྲུངས་རེ། །རྒྱུད་སྡེ་རེ་ལ་རྒྱུད་བསྲུངས་རེ། །དམ་ཚིག་དབང་གིས་སོ་སོར་གནས། །ཐེག་པ་གོང་འོག་མ་ནོར་ཞིང་། །རྒྱུད་དང་མན་ངག་མ་འཁྲུལ་ན། །བསྟན་པ་བསྲུང་ཞིང་ཕྲིན་ལས་སྒྲུབ། །སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ། །ལོངས་སྐུའི་བསྟན་པ་ཕྱི་རྒྱུད་གསུམ། །ཆོས་སྐུ་ཡི་ནི་བསྟན་པ་ནི། །བླ་མེད་ཨ་ནུ་ཨ་ཏི་གསུམ། །རྒྱུད་དང་རྒྱུད་ཀྱི་དབྱེ་བ་ནི། །རྩ་བའི་རྒྱུད་དང་ཡན་ལག་རྒྱུད། །བཤད་པའི་རྒྱུད་དང་ཕྱི་མ་དང་། །ཕྱི་མའི་ཕྱི་མ་རྒྱུད་རྩེ་མོ། །བཀོལ་བའི་རྒྱུད་དང་འཕྲོས་རྒྱུད་དང་། །ཆ་མཐུན་རྒྱུད་ལ་སོགས་པ་ཡི། །གཟུངས་དང་རྟོག་པ་ཞིབ་བསེས་སོགས། །ཨ་ནུ་ཡོ་གར་ཐམས་ཅད་འདུས། །ཐེག་པ་ཀུན་གྱི་སྤྱི་ལུང་ཡིན། །འོན་ཀྱང་

(༡༢༣)འཕྲོས་པའི་རྒྱུད་རྣམས་ནི། །མཚན་མཆོག་ཡང་དག་བརྗོད་པ་ནི། །ཏན་ཏྲ་བཅོ་བརྒྱད་རྩ་བ་སྟེ། །སྒྱུ་འཕྲུལ་དྲ་བ་སྡེ་གསུམ་ནི། །ཐུགས་ནི་རྡོ་རྗེ་སེམས་དཔའ་ཡིས། །སྒྱུ་འཕྲུལ་དྲ་བ་ཆེན་པོ་དང་། །སྐུ་ནི་རྣམ་པར་སྣང་མཛད་ཀྱི། །སྒྱུ་འཕྲུལ་དྲ་བ་མཆོག་ཉིད་དང་། །གསུང་མཆོག་ཟླ་གསང་ཐིག་ལེ་ཡིས། །པདྨ་སྒྱུ་འཕྲུལ་དྲ་བ་སྟེ། །སྒྱུ་འཕྲུལ་རྣམ་པ་གསུམ་དག་ཏུ། །གསར་རྙིང་རྒྱུད་སྡེ་ཐམས་ཅད་དང་། །འདི་རུ་མ་འདུས་གང་ཡང་མེད། །སྒྲུབ་པ་བཀའ་བརྒྱད་ལ་སོགས་པ། །སྒྱུ་འཕྲུལ་གསུམ་ལས་འཕྲོས་པའི་ཕྱིར། །སྐུ་ནི་སངས་རྒྱས་མཉམ་སྦྱོར་བས། །འཕྲོས་རྒྱུད་བདེ་མཆོག་འཁོར་ལོ་སྟེ། །སངས་རྒྱས་མཉམ་སྦྱོར་རྒྱུད་ལས་ཀྱང་། །སྒྱུ་མ་ཆེན་པོ་བདེ་བའི་མཆོག །མཁའ་འགྲོ་མ་ཡི་ཚོགས་རྣམས་ནི། །ལུས་ངག་ཡིད་གསུམ་བརྡ་ཡིས་སྟོན། །དབུགས་དབྱུང་རྩ་རླུང་དཀྱིལ་འཁོར་དུག །མ་འདྲེས་སོ་སོར་སྟོན་པའི་ཕྱིར། །མཉམ་སྦྱོར་རྒྱུད་ལས་འཕྲོས་པར་བཞེད། །བདེ་མཆོག་འཁོར་ལོའི་རྒྱུད་ལས་ཀྱང་། །འཁོར་ལོ་བདེ་མཆོག་ལྷ་ཚོགས་ནི། །བརྡ་དང་སྤྱོད་པ་གཙོ་བོར་སྟོན། །རིགས་ལྔ་སོ་སོའི་དཀྱིལ་འཁོར་རྣམས། །བདེ་མཆོག་རྒྱུད་སྡེ་གྲངས་མང་ཡང་། །སྒྱུ་མ་ཆེན་མོ་བདེ་ཆེན་གྱི། །ལྷ་མོ་བཞི་ཡི་རྒྱུད་དུ་གསུངས། །ཟླ་གསང་ཐིག་ལེ་ཐུགས་ཀྱི་རྒྱུད། །དེ་ལས་འཕྲོས་པ་དགྱེས་རྡོར་གྱི། །ཟླ་གསང་ཐིག་ལེ་ཞུ་བའི་སྐབས། །སྟོན་པས་དབང་ནི་གཉིས་པ་སྟེ། །གསུམ་པ་བཞི་པར་ཞལ་གྱིས་བཞེས། །དགྱེས་རྡོར་དེ་དོན་རྒྱས་པར་བསྟན། །དགྱེས་པ་རྡོ་རྗེ་ལས་འཕྲོས་པ། །གདན་བཞི་དུས་ཀྱི་འཁོར་ལོ་སྟེ། །ཐབས་དང་ཤེས་རབ་དབྱེར་མེད་རྒྱུད། །མ་

(༡༢༤)རྒྱུད་ཤར་བུ་བཞེད་པ་ཡིན། །འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་ལས། །འཕྲོས་རྒྱུད་གསང་བ་འདུས་པ་སྟེ། །གསང་བ་འདུས་པ་ལས་འཕྲོས་པ། །སྒྲ་ནག་འཇིགས་བྱེད་ལ་སོགས་པ། །གསར་རྙིང་འཇམ་དཔལ་ཞི་ཁྲོའི་རྒྱུད། །བཀའ་ཉན་གཤིན་རྗེའི་རྒྱུད་དང་བཅས། །ཕ་རྒྱུད་དག་ལས་འཕྲོས་པར་བཞེད། །མ་མོ་དག་ལ་གཉིས་ཡིན་ཏེ། །འཇིག་རྟེན་འདས་དང་འཇིག་རྟེན་དང་། །མ་མོ་རྩ་རླུང་previous hit དགོངས next hit་ཡིན། །འཁོར་འདས་ཐམས་ཅད་མ་མོར་སྣང་། །ཨ་ནུ་ཡོ་གའི་ལུང་ལས་ཀྱང་། །མ་ནི་ཆོས་ཀྱི་དབྱིངས་ཉིད་དེ། །མོ་ནི་རང་རིག་ཡེ་ཤེས་དང་། །མ་དང་མོ་ཡི་དོན་མ་རྟོགས། །མ་དང་མོ་ཡི་དོན་རྟོགས་ན། །མ་སྒྲོད་པ་རྣམས་གཅིག་ཅར་ནོན། །ལུང་ཆེན་དག་ལས་གསུངས་པ་ཡང་། །སྣང་སྲིད་འཁོར་འདས་མ་ལུས་པ། །མ་མོའི་དཀྱིལ་འཁོར་ཆེན་པོར་སྣང་། །རྣམ་པར་སྣང་མཛད་ཁྲོ་བོ་ནི། །བོང་བུ་ཞོན་ཞིང་ཁམས་གསུམ་ཉལ། །རྣམ་སྣང་ཆེན་པོ་གངས་ཆེན་མཚོ། །སངས་རྒྱས་previous hit དགོངས next hit་གཅིག་ཏུ་འདུས། །ཡོངས་སུ་རྣལ་འབྱོར་ཆེན་པོའི་ལུང་། །ལུང་དང་མན་ངག་གཏན་ཚིགས་རྣམས། རིན་ཆེན་སྤེལ་བའི་དོ་ཤལ་བཞིན། །སྨན་རྣམས་བསྡུས་པའི་རྩི་བཞིན་དུ། །སྒྲ་དོན་མ་འདྲེས་སོ་སོར་བཞེད། །ལུང་ཆེན་ཨ་ནུ་ཡོ་ག་ཡིས། །ཐམས་ཅད་རྫོགས་ཤིང་ཐམས་ཅད་སྟོན། །མདོ་སྡེ་རྒྱུད་སྡེ་གྲངས་མང་ཡང་། །ཕྱི་ནང་ཐེག་པ་ཐམས་ཅད་ཀྱི། །ལུང་དང་མན་ངག་སྟོན་པའི་ཕྱིར། །ཨ་ནུ་ཡོ་ག་ཆེན་པོ་ཡི། །previous hit དགོངས next hit་གོ་ཞིང་མ་རྟོགས་ཆེ། །ཐེག་དགུའི་སྒྲ་དོན་མི་མཁྱེན་གྱིས། །ཨ་ནུ་ཡོ་ག་ལུང་ཆེན་གྱི། །previous hit དགོངས next hit་ལོན་ན་མཁས་པ་ཡིན། །སྐུ་ལྔ་ཡོངས་རྫོགས་རྡོ་རྗེ་འཆང་། །གསང་མཆོག་རིགས་གཅིག་ལྷུན་གྱིས་གྲུབ། །ཆོས་སྐུ་ངོ་བོ་ཉིད་སྐུ་ལས། །འདུ་འབྲལ་མེད་པར་ཕྱག་འཚལ་བསྟོད། །རྡོ་རྗེ་སེམས་

(༡༢༥)དང་དགའ་རབ་དང་། །འཇམ་དཔལ་བཤེས་གཉེན་གྲུབ་ཐོབ་རྣམས། །བླ་མ་བརྒྱུད་པར་བཅས་པ་ལ། །དུས་གསུམ་དུས་མེད་ཕྱག་འཚལ་བསྟོད། །ལུང་ཆེན་ཨ་ནུ་ཡོ་ག་ཡི། །མདོ་ཆེན་previous hit དགོངས next hit་འདུས་པ་ལས། །འཕྲོས་པའི་མདོ་རྒྱུད་གྲངས་མང་ཡང་། །ཕུན་སུམ་ཚོགས་པ་ལྔ་ཡིས་སྟན། །རྒྱ་ཆེར་བཤད་པ་དམ་བཅའ་བ། །སྟོན་པ་བསྟན་པ་གནས་དུས་གསུམ། །འཁོར་ནི་ཕུན་སུམ་ཚོགས་པ་སྟེ། །ཡིད་ཆེས་བྱིན་རླབས་འཇུག་པའི་ཕྱིར། །གླེང་གཞི་རྒྱུད་པའི་རིམ་པ་རྣམས། །མ་འདྲེས་སོ་སོར་བཤད་ཀྱང་འཚལ། །རྒྱུད་དང་ལུང་དང་མན་ངག་གསུམ། །སྒྲ་དོན་ཐམས་ཅད་ཤན་འབྱེད་པར། །བཤད་པར་ཡང་ནི་དམ་བཅའ་བ། །འབྲེལ་དང་མ་ཚང་མེད་པར་ཡང་། །ཕུན་སུམ་ཚོགས་པའི་ཕྱི་ལུང་དུ། །གཞུང་རྣམས་རྒྱས་པར་བཤད་ཡང་འཚལ། །ཐེག་previous hit ་བརྒྱད་ཀྱི་དགོངས next hit་འགྲེལ་དང་། །བསྟན་བཅོས་བྱེ་བྲག་སྣ་ཚོགས་རྣམས། །རྩིས་མགོ་རྣམ་པ་ལྔ་དག་གིས། །རང་རང་ལུགས་དང་མཐུན་པས་ཡང་། །མཁས་པས་སོ་སོར་དབྱེ་ཡང་འཚལ། །ཨ་ནུ་ཡོ་གའི་སྤྱི་ལུང་གི། །གླད་དོན་འབྲས་བུ་མདོ་ཙམ་བསྟན། །ད་ནི་གཞུང་གི་དོན་རྣམས་ནི། །ཡོངས་སུ་རྣལ་འབྱོར་ཐེག་པ་ཡང་། །རྣམ་པ་ལྔ་རུ་ཤེས་པར་བྱ། །ཨ་ནུ་ཡི་ནི་ཨ་ནུ་དང་། །ཨ་ནུ་ཡི་ནི་བླ་མེད་དང་། །ཨ་ནུ་ཡི་ནི་རྣལ་འབྱོར་དང་། །ཨ་ནུ་ཡི་ནི་སྤྱོད་རྒྱུད་དང་། །ཨ་ནུ་ཡི་ནི་བྱ་རྒྱུད་དོ། །སྡེ་སྣོད་གསུམ་ཡང་ཞོར་ལ་སྟོན། །ཨ་ནུ་དག་གི་ཐེག་པ་ནི། །འདེགས་བྱ་འདེགས་བྱེད་ཀུན་ཐེག་ཕྱིར། །རྒྱ་མཚོ་ནམ་མཁའ་ཉིད་དང་མཚུངས། །ཇི་ལྟར་ཡོངས་སུ་རྣལ་འབྱོར་པས། །རྒྱ་ཆེ་གྲངས་མང་གསུངས་ན་ཡང་

(༡༢༦)ས་གཅོད་དགུ་རུ་འདུས་པ་ཡིན། །ཨ་ནུ་ཡི་ནི་འཇུག་སྒོ་དང་། །ལྟ་བ་སྒོམ་པ་སྤྱོད་པ་སྟེ། །གནས་པ་ས་ལམ་དམ་ཚིག་དང་། །ཕྲིན་ལས་འབྲས་བུ་མཐར་ཐུག་གོ། །ཨ་ནུ་ཡོ་གའི་འཇུག་སྒོ་ནི། །དབྱིངས་དང་ཡེ་ཤེས་སྒོ་དག་ནས། །ཕྱོགས་མེད་བསམ་གྱིས་མི་ཁྱབ་འཇུག །དགོངས་འདུས་ལེའུ་བཞི་བཅུ་བཞི། །རྩ་བ་ཆེན་པོའི་མདོ་ལས་ཀྱང་། །མཉམ་རྫོགས་ཆེན་པོའི་ཡེ་ཤེས་ནི། །དབྱིངས་ཉིད་ལ་ནི་ཡེ་ཤེས་ཏེ། །ཡུལ་དོན་ཡེ་ཤེས་དེ་སྦྱར་བས། །ཤེས་པར་བྱ་བ་ཐམས་ཅད་རྫོགས། །ཨ་ནུའི་ལུང་ལས་གསུངས་པ་ཡང་། །འཇུག་བྱ་འཇུག་བྱེད་འཇུག་པའི་གནས། །ཕྱི་ནང་ཐེག་པ་ཐམས་ཅད་ལ། །མ་འགགས་ཤེས་བྱ་སོ་སོར་གསལ། །དབྱིངས་དང་ཡེ་ཤེས་སྒོང་ཕུགས་གཉིས། །ཐེག་བརྒྱད་གྲུབ་མཐའི་བྱེ་བྲག་རྣམས། །མ་འདྲེས་སོ་སོར་འཇུག་པའི་ཕྱིར། སྤྱི་ལུང་ཆེན་མོ་ཞེས་ཀྱང་བྱ། །དེ་ཡང་མན་ངག་གཡུ་ཐང་ལས། །སྣང་སྲིད་བཟང་མོའི་མཁའ་ཀློང་ལས། །མ་སྐྱེས་དཀྱིལ་འཁོར་མཁའ་ཀློང་འཆར། །ཤར་བ་ཉིད་ན་ནུབ་པ་མེད། །ཡབ་ཡུམ་སྲས་བཅས་བདེ་བ་ཆེ། །ལྷུན་རྫོགས་ངང་ལ་སྐད་ཅིག་གིས། །སྙིང་པོ་དྲན་བརྗོད་སྐུར་ཤར་བས། །འདི་ལ་རིམ་འཇུག་རྩོལ་བ་མེད། །རྒྱ་མཚོར་ཉི་ཟླ་ཤར་བ་འདྲ། །དེ་ལྟར་དབྱིངས་དང་ཡེ་ཤེས་ནི། །དབྱེར་མེད་སྤྱོད་ཡུལ་དང་བྲལ་བ། །གང་དང་གང་གིས་རྟོགས་ལགས་ཀྱང་། །རྒྱུ་འབྲས་དང་ནི་ཕྱི་ནང་གི། །སྒོ་ཕུགས་སུ་འབྱེད་པ་ཡོད། །དབྱིངས་དང་ཡེ་ཤེས་དབྱིངས་ལྟ་བ། །རྒྱུ་འབྲས་རྣམ་པ་སྣ་ཚོགས་སྟོན། །ཨ་ནུ་ཡོ་གའི་འཇུག་སྒོ་ཡིན། །ཨ་ནུ་ཡོ་གའི་ལྟ་བ་ནི། །དཀྱིལ་འཁོར་

(༡༢༧)རྣམ་གསུམ་དབྱེར་མེད་དུ། །རྟོགས་ཤིང་གོམས་པ་མཐར་ཕྱིན་པས། །ཡོངས་སུ་རྣལ་འབྱོར་ལྟ་བ་ཡིན། །དེ་ལྟར་མངོན་དུ་མ་གྱུར་ཞིང་། །ཨ་ནུར་རིམ་གྱིས་འཇུག་པ་རྣམས། །གོ་ཞིང་རྟོགས་པ་ཤན་འབྱེད་ཅིང་། previous hit དགོངས next hit། །མདོ་ལུང་རྩ་འགྲེལ་བཅས་པ་ལ། །མཁས་ལ་གྲུབ་པ་ཐོབ་པ་ཡི། །བཤེས་གཉེན་དམ་པ་མཆོག་རྣམས་ལ། །བརྟེན་ཅིང་སངས་རྒྱས་འདུ་ཤེས་བསྐྱེད། །མོས་པ་མེད་པའི་ཤེས་རབ་ཀྱིས། །ལུང་ཆེན་འདུས་པ་ལས། །ཕྱི་མའི་ཕྱི་མ་མདོ་རྒྱུད་རྣམས། །ཐམས་ཅད་ཀུན་གྱི་སྒྲ་དོན་ལ། །ལེ་ལོ་མེད་པའི་བརྩོན་འགྲུས་ཀྱིས། །ཤེས་རབ་རྣམ་གསུམ་སྤྱན་ལྡན་གྱིས། །ལུང་རིགས་ཀུན་ལ་མཁས་པར་བསླབས། །མདོ་རྒྱུད་དགོངས་འགྲེལ་གྲངས་མང་ཡང་། །གཏན་ལ་འབེབས་ལུགས་གསུམ་ཡིན་ཏེ། །རིགས་པའི་གཏན་ཚིགས་ལ་བརྟེན་ནས། །སོ་སོར་རྟོགས་པའི་ཤེས་རབ་ཀྱིས། །ལུང་རིགས་གཉིས་ཀྱི་ཤེས་རབ་ཀྱིས། །སྒྲ་ཚད་གཏན་ལ་འབབས་པར་བྱེད། །རྒྱུད་དང་ལུང་དང་མན་ངག་གིས། །གདམ་ངག་གནད་ཀྱི་ལུང་རྣམས་དང་། །སྙིང་པོ་དོན་གྱི་ཚད་མ་ཡིས། །གཅིག་ཅར་གཏན་ལ་འབེབས་བྱེད་ཅིང་། །སྣང་སྲིད་འཁོར་འདས་མ་ལུས་པ། །ཀུན་བཟང་ཡབ་ཡུམ་རྒྱལ་པའི་སྲས། །དཀྱིལ་འཁོར་གསུམ་དུ་རྟོགས་བྱེད་ཅིང་། །སྒོ་ཕུགས་གཉིས་སུ་གཏན་ལ་འབེབས། །དེ་ཡང་རྗེས་སུ་འཇུག་པ་ཡི། །སྔོན་དུ་འགྲོ་བའི་ཆོས་ཉིད་འདི། །གང་ཟག་རིགས་ཀྱང་གཉིས་ཡིན་ཏེ། །བློའི་སྟོབས་ཀྱང་རྣམ་པ་གཉིས། །རིག་པའི་གཏན་ཚིགས་མཐའ་དག་དང་། །ངེས་པ་དོན་གྱི་ཚད་མ་ཡིས། །སོ་སོར་རྟོག་དང་རྩོལ་

(༡༢༨)མེད་པར། །རིགས་ཀྱིས་གཏན་ལ་འབེབས་པའོ། །གཅིག་ཅར་དུ་ནི་གཏན་ལ་འབེབས། །རྟོགས་གྲོལ་དུས་མཚུངས་ཀུན་ཏུ་བཟང་། །གཅིག་ཅར་དུ་ནི་གཏན་ལ་འབེབས། །འབེབས་བྱ་འབེབས་བྱེད་མེད་པའི་ཕྱིར། །མདོ་ཆེན་previous hit དགོངས next hit་འདུས་པ་ལས། །ཨ་ནུའི་ལྟ་བ་མཐར་ཐུག་ལས། །སངས་རྒྱས་རྣམས་ཀྱི་previous hit དགོངས next hit་ནི། །གཅིག་ཏུ་བསྡུས་ནས་འདི་ལྟར་གསུངས། །ཆོས་དབྱིངས་སྣང་བ་རྩལ་རྫོགས་སུ། །ཀུན་ཏུ་བཟང་མོའི་མཁའ་ཀློང་ལས། །ཡེ་ཤེས་འགག་པ་མེད་པ་ཡི། །ཀུན་ཏུ་བཟང་པོ་གཉིས་མེད་རོལ། །དེ་གཉིས་དབྱེར་མེད་རྒྱལ་སྲས་རྣམས། །བདེ་བ་ཆེན་པོའི་དཀྱིལ་འཁོར་དུ། །སྣང་སྲིད་དཀྱིལ་འཁོར་ཆེན་པོར་ཤར། །དེ་ཡང་སྤྱོད་བྱ་སྤྱོད་བྱེད་ཡུལ། །རོ་མཉམ་བདེ་ཆེན་རྟོགས་པ་ཡིན། །དེ་ཡང་མན་ངག་གཡུ་ཐང་ལས། །སྣང་སྲིད་ཟབ་མོའི་མཁའ་ཀློང་ལས། །མ་སྐྱེས་དཀྱིལ་འཁོར་ཀུན་བཟང་ཤར། །ཤར་བ་ཉིད་ནས་ནུབ་པ་མེད། །ཡབ་ཡུམ་སྲས་བཅས་བདེ་བ་ཆེ། །ལྷུན་རྫོགས་ངང་ལས་སྐད་ཅིག་གིས། །སྙིང་པོ་དྲན་བརྗོད་སྐུར་ཤར་བས། །འདི་ལ་རིམ་འཇུག་རྩོལ་བ་མེད། །རྒྱ་མཚོར་ཉི་ཟླ་ཤར་བ་འདྲ། །དེ་ལྟར་དབྱིངས་དང་ཡེ་ཤེས་ནི། །དབྱེར་མེད་ཕྱོགས་མེད་རྟོགས་ལགས་ན། །རྒྱུ་འབྲས་དག་ནི་ཕྱི་ནང་གི། །སྒོ་ཕུགས་གཉིས་སུ་ལྟ་བ་ཡིན། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །previous hit དགོངས next hit་གཅིག་ཏུ་འདུས་པའི་ལུང་། །ལུང་རྣམས་ཀུན་གྱི་རྒྱ་མཚོ་སྟེ། །ཐེག་པ་ཀུན་གྱི་སྤྱི་ལུང་ཡིན། །ཆོས་དབྱིངས་རྩལ་རྫོགས་ཞེས་བྱའི་དོན། །ཆོས་ཀྱི་དབྱིངས་ཤེས་བྱ་བ་ནི། །མཐའ་

(༡༢༩)ཡས་མུ་མེད་བསམ་མི་ཁྱབ། །མཐའ་དབུས་མེད་ཅིང་ཀུན་ལ་ཁྱབ། །ཀུན་གྱི་འབྱུང་གནས་གཞི་རྟེན་ཡིན། །སྣང་བ་རྩལ་རྫོགས་དབྱིངས་སུ་རྫོགས། །ཀུན་ཏུ་བཟང་མོའི་མཁའ་ཀློང་ནི། །རྣམ་ཤེས་གསུམ་འདས་རྡོ་རྗེའི་ཡིད། །ཀུན་ཏུ་བཟང་མོའི་བྷ་ག་ནི། །ཆོས་ཀྱི་དབྱིངས་དང་མཉམ་པ་སྟེ། །སྣང་སྲིད་འཁོར་འདས་ཐམས་ཅད་ཀྱང་། །བྷ་ག་ཀློང་ཡངས་འདི་ན་བཞུགས། །ཡེ་ཤེས་འགག་པ་མེད་པ་ནི། །ཀུན་བཟངས་ཡངས་པའི་དཀྱིལ་འཁོར་ཏེ། །དབྱིངས་གསུམ་རྣམ་དག་འདུས་མ་བྱས། །བྱ་བ་ཆོས་དང་བྱེད་པ་ཡིན། །ཀུན་བཟངས་ཡབ་ཡུམ་དཀྱིལ་འཁོར་ཏེ། །ཀུན་བཟང་རྨད་བྱུང་དཀྱིལ་འཁོར་ལས། །མ་བྱུང་པ་དང་མི་བཞུགས་པ། །འཁོར་འདས་གང་ཡང་ཡོད་མ་ཡིན། །དཀྱིལ་འཁོར་གསུམ་པོ་དབྱེར་མེད་ལས། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། །previous hit དགོངས next hit་སྣ་ཚོགས་དཀྱིལ་འཁོར་རྣམས། །རང་བཞིན་གནས་པའི་དཀྱིལ་འཁོར་རྣམས། །ངོ་བོ་ཀུན་ཁྱབ་ལྷ་ཚོགས་དང་། །ལྷག་པར་གཟུགས་བརྙན་དཀྱིལ་འཁོར་རྣམས། །ཀུན་བཟངས་མཁའ་གསང་གཉིས་མེད་རོལ། །མཁའ་ལ་སྐར་ཚོགས་བཀྲ་བ་བཞིན། །ཕྱི་ནང་དཀྱིལ་འཁོར་བསམ་མི་ཁྱབ། །ཀུན་བཟང་ཡབ་ཡུམ་དཀྱིལ་འཁོར་གཉིས། །རྒྱལ་བ་རྒྱ་མཚོ་སྲས་ཀྱིས་ནི། །དཀྱིལ་འཁོར་སྣ་ཚོགས་གྲངས་མཐའ་ཡས། །དཀྱིལ་འཁོར་ཆེན་པོ་གསུམ་དག་ཀྱང་། །དབྱེར་མེད་གཅིག་ཏུ་རྟོགས་པའི་ཕྱིར། །དེ་ཡང་སྤྱོད་བྱ་སྤྱོད་བྱེད་ཡུལ། །རོ་མཉམ་བདེ་བ་ཆེན་པོ་རྟོགས། །ལུང་ལས་གསུངས་པའི་དོན་འདི་ཡང་། །སྤྱོད་པར་བྱ་བའི་ཆོས་དང་ནི། །སྤྱོད་བྱ་ཡུལ་ལ་སོགས་པར་ཡང་།

(༡༣༠)དགག་སྒྲུབ་ཅི་ཡང་མེད་པ་རུ། །སྤྱོད་པ་མེད་པའི་ཀུན་སྤྱོད་ལས། །སྤང་བླང་གཉིས་དང་བྱ་རྩོལ་གཉིས། །དོན་དམ་ཀུན་རྫོབ་གང་ཡང་མེད། །དེ་ལྟར་རྟོགས་ཕྱིར་བདེ་བ་ཆེ། །ཆོས་ཀྱི་དབྱིངས་ཀྱི་བདེ་ཆེན་མཆོག །འགག་མེད་ཡེ་ཤེས་རོ་མཉམ་སྟེ། །སྣང་སེམས་གཉིས་ཀྱི་བར་མཚམས་ན། །དབྱིངས་དང་ཡེ་ཤེས་ལྟ་བ་ཙམ། །ཕར་སྣང་ཀུན་ཏུ་བཟང་པོ་བདེ། །རང་སྣང་ཀུན་ཏུ་བཟང་མོའི་ཀློང་། །བར་མཚམས་རྒྱལ་སྲས་དཀྱིལ་འཁོར་ཏེ། །སྒོ་ཕུགས་གཉིས་ཀྱི་ལྟ་བར་བཞེད། །རང་བཞིན་གདོད་ནས་རྣམ་དག་དབྱིངས། །ཕྱི་ནང་སྣོད་བཅུད་ལ་སོགས་པ། །འགག་མེད་ཀུན་ཏུ་བཟང་མོ་སྟེ། །འཁོར་དང་མྱ་ངན་འདས་པའི་ཆོས། །དུས་གསུམ་འཕོ་འགྱུར་ཅི་བྱུང་ཡང་། །རྒྱལ་བ་སྲས་བཅས་དཀྱིལ་འཁོར་དུ། །མ་འདུས་པ་དང་མ་རྫོགས་པ། །རྡུལ་ཕྲན་ཙམ་ཡང་ཡོད་མ་ཡིན། །དེ་ལྟར་གདོད་ནས་ཡིན་ལགས་ཀྱང་། །རྗེས་འཇུག་ཡོངས་སུ་རྣལ་འབྱོར་གྱིས། །དབྱིངས་དང་ཡེ་ཤེས་གཉིས་སུ་རྟོགས། །སྐྱེ་མེད་འགག་མེད་གཉིས་སུ་རྟོགས། །ཆོས་ཅན་ཆོས་ཉིད་གཉིས་སུ་རྟོགས། །རྒྱ་མཚོར་ཉི་ཟླ་ཤར་བ་བཞིན། །རྟོགས་པར་བྱ་བའི་ཡུལ་རྣམས་ལ། །ཆོས་དབྱིངས་རྣམ་དག་རྟོགས་པ་ཡང་། །ཡུལ་ཅན་སྒྲིམས་མེད་པར་ཡངས། །ཆུ་ཟླ་མེ་ལོང་གཟུགས་ཅན་བཞིན། །སྣང་ཆ་གསལ་ཆ་མི་སྒྲིབ་པར། །ལྟ་བ་སྙམ་བྱེད་ཙམ་དུ་སྣང་། །ཨ་ནུ་ལྟ་བ་མཐོ་ལགས་ཀྱང་། །དབྱིངས་དང་ཡེ་ཤེས་གཉིས་ཙམ་མོ། །མཚན་རྗོད་དག་ལས་གསུངས་པ་ཡང་། །དཀྱིལ་འཁོར་ཐམས་ཅད་ཡངས་པ་ཡིན། །ཤེས་རབ་མཚོན་ཆེན་འཆང་བ་སྟེ། །

(༡༣༡)འཇམ་དཔལ་ལུང་ལས་གསུངས་པ་ཡང་། །ཆོས་དབྱིངས་རབ་འབྱམ་དཀྱིལ་འཁོར་ཆེ། །འཁོར་འདས་རིགས་ཀྱི་ལྷ་ཚོགས་རྫོགས། །སྒྲ་སྐད་སྣ་ཚོགས་ཐམས་ཅད་ཀྱང་། །སྙིང་པོ་སྐྱེ་མེད་རང་སྒྲར་འཆར། །previous hit དགོངས next hit་མཐའ་དག་ཡོངས་རྫོགས་ཀྱང་། །ད་རུང་གཉིས་འཛིན་ཅུང་ཟད་ཙམ། །སྙམ་བྱེད་ཆུ་ཡི་རི་མོ་ལྟར། །ཕྲ་ཞིང་འཕྲ་བའི་དག་སྣང་ཡོད། །ལུང་ཆེན་ཨ་ནུ་ཡོ་ག་ཡི། །དོན་དམ་ཚདྨ་རྟོགས་པ་ཡི། །ལྟ་བ་ཡི་ནི་མཐར་ཐུག་ཡིན། །རིགས་པའི་གཏན་ཚིགས་ལ་བརྟེན་ནས། །སོ་སོར་རྟོག་པའི་ཤེས་རབ་ཀྱིས། །སྒྲ་ཚད་ལྟ་བ་གཏན་ལ་འབེབས། །previous hit དགོངས་འདུས་མདོ་ལས་གསུངས་ next hit་ཡང་། །འཁོར་དང་མྱ་ངན་འདས་པ་ཡི། །སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །ལུང་རིགས་ལྟ་བས་གཏན་ལ་འབེབས། །སྒྲ་དང་ཚད་མ་རྒོལ་བ་གསུམ། །རིག་པ་ཐམས་ཅད་གོ་བར་བྱེད། །ཆོས་ཅན་དང་ནི་ཆོས་ཉིད་དང་། །ཡང་དག་དང་ནི་ཡོངས་གྲུབ་དང་། །གཞན་དབང་དང་ནི་ཀུན་བརྟགས་སོགས། །སྦྱོར་བའི་བྱེ་བྲག་སྣ་ཚོགས་ཀྱིས། །ལྟ་བ་སྣ་ཚོགས་གཏན་ལ་འབེབས། །རིག་པའི་གཏེར་ཆེན་རྩལ་རྫོགས་པས། །ཀུན་འདུས་རིག་པའི་ལུང་དག་ཀྱང་། །རྒྱ་ཆེར་བསྟན་གྱི་ལེགས་པར་བསླབས། །རིགས་པས་གཏན་ལ་འབེབས་པ་ཡི། །ལྟ་བ་ཅུང་ཟད་བསྟན་པ་ཡིན། །ལུང་ཆེན་ཨ་ནུ་ཡོ་ག་ཡི། །སྒོམ་པ་དག་ཀྱང་གཉིས་ཡིན་ཏེ། །དོན་དམ་རྗེས་སུ་འཇུག་བྱེད་ཅིང་། །མཚན་མ་མེད་པར་བསྒོམ་པ་དང་། །ཡོ་གའི་རྗེས་སུ་འཇུག་བྱེད་ཅིང་། །དམིགས་པ་ཐམས་ཅད་བསྒོམ་པའོ། །མཚན་བཅས་ཡི་གེར་

(༡༣༢)བསྒོམ་པ་ནི། །འགྲོ་བ་དྲུག་གི་གྲོང་ཁྱེར་ན། །རྟེན་ནི་ཕྱི་སྣོད་འཇིག་རྟེན་ཁམས། །བརྟེན་པ་ནང་བཅུད་འགྲོ་བ་རྣམས། །གདོད་ནས་རང་བཞིན་ཡི་གེར་གནས། །འབྱུང་བ་ལྔ་ཡི་ས་བོན་གནས། །གདོད་ནས་ཡི་གེ་ལྔ་རུ་གནས། །འགྲོ་བ་དྲུག་གི་ས་བོན་ཀྱང་། །ཡི་གེ་དྲུག་གི་རང་བཞིན་གནས། །ཡི་གེ་དག་ནི་བཅུ་གཅིག་སྟེ། །ཕྱི་སྣོད་ནང་རྒྱུད་ཐམས་ཅད་ལ། །ཡི་གེའི་ཚོགས་ནི་འདི་དག་གིས། །ཐམས་ཅད་ཀུན་ལ་ཁྱབ་པ་སྟེ། །སྐྱེ་འཇིག་འཕོ་འགྱུར་ཅི་བྱུང་ཡང་། །ཡི་གེའི་ཚོགས་ལས་མ་གཡོས་སོ། །ཡི་གེའི་ཚོགས་རྣམས་རབ་རྟོགས་ཀྱང་། །ས་ལམ་རིམ་གྱིས་རྫོགས་པ་ཡི། །རྒྱལ་བ་རྒྱ་མཚོ་སྲས་དང་བཅས། །ཡི་གེའི་ཚོགས་སུ་རང་བཞིན་གནས། །ཡི་གེ་དག་ནི་བཅུ་གཅིག་སྟེ། །ཐབས་དང་ཤེས་རབ་ཡི་གེ་ནི། །ཨཱ་ལིའི་ཚོགས་དང་ཀཱ་ལིའི་ཚོགས། །ཨེ་ཝམ་བཞི་དང་ཨ་ཧམ་གཉིས། །འཁོར་འདས་ཐམས་ཅད་འབྱུང་བ་ཡི། །འགྲོ་བ་དྲུག་གི་དཀྱིལ་འཁོར་དང་། །རྒྱལ་བ་རབ་འབྱམ་དཀྱིལ་འཁོར་གཉིས། །ཡིག་ཚོགས་འདི་ལས་འབྱུང་བའི་ཕྱིར། །འཁོར་བའི་རྒྱུ་འབྲས་ལ་ཟློག་ནས། །མྱ་ངན་འདས་པའི་ཡི་གེ་རུ། །རང་བཞིན་རྟོགས་དང་བྱིན་གྱིས་བརླབ། །དཀྱིལ་འཁོར་གསུམ་དུ་བསྒོམ་ཞིང་བསྒོམས། །རྒྱུད་སྡེ་བཞི་རུ་གསུངས་ཚད་ལས། །དཀྱིལ་འཁོར་རྒྱས་བསྡུས་གང་ཡང་རུང་། །གོམས་ཤིང་བརྟན་པར་བྱེད་པ་ནི། །ལུང་ཆེན་ཨ་ནུ་ཡོ་ག་ཡི། །མཚན་བཅས་ཡི་གེའི་རྗེས་འཇུག་ནས། །བསྒོམ་པར་བྱ་བའི་རིམ་པའོ། །མཚན་མེད་དོན་དམ་རྗེས་འཇུག་ནི། །འཁོར་དང་མྱ་ངན་འདས་པའི་ཆོས། །སྐྱེ་བ་

(༡༣༣)མེད་དང་འགག་པ་མེད། །སྐྱེ་བ་མེད་པ་ཆོས་ཀྱི་དབྱིངས། །འགག་པ་མེད་པ་ཡེ་ཤེས་ཏེ། །དབྱིངས་དང་ཡེ་ཤེས་ཏིང་འཛིན་ལས། །རྒྱུན་ཆད་མེད་པར་གོམས་ཤིང་བརྟན། །མཚན་མེད་དོན་གྱི་སྒོམ་པའོ། །ཨ་ནུ་ཡོ་གའི་སྤྱོད་པ་ནི། །དུས་གསུམ་དུས་མེད་ཐམས་ཅད་དུ། །བྱ་བའི་ཆོས་དང་བྱེད་པའི་ཡིད། །ཀུན་བཟང་ཡབ་ཡུམ་དཀྱིལ་འཁོར་གསུམ། །ཉིན་མཚན་སྤྱོད་ལམ་ཐམས་ཅད་དུ། །གང་ཡང་དགག་སྒྲུབ་མེད་པ་རུ། །ཤུགས་འབྱུང་སྤྱོད་པས་རྩལ་རྫོགས་ཤིང་། །དབྱིངས་དང་ཡེ་ཤེས་འབྲལ་བ་མེད། །ཨ་ནུ་ཡོ་གའི་སྤྱོད་པ་ཡིན། །ཨ་ནུ་ཡོ་གའི་ཕྲིན་ལས་ནི། །འཁོར་དང་མྱ་ངན་འདས་པའི་ཆོས། །སྣ་ཚོགས་བྱེ་བྲག་ཅིར་ཡང་སྣང་། །ཤུགས་འབྱུང་ཕྲིན་ལས་རྒྱུན་མི་འཆད། །ཀུན་ཁྱབ་འགྱུར་བ་མེད་པ་ཡི། །བསམ་གྱིས་མི་ཁྱབ་ཕྲིན་ལས་རྣམས། །སུས་ཀྱང་དགག་ཏུ་མེད་པ་ཡིན། །གང་གིས་སྒྲུབ་ཏུ་མེད་པ་སྟེ། །ཆོ་འཕྲུལ་སྔོན་འབྱུང་ཐེག་པ་བཞིན། །ཡེ་ཤེས་རྔམ་གློག་རྒྱུད་ལས་ཀྱང་། །ཆོ་འཕྲུལ་ཆེན་པོ་ཆོ་འཕྲུལ་ཆེ། །སྣ་ཚོགས་ཕྲིན་ལས་ཤུགས་འབྱུང་བ། །སྟོབས་ཆེན་མི་ཟད་ཕྲིན་ལས་ཚོགས། །ཅིར་སྣང་ཅི་བྱུང་ཅི་ཤར་ཡང་། །ཀུན་བཟང་ཡབ་ཡུམ་ཕྲིན་ལས་ཡིན། །རྗེས་འཇུག་གང་ཟག་རྣལ་འབྱོར་རྣམས། །དེ་ལྟར་རྟོགས་ཤིང་གོམས་ལགས་ན། །ཆོ་འཕྲུལ་ཕྲིན་ལས་ཆེན་པོ་འབྱུང་། །ཨ་ནུ་ཕྲིན་ལས་བསྟན་པའི་དུས། །ལུང་ཆེན་རྟོགས་ཤིང་མཁྱེན་པར་མཛོད། །ཨ་ནུ་ཡོ་གའི་གནས་པ་ནི། །ཕྱི་ནང་ཐེག་པ་ཐམས་ཅད་དང་། །ལྟ་སྒོམ་སྤྱོད་ཚུལ་འབྲས་བུ་སོགས། །མ་འདྲེས་སོ་སོར་སྟོན་པའི་ཕྱིར། །ཀུན་དང་འགལ་འདུ་མེད་

(༡༣༤)པའི་ཕྱིར། །ཨ་ནུ་ཐེག་བརྒྱད་གནས་པ་ཡིན། །ལྟ་བ་དབྱིངས་དང་ཡེ་ཤེས་གནས། །སྒོམ་པ་མཚན་བཅས་མཚན་མེད་སོགས། །གནས་པ་ཀུན་ལས་ཁྱད་པར་འཕགས། །ཨ་ནུ་དག་གི་རྗེས་འཇུག་པ། །དབང་པོ་ཡང་རབ་སྐལ་ལྡན་རྣམས། །གནས་པ་འདི་དང་མི་འབྲལ་ཚེ། །ཡོངས་སུ་རྣལ་འབྱོར་ལུང་ཆེན་གྱིས། །ས་ལམ་བསྒྲོད་པའི་རིམ་པ་ནི། །ཐེག་པ་བདུན་ལས་གསུངས་པ་བཞིན། །ལམ་གྱི་བསྒྲོད་ཚུལ་ཐ་དད་རྣམས། །མ་ནོར་ཡོངས་སུ་རྫོགས་པ་དང་། །ཨ་ནུ་ཡོ་གའི་ལམ་ཆེན་དུ། །ས་ལམ་ཡོངས་སུ་རྫོགས་བྱས་ནས། །དབྱིངས་དང་ཡེ་ཤེས་དོན་རྟོགས་ཤིང་། །གོམས་ཤིང་བརྟན་པ་མཐར་ཕྱིན་པས། །ལམ་ཆེན་རྫོགས་པར་བཞེད་པ་ཡིན། །ཨ་ནུ་ཡོ་གའི་དམ་ཚིག་ནི། །ཐེག་པ་ཀུན་དང་བསྲུང་སྡོམ་མཐུན། །ཁྱད་པར་རྡོ་རྗེ་ཐེག་པ་ཡི། །དམ་ཚིག་བསྲུང་བའི་རིམ་པ་ནི། །བདག་གཞན་ལུས་ངག་ཡིད་གསུམ་འདི། །སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས། །དཀྱིལ་འཁོར་རང་བཞིན་ཀུན་ཤེས་པ། །རྩ་བ་ཡན་ལག་དམ་ཚིག་རྣམས། །ཆག་ཉམས་མེད་པར་བསྲུང་བ་དང་། །སྤྱད་པར་བྱ་བའི་དམ་ཚིག་ནི། །བསྟན་འགག་མ་བྱིན་བླངས་པ་དང་། །མི་ཚངས་སྤྱོད་དང་བརྫུན་དུ་སྨྲ། །རྣམ་ལྔ་མ་སྤངས་ཐམས་ཅད་སྤྱོད། །དང་དུ་བླང་བའི་དམ་ཚིག་རྣམས། །ཆག་ཉམས་མེད་པར་བསྲུང་བ་དང་། །སྤྱད་པར་བྱ་བའི་དམ་ཚིག་ནི། །དྲི་ཆེན་དྲི་ཆུ་དམ་རྫས་ལྔ། །རྒྱལ་བའི་སྐུ་ལྔ་འགྲུབ་པར་གསུངས། །དཔའ་བོ་འབྲུ་ལྔའི་འཕྲོ་འདུ་ཡིས། །སྐུ་ལྔ་དང་དུ་ལེན་བྱེད་ཅིང་། །ཚོགས་ཆེན་པ་ལ་གནས་པའི་རྒྱུད། །མི་སྤང་བ་ཡི་དམ་ཚིག་ལྔ། །འདོད་ཆགས་ཞེ་

(༡༣༥)སྡང་དུག་ལྔ་སོགས། །གསང་བ་རྡོ་རྗེའི་དམ་ཚིག་ཏུ། །ཉོན་མོངས་ལྔ་བསྒྱུར་ཡེ་ཤེས་ལྔ། །གྲུབ་པར་བྱ་བའི་དམ་ཚིག་ལྔ། །ཕུང་པོ་ལྔ་དང་འབྱུང་བ་ལྔ། །རྣམ་ཤེས་ཡུལ་རྣམས་དཀྱིལ་འཁོར་ལྷ། །ཏིང་འཛིན་གསུམ་དང་ཆོ་ག་ལྔ། །རྫོགས་ཤིང་གསལ་ལ་རྟེན་གྱུར་ནས། །རིགས་ལྔའི་དཀྱིལ་འཁོར་བརྟན་ཞིང་རྫོགས། །གསུང་གི་དམ་ཚིག་མི་ཉམས་བསྲུང་། །སྙིང་པོ་ཉེ་སྙིང་འཛབ་ལ་སོགས། །བསྟོད་པ་དབྱངས་ཀྱིས་བརྒྱན་པ་ཡི། །མི་ཟད་གསུང་གི་དངོས་གྲུབ་ཐོབ། །དམ་ཚིག་དམ་ཚིག་ཅེས་བྱ་བ། །འདའ་བ་མེད་ཅིང་དམ་ཚིག་ཡིན། །ཁྱད་པར་ཨ་ནུ་ཡོ་ག་ཡི། །དམ་ཚིག་མི་ཉམས་བསྲུང་བ་དང་། །དཀྱིལ་འཁོར་ཆེན་པོ་གསུམ་དག་གི། །བསམ་གྱིས་མི་ཁྱབ་དམ་ཚིག་རྣམས། །མ་ལུས་ཡོངས་སུ་རྫོགས་པར་བསྲུང་། །སྤྱིར་ལུང་ཨ་ནུ་ཡོ་ག་ཡི། །དམ་ཚིག་མ་ཉམས་བསྲུང་ལུགས་ལགས། །བདེ་ཆེན་previous hit དགོངས next hit་འདུས་པ་ལས། །ས་ནི་རིམ་པ་བཅུ་ཕྲག་གསུམ། །དེ་ཡང་བསྡུས་ན་ལྔ་རུ་འདུས། །བཅོས་མ་དག་ནི་ཕྲ་མེན་མ། །རིགས་ཅན་རྣམ་པར་འབྱེད་པའི་ས། །དབུགས་ཆེན་དག་ནི་དབྱུང་བའི་ས། །ལུང་ཆེན་རབ་ཏུ་ཐོབ་པའི་ས། །རྩལ་ཆེན་མཆོག་ཏུ་རྫོགས་པའི་ས། །ཐེག་དགུ་ས་ལྔ་དག་ཏུ་རྫོགས། །ཐེག་པ་ཀུན་གྱི་སྤྱི་ས་ཡིན། །ཨ་ནུ་ཡོ་གའི་ཐེག་པ་ནི། །སྒྲིབ་པའི་ཚོགས་ཀྱི་བསལ་ལུགས་ནི། །ལམ་རྣམས་ཀུན་དང་བསྟུན་ལགས་ན། །ཚོགས་ལམ་ལས་ཀྱི་སྒྲིབ་པ་དང་། །སྦྱོར་ལམ་ཉོན་མོངས་སྒྲིབ་པ་སྟེ། །ཚོགས་སྦྱོར་སྒྲིབ་པ་དག་ལགས་ན། །སྤྲུལ་སྐུ་ལོངས་སྐུའི་ཞལ་ཡང་མཐོང་། །སྤྲུལ་སྐུ་དག་གི་

(༡༣༦)འཁོར་རྣམས་ནི། །མཐོང་ལམ་དག་ཏུ་བཤད་པ་ཡིན། །ལོངས་སྐུ་འཁོར་གྱི་དམ་པ་ནི། །སྒོམ་ལམ་ཐ་མར་བཞེད་པ་ཡིན། །ཤེས་བྱའི་སྒྲིབ་པར་བཞེད་པ་ཡིན། །འདུ་བྱེད་ཉོན་མོངས་ཕྲ་རབ་ཀྱིས། །དག་སྣང་ལོངས་སྐུའི་རྣམ་པ་འཆར། །ལོངས་སྐུ་སྣ་ཚོགས་སྣང་ན་ཡང་། །རྒྱ་མཚོར་ཉི་ཟླ་ཤར་བ་བཞིན། །ཤེས་བྱའི་སྒྲིབ་པ་ཕྲའུ་ཙམ། །འཁོར་འདས་དཀྱིལ་འཁོར་ཐམས་ཅད་དང་། །ལྷན་སྐྱེས་ཆོས་སྐུ་ཐ་དབུས་མེད། །ཆོས་དབྱིངས་རབ་འབྱམ་ཆོས་སྐུར་མཐོང་། །ཤེས་བྱའི་སྒྲིབ་པ་དེ་བཞིན་ཡིན། །ཐེག་པ་རིམ་དགུ་དག་གི་ནི། །སྐུ་གསུམ་བཞེད་ལུགས་སོ་སོར་སྣང་། །ཉན་རང་ཐེག་པའི་ཆོས་སྐུ་ནི། །གང་ཟག་ཞི་བ་མྱ་ངན་འདས། །ཡུལ་མེད་ཡེ་ཤེས་བཅུ་དྲུག་དང་། །ཡིད་བཞིན་བདེ་བ་མཆོག་གི་ས། །ཉན་རང་ཐེག་པ་གྲངས་མང་ཡང་། །མྱ་ངན་འདས་པའི་ས་འདིར་འདུས། །བྱང་ཆུབ་སེམས་དཔའི་ཐེག་པ་འདི། །འབྲས་བུ་སྐུ་ཡི་ཐེག་སྐལ་ནི། །ཤཱཀ་ཐུབ་ལོངས་སྐུ་བྱམས་པ་དང་། །ཤཱ་རིའི་བུ་དང་སེམས་དཔའ་རྣམས། །སྤྲུལ་སྐུའི་རང་བཞིན་ཆོས་སྐུར་གནས། །རང་རྒྱལ་རྣམས་ཀྱི་ཆོས་སྐུ་ནི། །བདག་མེད་སྤྲོས་པ་ཉེར་ཞི་བ། །རང་རྒྱལ་རྫུ་འཕྲུལ་ཡ་མ་ཟུང་། །སྣ་ཚོགས་འཕྲུལ་ཞིང་ཆོ་འཕྲུལ་འགྱེད། །སེམས་དཔའ་ཆེན་པོ་ཀུན་ཏུ་འོད། །རྣམ་སྣང་ས་བཅུའི་སྟོན་པ་སྟེ། །ལོངས་སྐུ་ཤཱཀ་ཐུབ་སྤྲུལ་སྐུར་གནས། །ཐེག་པ་རྣམ་པ་གསུམ་དག་ལས། །སྐུ་གསུམ་བཞེད་ལུགས་སོ་སོར་སྣང་། །ཨ་ནུ་སྤྲུལ་སྐུའི་ལུང་དུ་བཞེད། །ལོངས་སྐུ་ལུང་ཆེན་ཕྱི་རྒྱུད་གསུམ། །ཀྲྀ་ཡ་སྔགས་ཀྱི་དག་བྱེད་ནི། །དག་པ་ཆོས་ཉིད་

(༡༣༧)མངོན་དུ་འགྱུར། །ལོངས་སྐུ་རིགས་གསུམ་མགོན་པོ་ཡི། །ལོངས་སྐུ་ཤཱཀ་ཐུབ་སྤྲུལ་པའི་སྐུ། །ཀྲྀ་ཡ་འབྲས་བུའི་ཐོབ་སྐལ་ལ། །ཐད་སོ་སྐུ་གསུམ་སོ་སོར་འབྱེད། །ཨུ་པ་ཡ་ཡི་སྐུ་གསུམ་ནི། །སྤྲོས་བྲལ་འོད་གསལ་ཆོས་སྐུ་ལས། །སེམས་དཔའ་དང་ནི་སེམས་དཔའི་ཚོགས། །རིགས་བཞི་རྣམ་པར་འབྱེད་པའི་ས། །ལོངས་སྐུ་སྤྲུལ་སྐུའི་བྱེ་བྲག་རྣམས། །བྱ་སྤྱོད་གཉིས་སུ་སོ་སོར་འབྱེད། །ཡོ་ག་དག་གི་སྐུ་གསུམ་ལ། །དབྱིངས་ཉིད་རྣམ་པར་དག་པ་ལས། །ཆོས་སྐུ་ཉིད་ལས་ལོངས་སྐུ་སྟེ། །རྣམ་སྣང་རིགས་ལྔ་ཡབ་ཡུམ་ལྔས། །རྣམ་སྣང་ཀུན་སྣང་ཡེ་ཤེས་སྣང་། །ཨེ་མ་སུམ་བཅུ་རྩ་བདུན་སོགས། །ཡོ་ག་སྐུ་གསུམ་སོ་སོར་འབྱེད། །མཧཱ་ཡོ་གའི་འབྲས་བུ་ནི། །རང་རིག་གཞན་རིག་གཉིས་སུ་མེད། །ཆོས་སྐུ་བདེ་སྟོང་དབྱེར་མེད་ལས། །ལོངས་སྐུ་རིགས་ལྔ་ཡབ་ཡུམ་བཅུ། །བདེ་བ་ཆེན་པོར་རང་བཞིན་རྫོགས། །སྤྲུལ་སྐུ་ཞི་བའི་ལྷ་ཚོགས་ལས། །ཁྲག་འཐུང་རྨད་དུ་བྱུང་བ་ཡི། །འབར་བའི་ཁྲོ་བོ་དཀྱིལ་འཁོར་རྣམས། །མཧཱ་ཡོ་གའི་དཀྱིལ་འཁོར་རྣམས། །ལྟོས་པ་དང་ནི་ལྟོས་ཆོས་ཀྱི། །ཐེག་པ་བདུན་གྱི་མཐར་ཐུག་སྟེ། །ཨ་ནུ་ཨ་ཏིའི་ལམ་སྟེགས་ཙམ། །ཨ་ནུའི་མཐར་ཐུག་དཀྱིལ་འཁོར་གསུམ། །ཆོས་སྐུ་ཀུན་ཏུ་བཟང་པོ་དང་། །ཡབ་ཡུམ་སྲས་དང་བཅས་པ་ཡི། །ཡི་གེ་འཁོར་ལོ་ཚོགས་ཆེན་ཏེ། །ཆོས་དབྱིངས་མཐའ་ཡས་མུ་མེད་པ། །དབྱིངས་དང་ཡེ་ཤེས་དབྱེར་མེད་དུ། །དཀྱིལ་འཁོར་ཆེན་པོ་གསུམ་དུ་རྟོགས། །ཨ་ནུའི་སྐུ་གསུམ་མཐར་ཐུག་སྟེ། །ཨ་ཏི་ཡི་ནི་ལམ་སྟེགས་ཏེ། །ཨ་ཏི་ཡོ་གའི་ཐེག་པ་ནི། །ཆོས་སོ་ཅོག་

(༡༣༨)གི་སྤྱི་ལུང་སྟེ། །ཕྱི་ནང་ཐེག་པ་ཐམས་ཅད་ཀྱི། །མ་འདྲེས་སོ་སོར་སྣང་བ་ལས། །ཐེག་པ་ཀུན་གྱི་ཤན་འབྱེད་དང་། །ཐེག་པ་ཀུན་གྱི་སྤྱི་ལུང་ནི། །ཨ་ནུ་ཨ་ཏི་ཡོ་ག་སྟེ། །ཐེག་པ་དག་ནི་ཕྱེད་དང་དགུ། །ཐེག་པ་ཕྱེད་དགུའི་འབྲས་བུ་ནི། །སྟོན་པས་སྐུ་གསུམ་དག་ཏུ་བཞེད། །ཀུན་བྱེད་རྒྱལ་པོའི་ལུང་ལས་ཀྱང་། །སྐུ་གསུམ་ལྷུན་གྱིས་གྲུབ་པ་ཡི། །སྟོན་པ་རྣམ་པ་གསུམ་དག་གིས། །ཆོས་རྣམས་བྱིན་གྱིས་བརླབས་ཀྱིས་སྟོན། །ཐུགས་རྗེའི་བྱིན་རླབས་འབྱུང་ཚུལ་ནི། །བཅུ་གཉིས་དག་ཏུ་འདུས་པ་ཡིན། །བྱང་ཆུབ་སྙིང་པོ་ཐུགས་རྗེའི་རྒྱན། །བྱིན་རླབས་སྣང་བ་རྣམ་གསུམ་གྱིས། །ཁམས་གསུམ་སྐུ་གསུམ་ཉིད་དུ་སྣང་། །སྟོན་པའི་ཐུགས་རྗེ་ཀུན་ཁྱབ་ཀྱང་། །ངོ་ཤེས་མ་ཐོབ་གདུལ་བྱ་ལ། །བྱིན་རླབས་ནམ་ཡང་འཇུག་མི་འགྱུར། །ཐུགས་རྗེ་མཛད་པའི་རྒྱུན་དག་ནི། །གདུལ་བྱ་དུས་ལ་བབ་པ་དང་། །དོན་བྱའི་ཚུལ་ནི་སྣ་ཚོགས་ཀྱིས། །ཐུགས་རྗེའི་མཛད་པས་ལས་རྒྱུན་གཅོད། །previous hit དགོངས next hit་སྒྲོལ་བས་ཐམས་ཅད་སྒྲོལ། །ལུང་ཆེན་ཨ་ནུའི་ལུགས་ཀྱིས་ནི། །རྟོགས་དང་ཡེ་ཤེས་དབྱེར་མེད་ཡིན། །ཨ་ནུ་མ་འདྲེས་ཡོངས་རྫོགས་ཏེ། །དབྱིངས་ནི་རང་རིག་རང་བྱུང་སྟེ། །མ་འདྲེས་ཡེ་ཤེས་ལྔ་རུ་སྣང་། །ཡོངས་རྫོགས་ལས་ནི་སྐུ་ལྔར་སྣང་། །མཚོན་ཚུངས་མ་འདྲེས་ཤར་བ་ནི། །མ་འདྲེས་མཁའ་ལ་གཟའ་སྐར་བཀྲ། །ཡོངས་རྫོགས་མཁའ་ལས་གདམ་ཁྱབ་ཆེ། །འཇའ་ཚོན་མ་འདྲེས་ཇི་བཞིན་གསལ། །ཇི་ལྟར་སོ་སོར་སྣང་ན་ཡང་། །མཐའ་མེད་ནམ་མཁའི་དབྱིངས་སུ་མཉམ། །ཇི་ལྟར་ཐེག་པ་གྲངས་མང་ཡང་། །མ་འདྲེས་ཨ་ནུའི་ངོ་བོར་རྫོགས། །རྒྱ་མཚོ་ཆུ་ཡི་འདུས་པ་བཞིན།།

(༡༣༩)ཕྱི་ནང་ཐེག་པའི་བྱེ་བྲག་རྣམས། །ཨ་ནུ་དབྱིངས་སུ་མ་འདྲེས་རྫོགས། །ཕྱི་ནང་སྔགས་ཀྱི་བྱེ་བྲག་རྣམས། །ལུང་གི་ས་མཚམས་མ་ཕྱེད་ན། །ཕྱི་ནང་ཁྱད་པར་མེད་པར་འགྱུར། །རྩ་བ་ཡན་ལག་བཤད་རྒྱུད་དང་། །ཡོངས་རྫོགས་ཡན་ལག་དགོས་དོན་དུ། །རྩ་བའི་རྒྱུད་ནི་རེ་རེ་ལ། །ཕྱི་མ་ཡན་ལག་དྲུག་དྲུག་སྟེ། །རྒྱུད་སྡེ་ཀུན་གྱི་གཞི་རྟེན་ནི། །ཀྲྀ་ཡ་འཇུག་སྒོ་དང་པོ་སྟེ། །ཁྲུས་དང་གཙང་སྦྲ་ནས་འཇུག་ཅིང་། །སུ་ནི་སིདྡྷི་ཀ་ར་ལས། །ལས་ལ་འཇུག་པའི་སྐབས་དག་ལས། །ལུས་ལ་ས་ཁྲུས་བྱས་ནས་སུ། །ཆུ་ཆེན་རྙོག་མེད་ནང་དག་ཏུ། །ཇི་ལྟར་འདོད་པ་དག་ཏུ་བཀྲུ། །དམ་ཚིག་རིགས་གསུམ་དབང་དུ་ནི། །གསུམ་ལམ་བདུན་ནམ་ཉི་ཤུ་དག །ཡང་དག་པར་ནི་བཀྲུ་བར་བྱ། །ངེས་པའི་ཡན་ལག་གཏན་ཚིགས་སོ། །ཏིང་ངེ་འཛིན་གྱི་རིམ་པ་ནི། །སུ་ནི་སིདྡྷི་ཀ་ར་ནས། །མཚན་མ་མེད་པའི་ཆོས་ཉིད་ནི། །མཚན་མ་ལྷ་ཡི་སྐུར་བསྒོམས་ཏེ། །སེམས་དཔའ་རྣམ་གཉིས་རྗེ་འབངས་ཚུལ། །དམ་ཚིག་སེམས་དཔའ་བྲན་དུ་དམིགས། །བཟླས་པ་བྱ་བའི་རིམ་པ་ནི། །བཟླས་བརྗོད་མེ་ལ་བརྩོན་འགྲུས་རླུང་། །མེ་རླུང་སྦྱོར་བའི་འཁྲུལ་འཁོར་གྱིས། །བརྩོན་འགྲུས་མེ་ལྕེས་བུད་ཤིང་བསྲེགས། །གསལ་བ་གསུམ་ལྡན་སྐྱོན་བཅུ་སྤངས། །ཕྲིན་ལས་དག་གི་སྒྲུབ་ཚུལ་ནི། །ཀྲྀ་ཡ་དཔུང་པ་བཟང་པོ་ལས། །ཞི་དང་རྒྱས་དང་དབང་གི་རྣམས། །དེ་བཞིན་མངོན་སྤྱོད་ཕྲིན་ལས་ཚོགས། །གཙང་མ་སྤྱོད་པའི་ཕྲིན་ལས་ཀྱིས། །སེམས་ཅན་དོན་ལ་རབ་ཏུ་བརྩོན། །ཕྱི་ནང་སྤྱོད་པ་དག་བྱ་བ། །ཀྲྀ་ཡ་གསང་བའི་སྤྱི་རྒྱུད་ལས། །མཚམས་མེད་མི་དགེ་བཅུ་སྤྱོད་པ། །

(༡༤༠)སྡིག་པ་གང་དང་གང་བྱས་པས། །བཟླས་བརྗོད་བྱས་པ་ཙམ་གྱིས་སྦྱང་། །དག་པའི་མཆོད་པ་འབུལ་བ་ནི། །མེ་ཏོག་དཀར་པོ་དྲི་ཞིམ་དང་། །ཞི་བའི་མཆོད་རྫས་སྣ་ཚོགས་རྣམས། །སངས་རྒྱས་བཅོམ་ལྡན་འདས་ལ་འབུལ། །དབང་ནི་ཐོབ་པའི་རིམ་པ་ནི། །སུ་ནི་སི་ཏི་ཀ་ར་ལས། །རིགས་གསུམ་ལྷ་ཡི་དཀྱིལ་འཁོར་དུ། །དབང་རྣམས་མ་ལུས་རྫོགས་པར་བྱིན། །ཀྲྀ་ཡ་དག་གི་གནས་པ་ནི། །རིག་འཛིན་ཡན་ལག་དེ་ཉིད་ལས། །བསོད་ནམས་ཡེ་ཤེས་སྣ་ཚོགས་རྫོགས། །རིགས་གསུམ་རིག་འཛིན་མཐུ་ཅན་འགྱུར། །སངས་རྒྱས་ཕྲིན་ལས་ཀུན་རྫོགས་ནས། །དེ་ནི་རིག་འཛིན་ཕྲིན་ལས་ཡིན། །འབྲས་བུ་སངས་རྒྱས་རྣམས་དང་ནི། །ཕྲིན་ལས་རྒྱལ་བ་རྣམས་དང་མཉམ། །ཀྲྀ་ཡ་དཔུང་བཟངས་རྒྱུད་ལས་ཀྱང་། །རྡོ་རྗེ་འཛིན་པའི་ས་ཆེན་གནས། །ཀྲྀ་ཡ་དག་གི་ལྟ་བ་ནི། །བདེན་པ་གཉིས་སུ་ལྟ་བ་སྟེ། །སུ་ནི་སི་ཏི་ཀ་ར་ལས། །ཀུན་རྫོབ་དང་ནི་དོན་དམ་གཉིས། །བསླབ་པའི་སྡོམ་པ་བླང་བར་བྱ། །ཀུན་རྫོབ་རིགས་གསུམ་དཀྱིལ་འཁོར་ནི། །རང་བཞིན་ཉིད་དུ་རྟག་བྱ་སྟེ། །དོན་དམ་དབང་པ་ཆོས་ཉིད་དུ། །ཆོས་ཉིད་རྟོགས་པ་བརྟན་པར་བྱ། །ཨུ་པ་ཡ་ཡི་སྤྱོད་པ་དང་། །ཏིང་འཛིན་གཉིས་ཀའི་སྒོ་ནས་འཇུག །དམ་ཚིག་དག་གི་བསྲུང་ལུགས་ནི། །ཀྲྀ་ཡའི་ཐེག་པ་དག་དང་མཐུན། །ཏིང་འཛིན་དེ་ཉིད་བཞི་ལྡན་པར། །དམིགས་པ་ལྷ་དང་ཡེ་ཤེས་ནི། །དམ་ཚིག་སེམས་དཔའ་དཔོན་གཡོག་ཏུ། །སེམས་དཔའ་གསུམ་ལྡན་རྫོགས་པར་བསྒོམ། །བཟླས་པ་ཀྲྀ་ཡ་དག་དང་མཐུན། །བདག་གི་དོན་ལ་སྦྱོར་ལམ་ལྔ། །གཞན་དོན་ཕྲིན་ལས་རྣམ་བཞིའོ། །སྤྱོད་པ་ཀྲྀ་ཡ་དག་དང་མཐུན། །དབང་ནི་ཡོ་ག་བཞིན་

(༡༤༡)དུ་བསྐུར། །གནས་ནི་རིག་འཛིན་ལྔ་ལ་གནས། །རིགས་བཞི་རྡོ་རྗེ་འཆང་གི་ས། །ལྟ་བ་ཡོ་ག་དག་དང་མཐུན། །ཨུ་པ་ཡ་ཡི་ཐེག་པ་ནི། །གཉིས་ཀ་སྤྱོད་ཀྱི་ཐེག་པ་སྟེ། །ཕུན་སུམ་ཚོགས་པ་ལྔ་དག་གིས། །ཐོབ་སྐལ་ཨུ་པ་ཡ་ལ་མེད། །བྱ་སྤྱོད་གཉིས་ཀྱི་གཞོགས་འགྲོས་ཡིན། །མཁས་རྣམས་དེ་ལྟར་མཁྱེན་པར་མཛོད། །ཡོ་ག་ཡི་ནི་འཇུག་སྒོ་དང་། །སྒོམ་པ་གཙོ་ཆེར་སྟོན་པ་ཡིན། །རྡོ་རྗེ་རྩེ་མོའི་རྒྱུད་ལས་ཀྱང་། །དཀའ་ཐུབ་དཀའ་སྤྱད་འདིར་མི་དགོས། །ཁྲུས་དང་གཙང་སྦྲ་འདིར་མི་དགོས། །སངས་རྒྱས་ཐམས་ཅད་སེམས་དཔའ་ཆེ། །བདག་ཏུ་སྦྱོར་བས་འགྲུབ་པར་འགྱུར། །ཡོ་གའི་འཇུག་དང་སྒོམ་པའོ། །དམ་ཚིག་ཁྱིམ་པ་དག་ལ་བསླབ། །གཞི་ལྔ་གཟུང་ཞིང་བྱང་སེམས་བསྐྱེད། །རིགས་ལྔ་སྤྱི་ཡི་དམ་ཚིག་བསྲུང་། །རྡོ་རྗེ་རྩེ་མོའི་རྒྱུད་ལས་ཀྱང་། །ཁྱིམ་པའི་ཚུལ་དུ་གནས་ན་ཡང་། །རིག་སྔགས་རྒྱལ་པོ་རྟག་ཏུ་བསྒོམ། །དགེ་གཉེན་དགེ་ཚུལ་དགེ་སློང་སོགས། །འདུལ་ཁྲིམས་མ་ཉམས་བསྲུང་བ་དང་། །སྡོམ་པ་གསུམ་ལ་གནས་པར་བྱ། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་རང་གི་སྡོམ་པའོ། །མཚན་མ་མེད་པའི་ཏིང་འཛིན་ནི། །རྡོ་རྗེ་རྩེ་མོའི་རྒྱུད་ལས་ཀྱང་། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་བ། །ཏིང་ངེ་འཛིན་ཞེས་རབ་ཏུ་གྲགས། །འདི་ཡིས་གསང་སྔགས་བསྒོམས་ནས་ནི། །སྔགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །མཚན་བཅས་ཏིང་འཛིན་བསྒོམ་པ་ནི། །སང་ཀྲ་ཧ་ར་ཕྱི་རྒྱུད་ལས། །ཡི་གེ་ཨ་ལས་རབ་འཇུག་པས། །ཡི་གེ་ཐམས་ཅད་བསྒོམ་པར་བྱ། །བདག་གི་

(༡༤༢)ཁ་ནས་གཞན་གྱི་ཁར། །བསྒོམས་ན་དངོས་གྲུབ་ཐོབ་པར་འགྱུར། །ཡོ་ག་དག་གི་དམིགས་པ་ནི། །མཉམ་པར་དམིགས་པ་དོན་རྟོགས་ཏེ། །དེ་ལྟར་རྣལ་འབྱོར་གསལ་ལགས་ན། །མི་རྟོག་མཉམ་པར་རྟོགས་པར་འགྱུར། །ཡོ་གའི་བཟླས་པ་བྱ་བ་ནི། །རྡོ་རྗེ་རྩེ་མོའི་རྒྱུད་ལས་ཀྱང་། །ཤིན་ཏུ་ཕྲ་མོའི་ཡིད་ཀྱིས་ནི། །སེམས་ནི་ཆོས་ཉིད་ནང་ན་བཞུགས། །དེ་ལྟར་བཟླས་པ་བྱས་ནས་ནི། །ཡིད་ཀྱི་རྡོ་རྗེའི་བཟླས་པ་ཡིན། །སང་ཀྲ་ཧ་རའི་རྒྱུད་ལས་ཀྱང་། །གཞན་ཡང་སྒྲུབ་པ་ཆེན་པོ་ནི། །ཛཧཱུྃ་བཾ་ཧོཞེས་བརྗོད་ཅིང་། །ཡིད་ཀྱིས་ལེགས་པར་སྦྱངས་བྱས་ནས། །ལུས་ལ་སངས་རྒྱས་ཀུན་གཞུག་གོ། །ཡོ་གའི་ཕྲིན་ལས་སྒྲུབ་པ་ནི། །ཕྲིན་ལས་བཞི་ཡི་འབྲས་བུ་ཡང་། །ལས་ཀྱི་ཁ་བཀང་སྦྱིན་བསྲེག་དང་། །དག་པའི་རྒྱུན་གྱི་སྦྱིན་བསྲེག་གོ། །ངན་སོང་སྦྱོང་བའི་རྒྱུད་ལས་ཀྱང་། །ལྷའི་བུའི་རྣམ་བཞིའོ། །དཀྱིལ་འཁོར་རབ་དང་འབྲིང་དང་ནི། །ཐ་མ་ལ་སོགས་ཅི་འཛོམ་བྱ། །ཁྲུ་གང་ཁྲུ་དོ་ཁྲུ་གསུམ་མོ། །ཆེ་ཆུང་ཅི་འབྱོར་ཚད་དུ་བྱ། །ལས་བཞིའི་དཀྱིལ་འཁོར་རྫོགས་པར་བྲི། །ཡོ་ག་དག་གི་སྤྱོད་པ་ནི། །ཏིང་ངེ་འཛིན་གྱི་སྐབས་སུ་ནི། །མཉམ་པར་མངས་ཞག་སྤྱོད་པ་ནི། །རྡོ་རྗེ་རྩེ་མོའི་རྒྱུད་ལས་ཀྱང་། །སེམས་ཅན་ཐམས་ཅད་ཡོངས་ཀྱིས་མཉམ། །རྟག་ཏུ་སངས་རྒྱས་ཡིད་ལ་བྱེད། །རྟག་ཏུ་སངས་རྒྱས་མཆོད་པའི་གནས། །ཡོ་ག་དག་གི་དབང་བསྐུར་ནི། །ངན་སོང་སྦྱོང་བའི་རྒྱུད་ལས་ཀྱང་། །མོས་བརྟན་ལྡན་པར་དམ་བཅས་ནས། །ཐམས་ཅད་ཡིད་ཀྱིས་བསྐུར་བྱ་སྟེ། །བུམ་དབང་ལ་སོགས་མ་ཐོབ་པར། །བཅུ་པོའི་དབང་རྣམས་མི་རྫོགས་ཕྱིར། །བཅུ་པོ་བདེ་བ་ཆེན་པོ་དང་། །རིག་པ་བུམ་པ་དྲན་པ་ཕྲེང་། །མཚོན་པར་

(༡༤༣)བྱ་བའི་ཕྱག་རྒྱ་དང་། །ལས་དང་རིག་འཛིན་གཟུངས་སྔགས་དང་། །འཁོར་ལོ་སྒྱུར་བ་བདག་པོའི་དབང་། །གནང་བ་བཀའ་དང་སྦས་པ་གསང་། །བདེ་ཆེན་ཐབས་དང་ཤེས་རབ་དབང་། །རིག་འཛིན་རིག་པ་འཛིན་པ་ནི། །སམ་ཀྲ་ཧ་རའི་རྒྱུད་ལས་ཀྱང་། །ཡེ་ཤེས་ཚེ་སྟོབས་ན་ཚོད་དང་། །ཀུན་ཏུ་འགྲོ་བ་ཉིད་རྣམས་ཐོབ། །ས་ནི་སྟུག་པོ་ཀོད་པའོ། །ལྟ་བ་དོན་དམ་ཀུན་རྫོབ་སྟེ། །སང་ཀྲ་ཧ་རའི་རྒྱུད་ལས་ཀྱང་། །ཆོས་རྣམས་རང་བཞིན་འོད་གསལ་བས། །ངོ་བོ་ཉིད་ཀྱིས་གདོད་ནས་དག །ཀུན་རྫོབ་དག་གི་ལྟ་བ་ནི། །རྡོ་རྗེའི་འབྱུང་བའི་རྒྱུད་ལས་ཀྱང་། །ཁམས་གསུམ་མ་ལུས་འདི་དག་ཀུན། །དཀྱིལ་འཁོར་ཆེན་པོའི་ངོ་བོ་ཡིན། །དེ་ལ་ལྔ་སྟེ་རྟེན་སྣོད་ཀྱི། །བརྟེན་པ་དགུ་ཡི་དཀྱིལ་འཁོར་ཏེ། །སྒྲུབ་པ་ཐབས་ཀྱི་དཀྱིལ་འཁོར་ཡིན། །བསྒྲོད་པ་ལམ་གྱི་དཀྱིལ་འཁོར་ཏེ། །མཐར་ཕྱིན་འབྲས་བུའི་དཀྱིལ་འཁོར་ལ། །ལོངས་སྐུའི་བསྟན་པ་ཕྱི་རྒྱུད་གསུམ། །ཨ་ནུ་ཡོ་ག་སོ་སོར་འབྱེད། །མཧཱ་ཡོ་གའི་འཇུག་སྒོ་ནི། །ཐབས་དང་ཤེས་རབ་སྒོ་ནས་འཇུག །གསང་བ་སྙིང་པོའི་རྒྱུད་ལས་ཀྱང་། །ཐབས་དང་ཤེས་རབ་དགྱེས་ཕྲིན་ལས། །བྱང་ཆུབ་སེམས་ཚོགས་འཁོར་ལོ་དགུ། །མཧཱ་ཡོ་གའི་དམ་ཚིག་ནི། །བླ་མེད་མི་སྤང་བླ་མ་བཀུར། །ངེས་པའི་གཏན་ཚིགས་བསྟན་པ་ནི། །ཐབས་དང་ཤེས་རབ་ཚོགས་གཉིས་རྫོགས། །རིགས་དང་མཁས་པའི་རྗེས་འབྲེངས་ནས། །བྱེ་བྲག་བསྡུས་པ་ཀུན་ཁྱབ་གསུམ། །མཧཱ་ཡོ་གའི་བསམ་པ་ནི། །རིམ་གྱིས་འཇུག་གམ་གཅིག་ཅར་འཇུག །བློའི་ཤེས་རབ་ཆེ་ཆུང་གིས། །ཡང་ན་རིམ་གྱིས་བསྒོམ་པར་བྱ། །ཡང་ན་གཅིག་ཅར་བསྒོམ་བྱ་སྟེ། །མཧཱ་ཡོ་གའི་དམིགས་པ་

(༡༤༤)ནི། །བདག་ཉིད་ཆེན་པོར་དམིགས་པ་སྟེ། །ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །མཧཱ་ཡོ་གའི་བཟླས་པ་ནི། །སྒྱུ་འཕྲུལ་དང་ནི་རྒྱས་པ་ལས། །རྣམ་གསུམ་ཚུལ་གྱིས་མ་འཁྲུལ་བར། །སྔགས་བཟླས་ཆོ་ག་བར་མ་ཆད། །འདྲིས་གོམས་བརྟན་པ་མཆོག་གིས་བྱ། །ཡེ་ཤེས་རྔམ་གློག་རྒྱུད་ལས་ཀྱང་། །སྐྱོན་བཅུ་སྤངས་ཏེ་བཟླས་པ་བྱ། །མཧཱ་ཡོ་གའི་སྦྱོར་བ་ནི། །དབྱིབས་དང་ཁ་དོག་མཚན་ལྡན་པར། །སྦྱོར་བ་ཚོགས་ཀྱང་རྫོགས་པར་བྱེད། །བསྟན་འགན་གཉིས་ཀྱིས་མཆོད་པའོ། །སྤྱོད་པ་རྟུལ་ཞུགས་ཆེན་པོ་སྟེ། །སྒྱུ་འཕྲུལ་རྒྱས་པའི་རྒྱུད་ལས་ཀྱང་། །སེམས་ཅན་རྟོག་པ་ཟློག་ཕྱིར་དམན། །ཕྱི་ནང་སྤྱོད་པ་སྣ་ཚོགས་ཀྱིས། །དངོས་གྲུབ་ཐམས་ཅད་བརྟེན་པར་བྱ། །བསྐུར་བ་དབང་གི་རིམ་པ་ནི། །དབུ་རྒྱན་ཅོད་པན་ཕྲེང་བ་སོགས། །དབང་བཞི་ཡོངས་སུ་རྫོགས་པར་བསྐུར། །མཧཱ་ཡོ་གའི་གནས་པ་ནི། །རིག་འཛིན་དག་ནི་རྣམ་བཞི་སྟེ། །དཔེར་ན་མངལ་དང་སྒོ་ང་བཞིན། །སྔོན་དུ་འབྱུང་བར་མི་འགྱུར་ཀྱང་། །རྩལ་ཆེན་འབྱུང་བར་འགྱུར་བ་བཞིན། །རྣམ་རྟོག་གཟུགས་ནི་བོར་མ་ཐག །རིགས་མཆོག་དམ་པ་འཛིན་པར་འགྱུར། །མཧཱ་ཡོ་གའི་ཚེ་དབང་ནི། །གསང་བ་སྙིང་པོའི་རྒྱུད་ནས་ཀྱང་། །དབང་བསྐུར་རིགས་ཀྱི་དམ་པ་འགྲུབ། །མི་དང་ལྷ་དང་ཚོགས་པ་སོགས། །འགྲོ་བ་ཀུན་གྱི་ཚེ་དབང་འགྲུབ། །མཧཱ་ཡོ་གའི་ཕྱག་རྒྱ་ནི། །རང་ལུས་རྒྱལ་བའི་ཕྱག་རྒྱ་ཆེ། །གོམས་པ་མངོན་དུ་གྱུར་པའི་ལྷ། །མཚན་དཔེ་བཞི་དང་མངོན་རྫོགས་དྲུག །ཕྱག་རྒྱའི་རིགས་སུ་གྲགས་པ་ཡིན། །མཧཱ་ཡོ་གའི་ལྷུན་གྲུབ་ནི། །མི་འགྱུར་རྡོ་རྗེའི་རྒྱུད་ལས་

(༡༤༥)ཀྱང་། །རང་རིག་ཡེ་ཤེས་རྒྱུད་དོན་ཕྱིར། །རང་གི་རིག་པས་མངོན་དུ་བྱས། །རིག་འཛིན་མཆོག་སྟེ་དངོས་གྲུབ་ཐོབ། །མཧཱ་ཡོ་གའི་ས་ཆེན་ནི། །སྒྱུ་འཕྲུལ་ལེའུ་ལྷག་རྒྱུད་ལས། །མ་ཆགས་པདྨ་ཅན་གྱི་ས། །བླ་མེད་ལོངས་སྐུའི་ས་ཆེན་ནི། །ཐབས་དང་ཤེས་རབ་དབྱེར་མེད་རྫོགས། །འོག་མིན་བདེ་ཆེན་ཕོ་བྲང་ཡིན། །མཧཱ་ཡོ་གའི་ལྟ་བ་ནི། །སྒྱུ་འཕྲུལ་དག་ནི་རྒྱས་པ་ལས། །ཐབས་ཀྱི་ལྟ་སྤྱོད་ཆེན་པོ་ནི། །བླ་མེད་ཐེག་པ་ལས་འཕགས་པས། །དོན་དམ་དུ་ནི་མངོན་གྱུར་ཏེ། །ཀུན་རྫོབ་ཏུ་ནི་མཉམ་རྫོགས་སོ། །ཡང་དག་སྐྱེས་མཆོག་དམ་པ་ཡིན། །དོན་དམ་ཀུན་རྫོབ་དབྱེར་མེད་པར། །ཡང་དག་ཉིད་དུ་རབ་ཏུ་རྟོགས། །མཧཱ་ཡོ་གའི་ཐེག་པ་ནི། །ཐེག་པ་བདུན་གྱི་འབྲས་བུ་ཏེ། །ཡོངས་སུ་རྣལ་འབྱོར་ལམ་སྟེགས་ཙམ། །སྤྱི་ལུང་ཨ་ནུ་ཡོ་ག་ཡི། །འཇུག་པའི་སྒོ་ནི་འདི་ཉིད་དེ། །ཐེག་བདུན་ཐེག་བརྒྱད་འབྲས་བུ་ནི། །མཉམ་རྫོགས་ཡེ་ཤེས་དབྱིངས་ཡེ་ཤེས། །ཡུལ་དོན་ཡེ་ཤེས་དེ་སྦྱར་བས། །ཤེས་པར་བྱས་པས་ཐམས་ཅད་རྫོགས། །དབྱིངས་དང་ཡེ་ཤེས་ནས་འཇུག་གོ། །ཨ་ནུ་ཡོ་གའི་དམ་ཚིག་ནི། །མདོ་ཆེན་previous hit དགོངས next hit་འདུས་པ་ལས། །སྲུང་བྱ་སྲུང་བྱེད་མེད་པས་ན། །ཆོས་ཉིད་དམ་ཚིག་དམ་པ་ཡིན། །ཕྱི་ནང་དམ་ཚིག་ཐམས་ཅད་ཀྱང་། །འདི་རུ་མ་རྫོགས་གང་ཡང་མེད། །ཨ་ནུ་ཡོ་གར་ངེས་པ་ནི། །བཀའ་དོན་གཏན་ཚིགས་རིག་པ་བཞི། །སྣང་དང་མི་འགལ་རྒྱས་འཐད་སྦྱར། །ཨ་ནུ་ཡོ་གའི་བསམ་པ་ནི། །གཅིག་ཅར་དུ་ནི་རྟོགས་པ་སྟེ། །ལ་ཤན་དག་གི་ལུང་ལས་ཀྱང་། །འོད་ཀྱི་ཏིང་

(༡༤༦)འཛིན་ཤུགས་ཀྱིས་འགྲོ། །ཨ་ནུ་ཡོ་གའི་དམིགས་previous hit ་ནི། །ཀུན་གྱི་བདག་ཉིད་ཆེན་པོ་སྟེ། །དགོངས next hit་འདུས་ཉིད་ཀྱི་ལུང་ལས་ཀྱང་། །བདག་ཉིད་ཆེན་པོ་ལྷུན་གྲུབ་མཐུས། །ཐམས་ཅད་མ་ལུས་དབྱིངས་སུ་གསལ། །ཡོངས་སུ་རྣལ་འབྱོར་བཟླས་པ་ནི། །དོན་གྱི་ཟླ་འམ་ཆོ་འཕྲུལ་གྱིས། །སྣ་ཚོགས་བཟླས་པ་ངོ་བོ་ཉིད། །དྲུག་བཅུ་རྩ་གསུམ་མདོའི་ལེའུ། །སྒྲ་བརྙན་འབྱུང་བའི་རང་བཞིན་ནི། །གང་གིས་གནས་ལ་སྒྲ་རྐྱེན་པས། །དེ་ལྟར་དེ་བཞིན་སྒྲ་བརྙན་འབྱུང་། །འཁོར་འདས་སྒྲ་སྐད་ཐམས་ཅད་ཀྱང་། །སྒྲ་བརྙན་ལྟ་བུར་རྟོགས་པར་བྱེད། །ཨ་ནུ་ཡོ་གའི་ཕྲིན་ལས་ནི། །ལྔ་ཀ་རྫོགས་རིམ་ཉིད་དུ་འདོད། །སྦྱོར་བ་དྲུག་བཅུ་རྩ་གཅིག་སོགས། །སྦྱོར་སྒྲོལ་གཉིས་ཀྱི་དབྱིངས་སུ་སྒྲོལ། །ཨ་ནུ་ཡོ་གའི་སྤྱོད་པ་ནི། །ཐུན་མོང་བརྟུལ་ཞུགས་དུས་མིན་དུ། །མཉམ་པ་ཉིད་ཀྱི་སྤྱོད་པ་སྟེ། །མདོ་ལུང་དོན་གཅིག་ལེའུ་ལས་ཀྱང་། །བྱིན་གྱིས་བརླབས་ཀྱི་སྤྱོད་པ་དང་། །དབང་བསྒྱུར་ཐབས་ཀྱི་སྤྱོད་པའོ། །ཨ་ནུ་ཡོ་གའི་སྔོན་འབྱུང་དབང་། །ཀུན་བཟང་རྗེས་སུ་འཇུག་པ་སྟེ། །ཁུང་དང་གྲངས་པ་ཆུ་བོ་སོགས། །དབང་ཆོག་སུམ་བཅུ་སོ་དྲུག་སོགས། །ཨ་ནུ་ཡོ་ག་དབང་ཆོག་ནི། །ཐེག་པ་བརྒྱད་ཀྱི་སྤྱི་དབང་ཡིན། །ཨ་ནུ་ཡོ་གའི་གནས་པ་ནི། །ཀུན་འདུས་རིག་པའི་མདོ་ལས་ཀྱང་། །རིག་འཛིན་དང་པོ་ལ་རྒལ་ནས། །གནས་པ་ས་ལ་ཚེ་དབང་ཐོབ། །ཕྱག་རྒྱ་ཆེན་པོ་ལྷུན་གྲུབ་པ། །འབའ་ཞིག་རང་བཞིན་གནས་པ་ཡིན། །ཨ་ནུ་ཡོ་གའི་ས་ཆེན་ནི། །ཞེ་བཞི་པ་ཡི་ལུང་ལས་ཀྱང་། །ཆོས་ཉིད་མི་འགྱུར་གདམ་བའི་ས།།

(༡༤༧)དབྱིངས་དང་ཡེ་ཤེས་རོ་མཉམ་ཡིན། །ཀུན་འདུས་རིག་པའི་མདོ་ལས་ཀྱང་། །མ་སྐྱེས་རང་གནས་སྐུ་ཡི་རྒྱ། །རིན་ཆེན་སྨོན་མེད་གསུང་གི་རྒྱ། །མཚན་མེད་ཡིད་ལས་འདས་པའི་ཐུགས། །རྣམ་གསུམ་བདེ་ཆེན་སངས་རྒྱས་པ། །ས་ཆེན་འཁོར་ལོ་ཚོགས་ཆེན་ཡིན། །ཨ་ནུ་ཡོ་གའི་ལྟ་བ་ནི། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད། །སྲས་མཆོག་བདེ་བ་ཆེན་པོ་ལྷ། །མཉམ་པ་མཉམ་པའི་དོན་མཐོང་ཞིང་། །མཉམ་རྫོགས་ཡེ་ཤེས་དབྱིངས་ཡེ་ཤེས། །ཨ་ནུ་ཡོ་གའི་མཐར་ཐུག་ཡིན། །ལུང་ཆེན་ཨ་ནུ་ཡོ་ག་ཡི། །མདོ་ཆེན་previous hit དགོངས next hit་འདུས་པ་ལས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་previous hit དགོངས next hit་རྣམས། །དེ་བཞིན་ཉིད་དུ་ཐམས་ཅད་ཀྱང་། །གཅིག་དང་དུ་བྲལ་མ་ཡིན་ཏེ། །previous hit དགོངས next hit་ཐ་དད་དབྱིངས་སུ་རྫོགས། །སངས་རྒྱས་སེམས་ཅན་ལ་སོགས་པ། །མ་ལུས་མི་ལུས་ལུས་པ་མེད། །རང་རིག་མ་རིག་རྟོགས་པ་མེད། །ཡུལ་ཀྱང་རང་བྱུང་ཡེ་ཤེས་ཡིན། །རྡོ་རྗེ་ཀུན་བཀོད་འཕྲོས་པའི་རྒྱུད། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་ཡིན། །རྣལ་འབྱོར་གྲུབ་པའི་ལུང་དག་ནི། །མཐར་ཐུག་མེད་པའི་སེམས་ཅན་རྣམས། །བྱང་ཆུབ་སྙིང་པོར་དེ་ལུང་སྟོན། །ཀུན་འདུས་རིག་པའི་མདོ་ཆེན་ནི། །ཐམས་ཅད་ཀུན་འདུས་རིག་པར་སྟོན། །ཐེག་པ་ཆེན་པོ་སྐད་པ་དེ། །ཅི་ཡང་མི་སེམ་མི་གཡོ་ཞིང་། །མི་ལྡོག་རྣམ་པར་མི་གཡེང་ནས། །ཀུན་ལ་ཁྱབ་པར་གདལ་བའི་དབྱིངས། །ཀུན་ཤོང་བྱར་མེད་ཐེག་པའི་མཆོག །མདོ་ལུང་དཔག་མེད་གསུངས་ན་ཡང་། །མདོ་གཅིག་ཏུ་ནི་འདུས་པའི་ཕྱིར། །ཐེག་པ་ཀུན་

(༡༤༨)གྱི་སྤྱི་ལུང་ནི། །ལུང་ཆེན་ཨ་ནུ་ཡོ་ག་ཡིན། །ཆུ་རྣམས་རྒྱ་མཚོར་ཐིམ་པ་འདྲ། །ཡི་གེ་འཁོར་ལོ་ཚོགས་ཆེན་ས། །སེམས་ཅན་སངས་རྒྱས་ཐམས་ཅད་ཀྱང་། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཡང་། །ཡི་གེར་གནས་ཤིང་ཡི་གེར་བསྐྱེད། །ཡི་གེའི་ཚོགས་ལས་འབྱུང་བ་སྟེ། །སེམས་ཅན་སངས་རྒྱས་ཐམས་ཅད་ཀྱང་། །སྣང་སྲིད་འཁོར་འདས་ཡི་གེར་གནས། །དགོངས་འདུས་ལེའུ་བདུན་བཅུ་ལས། །མི་སྤྱོད་སངས་རྒྱས་ཀུན་གྱི་ཐུགས། །ངོ་བོ་གཅིག་ལས་མ་གཡོས་ཀྱང་། །ཞིང་ཁམས་བསམ་གྱིས་མི་ཁྱབ་པར། །རྡོ་རྗེ་སེམས་དཔའ་མཐའ་ཡས་སྣང་། །མི་སྐྱོད་ཡི་གེ་བཞི་བཅུ་གཉིས། །དེ་སོགས་ཡི་གེ་གྲངས་མཐའ་ཡས། །ཡི་གེ་ཚོགས་ཀྱི་མིང་རྣམས་ནི། །ཀུན་འདུས་རིག་པའི་ལུང་ལས་ཀྱང་། །ཨ་ནི་མ་སྐྱེས་ཡེ་ཤེས་ཡིན། །མིང་ཅན་ཐམས་ཅད་འགག་མེད་སྟོན། །ཀ་ནི་བྱ་བའི་ཡེ་ཤེས་ཏེ། །ཕྲིན་ལས་ཚོགས་ཀྱིས་གྲོལ་བར་བཤད། །ཁ་ནི་བྱ་བ་བྱེད་པའི་སྐུ། །མི་དམིགས་ཐམས་ཅད་གྲོལ་བར་སྟོན། །ག་ནི་དོན་དུ་འགྱུར་བའི་སྐུ། །ཡུལ་མེད་ཐམས་ཅད་གྲོལ་བར་སྟོན། །གྷ་ནི་གནས་པ་མེད་པར་སྟོན། །གཅིག་ཏུ་མ་ངེས་གྲོལ་བར་སྟོན། །ང་ནི་འཛིན་པ་མེད་པའི་སྐུ། །འཛིན་པ་ཐམས་ཅད་གྲོལ་བར་སྟོན། །ཙ་ནི་འགག་པ་མེད་པའི་སྐུ། །གང་ཡང་སྣང་ལས་གྲོལ་བར་སྟོན། །ཚ་ནི་འདའ་བ་མེད་པའི་སྐུ། །བྲལ་བ་མེད་པས་གྲོལ་བར་སྟོན། །ཛ་ནི་མ་བྱུང་བ་ཡི་སྐུ། །མི་གནས་པ་ནི་གྲོལ་བར་སྟོན། །ཛྷ་ནི་རྟོག་པ་བྲལ་བའི་སྒོ། །དྲི་མ་དག་པས་གྲོལ་བར་སྟོན། །ཉ་ནི་སྤྱོད་དང་བྲལ་བའི་སྒོ། །བྱ་བ་མེད་

(༡༤༩)པས་གྲོལ་བར་སྟོན། །ཏ་ནི་ང་རྒྱལ་མེད་པའི་སྒོ། །རི་བོ་མེད་པས་གྲོལ་བར་སྟོན། །ཐ་ནི་འགྱུར་རྩལ་མེད་པའི་སྒོ། །མི་འགྱུར་བས་ནི་གྲོལ་བར་སྟོན། །ད་ནི་འདྲེས་པ་མེད་པའི་སྒོ། །རྩོལ་བ་མེད་པས་གྲོལ་བར་སྟོན། །དྷ་ནི་སླུ་བ་མེད་པའི་སྒོ། །སྒྱུ་མས་ཐམས་ཅད་གྲོལ་བར་སྟོན། །ན་ནི་རྡུལ་དང་བྲལ་བའི་སྒོ། །རྟོག་པ་མེད་པས་གྲོལ་བར་སྟོན། །མ་ནི་ཆགས་པ་མེད་པའི་སྒོ། །རྟག་ཆད་མེད་པར་གྲོལ་བར་སྟོན། །ཡ་ནི་ཞེན་པ་མེད་པའི་སྒོ། །གོས་ས་མེད་པས་གྲོལ་བར་སྟོན། །ཝ་ནི་རྒྱུ་རྐྱེན་མེད་པའི་སྒོ། །འབྲས་བུ་མེད་པས་གྲོལ་བར་སྟོན། །རང་བཞིན་རྐྱེན་དང་བྲལ་བའི་སྒོ། །དོར་བ་མེད་པས་གྲོལ་བར་སྟོན། །ལ་ནི་བླང་དུ་མེད་པའི་སྒོ། །ཡོན་ཏན་མེད་པས་གྲོལ་བར་སྟོན། །ཤ་ནི་སྤྲོས་པ་མེད་པའི་སྒོ། །ཞི་བས་ཐམས་ཅད་གྲོལ་བར་སྟོན། །ཥ་ནི་ལུང་དང་བྲལ་བའི་སྒོ། །ལྕི་བ་མེད་པས་གྲོལ་བར་སྟོན། །ས་ནི་ཡང་དག་གསང་བའི་སྒོ། །ངེས་པ་ཐམས་ཅད་གྲོལ་བར་སྟོན། །ཧ་ནི་རྒྱུ་དང་བྲལ་བའི་སྒོ། །རྐྱེན་དང་བྲལ་བས་གྲོལ་བར་སྟོན། །ཀྵ་ནི་ཁམས་དང་བྲལ་བའི་སྒོ། །སྣ་ཚོགས་མེད་པས་གྲོལ་བར་སྟོན། །ཨི་ནི་ཐོགས་པ་མེད་པའི་སྒོ། །གཟུགས་དང་བྲལ་བས་གྲོལ་བར་སྟོན། །ཨུ་ནི་ཐོབ་པ་མེད་

(༡༥༠)པའི་སྒོ། །སྒྲ་དང་བྲལ་བས་གྲོལ་བར་སྟོན། །ཨཻ་ནི་ཚོར་བ་མེད་པའི་སྒོ། །ཏྲི་དང་བྲལ་བས་གྲོལ་བར་སྟོན། །ཨཽ་ནི་ཚོར་བ་མེད་པའི་སྒོ། །རེག་དང་བྲལ་བས་གྲོལ་བར་སྟོན། །ཨམ་ནི་མྱོང་བ་བྲལ་བའི་སྒོ། །རོ་ནི་འཛིན་པ་བྲལ་བར་སྟོན། །ཨཱཽ་ནི་ཆོ་འཕྲུལ་ཆེན་པོའི་སྒོ། །ཅིར་ཡང་སྣང་བར་གྲོལ་བ་སྟོན། །ཡན་ལག་སུམ་བརྒྱ་དྲུག་བཅུ་སྟེ། །ཅིར་ཡང་འགྱུར་བ་ཐམས་ཅད་རིགས། །རིགས་དྲུག་རྒྱུད་གཅིག་ཐ་དད་དང་། །གང་ཞིག་གཅིག་ཏུ་གྱུར་པ་ན། །ལྷ་ལ་འགྲོ་དྲུག་ཚང་བར་ཐལ། །འདོད་ན་སུམ་བརྒྱ་དྲུག་བཅུར་བཤད། །རྗེག་།།།སྣ་ཚོགས་ཉིད་ཀྱིས་གསལ། །ངེས་པར་རིགས་དྲུག་གཙོ་ཆེ་ན། །ཚང་ཚུལ་ངོས་ནས་རེ་རེ་ལ། །དྲུག་དྲུག་ཏུ་ཡང་ངེས་པ་ཡིན། །སུམ་བརྒྱ་དྲུག་བཅུ་ཡི་གེའི་ཚོགས། །ལུང་དང་རིག་པ་མན་ངག་སོགས། །འདི་རུ་མ་རྫོགས་གང་ཡང་མེད། །དབྱིབས་ནི་རྒྱ་ཆེ་རོལ་པ་ལས། །ཡིག་མཁན་ཆོས་ཀྱི་བཤེས་གཉེན་དང་། །རྒྱལ་བུ་དོན་གྲུབ་ཡི་གེ་འདྲེན། །ཡི་གེ་རྣམས་ཀྱི་རིགས་རྣམས་ཀྱི། །མིང་གཅིག་བདུན་བཅུ་རྩ་ལྔ་ཡོད། །དེ་ཡང་འགྲོ་དྲུག་གཅིག་ལ་འདུས། །སེང་གེ་གླལ་བ་ལྟ་བུའི་ཨ། །ལྷའི་ཡི་གེའི་དབྱིབས་སུ་གནས། །སེང་གེ་འགྱིང་བ་ལྟ་བུའི་ཨ། །ལྷ་མ་ཡིན་གྱི་ཡི་གེར་གནས། །སེང་གེ་སྒྲ་འབྱིན་ལྟ་བུའི་ཨ། །མིའི་ས་བོན་ལྟ་བུར་གནས། །བིན་དུ་རྒྱས་པ་ལྟ་བུའི་ཨ། །བྱོལ་སོང་ལྟ་བུའི་ཡི་གེར་གནས། །འབྲུག་སྒྲ་མོ་ཧ་ལྟ་བུའི་ཨ། །ཡི་དགས་ལྟ་བུའི་ཡི་གེར་གནས། །འོད་དཔག་མེད་པ་ལྟ་བུའི་ཨ། །དམྱལ་བ་དག་གི་ཡི་གེར་

(༡༥༡)གནས། །ཨའི་གནས་ལུགས་རྟོགས་ལགས་ན། །ཧ་སོགས་ཡི་གེ་ཐམས་ཅད་ཀྱང་། །དྲུག་དྲུག་དག་ཏུ་ཤེས་པར་བྱ། །ཊ་ཞེས་བྱ་བ་སྐྱེ་མེད་སྒོ། །སྐྱེ་བ་ཀུན་ནས་གྲོལ་བར་སྟོན། །ཐ་ཞེས་བྱ་བ་མཁའ་དབྱིངས་སྒོ། །འཁོར་བའི་མངལ་སྒོ་གྲོལ་བར་སྟོན། །ར་ཞེས་བྱ་བ་དབྱིངས་ཉིད་བསྒོ། །མཁའ་དབྱིངས་རྣམ་དག་སྟོན་པར་བྱེད། །ཎ་ནི་འཕོ་འགྱུར་མེད་པའི་སྒོ། །སྐྱེ་འཇིག་མེད་པར་སྟོན་པར་བྱེད། །ལཱྀ་ནི་ཐེག་པ་ཀུན་གྱི་སྒོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སྟོན། །དྡྷྀ་ནི་ཐམས་ཅད་ཤེས་རབ་སྒོ། །ལྷན་སྐྱེན་བདེ་བ་ཆེན་པོར་སྟོན། །ལཱི་ནི་མཉམ་ཉིད་ལྷུན་གྱིས་གྲུབ། །འཁོར་འདས་ཐམས་ཅད་མཉམ་པར་སྟོན། །ཨམ་ནི་སྙིང་པོ་དོན་གྱི་སྒོ། །ཐམས་ཅད་རྫོགས་པའི་བདག་ཉིད་སྟོན། །ཡི་གེའི་ཚོགས་ནི་འདི་དག་ཀུན། །འཁོར་འདས་ཀུན་ལ་ཁྱབ་པ་སྟེ། །ཕྱི་སྣོད་འཇིག་རྟེན་ཁམས་རྣམས་ཀྱང་། །ཡི་གེ་ལས་བྱུང་ཡི་གེར་གནས། །ནང་བཅུད་འགྲོ་བ་ཐམས་ཅད་ཀྱང་། །ཡི་གེ་ཉིད་ལས་གྲུབ་པ་སྟེ། །སྐྱེ་རྒས་ན་འཆིའི་ཆུ་བོ་བཞི། །མ་རྟོགས་ཡི་གེའི་ཚོགས་ལས་བྱུང་། །འཁོར་བ་རྒྱུན་ཆད་མེད་པའི་ཕྱིར། །ཡིག་ཚོགས་རྒྱུན་ཆད་མེད་པ་ཡིན། །སེམས་ཅན་ལུས་ངག་ཡིད་གསུམ་དང་། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི། །ཕྱི་ནང་བསྐྱེད་པར་བྱེད་པའི་རྒྱུ། །ཡི་གེའི་ཚོགས་ལས་གྲུབ་པ་སྟེ། །ལུས་ཀྱི་རྩ་གནས་ཐམས་ཅད་དུ། །ཡི་གེའི་ཚོགས་ཀྱིས་ཀུན་ལ་ཁྱབ། །འཁོར་འདས་ཆོས་ཀྱི་ཕུང་པོར་སྟོན། །འཁོར་འདས་ཡི་གེའི་ཚོགས་རྣམས་ཀྱིས། །ཀུན་གྱི་གནས་ལུགས་རྟོགས་པ་དང་། །ཆོས་དབྱིངས་རབ་འབྱམ་

(༡༥༢)མཐའ་ཡས་པ། །དབྱིངས་དང་ཡེ་ཤེས་རོ་མཉམ་ཞིང་། །ཀུན་བཟང་ཡབ་ཡུམ་དཀྱིལ་འཁོར་ཏེ། །འཁོར་ལོ་ཚོགས་ཆེན་ས་ལ་གནས། །ཡི་གེའི་ཚོགས་ནི་འདི་དག་ལ། །གོང་འོག་ཏུ་ནི་འཁྲུལ་ཡོད་པས། །མཁས་པས་རབ་ཏུ་སྡེབ་པར་བྱ། །སྣང་སྲིད་འཁོར་འདས་མ་ལུས་པ། །དབྱིངས་དང་ཡེ་ཤེས་རོ་མཉམ་ཞིང་། །སྐུ་ཡི་དཀྱིལ་འཁོར་བསམ་མི་ཁྱབ། །ཐུགས་ཀྱི་ཡེ་ཤེས་གྲངས་མཐའ་ཡས། །གསུང་མཆོག་ཆོས་ཀྱི་སྒོ་མོ་ནི། །སྣང་སྲིད་ཆོས་ཀྱི་ཕུང་པོ་སྟེ། །སྣ་ཚོགས་འཁོར་ལོ་བསམ་མི་ཁྱབ། །གསང་མཆོག་རིལ་བཞིར་ལྷུན་གྱིས་གྲུབ། །བཅུ་གསུམ་འཁོར་ལོ་ཚོགས་ཆེན་ས། །ཡི་གེ་འཁོར་ལོ་ཚོགས་ཆེན་དུ། །ཐེག་བརྒྱད་ལུང་ཆེན་ཨ་ནུ་ཡི། །མཐར་ཐུག་ཆོས་ཀྱི་དབྱིངས་ཀྱི་ས། །རྫོགས་ཆེན་ཨ་ཏི་ཡོ་ག་ཡི། །ལམ་སྟེགས་གོང་མར་བཞེད་པ་ཡིན། །ཡོངས་སུ་རྣལ་འབྱོར་རྡོ་རྗེ་ཡིས། །སྐུ་ལྔ་ཡོངས་སུ་རྫོགས་པ་ཡི། །རྣམ་ཕྲུལ་དཀྱིལ་འཁོར་གསུམ་གྱི་བདག །གྲུབ་ཐོབ་རྣམས་ཀྱིས་བྱིན་རླབས་ཤིང་། །ཆོས་དབྱིངས་རབ་འབྱམ་དོན་རྟོགས་པས། །ཨ་ནུ་མན་ཆོད་ཐེག་པ་བརྒྱད། །ཕྱི་ནང་གྲུབ་མཐའ་ལ་སོགས་དང་། །འཁོར་འདས་ལམ་གྱིས་བསྡུས་པའི་ཆོས། །ཐམས་ཅད་མ་ལུས་གཅིག་ཏུ་རྟོགས། །གཅིག་ཏུ་རྟོགས་ཤིང་སོ་སོར་གསལ། །སྣང་སྲིད་ཆོས་ཀྱི་ཕུང་པོ་ལ། །ལུང་ཆེན་ཐོབ་ཅིང་སོ་སོར་མཁྱེན། །དབྱིངས་དང་ཡེ་ཤེས་རོ་མཉམ་ཞིང་། །སྒོ་ཕུགས་གཉིས་ཀྱི་འཛིན་པ་མེད། །ཁམས་གསུམ་སྐུ་གསུམ་རང་བཞིན་རྫོགས། །ཇི་ལྟར་མཁྱེན་ཅིང་ཇི་སྙེད་མཁྱེན། །མཁྱེན་པ་གཉིས་ལྡན་བདེ་བ་ཆེ། །རང་བྱུང་ཡེ་ཤེས་ལྷུན་གྲུབ་དབྱིངས། །ལུང་ཆེན་ཐོབ་པའི་རྣལ་འབྱོར་པས།།

(༡༥༣)སངས་རྒྱས་སྐུ་དང་ཡེ་ཤེས་དང་། །ཐེག་པ་ཆེ་ཆུང་བྱེ་བྲག་སོགས། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀྱང་། །ཐམས་ཅད་རང་རིག་རྣམ་འཕྲུལ་ཏེ། །ཆོས་རྣམས་ཀུན་གྱི་ངོ་བོ་ཉིད། །རྒྱུ་འབྲས་དུས་མཚུངས་ངོ་བོ་ཉིད། །གཞི་ལམ་ཡོངས་རྫོགས་ངོ་བོ་ཉིད། །སྤང་བླང་རོ་མཉམ་ངོ་བོ་ཉིད། །མཐོ་དམན་དུས་མཉམ་ངོ་བོ་ཉིད། །འཁོར་འདས་ཡོངས་རྫོགས་ངོ་བོ་ཉིད། །སྐྱོན་ཡོན་ལྷུན་གྲུབ་ངོ་བོ་ཉིད། །ངོ་བོ་ཉིད་ཀྱིས་དབྱིངས་ཉིད་ཀྱིས། །མ་ཁྱབ་པ་དང་མ་རྫོགས་པ། །ཅུང་ཟད་ཙམ་ཡང་ཡོད་མ་ཡིན། །ཆོས་དབྱིངས་མཐའ་ཡས་བསམ་མི་ཁྱབ། །ངོ་བོ་ཉིད་ཀྱི་དཀྱིལ་འཁོར་དུ། །ཐམས་ཅད་ཐམས་ཅད་རྟོགས་ལགས་པས། །མཉམ་གཞག་རྗེས་ཐོབ་མཚམས་མེད་པ། །རྒྱུ་འབྲས་གང་ཡང་མི་གཡོ་བས། །རེ་དོགས་གཉིས་ཀྱི་མཐའ་ལས་གྲོལ། །དབྱིངས་ཆེན་ངོ་བོ་ཉིད་ཀྱི་གནས། །མི་འགྱུར་རྡོ་རྗེའི་ངོ་བོ་ཉིད། །ཐམས་ཅད་ཀུན་གྱི་སྒྲ་དོན་ཡང་། །རང་བཞིན་ངོ་བོ་ཉིད་ཀྱིས་མཁྱེན། །དེར་འཛིན་མཉམ་བྱེད་མེད་པ་ཡི། །ངོ་བོ་ཉིད་ཀྱི་རྣལ་འབྱོར་ཡིན། །དེ་ལྟར་རྟོགས་པའི་རྣལ་འབྱོར་པས། །མཐོང་ཐོས་དྲན་པའི་འགྲོ་བ་རྣམས། །དུས་གསུམ་དུས་མེད་ཐམས་ཅད་དུ། །ངོ་བོ་ཉིད་ཀྱིས་བྱིན་གྱིས་བརླབ། །ཀུན་བཟང་རྒྱལ་པོའི་ཕྲིན་ལས་ཀྱིས། །བསམ་མི་ཁྱབ་ཅིང་རྒྱུན་ཆད་མེད། །ཡོངས་སུ་རྣལ་འབྱོར་རྡོ་རྗེ་ཡིས། །འཁོར་འདས་ལམ་གྱིས་བསྡུས་པའི་ཆོས། །ཀུན་མཁྱེན་རབ་འབྱམ་དོན་རྟོགས་ཤིང་། །ཨ་ནུའི་previous hit དགོངས next hit་མཐར་ཕྱིན་པ། །ངོ་བོ་ཉིད་ཀྱི་བར་སྐབས་ལགས། །དེ་དང་དེ་དོན་མ་ལུས་པ། །སྒོམ་ཆེན་རྣམས་ཀྱིས་མཁྱེན་པར་མཛོད།། །།

(༡༥༤)རྒྱ་གར་སྐད་དུ། ཨ་ཏི་ཡོ་ག་ཏེ། །བོད་སྐད་དུ། །ཤིན་ཏུ་རྣལ་འབྱོར་ཞེས། །ཐེག་པ་ཀུན་གྱི་ཡང་རྩེར་བཞེད། །རྫོགས་པ་ཆེན་པོ་སྐད་པ་དེ། །སྣང་སྲིད་འཁོར་འདས་ཆོས་ཀྱི་དབྱིངས། །གཅིག་རྫོགས་ཀུན་རྫོགས་ཐམས་ཅད་རྫོགས། །རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི། །སྐུ་རྫོགས་གསུང་རྫོགས་ཐུགས་ཀྱང་རྫོགས། །སྐུ་འདུས་གསུང་འདུས་ཐུགས་འདུས་རྫོགས། །དེ་བཞིན་ཡོན་ཏན་ཕྲིན་ལས་འདུས། །འགྲོ་དྲུག་ཡོངས་ཀྱི་སྐྱེ་གནས་རྫོགས། །ཀུན་རྫོགས་རྒྱལ་པོ་ཞེས་ཀྱང་བྱ། །ཆོས་དང་ཆོས་མིན་ལ་སོགས་པ། །ཐམས་ཅད་རྫོགས་པ་ཆེན་པོ་སྟེ། །ཨ་ཏི་ཡོ་གའི་ཏནྟྲ་ལས། །རྫོགས་ཆེན་ཆོས་ཀྱི་ཕུང་པོ་རྣམས། །རྒྱུད་སྡེ་རྣམ་པ་གྲངས་མང་ཡང་། །བོད་ལ་འགྱུར་བ་ཅུང་ཟད་ཙམ། །སྔར་འགྱུར་ཕྱི་འགྱུར་གྲངས་མང་ཡང་། །གནས་ལུགས་རྟོགས་ན་previous hit དགོངས next hit་གཅིག །གང་ལའང་ཐ་དད་མེད་པ་ཡིན། །ཡིད་ཆེས་བྱིན་རླབས་འཇུག་པ་ཡིན། །གླད་ཀྱི་འབྲེལ་ཚུལ་བསྟན་པ་ཡིན། །བླ་མ་བརྒྱུད་པའི་རིམ་པ་ལས། །ཕྱག་འཚལ་མོས་གུས་བསྒྲུབ་པ་དང་། །བཀའ་སྒྲུབ་previous hit དགོངས next hit་རྫོགས་བྱེད་ཅིང་། །ཡོན་ཏན་རྒྱ་མཚོ་མཐར་ཕྱིན་འཚལ། །བླ་མ་བརྒྱུད་པའི་རིམ་པ་ནི། །ཀུན་ཏུ་བཟང་དང་རྡོ་རྗེ་སེམས། །འཇམ་དཔལ་དགའ་རབ་རྡོ་རྗེ་དང་། །རྒྱ་བོད་མཁས་ལ་གྲུབ་པ་ཐོབ། །ད་ལྟའི་སློབ་དཔོན་ཡན་ཆད་ལ། །སྐུ་ལྔ་ཡོངས་རྫོགས་སངས་རྒྱས་དང་། །ཐ་དད་མེད་པར་ཡིད་ཆེས་བསྐྱེད། །ད་ནི་བཤད་པར་དམ་བཅའ་བ། །རྫོགས་ཆེན་རྒྱུད་དང་མན་ངག་སོགས། །གྲངས་མེད་སྐར་ཚོགས་འདྲ་ན་ཡང་། །ཕུན་

(༡༥༥)སུམ་ཚོགས་པ་ལྔ་ཡིས་འཆད། །སྟོན་པ་བསྟན་པ་གནས་དུས་དང་། །འཁོར་ནི་ཕུན་སུམ་ཚོགས་པ་སྟེ། །རྫོགས་པ་ཆེན་པོའི་གདུལ་བྱ་ནི། །བཅུ་གཉིས་མ་ཆགས་པདྨ་ཅན། །ལོངས་སྤྱོད་རྫོགས་པའི་ལྷ་ཚོགས་དང་། །བཅུ་གཅིག་ཀུན་ཏུ་འོད་ཀྱི་ས། །སྤྲུལ་སྐུའི་རྒྱལ་བ་མ་ལུས་པ། །རྫོགས་ཆེན་གདུལ་བྱ་རབ་དང་འབྲིང་། །གཟུགས་སྐུ་རྣམ་པ་དེ་གཉིས་ཀྱི། །རྫོགས་ཆེན་previous hit དགོངས next hit་ལེན་པར་བཞེད། །ས་བཅུ་ས་དགུ་ས་བརྒྱད་སོགས། །རྫོགས་ཆེན་འཁོར་ནི་ཐ་མ་སྟེ། །ཅུང་ཟད་ཆ་རེ་རྟོགས་པར་བཞེད། །ཁམས་གསུམ་པའི་སེམས་ཅན་དང་། །ས་དང་ལམ་ལ་གནས་པ་ཡི། །གྲུབ་མཐའི་བྱེ་བྲག་སྣ་ཚོགས་ཀྱིས། །རྫོགས་ཆེན་ཐོས་པར་མ་གྱུར་ན། །དྲག་ཏུ་སྐྲག་ཅིང་འཇིགས་པར་བྱེད། །ལོག་ལྟ་སྐྱེད་ཅིང་མནར་མེད་ལྷུང་། །དེ་ཕྱིར་ཐེག་དམན་འགྲོ་བ་ལ། །བཤད་པར་མི་བྱ་གསང་མི་བྱ། །གདུལ་བྱ་སྦྱངས་པ་ཐ་དད་ན། །གང་ཞིག་ཐོས་པ་ཙམ་གྱིས་ཀྱང་། །རྟོགས་གྲོལ་དུས་མཚུངས་འབྱུང་ཡང་ཞེས། །རྫོགས་པ་ཆེན་པོའི་གནས་ལུགས་ཡིན། །སངས་རྒྱས་previous hit དགོངས next hit་ཇི་བཞིན་པ། །བཤད་པས་གོ་བ་མ་ཡིན་ཏེ། །བྱིན་གྱིས་བརླབས་ཀྱིས་གོ་བར་ཟད། །སྟོན་པ་བསྟན་པ་གནས་དུས་དང་། །འཁོར་ལ་སོགས་པ་ཐམས་ཅད་དང་། །ཡེ་ནས་རང་ལ་རྫོགས་པའི་ཕྱིར། །སོ་སོར་ཕྱེ་བ་མ་མཆིས་སོ། །རྫོགས་ཆེན་རྒྱུད་འགྲེལ་མན་ངག་སོགས། །རྒྱ་ཆེ་གྲངས་མང་གདའ་ན་ཡང་། །རྩིས་མགོ་རྣམ་པ་ལྔ་ཡིས་འཆད།།

(༡༥༦)ཇི་ལྟར་འཆད་ཀྱང་ཀུན་དང་མཐུན། །ཆོས་དང་ཆོས་ཉིད་རྟག་ཏུ་ནི། །འདྲིས་ཤིང་གཉིས་མེད་རབ་རྫོགས་ཕྱིར། །ཐེག་པ་ཀུན་དང་བཤད་ལུགས་མཐུན། །ཀུན་རྫོབ་བྱ་བའི་མཚན་ཉིད་དོ། །རྫོགས་པ་ཆེན་པོའི་བཤད་རྒྱུད་ལས། །རྫོགས་པ་ཆེན་པོའི་རང་བཞིན་ནི། །སངས་རྒྱས་རྫོགས་པ་སེམས་ཅན་རྫོགས། །འཇིག་རྟེན་རྫོགས་ལ་འདས་པ་རྫོགས། །བདེ་དང་སྡུག་བསྔལ་གཉིས་མེད་རྫོགས། །ཐེག་པ་རྫོགས་ལ་ཆོས་ཉིད་རྫོགས། །ཡོད་པའི་མཐའ་རྫོགས་མེད་མཐའ་རྫོགས། །གཅིག་རྫོགས་ཀུན་རྫོགས་ཐམས་ཅད་རྫོགས། །རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ། །མ་རྫོགས་པ་དང་མ་རྟོགས་པ། །འཁོར་འདས་གང་ཡང་ཡོད་མ་ཡིན། །ཡེ་ཤེས་གསང་སྒྲོན་རྒྱུད་ལས་ཀྱང་། །ཀུན་གཞི་མཉམ་པའི་ངང་ལ་གནས། །འཁོར་བའི་ཆོས་ཀུན་མི་སྤོང་དག །འཕགས་པའི་བདེན་བཞི་བསམ་གཏན་བཞི། །ཐེག་པ་སྣ་ཚོགས་ལམ་ཡང་རྫོགས། །རང་རྒྱལ་རྟེན་འབྲེལ་བཅུ་གཉིས་ཀྱི། །ཉན་རང་ཐེག་པ་ཐམས་ཅད་རྫོགས། །བྱང་ཆུབ་སེམས་ཀྱི་སྨོན་འཇུག་གཉིས། །ས་བཅུ་ལམ་ལྔ་ཡོངས་སུ་རྫོགས། །དཀྱིལ་འཁོར་རིམ་པ་དབང་བཞི་དང་། །ཕྱག་རྒྱ་བཞི་དང་རིགས་ལྔ་རྫོགས། །ལྷ་དང་བཟླས་པ་ཕྲིན་ལས་དང་། །ཕྱག་རྒྱ་དཀྱིལ་འཁོར་ཐམས་ཅད་རྫོགས། །འཕགས་པ་མཉེས་པར་བྱེད་པ་ཡི། །ཕྱི་ནང་མཆོད་པ་དེ་ལ་རྫོགས། །སྡོམ་པ་གསུམ་གྱི་དམ་ཚིག་དང་། །བསྲུང་སྡོམ་ཐམས་ཅད་དེ་རུ་རྫོགས། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །སྐུ་ལྔ་ཡོངས་རྫོགས་དཀྱིལ་འཁོར་ལས། །མ་རྫོགས་པ་ནི་གང་ཡང་མེད། །ཆེན་པོ་ཆེན་པོར་བརྗོད་པ་ནི། །ལྟོས་པ་ལྟོས་ཆོས་དག་གིས་ནི། །ཆེན་པོའི་བྱེ་བྲག་བསམ་མི་ཁྱབ། །དེ་ལྟ་བུ་ཡི་previous hit དགོངས next hit་ལ།།

(༡༥༧)ཐེག་པ་གོང་འོག་ལམ་རྣམས་སུ། །ཉམས་སུ་བླང་བའི་ཡོན་ཏན་རྣམས། །ཡར་ལྡན་དུ་ནི་རྫོགས་པ་ལས། །ཐེག་previous hit ་གཞན་དང་གཞན་དག་གི། །གཞུང་ལས་ཁྱད་པར་འཕགས་པའི་ཕྱིར། །འདི་ཉིད་ཀྱི་ནི་དགོངས next hit་སྤྱོད་ལས། །སྐྱེད་འདོན་བོགས་ནི་དབྱུང་དུ་མེད། །ཆེན་པོ་མཐའ་ཡས་ཚད་གཞལ་མེད། །ཆེན་པོ་གཏིང་དཔག་དཀའ་བའི་ཕྱིར། །རྫོགས་ཆེན་རྫོགས་པ་ཆེན་པོ་ནི། །ཀུན་རྫོགས་རང་བཞིན་རྫོགས་པ་ཡིན། །རྫོགས་ཆེན་རྣམ་པ་བདུན་དུ་དབྱེ། །གྲུབ་པ་མཐར་ཕྱིན་རྫོགས་ཆེན་དང་། །ལ་སྒྲོལ་དང་ནི་ཤན་འབྱེད་གསུམ། །ཆོས་ཅན་ཆོས་ཉིད་ལྷུན་གྲུབ་དང་། །བྱེ་བྲག་རྩ་འབྱམས་ལྷུན་གྲུབ་དང་། །རྣམ་པ་བདུན་དུ་དབྱེ་བྱ་སྟེ། །གྲུབ་པ་མཐར་ཕྱིན་རྫོགས་ཆེན་དང་། །གྲུབ་པ་ལམ་གྱི་མཐའ་མ་སྟེ། །ཕྱེད་དང་དགུ་རུ་བཞེད་པ་ཡིན། །ཐེག་བརྒྱད་ཐེག་དགུ་རྫོགས་པ་ཡང་། །རིམ་གྱིས་ཁྱད་པར་འཕགས་པའི་ཕྱིར། །རྫོགས་པ་ཆེན་པོའི་བཤད་རྒྱུད་ལས། །སྡུག་བསྔལ་སྤངས་པའི་ཉན་ཐོས་ནི། །ཡེ་ཤེས་ཡུལ་མེད་བཅུ་དྲུག་གི། །གང་ཟག་མཚན་མའི་ཆོས་འདི་ལས། །བདག་ཅེས་བྱ་བ་མེད་པར་ལྟ། །ཆོས་བདག་མེད་པའི་དོན་མ་རྟོགས། །རང་རྒྱལ་གྱི་ནི་གང་ཟག་གིས། །བདག་མེད་པ་ཡི་སྟེང་དུ་ནི། །ཆོས་ཀྱི་བདག་མེད་ཕྱོགས་གཅིག་རྟོགས། །གཟུང་བའི་ཡུལ་ལས་རང་བཞིན་མེད། །དེ་ལྟར་རྟོགས་པས་རང་རྒྱལ་ཏེ། །ཤེས་པ་འགེགས་པའི་རང་རྒྱལ་ནི། །རྟེན་འབྲེལ་བཅུ་གཉིས་སྐོར་ཞུགས་ནས། །ཆོས་ནི་རྣམ་པ་བཅོ་ལྔ་སྟེ། །གཅིག་ལས་འགག་མེད་མ་རྟོགས་ན།།

(༡༥༨)གཞན་ལ་བདག་ཡོད་ཡོང་ནི་རྟོག །དེ་བས་ཉན་ཐོས་རང་རྒྱལ་གྱི། །ཡིད་བཞིན་བདེ་བ་མཆོག་གི་ས། །རྒྱུན་ཞུགས་ལྔ་ལ་སོགས་པ་རྣམས། །བྱང་ཆུབ་སེམས་ཀྱི་ཐེག་པར་ཡང་། །གོང་ནས་གོང་དུ་བོགས་འདོན་ཞིང་། །ཐེག་པ་ཆེན་པོར་དབུགས་ཀྱང་དབྱུང་། །དེ་ཡང་བྱང་སེམས་ཐེག་པ་ནི། །གང་ཟག་ཆོས་ཀྱི་བདེན་མེད་གཉིས། །མ་གྲུབ་རང་རིག་རང་གསལ་བས། །དོན་དམ་སྤྲོས་བྲལ་ཉིད་དུ་རྟོགས། །ས་བཅུ་ལམ་ལྔ་ཡོངས་རྫོགས་ཤིང་། །ཐེག་པ་ཆེན་པོར་དབུགས་ཀྱང་དབྱུང་། །དེ་ཡང་རྫོགས་ཆེན་བཤད་རྒྱུད་ལས། །རྣམ་རྟོག་སྦྱོང་བའི་སྡེ་པ་ནི། །བདེན་པ་གཉིས་ཀྱི་རྟོག་དཔྱོད་ཀྱིས། །ཆོས་ཉིད་སྤྲོས་དང་བྲལ་བ་དེ། །རང་བཞིན་མེད་པར་རྟོགས་པ་དང་། །ཆོས་དང་གང་ཟག་གཉིས་ཀ་ལ། །བདག་མེད་པར་ནི་རྟོགས་པ་ཡི། །བདེན་དང་ངེས་པའི་ས་ཐོབ་བོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས། །མཐའ་གཉིས་ངེས་པར་འབྱུང་བ་སྟེ། །གྲུབ་པ་མཐར་ཕྱིན་རྫོགས་ཆེན་ཡིན། །དེ་ཡང་བྱང་ཆུབ་སེམས་ཀྱི་ཀློང་། །གདོད་ནས་ཀུན་རྫོབ་བདེན་པ་གཉིས། །བཟང་ངན་ཐ་དད་གང་ཡང་མེད། །ཀྲྀ་ཡ་ཐེག་པའི་དབང་དུ་ནི། །དོན་དམ་རང་སེམས་དག་པ་ལས། །མཐའ་བཞི་ཡི་ནི་དྲི་མ་རྣམས། །མཐའ་རྣམས་ཀུན་དང་བྲལ་བར་རྟོགས། །ཀུན་རྫོབ་དེའི་ཡོན་ཏན་གྱིས། །རིགས་གསུམ་དཀྱིལ་འཁོར་ཉིད་དུ་ཤར། །དེ་གཉིས་ཀྱང་ནི་དབྱེར་མེད་རྟོགས། །བྱང་ཆུབ་སེམས་ཀྱི་ཐེག་པ་ལས། །ཀྲྀ་ཡ་བསྐྱེད་འདོན་བོགས་དབྱུང་བས། །ཀྲྀ་ཡའི་ཐེག་པ་ཁྱད་པར་འཕགས། །དེ་ཡང་ལྷ་འཕྲེང་མན་ངག་ལས། །ཀྲྀ་ཡ་དོན་དམ་ཆོས་ཉིད་ལྷ། །

(༡༥༩)ཀུན་རྫོབ་རང་རིག་ཡོན་ཏན་ལྷ། །རིགས་གསུམ་དཀྱིལ་འཁོར་སྣང་བ་ལས། །སྐྱེ་བོའི་འཁྲུལ་སྣང་མེད་པར་འདོད། །དེ་ལྟར་ཀྲི་མ་ཁོ་རང་གི། །བདེན་གཉིས་དབྱེར་མེད་རྟོགས་ལགས་ཀྱང་། །ལྷ་ལ་བཟང་ངན་དག་ཏུ་འདོད། །དེ་ལ་ཨུ་པ་ཡ་དག་གིས། །གོང་དུ་ཡོན་ཏན་རྫོགས་བྱེད་པས། །ཨུ་པ་ཡ་ཡི་དོན་དམ་ནི། །སེམས་ཉིད་སྐྱེ་འགག་མེད་པ་ལས། །ཀུན་རྫོབ་དེའི་ཡོན་ཏན་ནི། །རིགས་བཞི་ལྷ་ཡི་དཀྱིལ་འཁོར་ལ། །དབྱེར་མེད་རྟོགས་པའི་ཀྲྀ་ཡ་ལས། །ཨུ་པ་ཡ་ཡིས་སྐྱེད་འདོན་ཞིང་། །བོགས་རྣམས་གོང་དུ་དབྱུང་བའི་ཕྱིར། །དེ་ཡང་མན་ངག་གཡུ་ཐང་ལས། །ཨུ་པ་ཡ་ཡི་ལྟ་སྤྱོད་ནི། །སྤྱོད་པར་བྱ་བའི་རྗེས་མཐུན་ཡང་། །ལྟ་བའི་རྣལ་འབྱོར་རྗེས་འཇུག་ཕྱིར། །རིགས་དང་ལྟ་བས་ཁྱད་པར་འཕགས། །དེ་ལྟར་ཨུ་པ་ཡ་དག་གི། །ཁོ་རང་དབྱེར་མེད་ཙམ་རྟོགས་ཀྱང་། །ལྟ་སྤྱོད་ཐེག་པ་གོ་འོག་ཏུ། །སོ་སོར་འབྱེད་པ་དག་ཏུ་ཡོད། །རྣལ་འབྱོར་ཐེག་པའི་བཞེད་previous hit དགོངས་ཀྱིས། །དོན་དམ་སྐྱེ་འགག་མེད་ next hit་ཡི། །ཆོས་སྐུ་རྣམ་སྣང་རང་བཞིན་ལས། །ཀུན་རྫོབ་དེའི་བྱིན་རླབས་ཀྱིས། །རིགས་ལྔའི་དཀྱིལ་འཁོར་ཉིད་དུ་ཤར། །དེ་ཉིད་ཀྱང་ནི་དབྱེར་མེད་རྟོགས། །ཨུ་པ་ཡ་ལས་ཁྱད་པར་འཕགས། །མན་ངག་རིན་ཆེན་སྤུངས་པ་ལས། །ཡོ་གས་དོན་དམ་དག་པ་ཡིས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ། །རྟོགས་པའི་བྱིན་རླབས་ལྟར་སྣང་བས། །སོ་སོ་སྐྱེ་བོའི་འཁྲུལ་སྣང་མེད། །དེ་ལྟར་ཡོ་ག་ཁོ་རང་གི། །དབྱེར་མེད་ཙམ་ཅིག་རྟོགས་ལགས་ཀྱང་། །ལྷ་གཉིས་སོ་སོར་འདོད་པ་ཡོད། །ཡོ་ག་པའི་ཞེ་འདོད་ལས། །མཧཱ་ཡོ་ག་

(༡༦༠)ཁྱད་པར་འཕགས། །མཧཱ་ཡོ་གའི་ཐེག་པ་ཡིས། །དོན་དམ་རིག་པ་སྤྲོས་བྲལ་ལས། །སྣང་བ་ངོ་བོ་ཉིད་ཀྱི་སྐུ། །དབྱེར་མེད་ལྷུན་གྱིས་གྲུབ་པར་བཞེད། །ཀུན་རྫོབ་ཀྱིས་ནི་ཆོས་རྣམས་ཀུན། །རིག་པ་སྒྱུ་མ་ལྟ་བུ་ལ། །ཚིག་ལ་སྔ་ཕྱི་ཡོད་ན་ཡང་། །དོན་ལ་ཐ་དད་མེད་པའི་ཕྱིར། །དབྱེར་མེད་བདེ་བ་ཆེན་པོར་བཞེད། །དེ་ཡང་སྤྱོད་ཡུལ་ཀུན་དང་བྲལ། །ཆོས་ཅན་ཆོས་ཉིད་དབྱེར་མེད་པས། །ཡོ་ག་མཧཱར་དབུགས་དབྱུང་བས། །དེ་ཡང་སྒྱུ་འཕྲུལ་རྒྱལ་བ་ལས། །ཡང་དག་སྐྱེས་མཆོག་དམ་པ་ཡི། །དོན་དམ་ཀུན་རྫོབ་དབྱེར་མེད་པར། །ཡང་དག་ཉིད་དུ་རབ་ཏུ་རྟོགས། །མ་ཧཱ་བདེན་པ་དབྱེར་མེད་དུ། །རྟོག་དཔྱོད་མེད་པར་རྟོགས་ལགས་ཀྱང་། །བདེན་པ་གསུམ་གྱི་ཞེ་འདོད་ཡོད། །མ་ཧཱ་ཡོ་གའི་མཐར་ཐུག་སྟེ། །ཨ་ནུ་ཡོ་གའི་གོལ་སར་བཞེད། །ཨ་ནུ་ཡོ་གའི་previous hit དགོངས་སྤྱོད་ནི། །ཆོས་དབྱིངས་སྣང་བ་རྩལ་རྫོགས་སྐུ། །ཀུན་ཏུ་བཟང་མོའི་མཁའ་ཀློང་ལས། །ཡེ་ཤེས་འགག་ next hit་མེད་པ་ཡིད། །ཀུན་ཏུ་བཟང་པོ་གཉིས་མེད་རོལ། །དེ་གཉིས་དབྱེར་མེད་རྒྱལ་སྲས་རྣམས། །བདེ་བ་ཆེན་པོའི་དཀྱིལ་འཁོར་དུ། །སྣང་སྲིད་དཀྱིལ་འཁོར་ཆེན་པོར་ཤར། །དེ་ཡང་སྤྱོད་བྱ་སྤྱོད་བྱེད་ཡུལ། །རོ་མཉམ་བདེ་ཆེན་རྟོགས་པ་ཡི། །མ་ཧཱ་དག་གི་ཐེག་པ་ཡང་། །ཨ་ནུ་ཡོ་གར་དབུགས་འབྱིན་ནོ། །དེ་ཡང་མན་ངག་གཡུ་ཐང་ལས། །སྣང་སྲིད་བཟང་མོའི་མཁའ་ཀློང་ལས། །མ་སྐྱེས་དཀྱིལ་འཁོར་ཀུན་བཟང་ཤར། །ཤར་བ་ཉིད་ནས་ནུབ་པ་མེད། །ཡབ་ཡུམ་སྲས་བཅས་བདེ་བ་ཆེ། །ལྷུན་རྫོགས་ངང་ལས་སྐད་ཅིག་གིས། །སྙིང་པོ་དྲན་རྫོགས་སྐུར་ཤར་བས།།

(༡༦༡)འདི་ལ་རིམ་འཇུག་རྩོལ་བ་མེད། །རྒྱ་མཚོར་ཉི་ཟླ་ཤར་བ་འདྲ། །དེ་ལྟར་དབྱིངས་དང་ཡེ་ཤེས་ནི། །དབྱེར་མེད་ཕྱོགས་མེད་རྟོགས་ལགས་ཀྱང་། །རྒྱུ་འབྲས་དག་ནི་ཕྱི་ནང་གི། །སྒོ་ཕུགས་གཉིས་སུ་ལྟ་བ་ཡིན། །ཐེག་པ་བརྒྱད་པོའི་ས་མཚམས་རྣམས། །གྲུབ་པ་མཐར་འཛིན་སོ་སོར་རྫོགས། །ལ་སྒྲོལ་ཤན་ནི་དབྱེ་བའི་ཕྱིར། །གྲུབ་པ་མཐར་འཛིན་རྫོགས་ཆེན་ཡིན། །ཐེག་བརྒྱད་རྫོགས་པ་ཆེན་པོ་རུ། །དབུགས་དབྱུང་རྩལ་ཆེན་རྫོགས་པར་བགྱི། །རྫོགས་པ་ཆེན་པོའི་བཤད་རྒྱུད་ལས། །བསྟན་པ་ལྟ་བ་རྫོགས་ཆེན་ནི། །འཁོར་དང་མྱ་ངན་འདས་པའི་ཆོས། །བྱེ་བྲག་ལྷུན་གྲུབ་བདག་གིས་ནི། །མ་ཁྱབ་པ་ནི་གང་ཡང་མེད། །ཕྱི་ནང་གྲུབ་མཐའ་ཐམས་ཅད་ལ། །ལྟོས་པ་དང་ནི་ལྟོས་ཆོས་ཀྱི། །ལྷུན་གྲུབ་རྣམ་གྲངས་གྲངས་མཐའ་ཡས། །དཔེར་ན་རང་ས་མ་ཟིན་པ། །ཤིང་ཁང་གི་བྱིའུ་འདྲ། །ལ་ལས་སྣང་སེམས་ལྷུན་གྲུབ་བཞེད། །འགའ་ཞིག་འཁོར་དང་ཆོས་རྣམས་ཀུན། །རང་བཞིན་ལྷུན་གྱིས་གྲུབ་པར་འདོད། །གནས་ལུགས་གཤིས་དང་མཐུན་ལགས་ཀྱང་། །རང་བྱུང་རྟོགས་པའི་ལྷུན་གྲུབ་མིན། །བྱེ་བྲག་སྣ་ཚོགས་དུ་མ་ཡིས། །ཕྱི་ནང་རྟོག་དཔྱོད་སྣ་ཚོགས་བཏང་། །ཐམས་ཅད་ལྷུན་གྲུབ་ཡིན་སྙམ་བྱེད། །བྱེ་བྲག་ལྷུན་གྲུབ་གྲུབ་པའི་མཐའ། །ཕྱོགས་མེད་གོ་བར་སྣང་ན་ཡང་། །ཞེ་འདོད་འཛིན་པའི་མཐའ་རུ་འཇུག །དེ་ཡང་རྫོགས་ཆེན་གོལ་སར་བཞེད། །ཆོས་ཅན་དག་གི་ལྷུན་གྲུབ་ནི། །མཐུན་སྣང་གིས་ནི་སྣང་བ་ལ། །ལྷུན་གྱིས་གྲུབ་པར་འདོད་པ་སྟེ། །མངོན་སུམ་གྱིས་ནི་བསལ་བཞག་དང་། །དེ་ལྟར་ཆོས་ཅན་རང་རྟོགས་ནས། །སྣང་

(༡༦༢)སྲིད་ཐམས་ཅད་གྲུབ་མ་མྱོང་། །སྣང་བ་ཕྱི་རྟོགས་གྲུབ་པས་ཆོག །ཆོས་ཅན་ཆོས་ཉིད་ཐམས་ཅད་ཀྱང་། །ངོ་བོ་ཉིད་ཀྱིས་ལྷུན་གྲུབ་འདོད། །སྣང་ནི་ཐ་དད་དུ་མར་སྣང་། །ལུས་ངག་ཡིད་ཀྱི་སྒོ་རྣམས་སུ། །དགེ་སྡིག་རོལ་པ་འགག་མེད་སྤྱོད། །འཁོར་འདས་ཆོས་ལ་སྐུར་འདེབས་ཤིང་། །དགེ་སྡིག་གདོད་ནས་མེད་དོ་སྐད། །མུ་སྟེགས་ཆད་ལྟའི་མཐའ་རུ་ལྷུང་། །འདི་ཡང་རྫོགས་ཆེན་གོལ་ས་ཡིན། །ལ་ལས་ལྷུན་གྲུབ་ཁ་འབྱམས་བཞེད། །ཐམས་ཅད་གདོད་ནས་ལྷུན་གྲུབ་ཅེས། །ཐམས་ཅད་ལྷུན་གྲུབ་ཡིན་སྙམ་བྱེད། །ངེས་པའི་གདེང་དང་མི་ལྡན་ཞིང་། །རྟོགས་པ་མངོན་དུ་མ་གྱུར་ཞིང་། །རི་དྭགས་མིག་སྒྱུ་འཁྲུལ་པ་འདྲ། །སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །གདོད་ནས་དག་པ་ནམ་མཁའ་འདྲ། །དགེ་བ་སྤྱོད་ཅིང་སྡིག་པ་སྤང་། །ལུས་ངག་རྩོལ་བས་ཅི་ཞིག་བྱ། །དཀར་ནག་ཆོས་ལ་བཏང་སྙོམས་ཤིང་། །ཁ་འབྱམས་དགེ་མེད་སྡིག་མེད་སྤྱོད། །གཟུང་འཛིན་ཆགས་སྡང་མེ་ལྟར་འབར། །བཀའ་བསྒོ་ལོག་པའི་ལྷུན་གྲུབ་སྟེ། །ཁ་འབྱམས་ལྷུན་གྲུབ་གོལ་སར་བཞེད། །ཆོས་རྣམས་ཆོས་ཉིད་ལྷུན་གྲུབ་སྟེ། །ཐེག་པ་ཀུན་ལས་ཁྱད་པར་འཕགས། །ཐམས་ཅད་པའི་རང་བཞིན་གྱིས། །དེས་ན་བསྟན་པ་ངོ་མཚར་ཆེ། །དེ་ཡང་མན་ངག་གཡུ་ཐང་ལས། །མི་གནས་མི་སྤོང་ཐེག་པའི་མཆོག །ལྷུན་པོ་བཞིན་འཕགས་རྩེ་རྒྱལ་ནི། །ཆེ་བའི་ཆེ་བ་བསམ་མི་ཁྱབ། །ཐེག་བརྒྱད་དང་ནི་ཕྱེད་དང་དགུ། །རྫོགས་ཕྱིར་གྲུབ་མཐར་འཛིན་པ་ཡི། །འཁོར་འདས་ཀུན་གྱི་གཞི་ལམ་རྟོགས། །ཕྱི་ནང་གྲུབ་མཐའ་ཐམས་ཅད་ཀྱི། །སྒྲ་དོན་སོ་སོར་

(༡༦༣)མཁས་པ་དང་། །ཀུན་གྱི་གནས་ལུགས་རྟོགས་ལགས་ན། །རྫོགས་པ་དང་པོར་བཤད་པ་ཡིན། །ལ་དགུ་སྒྲོལ་ཞིང་ལམ་དགུ་བསྒྲོད། །ལུང་དགུ་དག་ནི་ཤན་ཡང་འབྱེད། །ཤན་འབྱེད་པ་ཡི་མཚན་ཉིད་དོ། །སྤྲུལ་པ་སྐུའི་ཞིང་ཁམས་དང་། །ཆོས་སྐུས་ཁྱབ་ཚད་ཞིང་ཁམས་ཏེ། །རྒྱུ་འབྲས་སྟོན་པ་སྐུ་གསུམ་གྱི། །སྟོན་པ་བསྟན་པ་གདུལ་བྱ་གསུམ། །ཀུན་ཁྱབ་མ་ལུས་རྫོགས་པའི་ཕྱིར། །ས་དང་ལམ་ལ་གནས་པ་ནི། །རྒྱུ་ལམ་འབྲས་བུ་ཤན་འབྱེད་དང་། །ལྟ་བ་སྤྱོད་པ་སྒོམ་པ་དང་། །འབྲས་བུའི་ཐོབ་ཚུལ་དུ་མ་ཡིས། །ཤན་རྣམས་སོ་སོར་འབྱེད་པའི་ཁྱིར། །རྫོགས་ཆེན་རྒྱུད་སྡེ་གྲངས་མང་ཡང་། །ལ་ལར་ཐེག་པའི་ཤན་འབྱེད་དེ། །ལ་ལས་རྫོགས་ཆེན་གནས་ལུགས་སྟོན། །ལ་ལས་རྟོགས་པའི་ལྟ་བ་སྟོན། །ལ་ལས་སྒོམ་པའི་མན་ངག་སྟོན། །ལ་ལས་སྤྱོད་པའི་བྱེ་བྲག་སྟོན། །རྫོགས་ཆེན་གྲུབ་པ་མཐར་འཛིན་ལ། །བླང་བྱ་དང་ནི་སྤང་བྱའི་ཚོགས། །གནང་བཀག་ཤ་མོང་སུལ་དང་མཚུངས། །ཐེག་པ་ཀུན་དང་སྤྱོད་ཡུལ་མཐུན། །ལ་སྒྲོལ་ཤན་འབྱེད་མན་ཆོད་ཀྱི། །ཐེག་པ་དག་ནི་ཕྱེད་དང་དགུ། །ཇི་ལྟར་རྒྱ་ཆེ་གཏིང་ཟབ་ཀྱང་། །ད་རུང་ངར་འཛིན་ལྟ་བ་ཡིན། །རང་བཞིན་རྫོགས་དང་མཚན་ཉིད་རྫོགས། །གནས་ལུགས་ཆེན་པོའི་ཕྱི་མོ་ལ། །རང་ས་དག་ནི་ཟིན་པའི་ཕྱིར། །རྡོ་རྗེ་རྒྱལ་པོ་རང་ཉིད་ཀྱི། །ས་ཆེན་རང་སར་གནས་པ་ནི། །བཅུ་བཞི་བླ་མ་འོད་ཀྱི་ས། །ངོ་བོ་རང་བཞིན་མཚན་ཉིད་གསུམ། །རང་སར་རྫོགས་པའི་རྫོགས་ཆེན་ཡིན། །རྫོགས་ཆེན་བྱ་བའི་

(༡༦༤)སྤྱི་སྐད་དུ། །ཐམས་ཅད་ལྷུན་གྲུབ་ལྷུན་གྲུབ་ཟེར། །ཆོས་ཉིད་སྟོང་པ་ཉིད་དུ་ཡང་། །ཆོས་རྣམས་ལྷུན་གྱིས་གྲུབ་པར་འདོད། །སྣང་སེམས་ཐ་དད་དུ་མར་ཡང་། །ཐམས་ཅད་ངོ་བོ་གཅིག་གོ་སྐད། །དེ་ཡང་ལྟོས་པའི་སྐུར་འདེབས་སུ། །དོན་དམ་ཀུན་རྫོབ་ཅི་ཡང་མེད། །སྣང་སྟོང་དབྱེར་མེད་མི་བཏུབ་ཅེས། །སྤྱི་དབྱིབས་སུ་ནི་ལྷུན་གྲུབ་ཙམ། །འཁོར་འདས་ཆོས་རྣམས་ལྷུན་གྲུབ་འདོད། །ཡུལ་དང་ཡུལ་ཅན་གཉིས་རྟོགས་ཤིང་། །སྣང་བ་སེམས་ཙམ་པ་དང་མཐུན། །དེའི་ངང་དུ་འཁོར་འདས་ཆོས། །གང་ཡང་དགག་སྒྲུབ་མེད་དོ་སྐད། །འདོད་པ་སྤྱོད་ཕྱིར་ལྷུན་གྲུབ་མིན། །གྲུབ་མཐའི་སྣང་བ་ཅུང་ཟད་ཙམ། །ལྷུན་གྲུབ་རྣམ་པ་བཞི་པོ་ཡང་། །ཇི་ལྟར་སྣང་ཡང་གྲུབ་མཐའ་མེད། །གྲུབ་མཐའ་ཀུན་ལས་གྲོལ་བའི་ཕྱིར། །ཀུན་བཟང་དབྱེ་བ་མེད་པ་ཡིན། །ཐུན་མོང་མ་ཡིན་ལྷུན་གྲུབ་ནི། །ཀུན་བྱེད་རྒྱལ་པོའི་རྒྱུད་ལས་ཀྱང་། །འདོད་པ་མེད་པའི་previous hit དགོངས next hit་ནི། །རང་བཞིན་ལྷུན་གྱིས་གྲུབ་པའོ། །ཐུན་མོང་མ་ཡིན་དགོངས་པར་བཞེད། །ཐམས་ཅད་ལྷུན་གྲུབ་ཡིན་ལགས་ན། །སྐྱེད་རྫོགས་གསུམ་པོ་ལྷ་ཕུད་མཐུན། །སའི་ཐོབ་པའི་དབང་དུ་ནི། །གྲུབ་པ་མཐའ་རུ་འཛིན་པའི་ས། །འདི་དོན་འགྲུབ་ལུགས་བསྟན་པ་ནི། །གཞི་ལ་མ་རིག་ཡེ་ཤེས་དང་། །འཁོར་འདས་ལྷ་དང་རྟོགས་པ་སོགས། །དབྱེར་མེད་ཚུལ་དུ་གྲུབ་པར་འདོད། །དབྱེར་མེད་འཆིང་གྲོལ་མེད་པ་ལས། །ལྷུན་གྲུབ་ཡིད་བཞིན་ནོར་བུ་འདྲ། །འཆི་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་གྲུབ་སངས་རྒྱས་ཆོས། །གདོད་ནས་དེ་ལྟར་ཡོད་ལགས་ཀྱང་། །མ་རྟོགས་བར་དུ་སངས་མི་རྒྱ། །མཧཱ་

(༡༦༥)ཡོ་ག་མན་ཆོད་ཀྱི། །དབྱེར་མེད་དག་ཏུ་བཞེད་པ་ཡིན། །དམ་པ་འགའ་ཡི་བཞེད་previous hit དགོངས་ཀྱིས། །རྫོགས་ next hit་ཆེན་པོ་གྲངས་མང་ཡང་། །ཀ་དག་དག་ཏུ་བཞེད་པ་ཡོད། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །གདོད་ནས་རང་བཞིན་ཀ་དག་པས། །ཆོས་ཅན་དང་ནི་ཆོས་ཉིད་ལས། །འདུས་བྱས་དང་ནི་འདུས་མ་བྱས། །དགེ་དང་མི་དགེ་ལ་སོགས་པ། །ངོ་བོ་མཚན་ཉིད་རྣམ་པར་སྤངས། །འཕོ་འགྱུར་མེད་པར་ཀ་དག་གོ། །ཀ་དག་ལྷུན་གྲུབ་གཉིས་ཀ་ཡང་། །གྲུབ་པ་མཐར་འཛིན་རྫོགས་ཆེན་ཏེ། །ཡེ་སངས་རྒྱས་པའི་གནས་ལུགས་ནི། །ཨ་ནུ་ཡི་ནི་ཨ་ཏི་ཙམ། །མཐའ་རྣམས་དེ་ལྟར་མཁྱེན་པར་མཛོད། །ཀུན་བྱེད་རྒྱལ་པོའི་རྒྱུད་ལས་ཀྱང་། །ཐེག་པ་རེ་ལ་ལྟ་བ་རེ། །ཐེག་པ་རེ་ལ་གྲུབ་མཐའ་རེ། །ཐེག་པ་རེ་ལ་འབྲས་བུ་རེ། །ཐེག་པ་རེ་ལ་སྲུང་སྡོམ་རེ། །ཐེག་པ་རེ་ལ་སྤྱོད་པ་རེ། །ཐེག་པ་རེ་ལ་སྒོམ་པ་རེ། །ཐེག་པ་རེ་ལ་ས་ལམ་རེ། །ཐེག་པ་རེ་ལ་གནས་པ་རེ། །ཐེག་པའི་བྱེ་བྲག་སྣ་ཚོགས་previous hit ། །བཞེད་དགོངས next hit་དུ་མར་ཡོད་ན་ཡང་། །རང་བཞིན་ལྷུན་རྫོགས་ཆོས་ཀྱི་དབྱིངས། །གནས་ལུགས་ཡེ་སངས་རྒྱས་པ་ལ། །མ་བྱུང་བ་དང་མ་རྫོགས་པ། །ཅུང་ཟད་ཙམ་ཡང་ཡོད་མ་ཡིན། །ཀུན་གྱི་རྒྱལ་པོ་ང་ཉིད་ནི། །ཀུན་གྱི་བྱང་ཆུབ་སྙིང་པོར་གནས། །བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྟེ། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །ཁམས་གསུམ་སེམས་ཅན་མ་ལུས་ཀུན། །ཀློང་ཆེན་སེམས་ཅན་གནས་དེ་ན། །མི་གནས་པ་ནི་

(༡༦༦)གཅིག་ཀྱང་མེད། །ཀུན་གྱི་གནས་ས་ང་ཡིན་ཏེ། །འདུ་འབྲལ་མེད་པར་དེ་ན་བཞུགས། །དེ་ལ་སྦྱང་ཞིང་བསྒྲོད་མི་དགོས། །དེ་ལས་སྦྱང་ཞིང་བསྒྲོད་གྱུར་ན། །རང་གི་སེམས་ནི་བཅོས་མ་སྟེ། །བཅོས་པས་རང་སེམས་འབྱོངས་མི་འགྱུར། །འདི་ནི་སྤྱི་ས་ཀུན་གྱི་གནས། །དེ་ལྟར་གནས་ལུགས་ཡིན་མོད་ཀྱང་། །ཐམས་ཅད་ཀུན་གྱི་གནས་ལུགས་རྟོགས། །འགྲོ་བ་དྲུག་གི་ལྟ་བ་དང་། །མུ་སྟེགས་པ་ཡི་ལྟ་ལོག་གཉིས། །ཐེག་པ་དགུའི་ལྟ་བ་དགུ། །ལྟ་བ་རྣམ་པ་བཅུ་བདུན་ཏེ། །ཐེག་དགུ་རྟོགས་པའི་བཤེས་གཉེན་རྣམས། །དེ་དོན་རྟོགས་ན་རྫོགས་ཆེན་ཏེ། །མཐར་ཐུག་ཏུ་ཡང་བཞེད་པ་ཡིན། །ཤིན་ཏུ་རྡོ་རྗེར་རྡོ་རྗེ་ཡི། །ལྷུན་གྲུབ་རྣམ་པ་བཞི་དག་ལས། །གྲུབ་པ་མཐར་འཛིན་ཕྱེད་དང་དགུ། །ངར་འཛིན་དག་གི་ལྟ་བ་ནི། །ལྟ་བ་ཉི་ཤུ་རྩ་གཅིག་སྟེ། །རོལ་པ་འགག་མེད་དབྱིངས་སུ་རྫོགས། །མཐའ་ཡས་ཀློང་ཆེན་ནམ་མཁའི་མཛོད། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །བྱང་ཆུབ་སེམས་ལས་གཡོས་པ་མེད། །ནམ་མཁའ་ལྟ་བུའི་ཆོས་ཉིད་ལས། །ནམ་མཁའ་ལས་ནི་གཡོ་བ་མེད། །བྱང་ཆུབ་སེམས་ལས་མ་གཡོས་ཀྱང་། །འབྲས་བུ་ས་རྣམས་སེམས་ལས་རྫོགས། །ཀུན་ཏུ་འོད་དང་མ་ཆགས་ཅན། །རྡོ་རྗེ་འཛིན་དང་སྟུག་པོ་བཀོད། །འཁོར་ལོ་ཚོགས་ཆེན་བླ་མ་འོད། །འབྲས་བུ་མཐར་ཕྱིན་ས་ལྔ་ཡང་། །བཏགས་པ་མིང་གི་ཐ་སྙད་དེ། །སེམས་ཀྱི་རང་བཞིན་རྒྱུ་རྐྱེན་མེད། །གྲུབ་པའི་འབྲས་བུ་ངས་མ་བསྟན། །ངོ་བོ་གཅིག་ལས་སྣང་ཚུལ་དྲུག །བྱང་ཆུབ་སེམས་ལས་རྒྱུ་འབྲས་མེད། །སེམས་ལས་བྱུང་བའི་ཆོས་རྣམས་ཀུན། །ཚོགས་དྲུག་

(༡༦༧)སྣང་བ་རང་སར་གྲོལ། །རྒྱུ་རྐྱེན་དྲུག་ལས་འདས་པའི་ཕྱིར། །ཇི་སྲིད་ཆོས་རྣམས་ཐམས་ཅད་ཀུན། །རྩ་བ་རང་གི་བྱང་ཆུབ་སེམས། །ཡན་ལག་རྣམ་གྲངས་དུ་མར་ཤར། །སེམས་ཉིད་ཡེ་ནས་མ་སྐྱེས་པས། །འཁོར་འདས་སྐྱེ་མེད་དུས་གཅིག་རྫོགས། །ཉོན་མོངས་བདེ་སྡུག་ལ་སོགས་ཀུན། །སྤང་དུ་མེད་དེ་བདག་མེད་དབྱིངས། །བྱང་ཆུབ་སེམས་ལས་གཞན་མེད་པས། །ཐམས་ཅད་རང་གི་རྒྱན་དུ་རྫོགས། །དགེ་བའི་བསམ་གཏན་དུས་ཚིགས་དང་། །སྤྱོད་ཡུལ་ལྔ་ལས་སྣང་བའི་ཆོས། །དངོས་པོ་ཀུན་གྱི་རང་བཞིན་ཀྱང་། །རྫོགས་པ་ཡེ་ཤེས་དེ་ཡི་རྒྱན། །ཐམས་ཅད་རྒྱན་དུ་རྫོགས་པའི་ཕྱིར། །རྫོགས་ཆེན་བྱར་མེད་ལྷུན་གྱིས་གྲུབ། །ལ་ལ་ཡིན་དང་ལ་ལ་མིན། །ཀུན་ཀྱང་འདྲ་བར་ཡོངས་རྫོགས་པས། །གོང་འོག་གཉིས་ཀྱི་བྱེ་བྲག་མེད། །སྐྱེ་བ་མེད་པ་ཆོས་ཉིད་ལས། །རྒྱུ་རྐྱེན་མེད་ཅིང་ཅིར་ཡང་འཆར། །སྣ་ཚོགས་ནོར་བུ་ཅིར་བཞིན་ནོ། །ཀུན་ལས་ཅི་བཞིན་དེ་བཞིན་པས། །ཀུན་ཀྱང་སངས་རྒྱས་ཡིན་པར་འདྲ། །འགྲོ་འོང་མེད་པས་མཁའ་དང་མཚུངས། །འཇུག་ལྡོག་མེད་པས་དབྱིངས་སུ་གྲོལ། །རྒྱུ་རྐྱེན་མེད་པས་ཉོན་མོངས་དག །འཆིང་གྲོལ་མེད་པས་དགག་སྒྲུབ་མེད། །ཐོག་མཐའ་མེད་པས་རྒྱུན་མི་འཆད། །དེ་ལ་དུས་གསུམ་གང་སེམས་པ། །གཉིས་པའི་དོན་ལས་ལོག་པ་ཡིན། །དུས་གསུམ་མེད་པའི་ཆོས་ཉིད་ལ། །གཞི་རྩ་མེད་ཅེས་བརྟགས་པ་ཡིན། །གཏན་མེད་ཕྱོགས་མེད་བཞིའི་ཆོས། །འཁྲུལ་སྣང་ཁོ་ནས་རབ་བརྟགས་ཀྱང་། །དབྱིངས་ལ་ཐེར་ཟུག་གང་ཡང་མེད། །རྟགས་པ་མེད་ཅིང་ངེས་པ་མེད།།

(༡༦༨)ཡིན་མིན་མེད་པར་ཀུན་ཤར་བས། །བཟང་ངན་མེད་པར་ཀུན་གྲོལ་ཡིན། །མཐོ་དམན་མེད་པར་ཀུན་གསལ་ཡིན། །བྱེ་བྲག་མེད་པར་གྲོལ་བ་ཡིན། །ཡང་དག་དོན་ལ་མི་གསོལ་ཀྱང་། །རྒྱུ་རྐྱེན་གང་ཡང་མེད་པ་ཡིན། །ཆགས་སྡང་གནས་མེད་བྱང་ཆུབ་ལམ། །སྐྱེ་མེད་འགག་མེད་ལྟ་བའི་རྒྱལ། །ཡེ་ཤེས་བདུད་རྩིས་འཁོར་བ་འཇོམས། །ཐོག་བབས་ཆར་ཕབ་ཤུགས་འབྱུང་དང་། །ཀློང་ཆེན་རང་ཤར་རང་ལུགས་ཀྱི། །འགྲོ་དྲུག་གྲོང་ཁྱེར་གཏན་ནས་འཇོམས། །སྐྱེ་འཆི་མེད་པར་མངོན་དུ་གྱུར། །ཁམས་གསུམ་མ་ལུས་ཡོངས་སུ་སྒྲོལ། །དེ་ཡང་གཉིས་ཀྱིས་འདུལ་བའི་ཆོས། །ཇི་ལྟར་སྣང་བས་ཕན་གནོད་མེད། །ཇི་སྲིད་མིང་དུ་བརྟགས་ཙམ་ན། །ཆོས་ཉིད་ཡེ་སྲིད་སྐྱེ་མི་སྲིད། །རིག་པ་མི་འགག་ཇི་སྲིད་ཀྱང་། །སངས་རྒྱས་ཞིང་དེ་ཀུན་ཁྱབ་རྫོགས། །ཡེ་ནས་ཡིན་པས་ཀུན་མ་སྐྱེས། །མ་སྐྱེས་པའི་ཆོས་ཉིད་ལས། །མ་རྟོགས་པ་ཡི་སེམས་ཅན་གྱིས། །འདུས་མ་བྱས་ལས་རྒྱབ་ཀྱིས་ཕྱོགས། །ཡང་དག་དོན་ལ་སྒྲོ་སྐུར་བརྟགས། །རང་གིས་རང་བསླུས་སྙིང་རེ་རྗེ། །འདི་ཉིད་སངས་རྒྱས་ཞིང་ཁམས་ཏེ། །སངས་རྒྱས་ཞིང་ཁམས་གཞན་ནས་འཚོལ། །དྲང་དོན་ངེས་དོན་གཉིས་སུ་འདུས། །སྤོང་ལེན་གཉེན་པོའི་སྣང་བ་འདྲ། །མ་རྟོགས་འཁྲུལ་པའི་བཤེས་གཉེན་རྣམས། །འདི་དང་འདི་དོན་རྟོགས་པར་མཛོད། །བདེན་པ་ཅན་ནི་ལོགས་ན་མེད། །ཐམས་ཅད་ངོ་བོ་ཉིད་ཀྱི་གཞི། །ཅི་སྟེ་སྡུག་བསྔལ་མ་སྤངས་ན། །ཅི་ཡང་མི་མཉམ་གྲུབ་པ་མེད། །བདེ་བ་མི་འདོད་འདོད་མ་ཆགས། །ཆགས་སྡང་གཏན་ནས་སྤྲུགས་པས་ན། །གཉེན་པོ་མེད་དེ་

(༡༦༩)དབྱིངས་སུ་དག །དབྱིངས་སུ་མ་དག་གང་ཡང་མེད། །ཀློང་དུ་མ་གྲོལ་ཅི་ཡང་མེད། །རྟོག་པའི་དབྱིངས་ཀྱང་གཉིས་སུ་གྲོལ། །འཁོར་བའི་ཆོས་ཀྱང་དབྱིངས་སུ་སྟོར། །མྱ་ངན་འདས་དང་མ་འདས་མེད། །འཁོར་འདས་གཉིས་མ་དབྱེ་བ་མེད། །མྱ་ངན་འདས་དང་འཁོར་བའི་ཆོས། །དབྱེ་བ་མེད་པར་རྫོགས་པས་ན། །ཀུན་བཟངས་previous hit དགོངས next hit་རང་གི་གཟུགས། །ཐོག་མར་གང་ནས་གང་འོངས་པ། །འགྲོ་འོང་གནས་གསུམ་དབྱེ་བ་མེད། །རང་བཞིན་ཡེ་ཤེས་ཐིག་ལེ་ཆེ། །ཕྱོགས་བཅུ་མཐའ་ཡས་མུ་མེད་དུ། །རྒྱ་ཆད་ཕྱོགས་ལྷུང་མ་མཆིས་ཤིང་། །དེ་ལྟར་རྟོགས་པ་མཐའ་ཡས་ལ། །གང་གིས་གང་ལ་ཕན་བཏགས་ཤིང་། །གང་གིས་གང་ལ་ཅི་གནོད་པ། །ཕན་གནོད་གྲ་གཟུགས་ལ་སོགས་པ། །དབྱེ་བ་མེད་ཕྱིར་ཀུན་ཏུ་བཟང་། །ཕྱི་ནང་ཐེག་པ་ཐམས་ཅད་དང་། །རྫོགས་ཆེན་གྲུབ་པ་མཐར་ཕྱིན་གྱི། །ལ་སྒྲོལ་དང་ནི་ཤན་འབྱེད་དང་། །ཀ་དག་ལྷུན་གྲུབ་ལ་སོགས་པ། །ཐ་སྙད་སྡམ་བྱེད་ཅུང་ཟད་ཙམ། །དབྱེ་བ་མེད་པའི་previous hit དགོངས next hit་ལ། །ཅུང་ཟད་ཙམ་ཡང་མ་མཆིས་སོ། །ངོ་བོ་གཅིག་པར་ཐམས་ཅད་རྫོགས། །གནས་ཀྱང་ཆོས་དབྱིངས་ཡེ་ཤེས་སུ། །རང་བཞིན་གནས་ཏེ་འཕོ་འགྱུར་མེད། །སྣང་སྲིད་འཁོར་འདས་ཅིར་ཤར་ཡང་། །སྐྱེ་འགག་མེད་པའི་དབྱིངས་ཉིད་ལས། །ཤར་ནུབ་མེད་པར་ཀུན་གསལ་རྫོགས། །མ་རིག་མ་རྟོགས་འཆིང་བའི་ཆོས། །མ་རིག་རང་བྱུང་ཡེ་ཤེས་དབྱིངས། །འདི་གཉིས་དབྱེ་བ་མེད་པའི་ཕྱིར། །དབྱིངས་ལས་འགྱུར་བ་མེད་པ་དང་། །རང་བཞིན་འཕོ་བ་མེད་པའི་ཕྱིར། །རྟོགས་དང་གྲོལ་བ་དུས་མཚུངས་

(༡༧༠)ཤིང་། །གཅིག་ཅར་རྟོགས་པའི་རྫོགས་ཆེན་ལ། །འཁོར་འདས་ལམ་གྱིས་བསྡུས་པའི་ཆོས། །ས་ལམ་བསྒྲོད་དུ་མེད་པའི་ཕྱིར། །གཞི་ལམ་འབྲས་བུའི་ཐ་སྙད་མེད། །ཀུན་བཟང་རྒྱལ་པོས་དེ་སྐད་གསུངས། །རྡོ་རྗེ་འཛིན་པས་ཡང་གསོལ་པ། །ཐམས་ཅད་དབྱེ་བ་མེད་པའི་ཕྱིར། །རྫོགས་ཆེན་previous hit དགོངས next hit་མཐའ་ཡས་ན། །འདི་ལྟར་སྣང་བ་སྣ་ཚོགས་ཀྱི། །ཐ་དད་དུ་མར་སྣང་བ་དེ། །རྒྱུ་རྐྱེན་ཅི་ལས་བྱུང་བ་ཡིན། །རྒྱུ་མེད་རྐྱེན་མེད་གྱུར་previous hit ་ན། །སྣ་ཚོགས་སྣང་བ་ག་ལ་སྲིད། །ཀུན་བཟང་རྒྱལ་པོས་དབྱིངས་ནས་དགོངས next hit། །རྡོ་རྗེ་དང་ནི་སེམས་དཔའ་ཡིས། །འཕྲུལ་གྱི་མེ་ལོང་ཐུགས་ལས་གཟིགས། །མ་རྟོགས་མ་རིག་སེམས་ཅན་གྱི། །མ་རྟོགས་འཁོར་འདས་དུ་མར་མཐོང་། །སྣ་ཚོགས་འཁྲུལ་སྣང་བསམ་མི་ཁྱབ། །དེ་དང་དེ་ལྟར་འཆིང་བ་ལས། །མ་རྟོགས་འཁོར་བའི་གྲོང་ཁྱེར་ཏེ། །རང་བྱུང་ཡེ་ཤེས་རྫོགས་ཆེན་དུ། །འདོད་པས་གང་ཟག་འགའ་ཞིག་འཁྲུལ། །མ་འཁྲུལ་རྟོགས་པའི་རྫོགས་ཆེན་ནི། །སྟོན་པ་བསྟན་པ་གདུལ་བྱ་གསུམ། །ཐམས་ཅད་དབྱེ་བ་མེད་པ་རུ། །རྟོགས་པ་རབ་འབྱམ་ཀུན་རྫོགས་པས། །སངས་རྒྱས་སེམས་ཅན་ལ་སོགས་པ། །དབྱེར་མེད་གཅིག་ཏུ་གྲོལ་བས་ན། །འགྲོ་བའི་ལམ་ཆེན་ནམ་མཁའི་དབྱིངས། །ཆོས་ཉིད་དབྱིངས་ལས་ཀུན་སྤྱོད་པས། །འགག་པ་མེད་པར་ཡེ་ཤེས་ཤར། །རང་བྱུང་རང་གནས་སྐྱེ་འགག་མེད། །གཅིག་ཆོད་ཡིན་པས་འཇུག་ལྡོག་མེད། །རང་བྱུང་ཡིན་ཏེ་ཡེ་ཤེས་ཀློང་། །ཅི་ལས་མི་བསྟན་ནམ་མཁའི་དབྱིངས། །སྐྱེ་འཆི་མེད་པར་རང་ཡན་གནས། །མཚན་མས་མ་བཤིག་གོ་སྐབས་མེད། །ཇི་ལྟར་

(༡༧༡)སྣང་བའི་ཆོས་རྣམས་ཀུན། །ཅི་ཡང་མ་ཡིན་ངོ་བོ་གཅིག །དངོས་དང་མཚན་མའི་འཛིན་པ་མེད། །མཐའ་བྲལ་དབུ་མར་མི་གནས་པས། །རྟག་ཆད་གཉིས་ཀྱི་སྒྲོ་སྐུར་མེད། །ཁམས་གསུམ་གནས་པའི་སེམས་ཅན་དང་། །དུས་གསུམ་བཞུགས་པའི་སངས་རྒྱས་གཉིས། །དབྱེ་བ་མེད་པའི་previous hit དགོངས next hit་དང་། །འདུ་འབྲལ་མེད་པར་དབེན་པར་བཞུགས། །དེ་ལས་འཕེལ་འགྲིབ་མེད་པས་ན། །གང་ཞིག་འདི་དོན་རྟོགས་པ་ཡི། །ཁམས་གསུམ་པའི་སེམས་ཅན་ཀུན། །སྐད་ཅིག་མའི་ཚོགས་ཙམ་ལ། །དུས་གཅིག་དག་ཏུ་སངས་རྒྱས་ཀྱང་། །དེ་ལ་མང་དུ་གྱུར་ས་མེད། །སེམས་ཅན་ཉུང་དུ་མི་འགྲོ་སྟེ། །རྒྱུ་རྐྱེན་འབྲས་བུར་བརྟགས་པས་ན། །དབྲི་བསྣན་མེད་པར་ཡེ་ནས་གནས། །རྒྱུ་རྐྱེན་འབྲས་བུར་བརྟགས་པ་ཡང་། །གློ་བུར་ཆོས་ཏེ་གཞི་མེད་པས། །ཀུན་གཞི་མེད་ཅིང་སྒྲིབ་པ་མེད། །དབྱིངས་ལས་བག་ཆགས་མེད་པས་ན། །གཞག་པར་བྱ་བའི་གཞི་མེད་ཕྱིར། །བདེ་གཤེགས་རྒྱལ་བ་མཆོད་པ་དང་། །ཁམས་གསུམ་སེམས་ཅན་དོན་བྱས་དང་། །དགེ་སྡིག་ལུང་བསྟན་ལུང་མ་སྟན། །དཀར་ནག་ཆོས་ལ་སོགས་པ་རྣམས། །ནམ་མཁའ་བྱ་ལམ་རྗེས་མེད་བཞིན། །ཐམས་ཅད་ཆོས་དབྱིངས་རང་གྲོལ་བས། །དེ་ལ་དབྱིངས་ཀྱི་རང་བཞིན་ཆོས། །ཆོས་དབྱིངས་ཟད་མཐའ་མེད་པ་ལས། །དེ་ལྟ་བུ་ཡི་དོན་རྟོགས་ན། །དཀར་ནག་རྒྱུ་འབྲས་ཐ་དད་མེད། །ཐམས་ཅད་དབྱེ་བ་མེད་པའི་ཕྱིར། །འབྱུང་བ་ལྔ་པོ་དབྱིངས་ལས་ཤར། །ཕྱི་ནང་སྣོད་བཅུད་ཐམས་ཅད་དང་། །འབྱུང་བ་ལྔ་དང་དུག་ལྔ་དང་། །དབྱིངས་

(༡༧༢)ཀྱི་ཆོ་འཕྲུལ་ཡིན་པས་ན། །རྟོགས་པ་རབ་འབྱམ་ཀུན་མཁྱེན་ཐུགས། །ཐེར་ཟུག་དག་ཏུ་མི་གནས་ཏེ། །རྒྱ་མཚོ་དག་དང་རླབས་བཞིན་ནོ། །ནམ་མཁའི་དབྱིངས་སུ་སྤྲིན་དངས་བཞིན། །རྗེས་མེད་ཀློང་དུ་ཐིམ་པས་ན། །འཁོར་འདས་ཀུན་གྱི་དུར་ས་ཡིན། །མྱ་ངན་འདས་པའི་ལམ་པོ་ཆེ། །བྱང་ཆུབ་སེམས་ཀྱི་ཀུན་གཞི་ཡིན། །ཀུན་ཀྱང་རྣམ་དག་ཆོས་ཀྱི་དབྱིངས། །ནམ་མཁའ་བཞིན་དུ་མཐའ་མེད་པས། །གོལ་ས་མེད་དེ་གཡང་ས་དག །གོལ་སར་ལྷུང་བར་བཏགས་པ་ཡང་། །དོན་ལ་སྤྱོད་པ་མ་ཡིན་ཏེ། །དྲང་དོན་ཙམ་དུ་བསྟན་པ་ཡིན། །དགེ་དང་མི་དགེ་བའི་ལས། །བསྐྱེད་པས་འབྲས་བུ་མི་འབྱུང་སྟེ། །རྒྱུ་འབྲས་ཅན་ལ་བསྟན་པར་ཟད། །གལ་ཏེ་རྒྱུ་འབྲས་བདེན་ཟེར་ན། །རྒྱུ་དེས་འབྲས་བུ་འདུས་མ་བྱས། །བྱས་ན་འབྲས་བུ་རྒྱུར་འགྱུར་བས། །གོ་བཟློག་པའི་སྐྱོན་དུ་འགྱུར། །གལ་ཏེ་འབྲས་བུ་མ་བྱས་ན། །དེ་ལས་བྱུང་བའི་འབྲས་བུ་དེས། །ཕྱི་མ་སྐྱེ་བར་མི་ནུས་པས། །རྒྱུ་འབྲས་འཆད་ཕྱིར་འབྲས་མི་འགྲུབ། །བསྐྱེད་བྱ་སྐྱེད་བྱེད་མེད་པས་ན། །རྒྱུ་འབྲས་བདེན་པར་ཡོངས་མི་འགྲུབ། །དེས་ན་རྒྱུ་འབྲས་བློ་བུར་ཆོས། །རང་བྱུང་དོན་ལ་རྒྱུན་ཆད་མེད། །སྐུ་གསུམ་རྒྱུན་ཆད་མེད་པ་ལ། །ཡོན་ཏན་རྒྱུན་ཆད་མེད་པར་འབྱུང་། །ཉོན་མོངས་ཡེ་ཤེས་དབྱེར་མི་ཕྱེད། །མ་ཤེས་པ་ལ་ཁམས་གསུམ་སྟེ། །དེ་ཤེས་ངང་ལ་སྐུ་གསུམ་ཀློང་། །དེ་ཕྱིར་རང་ཉིད་མ་ཤེས་པར། །ཁམས་གསུམ་འཁོར་བ་ཉོན་རེ་མོངས། །རིག་དང་མ་རིག་ས་མཚམས་རྣམས། །

(༡༧༣)འཁོར་འདས་གཉིས་ཀྱི་ས་མཚམས་རྫོགས། །ཡེ་ནས་ཡིན་པས་བཙལ་མི་དགོས། །དེ་མ་ཤེས་པས་དུག་གསུམ་སྟེ། །དེ་རྟོགས་ཡེ་ཤེས་བདུད་རྩི་ཡིན། །རང་ལས་བྱུང་བས་སྤང་མི་དགོས། །མ་སྤངས་རང་གྲོལ་ཆོས་ཀྱི་སྐུ། །ཡེ་ནས་ཡིན་པས་སྒྲུབ་མི་དགོས། །བྱང་ཆུབ་སེམས་ལ་ཁ་གཏིང་མེད། །མཉམ་པའི་ཀློང་ལས་འཁྲུལ་པ་མེད། །ཡང་དག་ལམ་ལས་བསྒྲོད་དུ་མེད། །རྟོགས་པའི་མཐུ་ལས་གཉེན་པོ་མེད། །སངས་རྒྱས་པ་ལ་བྱ་རྩོལ་མེད། །སེམས་ཀྱི་ཀློང་ཆེན་མ་མཐོང་བར། །གཞན་ན་ཡོད་པར་ཁས་མི་ལེན། །སེམས་ཉིད་ཡེ་ནས་སངས་རྒྱས་ལ། །རྒྱུ་འབྲས་གཞན་ནས་རྫོགས་པ་ཡི། །སངས་རྒྱས་ཐོབ་དུ་རེ་བ་མེད། །གང་དང་གང་གིས་དེ་རྟོགས་པ། །སེམས་ཀྱི་དབྱིངས་སུ་འདུས་པའི་ཚད། །ལྐུགས་པས་བུ་རམ་རོ་མྱོང་བཞིན། །ཚོར་བ་མེད་པར་ཉམས་སུ་མྱོང་། །བརྗོད་དུ་མེད་པར་སྨྲར་མ་བཏུབ། །མཐའ་མེད་མིང་ལས་འདས་པས་ན། །དེ་ལས་ཕྱོགས་འཛིན་ཅིར་ཤར་ཡང་། །རང་ལས་ཤར་བས་རང་སྣང་ཡིན། །ཐོགས་པ་མེད་པས་སྤྲུལ་སྐུའི་དབྱིངས། །མཐར་འཛིན་མེད་པས་བྱར་མེད་དབྱིངས། །དེ་ལ་བཟང་ངན་ཅིར་སྣང་ཡང་། །དབྱེ་གསལ་མེད་པས་ཆོས་ཀྱི་སྐུ། །སྐུ་གསུམ་ལྷུན་གྱིས་གྲུབ་པ་ལ། །མཐའ་རུ་གྱུར་པའི་ཡུལ་གཞན་མེད། །མཐའ་དབུས་མེད་པ་རང་བྱུང་དབྱིངས། །རྟགས་དང་དངོས་པོའི་མཐའ་ལས་གྲོལ། །མཉམ་ཉིད་མ་བཅོས་ཆོས་ཀྱི་སྐུ། །ཡུམ་སེམས་རྟག་ཆད་གཉིས་མེད་པས། །ཆགས་སྡང་ལྔ་པོ་བྱང་ཆུབ་དབྱིངས། །སྐྱོན་མེད་མཚན་

(༡༧༤)མ་ཅིར་མི་གནས། །ཇི་ལྟར་ཤར་ཡང་དབྱིངས་ཀྱི་རྒྱན། །རང་བྱུང་ནམ་མཁའི་ཆོ་འཕྲུལ་འདྲ། །ཇི་ལྟར་སྣང་ཞིང་འདོད་དགུར་འབྱུང་། །ཡོན་ཏན་ཕྱོགས་མེད་འབྱུང་བ་དང་། །སྤྲུལ་པ་ཕྱོགས་མེད་འགྱེད་པ་དང་། །ཡེ་ཤེས་ཕྱོགས་མེད་འཆར་བའི་ཕྱིར། །རང་ཤར་རང་གྲོལ་རང་རིག་རྒྱན། །ཐམས་ཅད་དབྱེ་བ་མེད་པའི་ཕྱིར། །བདག་ཉིད་ཆེན་པོ་ཀུན་བདག་པོ། །སངས་རྒྱས་མ་རྒྱས་མིང་ཡང་མེད། །རྒྱུ་འབྲས་ཆོས་ལ་མི་གནས་པས། །བྱར་མེད་ཀུན་རྫོབ་ཡེ་ནས་ཆེ། །གདལ་ཁྱབ་ཆེན་པོ་ཐིག་ལེ་གཅིག། དེ་ལས་ཤར་བའི་རོལ་པ་དང་། །སུས་ཀྱང་དགག་ཏུ་མེད་པའི་ཕྱིར། །ཡ་ཏ་རྒྱལ་བའི་དཀྱིལ་འཁོར་ནས། །མཐར་གནས་དམྱལ་བའི་འཇིག་རྟེན་དུ། །བཀག་པས་མི་ཁེགས་རང་ཤར་བས། །དེ་ལས་འགེགས་པར་བརྩོན་པ་ནི། །ནམ་མཁའ་ཐལ་མོས་འགེབས་པ་བཞིན། །ཁེབས་པར་བྱ་བའི་ཡུལ་མེད་དེ། །ཐེག་པ་རིམ་པ་ཕྱེད་དགུ་ཡང་། །ཡེ་ཤེས་ཡོད་ཀྱང་རང་བྱུང་མེད། །རང་བྱུང་མ་ཡིན་སྐྱོན་དུ་ཐལ། །རིག་པ་ཕྱི་ནང་མེད་པ་ལ། །ཅིར་ཡང་ཡེ་ཤེས་རང་ཤར་ཡིན། །ཐམས་ཅད་ཡེ་ནས་རྫོགས་པ་སྟེ། །མཐའ་ཡས་རབ་འབྱམས་རྟོགས་པའི་དབྱིངས། །ཀུན་བཟང་རྒྱལ་པོར་ངོ་བོ་གཅིག །ཀུན་བཟང་དབྱེ་བ་མེད་པའི་ས། །སའི་རྣམ་གྲངས་བཅོ་ལྔ་སྟེ། །ཡང་དག་དོན་ལས་ས་ལམ་མེད། །མཐའ་ཡས་རྫོགས་པ་ཆེན་པོ་ལ། །ས་ལམ་རྣམ་གྲངས་མ་མཆིས་ཀྱང་། །གདུལ་བྱའི་སྣང་བ་མཚོན་པ་ཙམ། །ཆོས་ཉིད་བྱང་ཆུབ་སེམས་ཉིད་ལས། །རང་བྱུང་ཡེ་ཤེས་དོན་

(༡༧༥)ཤར་བས། །སྟེང་འོག་ཕྱོགས་མཚམས་ཡོངས་ལ་ཁྱབ། །ཉག་གཅིག་དབྱིངས་ལས་ཀུན་གསལ་བས། །མཐོང་དང་ཐོས་དང་དྲན་པ་དང་། །རིག་པའི་ངོ་བོ་གང་གསལ་བས། །རང་ལ་ཐ་དད་མེད་པས་ན། །གདུལ་བྱའི་བློ་ལ་གྲགས་པས་ན། །ཡང་དག་དོན་ལ་སངས་རྒྱས་མེད། །ཅི་སྟེ་རང་ལས་གཞན་མེད་པས། །རང་གིས་རང་ལ་བརྟགས་པ་ཙམ། །བརྟགས་གཞི་མེད་པར་སངས་རྒྱས་མེད། །བརྟགས་བྱ་མིང་ལ་དོན་མི་གནས། །དེས་ན་ཐམས་ཅད་རང་ཡིན་པས། །ཆོས་དབྱིངས་རབ་འབྱམ་བསམ་མི་ཁྱབ། །མ་མཐོང་གསལ་བ་ངོ་མཚར་ཆེ། །མ་མཐོང་བའི་མཐོང་བ་ནི། །ཆོས་སྐུ་སྐྱེ་མེད་དོན་དམ་ཡིན། །རིག་པ་མེད་པའི་རིག་པ་ནི། །རང་བྱུང་ཡེ་ཤེས་དོན་རིག་ཡིན། །རང་རིག་ཀློང་ལས་མ་རིག་མེད། །མ་རིག་ཡེ་ཤེས་གཉིས་མེད་པས། །ཟང་ཐལ་ཆེན་པོར་རྟོགས་པའི་ཕྱིར། །ཡེ་ཤེས་གཉིས་མེད་ཤེས་གཉིས་མེད། །མི་ཤེས་པ་དེ་ཡེ་ཤེས་ཆེ། །ཡེ་ནས་ཡིན་པས་གཉིས་མེད་ཀློང་། །མཉམ་པར་ཤར་བས་རྩིས་གདབ་མེད། །གང་ཡང་འདྲ་བའི་ཆོས་ཉིད་ལ། །སངས་རྒྱས་བདག་ཡིན་གཞན་མ་ཡིན། །ཐམས་ཅད་བདག་ཉིད་ཆོས་སྐུར་རྫོགས། །སངས་རྒྱས་སངས་རྒྱས་ཤེས་བྱ་བ། །བློ་བུར་མིང་དུ་བཏགས་པ་ཙམ། །བློ་བུར་ཆོས་ལ་བློ་མེད་པས། །སངས་རྒྱས་ཡིད་ལ་མ་འདོགས་ཤིག །བཏགས་པ་ཐམས་ཅད་རྟོག་པ་སྟེ། །རྟོག་པ་ཆོས་ཉིད་ཡིན་པས་ན། །ཉི་མའི་དཀྱིལ་འཁོར་མུན་

(༡༧༦)མེད་ལྟར། །ཡེ་ཤེས་ཀློང་ནས་མ་རིག་མེད། །ཆོས་སྐུའི་དབྱིངས་ནས་རྣམ་རྟོག་མེད། །རྟོག་དང་མི་རྟོག་གཉིས་མེད་དེ། །མཉམ་པའི་ངང་ལས་མ་གཡོས་པར། །མ་རིག་ཡེ་ཤེས་གཉིས་སུ་མེད། །བདག་གིས་བྱས་པའི་ཆོས་རྣམས་ཀྱང་། །བྱེད་མཁན་ལོགས་ན་མེད་པའི་ཕྱིར། །བྱ་བྱེད་མེད་པར་རང་ཤར་བར། །རང་གིས་རང་ཤར་རང་བྱུང་བས། །རྒྱུ་རྐྱེན་མེད་ཅེས་བཏགས་པ་ཡིན། །རྒྱུ་རྐྱེན་མེད་པའི་ཆོས་ཉིད་ལས། །བདག་ཉིད་བྱང་ཆུབ་སེམས་ཤེས་བྱ། །དེ་ཡི་རོལ་པ་ཤར་བས་ན། །བདག་གིས་བྱས་པའི་ཆོས་ཤེས་བྱ། །ཐམས་ཅད་བདག་ཉིད་འདུས་པས་ན། །བདག་ཉིད་བྱང་ཆུབ་སེམས་ཤེས་བྱ། །གཉིས་འཛིན་མཐའ་ལས་གྲོལ་བའི་ལས། །བྱ་དང་བྱེད་པ་མེད་ཅེས་བྱ། །དེ་ལྟར་རྟོགས་པའི་རྣལ་འབྱོར་ལ། །ཐམས་ཅད་རང་གི་ཆོ་འཕྲུལ་ལས། །རང་བྱུང་ཡེ་ཤེས་རྒྱུན་ཆད་མེད། །ནམ་མཁའ་ལྟ་བུའི་རང་བཞིན་ལས། །འཇའ་ཚོན་སྤྲིན་ཚོགས་བློ་བུར་དུ། །རྒྱུན་ཆད་མེད་པས་ནམ་མཁའ་དང་། །ཡེངས་དང་མ་ཡེངས་ས་མཚམས་མེད། །དམིགས་དང་མ་དམིགས་མེད་པ་རུ། །སྐད་ཅིག་འདུ་འབྲལ་མེད་པའི་ཕྱིར། །བསམ་གཏན་ཆེན་པོ་བདེ་ལ་གནས། །བྱ་བ་མེད་པའི་དོན་འདི་ལ། །བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། །བྱང་ཆུབ་སེམས་ལ་བྱ་བ་མེད། །རྫོགས་ཆེན་ཡེ་ནས་བྱས་ཟིན་པས། །བྱ་རྩལ་མེད་པའི་ཆོས་ཉིད་ཡིན། །ཆོས་ཉིད་རང་བཞིན་རང་བཞིན་ལས། །རང་བཞིན་དེ་ལ་བྱ་རུ་མེད། །རང་བཞིན་

(༡༧༧)རང་བཞིན་བྱ་བ་དེ། །བཅོས་མིན་བྱང་ཆུབ་དེ་ལ་ནི། །སེམས་དཔའ་རྡོ་རྗེ་ཁྱོད་མ་བཅོས། །སེམས་དཔའ་རྡོ་རྗེ་དེས་མ་བཅོས། །རྫོགས་ཆེན་དབྱིངས་ལས་འཆོས་པ་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །རྫོགས་ཆེན་དང་ནི་འགྱུར་མེད་ལ། །བསྒོམས་ན་བཅོས་ཤིང་བསྒྱུར་བ་ཡིན། །གནས་ལུགས་ཡེ་ནས་ལྷུན་གྲུབ་ལ། །རྩོལ་སྒྲུབ་བྱས་ན་བཅོས་པ་མིན། །ས་ལམ་བསྒྲོད་དུ་མེད་པ་ལ། །བསྒྲོད་པས་ཕྱིན་པ་ག་ན་ཡོད། །གནས་ལུགས་མ་ལྟ་ཡུལ་མེད་ལྟོས། །གཞི་ལམ་འབྲས་བུ་ཡེ་ནས་རྫོགས། །མ་སྒྲོད་གནས་སུ་ཕྱིན་པ་ཡིན། །ཆོས་དབྱིངས་རྣམ་དག་དྲི་མེད་ལ། །སྦྱོང་བར་བྱ་བའི་སྒྲིབ་པ་མེད། །མི་གནས་དམིགས་པའི་ཡུལ་མེད་པས། །སྤྲོས་མེད་བསམ་པའི་ཡུལ་ལས་འདས། །འཛིན་པས་བཏགས་པའི་ཆོས་རྣམས་ནི། །རྫོགས་ཆེན་ངོ་བོ་བསྟན་པ་མིན། །དེ་ལྟ་བུ་ཡི་གནས་ལུགས་ལ། །གང་ཞིག་སྤོང་ཞིང་འགེགས་བྱེད་པ། །བསྐལ་པ་གསུམ་གྱི་བར་དུ་ནི། །རྫོགས་ཆེན་ང་དང་འཕྲད་མི་འགྱུར། །སྤང་བར་བྱ་བའི་ཆོས་དེ་ནི། །རང་གི་ངོ་བོ་ཡིན་པར་བཤད། །ནོར་བ་མེད་ལ་བདེན་བརྫུན་ནི། །སྒྲོ་སྐུར་གང་ཡང་མི་འདོགས་སོ། །རྫོགས་ཆེན་རྟོགས་པའི་དེ་ཉིད་དབྱིངས། །ཆོས་སྐུའི་བསྟན་པ་དེ་ཉིད་བསྟན། །དེ་བཞིན་ཉིད་ལས་དབྱེ་རུ་མེད། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །སེམས་ཀྱི་ངོ་བོ་ཡིན་པས་ན། །དེ་ལ་སུ་ཡང་འཆོས་སུ་མེད། །ཆོས་སྐུའི་བསྟན་པ་རྟོགས་པ་མེད། །སྣང་བ་མེད་པའི་ཆོས་

(༡༧༨)ཉིད་ལ། །མ་ནོར་དེ་བཞིན་ཉིད་དུ་རྟོགས། །དེ་བཞིན་གནས་པ་ཙམ་དུ་མེད། །དུས་གསུམ་རྒྱལ་བས་བཙལ་ན་ཡང་། །ཆོས་སྐུའི་བསྟན་པ་མི་བརྙེས་སོ། །རྫོགས་ཆེན་སྒོམ་དུ་མེད་པས་ནི། །སེམས་ཀྱི་ཡོན་ཏན་གཏེར་ཆེན་ཏེ། །རྒྱུ་རྐྱེན་མེད་པས་བཙལ་མི་དགོས། །འབྲས་བུ་རང་བཞིན་ལྷུན་གྲུབ་པས། །རྒྱུ་འབྲས་གཉིས་ཀྱི་ས་མཚམས་མེད། །མ་སྐྱེས་འཇིག་པའི་གཉེན་པོ་མེད། །རྫོགས་ཆེན་རང་བཞིན་ཀུན་ལས་འདས། །སྒོམ་པར་བྱ་བ་རྡུལ་ཙམ་མེད། །སྒོམ་མེད་ཆོས་དབྱིངས་མཐའ་ཡས་ལ། །རྟོགས་པའི་ཁྱུང་ཆེན་ཕྱོགས་མེད་ལྡིང་། །རྒྱ་ཆད་ཕྱོགས་ལྷུང་མ་མཆིས་སོ། །ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་སར། །མ་འདུས་པ་དང་མ་རྫོགས་པ། །ཅུང་ཟད་ཙམ་ཡང་ཡོད་མ་ཡིན། །རྟགས་ཀྱིས་འདུས་པར་བསྟན་པ་ནི། །རྟགས་ནི་ཀུན་བརྟགས་བྱང་ཆུབ་སེམས། །ཆོས་ཀྱི་སྐུ་དང་བྱང་ཆུབ་སེམས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །previous hit དགོངས next hit་ཐམས་ཅད་གཅིག་ཏུ་འདུས། །རིག་པ་མངོན་སུམ་རྟོགས་པས་ན། །རང་བྱུང་ཡེ་ཤེས་ལྔ་ནི་གསལ། །ཡེ་ཤེས་ལྔ་དང་འོད་ལྔ་ནི། །ཡུལ་དེ་ཡེ་ནས་ཡེ་ཤེས་ཡིན། །ཡུལ་དང་ཡེ་ཤེས་གཉིས་མ་བསྟན། །རང་བྱུང་ཡེ་ཤེས་གཅིག་ལས་མེད། །ཡེ་ཤེས་ཆེན་པོས་ཀུན་ཁྱབ་དབྱིངས། །ཆོས་དབྱིངས་བྱང་ཆུབ་སེམས་འདི་ལ། །ཐམས་ཅད་འཕེལ་འགྲིབ་མེད་པར་རྫོགས། །ཆོས་ཀྱི་སྐུ་དང་ཀུན་ཏུ་བཟང་། །རྡོ་རྗེ་སེམས་དཔའ་ལ་སོགས་པ། །དུས་གསུམ་སངས་རྒྱས་མ་ལུས་པའི། །སྙིང་པོའི་རྟགས་ནི་སེམས་སུ་འདུས། །དེས་ན་དཔེ་དོན་གསུམ་དུ་འདུས། །སྤྱི་ཁྱབ་སེམས་ཀྱི་གནས་ལུགས་ལ། །སྤྱི་འདུས་དགོངས་འདུས་previous hit དགོངས

(༡༧༩) next hit་འདུས། །སྤྱི་འདུས་དཔེ་དོན་རྟགས་འདུས་ན། །previous hit དགོངས་འདུས་རྣམ་ next hit་ལྔ་འདུས་ཏེ། །ཆོས་སྐུ་previous hit དགོངས next hit་འདུས་པ་ནི། །མི་རྟོག་མཉམ་པ་ཉིད་འདུས་ན། །མི་གཡོ་ཆོ་འཕྲུལ་འབྱིན་པར་འདུས། །ལོངས་སྤྱོད་སྐུའི་previous hit དགོངས next hit་འདུས། །མངོན་སུམ་རང་བཞིན་སྣང་བ་འདུས། །འདོད་པ་ཚོགས་པས་སྦྱིན་པ་འདུས། །ཀུན་བཟང་previous hit དགོངས next hit་འདུས་པ་ནི། །ཇི་ལྟར་སྣང་བ་ཐམས་ཅད་ཀུན། །བཟང་ངན་བླང་དོར་མེད་པ་རུ། །རྟོགས་པས་མངོན་དུ་འཆར་བ་ལ། །རྡོ་རྗེ་སེམས་previous hit དགོངས་འདུས་ next hit་ནི། །མི་སྐྱེ་མི་འགག་previous hit དགོངས next hit་འདུས། །རབས་བདུན་ཤཱཀྱ་ཐུབ་པ་དང་། །སྟོང་རྩ་གཉིས་དང་རྡུལ་རྙེད་དང་། །སྐུ་གསུང་ཐུགས་ཀྱི་དོན་མཛད་པའི། །བྱུང་ཡང་སྐུ་གསུང་ཐུགས་ལས་བྱུང་། །སྐུ་གསུང་ཐུགས་ཀྱི་ཆོས་ཉིད་ལས། །སྐུ་གསུང་ཐུགས་ཀྱི་དོན་མཛད་ཅིང་། །ཀུན་མཁྱེན་ཐུགས་ཀྱི་ཡེ་ཤེས་ལས། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །སེམས་སུ་མ་རྫོགས་གང་ཡང་མེད། །རྟོགས་པ་རབ་འབྱམ་མཐའ་ཡས་ཏེ། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཡིན། །སྣང་སྲིད་འཁོར་འདས་དེ་ན་བཞུགས། །ནམ་མཁའི་ཁམས་ཀྱི་གཞལ་ཡས་ན། །རང་སེམས་རྒྱལ་པོ་ཀུན་ཏུ་བཟང་། །རྟོགས་པ་རབ་འབྱམ་མཐའ་ཡས་རྒྱ་མཚོའི་ཀློང་། །མ་ལུས་པ་དང་མ་རྫོགས་པ། །རྡུལ་ཕྲན་ཙམ་ཡང་ཡོད་མ་ཡིན། །ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་ཀློང་། །མཐའ་ཡས་ཚད་གཞལ་མེད་པའི་ཕྱིར། །ཐ་སྙད་སྒྲོ་འདོགས་གང་ཡང་མེད། །ངག་གི་རང་བཞིན་རྟོགས་པ་དཀའ། །སྒོ་དང་ལྷ་དང་དམ་ཚིག་དང་། །ཕྲིན་ལས་བསྒྲོད་ལམ་གནས་པ་དང་། །ཡེ་

(༡༨༠)ཤེས་ཆོས་ཉིད་འབྲས་བུ་དགུ། །སྐུ་གསུམ་ཐེག་པ་ལྔ་པོ་འདི། །གཞན་དང་ལྟ་སྤྱོད་མི་མཐུན་ཏེ། །སྒོ་ནི་སྒོམ་མེད་བཙལ་དུ་མེད། །འཇུག་དང་ལྡོག་པའི་ས་མཚམས་མེད། །རྟགས་པ་རབ་འབྱམ་རང་བཞིན་སྐུ། །ལྟ་བ་སྒོམ་དུ་མེད་པ་ཡིན། །དམ་ཚིག་བསྲུང་དུ་མེད་པ་ཡིན། །ཕྲིན་ལས་བཙལ་དུ་མེད་པའི་ཕྱིར། །ཤུགས་འབྱུང་ལྷུན་གྱིས་གྲུབ་པ་ཡིན། །ལམ་ལྔ་བསྒྲོད་དུ་མེད་པའི་ཕྱིར། །མ་སྒྲོད་ས་ལམ་རྫོགས་པ་ཡིན། །གནས་པ་སྦྱང་དུ་མེད་པའི་ཕྱིར། །ཡེ་ཤེས་སྤྱོད་དུ་མེད་པ་ཡིན། །ཆོས་ཉིད་བཅོས་སུ་མེད་པའི་ཕྱིར། །དུས་གསུམ་འགྱུར་བ་མེད་པ་ཡིན། །གཞི་ལམ་འབྲས་བུ་ཡོངས་རྫོགས་པས། །འབྲས་བུ་ཐོབ་དུ་མེད་པ་ཡིན། །རྫོགས་ཆེན་ཡེ་ཤེས་དབྱིངས་ཉིད་ལས། །སྐད་ཅིག་ལག་པ་བརྐྱང་བསྐུམ་གྱིས། །ཀུན་བཟང་previous hit དགོངས next hit་ཡོངས་རྫོགས་པས། །གཅིག་ཅར་རྟོགས་གྲོལ་དུས་མཚུངས་ཤིང་། །རོལ་པ་འགག་མེད་ཡེ་ཤེས་དབྱིངས། །ཐ་སྙད་སྒྲོ་སྐུར་གདབ་ཏུ་མེད། །ཆོས་དབྱིངས་བྱང་ཆུབ་སེམས་ཉིད་འདི། །མཁའ་ལྟར་ཀུན་ཁྱབ་འགྱུར་མེད་ཅིང་། །ཡེ་ཤེས་མི་ཤེས་རོ་མཉམ་ཞིང་། །བྱེ་བྲག་མེད་པའི་དབྱིངས་སུ་རྫོགས། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་ས། །གདུལ་བྱ་རིམ་འཇུག་དབང་གིས་ན། །བཅུ་དྲུག་གྲངས་སུ་བཞེད་པ་ཡིན། །མ་བཙལ་ཡོངས་རྫོགས་བྱང་ཆུབ་སེམས། །ཀུན་བཟང་རོལ་པའི་ཐུགས་ཉིད་ལས། །ས་ལམ་བྱེ་བྲག་མ་མཆིས་སོ། །ཡང་དག་དོན་གྱི་འོག་མིན་ན། །སྙིང་པོ་དོན་གྱི་ཀུན་བཟང་བཞུགས། །མཐོ་དམན་མེད་པར་ཀུན་ལ་ཁྱབ། །རྩོལ་སྒྲུབ་མེད་པར་ཡེ་ནས་རྫོགས། །ཐམས་ཅད་ཀུན་

(༡༨༡)གྱི་ཡང་རྩེ་སྟེ། །སྐུ་ལྔ་ཡོངས་སུ་རྫོགས་པ་ཡི། །བསྟན་པ་ལྔ་དང་སྟོན་པ་ལྔ། །ཞིང་ཁམས་ལྔ་དང་ཕོ་བྲང་ལྔ། །འཁོར་ལྔ་དུས་ཚོད་ལྔ་ལ་སོགས། །ཕྱི་གཅིག་རྫོགས་པའི་གནས་མཆོག་ཏུ། །ཆེན་པོ་བརྗོད་དུ་མེད་པ་ལ། །གང་ཡང་འདྲན་ཟླ་མེད་པར་བཞུགས། །ངེས་པ་ཐོབ་པའི་ཐེག་པ་དྲུག །རྫོགས་པ་ཆེན་པོའི་གོལ་སར་བསྟན། །དེ་ཡང་ཅིའི་ཕྱིར་ཞེ་ན། །ཉན་ཐོས་རང་རྒྱལ་ཐེག་པ་ནི། །བཅུ་དྲུག་ཆ་གྲངས་རབ་ཞི་བ། །རྒྱུན་དུ་ཞུགས་ལྔ་ལ་སོགས་པ། །ཉན་རང་གཉིས་ཀྱི་མཐར་ཐུག་སྟེ། །ཨ་ཏི་ཡོ་གའི་གོལ་ས་ཡིན། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ནི། །ཀུན་ཏུ་འོད་ཀྱི་སར་འདོད་པ། །བདེན་པ་གཉིས་ཀྱི་དག་སྤྱོད་ཀྱིས། །ཆོས་ཉིད་སྟོང་པ་ནམ་མཁར་འདོད། །བྱང་ཆུབ་སེམས་ཀྱི་མཐར་ཐུག་སྟེ། །ཤིན་ཏུ་རྣལ་འབྱོར་གོལ་ས་ཡིན། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྟོག་དཔྱོད་འདས་པའི་བྱང་ཆུབ་སེམས། །རྟོག་དཔྱོད་ལས་འདས་མདོ་སྡེ་སྒྲིབས། །རྟོགས་ཆེན་རྟོགས་པ་སྤྱོད་པ་ནི། །མདོ་སྡེ་དག་ཏུ་གོལ་བར་བཤད། །ཀྲྀ་ཡ་རྡོ་རྗེ་འཛིན་འདོད་པས། །དག་པ་རྣམ་གསུམ་སྒོར་ཞུགས་ནས། །གཟུང་འཛིན་དག་པའི་ཡུལ་ལས་འདས། །ཀྲྀ་ཡ་ཐེག་པའི་མཐར་ཐུག་སྟེ། །རྫོགས་ཆེན་སྤྱི་གཅིག་གོལ་ས་ཡིན། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །གཟུང་འཛིན་འདས་པའི་བྱང་ཆུབ་སེམས། །གཟུང་འཛིན་འདས་པའི་ཀྲྀ་ཡ་སྒྲིབས། །རྫོགས་ཆེན་གཟུང་དང་འཛིན་བྱེད་པའི། །ཀྲྀ་ཡ་དག་ཏུ་གོལ་བར་བཤད། །ཨུ་པ་ཡའི་ལྟ་སྤྱོད་ནི། །ཀྲྀ་ཡ་སྤྱོད་ཅིང་ཡོ་ག་སྒྲུབ། །ཀུན་ལ་

(༡༨༢)ཞོར་འགྲོས་ཐེག་པ་སྟེ། །ལྟ་སྤྱོད་འབྲེལ་བའི་དོན་མེད་པས། །གཉིས་སུ་མེད་པའི་དོན་ལ་རྟོགས། །སྤྱོད་རྒྱུད་དག་གི་མཐར་ཐུག་སྟེ། །སྤྱི་གཅིག་རྣལ་འབྱོར་previous hit དགོངས་པར་བཞེད། །རྫོགས་ next hit་ཆེན་པོའི་བདེ་ཆེན་ནི། །རོལ་པ་འགག་མེད་བྱང་ཆུབ་སེམས། །བྱ་རྩལ་མེད་པ་ཨུ་པས་སྒྲིབས། །རྫོགས་ཆེན་བྱ་རྩལ་མེད་པ་ནི། །ཨུ་པ་ཡ་རུ་གོལ་བ་ཡིན། །ཡོ་ག་སྟུག་པོ་བཀོད་འདོད་པ། །མཚན་མ་ཡོད་མེད་སྒོར་ཞུགས་ན། །ཕྱག་རྒྱ་བཞི་ལ་གཙོར་བྱེད་ན། །བླང་དོར་མེད་ལ་འཇུག་མ་ནུས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །བླང་དོར་མེད་པའི་བྱང་ཆུབ་སེམས། །བླང་དོར་མེད་ལ་ཡོ་གས་སྒྲིབས། །རྫོགས་ཆེན་བླང་དང་དོར་བྱེད་པ། །ཡོ་ག་དག་ཏུ་གོལ་བར་བཤད། །ཡོ་ག་དག་གི་མཐར་ཐུག་སྟེ། །ཡང་དག་དོན་གྱི་འོག་མིན་གྱི། །གོལ་ས་དག་ཏུ་བཞེད་པ་ཡིན། །མ་ཧཱ་རྡོ་རྗེ་འཆང་འདོད་པས། །ཐབས་དང་ཤེས་རབ་གོར་ཞུགས་པ། །རང་རྒྱུད་དག་པའི་དཀྱིལ་འཁོར་ལས། །བསྙེན་སྒྲུབ་རྣམ་བཞི་སྒྲུབ་པར་བྱེད། །རྣལ་འབྱོར་ཆེན་པོའི་མཐར་ཐུག་སྟེ། །ཨ་ཏི་ཡོ་གའི་གོལ་ས་ཡིན། །ཤིན་ཏུ་རྣལ་འབྱོར་དབྱིངས་ལས་གྲོལ། །རྩོལ་སྒྲུབ་འདས་པའི་རྫོགས་ཆེན་ལས། །རང་བཞིན་རྫོགས་ལ་མ་ཧཱས་སྒྲིབས། །ཀློང་ཡངས་རང་བཞིན་ཀུན་རྫོགས་ལ། །གང་ཞིག་རྩོལ་སྒྲུབ་བྱེད་པ་ནི། །མ་ཧཱ་དག་ཏུ་གོལ་བར་བཞེད། །ཨ་ནུ་དབྱེར་མེད་སར་འདོད་པས། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །འདི་ལྟར་སྣང་བའི་ཆོས་རྣམས་ལ། །རྒྱུ་ནི་དག་པའི་དབྱིངས་ལྟ་བ། །འབྲས་བུ་ཡེ་ཤེས་

(༡༨༣)དཀྱིལ་འཁོར་ལྷ། །ཨ་ནུ་ཡོ་གའི་མཐར་ཐུག་སྟེ། །ཡང་དག་རྫོགས་ཆེན་གོལ་ས་ཡིན། །ཨ་ཏི་ཡོ་གའི་རང་བཞིན་རྫོགས། །རྒྱུ་འབྲས་འདས་པའི་རྫོགས་ཆེན་ལ། །ཨ་ནུ་དབྱེ་བ་མེད་པས་སྒྲིབས། །ཨ་ཏི་སྒོ་ཕུགས་གཉིས་ལྟ་བ། །ཨ་ནུ་དག་ཏུ་གོལ་ས་ཡིན། །གྲུབ་པ་མཐར་འཛིན་རྫོགས་ཆེན་ནི། །ལ་སྒྲོལ་ཤན་འབྱེད་ལྷུན་གྲུབ་བཞི། །ཀ་དག་ལ་སོགས་བཞེད་previous hit དགོངས་རྣམས། །གྲུབ་ next hit་མཐར་འཛིན་མཐར་ཐུག་སྟེ། །སྤྱི་གཅིག་རྩེ་མོ་བྱུང་རྒྱལ་གྱི། །གོལ་ས་དག་ཏུ་བཞེད་པ་ཡིན། །ནམ་མཁའ་རྒྱ་མཚོ་རི་རབ་བཞིན། །ངར་འཛིན་ཉི་ཤུ་རྩ་གཅིག་སོགས། །ཐེག་པ་བྱེ་བྲག་བསམ་མི་ཁྱབ། །ཐེག་པའི་ཚོགས་རྣམས་བྱང་ཆུབ་སེམས། །ཡུལ་དང་ཡུལ་ཅན་མ་གྲུབ་ཅིང་། །ཀློང་ཆེན་རབ་འབྱམ་མཐའ་དབུས་མེད། །རྫོགས་ཆེན་རང་བྱུང་ཡེ་ཤེས་ནི། །རྩེ་མོ་བྱུང་རྒྱལ་རྟེན་མེད་གནས། །མ་རིག་འཁྲུལ་འཁོར་རྒྱ་མཚོ་སྟེ། །འགྲོ་དྲུག་སེམས་ཅན་གྲངས་མཐའ་ཡས། །ལྷ་མིའི་ཐེག་པ་ལ་སོགས་པ། །ཨ་ཏི་མཉམ་ཉིད་བདེ་ཆེན་དབྱིངས། །ཡོངས་རྫོགས་ཆེན་པོ་མཐའ་དབུས་མེད། །འགྲོ་དྲུག་བདེ་ཆེན་རྒྱན་དུ་རྫོགས། །མུ་སྟེགས་ལོག་ལྟ་མདུད་པ་ཅན། །གང་ཟག་གཉིས་འཛིན་ཕྱི་ནང་སྤྱོད། །རྟག་ཆད་གཉིས་སུ་བཞེད་པ་ཡིན། །མཉམ་ཉིད་བདེ་བ་ཆེན་པོར་རྫོགས། །རྒྱ་ཆད་མེད་པའི་ཆོས་ཉིད་ལས། །ཐམས་ཅད་རང་ཤར་རང་གྲོལ་བས། །མུ་སྟེགས་མ་སྤངས་རྒྱན་དུ་རྫོགས། །ཉན་ཐོས་འདུལ་འཛིན་ལྟ་བ་ནི། །ཡུལ་སེམས་འབྲེལ་མེད་སྐད་ཅིག་ཏུ། །འབྲེལ་ཡོད་སྙམ་པའི་ཆོས་ཉིད་ལ། །མེད་པར་འཛིན་པ་ཕྱོགས་རིས་བདུད། །ཡོད་མེད་མཉམ་པའི་ཆོས་

(༡༨༤)ཉིད་ལ། །གཉིས་ཀར་གཉིས་ཤར་རང་གྲོལ་བས། །ཉན་ཐོས་མ་སྤངས་རྒྱན་དུ་རྫོགས། །རང་རྒྱལ་མདུད་ཅན་ལྟ་བ་ནི། །ཡུལ་སྟོང་ཤེས་པ་སྐད་ཅིག་ཏུ། །རྟེན་འབྲེལ་བཅུ་གཉིས་ལུགས་བཟློག་མེད། །འབྱུང་འཇུག་མེད་པའི་རང་རྒྱལ་ཡང་། །མ་སྤངས་པའི་རྒྱན་དུ་རྫོགས། །སེམས་ཙམ་མདུད་ཅན་ལྟ་བ་ནི། །གཟུང་འཛིན་དག་པའི་རང་རིག་གསལ། །བདེ་བར་ལྟ་བས་ཤེལ་གོང་འདྲ། །གཟུང་འཛིན་མཉམ་པའི་ཆོས་ཉིད་ལ། །བདག་མེད་ཕྱོགས་སུ་འཛིན་པའི་བདུད། །གང་ཡང་འདྲ་བའི་ཆོས་ཉིད་ལས། །རང་གྲོལ་བདེ་ཆེན་མཉམ་ཉིད་དབྱིངས། །སེམས་ཙམ་མ་སྤངས་རྒྱན་དུ་རྫོགས། །དབུ་མ་མདུད་ཅན་ལྟ་བ་ནི། །ཀུན་རྫོབ་དག་བྱ་སྤྲོས་བཅས་ནས། །དོན་དམ་སྤྲོས་མེད་འཇལ་བྱེད་ཅིང་། །བདེན་གཉིས་ས་ལ་ཡོད་ཅེས་ཏེ། །གཉིས་མེད་མཉམ་པའི་ཆོས་ཉིད་ལ། །གཉིས་འཛིན་ཕྱོགས་སུ་འཛིན་པའི་བདུད། །ཨ་ཏི་གཉིས་མེད་ཆོས་ཉིད་ལ། །རང་ཤར་རང་གྲོལ་ཆོས་ཉིད་རྫོགས། །དབུ་མ་མ་སྤངས་རྒྱན་ཅན་དབྱིངས། །ཀྲྀ་ཡ་མདུད་ཅན་ལྟ་བ་ནི། །ཀུན་རྫོབ་སྣང་བ་སྣ་ཚོགས་དང་། །སྣང་སེམས་རིགས་གསུམ་ལྷ་རུ་ཤར། །དོན་དམ་ཆོས་ཉིད་རང་བཞིན་ལྷ། །རྗེ་ཁོལ་ཚུལ་དུ་སྐྱེད་རིམ་བསྒོམ། །སེམས་དཔའ་རྣམ་གཉིས་བཟང་ངན་འདོད། །བཟང་ངན་མཉམ་པའི་ཆོས་ཉིད་ལས། །བཟང་ངན་གཉིས་འཛིན་ཕྱོགས་འཛིན་བདུད། །ཨ་ཏི་རང་བཞིན་བདེ་ཆེན་ཀློང་། །རོལ་པ་འགག་མེད་རྫོགས་ཆེན་ལ། །ཀྲྀ་ཡ་མ་སྤངས་རྒྱན་དུ་རྫོགས། །ཨུ་པ་མདུད་ཅན་ལྟ་བ་ནི། །སྤྱོད་པ་ཀྲྀ་ཡ་ལྟར་འདོད་ཅིང་། །སྐྱེད་རིམ་ལྷ་བདག་གོང་འོག་ཚུལ། །ལྟ་བ་རྣལ་འབྱོར་རྗེས་འཇུག་ཅིང་། །གཉིས་ཀའི་

(༡༨༥)ཚུལ་དུ་སྤྱོད་འཇུག་ཅིང་། །གཉིས་འཛིན་བྱེ་བྲག་དུ་མ་ཡིས། །ལྟ་བ་ཕྱོགས་སུ་འཛིན་པའི་བདུད། །མཐོ་དམན་མེད་པའི་ཆོས་ཉིད་ལ། །དབུ་མ་མ་སྤངས་རྒྱན་དུ་རྫོགས། །ཡོ་ག་མདུད་ཅན་ལྟ་བ་ནི། །དོན་དམ་སྣང་ལ་རང་བཞིན་མེད། །ཀུན་རྫོབ་ལྷ་དང་ལྷ་མོར་བལྟ། །མཚན་ཕྱེད་མཉམ་པའི་ཆོས་ཉིད་ལ། །ལྷ་དང་ལྷ་མོ་ཕྱོགས་འཛིན་བདུད། །རྫོགས་ཆེན་རྫོགས་པ་ཆེན་པོ་ནི། །གང་ཡང་འདྲ་བའི་ཆོས་ཉིད་ལས། །ཡོ་ག་མ་སྤངས་རྒྱན་དུ་རྫོགས། །མ་ཧཱ་བདུད་ཅན་ལྟ་བ་ནི། །ཐབས་རྣམས་མཆོག་ཏུ་གྱུར་པ་དང་། །ལྟ་བ་ཀུན་རྫོབ་ཙམ་དུ་ཡང་། །ཤེས་རབ་མཆོག་ཏུ་གྱུར་པ་ཡི། །ལྷག་པ་ཡི་ནི་དོན་དམ་པར། །དབྱེར་མེད་བདེ་ཆེན་མཆོག་གྱུར་ལྷ། །མཚན་མེད་མཉམ་ཞིང་དབྱེ་རུ་མེད། །དབྱེ་རུ་མེད་པའི་སྤྱོད་ཡུལ་ལས། །བྲལ་བ་ཕྱོགས་སུ་འཛིན་པའི་བདུད། །ཨ་ཏི་མཉམ་པ་རིས་མེད་ལ། །ཆོས་ཉིད་ཡེ་ཤེས་དབྱིངས་སུ་རྫོགས། །བྱར་མེད་རོལ་པ་འགག་མེད་ལས། །མ་ཧཱ་མ་སྤངས་རྒྱན་དུ་རྫོགས། །ཨ་ནུ་མདུད་ཅན་ལྟ་བ་ནི། །ཕར་སྣང་ཤེས་པ་ཀུན་ཏུ་སྣང་། །ཚུར་སྣང་ཡུལ་ནི་ཀུན་བཟང་མོ། །གཉིས་མེད་བདེ་བ་ཆེན་པོར་ལྟ། །གཉིས་སྣང་མཉམ་པའི་ཆོས་ཉིད་ལ། །གཉིས་མེད་བདེ་ཆེན་ཕྱོགས་ལྷུང་བདུད། །ཨ་ཏི་རྒྱ་ཆད་མེད་པ་ཡི། །ཆོས་ཉིད་རང་བྱུང་ཡེ་ཤེས་ལ། །བྱར་མེད་རྫོགས་པ་ཆེན་པོའི་དབྱིངས། །ཨ་ནུ་མ་སྤངས་རྒྱན་དུ་རྫོགས། །ཐེག་པ་བརྒྱད་ལ་གྲུབ་མཐའ་བརྒྱད། །ཞེ་འདོད་བརྒྱད་ལ་ལྟ་བ་བརྒྱད། །ས་ལམ་བརྒྱད་དང་བདུད་པ་བརྒྱད། །འབྲས་བུ་

(༡༨༦)བརྒྱད་ལ་རེ་དོགས་བརྒྱད། །ཐམས་ཅད་གཅིག་ཏུ་རྫོགས་ཤིང་རྟོགས། །གཅིག་རྫོགས་ཀུན་རྫོགས་མ་སྤངས་གྲོལ། །སངས་རྒྱས་སྐུ་དང་སེམས་ཅན་ལུས། །ཇི་ལྟར་སྣང་བ་ཐམས་ཅད་ཀྱང་། །རང་བྱུང་དབྱིངས་ཀྱི་ཡེ་ཤེས་རྒྱན། །ཉོན་མོངས་སྡུག་བསྔལ་ཐམས་ཅད་ཀྱང་། །ཡེ་ཤེས་བདུད་རྩི་དམ་པ་སྟེ། །འཁོར་བའི་གཡང་ས་ཐམས་ཅད་ཀྱང་། །བྱང་ཆུབ་ཡེ་ཤེས་མཆོག་ལས་རོལ། །དུག་གསུམ་སྐུ་གསུམ་ཞིང་ཁམས་སུ། །འཁོར་བ་ལྷུན་གྲུབ་བདེ་བ་ཆེ། །སྐྱེ་ཤི་ཁམས་གསུམ་ཡོངས་སུ་གྲུབ། །གཟུང་འཛིན་བྱ་བྱེད་སྣང་བ་ཀུན། །ཉིད་ལ་ཉིད་འཛིན་ཉིད་སྤྱོད་པས། །རྩ་བ་བྱང་ཆུབ་སེམས་སུ་གྲུབ། །བྱང་སེམས་ཡེ་ནས་ཆོས་སྐུ་སྟེ། །དུས་གསུམ་རྒྱལ་བ་དེ་ཡི་སྐུ། །ཕྱི་ནང་གསང་བའི་ཐེག་མཆོག་རྣམས། །བྱང་ཆུབ་སེམས་ཉིད་ཡོན་ཏན་ཏེ། །སེམས་ལས་མ་རྟོགས་ཆོས་རྣམས་ནི། །འཁོར་འདས་གཞན་ན་ཡོད་མ་མཆིས། །སེམས་ཉིད་ཀློང་དུ་འཆིང་གྲོལ་མེད། །སྙམ་བྱེད་ཡིད་ཀྱི་གྲུབ་མཐའ་རྣམས། །གཉིས་འཛིན་མཁའ་ལ་མདུད་པ་དོར། །ཕྱོགས་རྩོལ་སེམས་ཀྱི་མདུད་པ་དེ། །ཨ་ཏི་ཕྱོགས་རིས་མེད་པ་ལ། །ལྟས་ཀྱང་སྐྱོན་མེད་རང་བྱུང་ཡིན། །མ་ལྟས་མཚན་མ་རང་སར་གྲོལ། །གཉིས་མེད་རང་གྲོལ་དབྱིངས་སུ་ལྟ། །ལྟ་བ་ཕྱོགས་སུ་འཛིན་པའི་འདུད། །རོལ་པ་འགག་མེད་དབྱིངས་སུ་གྲོལ། །ཨ་ཏི་ཏིང་འཛིན་དམིགས་གཏད་མེད། །བསྒོམས་ཀྱང་སྐྱོན་མེད་རང་གྲོལ་ཡིན། །མ་སྒོམས་སྐྱོན་མེད་རང་སར་གྲོལ། །རང་གྲོལ་གཉིས་མེད་རང་བྱུང་གིས། །ཏིང་འཛིན་ཕྱོགས་སུ་བསྒོམས་པའི་བདུད། །བྱར་མེད་བདེ་ཆེན་དབྱིངས་སུ་གྲོལ། །ཨ་ཏིའི་སྤྱོད་པ་བླང་དོར་མེད། །སྤྱད་ཀྱང་སྐྱོན་མེད་རང་བྱུང་ཡིན།

(༡༨༧)མ་སྤྱད་སྐྱོན་མེད་རང་བྱུང་ཡིན། །རང་གྲོལ་རང་བྱུང་སྤྱོད་པ་ཡིས། །ཆེད་དུ་སྤྱོད་པའི་བདུད་ལས་གྲོལ། །རྫོགས་ཆེན་འབྲས་བུ་སྤངས་ཐོབ་མེད། །སྒྲུབས་ཀྱང་སྐྱོན་མེད་ཡེ་སངས་རྒྱས། །མ་སྒྲུབས་སྐྱོན་མེད་རང་ས་ཟིན། །རང་གྲོལ་ལྷུན་གྲུབ་རྫོགས་སངས་རྒྱས། །འབྲས་བུ་གཞན་ནི་རེག་པའི་བདུད། །རེ་དོགས་མེད་པས་ཀུན་བཟང་ཀློང་། །བདེ་འབྱམ་རོལ་པའི་དབྱིངས་སུ་རྒྱལ། །མཐར་ཐུག་རྫོགས་པ་ཆེན་པོ་ལ། །རྒྱུ་རྫོགས་ལམ་རྫོགས་འབྲས་བུ་རྫོགས། །ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི། །ཡེ་ནས་རྫོགས་ཤིང་བྱེ་བྲག་མེད། །དམ་ཚིག་ས་ལམ་འཇུག་སྒོ་དང་། །གནས་པ་ཕྲིན་ལས་སྣང་བཀག་རྣམས། །ཆོས་དབྱིངས་ནམ་མཁའ་རྒྱ་མཚོའི་ཀློང་། །འཁོར་འདས་བྱེ་བྲག་སྣ་ཚོགས་རྣམས། །ཡང་དག་དོན་གྱི་འོག་མིན་དུ། །ཐམས་ཅད་རྟོགས་ཤིང་མངོན་དུ་གྱུར། །སངས་རྒྱས་མེད་དེ་རང་ཉིད་ཡིན། །འགྲོ་དྲུག་གཞན་ན་མ་མཆིས་ཤིང་། །འཁོར་བའི་སྡུག་བསྔལ་བདེ་བ་ཆེ། །རྟོགས་པའི་དོན་ལ་མཐོ་དམན་མེད། །ཀུན་ཁྱབ་གདལ་པ་ཆེན་པོའི་ཀློང་། །གཉིས་མེད་མི་འགྱུར་རྡོ་རྗེའི་གདན། །ཆོས་དབྱིངས་རབ་འབྱམ་མཐའ་ཡས་ལ། །སྐུ་ལྔའི་ཞིང་ཁམས་མ་གཏོགས་པ། །སྤུ་རྩེ་ཙམ་ཡང་ཡོད་མ་ཡིན། །བཅུ་བདུན་ཡང་དག་འོག་མིན་ཏེ། །སྤྱི་གཅིག་ས་རུ་རྫོགས་པ་ཡིན། །རྫོགས་ཆེན་གནས་ལུགས་རྒྱ་མཚོའི་ཀློང་། །ཀུན་བཟང་རྡོ་རྗེ་སེམས་དཔའ་དང་། །དགའ་རབ་འཇམ་དཔལ་བཤེས་གཉེན་མཆོག །གསར་རྙིང་གྲུབ་ཐོབ་ཐམས་ཅད་ཀྱི། །previous hit དགོངས next hit་ཐུགས་ཀྱི་གཏེར་ཁ་དེ། །ཤིན་ཏུ་རྣལ་འབྱོར་རྡོ་རྗེ་ཡིས། །རབ་

(༡༨༨)འབྱམས་ཆོས་དབྱིངས་ཀློང་དུ་ཕྱེད། །ཐེག་པ་ཀུན་གྱི་སྤྱི་བབས་དང་། །ཐེག་པ་ཀུན་གྱི་བྱེ་བྲག་རྣམས། །ཀུན་ཁྱབ་ཀུན་རིག་དཀྱིལ་འཁོར་དུ། །ཀུན་བཟང་ཉིད་དང་ཐ་དད་མེད། །མཐའ་མེད་ཀློང་ཡངས་རྣལ་འབྱོར་པ། །ཀུན་རྫོབ་ཡེ་ཤེས་འདི་ལྟར་རྟོགས། །མ་རྟོགས་འགྲོ་དྲུག་སེམས་ཅན་རྣམས། །མ་རིག་རང་རིག་ཡེ་ཤེས་སུ། །འཁོར་བའི་མཚན་ཉིད་ཐམས་ཅད་དང་། །རྟོགས་པ་རབ་འབྱམ་ཆོས་སྐུར་རྫོགས། །རིགས་དྲུག་བྱ་བའི་ཐ་སྙད་མེད། །མེད་བཞིན་སྣང་བའི་ཆོ་འཕྲུལ་ཆེ། །གྲུབ་མཐའ་ལོག་པའི་མུ་སྟེགས་ལ། །ལྟ་ལོག་སུམ་བརྒྱ་དྲུག་བཅུ་ཡང་། །ལྷུན་གྲུབ་ཡེ་ཤེས་རྟོགས་པའི་དབྱིངས། །རྫོགས་ཆེན་དབྱིངས་ཀྱི་གནས་ལུགས་ལ། །མུ་སྟེགས་བྱ་བའི་ཐ་སྙད་མེད། །མུ་སྟེགས་རྫོགས་པས་རྫོགས་ཆེན་ཡིན། །རྫོགས་ཆེན་དབྱིངས་ཉིད་དྲི་མ་མེད། །རྟོགས་པ་མཐའ་ཡས་དེ་ཉིད་ལ། །ཐེག་དམན་ཉན་ཐོས་མདོ་སྡེ་དང་། །ཕག་ན་མོ་དང་འགོག་པའི་ཚོགས། །སེམས་ཙམ་དང་ནི་རྡུལ་རྫས་ཚོགས། །ཐེག་དམན་གྲུབ་མཐའ་སྣ་ཚོགས་རྣམས། །ཉན་ཐོས་ཚོགས་ཀྱི་མཐར་ཐུག་སྟེ། །རྫོགས་ཆེན་རྟོགས་པའི་དེ་ཉིད་ལ། །མཁའ་དབྱིངས་རྣམ་དག་སྐྱེ་བ་མེད། །ཐེག་དམན་བྱ་བའི་ཐ་སྙད་མེད། །བཤིས་ཉིད་རང་བཞིན་དབྱིངས་ལས་འདས། །བདེན་མེད་རྟོགས་པའི་རང་རྒྱལ་ཚོགས། །ཆ་གྲངས་བཅུ་དྲུག་རང་ཞི་ཞིང་། །མཐར་ཐུག་བདེ་བ་མཆོག་གི་ས། །རང་རྒྱལ་ཡོན་ཏན་བསམ་མི་ཁྱབ། །མཐར་ཐུག་དེ་ལས་མེད་དོ་སྙམ། །སྙིང་པོ་དོན་རྟོགས་ནམ་མཁའ་དབྱིངས། །རྒྱ་ཆད་ཕྱོགས་ལྷུང་མ་མཆིས་ཤིང་། །རང་རྒྱལ་རྫོགས་པ་ཆེན་པོར་རྟོགས། །རང་རྒྱལ་ཐེག་པའི་ཁས་ལེན་མེད། །མེད་བཞིན་རྫོགས་པས་རྫོགས་

(༡༨༩)ཆེན་ཡིན། །ཐེག་ཆེན་བྱང་ཆུབ་སེམས་ཀྱི་ལམ། །ས་བཅུ་ལམ་ལྔ་ཕར་ཕྱིན་བཅུ། །བྱང་ཆུབ་ཕྱོགས་དང་སྟང་ཉིད་སོགས། །སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ། །དོན་དམ་ཀུན་རྫོབ་སྨོན་འཇུག་གཉིས། །བསོད་ནམས་ཚོགས་དང་ཡེ་ཤེས་ཚོགས། །སྦྱོར་དངོས་རྗེས་གསུམ་ཟུང་འཇུག་ཅིང་། །བྱང་ཆུབ་ཐེག་པའི་གྲུབ་མཐའ་རྣམས། །སྙིང་པོ་བྱང་ཆུབ་སེམས་ཉིད་དེ། །previous hit དགོངས next hit་མཐའ་ཡས་དོན་རྟོགས་པས། །སྤངས་ཐོབ་མེད་པར་རང་བཞིན་རྫོགས། །ཡང་དག་མཐའ་དང་དེ་བཞིན་ཉིད། །སྟོན་པ་བསྟན་པ་གདུལ་བྱ་རྣམས། །རྟོགས་པ་ཡེ་ཤེས་ལྷུན་གྲུབ་རྣམས། །བྱང་ཆུབ་སེམས་ཀྱི་མཐར་ཐུག་རྣམས། །ངོ་བོ་ཉིད་ཀྱིས་རང་བཞིན་རྫོགས། །ཐེག་པ་ཆེ་ཆུང་ཐ་སྙད་མེད། །མཐོ་དམན་མེད་པའི་རྫོགས་ཆེན་ལ། །སྔགས་དང་མཚན་ཉིད་ས་མཚམས་མེད། །ཐེག་པ་རིམ་གྱིས་བསྒྲོད་ཚུལ་གྱིས། །ཀྲྀ་ཡ་དག་པའི་རྣལ་འབྱོར་ནི། །ལོངས་སྐུའི་བསྟན་པ་དང་པོ་སྟེ། །རིགས་གསུམ་རྡོ་རྗེ་འཛིན་པར་བཞེད། །ཀྲྀ་ཡ་གཟུངས་སྔགས་མཐར་ཐུག་སྟེ། །འཁོར་འདས་ཐམས་ཅད་རབ་རྫོགས་ཤིང་། །རྟོགས་པ་རྒྱ་མཚོའི་གཏིང་དཔག་དཀའ། །ཀྲྀ་ཡ་རྫོགས་པ་ཆེན་པོར་རྟོགས། །མཐའ་བཞི་དྲི་བྲལ་ཐ་སྙད་མེད། །ཡེ་སངས་རྒྱས་པའི་རྫོགས་ཆེན་ལ། །ཨུ་པ་ཡའི་གྲུབ་མཐའ་རྣམས། །སྤྱོད་རྒྱུད་ཐེག་པ་ཐམས་ཅད་ཀྱང་། །ཨུ་པ་ཡ་ཡི་མཐར་ཐུག་སྟེ། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །སྤྱོད་བྱ་སྤྱོད་བྱེད་ངོ་བོ་གཅིག །ཐམས་ཅད་ཡང་

(༡༩༠)དག་དབྱིངས་སུ་རྟོགས། །རིགས་བཞི་རྣམ་འབྱེད་ཐ་སྙད་མེད། །འཁོར་འདས་ཐམས་ཅད་ཡོངས་རྫོགས་ཤིང་། །གདལ་ཁྱབ་ཆེན་པོའི་དཀྱིལ་འཁོར་དུ། །ཡོ་ག་ལོངས་སྤྱོད་རྫོགས་པ་ཡི། །བསྟན་པ་དག་ནི་ཐ་མ་སྟེ། །མངོན་བྱེད་ལྔ་དང་དག་པ་གསུམ། །སྐྱེད་རྫོགས་དཀྱིལ་འཁོར་བསམ་མི་ཁྱབ། །རིག་སྟོང་དབྱེར་མེད་ལྟ་བ་སོགས། །རང་བཞིན་ལྷུན་གྲུབ་རྫོགས་ཆེན་གྱི། །དོན་རྟོགས་རྣལ་འབྱོར་ཆེན་པོ་ཡིས། །ཡོ་ག་མཁའ་མཉམ་བདེ་བ་ཆེ། །མུ་མཐའ་མེད་པར་རྟོགས་ལགས་པས། །སྟུག་པོ་བཀོད་པའི་ཐ་སྙད་མེད། །ཆོས་སྐུའི་བསྟན་པ་དང་པོ་ནི། །མ་ཧཱ་ཡོ་ག་བླ་མེད་མཆོག །ཐབས་དང་ཤེས་རབ་དབྱེར་མེད་ཅིང་། །ཉོན་མོངས་ལམ་སློང་དངོས་གྲུབ་ཆེ། །མཐར་ཐུག་ཕྱག་རྒྱ་ཆེན་སོགས་འདོད། །གཅིག་རྫོགས་ཀུན་རྫོགས་ཐམས་ཅད་རྫོགས། །རབ་འབྱམ་དོན་རྟོགས་དབྱིངས་ཉིད་དུ། །བླ་མེད་རང་བཞིན་དབྱིངས་སུ་རྫོགས། །མ་ཆགས་པདྨ་ཅན་ལ་སོགས། །སའི་རྣམ་གྲངས་ཐ་སྙད་མེད། །ཆོས་དབྱིངས་རབ་འབྱམ་ཡེ་ཤེས་ཀློང་། །ཀུན་རྫོགས་མཐའ་ཡས་དཀྱིལ་འཁོར་དུ། །ཐེག་བརྒྱད་རྫོགས་པའི་འབྲས་བུ་ནི། །ལུང་ཆེན་ཨ་ནུ་ཡོ་ག་སྟེ། །དབྱིངས་དང་ཡེ་ཤེས་རོ་མཉམ་ཞིང་། །ཀུན་བཟང་ཡབ་ཡུམ་འཁོར་དང་བཅས། །རྒྱ་མཚོར་ཉི་ཟླ་ཤར་བ་བཞིན། །འཆར་བ་ཉིད་ན་ནུབ་པ་མེད། །ལ་སྒྲོལ་ཤན་འབྱེད་ཨ་ནུ་ཡོ་ག་སྟེ། །སྒོ་ཕུགས་གཉིས་ཀྱི་མཉམ་བྱེད་ཙམ། །ཨ་ནུ་ཡོ་གའི་མཐར་ཐུག་སྟེ། །འཁོར་འདས་ཐམས་ཅད་ཡོངས་རྫོགས་ཤིང་། །གནས་ལུགས་རྫོགས་ཆེན་གཞི་ཐོག་འབེབས།

(༡༩༡)previous hit དགོངས next hit་ཡོངས་རྫོགས་དབྱིངས་ཉིད་ལས། །དབྱིངས་དང་ཡེ་ཤེས་ཐ་སྙད་མེད། །ལ་སྒྲོལ་ཤན་འབྱེད་རྫོགས་ཆེན་གྱི། །ཐེག་པའི་བྱེ་བྲག་གྲངས་མང་ཡང་། །ལྷུན་གྲུབ་དག་ནི་རྣམ་པ་བཞི། །བྱེ་བྲག་ལྷུན་གྲུབ་ཁ་འབྱམས་དང་། །ཆོས་ཅན་ཆོས་ཉིད་ལྷུན་གྲུབ་སྟེ། །ལྷུན་གྲུབ་བཞི་ཡི་ཞེ་འདོད་ཡོད། །ལ་ལས་ཀ་དག་དག་ཏུ་བཞེད། །རྫོགས་ཆེན་སྟོན་པའི་བཤེས་གཉེན་རྣམས། །ཞེ་འདོད་གྲུབ་མཐའ་དུ་མར་སྣང་། །ཞེ་འདོད་ཡོད་ཕྱིར་གྲུབ་མཐའ་ཡིན། །ཤིན་ཏུ་རྣལ་འབྱོར་རྡོ་རྗེ་ནི། །རྟེན་མེད་ནམ་མཁའ་མཐའ་ཡས་བཞིན། །རི་རྒྱལ་ལྷུན་པོ་ལ་སོགས་པ། །ས་རྡོ་དང་ནི་རི་བྲག་དང་། །དངོས་པོར་གྱུར་བ་ཐམས་ཅད་ལ། །གང་དང་གང་ལ་རྟེན་མ་བཅས། །འཁོར་འདས་ལམ་གྱིས་བསྡུས་པའི་ཆོས། །ངར་འཛིན་ལྟ་བ་ཉི་ཤུ་གཅིག །ཐམས་ཅད་རང་གི་རྣམ་སྤྲུལ་དུ། །ཀུན་རྫོབ་རྟོགས་པའི་ཡེ་ཤེས་ཅན། །previous hit དགོངས next hit་མཐའ་ཡས་གཅིག་དགོངས་པས། །ཡང་དག་དོན་གྱི་འོག་མིན་དུ། །ཐམས་ཅད་རྫོགས་པའི་ས་གཅིག་ལ། །ཀ་དག་དང་ནི་ལྷུན་གྲུབ་སོགས། །རྫོགས་ཆེན་ཙམ་གྱི་ཐ་སྙད་མེད། །ཐེག་དགུ་ཐེག་གཅིག་དབྱིངས་ལ་གནས། །ཤིན་ཏུ་རྣལ་འབྱོར་རྡོ་རྗེ་ཡིས། །རྫོགས་ཆེན་རྟོགས་པ་མཐའ་ཡས་པས། །གྲུབ་མཐའ་ཁས་ལེན་མ་མཆིས་ཤིང་། །ཕྱི་ནང་གྲུབ་མཐའ་ཐམས་ཅད་དང་། །འཁོར་འདས་ལམ་

(༡༩༢)གྱིས་བསྡུས་པའི་ཆོས། །ཐམས་ཅད་ཡོངས་སུ་རྫོགས་པར་ཞུགས། །རྫོགས་པ་ཆེན་པོའི་ལུང་ལས་ཀྱང་། །ཡོད་ནི་གཅིག་ལས་མེད་པ་སྟེ། །བསྟན་ནི་རྣམ་པ་གཉིས་སུ་བསྟན། །བྱུང་ནི་ཐེག་པ་དགུ་རུ་བྱུང་། །འདུས་ནི་རྫོགས་པ་ཆེན་པོར་འདུས། །ཡིན་ནི་བྱང་ཆུབ་སེམས་ཡིན་ཏེ། །གནས་ནི་ཆོས་ཉིད་དབྱིངས་ལ་གནས། །གསལ་ནི་རིག་པ་མཁའ་ལས་གསལ། །ཁྱབ་ནི་སྣོད་བཅུད་ཀུན་ལ་ཁྱབ། །བྱུང་ནི་སྣང་སྲིད་ཀུན་ཏུ་བྱུང་། །གཏན་ཏུ་མཚན་མའི་དངོས་པོ་མེད། །མཐོང་དུ་དམིགས་པའི་ཡུལ་མེད་ཅིང་། །ཤེས་སུ་ཚིག་ཏུ་བརྗོད་དུ་མེད། །རྒྱུ་ལས་མ་བྱུང་སྙིང་པོ་ནི། །སྒྲོ་སྐུར་གང་ཡང་གདགས་སུ་མེད། །དོན་འདི་ངེས་པར་རྟོགས་འདོད་ན། །དཔེ་ནི་ནམ་མཁའ་ལྟ་བུར་ལྟ། །དོན་ནི་ཆོས་ཉིད་སྐྱེ་བ་མེད། །རྟགས་ནི་སེམས་ཅན་འགག་པ་མེད། །ནམ་མཁའ་ལྟ་བུའི་ཆོས་ཉིད་ལ། །ནམ་མཁའ་ལྟ་བུའི་དཔེ་ཡིས་མཚོན། །དམིགས་སུ་མེད་པའི་ཆོས་ཉིད་ལས། །དམིགས་སུ་མེད་དེ་ཆོས་ཉིད་བརྟན། །ཚིག་ཏུ་བརྗོད་དུ་མེད་པ་ལ། །བརྗོད་དུ་མེད་པའི་ཚིག་བརྗོད་དེ། །རྟོགས་པ་རབ་འབྱམ་དབྱིངས་སུ་རྫོགས། །རྫོགས་ཆེན་རྒྱུད་ལས་གསུངས་པ་ཡང་། །འཁོར་འདས་གདོད་ནས་ངོ་བོ་གཅིག །སངས་རྒྱས་རྣམས་ཀྱིས་ཆོས་གསུངས་པས། །འདས་དང་མ་འདས་གཉིས་སུ་བསྟན། །ཐེག་པ་དགུ་རུ་བསྒྲོད་པས་འཁྲུལ། །ཁ་འབྱམས་

(༢༠༡)

(༢༠༢)

(༢༠༣)

(༢༠༤)

(༢༠༥)

(༢༠༦)

(༢༠༧)མ་དང་། །བྱང་ཆུབ་སེམས་དཔའི་ཐེག་པ་ལས་འཕྲོས་པ་གསལ་བྱེད་སྒྲོལ་མ་རྒྱ་མཚོ་མཐའ་ཡས་དང་། །ཉན་རང་གི་ཐེག་པ་ལས་འཕྲོས་པ་འདུལ་བ་རྒྱ་མཚོ་མཐའ་ཡས་ཏེ། །ཐེག་པ་ཀུན་གྱི་ཞེ་འདོད་སོ་སོར་འབྱེད་པ་ལས། །འདོད་པ་རྒྱ་མཚོ་མཐའ་ཡས་འབྲལ་བ་མེད་ཅིང་འབྲེལ་བ་མེད་པ་ཞུས་ལན་རྒྱ་མཚོ་མཐའ་ཡས་དང་། དེ་རྣམས་ཐམས་ཅད་ཀྱི་བཅུད་བསྡུས་པ་གདམ་ངག་རྒྱ་མཚོ་མཐའ་ཡས་དང་། དེ་ལས་འཕྲོས་པ་ཟབ་ཆོས་རྒྱ་མཚོ་མཐའ་ཡས་དང་། །དེ་རྣམས་ཀྱི་འབྲས་བུ་རྟོགས་པ་རྟོགས་པ་རྒྱ་མཚོ་མཐའ་ཡས་ཀུན་ལ་ཁྱབ་པའོ། །རིག་པ་རྒྱ་མཚོར་ཞོར་ལ་སྟོན། །འདི་རྣམས་གཅིག་རྒྱབ་གཅིག་གིས་སྐྱོར་བ་སྟེ། །འདི་རྣམས་ཐམས་ཅད་ཀྱི་སྒྲ་དོན་ཐམས་ཅད་སོ་སོར་གོ་ཞིང་རྟོགས་པར་བྱ་ཞིང་། །སྒོམ་ཆེན་པའི་ཆོས་ཡིན་པའི་ཕྱིར་ན་སྒྲ་གཙོ་བོར་མི་བྱ་ཞིང་། དོན་གཙོ་བོར་བྱེད་པ་སྟེ། རྟོགས་པ་རྒྱ་མཚོ་རབ་འབྱམ་མཐའ་ཡས་རྟོགས་པར་བྱའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཆོས་དབྱིངས་མཐའ་ཡས་དཀྱིལ་འཁོར་དུ། །བདག་སོགས་འགྲོ་བ་ཐམས་ཅད་ཀྱིས། །དུས་གསུམ་བསགས་དང་རྟོགས་པ་ཡི། །ཆོས་དབྱིངས་བྱང་སེམས་དགེ་བ་འདིས། །སྐུ་ལྔ་ཡོངས་སུ་རྫོགས་པ་ཡི། །ཀུན་བཟང་རྒྱལ་པོ་ཉིད་དུ་ཤོག །བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་སྤྱི་གཞུང་ཆེན་མོ་རྟོགས་པ་རབ་འབྱམ་ཆོས་དབྱིངས་ཡེ་ཤེས་ལྔ་ལྡན་ཞེས་བགྱི་བ་རྣལ་འབྱོར་རང་བྱུང་རྡོ་རྗེས་

(༢༠༨)མཛད་པ་རྫོགས་སོ།། །།

(༢༡""

(༢༢)

(༢༣)

(༢༤)

(༢༥)སྐྱེ་མཆེད་ལ་སོགས་ཏེ། ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པ་ཐམས་ཅད་གདོད་མ་ནས་བདེ་བ་ཆེན་པོའི་དཀྱིལ་འཁོར་ཡིན་པ་ལ་ཡིན་པར་ངོ་ཤེས་པ་ཙམ་གྱིས་སངས་རྒྱས་པར་བཞེད་པ་སྟེ། འཆི་བ་མེད་པ་རྡོ་རྗེའི་ཚེ་ཐོབ་པའི་ཕྱིར་ན། རྡོ་རྗེའི་གནས་ལུགས་རྣམ་པ་བཞིའི་དཀྱིལ་འཁོར་རྫོགས་ཤིང་། དེ་བཞིན་གཤེགས་པ་ལ་མཁའ་འགྲོ་མ་ལྔ་ཡིས་བྱིན་གྱིས་བརླབས་ནས་དགའ་བ་བཞི་དང་བདེ་བ་བརྒྱད་ཀྱིས་བདུད་རྩི་བབ་པའི་ཕྱིར་ན། བདུད་རྩི་བཅུད་འཐུང་བྱ་བའི་དོན་ཡང་དེ་ཡིན། བདེ་མཆོག་གི་ལུང་ལས་ཀྱང་། །ཀྱང་གཞལ་ཡས་ཁང་། སུ་དང་ཕྲད་ཀྱང་ཧེ་རུ་ཀ །ཇི་ལྟར་བྱས་ཀྱང་ཆོས་ཀྱི་སྐུ། །དོན་དུ་མི་འགྱུར་གང་ཡང་མེད། །ཅེས་གསུངས་སྟེ། རྣལ་འབྱོར་བླ་མེད་མཐར་ཐུག་སྟེ། ཨ་ནུ་ཡོ་ག་ཆེན་པོའི་ལམ་སྟེགས་ཙམ། སྒོ་བལྟས་ཕུགས་མཐོང་ཕུགས་བལྟས་སྒོར་ཕྱིན། ཞེས་བྱ་བ་ནི། ཨ་ནུ་ཡོ་ག་དབྱིངས་དང་ཡེ་ཤེས་རོ་མཉམ་ཞིང་། སྣང་བ་སྣ་ཚོགས་པས་རྩལ་རྫོགས་པས། དེ་ཡང་མན་ངག་གཡུ་ཐང་གི་ལུང་ལས་ཀྱང་། སྣང་སྲིད་བཟང་མོའི་མཁའ་ཀློང་ལས། །མ་སྐྱེས་དཀྱིལ་འཁོར་ཀུན་བཟངས་ཤར། །ཤར་བ་ཉིད་དུ་ནུབ་པ་མེད། །ཡབ་ཡུམ་སྲས་བཅས་བདེ་བ་ཆེ། །ལྷུན་རྫོགས་ངང་ལ་སྐད་ཅིག་གིས། །སྙིང་པོ་དྲན་རྫོགས་སྐུར་ཤར་བས། །འདི་ལ་རིམ་འཇུག་རྩོལ་བ་མེད། །རྒྱ་མཚོར་ཉི་ཟླ་ཤར་བ་འདྲ། །དེ་ལྟར་དབྱིངས་དང་ཡེ་ཤེས་ནི། །དབྱེར་མེད་ཕྱོགས་མེད་རྟོགས་ལགས་ཀྱང་། །རྒྱུ་འབྲས་དབང་གི་ཕྱི་ནང་གི། སྒོ་ཕུགས་གཉིས་སུ་

(༢༦)ལྟ་བ་ཡིན། །ཨ་ནུ་ཡོ་གའི་མཐའ་ཕུགས་ཏེ། །ཨ་ཏི་ཡོ་གའི་ལམ་སྟེགས་ཙམ། །མེད་པ་གཅིག་པུ་ཕྱལ་པ་སྟེ། །རྫོགས་ཤེས་བྱ་བའི་རང་བཞིན་ཤིན་ཏུ་རྣལ་འབྱོར་ལས་འཁོར་བ་དང་མྱ་ངན་འདས་པའི་ཆོས་ཐམས་ཅད་ངར་འཛིན་པའི་ལྟ་བ་ཉི་ཤུ་རྩ་གཅིག་ཡེ་ནས་རྫོགས་པའི་ཕྱིར་ན། གཞུང་མེད་པ་གཅིག་པུ་བྱ་བ་ནི། མུ་སྟེགས་ཀྱི་ལྟ་ལོག་སུམ་བརྒྱ་དྲུག་བཅུ། རྟག་ཆད་གཉིས་སུ་འདུས། དེ་ཡང་ཡེ་ནས་རྫོགས་པར་རྟོགས། །གཞུང་ཕྱལ་པ་བྱ་བ་རིགས་དྲུག་སྟེ། །དེ་ཡང་དེ་ནས་རྫོགས་པར་རྟོགས། །རྟོགས་ཏེ་ཞེས་བྱ་བ་ནི། ལྷག་མ་དང་བཅས་པའི་ཚིག་གམ་མང་པོའི་ཚིག་ཡིན་པའི་ཕྱིར་ན། ཐེག་པ་རིམ་པ་ཕྱེད་དགུ། རང་བཞིན་གྱིས་རྫོགས་པས་ན་རྫོགས་ཤེས་བྱ། །དེའི་ཕྱིར་ན་རྒྱ་མཚོ་ཀློང་གི་རྒྱུད་ལས། །རྒྱུ་རྫོགས་ལམ་རྫོགས་འབྲས་བུ་རྫོགས། །གྲུབ་མཐའ་སྣ་ཚོགས་ཡེ་ནས་རྫོགས། །གསུངས་པའི་ཕྱིར་རོ། །ཐེ་ཚོམ་སེལ་མཛད་བྱ་བའི་དོན་ནི། ཐེག་པ་སྤྱི་དང་དགུ་མན་ཆོད་ཐེ་ཙོམ་གྱི་ཡུལ་ཡིན་པའི་ཕྱིར་ན། གསང་སྙིང་གི་ལུང་ལས་ཀྱང་། previous hit དགོངས next hit་འདུལ་བ་གསང་བ་དང་། །མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །དོན་དམ་འདི་ལ་ཐེ་ཚོམ་ཟ། །ཞེས་གསུང་པའི་ཕྱིར་ན། ཡེ་སངས་རྒྱས་པའི་གནས་ལུགས་རྟོགས་པ་རབ་མཐའ་ཡས་པར་རྫོགས་པའི་དུས་སུ། ཐེ་ཚོམ་ཞེས་བྱ་བ་ནི་གདོད་མ་ནས་གྲུབ་པའི་ཕྱིར་ན། དཔེར་ན་ཉི་མའི་འོད་ཟེར་མདངས་དང་ལྡན་པ་ལ་མུན་པའི་གནས་མེད་པ་ལྟ་བུའམ། །གསང་བ་ཡེ་ཤེས་བདག་རྟག་ཅེས་

(༢༧)བྱ་བ་ནི། ཀློང་ཆེན་རབ་འབྱམས་གྱི་རྒྱུད་ལུང་སྟེ། དངོས་པོ་གཤིས་ཀྱི་གནས་ལུགས་འདི་དང་དུས་གསུམ་དུས་མེད་ཐམས་ཅད་དུ་འཕོ་བ་མེད་ཅིང་འགྱུར་བ་མེད། །རྟག་ཅིང་བརྟན་ལ་འགྱུར་བ་མེད། །འཁོར་འདས་ཡོངས་ཀྱི་བདག་ཉིད་གཙོ། །ཡེ་སངས་རྒྱས་པའི་གནས་ལུགས་ལ། །རྟོགས་པ་རབ་འབྱམས་ལྷུན་རྫོགས་ནས། །སྐུ་ལྔ་ཡོངས་རྫོགས་སངས་རྒྱས་ཏེ། །གསང་དང་ཡེ་ཤེས་བྱ་བ་ནི། །ཀུན་བཟང་རྒྱལ་པོའི་སྐུ་གསུང་ཐུགས། །གསང་བ་གསུམ་གྱི་མཛོད་རྣམས་ནི། །སྐལ་མེད་རྣམས་ཀྱིས་རྟོགས་པར་དཀའ། །དེ་ཕྱིར་གསང་བ་བསྟན་ཞེས་བྱ། །སྐལ་ལྡན་གཅིག་ཅར་ཡང་རབ་ཀྱིས། །སྐད་ཅིག་ལག་པ་བརྐྱང་བསྐུམ་ལ། །རང་གི་ལུས་ངག་ཡིད་གསུམ་ལ། །ཀུན་བཟངས་རྒྱལ་པོ་ཉིད་དུ་ཤར། །སྐུ་ལྔ་ཡོངས་རྫོགས་སངས་རྒྱས་ཏེ། གཞན་ནས་ཐོབ་དུ་མི་རེ་ཞིང་། །ཡེ་ཤེས་ལྔ་ལྡན་རང་ལ་རྫོགས། །གསང་བ་ཡེ་ཤེས་བདག་རྟག་གོ། ལ་ཕྱག་བྱ་བ་ནི། ལྷན་སྐྱེས་བདེ་བ་ཆེན་པོའི་ཕྱག །ཡེ་ཤེས་འདུ་འབྲལ་མེད་པའི་ཕྱག །རབ་འབྱམ་རྟོགས་པའི་ཡེ་ཤེས་ཕྱག་བྱ་བའི་ཕྱིར་ན། ལ་ཕྱག་གོ། །གུས་འདུད། བྱ་བའི་རང་བཞིན་ནི། །ཏཻ་ལོ་སངས་རྒྱས་རང་བྱུང་སྟེ། །ནཱ་རོ་བརྒྱུད་པའི་བྱིན་རླབས་ཀྱིས། །རྣལ་འབྱོར་རང་བྱུང་རྡོ་རྗེ་ཡིས། །ངར་འཛིན་ཉི་ཤུ་རྩ་གཅིག་ལ། །སྒྲ་དོན་ཅུང་ཟད་གོ་ཞིང་རྟོགས། །རྟོགས་པ་རབ་འབྱམ་རྟོགས་པའི་གཞལ་ཡས་སུ། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །བསྟན་པ་རྒྱ་མཚོ་མཐའ་ཡས་བྲིས། །བཀའ་རྒྱུད་འཛིན་པའི་སྒོམ་ཆེན་རྣམས། །དེ་དང་དེ་དོན་རྟོགས་པར་མཛོད། །བསྟན་པ་རྒྱ་

(༢༨)མཚོ་མཐའ་ཡས་ཀྱི་རྩ་བ་ཤད་བར་གཅིག་པ་མ་བུ་གཉིས་ལས་འཕྲོས་པ། བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་གཞུང་ཆེན་མོ་དང་། དེ་ལས་འཕྲོས་པ་ཕུན་སུམ་ཚོགས་པའི་འཕྲོ་འགྲེལ་པ་ལྟ་བུ་ཡིན། མཐའ་ཡས་པར་ནི་གསལ་བར་བྱེད་པའི་སྒྲོན་མེ་དང་། མ་ཧཱ་ཡོ་ག་མན་ཆོད་ཀྱི་ཆིངས་ལ། །མ་རིག་མུན་སེལ་རྒྱ་མཚོ་མཐའ་ཡས་དང་། ཉན་རང་གི་ཐེག་པ་ལས་འཕྲོས་པ་འདུལ་བ་རྒྱ་མཚོ་མཐའ་ཡས་ཏེ། ཐེག་པ་ཀུན་གྱི་ཞེ་འདོད་སོ་སོར་འབྱེད་པ་ལས། འདོད་པ་རྒྱ་མཚོ་མཐའ་ཡས་འབྲལ་བ་མེད་ཅིང་འབྲེལ་བ་མེད་པ་དང་། དེ་རྣམས་ཐམས་ཅད་ཀྱི་བཅུད་བསྡུས་པ་གདམ་ངག་རྒྱ་མཚོ་མཐའ་ཡས་ཏེ། དེ་རྣམས་ཀུན་གྱི་འབྲས་བུ་རྟོགས་པ་རྒྱ་མཚོ་མཐའ་ཡས་ཀུན་ལས་ཁྱབ་པའོ། །རིག་པ་རྒྱ་མཚོ་མཐའ་ཡས་ཞོར་ལ་སྟོན། །འདི་རྣམས་ཐམས་ཅད་གཅིག་རྒྱབ་གཅིག་གིས་སྐྱོང་། །འདི་རྣམས་ཀྱི་སྒྲ་དོན་ཐམས་ཅད་སོ་སོར་གོ་ཞིང་རྟོགས་པར་བྱ་ཞིང་། སྒོམ་ཆེན་པའི་ཆོས་ཡིན་པའི་ཕྱིར་ན། སྒྲ་གཙོ་བོར་མི་བྱ་ཞིང་། དོན་གཙོ་བོར་བྱེད་པའི་ཕྱིར་ན། རྟོགས་པ་རྒྱ་མཚོ་རབ་འབྱམ་མཐའ་ཡས་རྟོགས་པར་བྱའོ། །འདི་རྣམས་གང་གིས་འཛིན་པ་དང་། །འཆང་བ་དང་། བཤད་པ་དང་། འདིའི་དོན་རྣམས་བསྒོམ་ཞིང་རྟོགས་པ་རྣམས་ཀྱང་། ཐེག་པ་རིམ་པ་དགུའི་ཆོས་སྐྱོང་རྣམས་ཀྱིས་སྟོངས་གྲོགས་དམ་པ་གྱིས་ཤིག །བར་ཆད་ཐམས་ཅད་སེལ་ཞིང་དངོས་གྲུབ་ཐམས་ཅད་བསྩོལ་ཅིག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་བསགས་དང་རྟོགས་པ་ཡི། །བསོད་

(༢༩)ནམས་རྒྱ་ཆ་མཐའ་ཡས་དེས། །འགྲོ་དྲུག་སེམས་ཅན་མ་ལུས་པ། །སངས་རྒྱས་རང་ལས་མྱུར་རྟོགས་ཤོག །བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་སྤྱི་གཞུང་རྣལ་འབྱོར་རང་བྱུང་རྡོ་རྗེས་མཛད་པ་རྫོགས་སོ།། ༈ །།སྐུ་ལྔ་ཡོངས་རྫོགས་སངས་རྒྱས་དང་། །མཁས་ལ་གྲུབ་པ་ཐོབ་པ་ཡི། །བླ་མ་བརྒྱུད་པར་བཅས་པ་ལ། །སྒོ་གསུམ་དང་བས་ཕྱག་འཚལ་ལོ། །བསྟན་པ་རྒྱ་མཚོ་མཐའ་ཡས་ལ། །ཤན་འབྱེད་མཁའ་ལ་ཉི་མ་ཤར། །ཐེག་དགུ་འཕྲང་ལས་བསྒྲོལ་བ་ཡི། །གནས་ལུགས་རྫོགས་པའི་མན་ངག་ནི། །ངར་འཛིན་ཉི་ཤུ་རྩ་གཅིག་ཀྱང་། །སོ་སོར་དབྱེ་ཞིང་གཅིག་ཏུ་རྟོགས། །བཀའ་དང་བསྟན་བཅོས་མཚམས་རྣམས། །ལུང་དང་རྟོགས་པར་འཆད་པ་ཡང་། །གཉིས་མེད་དུ་ནི་བསྟན་པར་བྱ། །ལྷུན་གྲུབ་ཡོངས་རྫོགས་ངོ་བོ་གཅིག །ཆོས་སྐུ་རང་གི་ངོ་བོ་བསྟན། །ལོངས་སྤྱོད་རྫོགས་པ་བརྡ་ཡིས་མཚོན། །སྤྲུལ་སྐུ་ཚིག་གིས་མཚོན་ནས་སུ། །དོན་རྣམས་ཐམས་ཅད་གོ་བར་སྟོན། །སྒྲོན་མེས་ནོར་བུ་འཚོལ་བ་བཞིན། །སྒྲ་དོན་འདིར་ནི་བྲི་བར་བྱ། །ཆོས་དབྱིངས་རབ་འབྱམ་བསམ་མི་ཁྱབ། །རྟོགས་དང་མ་རྟོགས་བྱེ་བྲག་གིས། །སྟོན་པ་ལྔ་དང་བསྟན་པ་ལྔ། །གདུལ་བྱ་དང་ནི་འདུལ་བྱེད་ཀྱི། །སྣང་ཚུལ་བྱེ་བྲག་བསམ་མི་ཁྱབ། །ངར་འཛིན་ཉི་ཤུ་རྩ་གཅིག་སོགས། །ལྟ་དང་གྲུབ་མཐའ་བསམ་མི་ཁྱབ། བཞེད་

(༣༠)ལུགས་གནམ་གྱི་སྐར་མ་འདྲ། །ཆོས་ཀྱི་ཕུང་པོ་གྲངས་མང་ཡང་། །སྐུ་ལྔ་ཡོངས་རྫོགས་སངས་རྒྱས་དང་། །ཐམས་ཅད་ངོ་བོ་གཅིག་པར་བཞུགས། །སྟོན་པ་བསྟན་པ་གདུལ་བྱ་གསུམ། །གནས་ལུགས་རྟགས་པ་མཐར་ཕྱིན་ལ། །གང་ཡང་འདུ་འབྲལ་མེད་པ་སྟེ། །དབང་པོའི་བྱེ་བྲག་སྣ་ཚོགས་ལས། །previous hit དགོངས next hit་འདུས་པ་གསང་བ་དང་། །མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །དོན་དམ་འདི་ལ་ཐེ་ཙོམ་ཟ། །ངོ་བོ་གཅིག་ལ་སྣ་ཚོགས་འབྱུང་། །རྒྱ་མཚོ་ནམ་མཁའ་རིན་ཆེན་དཔེ། །གདུལ་བྱའི་རྣམ་རྟོག་མ་ཟད་ཚེ། །སྟོན་པ་བསྟན་པ་བསམ་མི་ཁྱབ། །ཐམས་ཅད་རང་རང་རྣམ་འཕྲུལ་ཡིན། །རྟོགས་ཏེ་སངས་རྒྱས་མ་བྱུང་ཞིང་། །མ་རྟོགས་སེམས་ཅན་མིང་མི་འདོགས། །བདེ་གཤེགས་སྐུ་དང་ཡེ་ཤེས་སུ། །སྟོན་པ་བསྟན་པའི་ས་མཚམས་མེད། །དུས་གསུམ་དུས་མེད་ཐམས་ཅད་དུ། །འགྱུར་བ་མེད་ཅིང་ལྷུན་གྱིས་གྲུབ། །ཆོས་ཀྱི་དབྱིངས་ལ་མཐའ་དབུས་མེད། །དངོས་པོ་གཤིས་ཀྱི་གནས་ལུགས་ལ། །འཁོར་དང་མྱ་ངན་འདས་པ་ཡི། །ཆོས་ཀྱི་ཕུང་པོ་སྣ་ཚོགས་སུ། །ཐ་སྙད་སྒྲོ་སྐུར་གདབ་དུ་མེད། །ཡེ་སངས་རྒྱས་པའི་གནས་ལུགས་ལ། །གཞི་རྟེན་ལམ་དང་འབྲས་བུ་རྣམས། །ངོ་བོ་ཉིད་ཀྱི་རང་བཞིན་གནས། །སངས་རྒྱས་སྒམ་པོས་གསུང་དུ་མེད། །སེམས་ཅན་སྒྲིན་པོས་བཅོས་མེད་ཅིང་། །ཐོག་མཐའ་མེད་པའི་གནས་ལུགས་ལ། །མིང་མེད་མིང་གིས་མཚོན་པ་ནི། །ཀུན་གཞི་ཀུན་གྱི་གཞི་ཡིན་པས། །མྱ་ངན་འདས་པའི་གཞི་མ་ཡིན། །དགེ་དང་མི་དགེའི་ས་མཚམས་མེད། །རྒྱ་མཚོ་འབྲུ་ཡི་ཕུང་

(༣༡)པོ་དང་། བྲེ་ཁ་མཉམ་དང་རྒྱ་ཞོའི་དཔེ། །མཚོན་མེད་དཔེ་མེད་དཔེ་ཡིས་མཚོན། །མང་པོ་བརྗོད་པ་སྒྲོ་སྐུར་ཡིན། །གནས་ལུགས་རྡོ་རྗེའི་འབྲུ་འཇོམས་དཀའ། །དེ་ལྟ་བུ་ཡི་གནས་ལུགས་ལ། །ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་། །ཚིག་ལ་ཐ་དད་ཡོད་ན་ཡང་། །དོན་ལ་ངོ་བོ་གཅིག་པའི་ཕྱིར། །དགེ་བ་སྤུ་ཙམ་མ་བྱས་པར། །རང་ངོ་ཤེས་ཤིང་རང་ས་ཟིན། །ཀུན་བཟངས་ཡངས་པ་ཆོས་ཀྱི་དབྱིངས། །སྐུ་ལྔ་ཡོངས་རྫོགས་ཀུན་ཏུ་བཟང་། །ངོ་བོ་ཉིད་ཀྱིས་སངས་རྒྱས་པའི། །རྒྱས་ལུགས་དང་པོ་བསྟན་པ་ནི། །སྟོན་པ་བསྟན་པ་གང་ཡང་མེད། །ཐམས་ཅད་ཐམས་ཅད་ཀུན་ཏུ་བཟང་། །གནས་ལུགས་ཀུན་ཁྱབ་འགྱུར་མེད་ལ། །བདེ་གཤེགས་རིགས་ལྔ་ཡབ་ཡུམ་བཅུ། །དབང་དང་བསྐྱེད་རྫོགས་གདམ་ངག་སོགས། །སྐད་ཅིག་ཙམ་ཡང་མ་སྒོམས་པར། །ཡུལ་དང་ཡུལ་ཅན་མ་ལུས་པར། །ལྷན་སྐྱེས་བདེ་ཆེན་ལོངས་སྤྱོད་རྫོགས། །སྐུ་ལྔ་གསུང་ལྔ་ཐུགས་ལྔ་དང་། །དེ་བཞིན་ཡོན་ཏན་ཕྲིན་ལས་ལྔ། །ཡུམ་ལྔ་རྒྱན་ལྔ་ཁ་དོག་ལྔ། །ཕྱག་རྒྱ་ཕྱག་མཚན་གདན་ལྔ་དང་། །དབུ་རྒྱན་ལྔ་དང་སྤྱན་ལྔ་དང་། །ཡེ་ཤེས་ལྔ་ལ་སོགས་པ་ཡི། །ལྔ་ལྔ་པོ་ནི་ཉི་ཤུ་ལྔ། །འདོད་ཡོན་ལྔ་ཡིས་ཁྱབ་ཚད་ནི། །ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་དུ། །མ་བཙལ་ལྷུན་གྱིས་གྲུབ་པ་རྒྱུ། །སངས་རྒྱས་པ་ཡི་རྒྱས་ལུགས་བསྟན། །ངོ་བོ་ཉིད་སྐུ་རང་བཞིན་སྐུ། །ཀུན་ཁྱབ་བདེ་ཆེན་ལོངས་སྤྱོད་རྫོགས། །ངོ་བོ་ཉིད་སྐུའི་རང་བཞིན་ནི། །མཐའ་ཡས་སྤྲིན་མེད་ནམ་མཁའི་དཔེ། །མི་འགྱུར་བདེ་ཆེན་ལོངས་སྤྱོད་རྫོགས། །སྒྲིབ་མེད་ཁྲི་གདུགས་མཁའ་ལ་ཤར། །འོད་ཟེར་ཐོགས་མེད་སྤྲུལ་པའི་སྐུ། །ཚོགས་བསགས་སྒྲིབ་སྦྱངས་

(༣༢)ས་ལམ་བསྒྲོད། །ཅུང་ཟད་ཙམ་ཡང་མ་བགྱིས་ཀྱང་། །གྲངས་ཅན་བྱེ་བ་ཕྲག་བརྒྱ་དང་། །གྲངས་མེད་ཚད་ལས་འདས་པ་ཡང་། །དུས་གསུམ་གཤེགས་དང་བྱོན་པ་ཡི། །ཐུབ་པ་དྲུག་ལ་སོགས་པ་རྣམས། །རྡུལ་གཅིག་སྟེང་ན་རྡུལ་རྙེད་རྣམས། །སྤྲུལ་སྐུ་གདུལ་བྱའི་གྲངས་དང་མཉམ། །སངས་རྒྱས་མྱ་ངན་ཡོངས་མི་འདའ། །དམ་པའི་ཆོས་ཀྱང་ནུབ་མི་འགྱུར། །གཟུགས་སྐུའི་ཕྲིན་ལས་རྒྱུན་མི་འཆད། །ཆུ་ཟླ་མེ་ལོང་དཔེ་བཞིན་དུ། །ཇི་ལྟར་གདུལ་བྱ་ཡོད་ཀྱི་བར། །གཟུགས་སྐུ་སྣ་ཚོགས་བསམ་མི་ཁྱབ། །གཟུགས་སྐུ་གདུལ་བྱའི་སྣང་བ་ཡིན། །གལ་ཏེ་འཁོར་བ་སྟོངས་གྱུར་ན། །ཡུལ་དང་ཡུལ་ཅན་གཉིས་མེད་དེ། །གཟུགས་སྐུའི་ངོ་བོ་རང་བཞིན་རྫོགས། །ཀུན་བཟང་གནས་ལུགས་རྒྱུད་ལས་ནི། །ཀུན་ཏུ་བཟང་གི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྫོགས་པ་ལས། །སྐུ་ལྔ་ཡོངས་སུ་རྫོགས་པ་རྒྱུ། །ཐ་སྙད་ཙམ་དུ་འདོགས་པ་ལས། །སྐུ་གསུམ་ལྷུན་གྱིས་གྲུབ་པ་དང་། །སྐུ་བཞི་འདུ་འབྲལ་མེད་པ་དང་། །སྐུ་ལྔ་ཡོངས་སུ་རྫོགས་པ་སྟེ། །དངོས་པོ་གཤིས་ཀྱི་གནས་ལུགས་ལ། །གཤིས་ཉིད་འགྱུར་བ་མེད་པ་དང་། །ངོ་བོ་སྟོང་དང་རང་བཞིན་གསལ། །དངོས་པོ་ཀུན་ལ་ཁྱབ་པ་དང་། །མཚན་ཉིད་ཐོགས་པ་མེད་པ་ལྔ། །ཀུན་བཟངས་རོལ་པའི་དཀྱིལ་འཁོར་དུ། །གནས་ལུགས་ཡོངས་རྫོགས་ཀུན་བཟང་ལ། །སྤྲུལ་སྐུ་ཀུན་བཟང་རྣམ་འཕྲུལ་ཏེ། །སྤྲུལ་སྐུ་རང་བྱུང་ཐོགས་པ་མེད། །གདུལ་བྱ་འདུལ་བྱེད་ངོ་བོ་གཅིག། སྤྲུལ་སྐུ་ཕྱོགས་མེད་སངས་རྒྱས་པ། །ཐོགས་མེད་སྤྲུལ་སྐུའི་རྒྱས་ལུགས་བསྟན། །རྒྱ་མཚོ་ཀློང་གི་རྒྱུད་ནས་ཀྱང་། །ཐམས་ཅད་རྩ་ལོག་གཅིག་

(༣༣)པའི་ཕྱིར། །གཟུགས་སྐུ་གདུལ་བྱའི་འཁྲུལ་སྣང་ཡིན། །རང་བཞིན་དབྱིངས་ཀྱི་ཀློང་དཀྱིལ་ནས། །སྐུ་དང་ཡེ་ཤེས་ཐ་དད་མེད། །སྣང་སྲིད་འཁོར་འདས་རྒྱན་དུ་རྫོགས། །གཟུགས་སྐུ་སྣ་ཚོགས་འགག་མེད་ཤར། །ཐམས་ཅད་ཀུན་བཟང་རྣམ་འཕྲུལ་ཏེ། །རྒྱུ་ལས་མ་བྱུང་རྐྱེན་མ་སྐྱེད། །སྐུ་ལྔ་ཡོངས་རྫོགས་འབྲེལ་ཚུལ་བསྟན། །དངོས་པོ་གཤིས་ཀྱི་གནས་ལུགས་ལ། །རྟོགས་པ་རབ་འབྱམ་ལྷུན་གྲུབ་པ། །འཁོར་འདས་ཡོངས་རྫོགས་ངོ་བོ་ཉིད། །སྔར་སངས་རྒྱས་པའི་རྡོ་རྗེ་འཆང་། །སྟོན་པ་བསྟན་པ་གདུལ་བྱ་གསུམ། ཐ་སྙད་གང་དུའང་མི་འདོགས་པར། །ཀུན་བཟང་རང་བཞིན་ངོ་བོ་གཅིག །ཨ་ཏི་ཡོ་གའི་ཏན་ཏྲ་ལས། །ཆོས་དབྱིངས་རབ་འབྱམ་མཐའ་ཡས་ཀུན། །ཀུན་བཟང་རྒྱལ་པོའི་སྐུ་གསུང་ཐུགས། །མ་ཁྱབ་པ་ནི་རྡུལ་ཙམ་མེད། །རྒྱ་མཚོ་ཆེ་ལས་ཕྱོགས་བཅུར་ཡང་། །རྩོལ་བ་མེད་པར་ཆུ་རྒྱུན་འབབ། །དེ་བཞིན་ངོ་བོ་ཉིད་སྐུ་ལས། །འཁོར་འདས་རང་བཞིན་དཀྱིལ་འཁོར་རྫོགས། །རྡོ་རྗེའི་ཚིག་ཏུ་གསུངས་པ་ཡང་། །ཀུན་རིག་རང་རིག་ཀུན་ཏུ་བཟང་། །སངས་རྒྱས་ཀུན་གྱི་མེས་པོ་དང་། །སེམས་ཅན་ཀུན་གྱི་ཕྱི་མོ་དང་། །རྡོ་རྗེ་འཆང་ཆེན་ཀུན་ཁྱབ་སྐུ། །སངས་རྒྱས་པ་ཡི་རྒྱས་ལུགས་བསྟན། །ཀུན་གྱིས་དམ་ཆོས་བྱས་ལགས་ན། །སངས་རྒྱས་ཐོབ་པར་བཞེད་པ་ཡིན། །སྐུ་ལྔ་ཡོངས་རྫོགས་སྟོན་པ་ཡིས། །རང་རིག་རྒྱལ་པོར་སངས་རྒྱས་བཞེད། །འགྲོ་བ་དྲུག་གི་སེམས་ཅན་རྣམས། །སྡིག་པ་སྤུ་ཙམ་མ་བྱས་ཀྱང་། །ཁམས་གསུམ་དུ་ནི་འཁྱམས་པ་ཡི། །ལུགས་རྣམས་དེ་ནི་བསྟན་པར་བྱ། །ཡོངས་སུ་

(༣༤)རྣལ་འབྱོར་ལུང་ལས་ཀྱང་། །རྣམ་ཤེས་གསུམ་འདས་རྡོ་རྗེའི་ཡིད། །དབྱིངས་སུ་རྣམ་དག་འདུས་མ་བྱས། །དགྱེས་པ་རྡོ་རྗེའི་རྒྱུད་ལས་ཀྱང་། །སེམས་ཅན་མ་འཁྲུལ་སངས་རྒྱས་འཁྲུལ། །སངས་རྒྱས་ལས་འཁྲུལ་སེམས་ཅན་འདི། །རས་འདྲ་ཤེལ་འདྲའི་རང་རིག་ལས། །ལོག་རྟོག་ཅི་སོགས་དེ་བཞིན་ནོ། །བླ་མེད་རྡོ་རྗེ་ཐེག་པ་ལས། །སེམས་ཅན་གདོད་ནས་སངས་རྒྱས་ཏེ། །འོན་ཀྱང་གློ་བུར་དྲི་མས་སྒྲིབས། །མ་རིག་རྟོགས་ན་མངོན་སངས་རྒྱས། །ཤེས་རབ་རང་བཞིན་མ་རྒྱུད་ལས། །བདེ་གཤེགས་སྙིང་པོས་ཡོངས་ལ་ཁྱབ། །གཤང་གཅི་སྲིན་བུ་ལ་སོགས་པ། །ངོ་བོ་ཉིད་ཀྱིས་རྟག་བདེ་ཅན། །རྡོ་རྗེ་ཐེག་པར་གསུངས་པ་ཡང་། །གནས་ལུགས་དོན་ལ་previous hit དགོངས next hit་ཡིན། །དངོས་པོ་གཤིས་ཀྱི་གནས་ལུགས་ནི། །ཐམས་ཅད་ཀུན་ལ་ཁྱབ་པའི་ཕྱིར། །རྒྱ་ཆད་ཕྱོགས་ལྷུང་མ་མཆིས་ཤིང་། །གནས་ལུགས་དག་ལ་ཀུན་ཚང་བ། །གདོད་ནས་དྲི་མེད་ལྷུན་གྲུབ་ཀྱང་། །ལྷན་ཅིག་སྐྱེས་པའི་མ་རིག་པས། །བསྒྲིབས་ཤིང་མཉམ་བྱེད་ཅུང་ཟད་ཙམ། །ངོ་བོ་སྟེང་དང་རང་བཞིན་གསལ། །ཀུན་རྫོབ་མཚན་ཉིད་གཤིས་མི་འགྱུར། །གཤིས་ལ་གནས་པའི་རང་བཞིན་གྱིས། །རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། །འཁྲུལ་དང་འཁྲུལ་གཞི་ལ་སོགས་པ། །ཡོད་ལས་འཁྲུལ་དང་གཞི་ཉིད་མེད། །ཐེག་པའི་བྱེ་བྲག་སྣ་ཚོགས་སུ། །བཞེད་ལུགས་གྲངས་མང་གསུངས་པ་ཡང་། །གནས་ལུགས་རང་བཞིན་ཀུན་ཁྱབ་ལ། །ཡོད་མེད་ཐ་སྙད་གང་དུ་ཡང་། །ཅུང་ཟད་ཙམ་དུ་མིང་འདོགས་ཤིང་། །རྟོགས་དང་མ་རྟོགས་གཉིས་ལས་ནི། །ས་མཚམས་དེ་ལས་མ་མཆིས་སོ། །མ་རྟོགས་འཁྲུལ་པའི་འབྱུང་བཞི་ནི། །

(༣༥)གཤིས་ལ་གནས་པའི་རང་འོད་ཀྱིས། །ཁ་དོག་ལྔ་ཡི་སྙམ་ཆ་ཙམ། །བན་བུན་སྣང་བྱེད་སྨིག་སྒྱུ་འདྲ། །བདག་གཞན་གཉིས་དང་ཐ་སྙད་ཀྱི། །སྙམ་ཆ་ཕྲའུ་དང་པོ་སྟེ། །གཤིས་ལ་རང་གནས་རང་མ་རིག །དུག་ལྔ་རང་བྱུང་རང་ཆས་སུ། །འདོད་སྲེད་གཉིས་ཀྱི་ཞེན་པ་བྱུང་། །སྲེད་ལེན་གཉིས་ཀྱི་རྟེན་འབྲེལ་གྱིས། །ཕུང་པོ་ལྔ་དང་འབྱུང་བ་ལྔ། །རྣམ་པར་ཤེས་དང་ཚོགས་བརྒྱད་ཀྱིས། །འདོད་ཡོན་ལྔ་ཡི་གདུངས་པ་ལ། །ནད་ལྔ་འདྲེ་ལྔ་གདོན་ལྔ་དང་། །ཕྱོགས་ལྔ་དང་ནི་བདུད་ལྔ་དང་། །སྐྱེ་འཆི་རྣ་རྒས་རྒུད་པ་ལྔ། །རྟེན་འབྲེལ་དག་ནི་བཅུ་གཉིས་སུ། །རྒྱས་པར་གསུངས་པ་གདའ་ན་ཡང་། །བསྡུས་ན་རྣམ་པ་ལྔ་རུ་འདུས། །དབྱེ་ན་སྐྱེས་བུ་བཅུ་གཉིས་ཏེ། །རྣམ་པ་ལྔ་རུ་འདུས་པ་ཡིན། །མ་རིག་འཁྲུལ་པའི་སེམས་ཅན་རྣམས། །ལུས་ཅན་གྲངས་མེད་གསུངས་ན་ཡང་། །རིགས་ནི་རྣམ་པ་ལྔ་རུ་བཞེད། །རིགས་ལྔ་རིགས་དྲུག་བྱེ་བྲག་རྩོད། །འགྲོ་བ་སྤྱི་དང་གཅིག་རྒྱུད་ལས། །རྣམ་རྟོག་བརྒྱད་ཁྲི་བཞི་སྟོང་གནས། །རྣམ་རྟོག་ལྔ་རུ་འདུས་པ་ཡིན། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི། །སེམས་ཅན་ཐམས་ཅད་གསོ་ཞིང་བསྐྱེད། །ཉོན་མོངས་ལྔ་རུ་འདུས་པ་ཡིན། །བདག་ལྔ་གཞན་ལྔ་འཛིན་ལྔ་དང་། །དེ་སོགས་ཉི་ཤུ་རྩ་ལྔ་ཡིས། །ཁམས་གསུམ་པ་ཡི་སེམས་ཅན་རྣམས། །སྡིག་པ་སྤུ་ཙམ་མ་བྱས་ཀྱང་། །རྒྱུ་རྐྱེན་མེད་ལས་རྒྱུ་རྐྱེན་བྱུང་། །རྒྱུ་སྐྱེན་ཡོད་པར་ཁས་མི་ལེན། །དམ་ཆོས་མངོན་པའི་ལུང་ལས་ཀྱང་། །རྒྱུ་མེད་རྐྱེན་གྱིས་མ་སྤྱད་ན། །འགྲོ་བ་སེམས་ཅན་གང་ནས་བྱུང་། །ཕ་རོལ་ཕྱིན་པ་ཉིད་ལས་ཀྱང་། །མ་རིག་འཁྲུལ་འཁོར་འདི་ལ་ནི། །ཟད་པ་མེད་ཅི་

(༣༦)འཕེལ་བ་མེད། །བདེ་གཤེགས་བཀའ་ཡིས་གསུངས་པ་ཡང་། །མ་རིག་པ་ཡིས་རྒྱུ་བྱས་ནས། །འཁྲུལ་རྟོག་ཚོགས་ཀྱི་རྐྱེན་དབང་གིས། །རྒྱུ་རྐྱེན་འཛོམ་ན་འཁྲུལ་རྟོག་རྒྱས། །དམྱལ་སོགས་སྡུག་བསྔལ་གཞན་ན་མེད། །དམྱལ་ཁམས་བཅོ་བརྒྱད་སྡུག་བསྔལ་སོགས། །ལྕགས་བསྲེགས་ས་གཞི་རང་གི་སེམས། །ཡི་དགས་སྡུག་བསྔལ་ལོགས་ན་མེད། །རིགས་བཞི་ཡི་དགས་མཁའ་རྒྱུ་སོགས། །འཇུར་བགེར་བཀྲེས་སྐོམ་རང་གི་སེམས། །གཏི་མུག་བྱོལ་སོང་གཞན་ན་མེད། །འབུམ་ཕྲག་བྱེ་བ་དྲུག་བཅུ་དང་། །རིགས་མི་གཅིག་པ་སོ་བདུན་གྱི། །བསད་བཅད་བཀོལ་སྤྱད་རང་གི་སེམས། །སྟོང་གསུམ་འཇིག་རྟེན་ཁམས་རྣམས་ན། །མིའུ་རིགས་ལྔ་ཁ་འཐོར་ཚོགས། །བྲེལ་འཕོངས་འདུ་འཛི་གཡེང་བ་དང་། །བདེ་སྡུག་སྣ་ཚོགས་རང་གི་སེམས། །ལྷ་དང་ལྷ་མིན་ཕྱོགས་གཅིག་ཀྱང་། །རྣམ་པ་གཉིས་སུ་དབྱེ་བར་བྱ། །རི་རབ་བྱེ་བ་ཕྲག་བརྒྱ་ཡི། །ཁོང་སེང་རྩུབ་འགྱུར་ཚལ་ནང་ན། །ཐག་བཟང་རིས་དང་རབ་རྒོད་སོགས། །ལྷ་མིན་དམག་ཚོགས་བསམ་མི་ཁྱབ། །གོ་མཚོན་འཐབ་རྩོད་རང་གི་སེམས། །རྒྱལ་ཆེན་བཞི་དང་གཟུགས་མེད་ཁམས། །ལྷ་རིགས་ཉི་ཤུ་རྩ་བརྒྱད་ཀྱང་། །འདོད་ཡོན་འོད་ལུས་བསམ་གཏན་ཚོགས། །འཆི་འཕོ་ལྟུང་བྱེད་ལོགས་ན་མེད། །ལྷ་གནས་གོང་མ་རང་གི་སེམས། །འགྲོ་དྲུག་འགྲོ་ལྔར་བཞེད་པ་ཡང་། །ཁམས་གསུམ་འཁོར་ཞིང་རྒྱུད་དྲུག་འཁྱམས། །སྡིག་པ་སྤུ་ཙམ་མ་བྱས་པར། །གནས་ལུགས་ཡེ་སངས་རྒྱས་པ་ལ། །རང་མ་རིག་པས་རང་ཉིད་འཁྲུལ། །ཉིན་མོ་མཚན་མོ་ཇི་བཞིན་དུ། །མ་རིག་དབང་གིས་སེམས་ཅན་ཏེ། །སངས་རྒྱས་སེམས་ཅན་གཡེར་པོ་ཆེ། །རྟོགས་ན་སྐུ་ལྔ་ཡོངས་སུ་རྫོགས། །མ་རྟོགས་ཁམས་གསུམ་འཁོར་བ་སྟེ། །ས་མཚམས་

(༣༧)དེ་བས་མ་མཆིས་སོ། །རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། །ཨེ་མ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་འཁྲུལ། །རྡོ་རྗེ་འཆང་ཆེན་ཞལ་སྔ་ནས། །རྩ་བ་གཅིག་གི་སེམས་ཉིད་ལས། །འགྲོ་དྲུག་སྡུག་བསྔལ་འབྱུང་བ་ནི། །ཐག་པ་སྦྲུལ་དུ་མཐོང་བ་བཞིན། །ཁམས་གསུམ་རྒྱུད་དྲུག་དག་ཏུ་འཁྱམས། །གནས་ལུགས་ཐོག་མཐའ་མེད་པའི་ཕྱིར། །འཁོར་འདས་ཐོག་མཐའ་མེད་པ་ཡིན། །འོན་ཀྱང་གང་ཟག་དགོས་ཚན་དུ། །རྟོགས་དང་མ་རྟོགས་ས་མཚམས་ནས། །འཁོར་འདས་ཐོག་མཐའ་མཆིས་པ་ལགས། །ཁམས་གསུམ་འཁོར་བ་ཐམས་ཅད་ཀྱི། །ལྷན་ཅིག་སྐྱེས་པའི་མ་རིག་པས། །གནས་ལུགས་སྤྱི་ཁྱབ་དུ་ནི་སྒྲིབས། །བྱ་བ་ཆོས་དང་བྱེད་པའི་ཡིད། །ཀུན་རིག་རྒྱལ་པོར་མ་རྟོགས་ནས། །འཁོར་བར་འཁྱམ་པའི་འཁྱམ་ལུགས་བསྟན། །དཔེར་ན་ཆུ་ལ་རྐྱེན་དག་གིས། །ཆབ་རོམ་དུ་ནི་འགྱུར་བ་བཞིན། །ཐ་མལ་སེམས་ཉིད་མ་རྟོགས་ནས། །འགྲོ་བ་རིགས་ལྔར་འཁྲུལ་ཞེས་འཁྱམས། །ལུས་ཅན་སྣ་ཚོགས་དག་ཏུ་འགྱུར། །རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། །མ་རྟོགས་པ་ཡི་འགྲོ་བ་རྣམས། །འཁྲུལ་པར་རང་ངོ་ཤེས་པ་ཡིས། །འཁྲུལ་པ་རྩད་གཅོད་རྒྱུད་ལས་ཀྱང་། །གནས་ལུགས་རྒྱུ་འབྲས་རང་བཞིན་གནས། །རིན་ཆེན་གསེར་དང་ཆུ་གཙང་དཔེ། །རང་སར་གཞག་ན་གནས་ལུགས་ཏེ། །རྒྱུ་རྐྱེན་དབང་གིས་ཅིར་ཡང་འཁྲུལ། །མ་རྟོགས་འཁྲུལ་སྣང་རྐྱེན་དབང་གིས། །ལུས་ཅན་འགྲོ་བ་བསམ་མི་ཁྱབ། །ཆབ་རོམ་ཆུ་རུ་ཞུ་བ་བཞིན། །འཁྲུལ་པ་ཡེ་ཤེས་ཟང་མ་རུ། །དེ་ཉིད་རྟོགས་ན་རྡོ་རྗེ་འཆང་། །སྒྲ་དོན་རྟོགས་པའི་

(༣༨)བཤེས་གཉེན་རྣམས། །དེ་དང་དེ་དོན་མཁྱེན་པར་མཛོད། །འཁོར་དང་མྱ་ངན་འདས་པའི་ལུང་། །ལུང་དང་རིག་པ་མན་ངག་གསུམ། །སྒྲ་དོན་ཤན་འབྱེད་རྣལ་འབྱོར་པས། །སེམས་ཅན་ཡོངས་ཀྱི་ཁམས་རྒྱུད་ལ། །དངོས་འཛིན་ཞེན་པ་བསམ་མི་ཁྱབ། །དེ་དང་དེ་དོན་མ་ལུས་པ། །འཇིགས་པ་གསུམ་དང་རྟེན་པ་དྲུག །རྒྱུ་དྲུག་ཆོས་ལ་མིང་རྟོག་པས། །སྐྱེ་དྲུག་གནས་སུ་མི་སྐྱེ་ཞིང་། །སྡུག་བསྔལ་དྲུག་ལས་གྲོལ་བའི་ཕྱིར། །མྱ་ངན་འདས་ཤེས་དེ་ལ་བྱ། །ཡེ་ཤེས་ལྷུན་གྲུབ་ཕྱག་རྒྱ་ཆེ། །དེ་ལྟར་རྟོགས་པའི་ཡེ་ཤེས་ལ། །མྱ་ངན་འདས་དང་མ་འདས་ཀྱི། །རྩིས་གདབ་གང་ཡང་མི་བྱ་ཞིང་། །ཤིན་ཏུ་རྣལ་འབྱོར་རྡོ་རྗེ་ཡི། །འཁོར་བ་དུ་མ་རོ་གཅིག་ཏུ། །རྟོགས་པའི་གནས་ལུགས་དང་པོ་ལགས། །གནས་ལུགས་ནམ་མཁའ་རྒྱ་མཚོ་ལས། །ལོག་རྟོག་འཁྲུལ་པའི་མུ་སྟེགས་ལ། །ལྟ་ལོག་སུམ་བརྒྱ་དྲུག་བཅུ་སྟེ། །བསྡུས་ན་རྣམ་པ་གསུམ་དུ་འདུས། །ཚངས་པ་དྲ་བའི་རྒྱུད་ལས་ཀྱང་། །རྟག་ཆད་དག་ནི་གཉིས་དང་ནི། །བྱེ་བྲག་གསང་བ་ས་རུ་གསུངས། །སྤྱིར་ན་ལོག་རྟོག་བསམ་ཡས་ལ། །རྟག་ལྟ་རང་གི་མཚན་ཉིད་ནི། །ཉི་ཤར་ཆུ་བོ་འཐུར་དུ་འབབ། །སྲན་མ་བཟླུམ་དང་ཚེར་མ་རྣོ། །སུས་ཀྱང་མ་བྱས་རང་བྱུང་ཡིན། །སྐྱེས་བུའི་ཤེས་རིག་སྙིང་དཀྱིལ་ན། །ཆེ་ན་ཆེ་སྟེ་མཐེ་བོང་ཙམ། །ཆུང་ན་ཆུང་སྟེ་ཡུངས་འབྲུ་ཙམ། །ཡང་ཆུང་སྐྲའི་རྩེ་མོ་ཙམ། ཤེས་རིག་གདོད་ནས་རྟག་པར་བཞེད། །གཅེར་བུ་ས་ནི་རྟག་པར་ལྟ། །ཚངས་previous hit ་དག་གི་བཞེད་དགོངས next hit་ཀྱིས། །བཟང་མོ་ཚུར་ཤོག་མ་ཤི་བར། །ལེགས་སྤྱོད་བདེ་ལ་གནས་པར་གྱིས། །ཤི་ནས་དེ་ཡི་སྤྱོད་ཡུལ་མིན།

(༣༩)སླར་ཡང་འཚེ་བ་ག་ལ་སྲིད། །སྣོད་བཅུད་གཉིས་ཀྱི་སྣང་བ་འདི། །ཕྱ་དང་དབང་ཕྱུག་གཉིས་ཀྱིས་བྱས། །ཕུང་པོ་ཁམས་དང་སྐྱེ་མཆེད་འདི། །ཕྱ་དང་དབང་ཕྱུག་མཆོད་ལེགས་ན། །བདེ་བ་ཕུན་སུམ་ཚོགས་པ་འབྱུང་། །ཆད་པར་ལྟ་བའི་བཞེད་ལུགས་ཀྱིས། །ལས་དང་རྣམ་ཤེས་རྒྱུ་འབྲས་སོགས། །གང་ཡང་ཡོད་པར་མི་འདོད་ཅིང་། །འབྱུང་བ་ལྔ་ཡིས་བསྡུས་པ་ཡང་། །ཕྱ་དང་དབང་ཕྱུག་གནམ་གྱིས་བསྐོས། །དབྱར་གྱི་རྩི་ཤིང་ནགས་ཚལ་བཞིན། །འཇིག་རྟེན་འདི་ཡི་བདེ་སྐྱིད་ཀྱང་། །ཕྱ་དང་དབང་ཕྱུག་ཁ་རྗེས་འགྲུབ། །ཡོད་བཞིན་སྣང་ལ་སྣང་བཞིན་མེད། །ནམ་ཞིག་འཆི་བར་གྱུར་པ་ན། །མེ་ཤི་ཐལ་བ་རླུང་ཁྱེར་བཞིན། །ཅི་ཡང་མེད་པར་བཞེད་པ་སྟེ། །ལས་མེད་ལས་ཀྱི་རྣམ་སྨིན་མེད། །འཇིག་རྟེན་འདི་དང་ཕྱི་མ་ལ། །བདེ་སྡུག་སྣང་བ་ལ་སོགས་པ། །ཕྱི་ནང་བརྟན་གཡོ་ཐམས་ཅད་ཀྱང་། །སྤུ་རྩེ་ཙམ་ཡང་མེད་པར་བཞེད། །ཚངས་པ་དག་གི་ཆད་ལྟ་ཡང་། །དེ་ལྟར་གོམས་ཤིང་མཐར་ཕྱིན་ན། །ཅི་ཡང་མེད་པའི་ལྟ་སྤྱོད་ལ། །འབྲས་བུ་གང་ཡང་མེད་པར་འདོད། །མུ་སྟེགས་ལྷ་ཆེན་གཞན་རྣམས་ཀྱང་། །ལྟ་སྤྱོད་སྒོམ་དང་འབྲས་བུ་ཡི། །བཞེད་ལུགས་མི་གཅིག་སོ་སོར་སྣང་། །གཅེར་བུ་པ་ཡི་ལྟ་བ་ནི། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀྱང་། །གདོད་ནས་དག་ཅིང་རང་བྱུང་སྟེ། །ཉི་ཟླ་འབྱུང་བ་ལྔ་ལ་སོགས། །འཕོ་འགྱུར་དུ་མར་སྣང་ལགས་ཀྱང་། །སུས་ཀྱང་མ་བྱས་རང་བྱུང་ཡིན། །རྟག་དང་མི་རྟག་ལ་སོགས་པ། །གཉིས་སུ་མ་ཡིན་གཅིག་ཏུ་བརྟག །དངོས་པོར་གྱུར་པ་ཐམས་ཅད་ལ། །ཤེས་རིག་རབ་འབྲིང་ཐ་མ་གསུམ། །གདོད་

(༤༠)ནས་རྟག་ཅིང་བརྟན་པར་བཞེད། །དེ་ལྟར་རྒྱུན་དུ་རྟག་པ་ལས། །ལོག་པར་ཞེན་ཞིང་རྟག་སེམས་སྐྱེ། །དཀའ་ཐུབ་དཀའ་སྤྱད་དུ་མ་ཡིས། །ལྟ་སྒོམ་སྤྱོད་པ་འབྲས་བུ་ཡང་། །ཨ་འཐས་ཐེར་ཟུག་རྒྱུན་རྟག་ཏུ། །བློ་ངེས་རྟག་སེམས་འགྱུར་བ་མེད། །བྱེ་བྲག་རྣམས་ཀྱིས་གསང་བ་པ། །གཉིས་ཀ་སྒྲུབ་པའི་བཞེད་ལུགས་ནི། །རྟག་ལྟ་སྐྱོང་ཞིང་ཆད་ལྟ་སྒྲུབ། །གཉིས་ཀའི་བར་ན་ཅུང་ཟད་ཙམ། །ཡོད་མེད་གཉིས་ཀྱི་ལྟ་སྤྱོད་དང་། །སྒོམ་དང་འབྲས་བུ་ལ་སོགས་པ། །དཀའ་ཐུབ་དཀའ་སྤྱད་དུ་མས་བསྒྲུབ། །ལོག་རྟོག་གཉིས་ཀ་སྒྲུབ་པའི་བློས། །རྣམ་རྟོག་ལོག་པས་མཐུ་བརྟས་པས། །ཐུན་མོང་སྒྲུབ་རྟགས་སྣ་ཚོགས་འབྱུང་། །ལྟ་ལོག་སུམ་བརྒྱ་དྲུག་བཅུ་ལ། །ངེས་ཤེས་བརྟན་པར་བསྒྲུབས་ལགས་ན། །ཐུན་མོང་ཕྲིན་ལས་བསམ་མི་ཁྱབ། །གནས་སྐབས་འབྲས་བུ་མང་ལགས་ཀྱང་། །མྱ་ངན་འདས་ལས་གཏན་གོལ་བས། །ཐར་པ་ཐོབ་པའི་དུས་མཐའ་མེད། །དྲང་བ་དོན་གྱི་རྒྱུ་འབྲས་ལ། །རྟག་པར་གོ་ཞིང་མངོན་ཞེན་ན། །རྟག་ལྟ་ཉིད་དུ་གོལ་ཞིང་གདའ། །རབ་མི་གནས་དང་སྟོང་ཉིད་སོགས། །སྒྲ་དོན་མ་རྟོགས་ཚིག་ཕྱིར་འབྲེངས། །ཆད་ལྟ་བ་རུ་གོལ་ཉེན་གདའ། །དབུ་མ་དང་ནི་སེམས་ཙམ་པ། །ཐིག་ལེ་ནཱ་ད་སེམས་འཛིན་སོགས། །དོན་དམ་དང་ནི་ཀུན་རྫོབ་སོགས། །མཐའ་རྣམས་ཐམས་ཅད་སྤངས་ནས་སུ། །ཅུང་ཟད་ཙམ་ལ་བློ་གཞག་སྟེ། །ཆ་ཤས་ཙམ་ལ་བློ་ངེས་པའོ། །ཕྱོགས་མེད་previous hit དགོངས next hit་མ་རྟོགས་ཤིང་། །ཚིག་ཕྱིར་འབྲེང་ཞིང་མངོན་ཞེན་དམིགས། །གཉིས་ཀ་སྤྱོད་དུ་གོལ་ཉེན་གདའ།། །རྒྱང་འཕེན་མུ་སྟེགས་སྤུ་སྡུག་གསུམ། །དབང་ཕྱུག་ཆེན་པོ་ལ་སོགས་པ། །མུ་སྟེགས་སྟོན་པ་བསམ་མི་ཁྱབ། །ཕྱག་འཚལ་གྲུབ་མཐའ་གྲངས་

(༤༡)མང་ཞིང་། །གྲུབ་མཐའ་རེ་ལ་ཞེ་འདོད་རེ། །ལྟ་སྤྱོད་འབྲས་བུ་དེ་བཞིན་ནོ། །ལྟ་ལོག་འདི་རྣམས་ཐམས་ཅད་ཀྱིས། །སྲིད་གསུམ་གྲོང་ཁྱེར་ཀུན་ལ་ཁྱབ། །གྲངས་མེད་བསྐལ་པའི་གོང་རོལ་ནས། །མུ་སྟེགས་སྟོན་པའི་གྲུབ་མཐའ་དང་། །ལས་འབྲལ་ཇི་ལྟར་ཡོད་པ་བཞིན། །རིགས་སུ་སྐྱེས་པས་རིགས་མི་འདོར། །ད་ལྟར་མུ་སྟེགས་རིགས་སུ་སྐྱེ། །རྒྱུ་རྐྱེན་མེད་པར་འབྱུང་བ་མིན། །རྒྱུ་རྐྱེན་ཚོགས་ཕྱིར་མུ་སྟེགས་ལམ། །ལམ་འཚོལ་གྲུབ་མཐའ་སེམས་བསྒྱུར་བ། །མུ་སྟེགས་ལ་ཡང་སྨད་མི་བྱ། །ཡང་ན་བསྟན་པའི་ཆེ་བ་འདོན། །མུ་སྟེགས་སྟོན་པའི་གྲུབ་མཐའ་ཡང་། །རྒྱལ་བའི་ཆོ་འཕྲུལ་ཡིན་ཡང་གསུང་། །མུ་སྟེགས་གྲུབ་མཐའ་ཐམས་ཅད་ཀྱང་། །གནས་ལུགས་རྟོགས་པའི་དེ་ཉིད་ལས། །ཐམས་ཅད་ངོ་བོ་གཅིག་པའི་ཕྱིར། །ཆོས་རྣམས་ཀུན་གྱི་རང་བཞིན་ནི། །རྟོགས་པ་རབ་འབྱམ་ཕྱག་རྒྱ་ཆེ། །དུ་མ་རོ་གཅིག་ལྷུན་གྲུབ་ལས། །མུ་སྟེགས་བྱ་བའི་མི་ཡང་མེད། །མུ་ཞེས་བྱ་བ་དབྱིངས་ཉིད་ལ། །སྟེགས་ཤེས་བྱ་བ་ཡེ་ཤེས་ཏེ། །དབྱིངས་དང་ཡེ་ཤེས་རོ་མཉམ་ལས། །གྲུབ་མཐའ་ཞེས་བྱའི་ཐ་སྙད་ཆེ། །ཤིན་ཏུ་རྣལ་འབྱོར་རྡོ་རྗེ་ཡིས། །སྒྲ་དོན་གཅིག་ཏུ་རྟོགས་པའི་ཕྱིར། །ཨ་ཏི་ཡོ་གའི་ལུང་ལས་ཀྱང་། །རང་བྱུང་བྱང་ཆུབ་སེམས་ཀྱིས་ནི། །རྟག་ཆད་གཉིས་ཀྱི་མཐའ་བསལ་ཏེ། །མ་སྐྱེས་གཟུང་འཛན་རྟོག་པའི་གནས། །རྟག་པའི་དངོས་པོ་མཐའ་བསལ་བས། །རང་བྱུང་ཡེ་ཤེས་འགྱུར་མེད་ལས། །མེད་པ་ཆད་པའི་མཐའ་ལས་གྲོལ། །མུ་ཞེས་བྱ་བ་ཆོས་ཀྱི་དབྱིངས། །སྟེགས་ཤེས་བྱ་བ་རྟོགས་པའི་གནས། །རྒྱུ་འབྲས་འདས་པའི་ཐེག་པ་ལས། །རང་བཞིན་ངོ་བོ་ཉིད་གསུངས་པ། །དེ་དོན་

(༤༢)རྟོགས་པའི་སྐྱེས་བུ་ཡིས། །མུ་སྟེགས་ཆོས་སྐུར་རྟོགས་པ་ཡི། །བར་སྐབས་དག་ནི་གཉིས་པ་ཡིན། །གནས་ལུགས་རང་བཞིན་ངོ་བོ་ཉིད། །རྟོགས་པ་ཆོས་དབྱིངས་ཡེ་ཤེས་ཀློང་། །རྒྱ་མཚོ་ཆེ་ལས་མ་གཡོས་ཀྱང་། །ཆུ་རྣམས་ཕྱོགས་བཅུར་འབབ་པ་བཞིན། །རང་བཞིན་རང་བྱུང་ཡེ་ཤེས་ལས། །སྐུ་གསུམ་སྟོན་པ་ལྷུན་གྱིས་གྲུབ། །ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས། །སྤྲུལ་པ་སྐུ་ཡི་མཚན་ཉིད་རྫོགས། །སྐུ་གསུམ་རྣམ་དབྱེའི་རྒྱུད་ལས་ཀྱང་། །ཆོས་ཀྱི་སྐུ་ཡི་ངོ་བོ་ཉིད། །མ་སྐྱེས་མཉམ་ཉིད་རང་བཞིན་བཞུགས། །ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་དུ། །འདོད་ཡོན་ལྔ་ཡིས་ཁྱབ་ཚད་ལ། །བདེ་ཆེན་ལོངས་སྤྱོད་རྫོགས་པར་གནས། །སྤྲུལ་པ་སྐུའི་མཚན་ཉིད་ནི། །ཇི་ལྟར་འདུལ་བའི་སྐུར་སྤྲུལ་ནས། །སྣ་ཚོགས་ཐབས་ཀྱིས་འགྲོ་དོན་མཛད། །རྡོ་རྗེ་ཐེག་པར་གསུངས་པ་ཡང་། །ངོ་བོ་གཅིག་ལས་མཐོང་ཚུལ་ནི། །ཐ་དད་དུ་མར་སྣང་བའི་ཕྱིར། །ལ་ལས་སངས་རྒྱས་ཆོས་སྐུར་རྟོགས། །ལ་ལས་ལོངས་སྤྱོད་རྫོགས་སྐུ་དང་། །སྤྲུལ་སྐུ་གྲངས་ཅན་གྲངས་མེད་སོགས། །སེམས་དཔའ་ཚོགས་དང་ཉན་རང་དང་། །ཚངས་དང་བརྒྱ་བྱིན་ལ་སོགས་པ། །འཇིག་རྟེན་ཆེན་པོ་རྣམས་སུ་མཐོང་། །གདུལ་བྱ་རབ་འབྲིང་ཐ་མ་རྣམས། །གྲངས་མེད་བསམ་གྱིས་མི་ཁྱབ་རྣམས། །གདུལ་བྱ་ཇི་ལྟར་གནས་པ་རྣམས། །འདུལ་བྱེད་སྤྲུལ་སྐུ་དེ་ལྟར་གནང་། །ཚད་གཞལ་གཏིང་དཔག་དཀའ་བའི་ཕྱིར། །མཁས་རྣམས་དེ་ལྟར་མཁྱེན་པར་མཛོད། །ཁྱད་པར་ད་ལྟའི་དུས་འདི་རུ། །འཛམ་གླིང་སྟོང་གསུམ་འདི་ཉིད་དུ། །ཐུབ་པའི་དབང་པོ་བྱོན་པ་ནི། །རྣམ་སྣང་རྒྱལ་པོའི་རྒྱུད་ལས་ཀྱང་། །རྫོགས་པའི་སངས་རྒྱས་སྔར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་

(༤༣)སངས་རྒྱ། །མཛད་པ་བཅུ་གཉིས་རབ་རྫོགས་ནས། །ཡོངས་སུ་མྱ་ངན་འདའ་ཚུལ་བསྟན། །རྣལ་འབྱོར་རྒྱུད་ལས་གསུངས་པ་ཡང་། །རང་བཞིན་དང་ནི་ངོ་བོ་ཉིད། །དོན་དམ་དབྱིངས་ལས་མ་གཡོས་ཀྱང་། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །རྣམ་པར་སྣང་མཛད་སྐུ་གསུང་ཐུགས། །འོད་ཟེར་ཆ་གཅིག་དགའ་ལྡན་གནས། །དམ་པ་ཏོག་དཀར་ཉིད་སྤྲུལ་ཞིང་། །སྙིགས་མའི་དུས་འདིར་སྨོན་ལམ་སྟོབས། །ཐུགས་རྗེའི་དབང་གིས་འཛམ་གླིང་འདིར། །ས་ག་དང་ནི་ས་རི་སྟེ། །ཚེས་བརྒྱད་རྒྱལ་དང་ཕྲད་པ་ལས། །གླང་ཆེན་ཐལ་དཀར་ཉིད་སྤྲུལ་ནས། །ལྷུམས་ཞུགས་སྐུ་བལྟམས་དབུ་སྐྲ་བྲེགས། །མཛད་པ་བཅུ་གཉིས་ཡོངས་རྫོགས་ཤིང་། །དེའི་ཉ་ལས་རྫོགས་སངས་རྒྱས། །ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་སུ། །སྐུ་གསུང་ཐུགས་ཀྱི་གསང་མཛོད་ལས། །འོད་ཟེར་ཚོགས་ཀྱིས་སྟོང་གསུམ་ཁྱབ། །ཕྱི་ནང་སྣོད་བཅུད་དག་མཛད་ནས། །སྤྲུལ་སྐུའི་ཞིང་དུ་བྱིན་རླབས་ཤིང་། །གླིང་བཞི་བྱེ་བ་ཕྲག་བརྒྱར་ཡང་། །ཐུབ་ཆེན་བྱེ་བ་ཕྲག་བརྒྱ་ནི། །རྣམ་འཕྲུལ་ཐོགས་པ་མེད་པར་ཡང་། །གང་གིས་གང་ལ་ཅིས་འདུལ་བར། །དེ་དང་དེ་ཡི་སྐུར་སྟོན་ཏེ། །མེ་ལོང་གཟུགས་བརྙན་ཚུལ་དུ་བཞུགས། །སྐུ་གསུམ་རབ་དབྱེའི་མདོ་ལས་ཀྱང་། །གདུལ་བྱ་ཇི་ལྟར་གནས་པ་ལས། །འདུལ་བྱེད་སྟོན་པ་དེ་ལྟར་བྱོན། །ལུས་མཐུན་པར་ནི་སྐུ་སྤྲུལ་ཞིང་། །སྐད་མཐུན་པར་ནི་ཆོས་ཀྱང་གསུངས། །གདུལ་བྱའི་ཁམས་རྒྱུད་ཇི་ལྟ་བར། །ཟས་དང་ཏིང་ངེ་འཛིན་སྤྱོད་ལམ་སོགས། །དེ་དང་ཆ་མཐུན་དེ་བཞིན་སྤྱོད། །རྒྱལ་བའི་བཀའ་ལས་

(༤༤)གསུངས་པ་ཡང་། །སྤྲུལ་སྐུ་ཐོགས་མེད་དེ་བཞིན་གཤེགས། །ཉོན་མོངས་ཐེག་པ་དམན་པ་ཡི། །སྒྲ་རྣམས་ཡེ་ཤེས་རྡོ་རྗེ་ཡི། །ཆོས་སྐུ་དྲི་མེད་ཉིད་ཀྱིས་བཅོམ། །ལྷར་བཅས་འཇིག་རྟེན་འདི་ཉིད་དུ། །གཙུག་གཏོར་ལྟ་བས་མི་མངོན་ཞིང་། །སྒྲིབ་པ་མེད་པར་ཀུན་ལ་མངོན། །སྒྲིབ་པ་བཞི་ལ་སོགས་པ་ཡི། །ཉེས་པའི་སྐྱོན་རྣམས་དག་པ་དང་། །ལེགས་པའི་ཡོན་ཏན་ཀུན་རྫོགས་ཕྱིར། །ཐུབ་ཆེན་རྒྱལ་བ་གསེར་མདོག་ཅན། །ལྷའི་སྟོན་པ་རྨད་བྱུང་བ། །ཀུན་གྱི་ནང་ནས་མཆོད་སྡོང་ལྟར། །འགྲན་མེད་སྟོན་པ་ཤཱཀྱ་ཐུབ། །ཚོགས་དྲུག་དོན་དམ་རྣམ་དག་ལས། །ཐུབ་པ་དྲུག་ཀྱང་རྣམ་པར་འཕྲུལ། །སྲིད་པ་གསུམ་གྱི་ཞིང་ཁམས་འདིར། །སྤྲུལ་སྐུའི་མཛད་སྤྱོད་རྒྱུན་མི་འཆད། །ཚངས་པས་ཞུས་པའི་མདོ་ལས་ཀྱང་། །ཉི་མ་ཟླ་བ་འཆར་ནུབ་ལྟར། །སྤྲུལ་སྐུ་སྐུ་བལྟམས་མྱ་ངན་འདས། །གདུལ་བྱའི་སྣང་ཚུལ་ལ་གཏོགས་པ། །སངས་རྒྱས་མྱ་ངན་འདས་མི་འགྱུར། །མདོ་དང་སྡེ་ལས་གསུངས་པ་ཡང་། །གདུལ་བྱ་རབ་འབྲིང་ཐ་མ་ཡི། །ལྷ་ཡི་དབང་པོ་ཐ་དད་པས། །སྐུ་བལྟམས་འཆག་དང་ཡིག་རྩིས་སློབ། །གཞོན་ནུ་རོལ་རྩེད་སྟོབས་དང་ལྡན། །ཚོགས་བསགས་སྒྲིབ་སྦྱངས་ས་ལམ་རྫོགས། །མཉམ་གཞག་བདུད་བཏུལ་རྫོགས་སངས་རྒྱས། །ལེ་ལོ་ཅན་གྱི་གདུལ་བྱ་ལ། །མུ་ཏིག་སྟོན་ཕྱིར་མྱ་ངན་འདས། །སྤྲུལ་སྐུའི་མཛད་སྤྱོད་བསམ་མི་ཁྱབ། །གདུལ་བྱ་དག་པའི་སྣང་བ་ལ། །མཚན་དང་དཔེ་བྱད་བརྒྱན་པ་ཡི། །དག་པའི་སྤྲུལ་སྐུ་བསམ་མི་ཁྱབ། །མ་དག་གདུལ་བྱའི་སྣང་བ་ལ། །སྣ་ཚོགས་སྤྲུལ་སྐུ་གྲངས་མཐའ་ཡས། །ལུང་དུ་

(༤༥)བསྟན་དང་ལུང་མ་བསྟན། །མ་ངེས་པ་ཡི་གདུལ་བྱ་ལ། །སྐུ་གདུང་དང་ནི་རིང་སྲེལ་དང་། །འཇའ་དང་འོད་ཟེར་ཆོ་འཕྲུལ་སོགས། །རང་བཞིན་བྱོན་དང་འདུས་བྱས་ཀྱི། །སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ཀྱིས། །ངོ་བོ་ཉིད་ཀྱིས་འགྲོ་དོན་མཛད། །ཅི་ཡང་སྤྲུལ་པའི་སྐུ་དག་པ། །རྣམ་འཕྲུལ་བསམ་གྱིས་མི་ཁྱབ་གསུང་། །ཇི་ལྟར་མཛད་པ་མཐའ་ཡས་ལ། །ཟས་གཙང་སྲས་པོ་ཐུབ་ཆེན་དབང་། །རྒྱལ་བ་དེ་ཡི་རྣམ་འཕྲུལ་ཡིན། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །གྲགས་ཆེན་ཤེས་རབ་ཆེན་པོ་བ། ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས། །previous hit དགོངས next hit་མཉམ་ཉིད་ཡེ་ཤེས་ཀྱི། །ཟབ་མོ་སྣང་བ་ཞེས་བྱ་བ། །ཏིང་ངེ་འཛིན་ལ་སྙོམས་འཇུག་ནས། །འགྲོ་དྲུག་སེམས་ཅན་ཐམས་ཅད་འདི། །རྒྱུ་རྐྱེན་གང་དང་གང་ལས་བྱུང་། །གདོད་ནས་རང་བཞིན་རྣམ་དག་ལས། །འགྲོ་བ་སྣ་ཚོགས་གྲངས་མང་ཡང་། །འཁྲུལ་དང་འཁྲུལ་གཞི་previous hit དགོངས next hit་ཡང་། །སེམས་ཉིད་ནམ་མཁའ་ལྟ་བུ་ལས། །མ་རིག་མུན་པ་ལྟ་བུས་བསྒྲིབས། །རྣམ་པར་རྟོག་པ་སྐར་ཚོགས་བཀྲ། །སེམས་ཅན་གཅིག་གི་རྒྱུད་ལ་ཡང་། །རྣམ་རྟོག་བརྒྱད་ཁྲི་བཞི་སྟོང་སྟེ། །འགྲོ་བ་ཡོངས་ཀྱི་རྒྱུད་ལ་ཡང་། །རྣམ་རྟོག་བརྒྱད་ཁྲི་བཞི་སྟོང་མཆིས། །རྩ་བ་རྣམ་རྟོག་ལྔ་དང་ནི། །དེས་བསྐྱེད་དུག་ལྔ་དུག་གསུམ་དུ། །ཉོན་མོངས་ཐམས་ཅད་འདུས་པར་གཟིགས། །སྟོན་པ་འཇིག་རྟེན་བྱོན་ནས་ཀྱང་། །previous hit དགོངས next hit་གདུལ་བྱ་གཟིགས་པའི་དུས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། །འོད་ཟེར་བྱེ་བ་ཁྲག་ཁྲིག་གིས། །འཛམ་གླིང་སྟོང་གསུམ་འདི་ཉིད་དུ། །ཐམས་ཅད་དུ་ནི་ཁྱབ་པར་བཀྱེ།། །ཕྱི་སྣོད་གསུམ་གྱི་འཇིག་རྟེན་འདི། །ས་རྡོ་རྩི་ཤིང་

(༤༦)འབྱུང་བ་ལྔ། །མ་དག་སྣོད་དུ་མི་རུང་བས། །རྒྱལ་བའི་འོད་ཟེར་རྣམ་ལྔ་ལས། །སྣོད་དག་རིན་ཆེན་ལྔ་དག་ཏུ། །ཞིང་ཁམས་དག་པར་བྱིན་གྱིས་བརླབས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས། །འབྱུང་ལྔ་དུས་དང་དུག་ལྔ་སེམས། །སྣོད་ངན་དྲི་མར་བཅས་པ་ལས། །བདེ་གཤེགས་འོད་ཟེར་ལྔ་དག་གིས། །དམ་ཆོས་སྣོད་དག་རྒྱལ་བའི་སྲས། །གདུལ་བྱ་དག་པར་བྱིན་གྱིས་བརླབས། །ཐུབ་པའི་ཆོ་འཕྲུལ་རྣམ་པར་འཕྲུལ། །རི་རབ་བྱེ་བ་ཕྲག་བརྒྱ་ཡི། །རྩེ་མོར་སྤྲུལ་སྐུའི་ཚོགས་རྣམས་ནི། །བྱེ་བ་ཕྲག་བརྒྱ་དག་ཏུ་བྱོན། །རི་རབ་ཀྱི་ནི་ཕྱོགས་བཞི་ཏུ། །སྤྲུལ་སྐུའི་ཤ་ཟ་མཁའ་འགྲོ་ནི། །བཞི་བཞི་དག་ཏུ་གནས་པ་ན། །རྒྱལ་བ་དག་གི་གསུང་བྲིད་ནི། །བྱེ་བ་དག་ནི་ཕྲག་བརྒྱར་བྱོན། །ཤར་ཕྱོགས་ནས་གཟུང་ཕྱོགས་བཞི་ཡི། །མཁའ་འགྲོ་རྣམས་ཀྱིས་འདི་ལྟར་གོ། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་བསྐྱེད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །དེ་ལྟར་མ་བུ་བཞི་རྣམས་ཀྱིས། །ཕྱོགས་བཞིར་ཤད་བར་རེ་རེར་གོ། །ཕྱོགས་གཅིག་ཏུ་ནི་སྡེབས་པ་ལ། །ཤླཽཀ་ནི་བྱེ་བ་དང་། །ཕྲག་བརྒྱ་དག་ཏུ་ཀུན་གྱིས་གོ། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། །བསྟན་པ་དག་གི་རྒྱ་མཚོ་ཡི། །རྩ་བ་དག་ཏུ་བྱིན་གྱིས་བརླབས། །གླིང་བཞི་བྱེ་བ་ཕྲག་བརྒྱ་རུ། །གནས་པའི་སེམས་ཅན་ཐམས་ཅད་ཀྱང་། །ཐམས་ཅད་བློ་གྲོས་མཐུན་པ་རུ། །ཞི་དང་དུལ་དང་སྡོམ་པ་དང་། །ཁྲེལ་དང་ངོ་ཚ་ཤེས་པ་དང་། །བག་ཡོད་སྦྱིན་དང་བཟོད་པ་རྒྱན། །གཅིག་ལ་གཅིག་ནི་མི་འཚེ་ཞིང་། །ཕ་དང་མ་དང་རིགས་ལྡན་བསྐུར།

(༤༧)བཙོན་རར་གནས་དང་ཁྲི་མོན་འཁོད། །མནར་མེད་སྡུག་བསྔལ་ལ་སོགས་པ། །འགྲོ་བའི་སྡུག་བསྔལ་ཐམས་ཅད་ཀྱང་། །སྐད་ཅིག་ཙམ་གྱིས་རབ་ཞི་ནས། །དཔེར་ན་དགེ་སློང་བསམ་གཏན་མཆོག །དང་པོ་ལ་ནི་སྙོམས་འཇུག་བཞིན། །སྤྲུལ་སྐུ་མཆོག་གི་བྱིན་རླབས་ཀྱིས། །སྟོང་གསུམ་དུ་ནི་ཁྱབ་པར་གནས། །བདེ་གཤེགས་སྐུ་བྱོན་གསུང་མ་ཐོས། །བཤད་པས་གོ་བ་མ་ཡིན་ཏེ། །བྱིན་གྱིས་བརླབས་ཀྱིས་གོ་བར་ཟད། །ཐུབ་ཆེན་བྱེ་བ་ཕྲག་བརྒྱ་ཡི། །བྱིན་རླབས་བཀའ་དེ་དང་པོ་ཡིན། །ད་ནི་ཞལ་ནས་གསུངས་པའི་བཀའ། །གསུང་བར་བཞེད་ནས་previous hit དགོངས་པར་མཛད། །དྲང་དོན་བདེན་པའི་དབང་དུ་ནི། །ལས་དང་སྐལ་བར་ལྡན་ next hit་ཡི། །ཞུ་བ་པོར་ནི་སྨོན་ལམ་བཏབ། །རྒྱལ་ཆེན་བཞི་དང་ཚངས་པར་ནི། །བྱེ་བ་དག་ནི་ཕྲག་བརྒྱ་སྟེ། །རྒྱལ་པོ་ཆེན་པོ་བཞི་དག་གིས། །ལྷུང་བཟེད་བཞི་པོ་ཕུལ་ནས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་། །ཞུ་བ་ཕུལ་ཡང་མ་གནང་བར། །སྤྲུལ་པའི་ཚངས་པ་གདོང་བཞི་ཡིས། །མི་འཇེད་འགྲོ་བའི་འཁོར་གྱིས་བསྐོར། །རིན་ཆེན་འཁོར་ལོ་རྩིབས་སྟོང་ཕུལ། །བརྒྱད་ཁྲི་བཞི་སྟོང་གསུང་གི་མཛོད། །འཁོར་ལོ་བསྐོར་བར་གསོལ་བ་བཏབ། །ཐུབ་ཆེན་བྱེ་བ་ཕྲག་བརྒྱ་ཡིས། །དུས་ལ་བབ་པར་མཁྱེན་ནས་ཀྱང་། །ཚངས་པ་རྣམས་ལ་གནང་བ་བྱིན། །མཚན་དང་དཔེ་བྱད་འབར་བའི་སྐུ། །འོད་དང་འོད་ཟེར་བསམ་མི་ཁྱབ། །ཉི་མ་དག་ནི་སྟོང་དག་གི། །འོད་ཟེར་དྲ་བས་བརྒྱན་པའི་ཞལ། །ལེ་བརྒན་ལྗགས་ཀྱིས་སྟོང་གསུམ་ཁྱབ། །གསུང་དབྱངས་ཡན་ལག་དྲུག་བཅུ་ཡི། །ཞལ་ནས་

(༤༨)གསུངས་པའི་བཀའ་དག་ནི། །མི་ཟད་རྒྱན་གྱི་འཁོར་ལོ་བསྐོར། །སྣང་སྲིད་ཆོས་ཀྱི་ཕུང་པོ་ལ། །མ་གསུངས་པས་ཀྱང་གོ་བ་མིན། །སྟོན་པས་གསུང་ཅིག་བསྒྲགས་པ་ལས། །གདུལ་བྱ་དབང་པོ་ཐ་དད་པས། །ཆོས་ཀྱི་ཕུང་པོ་བསམ་མི་ཁྱབ། །སྣ་ཚོགས་ཐེག་པ་དུ་མར་གོ། །ལ་ལས་རྡུལ་ཕྲན་རྫས་སུ་གོ། །ལ་ལས་ཉོན་མོངས་སྤངས་པར་གོ། ལ་ལས་སྤྲོས་བྲལ་ཞི་བར་གོ། །ལ་ལས་སེམས་ཙམ་དབུ་མ་སྟེ། །ལ་ལས་དགག་བྱའི་ཡུལ་དུ་གོ། །ལ་ལས་སྦྱང་བ་ཉིད་དུ་གོ། །ལ་ལས་བླང་དོར་ཡུལ་དུ་གོ། །ལ་ལས་དབང་བསྡུའི་ཡུལ་དུ་གོ། །ལ་ལས་སྒོ་ཕུགས་གཉིས་ལྟར་གོ། །ལ་ལས་ལ་སྒྲོལ་ཤན་འབྱེད་དུ། །གོ་ལུགས་དག་ནི་ཕྱེ་དང་དགུ། །གནས་ལུགས་ཡེ་སངས་རྒྱས་པ་ལ། །རང་བཞིན་ལྷུན་གྲུབ་ངོ་བོ་གཅིག །མཚན་ཉིད་ཐོགས་མེད་སྤྲུལ་པའི་སྐུ། །རྩོལ་སྒྲུབ་ཅི་ཡང་མ་མཆིས་ཀྱང་། །གདུལ་བྱ་དབང་པོ་ཐ་དད་པས། །སྣ་ཚོགས་མཐོང་ཚུལ་བསམ་མི་ཁྱབ། །གྲུབ་མཐའི་བྱེ་བྲག་དུ་མ་ལ། །གདོད་ནས་གྲུབ་མཐའ་མ་མཆིས་ཀྱང་། །དབང་པོའི་བྱེ་བྲག་ཇི་བཞིན་དུ། །གྲུབ་མཐའི་ཚོགས་ཀྱང་དེ་ལྟར་གོ། །གདུལ་བྱ་དབང་པོ་ཐ་མ་ཡིས། །སྟོན་པ་རང་རྒྱུད་པ་རུ་མཐོང་། །གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་། །དེ་བཞིན་བསྐལ་པར་སྒྲིབ་སྦྱངས་ནས། །མ་དག་སྐྱེ་བ་ལྔ་བརྒྱ་དང་། །དེ་བཞིན་དག་པ་ལྔ་བརྒྱ་སྟེ། །ལུང་དུ་བསྟན་དང་ལུང་མ་བསྟན། །གྲངས་མེད་དག་ཏུ་སྐྱེས་པ་ཡི། །རབ་ཀྱང་གདུལ་བྱ་རྣམས་ལ་བསྟན། །གྲུབ་མཐའ་ཀུན་ལ་འཇུག་ཚུལ་དང་། །ས་

(༤༩)བཅུ་ལམ་ལྔ་མཐར་ཕྱིན་ནས། །གཉེན་པོ་ཡེ་ཤེས་རྡོ་རྗེ་ཡིས། །རབ་བཅོམ་ཤེས་བྱའི་སྒྲིབ་པ་འཇོམས། །མཉམ་གཞག་རྫོགས་སངས་རྒྱས་ཚུལ་བསྟན། །སྐུ་ཚེའི་ཚད་དང་གདུལ་བྱའི་ཚད། །བསྟན་པའི་ཚད་ལ་སོགས་པ་རྣམས། །དྲང་དོན་དུ་ནི་བསྟན་པ་སྟེ། །མི་མཆོག་རྐང་གཉིས་གཙོ་བོ་ཡིས། །བཀའ་གསུམ་འཁོར་ལོ་བཞི་དག་ནི། །རིགས་ཅན་གདུལ་བྱ་ཐམས་ཅད་ལ། །དང་པོ་བྱིན་གྱིས་བརླབས་པའི་བཀའ། །གཉིས་པ་ཞལ་ནས་གསུངས་པ་ནི། །སྡེ་སྣོད་བྱེད་པའི་མདོ་ལས་ཀྱང་། །མཚན་ཉིད་རྒྱུའི་ཐེག་པ་གསུམ། །མདོ་སྡེ་འདུལ་བ་མངོན་པ་སྟེ། །སྤྱི་ཁྱབ་ཆོས་ཀྱི་སྒོ་མོ་རུ། །བརྒྱད་ཁྲི་བཞི་སྟོང་ཆོས་གསུངས་པའི། །ཞལ་ནས་གསུངས་པའི་བཀའ་རུ་བཞེད། །འདོད་ཆགས་ཅན་གྱི་གདུལ་བྱ་རྣམས། །ཐུན་མོང་འདུལ་བའི་གཉེན་པོར་ནི། །འདུལ་བ་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་ནི། །མདོ་སྡེ་ཉི་ཁྲི་ཆིག་སྟོང་གསུངས། །གཏི་མུག་དག་ནི་འཇོམས་མཛད་པ། །མངོན་པ་ཉི་ཁྲི་ཆིག་སྟོང་གསུངས། །དུག་གསུམ་དག་ནི་མཉམ་པ་ལ། །ང་རྒྱལ་དང་ནི་ཕྲག་དོག་སྟེ། །ཆ་མཉམ་ཉི་ཁྲི་ཆིག་སྟོང་གསུངས། །གྲངས་ཅན་བརྒྱད་ཁྲི་བཞི་སྟོང་དང་། །གྲངས་མེད་ཆོས་ཀྱི་ཕུང་པོ་ནི། །ཚད་གཞལ་གཏིང་དཔག་དཀའ་བའི་ཕྱིར། །དཀོན་མཆོག་བརྩེགས་པའི་མདོ་ལས་ཀྱང་། །སྟོན་པ་སྤྲུལ་སྐུའི་བསྟན་པ་ནི། །ཉན་ཐོས་དང་ནི་རང་རྒྱལ་ཏེ། །ཐེག་ཆེན་མདོ་སྡེ་མངོན་པ་སོགས། །མཚན་ཉིད་སྡེ་སྣོད་གསུམ་དུ་གྲགས། །སྤྲུལ་སྐུ་དག་གི་འཁོར་བསྟན་པ། །མུ་སྟེགས་རྒྱང་འཕེན་ཕལ་པ་

(༥༠)སོགས། །བླ་མེད་བྱང་ཆུབ་གཏན་གོལ་བའི། །དབང་པོ་དག་གིས་སེམས་བསྒྱུར་ཞིང་། །ཐུགས་རྗེ་རྨད་བྱུང་བྱིན་རླབས་ནས། །དགེ་སློང་དགེ་གཉེན་ཕོ་མོ་བཞི། །དགེ་སྦྱོང་བར་སློབ་ཡན་ལག་བརྒྱད། །སེམས་དཔའ་དང་ནི་སེམས་མ་སྟེ། །ཐུན་མོང་དང་ནི་ཐེག་ཆེན་གྱི། །གྲུབ་མཐའ་དག་དུ་བློ་བསྒྱུར་བ། །སྤྲུལ་སྐུའི་འཁོར་དུ་བསྟན་པ་ཡིན། །ཀུན་བྱེད་རྒྱུད་ལས་གསུངས་པ་ཡང་། །གསེར་མདོག་ཅན་ལ་སོགས་པ་ཡི། །སྐལ་བཟང་ཐུབ་པ་སྟོང་དང་གཉིས། །བྱ་རྒོད་ཕུང་པོ་རྡོ་རྗེ་གདན། །ཡང་དག་ཐུགས་རྗེ་སྣ་ཚོགས་སྤྲུལ། །ངེས་མེད་གནས་མཆོག་བསམ་མི་ཁྱབ། །སྤྲུལ་སྐུ་འདུལ་བའི་ཞིང་ཁམས་ནི། །འཛམ་གླིང་བྱེ་བ་ཕྲག་བརྒྱ་ལས། །ཚད་མེད་ཐུགས་རྗེས་རྒྱུད་དྲུག་འདུལ། །སྟོན་པ་བསྟན་པ་གནས་དུས་དང་། །ཞིང་ཁམས་སྣ་ཚོགས་བསམ་ཡས་པར། །སྣང་སྲིད་ཆོས་ཀྱི་ཕུང་པོར་ཡང་། །སྤྲུལ་པ་སྐུ་ཡི་བསྟན་པ་ནི། །ཚིག་དང་ཡི་གེ་དོན་སྡེབས་ནས། །གང་ཟག་རྣ་བའི་དབང་པོར་ཡང་། །ཚིག་སྒྲས་དོན་དེ་གོ་བྱས་ནས། །དོན་དེ་སྒྲ་ཡིས་བཤད་པ་ཡིན། །ཤན་འབྱེད་རྒྱུད་ལས་གསུངས་པ་ཡང་། །སྡེ་སྣོད་གསུམ་ལས་previous hit དགོངས next hit་ཡིན། །སྡེ་སྣོད་གསུམ་ཡང་བཞི་བཞིར་དབྱེ། །འདུལ་བ་ཡི་ནི་འདུལ་བ་དང་། །འདུལ་བ་ཡི་ནི་མདོ་སྡེ་དང་། །འདུལ་བ་ཡི་ནི་མངོན་པ་སྟེ། །མདོ་སྡེ་ཡི་ནི་མདོ་སྡེ་དང་། །མདོ་སྡེ་ཡི་ནི་འདུལ་བ་དང་། །མདོ་སྡེ་ཡི་ནི་མངོན་པར་དབྱེ། །མངོན་པ་ཡི་ནི་མངོན་པ་དང་། །མངོན་པ་ཡི་ནི་འདུལ་བ་དང་། །མངོན་པ་ཡི་ནི་མདོ་སྡེ་སྟེ། །བཅུ་གཉིས་དག་ཏུ་རབ་དབྱེ་བས། །དཀོན་མཆོག་པ་ར་མི་ཏཱ་དང་། །སངས་རྒྱས་

(༥༡)བྱང་ཆུབ་ཐམས་ཅད་མཁྱེན། །འཇམ་དབྱངས་འཕགས་པའི་ཚོགས་རྣམས་ལ། །ཀླད་དོན་མཚན་ཕྱག་འཚལ་བ་ཡིས། །མ་འདྲེས་སོ་སོར་ཤེས་པར་བྱ། །ཐུབ་པ་ཆེན་པོར་མངོན་སངས་རྒྱས། །དང་པོ་བདེན་པ་བཞི་དག་གི། ཐུན་མོང་དང་ནི་དྲང་བའི་དོན། །འདུལ་བ་ལུང་གི་སྡེ་བཞི་དང་། །ཕྲན་ཚེགས་ཡན་ལག་བཅས་པ་ཡི། །འདུལ་བ་དག་གི་བཞེད་previous hit དགོངས་ཀྱིས། །སྡེ་ next hit་བཞི་རུ་འདུས་པ་ཡིན། །ཆོས་ཀྱི་འཁོར་ལོ་དང་པོ་བསྐོར། །ཀུན་འབྱུང་འཕགས་པའི་བདེན་པ་དང་། །སྡུག་བསྔལ་འཕགས་པའི་བདེན་པ་དང་། །ལམ་ནི་འཕགས་པའི་བདེན་པ་དང་། །འགོག་པ་འཕགས་པའི་བདེན་པ་དང་། །བདེན་པ་རྣམ་པ་བཞི་དག་ནི། །ཉན་རང་ཐེགཔར་བཞེད་པ་ཡིན། །ཉན་ཐོས་ལུགས་ཀྱི་ཐེག་པ་ནི། །ཤེས་བྱ་རྣམ་པ་ཐ་དད་ཀྱང་། །བདེན་པ་བཞི་རུ་འདུས་པར་འདོད། །སྡུག་བསྔལ་ཀུན་འབྱུང་བདེན་པ་དང་། །འགོག་པ་ལམ་གྱི་བདེན་པའོ། །འབྲས་བུར་གྱུར་པའི་ཕུང་པོ་ལྔས། །སྡུག་བསྔལ་གསུམ་བརྒྱད་བཅུ་གཉིསགཅིག་སོགས། །གཞི་དང་རྟེན་དུ་གྱུར་པའི་ཕྱིར། །གཉིས་གྱུར་ལས་དང་ཉོན་མོངས་ཏེ། །འཁོར་བའི་སྡུག་བསྔལ་ཀུན་འབྱུང་རྒྱུར། །གསུམ་པ་ཆོས་ཉིད་དེ་བཞིན་ལ། །གློ་བུར་དྲི་མ་དང་བྲལ་སེམས། །ཉོན་མོངས་ཚོགས་རྣམས་མ་ལུས་པ། །མི་སྐྱེ་བ་ཡི་གནས་སྐབས་ཏེ། །འཁོར་བའི་སྡུག་བསྔལ་འགོག་ཕྱིར་རོ། །ལམ་རྣམས་ཀྱི་ནི་བདེན་པ་ནི། །ཤེས་རབ་རྣམ་པ་གསུམ་དག་གིས། །བླ་ན་མེད་པའི་བྱང་ཆུབ་ཀྱི། །རྒྱུ་དག་ཏུ་ནི་བསྔོས་པས་ཏེ། །འགོག་པ་སྔོན་དུ་འབྱིན་པའི་ཕྱིར། །དེ་དག་གཅིག་ཏུ་བསྡུས་ལགས་ན། །སྔ་མ་རྣམ་པ་གཉིས་དག་

(༥༢)གིས། །འཁོར་བའི་རྒྱུ་དང་འབྲས་བུར་འདུས། །འགོག་པ་དང་ནི་ལམ་ཉིད་ཀྱིས། །མྱ་ངན་འདས་པའི་རྒྱུ་འབྲས་སུ། །ལམ་དང་འབྲས་བུ་དག་ཏུ་བཞེད། །སྡུག་བསྔལ་གྱི་ནི་མཚན་ཉིད་ཀྱིས། །ཤེས་པར་བྱས་ནས་དེས་འཇིག་པ། །ཀུན་འབྱུང་ངན་སོང་འཁོར་བའི་རྒྱུ། །ཆོས་ཉིད་བྱང་ཆུབ་སེམས་ཉིད་ནི། །ཉོན་མོངས་པར་སྣང་དེ་བཞིན་ནི། །དུག་དང་ཚེར་མ་ལྟར་སྤོང་བྱེད། །དེ་ཡི་ཆོས་ཉིད་མི་མཐོ་ཡང་། །དེ་ལྟར་བདེན་པ་བཞི་དག་ལ། །སྤོང་ལེན་སྣ་ཚོགས་བྱས་པ་ཡིས། །ཆོས་རྣམས་ཀུན་གྱི་ཆོས་ཉིད་ལས། །དེ་དོན་མི་མཐོང་སྤངས་པ་ཡིན། །དེ་ཡི་མཚན་ཉིད་ཕྱིར་ཞེ་ན། །སྤངས་པའི་སྡུག་བསྔལ་ཀུན་འབྱུང་སྤངས། །བདེན་པ་གཉིས་པོ་སྤངས་པ་ཡིས། །ཉན་ཐོས་ཐེག་པར་བཞེད་པ་ཡིན། །ཉན་ཐོས་དག་གི་ཐེག་པ་ནི། །དཔེར་ན་མི་ཅིག་བརྐྱལ་བའི་དཔེ། །གཅིག་པོ་ཆུ་ལ་བརྒལ་བ་ལྟར། །རང་ཉིད་གཅིག་པུ་ཞི་བ་དང་། །དུལ་བ་མྱ་ངན་འདའ་བར་བཞེད། །རྣམ་ཤེས་རྡུལ་ཕྲན་རྫས་སུ་བཞེད། །ཉན་ཐོས་གོ་བ་ཉི་ཤུ་སྟེ། །གྲུབ་མཐའི་བྱེ་བྲག་ཤེས་པར་བྱ། །གང་ཞིག་གྲུབ་མཐའ་བསྒྱུར་བ་དང་། །མ་བསྒྱུར་བ་ཡི་ས་མཚམས་ཀྱང་། །ཡོངས་སུ་རྣལ་འབྱོར་ལུང་ལས་ཀྱང་། །སྐྱེས་བུ་ཁྱོད་ནི་ཇི་ལྟ་བུ། །གང་ནས་འོངས་ཏེ་ཇི་ལྟར་གནས། །དོན་གྱི་ཆེད་ཀར་འགྱུར་གྱི་གོང་། །དེ་ཉིད་དུ་ནི་ལན་བཏབ་པ། །མུན་སྣང་གཉིས་ཀྱི་མཚམས་ནས་འོངས། །རང་བཞིན་ངོ་བོར་གནས་ཅི་གུ། །ལུང་ཆེན་དག་ལས་གསུངས་པ་ཡང་། །ད་ནི་ཅུང་ཟད་དབྱེ་བར་བགྱི། །གང་དང་གང་ཞིག་མུ་སྟེགས་བྱེད། །

(༥༣)ནང་པ་མཆོག་གི་སངས་རྒྱས་ཀྱི། །ལུང་དང་རིགས་པ་ལ་བརྟེན་ནས། །དངོས་སམ་མོས་པའི་ཡུལ་དུ་ནི། །རྟག་དང་ཆད་དང་བདག་མེད་རྟོགས། །གྲུབ་མཐའ་བློས་བསྒྱུར་བློས་མ་བསྒྱུར། །མ་རྟོགས་གྲུབ་མཐས་བློ་བསྒྱུར་བ། །གྲུབ་མཐའ་དག་ཀྱང་རྣམ་གཉིས་ཏེ། །ཕྱི་པ་དག་དང་ནང་པའོ། །སྤྲུལ་སྐུ་དག་གི་བསྟན་པ་ཡི། །གྲུབ་མཐའ་དག་ཀྱང་གསུམ་དུ་བཞེད། །ཉན་རང་བྱང་ཆུབ་སེམས་དཔའ་འོད། །ཉན་ཐོས་གང་ཟག་བདེན་མེད་རྟོགས། །བྱེ་བྲག་མདོ་སྡེ་ལ་སོགས་པ། །ལྟ་བའི་བྱེ་བྲག་ཐ་དད་ཀྱང་། །ཉན་ཐོས་རྣམས་ཀྱི་ཐེག་པ་ནི། །ལྟ་སྒོམ་དག་ནི་མདོར་བསྡུས་ན། །རྣམ་པ་དགུ་རུ་ཤེས་པར་བྱ། །འཇུག་སྒོ་ལྟ་བ་རྟོགས་པའོ། །ཉམས་སུ་ལེན་པའི་སྒོམ་པ་དང་། །འབྲས་བུ་ཡི་ནི་ཐོབ་ཚུལ་ལོ། །ཀུན་འབྱུང་གི་ནི་བདེན་པ་ནི། །ལས་རྣམས་དང་ནི་ཉོན་མོངས་ཚོགས། །སྡུག་བསྔལ་གྱི་ནི་བདེན་པ་ནི། །ལས་རྣམས་དང་ནི་ཉོན་མོངས་ཚོགས། །སྡུག་བསྔལ་གྱི་ནི་བདེན་པ་ནི། །ཆོས་ཀྱི་བདག་དོན་དམ་པར་འདོད། །གང་ཟག་གི་ནི་བདག་མེད་རྟོགས། །འགོག་པ་མི་ནི་བདེན་པ་ཡིས། །དེ་བཞིན་ཉིད་ལ་གློ་བུར་གྱི། །དྲི་མ་དག་ནི་དང་བྲལ་བ། །སྡུག་བསྔལ་དང་ནི་ཀུན་འབྱུང་བ། །སེམས་ཅན་རྒྱུད་ལ་ཡོད་ལགས་ཀྱང་། །འཕགས་པའི་བདེན་པ་མཐོང་བ་ལྟར། །འཕགས་པའི་བདེན་པ་ཞེས་བྱར་བརྗོད། །ཉན་ཐོས་ཚུལ་ཁྲིམས་སྡོམ་པ་ནི། །གདུལ་བྱ་མུ་སྟེགས་ཕྱ་ལ་སོགས། །སྟོན་པའི་ཐུགས་རྗེ་བྱིན་རླབས་ནས། །མ་རྟོགས་འགྲོ་དྲུག་སེམས་ཅན་དང་། །ལོག་རྟོག་མུ་སྟེགས་ཚོགས་རྣམས་ནི། །སྐྲ་དང་ཁ་སྤུ་བྲེགས་ནས་སུ། །རྒྱལ་བའི་བསྟན་ལ་རབ་དད་ནས། །དགེ་སློང་དགྲ་བཅོམ་མདུན་དག་ཏུ། །བདག་ཉིད་མྱ་ངན་འདའ་སེམས་བསྐྱེས། །དགེ་སློང་དགེ་གཉེན་

(༥༤)ཕོ་མོ་བཞི། །དགེ་ཚུལ་བར་སློབ་ཡན་ལག་བརྒྱད། །རྒྱས་བསྡུས་གང་ཡིན་ལེགས་པར་འདོད། །དམ་ཆོས་འདུལ་བའི་ལུང་ལས་ཀྱང་། །ལེན་པར་འདོད་ཅིང་ཐོབ་པར་ཤེས། །མྱ་ངན་འདས་པའི་བསམ་པ་ཅན། །དེ་ཡིས་འདུལ་ཁྲིམས་རྫོགས་པར་བཤད། །བརྗོད་པ་གསུམ་གྱི་ཐ་མ་ལ། །ཐོབ་པ་དག་ཏུ་བཞེད་པ་ཡིན། །འཁོར་བ་དག་གི་སྡུག་བསྔལ་ལས། །མྱ་ངན་འདས་དྲུག་བསྟོན་པ་སྟེ། །དེ་ལས་གྲོལ་ན་མྱ་ངན་འདས། །མྱ་ངན་འདས་པའི་བསམ་པ་ཅན། །བརྟན་པོར་བྱ་བ་མན་ངག་ཡིན། །ཐེག་པ་བྱ་བའི་མཚན་ཉིད་ཀྱང་། །ལམ་དང་འབྲས་བུར་བཅས་པ་ལ། །ཐེག་པ་ཞེས་སུ་སྨོས་པ་སྟེ། །འདེགས་བྱ་འདེགས་བྱེད་འདེགས་པ་དངོས། །བཏེག་པ་གསུམ་དང་ལྡན་པའི་ཕྱིར། །ཞོན་པ་དག་ལ་ཞོན་པའི་དཔེ། །གར་འདོད་ཡུལ་དུ་ཕྱིན་པ་ལྟར། །རྫོགས་པ་ཆེན་པོའི་རྒྱུད་ལས་ཀྱང་། །སྡུག་བསྔལ་སྤོང་བའི་ཉན་ཐོས་ནི། །ཡེ་ཤེས་ཡུལ་མེད་བཅུ་དྲུག་གིས། །གང་ཟག་མཚན་མའི་ཆོས་འདི་ལ། །བདག་ཅེས་བྱ་བ་མེད་པར་བལྟ། །ཆོས་བདག་མེད་པའི་དོན་མ་རྟོགས། །རང་གི་དགེ་བའི་བཤེས་གཉེན་ལ། །ཅི་སྲིད་འཚོའི་བར་དུ་ནི། །ཞི་བ་ཡི་ནི་དམ་ཆོས་རྣམས། །ཉན་ཞིང་ཐོས་པས་ཉན་ཐོས་ཡིན། །ཉན་ཐོས་ཐེག་པའི་འདུལ་ཁྲིམས་ནི། །གྲངས་ཅན་དག་ཏུ་བསྲུང་ལུགས་བསྟན། །འདུལ་ཁྲིམས་དོན་ནི་དྲུག་གིས་བསྟན། །ངོ་བོ་ངེས་ཚིག་གཏོང་ཐོབ་དུས། །རྣམ་གྲངས་བསྲུང་བའི་ཡོན་ཏན་དང་། །མ་ཐུབ་མ་སྲུངས་སྐྱོན་རྣམས་སོ། །ངོ་བོ་ལུས་ངག་ཡིད་གསུམ་དུ། །བསྲུང་བར་བྱ་བའི་སྡོམ་པ་དང་། །སྤང་བར་བྱ་བའི་མི་དགེ་བ། །ཅུང་ཟད་ཙམ་ཡང་འདའ་མི་བྱེད། །རྣམ་གྲངས་

(༥༥)ཆད་ལྷག་མེད་པར་བསྲུང་། །དགེ་སློང་ཕ་ཡི་ཚུལ་ཁྲིམས་ནི། །ཉི་བརྒྱ་ལྔ་བཅུ་རྩ་གསུམ་སྟེ། །ཕས་ཕམ་པ་ཡི་ཆོས་བཞི་དང་། །དགེ་འདུན་ལྷག་མ་བཅུ་གསུམ་དང་། །སྤངས་པའི་ལྟུང་བ་སུམ་བཅུ་དང་། །ལྟུང་བྱེད་འབའ་ཞིག་དགུ་བཅུ་ལ། །སོ་སོར་བཤགས་པ་བཞི་དག་དང་། །ཉེས་བྱས་བརྒྱད་དང་བཅུ་གཉིས་ཏེ། །འབྲལ་མེད་བསྲུང་བ་ཉིས་བརྒྱ་དང་། །ལྔ་བཅུ་རྩ་གསུམ་ཁྲིམས་ཡིན་ནོ། །དགེ་སློང་མ་ཡི་ཚུལ་ཁྲིམས་ནི། །སུམ་བརྒྱ་དང་ནི་དྲུག་བཅུ་སྟེ། །ཕས་ཕམ་བརྒྱད་དང་ཉི་ཤུ་ལྷག །སྤངས་པའི་ལྟུང་བ་བཞི་བཅུ་ལ། །ལྟུང་བྱེད་དག་ནི་འབའ་ཞིག་ས། །བརྒྱ་དང་བརྒྱད་བཅུ་དག་ཏུ་བཞེད། །སོ་སོར་བཤགས་པ་བཞི་དང་ནི། །ཉེས་བྱས་བརྒྱད་བཅུ་རྩ་གཉིས་ཏེ། །དགེ་སློང་མ་ཡི་ཁྲིམས་རྣམས་ནི། །དྲིལ་བས་སུམ་བརྒྱ་དྲུག་བཅུའོ། །བར་སློབ་ཁྲིམས་ནི་བདུན་ཡིན་ནོ། །དགེ་གཉེན་ཚུལ་ཁྲིམས་བསྲུང་བ་ནི། །རྩ་བ་བཞི་དང་ཡན་ལག་ལྔ། །ཁྱིམ་པ་ཡན་ལག་བརྒྱད་པར་བཞེད། །དམ་ཆོས་འདུལ་བའི་ཕུང་པོ་ལ། །རྒྱ་ཆེ་གྲངས་མང་གསུངས་ན་ཡང་། །ཚུལ་ཁྲིམས་དག་ཏུ་འདུས་པ་ཡིན། །དེ་ཕྱིར་ཉན་ཐོས་བྱིས་པའི་སྡེ། །དཀའ་ཐུབ་དཀའ་སྤྱད་དུ་མ་ཡིས། །ཚུལ་ཁྲིམས་བསྲུང་བ་མན་ངག་ཡིན། །ཚུལ་ཁྲིམས་རྣམ་དག་བསྲུང་བ་ནི། །ཉོན་མོངས་དགྲ་ལས་གཡུལ་རྒྱལ་ཞིང་། །འཆི་བའི་འཆི་བ་འབྱིན་པར་བྱེད། །ཚུལ་ཁྲིམས་རྣམ་དག་མ་བསྲུངས་ན། །གང་ཞིག་ཚུལ་ཁྲིམས་ཆལ་པ་ཡིས། །ངན་སོང་གསུམ་དུ་དེ་འགྲོ་སྟེ། །ཐོས་པ་མང་པོས་སྐྱོབ་མི་ནུས། །འདུལ་བ་ལུང་ལས་གསུངས་པ་ཡང་། །ཉན་ཐོས་ཐེག་

(༥༦)previous hit ་ཉིད་ལ་དགོངས next hit། །སྤྲུལ་སྐུའི་ཐེག་པ་རྣམ་གསུམ་གྱིས། །དང་པོར་གཞི་འཇིན་ཉན་ཐོས་ནི། །ཐེག་པ་དག་ཏུ་གསུངས་པ་ཡིན། །རྣལ་འབྱོར་ཆེན་པོའི་ལུང་ལས་ཀྱང་། །བདེན་བཞིའི་དོན་རྟོགས་རབ་ཏུ་སྤོང་བྱེད་ཅིང་། །ཡེ་ཤེས་བཅུ་དྲུག་ཆ་སྦྱངས་རབ་ཞི་བ། །རྒྱུན་ཞུགས་ལ་སོགས་རིམ་པས་སྦྱངས་ནས་ནི། །ཉན་ཐོས་དགྲ་རྣམས་ཞི་བའི་ས་རུ་འགྲོ། །ཐེག་ཆེན་ལུང་ལས་གསུངས་པ་ཡང་། །ཉན་ཐོས་རིགས་ཅན་སྐྱེས་བུ་ཡིས། །གྲངས་མེད་བསྐལ་པ་དུ་མར་ཡང་། །བདེན་བཞི་ལྟ་ཞིང་བདེན་བཞི་སྦྱོང་། །བཅུ་དྲུག་བྱེ་བྲག་སོ་སོར་དབྱེ། །རྡུལ་ཕྲན་གཞན་འཇོག་བྱེ་བྲག་གིས། །རྒྱུན་ཞུགས་ལྔ་པོ་ཞི་བར་སྦྱངས། །ཉོན་མོངས་ཚོགས་རྣམས་དགྲ་གཤེད་ལྟར། །སྦྱོང་ཞིང་གོམས་པ་མཐར་ཕྱིན་པས། །ཞི་བའི་གནས་སུ་དེ་འགྲོ་སྟེ། །ཉན་ཐོས་འབྲས་བུའི་ཐོབ་ཚུལ་ཡིན། །གང་ཟག་འགའི་བཞེད་དགོངས་ཀྱི་ས། །ཉན་ཐོས་གཞན་དོན་མི་འབྱུང་སྐད། །རིགས་ཀྱི་རིགས་ཅན་འདུལ་བའི་ཕྱིར། །ཐེག་ཆུང་ཉན་ཐོས་བྱིས་པའི་རིགས། །ཉན་ཐོས་ཐེག་པའི་རིགས་སྐྱེས་པ། །ཚད་མེད་གྲངས་ལས་འདས་པའི་ཕྱིར། །ཐེག་ཆུང་ཉིད་ཀྱིས་བློ་དམན་འདུལ། །ནེ་ཚོ་བསེ་རུ་ཁྱུང་ལྡིང་བཞིན། །གྲངས་མེད་ཕྱོགས་གཅིག་ཞི་བ་ཡི། །འགོག་པའི་ས་ལས་འགོད་པ་ནི། །ཉན་ཐོས་དག་གི་ཕྲིན་ལས་ཡིན། །ཡུམ་ཆེན་ཕ་རོལ་ཕྱིན་པ་ལས། །ཉན་ཐོས་དག་གི་རྒྱུ་དང་ནི། །ལམ་དང་འབྲས་བུ་ཤེས་བྱས་ཏེ། །རྒྱུ་ལམ་འབྲས་བུ་ཐམས་ཅད་ལས། །བཟློག་ཅིང་འགོག་པར་གནས་མི་བྱེད། །ཕ་རོལ་ཕྱིན་ལས་གསུངས་པ་ཡང་། །འདི་འདྲའི་དོན་ལ་previous hit དགོངས next hit་ཡིན། །ཉན་ཐོས་གྲུབ་མཐའ་ཐམས་ཅད་ལས། །སྤྱོད་ལུགས་གྲངས་མེད་

(༥༧)གསུངས་ན་ཡང་། །སྦྱངས་པའི་ཡོན་ཏན་བཅུ་གཉིས་ནི། །ཉན་ཐོས་འདུལ་ཁྲིམས་སྤྱོད་པ་ཡིན། །དུར་ཁྲོད་ཤིང་དྲུང་ཕྱག་དར་ཁྲོད། །བླ་གབ་མེད་དང་ཅོག་བུ་བ། །ཕྱིས་མི་ལེན་དང་སྟན་གཅིག་པ། །རྐང་པ་དག་ནི་སྐུད་པ་བྲལ། །ཆོས་གོས་གསུམ་དང་ཆིང་པ་བ། །གཞི་ཇི་བཞིན་པ་དང་བསོད་སྙོམས་པ། །སྦྱངས་པ་བཅུ་གཉིས་མཐར་ཕྱིན་པ། །ཉན་ཐོས་སྤྱོད་པར་བཞེད་པ་ཡིན། །ལུས་ངག་ཡིད་ཀྱི་སྒོ་གསུམ་དུ། །སྤོང་ལེན་འགོག་པ་རྒྱུན་མི་འཆད། །སྣོད་ཡུལ་དག་ནི་འདོད་ཡོན་ལྔ། །སྣང་བས་འཇིགས་པའི་འདུ་ཤེས་ཀྱིས། །དགྲ་གཤེད་བཞིན་དུ་འགོག་བྱེད་པ། །ཟིན་དང་སྦྱངས་དང་བྲལ་ཞི་བ། །དངོས་མེད་རྟོགས་དང་རྣམ་པར་སྤོངས། །ཨུ་པ་ལི་ཡི་མདོ་ལས་ཀྱང་། །ཐེག་པ་རེ་ལ་ལྟ་བ་རེ། །ཉན་ཐོས་ལྟ་བ་གྲངས་མེད་གསུངས། །ཉན་ཐོས་དག་གི་ལྟ་བ་ནི། །ལུང་ཚིག་འདི་རུ་འདུས་པ་ཡིན། །མདོ་སྡེ་ཡན་ལག་བཅུ་གཉིས་ཀྱང་། །ཐེག་པ་ཀུན་གྱི་སྤྱི་ཁར་གནས། །ལམ་ཕྲན་ཞུགས་པའི་ཐེག་པར་ཡང་། །ཉན་ཐོས་དག་གི་ཐོབ་སྐལ་དུ། །ཐེག་དམན་ཡན་ལག་བཅུ་གཉིས་སུ། །མཁས་པ་འགའ་ཞིག་བཞེད་པར་སྣང་། །ཐེག་པ་རེ་ལ་འཇུག་སྒོ་རེ། །ཐེག་པ་རེ་ལ་ལྟ་བ་རེ། །ཐེག་པ་རེ་ལ་སྤྱོད་པ་རེ། །ཐེག་པ་རེ་ལ་བསྲུང་སྡོམ་རེ། །ཐེག་པ་རེ་ལ་སྒོམ་ས་རེ། །ཐེག་པ་རེ་ལ་ས་ལམ་རེ། །ཐེག་པ་རེ་ལ་འབྲས་བུ་རེ། །ལ་དགུ་དང་ནི་ལུང་དགུ་སྟེ། །ལམ་དགུ་བསྒྲོད་པའི་ཐེག་དགུ་ལས། །ལྟ་སྒོམ་སྤྲོད་གསུམ་ལ་སོགས་པ། །ཆེ་ཆུང་ཡངས་དོག་མ་གཏོགས་པ། །བཞེད་previous hit དགོངས་རྣམ་ next hit

(༥༨)གྲངས་མང་ཡང་། །རྣམ་གྲངས་ས་སྤྱོད་མཐུན་པ་ཡིན། །རང་གི་ཉན་ཐོས་དགེ་བའི་བཤེས། །ཉན་ཐོས་སྟེན་པ་དག་ལས་ཐོས། །རྣམ་གྲངས་དྲུག་གིས་བསྟན་པ་ནི། །བདེན་པ་བཞི་ཡི་སྒོ་ནས་འཇུག་རྟོགས་པ་དག་གི་ལྟ་བ་ནི། །གང་ཟག་བདག་མེད་རྟོགས་པ་ཡིན། །སྒོམ་པ་ཏིང་འཛིན་བདེན་བཞི་དང་། །བཅུ་དྲུག་དག་ཏུ་ཕྱེ་ནས་བསྒོམ། །དམ་ཆོས་འདུལ་བའི་བཀའ་ལས་ནི། །སོ་སོ་ཐར་པ་རིགས་བདུན་ལ། །ཚུལ་ཁྲིམས་བསྲུང་བ་སྡོམ་པ་ཡིན། །སྦྱངས་པ་བཅུ་གཉིས་སྤྱོད་པ་སྟེ། །ལུང་ཕྲན་དག་ནི་བཅུ་གཉིས་ཀྱང་། །ལམ་རྐྱེན་དག་ཏུ་བཞེད་པ་ཡིན། །དེ་རྣམས་སྦྱངས་ཤིང་མཐར་ཕྱིན་ན། །འབྲས་བུ་དགྲ་བཅོམ་ཐོབ་པ་ཡིན། །སངས་རྒྱས་འཇིག་རྟེན་བྱོན་པ་དང་། །ཆོས་ཀྱི་འཁོར་ལོ་དང་པོ་བསྐོར། །བདེན་བཞི་ཆོས་ཀྱི་འཁོར་ལོ་བསྐོར། །དམ་ཆོས་འདུལ་འདི་ཡོད་ལགས་ན། །སངས་རྒྱས་བསྟན་པ་རྒྱས་པ་ཡིན། །ཉན་ཐོས་དག་གི་ཐེག་པ་ཡང་། །བསྟན་པ་ཀུན་གྱི་གཞི་རྟེན་ཡིན། །དེ་ཡང་ལྷག་བཅས་ལྷག་མེད་དོ། །བདེ་གཤེགས་རྒྱལ་བའི་ལུང་ལས་ཀྱང་། །དེ་ལ་གནས་ཤིང་གནས་མི་བྱ། །གོང་ནས་གོང་དུ་རྫོགས་ལགས་ན། །ཆོས་དབྱིངས་ནམ་མཁའ་མཐའ་ཡས་ལ། །འཁོར་འདས་རང་བྱུང་བདེ་བ་ཆེ། །ལྷུན་གྲུབ་རང་བྱུང་བདེ་ཆེན་རྟོགས། །ཉན་ཐོས་ཞི་བའི་མཐའ་ལས་གྲོལ། །ས་ལམ་བསྒྲོད་ཅིང་ས་ལམ་རྫོགས། །མ་ཧཱ་མུ་དྲ་དེ་བཞིན་རྒྱུད། །འབྲས་བུ་མཐར་ཕྱིན་ལུང་ལས་ཀྱང་། །སྟོན་པ་བསྟན་པ་དམ་ཆོས་དང་། །འགྲོ་དྲུག་མུ་སྟེགས་ཉན་ཐོས་ཐེག །ཐམས་ཅད་སྐྱེ་མེད་འགག་མེད་དུ། །ལྷན་སྐྱེས་ལྷུན་གྲུབ་རོ་གཅིག་རྟོགས། །འགྲོ་བ་དྲུག་དང་མུ་སྟེགས་གསུམ། །ཉན་ཐོས་བཞི་སྦྱངས་བདེན་

(༥༩)པ་བཞི། །ངར་འཛིན་ལྟ་བ་བཅུ་དག་གིས། །མཐའ་རྣམས་ཀུན་ལས་གྲོལ་བར་བྱེད། །བདེ་གཤེགས་བཀའ་དང་བླ་མའི་ལུང་། །བཀའ་དང་བསྟན་བཅོས་སྒྲ་དོན་འབྲེལ། །རྟོགས་པ་མུན་སེལ་སྒྲོན་མེ་གཏམས། །རྣལ་འབྱོར་རང་བྱུང་རྡོ་རྗེ་ཡིས། །སྒྲ་དོན་དང་ནི་གྲུབ་མཐའ་རྣམས། །སྒྲ་དོན་མ་འདྲེས་སོ་སོར་རྟོགས། །ཅུང་ཟད་ཙམ་ཅིག་གོ་བ་ལགས། །མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཉན་ཐོས་བདེན་བཞིའི་སྐབས། །ཡུམ་ཆེན་ཕ་རོལ་ཕྱིན་མ་ལས། །དམྱལ་སོགས་འགྲོ་བ་དྲུག་དང་ནི། །ལྟ་ལོག་མུ་སྟེགས་གྲུབ་མཐའ་དང་། །ཉན་ཐོས་ཐེག་པའི་གཞི་རྟེན་གྱི། །རྒྱུ་ལམ་འབྲས་བུ་ཤེས་བྱ་ཞིང་། །རྒྱུ་ལམ་ཀུན་ལས་བཟློག་ནས་ཀྱང་། །དེ་དང་དེ་ལ་གནས་མི་བྱ། །གོང་ནས་གོང་དུ་བོགས་འདོན་ཞིང་། །རང་རྒྱལ་ལ་སོགས་ཐེག་པ་རྣམས། །ཟླ་བ་ཉ་རྒྱས་ཇི་བཞིན་དུ། །གོང་ནས་གོང་དུ་རྫོགས་པར་བགྱི། །རང་རྒྱལ་ཐེག་པ་བར་པ་ནི། །ཞོར་འགྲོས་ཞོར་འབྱུང་དག་ཏུ་བཞེད། །གནས་ལུགས་སྤྲིན་མེད་ཉི་ཤར་ལ། །མ་རིག་མུན་པ་ལྟ་བུས་སྒྲིབས། །འགྲོ་དྲུག་ཀུན་གྱི་འབྱུང་གཞི་ནི། །མ་རིག་ལ་སོགས་རྟེན་འབྲེལ་གྱི། །བཅུ་གཉིས་དག་ལས་བྱུང་བ་ཡིན། །མ་རིག་རྐྱེན་གྱིས་འདུ་བྱེད་དེ། །རྣམ་ཤེས་རྐྱེན་གྱིས་མིང་དང་གཟུགས། །སྐྱེ་མཆེད་དྲུག་དང་རེག་དང་ཚོར། །སྲེད་ལེན་སྲི་དང་སྐྱེ་བ་སྟེ། །རྒ་ཤི་རྒུད་དང་ན་བ་ནི། །མྱ་ངན་སྨྲེ་སྔགས་སྡུག་བསྔལ་སོགས། །རེག་ལ་རེག་པས་ཆོས་གཉིས་ཏེ། །བྱེད་པའི་སྐྱེས་བུ་བཅུ་གཉིས་ཏེ། །རྟེན་འབྲེལ་བཅུ་གཉིས་རྐྱེན་དབང་གིས། །ཁམས་གསུམ་འཁོར་བའི་ཤིང་རྟ་ལྟར། །མཚན་ཉིད་

(༦༠)རྟེན་འབྲེལ་འཁོར་ལོ་བཞིན། །ཟོ་ཆུའི་མཁྱུད་མོ་ལྟ་བུར་ཡང་། །རྒྱུན་ཆད་མེད་པར་རིགས་དྲུག་ཏུ། །སྣ་ཚོགས་ལུས་ཅན་འཁོར་བ་སྟེ། །ལུགས་འབྱུང་རྟེན་འབྲེལ་རྒྱུ་འབྲས་ཡིན། །རང་སངས་རྒྱས་ཀྱི་ཐེག་པ་ནི། །དམ་ཆོས་མངོན་པའི་ལུང་ལས་ཀྱང་། །ཕྱི་ནང་རྟེན་འབྲེལ་ཚུལ་ཤེས་ཤིང་། །དངོས་པོ་གཟུགས་ལ་ཐོགས་མེད་འཇུག །བཤེས་གཉེན་མི་སློབ་རང་རིག་རྟོགས། །བྱང་ཆུབ་སར་འགྲོ་བདེ་བའི་མཆོག །སངས་རྒྱས་བཀའ་ལས་གསུངས་པ་དང་། །རང་རྒྱལ་དག་གི་འཇུག་སྒོ་ནི། །རྟེན་འབྲེལ་བཅུ་གཉིས་ལུགས་ལས་བཟློག །འགག་པའི་སྒོ་ནས་འཇུག་པ་ཡིན། །མ་རིག་འགགས་པས་འདུ་བྱེད་འགག །རྣམ་ཤེས་མིང་གཟུགས་སྐྱེ་མཆེད་དྲུག །རེག་ཚོར་སྲེད་ལེན་སྲིད་པ་འགག །སྐྱེ་རྒ་ན་འཆིའི་ཆུ་བོ་བཞི། །འཁོར་བའི་རྒྱུ་འབྲས་འགོག་པ་ཡིན། །རྟེན་འབྲེལ་བཅུ་གཉིས་གནས་འཇུག་གོ། །ཕྱི་དང་ནང་གི་རྟེན་འབྲེལ་རྣམས། །ཚུལ་དང་མཚན་ཉིད་ཤེས་པ་ཡིས། །དངོས་པོ་གདུགས་ཀྱི་བྱེ་བྲག་ལ། །གང་དང་གང་ལ་ཆགས་ཐོགས་མེད། །གཞན་རྐྱེན་སློབ་དཔོན་མི་དགོས་པར། །སྣ་ཚོགས་སུ་ཡང་རབ་ཏུ་འཇུག །རང་གིས་རང་རིག་རྟོགས་པ་ཡི། །གང་ཟག་བདག་མེད་རྟོགས་པ་དང་། །ཆོས་ཀྱི་བདག་མེད་ཕྱེད་རྟོགས་ཤིང་། །རང་བྱང་ཆུབ་ལ་རིམ་འཇུག་པས། །ཡིད་བཞིན་བདེ་བ་མཆོག་གི་ས། །ཕྱོགས་གཅིག་ཕྱོགས་འགའ་རྟོགས་པ་ཡི། །ས་དྲུག་ནོན་པས་རང་སངས་རྒྱས། །རྡོ་རྗེ་ཐེག་པའི་རྒྱུད་ལས་ཀྱང་། །མ་རིག་ནས་གཟུང་རྒ་ཤིའི་བར། །ལུགས་ལས་འབྱུང་ཞིང་ལུགས་ལས་བཟློག །གཅིག་ལ་གཅིག་བརྟེན་ལུགས་བཟློག་པས། །རག་ལས་ཆོས་སུ་འགག་པ་

(༦༡)ཡིན། །རག་ལས་པ་དང་ལས་ཆོས་ཏེ། །རང་རྒྱལ་ཐེག་པར་བཞེད་པ་ཡིན། །འཛིན་པའི་སེམས་ཀྱིས་མ་སྤངས་པ། །གཟུང་བའི་ཡུལ་ལས་རྣམ་རྟོག་བྲལ། །ཉན་ཐོས་དག་ལས་ཁྱད་པར་འཕགས། །རྩོལ་སྒྲུབ་མེད་པར་བདག་ཉིད་ནི། །བདག་མེད་དྲི་མ་མེད་པར་རྟོགས། །སྣང་བ་ཡུལ་གྱི་ཆོས་རྣམས་ལ། །ཕྱོགས་གཅིག་ཆ་ཙམ་བདག་མེད་རྟོགས། །རང་རྒྱལ་བྱ་བའི་ཐམས་ཅད་ཀྱིས། །ཉན་ཐོས་དང་ནི་རང་རྒྱལ་གྱི། །འཁོར་བ་ལས་ནི་ངེས་པར་འབྱུང་། །རང་ཉིད་བདེ་བ་ཐོབ་པ་ཡིན། །སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ། །ཐེག་པ་གསུམ་དུ་འདུས་པ་ལས། །རང་སངས་རྒྱས་ཀྱི་ཐེག་པ་ནི། །འདེགས་པ་དང་ནི་འདེགས་བྱེད་དེ། །ཐེག་པ་ཡི་ནི་དངོས་པོ་ལ། །ད་ནི་རབ་ཏུ་དབྱེ་བར་བྱ། །འཇུག་པའི་སྒོ་དང་ལྟ་བ་དང་། །སྒོམ་དང་སྤྱོད་དང་བསྲུང་སྡོམ་དང་། །ས་ལམ་འབྲས་བུ་ཐོབ་ལ་སོགས། །རང་རྒྱལ་འཇུག་པའི་སྒོ་དག་ནི། །རྟེན་འབྲེལ་བཅུ་གཉིས་ལུགས་ལས་བཟློག །ཕྱི་ནང་སྒོ་ནས་འཇུག་པ་ཡིན། །ལྟ་བ་གང་ཟག་བདག་མེད་རྟོགས། །ཆོས་ཀྱི་ལྟ་བ་བདག་མེད་རྟོགས། །རང་རྒྱལ་གྱི་ནི་ལྟ་བ་ཡིན། །རང་སངས་རྒྱས་ཀྱི་སྒོམ་པ་ནི། །རྟེན་འབྲེལ་བཅུ་གཉིས་ལུགས་ལས་བཟློག །བཅུ་གཉིས་སྒོ་ནས་ཉམས་སུ་ལེན། །རྒྱུན་ཞུགས་དགྲ་བཅོམ་ལ་སོགས་པ། །རིམ་གྱིས་བརྟན་པར་བྱེད་པ་ཡིན། །འཇུག་ཅིང་གོམས་པར་བྱེད་པ་ཡིན། །རང་རྒྱལ་ཐེག་པའི་ངོ་བོ་ནི། །རངགི་རྟེན་འབྲེལ་རང་རིག་ལས། །དགེ་གཤེས་དག་ལ་བརྟེན་མི་དགོས། །ཕྱི་ནང་གིས་ནི་རྟེན་འབྲེལ་རྣམས། །སྒྱུ་མ་མི་གཡོར་ཚུལ་ཤེས་པས། །རྣམ་རྟོག་སྣང་སེམས་རྣམ་

(༦༢)ལྔ་ལས། །བདག་རྟོགས་གཞན་ཕྱེད་རིག་པས་ན། །ཉན་ཐོས་དག་ལས་ཁྱད་པར་འཕགས། །རང་ཉིད་གཅིག་པུ་ཞི་དང་དུལ། །འཁོར་བ་ལས་བརྒལ་མྱ་ངན་འདས། །དང་པོ་བློ་ཆུང་བསམ་པ་ཡིས། །གང་ཟག་ཟག་མེད་དགེ་བ་དང་། །མུ་བཞི་དང་ནི་སྐྱེ་འགོག་སྟེ། །རྡོ་རྗེ་ཟེག་མ་ལ་སོགས་པ། །ཚོགས་ལམ་འབྲིང་པོའི་བཟོད་པ་དང་། །མན་ཆད་ཉན་ཐོས་དག་དང་ནི། །ལམ་རྣམས་གཅིག་ཅར་བསྒྲོད་པ་སྟེ། །བསྲུང་བྱ་དང་ནི་སྡོམ་པ་ཡིན། །རྟེན་འབྲེལ་དག་ནི་བཅུ་གཉིས་དང་། །བྱེད་པའི་སྐྱེས་བུ་བཅུ་གཉིས་ཏེ། །སྣོད་བཅུད་ལྟ་བུར་རྟོག་ཅིང་དཔྱོད། །རང་རྒྱལ་བ་ཡི་སྤྱོད་པ་ཡིན། །ཡིད་བཞིན་བདེ་བ་མཆོག་གི་ནི། །ས་ཐོབ་རང་རྒྱལ་འབྲས་བུ་སྟེ། །བསེ་རུ་དང་ནི་ནེ་ཙོ་ལྟར། །རིགས་ཅན་གྱིས་ནི་རིགས་ཅན་འདུལ། །ཁྱུ་ལྡིང་སུ་ནི་རང་བྱང་ཆུབ། །འགའ་ཞིག་གིས་ནི་བཞེད་པ་ཡིས། །རང་རྒྱལ་འཕགས་པའི་ཚོགས་རྣམས་ནི། །གཞན་དོན་ཕྲིན་ལས་མི་འབྱུང་སྐད། །དེ་ཡང་ལྷག་བཅས་ལྷག་མེད་དོ། །འགྲོ་དོན་རྣམ་པ་སྣ་ཚོགས་ནི། །རྩོལ་བ་རྩ་མེད་ཤུགས་ལས་འབྱུང་། །དུས་དང་གནས་དང་རྟེན་འབྲེལ་སོགས། །གྲངས་ཅན་དུ་ནི་བཞེད་པ་ཡིན། །ཕ་རོལ་ཕྱིན་པ་ཉིད་ལས་ཀྱང་། །གཟུགས་ནས་རྣམ་མཁྱེན་བར་དུ་ནི། །བློ་ཆུང་ཐེག་པ་དམན་པ་ཡིས། །འཁོར་འདས་ལམ་གྱི་ཆོས་རྣམས་ནི། །རྟེན་འབྲེལ་དང་ནི་བཅུ་དང་གཉིས། །ལུགས་འབྱུང་དང་ནི་ལུགས་ལས་བཟློག །ཟག་བཅས་ཟག་མེད་དགེ་བ་རྣམས། །རང་དོན་ཞི་བར་བསྔོ་བྱེད་པ། །རང་རྒྱལ་ཉིད་དུ་གོལ་བར་བཞེད། །ཐམས་ཅད་མཁྱེན་པ་སྡེ་གསུམ་ལས།

(༦༣)ཉན་ཐོས་དང་ནི་རང་སངས་རྒྱས། །ཐམས་ཅད་ཤེས་པ་ཉིད་དུ་བཞེད། །ཨ་ནུ་ཡོ་གའི་ལུང་ལས་ཀྱང་། །བཅོས་མ་ཕྲ་མེན་མ་རྣམས་ནི། །སྤྲུལ་སྐུའི་བསྟན་པ་དང་པོ་ཡི། །ཐེག་པ་དག་ནི་ཉན་རང་གཉིས། །བརྟེན་པ་བདེན་བཞིའི་འཁོར་ལོ་སྟེ། །ས་ལམ་འབྲས་བུའི་ཐོབ་ཚུལ་རྣམས། །བདེ་གཤེགས་བཀའ་དང་མཁས་པ་ཡི། །བསྟན་བཅོས་དག་ལས་ཤེས་པར་མཛོད། །རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། །རང་རྒྱལ་དག་གི་ཐེག་པ་ལས། །གང་དང་གང་གིས་སྨོད་མི་བྱ། །དེ་དག་གིས་ནི་བསྟན་པ་རྣམས། །མ་ལུས་བྱེ་བྲག་ཤེས་བྱ་ཞིང་། །དེ་དག་ལ་ཡང་གནས་མི་བྱ། །གསང་མཆོག་རྒྱུད་ལས་གསུངས་པ་དང་། །དོན་དམ་དང་ནི་ཀུན་རྫོབ་གཉིས། །སྣང་སེམས་ལྷན་སྐྱེས་དོན་རྟོགས་ཤིང་། །ཐེག་པ་ཆེ་དང་ཐེག་པ་ཆུང་། །ཉན་ཐོས་རང་རྒྱལ་ལ་སོགས་པ། །ཐེག་པའི་བྱེ་བྲག་གྲངས་མང་ཡང་། །ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་བཞིན། །རང་གི་རང་རིག་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཆོས་དབྱིངས་མི་འགྱུར་རྡོ་རྗེ་ནི། །བློ་འདས་ཆོས་སྐུ་དྲི་མ་མེད། །སྒོམ་ལམ་མཧཱ་མུ་དྲ་སྟེ། །ཉན་རང་ཐེག་པའི་བྱེ་བྲག་རྣམས། །རང་གྲོལ་ལྷན་སྐྱེས་བདེ་བ་ཆེ། །སྣང་སེམས་རོ་གཅིག་དོན་རྟོགས་སྐབས། །སྒྲ་དོན་རྟོགས་ན་སྒོམ་ཆེན་ཡིན། །རྣལ་འབྱོར་རང་བྱུང་རྡོ་རྗེ་ཡིས། །རྟོགས་པའི་ས་མཚམས་བཞི་པ་ཡིན། །རིགས་ལྡན་སློབ་མས་གོ་བར་མཛོད། །གྲགས་ཆེན་ཤེས་རབ་ཆེན་པོ་པ། །ཐུབ་ཆེན་དཔའ་བོ་ཆེན་པོ་པ། །སྲིད་པའི་མྱ་ངན་བརྒལ་བ་པོ།

(༦༤)མྱ་ངན་བརྒལ་ལ་ཕྱག་འཚལ་བསྟོད། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་ལྟར། །གྲགས་པ་འཇིག་རྟེན་བཀྲམ་པ་ལྷ་མེ་བ། །མགོན་པོ་མཆོག་ཉིད་ལ་ནི་སྐྱབས་སུ་མཆ། །བྱང་ཆུབ་ཆེན་པོའི་ཤིང་དྲུང་དུ། །བདུད་བཏུལ་མཉམ་གཞག་མངོན་སངས་རྒྱས། །སྟོན་པ་དེ་ཡི་ཞལ་སྔ་ནས། །མདོ་སྡེ་དང་ནི་མངོན་པ་སྟེ། །བྱང་ཆུབ་སེམས་ཀྱི་སྡེ་སྣོད་ནི། །རྒྱ་ཆེན་གཏིང་དཔག་དཀའ་བ་ཡི། །ཆོས་ཀྱི་ཕུང་པོ་བསམ་མི་ཁྱབ། །ལྷར་བཅས་འཇིག་རྟེན་འདི་ཉིད་དུ། །ཐེག་ཆེན་འཁོར་ལོ་རྒྱ་ཆེན་བསྐོར། །བྱིན་གྱིས་བརླབས་དང་ཞལ་ནས་གསུངས། །རྗེས་གནང་བཀའ་ལ་སོགས་པ་ཡི། །གྲངས་ཅན་དང་ནི་གྲངས་མེད་པས། །བྱང་ཆུབ་སེམས་ཀྱི་ཐེག་པ་ནི། །རིགས་ཅན་རྣམ་པར་འབྱེད་པའི་སར། །བཀའ་དང་བསྟན་བཅོས་དུ་མ་ཡིས། །ས་མཚམས་སོ་སོར་དབྱེ་བ་ནི། །བྱང་ཆུབ་སེམས་དཔའི་སྡེ་སྣོད་དེ། །བསྟན་པ་ཐེག་ཆེན་སྡེ་སྣོད་དེ། །གནས་ནི་བྱ་རྒོད་ཕུང་པོ་དང་། །རྡོ་རྗེ་གདན་ལ་སོགས་པ་ཡི། །སྤྲུལ་སྐུའི་བཞུགས་གནས་བསམ་མི་ཁྱབ། །དུས་གསུམ་དུས་མེད་ཐམས་ཅད་དུ། །གདུལ་བྱེད་དང་ནི་གདུལ་བྱ་རྣམས། །དེ་ཡི་ཚེ་དང་དེ་ཡི་དུས། །དུས་ནི་ཕུན་སུམ་ཚོགས་པ་སྟེ། །ས་བཅུ་ཡི་ནི་མགོན་པོ་དང་། །ཚོགས་སྦྱོར་ལམ་རྣམས་བསྒྲོད་པ་ཡི། །ཟག་བཅས་ཟག་མེད་ཟུང་འཇུག་གི། །བྱང་ཆུབ་སེམས་དཔའི་ཐེག་པར་བཞུགས། །ཐེག་ཆེན་རིགས་སུ་སྐྱེས་པ་ཡི། །ལྷ་མིན་ལ་སོགས་གདུལ་བྱ་རྣམས། །འཁོར་ནི་ཕུན་སུམ་ཚོགས་པ་ཡིན། །ཕུན་སུམ་ཚོགས་པ་ལྔ་བསྟན་ཡང་། །བཀའ་དང་བསྟན་བཅོས་གཉིས་སུ་འདུས། །བདེ་གཤེགས་བཀའ་ཡི་འོད་ཟེར་གྱིས། །སྒྲ་དོན་

(༦༥)ཤན་འབྱེད་ས་ལམ་རྫོགས། །མཁས་ལ་གྲུབ་པ་ཐོབ་པ་ཡི། །འཛམ་གླིང་རྒྱན་དྲུག་ལ་སོགས་ཀྱིས། །ཞལ་གྱི་བདུད་རྩིའི་ཆུ་རྒྱུན་གྱིས། །སྐལ་ལྡན་སྐྱེས་བུ་ཚིམ་མཛད་པའི། །སྐྱོན་དག་ས་ལམ་རྫོགས་པ་ཡི། །འཛམ་གླིང་རྒྱན་དྲུག་ལ་སོགས་ཀྱིས། །བྱང་ཆུབ་སེམས་ཀྱི་སྡོམ་པ་རྣམས། །མ་ལུས་ཡོངས་སུ་རྫོགས་འདོད་ན། །བཤེས་གཉེན་དམ་པ་བསྟོན་པར་བྱ། །ཐེག་ཆེན་མདོ་སྡེའི་ལུང་ལས་ཀྱང་། །བྱང་ཆུབ་སེམས་དཔའ་ཐོས་མང་དང་། །བདེན་མཐོང་སྨྲ་མཁས་བརྩེ་བ་ཅན། །སྐྱོ་མེད་སྐྱེས་བུ་དམ་པ་ནི། །ཆེན་པོ་ཡིན་པར་ཤེས་པར་བྱ། །བཤེས་གཉེན་སྤྲུལ་སྐུ་མཆོག་རྣམས་ལ། །མདོ་སྡེ་དང་ནི་མངོན་པ་ཡི། །བཀའ་འབྲེལ་སྣ་ཚོགས་ཉན་བྱ་ཞིང་། །ཐེག་པ་ཀུན་ལ་མཁས་པར་བསླབ། །བླ་མེད་མཆོག་གི་བཤད་རྒྱུད་ལས། །ཞལ་དུ་མ་གསུངས་དོན་དམ་ཉིད། །གསུང་གི་འགྱུར་མེད་དེས་མཚོན་པ། །སྐྱེས་བུ་རྒྱལ་པོའི་བཀའ་ལུང་ཡིན། །མདོ་སྡེ་དག་ཀྱང་རྣམ་པ་གཉིས། །དྲང་བ་དོན་གྱི་མདོ་སྡེ་དང་། །ངེས་པ་དོན་གྱི་མདོ་སྡེ་ལོ། མངོན་པ་དག་ཀྱང་གཉིས་སུ་བྱ། །དྲང་བ་དོན་གྱི་མངོན་པ་དང་། །ངེས་པ་དོན་གྱི་མངོན་པའོ། །རྒྱུ་འབྲས་གཙོ་ཆེར་སྟོན་པ་ནི། །དྲང་བ་དོན་གྱི་མདོ་སྡེ་ཡིན། །ལྟ་བ་ཕྱོགས་མེད་སྟོན་པ་ནི། །ངེས་པ་དོན་གྱི་མདོ་སྡེའོ། །མངོན་པ་མཛོད་ལ་སོགས་པ་ཡི། །ཕྱི་ནང་སྣོད་བཅུད་ལ་སོགས་པའི། །རྟེན་འབྲེལ་འཁོར་ལོ་རྒྱས་པར་སྟོ། །དྲང་བ་དོན་གྱི་མངོན་པ་ཡིན། །ཀུན་གཞི་གཏན་ལ་འབེབས་བྱེད་པའི། །དམ་ཆོས་མངོན་པའི་སྡེ་སྣོད་རྣམས། །བདེན་པ་གཉིས་སུ་གཏན་ལ་འབེབས། །སེམས་ཙམ་དབུ་མ་རབ་མི་གནས། །རྣམ་རིག་ལ་སོགས་ལྟ་བ་ཡིན། ངེས་དོན་གཏན་ལ་འབེབས་པ་ནི། །ངེས་པ་དོན་གྱི་མངོན་པའོ། །སྡེ་སྣོད་གཉིས་པོ་འདི་དག་གིས། །ཉན་

(༦༦)རང་བྱང་ཆུབ་སེམས་དཔའ་ཡི། །ཐེག་པ་གསུམ་ནི་སྟོན་པ་ཡིན། །གཙོ་ཆེན་ཐེག་ཆེན་སྟོན་པ་ལགས། །མཚན་བརྗོད་དག་གི་ལུང་ལས་ཀྱང་། །ཐེག་པ་གསུམ་གྱི་ངེས་འབྱུང་ལས། །ཐེག་པ་གཅིག་གི་འབྲས་བུར་གནས། །རྡོ་རྗེ་ཐེག་པའི་བཤད་རྒྱུད་ལས། །གཞིའི་ངེས་འབྱུང་ཐུན་མོང་ལམ། །དེ་བཞིན་རིག་ཅིང་ཐུན་མོང་ཡིན། །ཕྱི་རོལ་ལྟོས་པའང་ཐུན་མོང་ཡིན། །བྱང་སེམས་མཐའ་འདྲ་ངེས་པར་འབྱུང་། །ཉན་རང་འཁོར་བ་ངེས་པར་འབྱུང་། །གོང་ནས་རྒྱས་པར་བསྟན། །སྡེ་སྣོད་འདི་ཡི་previous hit དགོངས next hit་ལགས། །མདོ་སྡེ་མངོན་པ་བཞི་ཏུ་དབྱེ། །ཀྲི་ཡ་མདོ་སྔགས་མཚམས་སུ་ནི། །སྟོན་པ་དག་ནི་མཐུན་པ་ལགས། །བསྟན་པ་དག་ནི་མི་མཐུན་ནོ། །previous hit དགོངས next hit་གཅིག་ཏུ་འདུས་པ་ཡིན། །བྱང་ཆུབ་སེམས་ཀྱི་ཐེག་པ་ནི། །ས་བཅུ་ལམ་ལྔར་བཞེད་པ་སྟེ། །ཚོགས་ལམ་བཞི་གསུམ་བཅུ་གཉིས་དང་། །སྦྱོར་ལམ་ངེས་འབྱེད་ཆ་བཞི་ལ། །མཐོང་ལམ་དང་ནི་སྒོམ་ལམ་སྟེ། །འབྲས་བུ་མཐར་ཕྱིན་མི་སློབ་ལམ། །ས་བཅུ་རིམ་གྱིས་བསྒྲོད་པར་བཞེད། །འབྲས་བུ་བཅུ་གཅིག་ཀུན་ཏུ་འོད། །སྤྲུལ་སྐུའི་ས་ཏེ་བཅུ་གཅིག་པ། །མཁས་པ་འགའ་དང་འགའ་ཞིག་གིས། །སངས་རྒྱས་མི་ཙམ་དུ་ཡང་བཞེད། །ད་ནི་རྒྱས་པར་དབྱེ་བར་བགྱི། །ཐུབ་ཆེན་རྒྱལ་བ་གསེར་མདོག་ཅན། །ཕུན་སུམ་ཚོགས་པ་ལྔ་ལྡན་ཞིང་། །བཀའ་གསུམ་འཁོར་ལོ་བཞི་དག་གིས། །བསྟན་པ་ཡུན་དུ་གནས་པ་ཡིན། །མཛད་པ་བཅུ་གཉིས་རབ་རྫོགས་ཤིང་། །མངོན་པར་རྫོགས་པར་སངས་རྒྱས་ནས། །ཆོས་ཀྱི་འཁོར་ལོ་མ་བསྐོར་བར། །ཕྱི་སྣོད་ནང་བཅུད་ཐམས་ཅད་ཀྱང་། །སྤྲུལ་སྐུའི་ཞིང་དུ་བྱིན་རླབས་པ། །བྱིན་

(༦༧)རླབས་བཀའ་རུ་བཞེད་པ་ཡིན། །རྒྱལ་བས་དང་པོར་ཆོས་གསུངས་ནས། །བུད་ཤིང་ཟད་པའི་མེ་བཞིན་དུ། །ཡོངས་སུ་མྱ་ངན་མ་འདས་བར། །སྟོང་གསུམ་འཇིག་རྟེན་འདི་ཉིད་དུ། །ཕྱོགས་བཅུའི་སྤྲུལ་སྐུ་ཐམས་ཅད་དང་། །བྱང་ཆུབ་སེམས་དང་ཉན་རང་ཚོགས། །རྒྱལ་བ་སྲས་དང་བཅས་པ་ཡི། །ཞུ་བ་དང་ནི་ཞུས་ལན་དང་། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །འབྱུང་བ་ལྔ་ཡིས་བསྡུས་པ་ཡི། །ཕྱི་ནང་སྣོད་བཅུད་ཐམས་ཅད་ལས། །སྒྲ་སྐད་གྲག་ཚད་ཐམས་ཅད་སོགས། །ཞལ་ནས་གསུངས་པའི་བཀའ་རུ་བཞེད། །ཐུབ་པ་མྱ་ངན་འདས་ནས་ཀྱང་། །ཇི་སྲིད་བསྟན་པ་གནས་ཀྱི་བར། །ཐུབ་པ་མཆོག་གི་བྱིན་རླབས་ཀྱིས། །མཁས་དང་གྲུབ་པ་ཐོབ་པ་ཡི། །ས་ར་ཧ་དང་ཀླུ་སྒྲུབ་སོགས། །རྒྱལ་བས་ལུང་བསྟན་རྒྱལ་བློན་སོགས། །ལོ་པཎ་ཡི་གེའི་ཚོགས་རྣམས་དང་། །སྐུ་གསུང་ཐུགས་ཀྱི་རྟེན་ལ་སོགས། །ཡི་གེ་ཀ་ཙམ་ཡན་ཆོད་དང་། །བདེ་གཤེགས་གསུང་རབ་རྒྱ་མཚོ་རྣམས། །འཆད་དང་ཉན་དང་སྒོམ་ལ་སོགས། །བཀའ་དང་བསྟན་བཅོས་ཅི་བྱུང་ཡང་། །རྗེས་གནང་བཀའ་རུ་གསུངས་པ་ཡིན། །ཅི་ཕྱིར་ཞེ་ན་རྒྱལ་བ་ཡི། །དཀོན་མཆོག་བརྩེགས་པའི་མདོ་སྡེ་རུ། །དམ་ཆོས་གསུང་རབ་རྒྱ་མཚོ་རྣམས། །གསུང་ཞིང་གསུང་ངོ་གསུང་བར་འགྱུར། །མདོ་སྡེ་དང་ནི་མངོན་པ་ཡི། །ཐེག་ཆེན་བྱང་ཆུབ་སྡེ་སྣོད་རྣམས། །བཀའ་གསུམ་previous hit དགོངས next hit་གཅིག་ཏུ་རྫོགས། །ས་བཅུ་ལམ་ལྔ་དབྱེ་བར་བགྱི། །ལམ་ནི་རྣམ་པ་ལྔ་དག་གི། །དང་པོར་ཚོགས་ལམ་རྣམ་གསུམ་སྟེ། །ཕ་རོལ་ཕྱིན་པའི་ལུང་ལས་ཀྱང་། །ཚོགས་གཉིས་

(༦༨)ཐམས་ཅད་རབ་རྫོགས་ནས། །གཟུང་དང་འཛིན་པ་ཆོམས་པ་སྟེ། །རིམ་གྱིས་ལམ་ལྔ་རྫོགས་པར་བཞེད། །ཚོགས་ལམ་དུ་ནི་ཚོགས་བསགས་ཤིང་། །བྱང་ཆུབ་སེམས་ཀྱི་སྡོམ་པ་རྣམས། །གསེར་མདོག་ཅན་གྱིས་གསུངས་བཞིན་དུ། །བླ་མ་མཁས་ཤིང་སྡོམ་ལ་གནས། །ནུས་དང་ལྡན་ལ་བླང་བར་བྱ། །མདོ་སྡེ་དང་ནི་མངོན་པ་སོགས། །སྤྲུལ་སྐུའི་གསུང་ལས་མཁྱེན་པ་རྒྱས། །ཐེག་ཆེན་ནུས་པ་མཆོག་མངའ་བ། །བྱང་ཆུབ་སེམས་དཔའི་བཤེས་གཉེན་རྣམས། །མི་འབྲལ་རྒྱུན་དུ་བསྟེན་པར་བྱ། །བྱང་ཆུབ་སེམས་དཔའི་ཐེག་པ་རྣམས། །རྒྱ་ཆེ་གྲངས་མང་གསུངས་ན་ཡང་། །བསྡུ་ན་རྣམ་པ་དགུ་རུ་འདུས། །འཇུག་པར་བྱེད་པའི་སྒོ་དང་ནི། །སེམས་བསྐྱེད་པ་ཡི་སྡོམ་པ་དང་། །ལྟ་བ་དང་ནི་སྒོམ་པ་སྟེ། །སྤྱོད་པ་དང་ནི་ས་ལམ་སྦྱོང་། །མི་ཉམས་བསྲུང་དང་འབྲས་བུའོ། །མདོ་སྡེ་དང་ནི་མངོན་པ་ཡི། །བཀའ་གསུམ་ཆོས་ཀྱི་ཕུང་པོ་ལ། །ཐེག་ཆེན་བྱང་ཆུབ་སེམས་དཔའ་ཡི། །གཞི་ལམ་འབྲས་བུ་རབ་རྫོགས་ཤིང་། །མདོ་སྡེ་ཡན་ལག་བཅུ་གཉིས་ཏེ། །ཐེག་ཆེན་ཆོས་ཀྱི་ཕུང་པོ་ཡང་། །རྣམ་པ་གཉིས་སུ་འདུས་པ་ལགས། །བཀའ་ནི་མདོ་སྡེ་མངོན་པ་སྟེ། །གསེར་མདོག་ཅན་གྱི་རྗེས་འཇུག་ཅིང་། །ཐེག་ཆེན་རིགས་སུ་སྐུ་འཁྲུངས་ནས། །བཤད་དང་སྒྲུབ་previous hit ་ལ་སོགས་ཀྱིས། །ས་ལམ་མ་ལུས་རབ་རྫོགས་ནས། །བསྟན་བཅོས་དགོངས next hit་འགྲེལ་བསམ་མི་ཁྱབ། །སྒྲུབ་མཐའ་བཞེད་ལུགས་སྐར་ཚོགས་འདྲ། །ཐ་དད་དུ་མར་གསུངས་ན་ཡང་། །ལམ་ལྔ་རྫོགས་ཤིང་ས་བཅུ་བསྒྲོད། །འབྲས་བུ་ཐོབ་ཚུལ་སྤྲུལ་པའི་སྐུ། །ཐམས་ཅད་previous hit དགོངས next hit་མཐུན་པ་ཡིན། །ཐེག་པ་དག་ཀྱང་གསུམ་དུ་དབྱེ། །ཐེག་

(༦༩)དམན་ཉན་རང་ཐེག་པ་སྟེ། །གོང་དུ་རྒྱས་པར་བསྟན་པ་ལགས། །བྱང་ཆུབ་སེམས་དཔའི་ཐེག་པ་ནི། །འདི་རུ་ས་མཚམས་དབྱེ་བར་བྱ། །ཐེག་པ་ཡི་ནི་ངོ་བོ་དག །ཐེག་པ་མཆོག་གི་མཚན་ཉིད་དང་། །ཐེག་དང་ཆེ་དང་ཐེག་པ་ཆུང་། །ས་མཚམས་སོ་སོར་ཤེས་པར་བྱ། །ཉན་རང་རང་དོན་གཙོར་བྱེད་ཅིང་། །ཐེག་ཆེན་གཞན་དོན་ལྷུར་བྱེད་ཅིང་། །འགྲོ་བའི་སྡུག་བསྔལ་ཁུར་དུ་འཁུར། །སྐྱོ་དང་དུབ་པ་མེད་པར་ཡང་། །སེམས་བསྐྱེད་ནས་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་སངས་རྒྱས་འདོད། །གསེར་མདོག་ཅན་གྱིས་གསུངས་པ་ཡང་། །རང་དོན་དང་ནི་གཞན་དོན་ནོ། །ཐེག་པའི་ས་མཚམས་དག་ཏུ་བཞེད། །བྱང་ཆུབ་སེམས་ཀྱི་ཐེག་ཆེན་ནི། །རྒྱ་ཆེན་མཐའ་ཡས་གཏིང་དཔག་དཀའ། །འགྱུར་བ་མེད་ཅིང་ལྡོག་པ་མེད། །ཆོས་ཉིད་མངོན་དུ་མི་བྱེད་ཅིང་། །ཇི་ལྟར་འཁོར་བ་སྟོངས་གྱུར་ཀྱང་། །བྱང་ཆུབ་སེམས་ལ་འགྲིབ་མེད་པ། །བྱང་ཆུབ་སེམས་དང་ཆེན་པོ་སྟེ། །འདེག་བྱེད་ཐེག་པར་གསུངས་པ་ཡང་། །ཕྱིར་མི་ལྡོག་པར་དམ་བཅས་ཤིང་། །ངོ་བོ་མཚན་ཉིད་རྟོགས་པ་ནི། །ཐེག་ཆེན་བྱང་ཆུབ་སེམས་ཉིད་ལས། །བདེན་པ་གཉིས་ཀྱི་སྒོ་ནས་ཀྱང་། །དམ་བཅའ་བརྟན་པོས་འཇུག་པ་སྟེ། །སངས་རྒྱས་རྣམས་ཀྱིས་ཆོས་གསུངས་པ། །བདེན་པ་གཉིས་སུ་ཡང་དག་གནས། །ཀུན་རྫོབ་ཀྱི་ནི་བདེན་པ་དང་། །དོན་དམ་གྱི་ནི་བདེན་པ་དང་། །ཆ་མཉམ་དུ་ནི་འཇུག་པར་བྱ། །དོན་དམ་པ་ཡི་བདེན་པ་དང་། །རིག་པ་སེམས་ཉིད་ཇི་ལྟ་བཞིན། །ཅིར་ཡང་མ་གྲུབ་དོན་དམ་དེ། །ཀུན་རྫོབ་ཀྱི་ནི་

(༧༠)བདེན་པ་ནི། །སྣང་བ་སྣ་ཚོགས་ཅིར་སྣང་ཡང་། །ཀུན་ཏུ་སྣང་ཞིང་ཀུན་ཏུ་གསལ། །ཅིར་ཡང་འགྱུར་བ་ཀུན་རྫོབ་ཡིན། །བདེན་པ་དག་ནི་གཉིས་དག་ལ། །འཁྲུལ་དང་མ་འཁྲུལ་ཤེས་ངོ་ལ། །ལྟོས་པ་དང་ནི་ལྟོས་ཆོས་སུ། །བདེན་པ་གཉིས་སུ་འདུས་པ་ཡིན། །ཐུབ་པས་གསུངས་པའི་སྡེ་སྣོད་རྣམས། །ཀུན་རྫོབ་དོན་དམ་ཆོས་ཀྱི་སྐུ། །སྒོ་མོ་གྲངས་མེད་གསུངས་པ་ཡང་། །བདེན་པ་གཉིས་ནས་འཇུག་པར་བྱ། །བྱང་ཆུབ་སེམས་ཀྱི་སྡོམ་པ་ནི། །སེམས་བསྐྱེད་བསླབ་པ་ལ་སོགས་པ། །ཚིག་ལ་ཐ་དད་ཡོད་ན་ཡང་། །བྱང་ཆུབ་སེམས་སུ་འདུས་པ་ཡིན། །སེམས་བསྐྱེད་དག་ཀྱང་གསུམ་དུ་དབྱེ། །སྨོན་འཇུག་གཉིས་དང་དོན་དམ་མོ། །བྱང་ཆུབ་སེམས་ཀྱི་སྡེ་སྣོད་ལས། །བྱང་ཆུབ་སེམས་ནི་མདོར་བསྡུས་ན། །རྣམ་པ་གཉིས་སུ་ཤེས་པར་བྱ། །སྨོན་པ་བྱང་ཆུབ་སེམས་དང་ནི། །འཇུག་པ་བྱང་ཆུབ་སེམས་ཉིད་དོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །ལམ་གྱི་བྱེ་བྲག་ཤེས་པར་བྱ། །གསེར་འགྱུར་རྩི་ཡི་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་པ་ཡང་། །རྒྱལ་བ་རྣམས་ཀྱི་སྲས་ཡིན་པས། །བྱང་ཆུབ་སེམས་ཤེས་རབ་བརྟན་གཟུང་། །སྤྱོད་འཇུག་མཁན་པོས་གསུངས་པ་ཡང་། །སྨོན་འཇུག་གཉིས་ལ་previous hit དགོངས next hit་ཡིན། །སྨོན་པ་བྱང་ཆུབ་སེམས་དག་ཀྱང་། །སྐྱེ་བར་བྱེད་པའི་རྒྱུ་བཞི་དང་། །སེམས་བསྐྱེད་ངོ་བོ་རྫོགས་པ་ཡི། །ངོ་བོ་མཚན་ཉིད་གསུམ་དུ་བཞེད། །སེམས་བསྐྱེད་སྐྱེ་བའི་རྒྱུ་འམ་ཐབས། །དེ་ཡང་རྣམ་པ་བཞི་རུ་དབྱེ། །ཚད་མེད་པ་དང་བསོད་ནམས་ཚོགས། །སྐྱབས་སུམ་ཁྱད་པར་འཕགས་པ་དང་། །བཤེས་གཉེན་དམ་

(༧༡)པ་བསྟེན་པའོ། །ཚད་མེད་རྣམ་པ་བཞི་དག་ཀྱང་། །བྱམས་པ་དང་ནི་སྙིང་རྗེ་སྟེ། །དགའ་བ་དང་ནི་བཏང་སྙོམས་སོ། །བྱམས་པ་དག་ཀྱང་གཉིས་ཡིན་ཏེ། །ཚད་ཅན་འཇིག་རྟེན་བྱམས་པ་དང་། །ཚད་མེད་འཇིག་རྟེན་འདས་པ་ཡི། །བྱང་སེམས་བྱང་ཆུབ་སེམས་ཀྱི་ཐབས། །སྙིང་རྗེ་རྣམ་གྲངས་མང་ན་ཡང་། །སྙིང་རྗེ་གཉིས་སུ་འདུས་པ་ཡིན། །གཅིག་ལ་གཅིག་ཆགས་འཁོར་བའི་རྒྱུ། །སྙིང་རྗེ་བསྐྱེད་ཉེས་འཁོར་བར་འཁྱམས། །ཁམས་གསུམ་འཁོར་བའི་རྒྱུ་འབྲས་ཡིན། །ཚད་མེད་སྙིང་རྗེ་ཆེན་པོ་ནི། །བྱང་ཆུབ་སེམས་ཀྱི་གཞི་རྟེན་ཡིན། །དགའ་བ་དག་ཀྱང་གཉིས་སུ་དབྱེ། །ཚད་ཅན་ཟག་བཅས་དགའ་བ་ནི། །ཡིད་དུ་འོང་དང་མི་འོང་དང་། །ཆགས་སྡང་གཉིས་པོ་སྐྱེ་བར་བྱེད། །ཚད་མེད་དགའ་བ་ཆེན་པོར་ནི། །སྨོན་པ་བྱང་ཆུབ་སེམས་ཀྱི་རྒྱུ། །བཏང་སྙོམས་དག་ཀྱང་གཉིས་ཡིན་ཏེ། །སྤོང་ལེན་གཉིས་ཀྱི་འདུ་ཤེས་ཀྱིས། །འགྲོ་བའི་དོན་ལ་མི་སྙོམས་ཤིང་། །ལེ་ལོ་བཏང་སྙོམས་དབང་གྱུར་པས། །ལེ་ལོ་འཁྲུལ་པའི་དབང་དུ་འགྲོ། །བཏང་ཞིང་སྙོམས་པ་ཚད་མེད་པས། །བྱང་ཆུབ་སེམས་ཀྱི་སྡོམ་པ་ནི། །སྐྱེ་ཞིང་རྒྱས་པར་མཛད་པ་ཡིན། །ཚད་ཅན་བཞི་དང་ཚད་མེད་བཞི། །ཚད་ཅན་བཞི་པོ་རབ་སྤངས་ཤིང་། །ཚད་མེད་བཞི་ལ་བློ་སྦྱངས་ནས། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྒྱས། །བྱམས་ཆེན་ཚད་ལས་འདས་པ་ནི། །དབྱེ་ན་རྣམ་གྲངས་བཞི་ཡིན་ཏེ། །ལུས་ཅན་འགྲོ་བ་ཐམས་ཅད་ལ། །ལུས་ཀྱི་ལས་ནི་བྱམས་པ་དང་། །ངག་གི་ལས་ནི་བྱམས་པ་སྟེ། །སེམས་ཀྱི་བྱམས་པ་

(༧༢)ཚད་མེད་ཅིང་། །ལུས་དང་ལོངས་སྤྱོད་དགེ་བ་རྣམས། །ཐམས་ཅད་ཀུན་ལ་སྙོམས་པར་གནས། །བྱམས་ཆེན་རྣམ་པ་བཞི་དག་ནི། །ངག་གི་ལས་ནི་བྱམས་པ་སྟེ། །སེམས་ཀྱི་བྱམས་པ་ཚད་མེད་ཅིང་། །བྱང་སེམས་བསྐྱེད་པའི་ས་གཞི་ཡིན། །ཚད་མེད་སྙིང་རྗེ་ཆེན་པོ་ནི། །དབྱེ་ན་རྣམ་པ་གཉིས་ཡིན་ཏེ། །གདུག་པ་ཅན་གྱི་ཚོགས་རྣམས་ནི། །ཉམ་ཐག་མགོན་མེད་གྱུར་པ་ཡི། །འགྲོ་བ་གཉིས་ཀྱིས་གཙོ་བྱས་ནས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །ཚད་མེད་སྙིང་རྗེ་ཆེན་པོ་ཡིས། །ཆགས་ཤིང་དང་དུ་ལེན་པ་སྟེ། །བྱང་སེམས་ཆུ་རྒྱུན་ཐབས་ཡིན་ཏེ། །ཚད་མེད་སྙིང་རྗེ་ཆགས་པར་བྱེད། །ཚད་མེད་པ་ཡི་དགའ་བ་ནི། །དབྱེ་ན་རྣམ་པ་དྲུག་ཡིན་ཏེ། །མཐོང་ཐོས་དྲན་པའི་འགྲོ་བ་རྣམས། །མཐོང་ངམ་ཐོས་སམ་དྲན་ཡང་རུང་། །ལུས་ངག་ཡིད་ཀྱི་སྒོ་གསུམ་དུ། །དང་ཞིང་ཡིད་དུ་འོང་བ་ཡི། །ཆགས་ཐོགས་མེད་པའི་དགའ་བ་ནི། །རྒྱ་ཆེན་རྒྱུན་དུ་གོམས་པར་བྱེད། །ཀུན་ལ་སྙོམས་ཤིང་སྤོང་ལེན་མེད། །དགའ་བ་ཆེན་པོ་ཚད་མེད་པ། །པདྨ་དྲི་མེད་མདངས་ལྡན་པ། །ཚད་མེད་པ་ཡི་བཏང་སྙོམས་ནི། །དབྱེ་ན་རྣམ་པ་གཉིས་ཡིན་ཏེ། །དགྲ་གཉེན་གཉིས་ཀྱིས་བསྡུས་པ་ཡི། །འགྲོ་བ་སེམས་ཅན་ཐམས་ཅད་ལ། །གཉེན་རྣམས་དང་དུ་མི་ལེན་ཞིང་། །དགྲ་རྣམས་སྤོང་བར་མི་བྱེད་པ། །གཉེན་ལ་ཆགས་སེམས་བཏང་བ་དང་། །དགྲ་ལ་སྤོང་སེམས་མེད་པ་ནི། །བཏང་སྙོམས་མཉམ་པར་གནས་པའི་ཕྱིར། །བཏང་སྙོམས་ཆེན་པོའི་ནམ་མཁའ་ཡིས། །བྱམས་སེམས་དཔག་པར་དཀའ་བ་ཡི། །སེམས་བསྐྱེད་

(༧༣)སྐྱེ་བའི་ཐབས་སུ་གསུངས། །སྒྱུ་འཕྲུལ་དྲ་བའི་ལུང་ལས་ཀྱང་། །བྱམས་པའི་གོ་ཆ་འཆས་པ་སྟེ། །སྙིང་རྗེ་ཡིས་ནི་ཡ་ལད་བགོས། །གསེར་མདོག་ཅན་གྱིས་གསུངས་པ་ཡང་། །ཚད་མེད་བཞི་ལས་བློ་སྦྱངས་ཤིང་། །རང་རྒྱུད་དག་པར་བྱེད་པ་ཡིན། །བྱང་ཆུབ་སེམས་ཀྱི་སྨོན་པ་ནི། །མྱུར་དུ་སྐྱེ་བའི་ཐབས་སུ་བཤད། །དཀོན་མཆོག་བརྩེགས་པའི་མདོ་ལས་ཀྱང་། །ལྷག་བསམ་རྣམ་པར་དག་པ་ཡིས། །བསོད་ནམས་རྒྱ་ཆེན་ཡོངས་རྫོགས་ནས། །འཁོར་དང་མྱ་ངན་འདས་པ་ཡི། །ཡོན་ཏན་ཐམས་ཅད་ཤུགས་ལས་འབྱུང་། །བྱང་ཆུབ་སེམས་ཀྱི་རིན་ཆེན་གཏེར། །ས་བཅུ་ལམ་ལྔ་ཡོངས་རྫོགས་ཤིང་། །སྤྲུལ་སྐུ་དཔག་མེད་འཇིག་རྟེན་དུ། །རྒྱུན་ཆད་མེད་པར་བྱོན་པ་ཡང་། །བསོད་ནམས་ཚོགས་ཀྱི་རྒྱུ་འབྲས་ཡིན། །གསེར་མདོག་ཅན་གྱིས་གསུངས་པ་ཡང་། །གནས་སྐབས་འདི་རུ་previous hit དགོངས next hit་ལགས། །བསོད་ནམས་ཚོགས་ཆེན་རབ་རྫོགས་ན། །བྱང་སེམས་སྐྱེ་བའི་ཐབས་ཤེས་བྱ། །བསོད་ནམས་ཚོགས་ཀྱང་གཉིས་ཡིན་ཏེ། །ཡིད་ཀྱིས་སྤྲུལ་བཞི་དངོས་སུ་བསགས། །ཡིད་ཀྱིས་སྤྲུལ་ཞེས་བྱ་བ་ནི། །ཆོས་རྣམས་ཐམས་ཅད་སེམས་ཡིན་པས། །ཇི་ལྟར་བསམས་པ་བཞིན་དུ་འགྲུབ། །ཀུན་བཟངས་ཡངས་པའི་དཀྱིལ་འཁོར་དུ། །ཡན་ལག་བདུན་པ་རྫོགས་བྱས་ནས། །རྒྱལ་བ་མཉེས་ཤིང་བྱང་སེམས་བསྐྱེད། །དབྱེ་ན་རྣམ་པ་བདུན་ཡིན་ཏེ། །རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་རྣམས། རྟེན་སྤྲུལ་ཡིད་ཀྱི་ཞིང་ཁམས་ལྟ། །མཆོད་རྫས་ལེགས་པར་བཤམས་ནས་ནི། །ཀུན་བཟངས་སྤྱོད་ལས་གསུངས་པ་ཡི། །མཆོད་པ་རྣམ།

(༧༤)པ་བདུན་ཡང་འབུལ། །ཆོས་དབྱིངས་རབ་འབྱམ་མཐའ་ཡས་པར། །མཆོད་པའི་སྤྲིན་ཕུང་བསམ་མི་ཁྱབ། །བློ་ཡིས་སྤྲུལ་ཞིང་ཡང་ཡང་ཕུལ། །གཟུང་བ་མེད་པའི་མཆོད་པའོ། །བདག་པོར་འགྲོ་བ་ཐམས་ཅད་ཀྱི། །ལས་ངན་སྡིག་པའི་ཚོགས་རྣམས་ཀྱང་། །སྟོབས་བཞིའི་སྒོ་ནས་བཤགས་པར་བགྱི། །བདག་གཞན་འཁོར་འདས་དགེ་བ་ལ། །རྗེས་སུ་ཡི་རང་ཡང་ཡང་འབུལ། །ཕ་རོལ་ཕྱིན་པའི་ལུང་ལས་ཀྱང་། །སྟོང་གསུམ་དག་གི་རི་རབ་ནི། །སྲང་ལ་གཞལ་བས་ཚད་གཟུང་རུང་། །རྗེས་སུ་ཡི་རང་དགེ་བ་ནི། །ནམ་ཡང་ཚད་བཟུང་རུང་མ་ཡིན། །དེ་ཕྱིར་སྐྱེས་བུ་དམ་པ་རྣམས། །བསོད་ནམས་དགེ་བའི་ཚོགས་རྣམས་ལ། །འགྱོད་དང་ཕྲག་དོག་མེད་པ་ཡིས། །རྗེས་སུ་ཡི་རང་འབུལ་བར་བགྱི། །ས་བཅུ་རྒྱུན་གྱི་ཐ་མ་ལ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། །མཉམ་ཉིད་མངོན་སངས་རྒྱས་པ་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །སྤྲུལ་སྐུའི་མཛད་པ་ཀུན་རྫོགས་ནས། །མྱ་ངན་འདས་པར་གང་བཞེད་པ། །མྱ་ངན་མི་འདའ་གསོལ་བ་གདབ། །དགེ་བ་སེམས་ཅན་དོན་ཕྱིར་བསྔོ། །སངས་རྒྱས་ཞིང་ཁམས་མཐའ་ཡས་པར། །རྒྱལ་བ་ཐམས་ཅད་མཉེས་གྱུར་པ། །ཡན་ལག་བདུན་པའི་ཡོན་ཏན་ཏེ། །བྱང་སེམས་སྐྱེ་བའི་ཐབས་ཡིན་ཏེ། །བསོད་ནམས་ཚོགས་ཆེན་ཐམས་ཅད་ནི། །རྒྱུན་ཆད་མེད་པར་དངོས་སུ་བསགས། །དེ་ཡང་རྣམ་པ་གཉིས་ཡིན་ཏེ། །འཕགས་པ་མཆོད་ཅིང་སེམས་ཅན་སྦྱིན། །དཀོན་མཆོག་མཆོད་ཅེས་བྱ་བ་ནི། །སྡེ་སྣོད་གསུམ་གྱི་ལུང་ལས་ཀྱང་། །མཆོད་ལུགས་གྲངས་མཐའ་ཡས་པར་གསུངས། །ཇི་ལྟར་འགྲུབ་པ་དེ་བཞིན་དུ། །དཀོན་མཆོག་རྟེན་རྣམས་གཞེངས་པ་དང་།

(༧༥)ཀློག་འདོན་མཆོད་པ་རྒྱ་ཆེན་འབུལ། །ཕྱོགས་མེད་དགེ་འདུན་སྡེ་རྣམས་འཛུགས། །ཚུལ་ཁྲིམས་རྣམ་དག་དགེ་འདུན་རྣམས། །གཙུག་གི་ནོར་བཞིན་བཀུར་བར་བྱ། །ལྷ་རུ་དཀོན་མཆོག་གསུམ་མཆོད་ན། །ཐུགས་རྗེ་རྒྱུན་ཆད་མེད་པར་འབྱུང་། །བྱམས་སེམས་སྐྱེ་བའི་ཐབས་ཡིན་ནོ། །སེམས་ཅན་རྣམས་ལ་སྦྱིན་པ་ལས། །དབྱེ་ན་རྣམ་པ་གཉིས་ཡིན་ཏེ། །ཆོས་དང་ཟང་ཟིང་སྦྱིན་པ་དང་། །སྦྱིན་དང་སྦྱིན་པ་ཆེན་པོ་སོགས། །དུས་གསུམ་དུས་མེད་ཐམས་ཅད་དུ། །ཕྱོགས་རིས་མེད་པར་སྦྱིན་པ་དང་། །ལན་ལ་མི་རེ་འགྱོད་པ་མེད། །འཁོར་གསུམ་ཡོངས་དག་བསོད་ནམས་དང་། །བྱང་སེམས་རྒྱུའམ་ཐབས་ཡིན་ནོ། །ཞིང་དང་བསམ་པ་དངོས་པོ་གསུམ། །སྨོན་ལམ་རྣམ་དག་ཁ་ལོ་བསྒྱུར། །བསོད་ནམས་ཚོགས་ལས་ཐམས་ཅད་རྫོགས། །བསོད་ནམས་ཚོགས་ཆེན་རབ་བསགས་ན། །ཐེག་ཆེན་བྱང་ཆུབ་སེམས་ཀྱིས་ནི། །འགྲོ་བ་ཀུན་ལ་ཁྱབ་པར་སྐྱེ། །བསོད་ནམས་ཚོགས་ལས་བྱུང་བ་ཡི། །སྨོན་པ་བྱང་ཆུབ་སེམས་དཔའི་སྐབས། །མི་ཕམ་མགོན་པོའི་ཞལ་ནས་ཀྱང་། །དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ལ། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཡིན། །ཚོགས་ཀྱང་དེ་ཡི་མཐར་ཐུག་སྟེ། །སྐྱབས་མཆོག་ཁྱད་པར་འཕགས་པ་སྟེ། །ཐེག་ཆེན་བྱང་ཆུབ་སེམས་ཀྱི་ནི། །བསླབ་པ་དག་ནི་དངོས་གཞི་སྟེ། །བསམ་པ་དང་ནི་སྐྱབས་གནས་དང་། །དུས་དང་བསླབ་བྱ་ངོ་བོ་སྟེ། །ཕན་ཡོན་དང་ནི་ཐོབ་པའི་དུས། །སྐྱབས་མཆོག་ཁྱད་པར་འཕགས་པ་ཡི། །གང་ཞིག་སྐྱབས་སུ་མ་སོང་བ། །ཐེག་ཆེན་སྡོམ་པ་སྐྱེ་མི་འགྱུར། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་ནི། །འབྲས་བུ་དག་གི་ཁྱད་པར་རོ། །ཁྱད་པར་རྣམ་པ་དགུ་དག་གིས།

(༧༦)སྐྱབས་གསུམ་དཀོན་མཆོག་གསུམ་དག་ལ། །རྒྱུན་ཆད་མེད་པར་སྐྱབས་སོང་ནས། །ཐེག་ཆེན་སྡོམ་པ་རྒྱུད་ལ་འབྱོན། །སྐྱབས་གསུམ་ཁྱད་པར་འཕགས་པ་ཡང་། །བསྡུས་ན་རྣམ་པ་གསུམ་དུ་འདུས། །གཞི་ལམ་འབྲས་བུར་སྐྱབས་སུ་འགྲོ། །སེམས་བསྐྱེད་ལེན་པའི་སློབ་དཔོན་ལ། །བསམས་ཤིང་སྲིད་པར་སྐུ་འཁྲུངས་ཤིང་། །ཡོན་ཏན་རྒྱལ་བ་རྣམས་དང་མཉམ། །སྐྱོ་ཞིང་དུབ་པ་མེད་པ་རུ། །འགྲོ་བའི་སྡུག་བསྔལ་ཁུར་དུ་ཁུར། །དེ་འདྲའི་བཤེས་གཉེན་མཆོག་རྣམས་དང་། །མོས་ཤིང་འཕྲད་པར་གྱུར་པའི་ཚེ། །མཉེས་པ་གསུམ་གྱིས་མཉེས་བྱ་ཞིང་། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་ཞིང་། །སངས་རྒྱས་རྣམས་དང་ཐ་དད་མེད། །ངེས་ཤེས་གཏིང་ནས་སྐྱེས་ལེགས་ན། །སྨོན་པ་ཡི་ནི་བྱང་ཆུབ་སེམས། །མྱུར་དུ་སྐྱེ་བར་ཐེ་ཙོམ་མེད། །དང་པོ་བྱང་ཆུབ་སེམས་བསྐྱེད་པ། །སྨོན་པ་བཞི་དང་འབྲས་བུ་ཡི། །དམ་ནི་བཅའ་བར་བཞེད་པ་ཡིན། །བསྐྱེད་ལུགས་རྣམ་པ་གཉིས་ཡིན་ཏེ། །བསོད་ནམས་ཚོགས་ལ་བརྟེན་ནས་སུ། །རྟེན་ཅན་དུ་ནི་བསྐྱེད་པ་ནི། །སྤྱན་རས་གཟིགས་དང་བྱམས་པ་སོགས། །ས་བཅུ་མགོན་པོ་འགའ་ཡིས་བཞེད། །བྱང་ཆུབ་སེམས་ནི་རྟེན་མེད་དུ། །མ་སྐྱེད་མངོན་སངས་རྒྱས་པས་ནི། །འཇམ་དཔལ་གཞོན་ནུའི་བཞེད་ལུགས་ཡིན། །མངོན་པ་མདོ་སྡེ་གཉིས་ཀ་ཡི། །བཞེད་ལུགས་དག་ཏུ་ཤེས་པར་བྱ། །དང་པོ་བྱང་ཆུབ་སེམས་བསྐྱེད་ནས། །ཐ་མར་རྫོགས་པར་མ་གྱུར་ཚེ། །བྱང་ཆུབ་སེམས་ཀྱི་སྡོམ་པ་རྣམས། །མ་སྤངས་ དབུ་མ་དང་སེམས་ཚེ་རབ་དུ་མི་གནས་པའི་སེམས་བསྐྱེད་པ་ནི་ལུགས་མངོན་ནས་སྟོན། །ཡོངས་སུ་རྫོགས་པར་བྱ། །ཚོགས་ལམ་བཞི་གསུམ་བཅུ་གཉིས་ཏེ། །སྨོན་པའི་བྱང་སེམས་

(༧༧)དང་པོར་བཞེད། །བྱང་ཆུབ་སེམས་ཀྱི་སྡེ་སྣོད་ནས། །སྡོམ་པ་ལེན་པའི་ཆོ་ག་ནི། །མཁས་པ་རྣམས་ཀྱི་བཀའ་འགྲེལ་ལས། །རྒྱས་བསྡུས་ཇི་ལྟར་གསུངས་པ་ཡིན། །སྦྱོར་དངོས་ཡོངས་སུ་རྫོགས་པ་ཡི། །བྱང་ཆུབ་སེམས་ཀྱི་སྡོམ་པ་ནི། །ཐོས་ལ་མ་ཉམས་བླང་བར་བྱ། །བྱང་ཆུབ་སེམས་ཀྱི་ཡོན་ཏན་ནི། །སྤྱོད་འཇུག་སྡོང་པོས་བརྒྱན་པ་སོགས། །བྱང་ཆུབ་སེམས་ཀྱི་སྡེ་སྣོད་ལས། །རབ་ཏུ་བསྟན་ཞིང་ཤེས་པར་བྱ། །སྨོན་པ་བྱང་ཆུབ་སེམས་ཀྱིས་ནི། །བར་སྐབས་དེ་ནི་དང་པོ་ཡིན། །སྡེ་སྣོད་གཉིས་ཀྱི་བཅུད་ཕྱུང་བ། །འཇུག་པ་ཡི་ནི་བྱང་ཆུབ་སེམས། །དང་པོར་བྱང་ཆུབ་སེམས་བསྐྱེད་ནས། །ས་བཅུ་ལམ་ལྔ་ཡོངས་རྫོགས་ཤིང་། །བླ་མེད་བྱང་ཆུབ་ཐོབ་ཀྱི་བར། །བསོད་ནམས་ཚོགས་དང་ཡེ་ཤེས་ཚོགས། །ལུས་ནི་སྡོམ་པའི་ཚུལ་ཁྲིམས་དང་། །སེམས་ནི་འགྲོ་བའི་དོན་བྱེད་དང་། །ངག་ནི་དགེ་བའི་ཆོས་བསྡུད་དེ། །བསོད་ནམས་ཚོགས་དང་ཏིང་འཛིན་ཚོགས། །མཉམ་ཉིད་ཚོགས་དང་ཡེ་ཤེས་ཚོགས། །རྒྱུན་ཆད་མེད་པར་སྒྲུབ་བྱེད་ཅིང་། །གོང་ནས་གོང་དུ་ནར་སོན་པས། །འཇུག་པ་ས་ལམ་བསྒྲོད་པ་དང་། །རྫོགས་པར་བྱེད་ཅིང་མཐར་ཕྱིན་པ། །འཇུག་པ་ཡི་ནི་བྱང་ཆུབ་སེམས། །མཁས་པས་དང་དུ་བླང་བར་བགྱི། །འཇུག་པ་བྱང་ཆུབ་སེམས་ཉིད་ཀྱང་། །ད་ནི་ཅུང་ཟད་དབྱེ་བར་བགྱི། །ལམ་ལྔ་དང་ནི་ས་བཅུ་སྟེ། །དབྱེར་མེད་གཅིག་ཏུ་བསྒྲོད་པ་ཡིན། །བྱང་ཆུབ་སེམས་ཀྱི་ལུང་ལས་ཀྱང་། །ས་བཅུ་རྒྱུན་གྱི་ཐ་མ་ལ། །

(༧༨)ཡེ་ཤེས་རྡོ་རྗེ་ལྟ་བུར་རྫོགས། །ལྔ་དང་བཅུ་ཡི་འབྲས་བུའོ། །ཚོགས་ལམ་རབ་འབྲིང་ཐ་མ་གསུམ། །དྲན་པ་ཉེར་གཞག་ཡང་དག་སྤོང་། །ལུས་དང་ཚོར་བ་སེམས་དང་ནི། །ཆོས་ནི་དྲན་པ་ཉེ་བར་གཞག །དང་པོ་ལུས་དྲན་ཉེར་གཞག་ནི། །ལུས་ནི་མི་གཙང་ཕུང་པོས་ཏེ། །གཙང་བར་འཛིན་པའི་གཉེན་པོ་རུ། །དུར་ཁྲོད་གནས་སུ་ཕྱིན་ནས་སུ། །དུར་ཁྲོད་ཀེང་རུས་གསར་རྙིང་ཚོགས། །ཐེག་ཆེན་སྐྱེས་བུས་མཐོང་ཙ་ན། །བདག་ཀྱང་མི་རྟག་ཆོས་ཅན་ཏེ། །རང་བཞིན་འདི་ལས་མ་འདས་ཕྱིར། །མི་རྟག་རྒྱུན་དུ་བསྒོམ་པར་བྱ། །གཉིས་པ་ཚོར་བ་ཉེར་གཞག་ནི། །སྡུག་བསྔལ་བདེ་བར་འདུ་ཤེས་ཤིང་། །ཞེན་ཆགས་བྲལ་བའི་གཉེན་པོར་ནི། །ཚོར་བ་བདེ་སྡུག་བཏང་སྙོམས་སོ། །ཐམས་ཅད་སྡུག་བསྔལ་ཉིད་དུ་བསྒོམ། །ཚོར་བ་དག་ནི་གསུམ་ཡིན་ཏེ། །ཕྱི་ནང་གར་གནས་བརྟག་པ་ལས། །ཚོར་བ་དག་ནི་བཞི་རྣམས་ནི། །ཕུང་པོ་དག་པའི་རང་བཞིན་ཏེ། །གང་དང་གང་དུ་འཛིན་མེད་ཅིང་། །ཉམས་གཅིག་རྒྱུད་ལ་སྐྱེས་ཕྱིར་བསྒོམ། །གསུམ་པ་སེམས་དྲན་ཉེར་གཞག་ནི། །མུ་ཏིག་པར་ན་འཛིན་པ་ཡི། །གཉེན་པོ་བརྟན་པར་བསྒོམ་པ་ནི། །རང་གི་སེམས་དང་སེམས་བྱུང་ལ། །ཤེས་པ་ནང་དུ་བཟློག་ནས་ནི། །རང་གི་སེམས་འདི་འབྱུང་ལུགས་འདི། །ཕྱི་ནང་གསུམ་དུ་རྟག་ཅིང་དཔྱད། །མ་རྙེད་དྲན་རྟོག་ཐམས་ཅད་ཀུན། །རང་སྣང་སྟོང་པ་ཉིད་དུ་སངས། །རང་གསལ་ཙམ་དུ་འཇོག་པའོ། །བཞི་པ་ཆོས་དྲན་པ་ཉེ་བར་གཞག་པ་ནི། །བདག་མེད་པ་ལ་བདག་

(༧༩)ཏུ་འཛིན། །དངོས་འཛིན་བཤིག་པའི་གཉེན་པོར་ནི། །གསུམ་དུ་མ་གཏོགས་ཆོས་རྣམས་ལ། །ཡང་ཡང་བརྟགས་པས་ཐམས་ཅད་དུ། །སྟོང་པ་ཉིད་དུ་རྟོགས་པའོ། །དེ་ལྟར་ཉེར་གཞག་བཞི་པོ་ཡང་། །རྒྱུན་དུ་གོམས་པས་རྟགས་གསུམ་འབྱུང་། །དང་པོ་བརྟན་པའི་ཚད་དུ་ནི། །སེམས་ནི་རྩེ་གཅིག་བརྟན་གྱུར་པས། །རིག་པ་གར་གཏད་ཚུགས་པར་འབྱུང་། །གཉིས་པ་འཁོར་བའི་ཆོས་རྣམས་ལ། །མེ་ལོང་ལྟ་བུར་མཐོང་ནས་ནི། །འཇིག་རྟེན་ཆོས་ལ་ཞེན་པ་ལོག །གསུམ་པ་མྱ་ངན་འདས་ཀྱི་ཆོས། །སྐོམ་པ་ཆུ་ཡིས་དུངས་པ་ལྟར། །གདུང་བས་རྒྱུན་ཆད་མེད་པ་འབྱུང་། །ཚོགས་ལམ་གཉིས་པ་ཡང་དག་སྤོང་། །རྣམ་གྲངས་བཞི་རུ་གསུངས་པ་ནི། །མི་མཐུན་མི་དགེ་སྐྱེས་པ་རྣམས། །སྐྱེས་པར་བྱེད་པ་སྤོང་བྱེད་ཅིང་། །སྐད་ཅིག་ཙམ་ཡང་མི་སྤྱོད་པར། །གཉེན་པོ་རྒྱུད་ལ་བསྟེན་བྱེད་ཅིང་། །རྒྱུན་དུ་འཕེལ་བར་མི་བྱེད་ཅིང་། །མི་དགེ་བ་ཡི་ཆོས་རྣམས་ཀྱང་། །ཡང་དག་སྤོང་བ་དང་པོ་སྟེ། །མ་སྐྱེས་པ་རྣམས་ཕྱིས་བསྐྱེད་ཅིང་། །ཡང་དག་པ་རུ་སྤོང་དང་གཉིས། །གཉེན་པོ་ཡི་ནི་དགེ་བའི་ཕྱོགས། །མ་སྐྱེས་པ་རྣམས་བསྐྱེད་པར་གསུངས། །སྐྱེས་རྣམས་མ་ཉམས་གོང་ནས་གོང་། །གོང་དུ་ཡང་དག་འཕེལ་བྱེད་པ། །ཡང་དག་སྤོང་བཞི་བསྒོམ་པའོ། །དང་པོ་མ་དག་སྐྱེས་པ་རྣམས། །ཡང་དག་པར་ནི་སྤོང་བ་ནི། །ལུས་ངག་ཡིད་གསུམ་མི་དགེ་བཅུ། །རང་གིས་བྱས་པ་རྣམས་དང་ནི། །བདག་གཞན་རྣམས་ལ་གནོད་པའི་ཕྱིར། །རྣམ་

(༨༠)སྨིན་ཡིད་དུ་མི་འོང་བ། །འབྱིན་པ་ལ་སོགས་སྒོ་ནས་ཀྱང་། །ཉེས་དམིགས་དུ་ནི་བལྟས་ནས་ཀྱང་། །འབད་ཅིང་འཆགས་ལ་བརྩོན་འགྲུས་བརྩོམས། །དེ་ལྟར་བརྩོན་འགྲུས་བརྩམས་པ་ཡིས། །མི་མཐུན་པ་ཡི་ཕྱོགས་སྐྱེས་པ། །རྟག་ཏུ་སྤོང་བར་བྱེད་པའོ། །གཉིས་པ་དག་གི་མི་མཐུན་ཕྱོགས། །མ་སྐྱེས་པ་ནི་རྣམ་གཉིས་བསྐྱེད། །ཡང་དག་པར་ནི་སྤོང་བ་ནི། །ལུས་ངག་ཡིད་ཀྱི་མི་དགེ་བཅུ། །བདག་གཞན་ཀུན་ལ་གནོད་པའི་ཕྱིར། །ཉེས་སོགས་མཐོང་བ་དེ་བཅུ་དང་། །ཕྱིན་ཆད་རྒྱུད་ལ་མི་སྐྱེ་ཕྱིར། །འབད་ཅིང་བརྩོན་འགྲུས་བརྩོམ་པ་སྟེ། །མ་སྐྱེས་མི་དགེ་སྡིག་པའི་ཚོགས། །དེ་རྣམས་རྒྱུད་ལ་མི་འབྱུང་ངོ། །གསུམ་པ་དགེ་བའི་ཆོས་རྣམས་ཀྱང་། །མ་སྐྱེས་རྒྱུད་ལ་སྐྱེད་པ་ནི། །ལུས་ངག་ཡིད་ཀྱི་དགེ་བ་རྣམས། །བདག་གཞན་ཀུན་ལ་ཕན་པ་དང་། །རྣམ་སྨིན་ཡིད་འོང་འབྱིན་པ་སོགས། །སྒོ་ནས་ཡོན་ཏན་ཀུན་ལྟ་ནས། །དགེ་བ་མ་སྐྱེས་པ་རྣམས་བསྐྱེད། །དེ་ཕྱིར་བརྩོན་འགྲུས་བརྩོམ་པ་སྟེ། །དགེ་དང་མི་དགེ་ལ་སོགས་རྣམས། །ནམ་ཡང་རྒྱུད་ལས་མི་འབྱུང་ངོ། །གསུམ་པ་དགེ་བའི་ཆོས་རྣམས་ཀུན། །མ་སྐྱེས་རྒྱུད་ལ་སྐྱེད་པ་ནི། །ལུས་ངག་ཡིད་གསུམ་དགེ་བ་རྣམས། །བདག་གཞན་ཀུན་ལ་ཕན་པ་དང་། །རྣམ་སྨིན་ཡིད་འོང་འབྱིན་ལ་སོགས། །སྒོ་ནས་ཡོན་ཏན་ཚོགས་ལྟ་ཞིང་། །དགེ་བ་རྣམ་ཀུན་བསྐྱེད་བྱེད་པའི། །བརྩོན་འགྲུས་རྒྱ་ཆེན་བསྐྱེད་པ་སྟེ། །དགེ་ཕྱོགས་སྔ་མ་སྐྱེས་པ་རྣམས། །ཕྱིན་ཆད་རྒྱུད་ལ་སྐྱེ་བར་འགྱུར། །བཞི་པ་དགེ་བའི་ཆོས་སྐྱེས་རྣམས། །མི་ཉམས་གོང་ནས་གོང་དུ་ནི། །འཕེལ་

(༨༡)བའི་ཡང་དག་སྤོང་བ་བཞི། །ལུས་ངག་ཡིད་གསུམ་དགེ་བ་རྣམས། །རྒྱུད་ལ་སྐྱེས་པ་དེ་དག་ནི། །ཕན་ཡོན་མཐོང་བའི་སྒོ་ནས་ནི། །མི་ཉམས་འཕེལ་བར་བྱ་བའི་ཕྱིར། །ཡང་ནས་ཡང་དུ་ཡིད་བྱེད་ཅིང་། །འབད་ནས་བརྩོན་འགྲུས་བརྩོམ་པ་སྟེ། །དགེ་བ་ཡི་ནི་ཆོས་སྡུད་རྣམས། །སྐྱེས་པ་མི་ཉམས་གོང་ནས་གོང་། །ཡར་ལྡན་དུ་ནི་འཕེལ་བར་འགྱུར། །ཉམས་བླངས་རྒྱུ་འབྲས་ཡིད་ཆེས་ཤིང་། །འབད་ནས་བརྩོན་འགྲུས་བརྩོམ་པ་སྟེ། །རྟགས་དང་ཡོན་ཏན་འབྱུང་བ་ནི། །ཚོགས་ལམ་གཉིས་པ་ཡང་དག་སྤོང་། །ཚོགས་ཀྱི་ལམ་ནི་གསུམ་དག་ཏུ། །རྫུ་འཕྲུལ་གྱི་ནི་རྐང་པ་བཞི། །འདུན་པ་ཡི་ནི་ཏིང་འཛིན་གྱིས། །སྤོང་བའི་འདུ་ཤེས་དང་ལྡན་པ། །རྫུ་འཕྲུལ་གྱི་ནི་རྐང་པ་དང་། །བརྩོན་འགྲུས་སེམས་ཀྱི་ཏིང་འཛིན་གྱིས། །སྤྱོད་པའི་ཏིང་ངེ་འཛིན་དང་པོའོ། །གོང་གི་ལམ་གཉིས་གོམས་པ་ཡི། །མཐུ་ལས་རྫུ་འཕྲུལ་གྱི་ནི་ཚུལ། །བདག་གཞན་དོན་ལ་དད་པ་ཡི། །ལྷང་ལྷང་སྐྱེས་པའི་རྟགས་འབྱུང་ངོ་། །སྦྱོར་བ་དྲག་པོ་ལ་བརྟེན་ནས། །སེམས་རྩེ་གཅིག་པ་ཐོབ་པའོ། །བརྩོན་འགྲུས་ཀྱིས་ནི་ཏིང་འཛིན་སྤོང་། །འདུ་བྱེད་དང་ལྡན་རྫུ་འཕྲུལ་རྐང་། །ཏིང་འཛིན་སེམས་ལ་མངོན་པར་སྤྲོ། །སྒོ་ནས་མི་བཏང་ཡང་ནས་ཡང་། །སྦྱོར་བ་དག་ལ་བརྟེན་ནས་སུ། །སེམས་རྩེ་གཅིག་པ་ཐོབ་པའོ། །གསུམ་པ་སེམས་ཀྱི་ཏིང་འཛིན་སྤོང་། །འདུ་བྱེད་དང་ལྡན་རྫུ་འཕྲུལ་རྐང་། །གོང་གི་སྒོམ་པ་དག་ལ་ནི། །སེམས་ནི་གཡོ་བར་བརྟེན་པ་ཡི། །ཚེ་རབས་སྔ་མ་དག་ལ་ནི། །ཏིང་འཛིན་གོམས་པར་བྱས་པ་ལས། །བརྟེན་ནས་སེམས་རྩེ་གཅིག་ཐོབ་པས།

(༨༢)གསུམ་པའི་རྫུ་འཕྲུལ་རྐང་པའོ། །བཞི་པ་སྤྱོད་པའི་ཏིང་འཛིན་སྤོང་། །འདུ་བྱེད་དང་ལྡན་རྫུ་འཕྲུལ་རྐང་། །གཞན་གྱི་ཏིང་འཛིན་ཐོབ་བྱེད་ཐབས། །བཤད་པ་དག་ལ་བརྟེན་ནས་ནི། །རང་གི་ཤེས་རབ་ཐོབ་པ་ལས། །དོན་དེ་ཉིད་ལ་བལྟས་ཙམ་གྱིས། །སེམས་རྩེ་གཅིག་དང་ཐོབ་པ་ཡི། །ཡང་ན་ཏིང་འཛིན་རྩེ་གཅིག་ལ། །རྒྱུན་དུ་གནས་ཤིང་ལོངས་སྤྱོད་པས། །དེ་ལྟར་ཏིང་འཛིན་བཞི་ཐོབ་ནས། །དྲོད་ཚད་ཡོན་ཏན་འབྱུང་བ་ནི། །ལུས་ཀྱི་སྟོད་ནས་མེ་འབར་ནས། །སྨད་ནས་ཆུ་འབྲུབ་སྟོན་པ་ནི། །ཡོན་ཏན་གྱི་ནི་ཚོགས་རྣམས་ཀྱང་། །རང་གིས་མངོན་དུ་སྟོན་ནུས་འགྱུར། །ཚོགས་ལམ་རབ་འབྲིང་ཐ་མ་གསུམ། །གོམས་ཤིང་བརྟན་པར་གྱུར་པ་ཡིན། །ལམ་ལྔའི་དང་པོར་བཞེད་པ་ཡིན། །ཚོགས་ཞེས་བྱ་བ་མང་པོ་སྟེ། །བསྡུ་ན་རྣམ་པ་གཉིས་སུ་འདུས། །བསོད་ནམས་ཀྱི་ནི་ཚོགས་རྣམས་དང་། །ཡེ་ཤེས་ཀྱི་ནི་ཚོགས་རྣམས་ཀུན། །སྒྲུབ་དང་སྤང་བར་བྱེད་པའོ། །འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །མི་དེ་བསྐལ་པ་སྟོང་དུ་ཡང་། །ངན་སོང་དག་ཏུ་འགྲོ་མི་འགྱུར། །མདོ་དང་སྡེ་ལས་གསུངས་པ་ཡང་། །ཚོགས་ལམ་དག་ལ་previous hit དགོངས next hit་ཡིན། །དེ་ལྟར་ཚོགས་ལམ་རྫོགས་ནས་ཀྱང་། །སྦྱོར་ལམ་རྒྱུད་ལ་སྐྱེད་བྱེད་པ། །ཆོས་ཉིད་སྤྱི་ཡི་ཚུལ་དུ་ནི། །སྒོམ་ཞིང་བརྟེན་པར་བྱེད་པ་སྟེ། །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ། །ཟག་མེད་མཐོང་ལམ་སྦྱོར་བའི་ཕྱིར། །སྦྱོར་ལམ་ཞེས་སུ་བརྟགས་པ་ཡིན། །དེ་ཡང་ངེས་འབྱེད་ཆ་བཞི་སྟེ། །དྲོད་དང་རྩེ་མོ་བཟོད་པ་དང་། །འཇིག་རྟེན་གྱི་ནི་ཆོས་

(༨༣)མཆོག་སྟེ། །དེ་རྣམས་ཀྱི་ནི་སྐབས་རྣམས་སུ། །དབང་པོ་ལྔ་དང་སྟོབས་ལྔ་བསྒོམས། །དྲོད་རྩེ་གཉིས་ཀྱི་སྐབས་རྣམས་སུ། །དབང་པོ་ལྔ་ནི་རྟག་སྒོམ་ཞིང་། །དད་པ་བརྩོན་འགྲུས་དྲན་པ་དང་། །ཏིང་འཛིན་ཤེས་རབ་དབང་སྒོམ་པ། །དང་པོ་དད་པའི་དབང་པོ་ནི། །ཡིད་ཆེས་ཉོན་མོངས་གཉེན་པོར་འགྱུར། །དད་པའི་དབང་པོ་བསྒོམས་ལགས་ན། །འཕགས་པའི་བདེན་པ་བཞི་པོ་ལས། །སྡུག་བསྔལ་གྱི་ནི་བདེན་པ་ནི། །ཀུན་ནས་ཉོན་མོངས་འཁོར་བ་ཡི། །རྒྱུ་དང་འབྲས་བུ་ཆ་ལས་ནི། །ཀུན་འབྱུང་དེ་དག་འགྲུབ་བྱེད་པ། །རྒྱུ་ཡིན་པར་ཡང་ཡིད་ཆེས་བསྒོམ། །འགོག་པས་སྡུག་བསྔལ་རྒྱུ་དང་བཅས། །ཉེར་ཞི་འདས་པའི་འབྲས་བུ་ཡིན། །ལམ་གྱི་བདེན་པ་ཐོབ་བྱེད་ཅིང་། །ཐམས་ཅད་རྒྱུ་ནི་ཡིན་པར་ཡང་། །ཡིད་ཆེས་ཚུལ་གྱིས་སྤང་བླང་བྱེད། །བླང་དོར་ཚུལ་གྱིས་བསྒོམ་པའོ། །དགེ་བ་སྒྲུབ་ལས་སེམས་སྤྲོ་ཞིང་། །ལེ་ལོའི་གཉེན་པོར་གྱུར་པའི་ཕྱིར། །བརྩོན་འགྲུས་དབང་པོ་བསྒོམ་པ་སྟེ། །བདེན་པ་བཞི་ལས་ཡིད་ཆེས་སྐྱེ། །བདེན་པ་མངོན་པར་རྟོགས་བྱའི་ཕྱིར། །སེམས་སྤྲོའི་ཚུལ་གྱིས་བསྒོམ་པའོ། །དྲན་པའི་དབང་པོ་འདྲེས་པའི་དངོས། །མི་རྗེད་རྗེད་པ་སྤོང་བའི་ཕྱིར། །དྲན་པའི་དབང་པོ་བསྒོམ་པ་སྟེ། །བདེན་པ་བཞི་ལ་འདྲིས་པའི་དངོས། །མ་བརྗེད་དྲན་པའི་ཚུལ་གྱིས་བསྒོམ། །ཏིང་འཛིན་དབང་པོ་རྩེ་གཅིག་གནས། །གཡེང་བའི་གཉེན་པོར་གྱུར་པའི་ཚེ། །དྲན་པ་མི་རྗེད་བདེན་པ་རྣམས། །སེམས་རྩེ་གཅིག་པའི་ཚུལ་བསྒོམ་ཞིང་། །ལྔ་པ་ཤེས་རབ་དབང་པོ་ནི། །ཆོས་རྣམས་སྟོང་པ་ཉིད་

(༨༤)རྟོགས་ཤིང་། །དངོས་པོར་འཛིན་པའི་གཉེན་པོར་འགྱུར། །ཏིང་འཛིན་དམིགས་པའི་བདེན་པ་ལས། །དེ་ཉིད་མཉམ་པར་གཞག་པ་ཡིས། །རབ་ཏུ་འབྱེད་པའི་ཚུལ་གྱིས་བསྒོམས། །དེ་ལྟར་བསྒོམས་པའི་གང་ཟག་གིས། །བདག་ཏུ་གཟུང་བ་རང་བཞིན་མེད། །རྟོག་པས་ཁམས་གསུམ་ཉོན་མོངས་བསྲེགས། །དྲོད་ཚད་རྟགས་སུ་བཞེད་པ་ཡིན། །གཞན་ཡང་དྲོད་ཚད་སྣ་ཚོགས་འབྱུང་། །གཞུང་རྣམས་ཀུན་ལས་ཤེས་པར་བྱ། །དེ་ལྟར་བརྟན་ཞིང་གོམས་པ་ལས། །འདི་ཉིད་ལས་ནི་ལྷག་པ་ཡི། །ཡོན་ཏན་གོང་ན་མེད་སྙམ་བྱེད། །ཉམས་མྱོང་བཟང་པོ་སྣ་ཚོགས་འཆར། །གང་དག་གང་གི་སྣང་བ་ལས། །རྟགས་ཀྱི་བྱེ་བྲག་སྣ་ཚོགས་སྟོན། །ཅིར་ཡང་སྣང་ཞིང་ཅིར་ཡང་འགྱུར། །དེ་ཕྱིར་སྣང་བྱེད་ཏིང་འཛིན་ཡིན། །དེ་ལྟར་བསྒོམས་པས་གནས་སྐབས་ཀྱི། །འབྲས་བུ་བཟོད་པ་ཆོས་མཆོག་ཐོབ། །མཐར་ཐུག་འབྲས་བུ་ཟག་མེད་ཀྱི། །བདེན་པ་མངོན་དུ་མཐོང་བར་འགྱུར། །དེ་ལྟར་བཟོད་པ་ཆོས་མཆོག་གི། །སྐབས་སུ་སྟོབས་ལྔ་བསྒོམ་པ་སྟེ། །དད་པའི་སྟོབས་དང་བརྩོན་འགྲུས་སྟོབས། །དྲན་དང་ཏིང་འཛིན་ཤེས་རབ་སྟོབས། །སྟོབས་ལྔ་གོ་རིམ་བཞིན་དུ་བསྒོམ། །དེའི་ངོ་བོ་སོ་སོ་ནས། །བཤད་ཅིང་ཉམས་སུ་བླང་ན་ནི། །གོང་གི་དབང་པོ་ལྔ་དག་གིས། །སྐབས་དང་སྟོབས་ལྔ་མཐུན་པའོ། །དེའི་ངོ་བོ་ཁྱད་མེད་ན། །དེ་གཉིས་ཀྱི་ནི་ཁྱད་པར་ཡང་། །གང་གི་སྒོ་ནས་གཞག་ཅེ་ན། །མི་མཐུན་པ་ཡི་ཕྱོགས་རྣམས་ནི། །མ་དད་ལ་སོགས་ཉམས་པར་ཡང་། །བྱས་པས་དེ་ཡིས་མི་རྫི་ཞིང་། །སྟོབས་མཆོག་རབ་ཏུ་རྒྱས་པའི་ཕྱིར། །སྟོབས་ལྔ་དག་ཏུ་བཞེད་པ་ཡིན། །

(༨༥)དད་པའི་སྟོབས་སུ་གྱུར་པ་ཡི། །མི་མོས་དབང་དུ་དེ་མི་འགྲོ། །བརྩོན་འགྲུས་ཀྱིས་ནི་ལེ་ལོ་ཡི། །དབང་རྣམས་སུ་ནི་མི་འགྲོ་ཞིང་། །མྱུར་དུ་ཡོན་ཏན་བསྐྱེད་མཛད་པའི། །དྲན་པ་སྟོབས་སུ་གྱུར་པ་ཡི། །རང་བཞིན་དོན་རྣམས་མི་བརྗེད་ཅིང་། །ཏིང་འཛིན་གྱིས་ནི་གཡེང་བ་ཡི། །བདུད་རྣམས་རབ་ཏུ་འཇོམས་བྱེད་པའི། །ཤེས་རབ་སྟོབས་ཀྱིས་མཚན་མ་ཡི། །རྟོག་པའི་དབང་དུ་དེ་མི་འགྲོ། །མི་མཐུན་པ་ཡི་ཕྱོགས་རྣམས་ཀྱང་། །ཟིལ་གྱིས་གནོན་པར་ནུས་པས་ན། །སྟོབས་ལྔ་གོམས་ཤིང་བརྟན་གྱུར་ན། །སྦྱོར་ལམ་བཟོད་ཐོབ་ཡོན་ཏན་འབྱུང་། །དེ་ལྟར་བསྒོམས་པས་ཆོས་རྣམས་ཀྱི། །བདག་ཏུ་གཟུང་བའི་ཡུལ་རྣམས་ཀྱང་། །རང་བཞིན་མེད་པར་རྟོགས་པས་བཟོད། །ཆོས་ལ་བཟོད་པའི་སྟོབས་ཐོབ་པའི། །ཆོས་ཉིད་ཟབ་མོའི་དོན་རྣམས་ལ། །མི་སྔགས་མི་སྐྲག་ཞུམ་པ་མེད། །བཟོད་ཐོབ་ངན་སོང་མི་ལྷུང་སྟེ། །བཟོད་ཐོབ་ངན་སོང་ལྷུང་མི་སྲིད། །ཐུབ་ཆེན་བཀའ་ལས་གསུངས་པ་ཡང་། །འདི་འདྲའི་དོན་ལ་previous hit དགོངས next hit་ཡིན། །དེ་ཡང་ངན་སོང་སྐྱེ་བྱེད་རྒྱུ། །ལས་དང་ཉོན་མོངས་གཉིས་ཡིན་ཏེ། །ཕྱི་ནི་གཟུང་བའི་ཡུལ་རྣམས་ཀྱང་། །རང་བཞིན་མེད་པར་གང་རྟོགས་པ། །ཉོན་མོངས་མི་སྐྱེ་རྒྱུ་འབྲས་ལ། །ཡིད་ལས་རྣམ་སྨིན་མི་བསོག་གོ། །དེ་ནས་ང་དང་བདག་འཛིན་གྱི། །སེམས་ཀྱང་རང་བཞིན་མེད་རྟོགས་པས། །འཇིག་རྟེན་ཆོས་རྣམས་ཀུན་གྱི་མཆོག །དེ་ཐོབ་འཁོར་བར་མི་ལྡོག་གོ། །ལས་དང་ཉོན་མོངས་དབང་གིས་ནི། །དེའི་མཚན་ཉིད་ཕྱིར་ཞེ་ན།

(༨༦)འཇིག་རྟེན་ཀུན་གྱི་ཆོས་རྣམས་ཀྱི། །ནང་ན་མཆོག་ཏུ་གྱུར་པའི་ཕྱིར། །དེ་ལྟར་གཟུང་འཛིན་གཉིས་ཀྱིས་ནི། །སྟོང་ཆོས་རང་གི་རྒྱུད་ལ་སྦྱོར། །དེ་ཕྱིར་སྦྱོར་ལམ་ཞེས་བྱ་བ། །འདི་རུ་ས་དང་སྦྱར་བ་ནི། །ས་ནི་མོས་པ་སྤྱོད་པའི་ས། །མཐོང་ཞེས་བྱ་བ་མཐོང་ལམ་སྟེ། །དེ་ལྟར་སྦྱོར་ལམ་མཐར་ཕྱིན་ནས། །གཟུང་འཛིན་གཉིས་ཀྱིས་སྟོང་བ་ཡི། །ཆོས་ཉིད་རང་གི་རྒྱུད་ལ་ཡོད། །སྔར་མ་མཐོང་བས་ཟག་མེད་ཀྱི། །མངོན་སུམ་མཐོང་བས་མཐོང་ལམ་སྟེ། །ས་ནི་དང་པོ་རབ་དགའ་ལ། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །ཆོས་ནི་བྱང་ཆུབ་ཡན་ལག་བདུན། །དྲན་པ་ཡང་དག་ཡན་ལག་དང་། །ཆོས་རྣམས་འབྱེད་དང་བརྩོན་འགྲུས་དང་། །དགའ་དང་ཤིན་ཏུ་སྦྱངས་པ་དང་། །ཏིང་འཛིན་བཏང་སྙོམས་ཡང་དག་དང་། །བྱང་ཆུབ་ཀྱི་ནི་ཡན་ལག་བདུན། །ད་ནི་ཅུང་ཟད་དབྱེ་བར་བྱ། །ཆོས་རྣམས་འབྱེད་པའི་མན་ངག་ནི། །བདེན་པ་བཞི་པོ་དག་གིས་ནི། །ཡང་དག་དོན་ཉིད་ཇི་ལྟ་བཞིན། །མངོན་སུམ་དུ་ནི་གང་རྟོགས་པ། །ཆོས་རྣམས་སྟོང་ཉིད་ཉམས་སུ་མྱོང་། །ཆོས་རྣམས་སོ་སོར་འབྱེད་པའོ། །དྲན་པ་ཡང་དག་ཡན་ལག་ནི། །དེའི་རྐྱེན་གྱིས་བདེན་པ་བཞི། །དེ་དག་གིས་ནི་དོན་རྣམས་ཀྱང་། །ཅི་ལྟ་བཞིན་དུ་མི་རྗེད་ཅིང་། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི། །ཡན་ལག་ཡང་དག་དེའི་གྲོགས། །དམིགས་དང་ཏིང་འཛིན་དེ་ཉིད་ལས། །སེམས་ནི་མངོན་པར་སྤྲོ་བའོ། །དགེ་བ་ཡང་དག་བྱང་ཆུབ་ཀྱི། །ཡན་ལག་དེའི་ཕན་ཡོན་ཏེ། །དམིགས་པ་དེ་ཉིད་རྟོགས་པ་ཡིས། །དེའི་འཁོར་དུ་སྡུག་བསྔལ་ལས། །ཡིད་མི་བདེ་དང་གཉིས་ལས་གཞན། །ཚོར་བ་གང་ཞིག་སྐྱེས་པ་ཡི། །སེམས་ཀྱི་རྒྱུན་

(༨༧)ནི་ཚིམ་བྱེད་པ། །ཤིན་ཏུ་སྦྱངས་པའི་ཡན་ལག་ནི། །བྱང་ཆུབ་སེམས་ཀྱི་ཡན་ལག་ནི། །དེ་རྣམས་ཀྱི་ནི་གཞི་ཡིན་ཏེ། །དམིགས་པ་དེ་ཉིད་རྟོགས་པའི་སེམས། །ལས་སུ་རུང་བའི་རྒྱུར་གྱུར་པ། །བརྟེན་པ་ལས་སུ་རུང་བའོ། །ཏིང་འཛིན་ཡང་དག་བྱང་ཆུབ་ཀྱི། །ཡན་ལག་དམིགས་པ་དེ་ཉིད་ཀྱི། །རྟོག་པའི་སེམས་རྩེ་གཅིག་པ་སྟེ། །ཏིང་འཛིན་སྒོ་ནི་དུ་མས་སྐྱེ། །ཏིང་འཛིན་བརྟན་པའི་མན་ངག་གོ། །བཏང་སྙོམས་ཡང་དག་ཡན་ལག་ནི། །དམིགས་པ་དེ་ཉིད་རྟོགས་པ་ཡི། །སེམས་སུ་ཀུན་ཀྱང་གཅིག་པ་སྟེ། །གནོད་སེམས་དང་བྲལ་ཉོན་མོངས་ཅན། །མ་ཡིན་གནས་སྐབས་ངོ་བོ་ཉིད། །དེ་ལྟར་མཐོང་ལམ་ཡེ་ཤེས་ཀྱི། །ཁམས་གསུམ་གྱིས་ནི་ཡེ་ཤེས་ཚོགས། །མཐོང་བས་སྤང་བར་བྱ་བ་ནི། །ཁམས་གསུམ་དུ་ནི་མི་ལྡོག་སྟེ། །ས་ཐོབ་འཇིགས་པ་ལྔ་དང་བྲལ། །འཁོར་མེད་འཚོ་བ་མེད་པ་དང་། །ཕ་རོལ་ཕྱིན་པའི་དབང་དུ་ན། །ཕྱོགས་མེད་སྦྱིན་པའི་ཕ་རོལ་ཕྱིན། །ངོ་བོ་སྒོམ་དུ་མེད་པ་ལ། །སྒོམ་ཞེས་བྱ་བ་སྒོམ་ལམ་སྟེ། །སྔར་མཐོང་དེའི་དོན་རྣམས་ལ། །མ་ཡེངས་རྒྱུན་དུ་བསྒོམ་པའོ། །ས་ནི་གཉིས་ནས་བརྒྱད་པའི་བར། །ཆོས་ནི་འཕགས་པའི་ཡན་ལག་བརྒྱད། །ཡང་དག་ལྟ་དང་རྟོགས་པ་དང་། །ངག་དང་ལས་ཀྱི་མཐའ་དང་འཚོལ། །རྩོལ་བ་དྲག་དང་ཡང་དག་གི། །ཏིང་ངེ་འཛིན་ཏེ་བརྒྱད་པའོ། །དེ་བརྒྱད་རབ་ཏུ་དབྱེ་བར་བྱ། །ཡང་དག་པ་ཡི་ལྟ་བ་ནི། །སྟོང་ཞིང་རང་གི་མཚན་ཉིད་མཐོང་། །དེ་མཐོང་ལམ་དུ་འཕགས་བདེན་བཞི། །ཡང་དག་སྟོང་ཞིང་མཚན་ཉིད་རྣམས། །ཇི་ལྟ་བུར་ཡང་སྔར་རྟོགས་བཞིན། །དོན་དེ་ཉིད་ལས་རབ་ཏུ་རྫོགས། །ཡང་དག་པ་ཡི་རྟོགས་པས་

(༨༨)ནི། །ཚད་མེད་སྙིང་རྗེ་རྒྱ་ཆེན་གྱིས། །འགྲོ་བའི་དོན་རྣམས་འདྲེན་པ་སྟེ། །སྔར་རྟོགས་པ་ཡི་དོན་དེ་ཉིད། །སྙིང་རྗེས་གཞན་ལ་སྟོན་པར་མཛད། །ངག་ནི་དགེ་བ་ཆོས་བསྡུད་པ། །ཀུན་སློང་དྲན་པ་གསོ་བའོ། །ཡང་དག་ངག་གིས་ཆོས་སྟོན་ཞིང་། །ཡང་དག་པའི་དོན་ལྔར་རྟོགས། །དེ་ཉིད་དྲིས་ལ་མཐུན་པའི་ལན། །བདེན་པའི་ཆོས་བཤད་གཞན་རྣམས་ལ། །ལྟ་བ་རྣམ་དག་རྒྱུར་འགྱུར་རོ། །ཡང་དག་ལས་ཀྱི་མཐའ་རྣམས་ནི། །དྲི་མའི་ཚོགས་ཀྱིས་མ་གོས་ལྟར། །སྔར་གྱི་དམིགས་པ་དེ་རྟོགས་ལ། །བརྟེན་ནས་འགྲོ་དང་རྟོག་ལ་སོགས། །སྤྱོད་ལམ་ཕུན་སུམ་ཚོགས་པ་ཡི། །གཞན་གྱི་ཚུལ་ཁྲིམས་དྲི་མ་ཡིས། །མ་གོས་རྣམ་དག་རྒྱུད་འགྱུར་རོ། །ཡང་དག་པའི་འཚོ་བ་ནི། །ཐེག་ཆེན་ཆོས་ཀྱིས་འཚོ་བ་སྟེ། །སྔར་གྱི་རྟོགས་པ་དེ་ཉིད་ལས། །བརྟེན་ནས་བཅོམ་ལྡན་འདས་ཀྱིས་ནི། །ཇི་སྐད་གནས་པ་དེ་བཞིན་དུའང་། །ཆོས་གོས་ལ་སོགས་འཚོ་བས་ན། །གཞན་གྱི་འཚོ་བ་རྣམ་པར་དག །འཚོ་བ་རྣམ་དག་རྒྱུར་འགྱུར་རོ། །ཡང་དག་པ་ཡི་རྩོལ་བ་ནི། །དུས་གསུམ་འདུ་འབྲལ་མེད་པ་སྟེ། །སྔར་གྱི་དམིགས་པ་དེ་ཉིད་རྟོགས། །དེ་ལ་བརྟེན་ནས་བསྒོམ་པ་ཡང་། །ངག་གི་ཉོན་མོངས་སྤང་བའི་ཕྱིར། །སེམས་ཀྱི་རང་བཞིན་སྤྲོས་པའོ། །ཡང་དག་དྲན་པ་མ་བརྗེད་པ། །སྔར་གྱི་དམིགས་པ་རྟོགས་པ་ཉིད། །མ་བརྗེད་བྱིང་བ་ལ་སོགས་པ། །ཉེ་བའི་ཉོན་མོངས་ཚོགས་རྣམས་སུ། །མི་འགྱུར་བའི་རྒྱུར་འགྱུར་རོ། །ཡང་དག་པའི་ཏིང་ངེ་འཛིན་ནི། །སྐད་ཅིག་ཙམ་ལ་རྩེ་གཅིག་སྟེ། །སྔར་གྱི་དམིགས་པས་དེ་ཉིད་རྟོགས། །རང་བཞིན་ངང་ལས་རྩེ་གཅིག་གནས། །མངོན་ཤེས་ལ་སོགས་ཡོན་ཏན་

(༨༩)རྣམས། །མངོན་པར་འགྲུབ་པའི་རྒྱུར་འགྱུར་རོ། །དེ་ལྟར་འཕགས་པའི་ཡན་ལག་བརྒྱད། །བསྒོམས་པས་གཙོ་བོར་ཉོན་མོངས་ཚོགས། །མཐའ་དག་སྤངས་པའི་འགོག་པ་ནི། །ཐམས་ཅད་དུ་ཡང་མངོན་དུ་འགྱུར། །ཐོབ་ཅེས་བྱ་བ་མཐར་ཕྱིན་ལམ། །བཅུ་པ་ཆོས་ཀྱི་སྤྲིན་ཆེན་པ། །ཅི་ཕྱིར་ཐོབ་ཅེས་བྱ་ཞེ་ན། །ས་བཅུའི་བྱང་ཆུབ་སེམས་དཔའ་དེ། །སྐད་ཅིག་མ་ནི་དང་པོ་ལ། །ལོངས་སྐུའི་ཆ་བྱད་ཉིད་དུ་བཞུགས། །སྐད་ཅིག་དག་གི་ཕྱི་མ་ལ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །ཤེས་སྒྲིབ་ཟད་པར་སྦྱངས་ནས་སུ། །ཡང་དག་ཏུ་ནི་མངོན་སངས་རྒྱས། །སྐུ་གསུམ་ཡེ་ཤེས་བདག་ཉིད་ཅན། །རབ་ཏུ་ཐོབ་པས་ཐོབ་ཅེས་བྱ། །ད་ཡང་གོང་ལྟར་རྒྱུ་ལམ་བཞི། །རིམ་གྱིས་བསྒོམ་ཞིང་བརྟག་པ་ལས། །མཐར་ཕྱིན་སྒོམ་ལམ་ཐ་མ་ནི། །སྐད་ཅིག་དེ་ཉིད་ལ་བརྟེན་ནས། །མཐར་ཕྱིན་མི་སློབ་ལམ་སྐྱེ་སྟེ། །དེས་ནི་ཉོན་མོངས་སྒྲིབ་པ་དང་། །ཤེས་བྱའི་སྒྲིབ་པ་མཐའ་དག་བྲལ། །དེ་བཞིན་དག་པ་གཉིས་ལྡན་ཞིང་། །མངོན་སུམ་བྱེད་པའི་ཡེ་ཤེས་ནི། །ཐམས་ཅད་རྒྱུད་ལ་སྐྱེ་བ་ཡི། །འབྲས་བུ་སངས་རྒྱས་པ་ཡིན་ཏེ། །དེ་ཡི་གནས་སྐབས་རྣམས་སུ་ནི། །རྣམ་པར་ཐར་པའི་སྒོ་གསུམ་སྟེ། །སྟོང་པ་ཉིད་ཀྱི་རང་བཞིན་ཏེ། །མཚན་མ་མེད་པའི་དེ་བཞིན་ཉིད། །སྨོན་པ་མེད་པའི་ངོ་བོ་ནི། །སྟོང་པ་ཉིད་ཀྱི་ཏིང་འཛིན་གྱིས། །གཞན་དབང་ངོ་བོ་རྒྱུ་རྐྱེན་བསྐྱེད། །ཁམས་གསུམ་པ་ཡི་སེམས་དང་ནི། །སེམས་ལས་བྱུང་བ་དེ་ཉིད་ཀུན། །ངོ་བོ་ཆོས་ཀྱི་བདག་གཟུང་བ། །འཛིན་པ་གཉིས་སུ་རྣམ་པར་བཞེད། །གང་ཟག་གིས་ནི་བདག་རྟག་དང་། །གཅིག་པུ་ལ་སོགས་ངོ་བོ་བཞིན། །བདེན་མེད་

(༩༠)གཉིས་ཀྱི་རང་བཞིན་དུ། །མངོན་སུམ་མཐོང་བའི་སེམས་རྩེ་གཅིག །མཚན་མ་མེད་པའི་ཏིང་འཛིན་ནི། །གཟུགས་དང་ཚོར་བ་ལ་སོགས་པ། །མཚན་མ་ཐམས་ཅད་དང་བྲལ་བའི། །དེ་བཞིན་ཉིད་དེ་ཡོངས་སུ་གྲུབ། །མངོན་སུམ་ཤེས་པ་རྩེ་གཅིག་ཀུན། །སྨོན་པ་མེད་པའི་ངོ་བོ་ནི། །གཞན་དུ་ངོ་བོ་ཁམས་གསུམ་པ། །སེམས་དང་སེམས་ལས་བྱུང་བ་ཡི། །རྒྱུ་རྐྱེན་བསྐྱེད་པ་དེ་ཉིད་དང་། །རྒྱུ་རྐྱེན་བྲལ་བ་དེ་ཉིད་ལ། །ཡོངས་གྲུབ་ངོ་བོ་ཉིད་ཤེས་པས། །གཞན་དུ་སྨོན་པ་མེད་པའི་ཚུལ། །མངོན་སུམ་ཤེས་པའི་སེམས་རྩེ་གཅིག །རང་དོན་མཐའ་དག་ཐོས་ནས་ཀྱང་། །གཞན་དོན་གདུལ་བྱའི་སེམས་ཅན་ལ། །ཆོས་འཆད་ལ་སོགས་སྣང་བ་འབྱུང་། །ཆོས་སྟོན་ནུས་དང་ལྡན་གྱུར་ཏེ། །དེས་ནི་རང་དང་གཞན་དོན་རྣམས། །ཡང་དག་རྫོགས་ཕྱིར་སངས་རྒྱས་ཞེས། །རྒྱལ་བ་རྣམས་ཀྱིས་དེ་སྐད་གསུངས། །མི་སློབ་ལམ་ཞེན་previous hit དགོངས next hit་ཡིན། །ད་ནི་གཞི་ལམ་འབྲས་བུ་གསུམ། །ཚོགས་གཉིས་རྫོགས་དང་སྒྲིབ་གཉིས་བྱང་། །ཚོགས་གཉིས་བསགས་ནས་གཟུང་འཛིན་གཉིས། །ཆོམས་ཏེ་ས་ལམ་བསྒྲོད་པ་ཡང་། །ཕ་རོལ་ཕྱིན་པ་བཅུ་དག་དང་། །ས་བཅུ་རིམ་གྱིས་སྦྱོར་བར་གསུངས། །ས་ཆེན་རབ་ཏུ་དགའ་བ་ལས། །སྦྱིན་པ་ཡིས་ནི་ཕ་རོལ་ཕྱིན། །གཉིས་དང་གསུམ་པ་ཚུལ་ཁྲིམས་བཟོད། །བཞི་བརྩོན་ལྔ་པར་བསམ་གཏན་ནོ། །དྲུག་པ་ཤེས་རབ་བདུན་པ་ཐབས། །བརྒྱད་པར་སྟོབས་དང་སྨོན་ལམ་སྟེ། །བཅུ་པར་ཡེ་ཤེས་མཐར་ཕྱིན་ཐོབ། །དེ་ཡང་སྦྱིན་དང་ཚུལ་ཁྲིམས་བཟོད། །ཐབས་དང་སྨོན་ལམ་ལྔ་པས་ཏེ། །རྒྱུའི་བསོད་ནམས་

(༩༡)ཚོགས་ཡིན་ནོ། །བསམ་གཏན་ཤེས་རབ་ཡེ་ཤེས་སྟོབས། །བཞི་ནི་འབྲས་བུ་ཡེ་ཤེས་ཚོགས། །བརྩོན་འགྲུས་ཚོགས་གཉིས་ཟུང་འཇུག་གྲོགས། །དེ་ལྟར་ཚོགས་གཉིས་རབ་རྫོགས་ནས། །གཟུང་འཛིན་ལས་བྱུང་ལས་སྒྲིབ་པས། །ཤེས་བྱའི་སྒྲིབ་པ་གཉིས་བཅོམ་སྟེ། །མཐོང་ལམ་དུ་ནི་ཆོས་ཉིད་དེ། །རང་གི་མཚན་ཉིད་ཀུན་མཐོང་བས། །སྒོམ་ལམ་དེའི་དོན་རྣམས་དང་། །མ་བྲལ་རྒྱུན་དུ་གོམས་ཤིང་བསྒོམས། །མཐར་ལམ་རྡོ་རྗེ་ལྟ་བུ་ཡིས། །ཏིང་འཛིན་རྒྱལ་པོ་ཐོབ་པའོ། །དེ་ལྟར་ས་བཅུ་རིམ་བསྒྲོད་ནས། །མཐར་ཐུག་སའི་འབྲས་བུ་ནི། །བཅུ་གཅིག་ཀུན་ཏུ་འོད་ཀྱི་ས། །སྐུ་གསུམ་ཡེ་ཤེས་བཞི་དག་གིས། །རང་བཞིན་ཅན་དེ་ཐོབ་པ་ཡིན། །སྤྲུལ་སྐུའི་མཐར་ཐུག་ཀུན་ཏུ་འོད། །སྡེ་སྣོད་གསུམ་གྱི་མཐར་ཐུག་དེ། །གོང་མ་རྣམས་ཀྱི་ལམ་སྟེགས་ཙམ། །རྣལ་འབྱོར་རང་བྱུང་རྡོ་རྗེ་ཡང་། །ཐོས་པས་ཕྱིའི་སྒྲོ་འདོགས་ཆོད། །བསྒོམས་པས་ནང་གི་སྒྲོ་འདོགས་ཆོད། །བསམས་པས་སྒྲ་དོན་སོ་སོར་གོ། །ཀུན་གྱིས་རྟོགས་པ་རྟོགས་པ་ཟེར། །རྟོགས་ན་གནས་ལུགས་ཇི་ལྟར་གདའ། །རྟོགས་པ་རབ་འབྱམས་ནམ་མཁའ་ལ། །ལྷན་སྐྱེས་ཡེ་ཤེས་ཉི་མ་ཤར། །སྟོན་པ་སྤྲུལ་སྐུ་སྟོང་རྩ་གཉིས། །བསྟན་པ་དམ་ཆོས་སྡེ་སྣོད་གསུམ། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །ཐེག་གསུམ་ས་ལམ་འབྲས་བུར་བཅས། །བཀའ་གསུམ་འཁོར་ལོ་བཞི་དག་ཏུ། །བཀའ་དང་བསྟན་བཅོས་ས་མཚམས་རྣམས། །རྟོགས་པ་གཅིག་གི་དཀྱིལ་འཁོར་དུ། །ཐམས་ཅད་རྒྱུ་འབྲས་རྫོགས་པར་རྟོགས། །རང་སེམས་དོན་དམ་བདེན་པར་ཡང་། །ཡང་དག་དོན་གྱི་རྩེ་གཅིག་རྟོགས། །དང་པོ་རབ་

(༩༢)ཏུ་དགའ་བའི་ས། །མ་ཡེངས་རྒྱུན་གྱི་དྲན་པ་ཡིས། །གོམས་པ་རྩེ་གཅིག་དྲི་མེད་པ། །རྩེ་གཅིག་རྟོགས་པ་དབང་ཐོབ་པ། །གསུམ་པ་དག་ནི་འོད་བྱེད་པ། །སྤྲོས་མེད་སྤྲོས་བྲལ་མཉམ་ཉིད་རྟོགས། །བཞི་པ་འོད་ནི་འཕྲོ་བའི་ས། །གོམས་པ་སྤྲོས་བྲལ་མཐར་ཕྱིན་པ། །ལྔ་པ་སྦྱང་བར་དཀའ་བའི་ས། །སྤྲོས་བྲལ་མཉམ་ཉིད་དབང་ཐོབ་པས། །དྲུག་པ་མངོན་དུ་གྱུར་པའི་ས། །དུ་མ་རོ་གཅིག་བདེ་ཆེན་རྟོགས། །བདུན་པ་དག་ནི་རིང་དུ་སོང་། །རོ་གཅིག་གོམས་པ་མཐར་ཕྱིན་པ། །ས་བརྒྱད་པ་ནི་མི་གཡོ་བ། །དུ་མ་རོ་གཅིག་དབང་ཐོབ་པ། །ས་དགུ་ལེགས་པའི་བློ་གྲོས་ཡིན། །སྣང་སྲིད་འཁོར་འདས་ཆོས་ཀྱི་སྐུ། །གོམས་པ་སྒོམ་བྱེད་མཉམ་རྗེས་མེད། །ས་བཅུ་ཆོས་ཀྱི་སྤྲིན་ཡིན་ནོ། །སྒོམ་མེད་མཐར་ཕྱིན་རྡོ་རྗེ་ལྟར། །དབང་ཐོབ་སྤྲུལ་སྐུ་ཐུབ་ཆེན་ཏེ། །སྟོབས་བཅུ་མི་འཇིགས་བཞི་ལྡན་ཞིང་། །མ་འདྲེས་ཆོས་དང་མཚན་དཔེས་བརྒྱན། །རྣམ་འཕྲུལ་བྱེ་བ་ཕྲག་བརྒྱ་ཡང་། །ཀུན་ཤེས་ཀུན་རིག་ཡེ་ཤེས་མཛོད། །མཧཱ་མུ་དྲའི་འབྲས་བུ་ཏེ། །རྟོགས་པ་གཅིག་གིས་ས་ལམ་རྣམས། །འབྲས་བུ་སྤྲུལ་སྐུ་ཉིད་དུ་རྟོགས། །ས་ར་ཧ་ཡི་ཞལ་ནས་ཀྱང་། །འཁོར་འདས་ལམ་གྱིས་བསྡུས་པའི་ཆོས། །འདུས་བྱས་ཆོས་ལ་མི་ལྟོས་པར། །འཁོར་འདས་དུས་གསུམ་མཉམ་པ་ཉིད། །བློ་འདས་ལྷན་སྐྱེས་ཕྱག་རྒྱ་ཆེ། །འབྲས་བུའི་མཐར་ཐུག་ཡིན་ནོ་གསུང་། །སྤྲུལ་སྐུ་ཐུབ་ཆེན་གསེར་མདོག་ཅན། །སྟོན་པ་བསྟན་པ་གདུལ་བྱ་གསུམ། །སྒྲ་དོན་ཤན་འབྱེད་རྣལ་འབྱོར་པས། །རྟོགས་པ་མཐར་ཕྱིན་

(༩༣)ཡེ་ཤེས་དབྱིངས། །གཅིག་ཤེས་ཀུན་གྲོལ་བར་སྐབས་ལགས། །མ་འོངས་དུས་ཀྱི་གདུལ་བྱ་རྣམས། །དེ་དང་དེ་དོན་ཡོངས་རྫོགས་ཤོག །ཉན་རང་བྱང་ཆུབ་སེམས་དཔའ་ཡི། །ཐེག་པའི་ཁྱད་པར་ས་མཚམས་རྣམས། །གོང་ནས་གོང་དུ་རབ་དབྱེ་བ། །རིགས་ལྡན་སློབ་མས་མཁྱེན་པར་མཛོད། །མ་རྟོགས་ཐ་མལ་སྐྱེ་བོ་དང་། །ལོག་རྟོག་མུ་སྟེགས་གྲུབ་མཐའ་དང་། །སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ། །སྤྲུལ་སྐུའི་བསྟན་པ་མན་ཆོད་ཀྱི། །ཐེག་པའི་བྱེ་བྲག་ཀུན་རྫོགས་སོ།། །།ཆོས་སྐུ་དྲི་མེད་ནམ་མཁའི་དབྱིངས། །ལོངས་སྐུ་བདེ་ཆེན་ཁྲི་གདུགས་ཤར། །ཐབས་དང་ཤེས་རབ་ལྷུན་གྲུབ་པའི། །ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་བསྟོད། །གསང་སྔགས་རིག་སྔགས་གཟུངས་སྔགས་དང་། །རྡོ་རྗེ་ཐེག་པའི་མཛོད་འཛིན་པ། །གསང་བདག་རྡོ་རྗེ་འཛིན་པ་ལ། །འདུ་འབྲལ་མེད་པར་ཕྱག་འཚལ་བསྟོད། །རྡོ་རྗེ་འཛིན་པ་ཀུན་བདག་གཙོ། །སྨིན་གྲོལ་དབང་གིས་སྐལ་ལྡན་འདྲེན། །ལོངས་སྐུའི་བསྟན་པ་རྒྱས་མཛད་པའི། །བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །ལོངས་སྐུའི་རིགས་ལྔ་ཡབ་ཡུམ་བཅུ། །ལྷན་སྐྱེས་གཉིས་མེད་བདེ་བ་ཆེ། །ཆོས་དབྱིངས་རབ་འབྱམས་མཐའ་ཡས་ཀྱང་། །ལོངས་སྐུའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །སྟོན་པ་རྨད་བྱུང་ལོངས་སྤྱོད་རྫོགས། །སྟོན་པ་དེའི་བསྟན་པ་ནི། །ཕྱི་རྒྱུད་དག་པའི་རྣམ་པ་གསུམ། །བྱ་བའི་རྒྱུད་དང་སྤྱོད་རྒྱུད་དང་། །རྣལ་འབྱོར་རྒྱུད་དེ་གསུམ་པའོ། །ལོངས་སྐུ་དག་གི་བསྟན་པ་ནི། །ཀྲི་ཡ་དག་གི་རྒྱུད་རྣམས་ནི། །ཕྱི་རྒྱུད་གསུམ་གྱིས་འཛིན་པ་ཡིན། །ཀྲི་ཡ་

(༩༤)ཡི་ནི་རྒྱུད་རྣམས་ནི། །ད་ནི་ཅུང་ཟད་དབྱེ་བར་བྱ། །ཀྲི་ཡ་དག་ཀྱང་གཉིས་སུ་བཞེད། །བཀའ་དང་རྒྱུད་ནི་གཉིས་ཡིན་ཏེ། །བཀའ་ནི་གཟུངས་སྔགས་ཚོགས་རྣམས་ཡིན། །སྡེ་སྣོད་གསུམ་དང་རྒྱུད་སྡེ་རྣམས། །ཀུན་གྱི་སྤྱི་ཁར་ཐུན་མོང་སྟེ། །མདོ་ཡང་ཡིན་ལ་རྒྱུད་དུ་བཤད། །སྟོན་པ་དག་ནི་མཐུན་པ་ལས། །བསྟན་པ་ཡི་ནི་མི་མཐུན་ནོ། །སྟོན་པ་ཤཱཀ་ཐུབ་གསེར་མདོག་ཅན། །མདོ་གཟུངས་གཉིས་ཀྱི་ཐུན་མོང་ཡིན། །བསྟན་པ་གཟུངས་སྔགས་ཀྲི་ཡར་གཏོགས། །ཀྲི་ཡ་རྒྱུད་དུ་གསུངས་པ་ཡིན། །གསེར་མདོག་ཅན་གྱི་ཞལ་ནས་ཀྱང་། །ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །དྲག་ཤུལ་ཅན་ཞེས་བྱ་བའི་རིགས། །གསང་བའི་བདག་པོ་མངོན་སྣང་ནས། །བསྟན་པ་དམ་པ་འབྱུང་བར་འགྱུར། །དེ་སྐད་དུ་ནི་ལུང་བསྟན་པ། །མ་འོངས་དུས་ལ་བབ་པ་ན། །ཝཱ་ར་ཎ་སཱིའི་གསིལ་ཁང་དུ། །ཕོ་བྲང་དམ་པ་རིན་ཆེན་ཏེ། །ཀྲྀ་ཡ་ཡི་ནི་རྒྱུད་རྣམས་ཀུན། །བསྟན་པ་དམ་པ་དེར་སྣང་ཞེས། །ཀྲྀ་ཡ་རྡོ་རྗེ་མི་འགྱུར་རྒྱུད། །སྟོན་པས་ལུང་བསྟན་གསུངས་པ་ཡང་། །དུས་ལ་བབ་ནས་འཛམ་གླིང་དུ། །སྤྲུལ་པའི་པོ་ཏི་གྲངས་མང་རྣམས། །ལས་ཅན་སྤྲུལ་སྐུའི་ཕྱག་ཏུ་བྱོན། །མཁའ་འགྲོའི་གནས་དང་དགའ་ལྡན་གནས། །གཞན་འཕྲུལ་དབང་བྱེད་རྒྱ་གར་གནས། །ཀྲྀ་ཡའི་རྒྱུད་སྡེ་བསམ་མི་ཁྱབ། །སྤྲུལ་སྐུ་མེས་དབོན་རྣམ་གསུམ་དང་། །ལོ་པཎ་བྱང་ཆུབ་སེམས་དཔའ་རྣམས། །རྒྱུ་རྐྱེན་འཛོམ་པའི་ཕྲིན་ལས་ལས། །སྔ་འགྱུར་ཀྲྀ་ཡའི་རྒྱུད་སྡེ་རྣམས། །རྙིང་མ་ཞེས་སུ་གྲགས་པ་

(༩༥)ཡིན། །ཀྲྀ་ཡའི་བཀའ་རྒྱུད་ཡན་ལག་བཅས། །ཀྲྀ་ཡའི་རྒྱུད་སྡེ་རྒྱ་མཚོ་འདྲ། །བདེ་ལ་འགྱུར་བ་ཆུ་ཐིགས་ཙམ། །རྒྱ་གར་དང་ནི་བོད་ཀྱི་ཡུལ། །སྐུ་འཁྲུངས་ལོ་པཎ་སྐྱེས་ཆེན་རྣམས། །བཀའ་དང་བསྟན་བཅོས་previous hit དགོངས་འགྲེལ་ལ། །བཞེད་ལུགས་ཐ་དད་ཡོད་ན་ཡང་། །དོན་ལ་ངོ་བོ་གཅིག་ next hit་ཡིན། །ཀྲྀ་ཡ་རྒྱུད་ཀྱི་སྟོན་པ་ནི། །ལོངས་སྐུ་སྤྲུལ་སྐུ་གཉིས་སུ་འདུས། །ཡང་ན་གཟུགས་སྐུ་རྣམ་གཉིས་ཀྱང་། །ངོ་བོ་གཅིག་ཕྱིར་ལོངས་སྐུ་ཡིན། །བཀའ་དང་བསྟན་བཅོས་བྱ་རྒྱུད་ཀྱི། །མཆོད་པ་བརྗོད་ཅིང་གླད་ཀྱི་དོན། །ཡིད་ཆེས་བྱིན་བརླབས་འཇུག་པ་བསྟན། །ཀྲྀ་ཡའི་རྒྱུད་གསུངས་གྲངས་མང་ཡང་། །བཀའ་དང་བསྟན་བཅོས་གདམ་ངག་གསུམ། །རྒྱུད་དང་རྒྱུད་ཀྱི་ཕྱི་མ་དང་། །གཟུངས་དང་གཟུངས་ཀྱི་རྟོག་པ་སོགས། །ཕུན་སུམ་ཚོགས་པ་ལྔ་ཡིས་སྟོན། །སྟོན་པ་བསྟན་པ་གནས་དང་འཁོར། །དུས་དང་ཕུན་སུམ་ཚོགས་པ་ལྔ། །འབྲེལ་དང་མ་ཚང་མེད་པ་ལ། །ཕུན་སུམ་ཚོགས་པར་འཆད་བྱེད་ཅིང་། །སྒྲ་དོན་མ་ནོར་བསྟན་པར་བགྱི། །བྱ་རྒྱུད་མ་བརྟེན་རྒྱུད་འགྲེལ་དང་། །སྐྱེད་རྫོགས་གདམ་ངག་བསྟན་བཅོས་རྣམས། །རྩིས་མགོ་རྣམ་པ་ལྔ་ཡིས་འཆད། །རྒྱུད་དང་བསྟན་བཅོས་གྲངས་མང་ཡང་། །གཟེ་མ་ལྡེ་མིག་ཇི་བཞིན་དུ། །མཁས་པར་འཆད་པར་དམ་བཅའ་ཞིང་། །སྒྲ་དོན་སོ་སོར་འབྱེད་པར་བྱ། །བྱ་བའི་རྒྱུད་ཀྱང་བཞི་ཡིན་ཏེ། །བྱ་བའི་རྒྱུད་ཀྱི་བྱ་རྒྱུད་དང་། །བྱ་བའི་རྒྱུད་ཀྱི་སྤྱོད་རྒྱུད་དང་། །བྱ་བའི་རྒྱུད་ཀྱི་ཡོ་ག་དང་། །བྱ་བའི་རྒྱུད་ཀྱི་བླ་མེད་དེ། །ས་མཚམས་བཞི་རུ་

(༩༦)ཤེས་པར་བྱ། །སི་ཏི་ཀ་རས་ལེགས་ཞུས་དང་། །ཀྲྀ་ཡ་རྡོ་རྗེ་མི་འགྱུར་རྒྱུད། །དཔུང་བཟང་གིས་ནི་ཞུས་ལ་སོགས། །རྒྱུད་ཀྱི་སྡེ་ཚན་གྲངས་མང་ཡང་། །བྱ་བའི་རྒྱུད་དུ་ཐམས་ཅད་གཅིག། རྣམ་འཇོམས་རྣམ་རྒྱལ་དོན་ཞགས་དང་། །རིགས་གསུམ་གཟུངས་སྔགས་གྲངས་མང་ཡང་། །ཐམས་ཅད་ངོ་བོ་གཅིག་པའི་ཕྱིར། །སྤྱོད་པ་མདོ་འདུལ་དག་དང་མཐུན། །ད་ནི་ཉམས་སུ་བླང་ཚུལ་བསྟན། །དེ་ཡང་རྣམ་པ་དགུ་རུ་བཞེད། །འཇུག་པའི་སྒོ་དང་ལྟ་བ་དང་། །སྤྱོད་པའི་ས་ལམ་བསྒོམ་པ་དང་། །དམ་ཚིག་གནས་པ་འབྲས་བུ་སྟེ། །ས་བཅད་དགུ་རུ་བཞེད་པ་ཡིན། །ལ་དགུ་དང་ནི་ལུང་དགུ་སྟེ། །ལམ་དགུ་དག་ནི་བསྒྲོད་པའི་ཕྱིར། །ཐེག་པ་རེ་ལ་དགུ་ཚན་རེ། །ལུང་དགུ་བྱ་བ་འཇུག་པའི་སྒོ། །ལམ་དགུ་རྟོགས་པའི་ལྟ་བ་དེ། །ལ་དགུ་ཐོབ་པའི་འབྲས་བུ་ཡིན། །ཐེག་པ་རེ་ལ་འཇུག་སྒོ་རེ། །ཀྲི་ཡ་དག་གི་འཇུག་སྒོ་ནི། །ཁྲུས་དང་གཙང་སྦྲའི་སྒོ་ནས་འཇུག །སི་ཏི་ཀ་རའི་རྒྱུད་ལས་ཀྱང་། །ལས་ལ་འཇུག་པའི་དུས་དག་ཏུ། །ལུས་ལ་དྲིལ་ཕྱིས་བྱས་ནས་ནི། །ས་དག་ལུས་ལ་དྲིལ་ཕྱིས་བྱ། །ཆུ་ཆེན་རྙོག་མེད་ནང་དག་ཏུ། །ཇི་ལྟར་འདོད་བཞིན་བཀྲུ་བར་བྱ། །རྡོ་རྗེ་རྩེ་མོའི་རྒྱུད་ལས་ཀྱང་། །ཁྲུས་དང་གཙང་སྦྲ་གཙོར་བྱེད་ཅིང་། །གསོ་སྦྱོང་སྡོམ་པ་རྒྱུན་དུ་བྱ། །ལུས་ངག་ཡིད་གསུམ་དག་བྱེད་ཅིང་། །བྱ་བའི་རྒྱུད་ནས་ཇི་བཞིན་དུ། །ལུས་ངག་སྤྱོད་པ་དག་པར་བྱ། །དོན་དམ་དང་ནི་ཀུན་རྫོབ་རྟོགས། །དོན་དམ་རང་སེམས་དག་པ་ནི། །མཐའ་བཞི་བྲལ་བར་རྟོགས་བྱ་ཞིང་། །ཀུན་རྫོབ་ལྟ་བ་རབ་རྟོགས་ནས། །ཀྲྀ་

(༩༧)ཡ་ཡི་ནི་ལྟ་བ་ཡིན། །རྡོ་རྗེ་མི་འགྱུར་རྒྱུད་ལས་ཀྱང་། །ཀྲྀ་ཡ་དོན་གྱི་ལྷ་དྲུག་ནི། །ལས་ལྷ་དྲུག་དང་དགོས་ཆེད་བཞི། །རྣམ་པར་ལྷ་དང་གཏན་གྱི་ལྷ། །ཕྱི་སྣོད་དག་པ་གཞལ་ཡས་ཁང་། །ནང་བཅུད་དག་པ་ལྷ་ཡི་ཚོགས། །གསང་བ་རྫས་དང་ཡོ་བྱད་དང་། །མཆོད་པའི་དངོས་སམ་ཡིད་ཀྱིས་འབུལ། །ལུས་ངག་ཡིད་གསུམ་རྣམ་དག་པས། །སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་རྣམས། །རིགས་གསུམ་མགོན་པོར་ཤེས་པར་བྱ། །ཀུན་རྫོབ་མཐའ་བཞི་དྲི་བྲལ་ཡིན། །དོན་དམ་མཐའ་བཞིའི་དྲི་བྲལ་ནི། །ཆོས་ཉིད་མི་རྟོགས་མཚན་མ་མེད། །སྣང་སྟོང་དབྱེར་མེད་མཐའ་བཞི་བྲལ། །རྡོ་རྗེ་འཛིན་པའི་ས་ཐོབ་སྟེ། །བདེན་པ་གཉིས་ཀྱི་དོན་རྣམས་ནི། །ཇི་ལྟ་བཞིན་དུ་ནར་སོན་ཞིང་། །བསྐལ་པར་མི་སྡོད་མི་ཚེ་ལྔ། །འབྲས་བུ་རྡོ་རྗེ་འཛིན་ཐོབ་འགྱུར། །ཀྲྀ་ཡ་རྒྱུད་སྡེ་འབྲས་བུ་སོགས། །དོན་དམ་དང་ནི་ཀུན་རྫོབ་སྟེ། །དྲི་བྲལ་རྣམ་པ་བརྒྱད་དུ་འདུས། །སྐལ་ལྡན་སློབ་མས་མཁྱེན་པར་མཛོད། །ཤིན་ཏུ་རྣལ་འབྱོར་ལུང་ལས་ཀྱང་། །བྱ་བྱེད་རྟོག་ཅན་སྡེ་པ་ནི། །དང་པོར་མི་རྟོག་ཏིང་འཛིན་གྱིས། །ཕྱི་ནང་རྟོག་པ་དག་གསུམ་བསྒོམ། །དེ་རྟོག་གཟའ་དང་སྐར་མ་བཟང་། །དུས་ཚོད་སྒོ་ནས་འཇུག་བྱ་ཞིང་། །བྱང་ཆུབ་ཆོ་འཕྲུལ་སྣ་ཚོགས་ཀྱིས། །དམ་ཚིག་ཡེ་ཤེས་རྗེ་ཁོལ་ཚུལ། །དག་གསུམ་མཆོད་པས་མཉས་བྱས་ནས། །ངེས་པར་སྐུ་གསུང་ཐུགས་ཀྱི་ནི། །དངོས་གྲུབ་ཐམས་ཅད་ཐོབ་འདོད་པས། །རིགས་གསུམ་རྡོ་རྗེ་འཛིན་པའི་ས། །བྱ་རྒྱུད་འབྲས་བུའི་མཐར་ཐུག་ཡིན། །མཚན་ཉིད་སྡེ་སྣོད་

(༩༨)ཐེག་པ་དང་། །བྱ་རྒྱུད་འབྲས་བུའི་ཁྱད་པར་ནི། །ཐེག་ཆེན་བྱང་ཆུབ་སེམས་དཔའ་ཡིས། །བསྐལ་པ་དག་གི་གསུམ་དག་གིས། །ས་ལམ་འབྲས་བུ་ཐོབ་པར་གསུངས། །མིའི་སྐྱེ་བ་ཚེ་བདུན་གྱིས། །བྱ་རྒྱུད་འབྲས་བུ་ཐོབ་པར་བཞེད། །ཐེག་ཆེན་གཉིས་འབྲས་བུའི་ཁྱད་པར་རོ། །བྱ་རྒྱུད་ཐེག་པ་གྲངས་མང་ཡང་། །འདེགས་བྱ་དང་ནི་འདེགས་བྱེད་དོ། །ཐེག་པའི་ངོ་བོ་ས་མཚམས་འབྱེད། །འབྲས་བུའི་ཐོབ་ཚུལ་ལ་སོགས་པ། །མདོར་བསྡུས་ཅུང་ཟད་བསྟན་པ་ལགས། །མ་འོངས་དུས་ཀྱི་གདུལ་བྱ་རྣམས། །སྒྲ་དོན་སོ་སོར་གོ་བ་དང་། །ས་ལམ་ཐམས་ཅད་རབ་རྫོགས་ནས། །འབྲས་བུ་རིགས་གསུམ་ཐོབ་པར་མཛོད། །ཀྲྀ་ཡ་ཡི་ནི་མཐར་ཐུག་སྟེ། །ཨུ་པ་ཡ་ཡི་ལམ་སྟེགས་ཙམ། །གཅིག་ཅར་རྟོགས་པའི་རྣལ་འབྱོར་པ། །མ་རྟོགས་འགྲོ་དྲུག་སེམས་ཅན་རྣམས། །ལོག་རྟོག་མུ་སྟེགས་རྟག་ཆད་གཉིས། །ཐེག་དམན་བྱིས་པ་ཉན་རང་གཉིས། །ཐེག་ཆེན་བྱང་ཆུབ་སེམས་དཔའི་ཚོགས། །བྱ་རྒྱུད་ས་གཅོད་དགུ་ལ་སོགས། །ངར་འཛིན་གྲུབ་མཐའ་ཐ་དད་རྣམས། །ཆོས་རྣམས་ཐམས་ཅད་མཉམ་པ་ཉིད། །དབྱེར་མེད་གསུམ་གྱི་དོན་རྟོགས་ཤིང་། །མཚན་བཅས་མཚན་མེད་ཆོས་རྣམས་ལ། །སྒྲ་དོན་མ་འདྲེས་སོ་སོར་རྟོགས། །གཅིག་ཤེས་ཀུན་གྲོལ་མཁྱེན་པ་རྒྱས། །དེ་ལྟར་རྟོགས་པའི་རྣལ་འབྱོར་ལ། །གྲུབ་མཐའི་བྱེ་བྲག་སྒྲོད་དུ་མེད། །རང་བཞིན་ལྷུན་གྲུབ་རྩོལ་སྒྲུབ་མེད། །མཧཱ་མུ་དྲ་ཕྱག་རྒྱ་ཆེ། །འབྲས་བུ་གཞན་ནས་མི་རེ་བ། །རྟོགས་previous hit ་རྩལ་རྫོགས་བཞེད་དགོངས next hit་ཡིན། །མགྲིན་པའི་ལོངས་སྤྱོད་འཁོར་ལོ་རུ། །ཨཱ་ལི་ཀཱ་ལི་མཉམ་སྦྱོར་ཞིང་། །རྩ་མདུད་པདྨ་ཁ་འབྱེད་པས། །ངག་གི་མཁའ་འགྲོས་

(༩༩)བྱིན་གྱིས་བརླབས། །རྟོགས་པ་རབ་འབྲིང་ཐ་མ་ལས། །ཅུང་ཟད་ཙམ་ཅིག་རྟོགས་པ་ལགས། །རང་གི་ལུས་ངག་ཡིད་གསུམ་འདི། །ཕྱག་རྡོར་འཇམ་དཔལ་སྤྱན་རས་གཟིགས། །དབྱེར་མེད་རིགས་གསུམ་ངོ་བོར་རྟོགས། །བྱ་རྒྱུད་མན་ཆད་ཐེག་པ་ཡི། །གྲུབ་མཐའི་འཕྲེང་ལས་རབ་གྲོལ་བས། །ཐེག་པའི་བྱེ་བྲག་ས་མཚམས་མེད། །ཕྲིན་ལས་རྩོལ་མེད་ཤུགས་ལས་འབྱུང་། །ཡེ་ཤེས་དབྱིངས་ཀྱི་དཀྱིལ་འཁོར་ལས། །རང་བཞིན་ཉིད་ཀྱི་ལྷ་ཚོགས་བཞུགས། །མཧཱ་མུ་ཏྲ་སྐད་པ་དེ། །དེ་འདྲའི་དོན་གཅིག་རྟོགས་ན་ཡིན། །དབང་པོ་ཡང་རབ་གདུལ་བྱ་ཡིས། །སྲིད་པ་དག་ཏུ་མི་འཁྲུལ་ཞིང་། །ཞི་བར་རབ་ཏུ་མི་གནས་ཤིང་། །བདེན་གཉིས་ས་ལམ་མི་སྒྲོད་པར། །རང་བྱུང་རྟོགས་པའི་ཡེ་ཤེས་ཅན། །རྒྱུ་འབྲས་ཡོངས་རྫོགས་དོན་རྟོགས་མཛོད། །ལོངས་སྐུའི་བསྟན་པ་དང་པོ་ནི། །བྱ་རྒྱུད་བསྟན་པའི་གཞི་འཛིན་ཞིང་། །བདེ་གཤེགས་བཀའ་དང་བླ་མའི་ལུང་། །བདེ་གཤེགས་གསུང་རབ་རྒྱ་མཚོ་ལས། །བདག་འདྲས་དཔག་པར་མི་ནུས་ཀྱང་། །ཐོས་བསམ་སྒོམ་གྱི་སྒྲོ་འདོགས་བཅད། །དེ་དང་དེ་དོན་མངོན་དུ་གྱུར། །བྱ་རྒྱུད་སྔགས་ཀྱི་རིམ་པ་རྣམས། །བྱར་མེད་སྐུ་གསུམ་རྩལ་རྫོགས་ཤིང་། །ཤན་འབྱེད་སྒྲ་དོན་བར་སྐབས་ལགས། །བསྟན་ལ་རབ་དགའ་དམ་ཚིག་ཅན། །སྣོད་ལྡན་སློབ་མས་མཁྱེན་པར་མཛོད། །མཁྱེན་པ་གཉིས་ལྡན་དགེ་བའི་བཤེས། །སྒོམ་ཆེན་འབྲིང་གི་རྟོགས་ཚུལ་ལགས། །སྒོམ་ཆེན་མང་སྟེ་སྒོམ་མེད་དཀའ། །རྟོགས་ལྡན་ཟེར་བ་མང་ལགས་ཀྱང་། །མཁྱེན་པ་གཉིས་ལྡན་དཀའ་བར་གདའ། །ཉམས་དང་རྟོགས་པ་གོ་བ་

(༡༠༠)གསུམ། །བདེ་གཤེགས་བཀའ་ལ་མཁྱེན་པ་རྒྱས། །དེ་བཞི་གཅིག་ཏུ་རྟོགས་པའི་ཕྱིར། །རྒྱུད་ཚོད་འདི་དང་འདི་ཙམ་ན། །སྒོམ་ཆེན་འབྲིང་གི་རྟོགས་ཚུལ་ལགས། །འོག་མིན་སྟུག་པོ་བཀོད་པའི་ཞིང་། །རྣམ་སྣང་རིགས་ལྔ་ཀུན་གྱི་གཙོ། །ལོངས་སྐུ་ཕུན་སུམ་ཚོགས་པ་ལ། །ལྷན་སྐྱེས་བདེ་ཆེན་འདུད་ཕྱག་འཚལ། །རྡོ་རྗེ་འཛིན་དང་རྒྱུད་པར་བཅས། །དངོས་གྲུབ་ཐོབ་ཅིང་མཁྱེན་པ་རྒྱས། །རྩ་བ་བརྒྱུད་པར་བཅས་པ་ལ། །དུས་གསུམ་དུས་མེད་ཕྱག་འཚལ་བསྟོད།། །།རྒྱ་གར་སྐད་དུ། ཨུ་པ་ཡ། བོད་སྐད་དུ། །སྤྱོད་པའི་རྒྱུད། །འཛམ་གླིང་འཇིག་རྟེན་འདི་ཉིད་ན། །སྐད་རིགས་སུམ་བརྒྱ་དྲུག་བཅུ་སྟེ། །དོན་ལ་ངོ་བོ་གཅིག་པའི་ཕྱིར། །སྤྱོད་པའི་རྒྱུད་དུ་གྲགས་པ་ཡིན། །དེ་ཡང་རྣམ་པ་གསུམ་གྱིས་སྟོན། །གླད་ཀྱི་དོན་དང་གཞུང་གི་དོན། །མཇུག་གི་དོན་དུ་གསུངས་པ་ཡིན། །གླད་ཀྱི་དོན་ཡང་གཉིས་ཡིན་ཏེ། །མཆོད་པར་བརྗོད་ཅིང་བཤད་པར་ཡང་། །དམ་བཅའི་བྱེ་བྲག་བསྟན་པ་ཡིན། །མཆོད་བརྗོད་དག་ཀྱང་བཞི་རུ་དབྱེ། །སྟོན་པ་དང་ནི་སློབ་དཔོན་དང་། །དམ་ཆོས་མཚན་ཕྱག་འཚལ་བ་དང་། །ཡིད་ཆེས་བྱིན་རླབས་འཇུག་པའི་ཕྱིར། །གླེང་གཞིའི་འབྲེལ་ཚུལ་རྒྱས་བསྡུས་བསྟན། །ཨུ་པ་ཡའི་བརྒྱུད་པ་ཡང་། །རྣམ་པར་སྣང་མཛད་ཆེན་པོ་ནས། །རྡོ་རྗེ་ཆོས་ཀྱིས་རབ་ཞུས་ཏེ། །ཨིནྡྲ་བོ་དྷི་ལ་སོགས་པ། །དཔེར་ན་ཆུ་བོའི་རྒྱུན་བཞིན་དུ། །རྒྱ་བོད་སློབ་དཔོན་དེ་དང་མཚུངས། །རྣལ་འབྱོར་དང་ནི་ཨུ་པ་ཡ། །སྟོན་པ་རྒྱུད་པ་ཐུན་མོང་ལགས། །སྔ་འགྱུར་ཕྱི་འགྱུར་ལ་སོགས་པ། །ཕྱི་རྒྱུད་གསུམ་གྱི་ཐུན་མོང་

(༡༠༡)དུ། །སྤྱོད་པ་ཤས་ཆེར་སྟོན་པ་ཡིན། །ཨུ་པ་ཡ་ཞེས་མཚན་བཏགས་སོ།། །།ད་ནི་བཤད་པར་དམ་བཅའ་བ། །བསྟན་པ་རྒྱ་མཚོ་དཔག་་མི་ལང་། །རྒྱན་ནི་དམ་པ་ཞེས་བྱ་ལ། །རྟོགས་པའི་རྒྱལ་པོ་ཕྱི་མ་སྟེ། །དེའི་ཕྱི་མ་ཨུ་པ་ཡ། །རྒྱུད་རྣམས་ཀུན་ཏུ་གསུངས་པ་ཡང་། །ཕུན་སུམ་ཚོགས་པ་ལྔ་ཡིས་སྟོན། །སྟོན་པ་བསྟན་པ་གནས་དང་གསུམ། །འཁོར་ནི་ཕུན་སུམ་ཚོགས་པའོ། །མ་ནོར་འབྲེལ་ཚུལ་རྒྱས་པར་ཡང་། །མཁས་པས་མ་ནོར་འཆད་པར་བགྱི། །རྒྱུད་སྡེ་རྣམ་པར་དབྱེ་བ་ཡི། །previous hit དགོངས་འགྲེལ་གདམ་ངག་བསྟན་བཅོས་རྣམས། །རྩིས་མགོ་ལྔ་ཡིས་བསྟན་པར་བྱ། །འཆད་ next hit་པོ་དང་ཉན་པ་པོས། །ཨུ་previous hit ་ཡའི་དགོངས next hit་འགྲེལ་རྣམས། །སྒྲ་དོན་ཤན་འབྱེད་རྟེན་འབྲེལ་ཚོགས། །བསྟན་པ་གནས་ཕྱིར་བརྩོན་པར་བྱ། །ད་ནི་གཞུང་གི་དོན་རྣམས་ཀྱི། །རྒྱས་དང་བསྡུས་པ་ལ་སོགས་པའི། །ཐེག་པའི་གོ་རིམ་བསྟན་པར་བྱ། །ཨུ་པ་ཡ་ཞེས་བྱ་བ་ནི། །རྒྱུད་སྡེ་བཞི་ཡི་སྤྱི་ཁར་ཡང་། །གཙོ་ཆེར་སྤྱོད་པ་ཤས་ཆེར་སྟོན། །ཁྱད་པར་ཀྲྀ་ཡ་ཡོ་ག་གཉིས། །དེའི་བར་མཚམས་ཨུ་པ་ཡ། །གཉིས་ཀ་སྤྱོད་དུ་ཤེས་པར་བྱ། །རྟོགས་པའི་རྒྱལ་པོ་ཕྱི་མའི་རྒྱུད། །དམ་པ་རྒྱན་ཞེས་བྱ་བ་དང་། །ཕྱི་རྒྱུད་གཉིས་ཀྱི་བཞེད་previous hit དགོངས་ཀྱིས། །ཕྱི་རྒྱུད་རྣམ་ next hit་གསུམ་དག་གིས། །ལྟ་སྤྱོད་ཐུན་མོང་སྟོན་པ་ཡིན། །ཨུ་པ་ཡ་ཞེས་བྱ་བ་ནི། །ཀྲྀ་ཡ་སྤྱོད་ཅིང་ཡོ་ག་སྒྲུབ། །གཉིས་ཀ་སྤྱོད་ཅེས་མཚན་ཡང་བཏགས། །འཇུག་ལུགས་རྣམ་པ་དགུ་དག་གིས། །ས་སྤྱོད་རྐང་གྲངས་གསུངས་ན་ཡང་། །སྤྱོད་པ་གཙོ་ཆེར་སྟོན་པ་ཡིན། །ཀྲྀ་ཡ་སྐུ་གསུང་ཐུགས་ཀྱི་རྒྱུད། །སྤྱོད་པ་

(༡༠༢)གཙོ་ཆེར་སྟོན་ལགས་ཀྱང་། །ལྟ་བ་ཤས་ཆེར་སྟོན་པ་ཡིན། །སྐུ་གསུང་ཡོན་ཏན་ཕྲིན་ལས་སོགས། །རྒྱུད་སྡེ་ཀུན་གྱི་འབྲས་བུ་སྟེ། །ལྟ་སྤྱོད་གཉིས་ཀ་སྟོན་པ་ནི། །གཉིས་ཀའི་རྒྱུད་དུ་ཤེས་པར་བྱ། །ཨུ་པ་ཡ་ཡི་ཆ་ཤས་ཙམ། །འབྲས་བུ་ཐོབ་པར་བཞེད་པ་ཡིན། །རྣལ་འབྱོར་ཕྱི་པའི་འདོད་པ་གཉིས། །རང་རིག་དངོས་དང་མཚན་མ་གཉིས། །དབྱེར་མེད་དབྱིངས་དང་ཡེ་ཤེས་གཉིས། །བྱིན་རླབས་རྡོ་རྗེ་དབྱིངས་ལྟ་གཉིས། །ཤ་ལ་གྲོགས་པོའི་མཆད་ཚུལ་གཉིས། །མ་གྲུབ་ཚོལ་ནས་འཇིག་རྟེན་དག །གྲོགས་ལ་བརྟེན་ནས་ནོར་འཚོལ་མཚུངས། །གཉིས་ཀ་རྒྱུད་ལས་གསུངས་པ་ཡང་། །ཨུ་པ་ཡ་བའི་བཞེད་ལུགས་ནི། །རྣམ་གྲངས་དགུ་ཡིས་འཇུག་པ་སྟེ། །འཇུག་པའི་སྒོ་དང་ལྟ་བ་དང་། །སྒོམ་དང་སྤྱོད་པ་དམ་ཚིག་དང་། །མི་མཐུན་ཕྱོགས་རྣམས་སྤང་བ་དང་། །ས་ལམ་དང་ནི་གནས་པ་སྟེ། །ཕྲིན་ལས་སྣ་ཚོགས་འབྲས་བུའོ། །ཕྲིན་ལས་སྣ་ཚོགས་ཤུགས་ལས་འབྱུང་། །ཞི་བ་ལ་སོགས་སྦྱིན་སྲེག་དང་། །གཏོར་མ་འགྲོན་ལ་སོགས་པ་རྣམས། །ཨུ་པ་ཡའི་དབང་བསྐུར་དང་། །གཟུངས་ཆོག་བསྲུང་བཟློག་ལས་རྣམས་འགྲུབ། །མ་འདྲེས་སོ་སོར་ཤེས་པར་བྱ། །འབྲས་བུ་དག་གི་ཐོབ་ཚུལ་ནི། །རིགས་བཞི་རྣམ་པར་འབྱེད་པའི་ས། །རྒྱུད་ནས་གསུངས་བཞིན་ཤེས་པར་བྱ། །འཇུག་སྒོ་ལ་སོགས་གཞན་རྣམས་ནི། །ཀྲྀ་ཡོག་གཉིས་སུ་ཤེས་པར་མཛོད། །བསྐྱེད་རྫོགས་དཀྱིལ་འཁོར་ལ་སོགས་པ། །ཀྲྀ་ཡོག་གཉིས་དང་མཐུན་པར་སྤྱོད། །དོན་ལ་ངོ་བོ་གཅིག་ན་ཡང་། །ཨུ་པ་ཡ་དང་བཞི་རུ་དབྱེ། །ཨུ་པ་ཡ་ཡི་སྤྱོད་རྒྱུད་དང་། །ཨུ་པ་ཡ་ཡི་བྱ་རྒྱུད་དང་། །ཨུ་པ་ཡ་ཡི་རྣལ་འབྱོར་དང་། །ཨུ་པ་ཡ་ཡི་

(༡༠༣)བླ་མེད་དེ། །སྡེ་ཚན་བཞི་རུ་གྲགས་པ་ཡིན། །ཕྱི་རྒྱུད་གསུམ་གྱི་ཞོར་འབྱུང་སྟེ། །དཀའ་ཐུབ་དཀའ་སྤྱད་དུ་མ་ཡིས། །ལུས་ངག་ཡིད་ཀྱི་སྒོ་གསུམ་དུ། །ཉོན་མོངས་དང་ནི་སྒྲིབ་པའི་ཚོགས། །སྦྱོང་ཞིང་དག་པར་བྱེད་པ་སྟེ། །ཀྲྀ་ཡོག་གཉིས་ཀྱི་སྤྱི་མཐུན་དུ། །སྤྱོད་ཅིང་སྒྲུབ་པར་བྱེད་པ་སྟེ། །དབང་པོའི་བྱེ་བྲག་ཅི་བཞིན་དུ། །དུས་ནི་རབ་འབྲིང་ཐ་མ་གསུམ། །འབྲས་བུའི་ཐོབ་ཚུལ་དེ་བཞིན་ནོ། །ཨུ་པ་ཡའི་ཐེག་པ་ནི། །ཐེག་པ་གཉིས་ཀྱི་སྤྱི་མཐུན་ལགས། །ཀྲྀ་ཡོག་རྒྱུད་སྡེ་གྲངས་མང་ཡང་། །སྐྱེད་རྫོགས་སྤྱོད་དང་དམ་ཚིག་དང་། །སྙིང་པོ་སྔགས་དང་གསོ་སྦྱོང་སོགས། །ལས་རྣམས་སྣ་ཚོགས་སྒྲུབ་པ་དང་། །སྒྲིབ་པ་ཇི་ལྟར་དག་པ་བཞིན། །ས་ལམ་རིམ་གྱིས་རྫོགས་པ་དང་། །ཡོན་ཏན་ཕྲིན་ལས་བསམ་མི་ཁྱབ། །འབྲས་བུ་ལོངས་སྐུའི་ཚུལ་དུ་རྫོགས། །སྡེ་སྣོད་དག་ནི་གསུམ་དག་ཏུ། །ཨུ་པ་ཡ་དང་ཆ་མཐུན་དུ། །ཁྱད་པར་མདོ་སྡེ་འདུལ་བ་ན། །བསྲུང་སྡོམ་དང་ནི་གཙང་སྦྲ་རྣམས། །ཇི་ལྟར་དང་དུ་ལེན་པ་བཞིན། །ཨུ་པ་ཡའི་རྣལ་འབྱོར་པས། །དེ་ལྟར་ཉམས་སུ་བླང་བར་བྱ། །ཨུ་པ་ཡའི་འབྲས་བུ་ནི། །མཐར་ཐུག་རིགས་བཞི་རྣམ་པར་འབྱེད། །ངོ་མཚར་ཆེ་བར་གསུངས་ན་ཡང་། །རྣལ་འབྱོར་རྒྱུད་ཀྱི་ལམ་སྟེགས་ཙམ། །ད་རུང་ཐེག་པའི་རྣམ་གྲངས་ནི། །གོང་དུ་རྫོགས་རྒྱུ་ཡོད་པའི་ཕྱིར། །མཁས་པས་དེ་དོན་མཁྱེན་པར་མཛོད། །གྲུབ་ཐོབ་རྣམས་ཀྱིས་བྱིན་བརླབས་ཤིང་། །སྒྲ་དོན་ཐེག་པའི་བྱེ་བྲག་ལ། །མ་འདྲེས་སོ་སོར་རྟོགས་པ་ཡི། །མ་རྟོགས་པ་དང་ལོག་པར་རྟོགས། །ཉན་རང་བྱང་ཆུབ་སེམས་དཔའ་དང་། །ཀྲྀ་ཡ་ཨུ་པའི་རྒྱུད་

(༡༠༤)སྡེ་བརྒྱད། །ལྷན་སྐྱེས་ཡེ་ཤེས་ཕྱག་རྒྱ་ཆེ། །རྒྱུ་རྟོགས་ལམ་རྟོགས་འབྲས་བུ་རྟོགས། །མཉམ་ཉིད་བདེ་བ་ཆེན་པོ་རུ། །རྟོགས་དང་མ་རྟོགས་ས་མཚམས་མེད། །སྤྱོད་པར་བྱ་བའི་ཆོས་རྣམས་དང་། །དགག་སྒྲུབ་བྱེ་བྲག་སྣ་ཚོགས་རྣམས། །ངོ་བོ་མཚན་ཉིད་གཅིག་ཏུ་རྫོགས། །སྙིང་པོ་དོན་གྱི་ཨུ་པ་ཡ། །ཀུན་རིག་རྒྱལ་པོར་རྟོགས་ལགས་པས། །བློས་བྱས་སྤྱོད་པའི་བཞག་འཇོག་རྣམས། །སྣང་སྟོང་རོ་གཅིག་སོ་སོར་རྫོགས། །འཁྲུལ་དང་ཡེ་ཤེས་འཆགས་པ་འདི། །སྒོམ་ཆེན་འབྲིང་གི་རབ་རྣམས་ཀྱིས། །ཤུགས་འབྱུང་སྤྱོད་པ་རང་གྲོལ་ཡིན། །རིགས་བཞིའི་རིགས་གསུམ་འབྲས་བུ་ཡང་། །ངོ་བོ་ཉིད་ཀྱིས་ཡོངས་རྫོགས་པས། །གཞན་ནས་ཐོབ་དུ་མི་རེ་བ། །རེ་དོགས་མེད་པ་འབྲས་བུའི་མཆོག །སྟོན་སྒོམ་རྣམས་ཀྱིས་མཁྱེན་པར་མཛོད། །ཀྲྀ་ཡོག་མན་ཆོད་ཐེག་པ་ཡི། །གོལ་སྒྲིབ་འཕྲང་ལས་སྒྲོལ་བ་ཡི། །བར་སྐབས་དག་ཏུ་བསྟན་པ་ཡིན།། །།རྒྱ་གར་སྐད་དུ། ཡོ་ག་ཏེ། བོད་སྐད་དུ། རྣལ་འབྱོར་རྒྱུད། །འདི་ཡང་རྣམ་པ་གསུམ་གྱིས་བསྟན། །གླད་དང་གཞུང་དང་མཇུག་གིས་སྟོན། །རྣམ་སྣང་རྒྱལ་པོ་ཀུན་ཏུ་ཞལ། །རིགས་བཞི་ཡུམ་ལྔར་བཅས་པ་དང་། །ཨེ་མ་སུམ་བཅུ་བདུན་དག་ལ། །སྒོ་གསུམ་དང་བས་ཕྱག་འཚལ་བསྟོད། །རྣམ་སྣང་རྒྱལ་པོ་མན་ཆོད་ནས། །སེམས་དཔའ་སེམས་མ་གྲུབ་ཐོབ་རྣམས། །ད་ལྟ་སློབ་དཔོན་ཡན་ཆད་ལ། །སྒོ་གསུམ་དང་བས་ཕྱག་འཚལ་བསྟོད། །ཡིད་ཆེས་བྱིན་རླབས་འཇུག་པའི་ཕྱིར། །བླ་མ་བརྒྱུད་པའི་གླེང་གཞི་དང་། །ཡོ་གའི་རྒྱུད་དང་གདམ་ངག་སོགས། །མ་འདྲེས་སོ་སོར་བཤད་ཀྱང་འཚལ། །གཞུང་གི་དོན་རྣམས་

(༡༠༥)བསྟན་པ་ནི། །སྔ་འགྱུར་གསང་སྔགས་རྙིང་མ་ལས། །རྣལ་འབྱོར་དག་གི་རྒྱུད་རྣམས་ཀྱང་། །གྲངས་མང་བོད་ལ་འགྱུར་བར་སྣང་། །རྒྱུད་སྡེ་རྣམ་པ་གྲངས་མང་ཡང་། །རྒྱུད་དང་རྒྱུད་ཀྱི་ཕྱི་མ་རྣམས། །གཅིག་རྒྱབ་གཅིག་གིས་སྐྱོང་བའི་ཕྱིར། །ཕུན་སུམ་ཚོགས་པ་ལྔ་རུ་འདུས། །གདུལ་བྱ་རབ་འབྲིང་ཐ་མ་ཡི། །དབང་པོའི་བྱེ་བྲག་དེ་བཞིན་དུ། །རྒྱས་དང་བསྡུས་ལ་སོགས་པ་ཡི། །ཚིག་གསལ་མཁས་པའི་སྒྲོན་མེ་དང་། །དོན་རིག་རྟོགས་པའི་ཡེ་ཤེས་གཉིས། །དབྱེར་མེད་གཅིག་ཏུ་འཆད་པར་བགྱི། །ཡོ་ག་རྒྱུད་ཀྱི་འགྲེལ་ས་དང་། བསྟན་བཅོས་གདམ་ངག་རིམ་པ་རྣམས། །ལོ་པཎ་མཁས་ལ་གྲུབ་པ་ཐོབ། །རྒྱ་བོད་སྤྲུལ་སྐུ་ཐམས་ཅད་ཀྱིས། །རྒྱུད་འགྲེལ་previous hit དགོངས next hit་ཐ་དད་རྣམས། །རྩིས་མགོ་ལྔ་ཡིས་བསྟན་པར་བགྱི། །ཡོ་ག་དག་གི་ཐེག་པ་ནི། །མཁས་རྣམས་བཞེད་ལུགས་སྣ་ཚོགས་ཡོད། །འཇུག་སྒོ་ལ་སོགས་གྲངས་མང་རྣམས། །ས་གཅོད་དགུ་རུ་ཤེས་པར་བྱ། །རྣལ་འབྱོར་རྒྱུད་ཅེས་བྱ་བ་ནི། །རྒྱུད་སྡེ་ཀུན་གྱི་སྒོམ་ལམ་སྟེ། །སྒོམ་དང་ཏིང་འཛིན་གཙོ་ཆེར་ནི། །འཇུག་པ་ཡི་ནི་སྒོ་རུ་བཤད། །སེམས་ཀྱི་ཏིང་འཛིན་རྩལ་རྫོགས་ནས། །བྱ་བ་ཐམས་ཅད་འགྲུབ་པར་བཤད། །རྡོ་རྗེ་རྩེ་མོའི་རྒྱུད་ལས་ཀྱང་། །དཀའ་ཐུབ་དཀའ་སྤྱད་འདིར་མི་དགོས། །ཁྲུས་དང་གཙང་སྦྲ་འདིར་མི་དགོས། །མཆོད་སྦྱིན་སྦྱིན་སྲེག་འདིར་མི་དགོས། །སངས་རྒྱས་ཐམས་ཅད་སེམས་དཔའ་ཆེ། །བདག་ཏུ་འགྱུར་བས་འགྲུབ་འགྱུར་ཞེས། །རྣལ་འབྱོར་རྒྱུད་ལས་གསུངས་པའི་ཕྱིར། །ཡོ་ག་བསྒྱུར་བའི་ལམ་པ་ཡིན། །རྣལ་འབྱོར་རྒྱུད་ཀྱི་ལྟ་བ་ནི། །དོན་དམ་ཀུན་རྫོབ་

(༡༠༦)རྟོགས་པ་ནི། །དོན་དམ་སེམས་ཀྱི་རང་བཞིན་ལས། །ཆོས་སྐུ་རྣམ་དག་རྟོགས་པའོ། །ཀུན་རྫོབ་ལྟ་བ་རྟོགས་པ་ཡི། །བྱིན་རླབས་ཡེ་ཤེས་ལྔ་དག་ལས། །རིགས་ལྔའི་དཀྱིལ་འཁོར་ཉིད་དུ་སྣང་། །རྡོ་རྗེ་དབྱིངས་དང་ཆོས་ཀྱི་དབྱིངས། །གཙུག་དགུ་ཀུན་རིག་ལ་སོགས་པ། །དཀྱིལ་འཁོར་ཀུན་གྱི་རྩ་བར་ཡང་། །ཡོ་ག་དཀྱིལ་འཁོར་ཀུན་བདག་པོ། །དཀྱིལ་འཁོར་ཐམས་ཅད་འབྱུང་བར་བཤད། །རྣལ་འབྱོར་རྒྱུད་ཀྱི་སྒོམ་པ་ནི། །སྐྱེད་རིམ་དང་ནི་རྫོགས་རིམ་སྟེ། །ཡོ་གའི་མངོན་རྟོགས་གྲངས་མང་ཡང་། །དག་པ་གསུམ་དང་མངོན་བྱང་ལྔ། །ལྷའི་དཀྱིལ་འཁོར་གྲངས་མང་ཡང་། །ཨེ་མ་སུམ་བཅུ་བདུན་དུ་འདུས། །ལྷ་དག་དཀྱིལ་འཁོར་གྲོགས་པོའི་ཚུལ། །བསྟེན་ཞིང་རྫོགས་པར་སྒོམ་པ་ཡིན། །མཚན་ཉིད་ཆོས་ཉིད་མི་རྟོག་སྒོམ། །རྫོགས་པར་བྱ་བའི་གདམས་པའོ། །སངྐྲ་ཧ་རའི་རྒྱུད་ལས་ཀྱང་། །གཞན་ཡང་སྒྲུབ་པ་ཆེན་པོ་ནི། །ཛཧཱུྃ་བཾ་ཧོཞེས་བརྗོད་དེ། །ཡིད་ཀྱིས་ལེགས་པར་སྦྱོར་བ་ཡིས། །ལུས་ལ་སངས་རྒྱས་རབ་ཏུ་བཞུགས། །སེམས་དཔའ་གསུམ་ལྡན་རྒྱུན་དུ་བསྒོམ། །རྡོ་རྗེ་རྩེ་མོའི་རྒྱུད་ལས་ཀྱང་། །ཤིན་ཏུ་ཕྲ་མོའི་ཡིད་ཀྱིས་ནི། །སེམས་ནི་ཆོས་ཉིད་བསྒོམ་པ་ནི། །སྣང་སྟོང་དབྱེར་མེད་ཏིང་འཛིན་ལ། །རྒྱུན་ཆད་མེད་པར་གནས་པར་བྱ། །ཡོ་ག་དག་གི་ཐེག་པ་ནི། །སྤྱོད་པ་དག་གི་དམ་ཚིག་དང་། །ས་ལམ་ཕྲིན་ལས་སྒྲུབ་པ་དང་། །དབང་དང་སྦྱིན་སྲེག་རབ་གནས་དང་། །བསྙེན་སྒྲུབ་མཆེད་དང་གཏོར་མ་དང་། །རྣལ་འབྱོར་རྒྱུད་ཀྱི་ཕྲིན་ལས་སོགས། །རྒྱུད་དང་ལུང་དང་མན་ངག་སོགས། །མཁས་previous hit ་རྣམས་ཀྱི་དགོངས next hit་འགྲེལ་སོགས། །མ་འདྲེས་སོ་སོར་ཤེས་པར་བྱ། །གསང་སྔགས་རྒྱུད་སྡེ་ཐམས་ཅད་ཀྱི། །ལག་ལེན་ཀུན་གྱི་རྩ་

(༡༠༧)བ་ནི། །ཐམས་ཅད་ཡོ་གར་འདུས་པ་ཡིན། །ཡོ་ག་དག་ནི་མཁས་གྱུར་ན། །སྔགས་ཀྱི་སྤྱོད་པ་ཀུན་ལ་མཁས། །དེ་ཕྱིར་གསང་སྔགས་སྤྱོད་པ་རྣམས། །སྔགས་དང་སྙིང་པོ་ཕྱག་རྒྱ་སོགས། །མ་ནོར་ལེགས་པར་བསླབ་པར་བྱ། །རྣལ་འབྱོར་རྒྱུད་ཀྱི་འབྲས་བུ་ནི། །རྣམ་སྣང་སྟུག་པོ་བཀོད་པའི་རྒྱན། །ཕུན་སུམ་ཚོགས་པ་ལྔར་ལྡན་ཞིང་། །གཟུགས་ལ་སོགས་པ་ཕུང་པོ་ལྔ། །རིགས་ལྔ་སྟུག་པོ་བཀོད་པའི་ཞིང་། །ལྟ་བ་སྤྱོད་པའི་འཁོར་ལོ་ལས། །ཚེ་གསུམ་སྟོད་ན་སྟུག་པོ་བཀོད། །རྣམ་སྣང་རྒྱལ་པོ་ཉིད་དུ་འགྱུར། །རྣལ་འབྱོར་འབྲས་བུའི་མཐར་ཐུག་སྟེ། །བླ་མེད་ཐེག་པའི་ལམ་སྟེགས་ཙམ། །རྣལ་འབྱོར་མན་ཆད་གྲུབ་མཐའ་རྣམས། །མ་འདྲེས་ཐེག་པ་སོ་སོར་སྣང་། །གཅིག་ཤེས་ཀུན་ལ་མཁས་པ་ཡི། །རྟོགས་པ་མཆོག་ལྡན་རྣལ་འབྱོར་པས། །སྒྲ་དང་དོན་དང་ཕྱི་ནང་གི། །གྲུབ་མཐའི་བྱེ་བྲག་སྣ་ཚོགས་རྣམས། །མ་འདྲེས་སོ་སོར་རྟོགས་པའི་ཕྱིར། །སྒོམ་བྱའི་སྔགས་ཀྱི་ཏིང་འཛིན་དང་། །དོན་དམ་ཀུན་རྫོབ་ལྟ་བ་དང་། །འཇུག་སྒོའི་བྱེ་བྲག་སྤྱོད་པ་སོགས། །མཐར་ཐུག་འབྲས་བུའི་རྣམ་སྣང་སོགས། །གཞན་ནས་ཐོབ་དུ་མི་རེ་བ། །དུས་གསུམ་དུས་མེད་མཉམ་པ་ཉིད། །དུ་མ་རོ་གཅིག་མཉམ་པ་ཉིད། །རྣལ་འབྱོར་རྒྱུད་ཀྱི་previous hit དགོངས next hit་རྣམས། །མཧཱ་མུ་ཏྲ་ལྷན་ཅིག་སྐྱེས། །རྟོགས་པ་རབ་འབྱམ་རྩལ་རྫོགས་པས། །ཀུན་རིག་རྒྱལ་པོ་ཉིད་དང་མཚུངས། །མ་རྟོགས་པ་དང་ལོག་པར་རྟོགས། །ཤཱཀྱ་ཐུབ་དང་ལོངས་སྤྱོད་རྫོགས། །གཟུགས་སྐུའི་བསྟན་པ་རྣམ་གཉིས་སོགས། །ཐ་དད་དུ་མར་སྣང་ན་ཡང་། །སྒོམ་མེད་ཀློང་དུ་གྱུར་པ་ཡི། །རང་བྱུང་ཡེ་ཤེས་དཀྱིལ་འཁོར་དུ། །མ་བྱུང་བ་དང་མ་རྫོགས་པ། །ཅུང་ཟད་ཙམ་ཡང་ཡོད་མ་ཡིན། །མཁས་ལ་གྲུབ་པ་ཐོབ་པ་རྣམས།

(༡༠༨)ཐོས་བསམ་སྒོམ་པས་རྒྱུད་སྦྱངས་ཤིང་། །རྟོགས་པ་སྒྲ་དོན་སོ་སོར་མཁྱེན། །འཁོར་འདས་ལམ་གྱི་ཆོས་རྣམས་ལ། །ཕྱོགས་མེད་རྟོགས་པའི་སྤྱན་གྱིས་གཟིགས། །རིགས་ལྡན་སློབ་མས་མཁྱེན་པར་མཛོད། །ཡོ་ག་མན་ཆོད་སྒྲ་དོན་རྣམས། །སོ་སོར་རྟོགས་པའི་བར་སྐབས་ལགས།། །།རྒྱ་གར་སྐད་དུ། མཧཱ་ཡོ་ག་སྟེ། །བོད་སྐད་དུ་རྣལ་འབྱོར་ཆེན་པོར་བརྗོད། ཆོས་དབྱིངས་རབ་འབྱམས་ཡངས་པའི་ཀློང་། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས། །རྡོ་རྗེ་བཙུན་མོའི་བྷ་ག་སྟེ། །ཀུན་བདག་དྲུག་པ་རྡོ་རྗེ་འཆང་། །ལྷན་སྐྱེས་བདེ་བ་ཆེན་པོར་བཞུགས། །བདག་གཞན་གཉིས་མེད་འདུད་ཕྱག་འཚལ། །བླ་མེད་རྡོ་རྗེ་ཐེག་པ་ནི། །སྔ་འགྱུར་རྒྱུད་སྡེ་གྲངས་མཐའ་ཡས། །སྒྱུ་འཕྲུལ་དང་ནི་སྡེ་བརྒྱད་སོགས། །རྙིང་མ་ཞེས་བྱར་མཚན་གསོལ་ལོ། །རྒྱ་མཚོ་ལྟར་ཟབ་བདེ་མཆོག་དང་། །ཉི་ཟླ་ལྟར་གྲགས་དགྱེས་རྡོར་དང་། །མཧཱ་མ་ཡ་གདན་བཞི་སོགས། །མ་རྒྱུད་རྒྱུད་སྡེ་གྲངས་མང་ཞིང་། །གསང་འདུས་དགྲ་ནག་ལ་སོགས་པ། །ཕ་རྒྱུད་དང་ནི་མ་རྒྱུད་རྣམས། །ཕྱི་འགྱུར་གསར་མ་ཞེས་སུ་གྲགས། །སྔ་འགྱུར་ཕྱི་འགྱུར་ཐམས་ཅད་ཀྱང་། །བླ་མེད་ཐེག་པ་ངོ་བོ་ལ། །ལུང་བསྟན་སྐྱེས་བུ་མི་བཞི་སྟེ། །དགའ་རབ་རྡོ་རྗེ་ས་ར་ཧ། །ཛ་དང་ཀླུ་སྒྲུབ་སྙིང་པོ་བཞི། །འདི་དག་གིས་ནི་ས་མཚམས་འབྱེད། །ཕ་རྒྱུད་རྣམས་ནི་རིམ་པ་ལྔ། །མ་རྒྱུད་ཐམས་ཅད་ཕྱག་རྒྱ་བཞི། །ཐབས་དང་ཤེས་རབ་མཚུངས་ལྡན་རྒྱུད། །བདུད་རྩི་རྒྱ་མཚོའི་རྒྱུད་ལས་ཀྱང་། །ཕུང་པོ་ཁམས་དང་སྐྱེ་མཆེད་སོགས། །གདོད་ནས་རྒྱལ་བའི་དཀྱིལ་འཁོར་ཏེ། །ཡིན་ལུགས་ཤེས་པས་གྲོལ་བར་འགྱུར།

(༡༠༩)བླ་མེད་ཐེག་པའི་ཁྱད་པར་འཕགས། །བླ་མེད་རྒྱུད་ལས་གསུངས་པའི་ཕྱིར། །རྒྱུད་དང་རྒྱུད་ཀྱི་ཕྱི་མ་རྣམས། །ཕུན་སུམ་ཚོགས་པ་ལྔར་ལྡན་ཞིང་། །རྒྱུད་དང་ལུང་དང་མན་ངག་རྣམས། །མ་ནོར་སོ་སོར་ཤེས་པར་བྱ། །བླ་མེད་རྒྱུད་ཀྱི་དགོངས་འགྲེལ་རྣམས། །བསྟན་བཅོས་གདམ་ངག་དཔག་མེད་ཀྱང་། །རྩིས་མགོ་ལྔ་ཡིས་འཆད་པར་བགྱི། །བླ་མེད་རྡོ་རྗེ་ཐེག་པར་ཡང་། །རྣམ་པ་བཞི་རུ་ཤེས་པར་བྱ། །བླ་མེད་ཀྱིས་ནི་བླ་མེད་དང་། །བླ་མེད་ཀྱིས་ནི་རྣལ་འབྱོར་དང་། །བླ་མེད་ཀྱི་ནི་བྱ་རྒྱུད་དང་། །བླ་མེད་ཀྱི་ནི་སྤྱོད་རྒྱུད་དེ། །རྒྱུད་དང་ལྷ་དང་ཐེག་པ་སོགས། །བཞི་བཞི་རུ་ནི་ཤེས་པར་བྱ། །ཐེག་པའི་འཇུག་སྒོ་གྲངས་མང་ཡང་། །ས་བཅད་དགུ་ཡིས་འབྱེད་པ་ཡིན། །འཇུག་པའི་སྒོ་དང་ལྟ་བ་དང་། །སྤྱོད་དང་སྒོམ་དང་འབྲས་བུར་བཅས། །ས་དང་ལམ་དང་གནས་པ་དང་། །དམ་ཚིག་གསུང་དང་ཕྲིན་ལས་སོགས། །དགུ་འམ་བཅུ་རུ་ཤེས་པར་བྱ། །མཧཱ་ཡོ་གའི་འཇུག་སྒོ་ནི། །ཐབས་དང་ཤེས་རབ་སྒོ་ནས་འཇུག །གསང་བ་སྙིང་པོའི་རྒྱུད་ལས་ཀྱང་། །ཐབས་དང་ཤེས་རབ་དགྱེས་སྤྲིན་པ། །བྱང་ཆུབ་ཚོགས་དྲུག་འཁོར་ལོའོ། །བདེ་མཆོག་འཁོར་ལོའི་རྒྱུད་ནས་ཀྱང་། །སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །ཐབས་དང་ཤེས་རབ་གཉིས་མེད་སྦྱོར། །བདེ་མཆོག་བདེ་བ་ཆེན་པོ་རུ། །གསང་མཆོག་རྒྱུད་ལས་གསུངས་པ་དང་། །རྡོ་རྗེ་ཐེག་པའི་སྣོད་ལྡན་རྣམས། །འཇུག་སྒོ་དང་པོར་བཞེད་པ་ཡིན། །འཇུག་ནི་ཐེག་པ་ཆེན་པོར་འཇུག །སྒོ་ནི་སྨིན་ལམ་དབང་གིས་འབྱེད། །བླ་མེད་རྡོ་རྗེའི་རྒྱུད་ལས་ཀྱང་། །གསང་མཆོག་

(༡༡༠)རྡོ་རྗེ་ཐེག་པ་ནི། །མ་བྱུང་མི་འབྱུང་འབྱུང་མི་འགྱུར། །རང་བཞིན་དག་པའི་གནས་ལུགས་ལ། །དུག་ལྔ་རང་བྱུང་ཡེ་ཤེས་ལྔ། །ཕུང་པོ་ལྔ་ནི་རིགས་ལྔ་སྟེ། །འབྱུང་བ་ལྔ་ཡང་ཡུམ་ཆེན་ལྔ། །ཕུང་པོ་ཁམས་དང་སྐྱེ་མཆེད་སོགས། །ལྷ་དང་ལྷ་མོའི་དཀྱིལ་འཁོར་ཏེ། །ཐམས་ཅད་རང་ལ་རྫོགས་པར་བཞུགས། །བླ་མེད་རྒྱུད་ལས་གསུངས་པ་ཡང་། །ལྟ་རྟོགས་གཉིས་མེད་བྲང་སྤྲད་ཅིང་། །རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་ཀྱང་། །ཐམས་ཅད་རང་གི་རྣམ་འཕྲུལ་ཏེ། །རྡོ་རྗེ་ཐེག་པའི་བཤེས་གཉེན་རྣམས། །དེ་དང་དེ་དོན་མཁྱེན་པར་མཛོད། །ཕྱིའི་ཐབས་དང་ཤེས་རབ་དང་། །ནང་གི་ཐབས་དང་ཤེས་རབ་དང་། །གསང་བའི་ཐབས་དང་ཤེས་རབ་སྟེ། །རྣམ་པ་གསུམ་དུ་ཤེས་པར་བྱ། །ཕྱིའི་ཐབས་དང་ཤེས་རབ་ནི། །སྐྱེད་རིམ་གཟུགས་བརྙན་དཀྱིལ་འཁོར་དང་། །ཏིང་འཛིན་སེམས་དཔའི་དཀྱིལ་འཁོར་ཏེ། །ཡེ་ཤེས་སེམས་དཔའ་དབང་བསྐུར་སོགས། །དཀྱིལ་འཁོར་རྒྱས་བསྡུས་གང་ཡང་རུང་། །ལྟ་རྟོགས་དབྱེར་མེད་རྫོགས་པར་བསྒོམ། །འཇུག་སྒོ་དང་པོར་བཞེད་པ་ཡིན། །ནང་གི་འཇུག་སྒོ་གཉིས་པ་ནི། །ལུས་ནི་རྡོ་རྗེའི་གནས་ལུགས་དང་། །རྩ་ནི་རྡོ་རྗེའི་གནས་ལུགས་དང་། །སེམས་ནི་རྡོ་རྗེའི་གནས་ལུགས་ཏེ། །བྱང་སེམས་རྡོ་རྗེའི་གནས་ལུགས་སོ། །དགྱེས་པ་རྡོ་རྗེའི་རྒྱུད་ལས་ཀྱང་། །ལྟེ་བའི་གཏུམ་མོ་སྤར་བྱ་སྟེ། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། །སྤྱན་ལ་སོགས་པ་ཡང་བསྲེགས་ནས། །བསྲེགས་པས་རི་བོང་སྤྱན་ནམ་འཛག །བླ་མེད་རྒྱུད་ལས་གསུངས་པ་ཡང་། །གསང་བ་ཐབས་དང་ཤེས་རབ་ཀྱིས། །previous hit དགོངས next hit་རྒྱས་པར་བསྟན་པ་ཡིན། །ལུས་ལ་ཡེ་ཤེས་ཆེན་པོ་གནས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །རྟོག་པ་ཐམས་ཅད་ཡང་དག་སྤངས། །ལུས་

(༡༡༡)གནས་ལུས་ལས་མ་སྐྱེས་པའོ། །རྡོ་རྗེ་ཐེག་པར་གསུངས་པ་ཡང་། །ལུས་སེམས་གནས་ལུགས་བསྟན་པ་ཡིན། །རྡོ་རྗེ་འཛིན་པས་ཡང་གསོལ་བ། །རྡོ་རྗེའི་ལུས་འདི་དག་པ་ལས། །རྩ་ནི་རྣམ་པ་དུ་ཞིག་མཆིས། །དཔའ་བོ་ཆེན་པོས་བཀའ་བསྩལ་བ། །གཙོ་བོ་གསུམ་དང་འཁོར་ལོ་ལྔ། །སྟོང་ཕྲག་བདུན་བཅུ་རྩ་གཉིས་ཏེ། །རླུང་དང་བྱང་ཆུབ་སེམས་རྣམས་ཀྱང་། །ཐམས་ཅད་ཀུན་ལ་ཁྱབ་པར་རྒྱུ། །འཁོར་དང་མྱ་ངན་འདས་པ་ཡི། །རླུང་སེམས་ཇི་ལྟར་འདུས་པ་བཞིན། །བྱ་བ་ཐམས་ཅད་རྫོགས་པར་སྒྲུབ། །གསང་བ་འདུས་པའི་རྒྱུད་ལས་ཀྱང་། །རླུང་ཞེས་བྱ་བ་ལས་ཀུན་བྱེད། །རྡོ་རྗེ་འཆང་གིས་བཀའ་བསྩལ་བ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རླུང་། །ཉིན་ཞག་གཅིག་ལ་རྒྱུ་བ་སྟེ། །དཀྱིལ་འཁོར་གཅིག་གི་རླུང་དུ་བཞེད། །རྩ་དང་རླུང་དང་བྱང་ཆུབ་སེམས། །ལུས་ཅན་ཀུན་ལ་ཁྱབ་པར་གནས། །འགྲོ་དྲུག་ཡོངས་ཀྱི་སྐྱེ་རྒྱུད་ཡིན། །ཁམས་གསུམ་པ་ཡི་སྲོག་རྩར་བཞེད། །ཕ་རྒྱུད་མ་རྒྱུད་བླ་མེད་རྒྱུད། །previous hit དགོངས next hit་ལོན་པའི་བཤེས་གཉེན་མཆོག །མཁས་ལ་གྲུབ་པ་ཐོབ་པ་ཡི། །བླ་མ་རྡོ་རྗེ་འཆང་དང་མཚུངས། །རྡོ་རྗེ་ཐེག་པའི་ཚིག་སྦྲམ་རྣམས། །སྙན་རྒྱུད་ཐུགས་ཀྱི་གཏེར་ཁ་ཕྱེད། །ནང་གི་ཐབས་དང་ཤེས་རབ་ཀྱི། །ཟབ་མོ་གནད་ཀྱི་ཆར་རྒྱུན་འབེབས། །སྐལ་ལྡན་མྱུ་གུ་བསྐྱེད་མཛད་པ། །མཆོག་དང་ཐུན་མོང་ལ་སོགས་པ། །སངས་རྒྱས་སྐུ་ལྔའི་དངོས་གྲུབ་འབྱུང་། །མཧཱ་ཡོ་གའི་ཐེག་པ་ཡི། །འཇུག་སྒོ་གཉིས་པར་བཞེད་པ་ཡིན། །གསང་བའི་ཐབས་དང་ཤེས་རབ་ནི། །སྒྱུ་འཕྲུལ་རྒྱས་པའི་རྒྱུད་ལས་ཀྱང་།

(༡༡༢)སྦྱོར་བ་དང་ནི་སྒྲོལ་བ་སྟེ། །སྦྱོར་བ་ཁམས་གསུམ་ཡོངས་ལ་སྦྱོར། །ཐབས་དང་ཤེས་རབ་དཀྱིལ་འཁོར་ཏེ། །འདོད་ཆགས་དཀྱིལ་འཁོར་ཀུན་བདག་གཙོ། །རང་བཞིན་སྦྱོར་དང་ཐབས་ཀྱིས་སྦྱོར། །མངོན་དུ་ཕྱུང་སྟེ་སྦྱོར་བ་དང་། །མ་འོངས་རྗེས་འཇུག་སྦྱོར་བ་དང་། །ཀུན་ཁྱབ་སྦྱོར་བ་ཆེན་པོ་སྟེ། །རྣམ་པ་ལྔ་རུ་བཞེད་པ་ཡིན། །གསང་དང་གསང་བ་བསྟན་པ་དང་། །གསང་བ་རྫོགས་ཕྱིར་བླ་ན་མེད། །བླ་མེད་རྡོ་རྗེ་ཐེག་པ་ནི། །ཉོན་མོངས་ལམ་དུ་སློང་བའི་ཕྱིར། །དུག་ལྔ་སྐུ་ལྔ་ཡེ་ཤེས་ལྔ། །ཐབས་དང་ཤེས་རབ་དབྱེར་མེད་པ། །རྡོ་རྗེ་ཐེག་པའི་ཁྱད་ཆོས་ཡིན། །དངོས་གྲུབ་ཀུན་གྱི་རྩ་བ་དང་། །ཕྱི་ནང་མཆོད་པ་ཐམས་ཅད་ཀྱིས། །ཡོན་ཏན་ཀུན་གྱི་གཏེར་གྱུར་པ། །འདོད་ཆགས་ཆེན་པོ་ཉིད་དུ་བཞེད། །སྟེང་སྒོ་འོག་སྒོ་ལ་སོགས་པ། །གསང་བའི་དཀྱིལ་འཁོར་བླ་མེད་པ། །དགའ་བ་བཞི་དང་ཨེ་ཝམ་བཞི། །གསར་རྙིང་རྒྱུད་སྡེ་གྲངས་མང་ཡང་། །previous hit དགོངས next hit་འདི་རུ་མ་འདུས་མེད། །གྲོལ་ལམ་དང་ནི་ཆགས་ལམ་དང་། །སྤྱི་ལུགས་དབང་བསྐུར་གྲངས་མང་ཡང་། །ཐབས་དང་ཤེས་རབ་སྒོ་ནས་འཇུག །མ་རྒྱུད་ཏནྟྲ་ཉིད་ལས་ཀྱང་། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །རྨོངས་པ་སྣུན་པས་ངོ་མི་ཤེས། །བླ་མེད་རྒྱུད་ལས་གསུངས་པ་ཡང་། །གསང་བའི་ཐབས་དང་ཤེས་རབ་སྟེ། །རྡོ་རྗེ་ཐེག་པ་བླ་མེད་རྒྱུད། །འཇུག་སྒོ་དག་ནི་གསུམ་པ་ཡིན། །མཚན་ཉིད་ཐེག་པའི་དབང་དུ་ན། །དོན་དམ་ཀུན་རྫོབ་སྒོ་ནས་འཇུག །བསྐལ་པ་གྲངས་མེད་གསུམ་དག་ཏུ། །དཀའ་སྤྱད་དུ་མས་འཇུག་ལགས་ཀྱང་། །མྱ་ངན་

(༡༡༣)འདས་པ་ཐོབ་པར་བཞེད། །མཧཱ་ཡོ་གའི་ཐེག་པ་ནི། །ཐབས་དང་ཤེས་རབ་སྒོ་གསུམ་དང་། །གང་ཞིག་འཇུག་པ་ཙམ་གྱིས་ཀྱང་། །ཡོ་ག་མན་ཆོད་འཇུག་སྒོ་དྲུག །ཐེག་པ་དྲུག་ལས་ཁྱད་པར་འཕགས། །མི་ཚེ་གཅིག་གིས་ལོངས་སྤྱོད་རྫོགས། །འཇུག་སྒོ་བླ་ན་མེད་པ་ཡིན། །མཧཱ་ཡོ་གའི་ཐེག་པ་ནི། །ཐབས་དང་ཤེས་རབ་དབྱེར་མེད་ཅིང་། །ལྷན་སྐྱེས་བདེ་བ་ཆེན་པོར་ལྟ། །གསང་བ་སྙིང་པོའི་རྒྱུད་ལས་ཀྱང་། །ཧོ་སྲིད་པ་གསུམ་ནི་ཡེ་ནས་དབེན། །ཁམས་གསུམ་སྲིད་གསུམ་དག་པའི་ཞིང་། །སྙིགས་མ་ལྔ་ནི་བདེ་ལྡན་ཞིང་། །ཕུང་པོ་ལྔ་ཉིད་མངོན་སངས་རྒྱས། །གཞི་རྩ་མེད་པའི་སེམས་ཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །མཚམས་མེད་མ་ཡིན་རིགས་རྒྱུད་མེད། །རྩལ་ཡང་རྒྱལ་བ་རྣམས་ཀྱིས་ནི། །དམ་ཆོས་གཞན་ནས་མི་རྙེད་དོ། །གསང་མཆོག་རྒྱུད་ནས་གསུངས་པ་ཡང་། །སྣང་ཞིང་སྲིད་པའི་ཆོས་རྣམས་དང་། །མྱ་ངན་འདས་པའི་ཞིང་ཁམས་སོགས། །གདོད་ནས་ལྷན་སྐྱེས་བདེ་བ་ཆེ། །ཡིན་ལུགས་ཤེས་པས་ཐམས་ཅད་གྲོལ། །ལྟ་བ་རྟོགས་པས་བླ་ན་མེད། །ཆོས་དབྱིངས་མཐའ་ཡས་བསམ་མི་ཁྱབ། །ཐམས་ཅད་དཀྱིལ་འཁོར་ཆེན་པོ་སྟེ། །རྣལ་འབྱོར་ཆེན་པོའི་དབྱིབས་ཀྱི་ལྷ། །རྟོགས་པ་མཐར་ཕྱིན་ལོངས་སྤྱོད་རྫོགས། །འཁོར་ལོ་སྡོམ་པའི་རྒྱུད་ལས་ཀྱང་། །གང་ན་འདུག་ཀྱང་གཞལ་ཡས་ཁང་། །སུ་དང་འཕྲད་ཀྱང་ཡི་དམ་ལྷ། །ཇི་ལྟར་བྱས་ཀྱང་ཆོས་ཀྱི་སྐུ། །དོན་དུ་མི་འགྱུར་གང་ཡང་མེད། །རྡོ་རྗེ་ཐེག་པར་གསུངས་ན་ཡང་། །རྣལ་འབྱོར་ཆེན་པོ་ལྟ་བ་སྟེ། །ལྟ་བ་བླ་ན་མེད་པ་ཡིན། །མཧཱ་ཡོ་གའི་སྒོམ་པ་ནི། །བསྙེན་དང་ཉེ་བའི་

(༡༡༤)བསྙེན་པ་སྟེ། །སྒྲུབ་དང་སྒྲུབ་པ་ཆེན་པོའོ། །རྡོ་རྗེ་ཐེག་པའི་ཚོགས་ལམ་དང་། །གསང་བ་སྔགས་ཀྱི་སྦྱོར་ལམ་གཉིས། །བྱང་ཆུབ་སེམས་ཀྱི་ཚོགས་སྦྱོར་དང་། །ཚིག་ལས་ཐ་དད་མེད་ན་ཡང་། །དོན་ལས་ཁྱད་པར་འཕགས་པ་ཡིན། །ཚོགས་ལམ་དག་ཀྱང་གསུམ་དུ་བཞེད། །སྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །གསང་མཆོག་རྒྱུད་ལས་གསུངས་པ་ཡང་། །སེམས་དཔའ་གསུམ་ལྡན་སྐྱེད་རིམ་ལ། །དཀྱིལ་འཁོར་རྒྱས་བསྡུས་གང་རུང་ལ། །གོམས་ཤིང་བརྟན་པར་བྱེད་པ་དང་། །སྙིང་པོ་སྔགས་དང་རྡོ་རྗེ་ཡི། །བཟླས་པ་ནུས་པ་མཐར་ཕྱིན་པ། །མཧཱ་ཡོ་གའི་བསྙེན་པ་ཡིན། །བསྙེན་པ་དག་ཀྱང་རྣམ་པ་བཞི། །ཕྱི་དང་ནང་དང་གསང་བ་དང་། །དེ་བཞིན་ཉིད་དུ་ཤེས་པར་བྱ། །སྔགས་དང་དབྱིབས་དང་ཆོས་བདག་མེད། །འདི་དག་རྣལ་འབྱོར་གསུམ་ཡིན་ཏེ། །སྲིད་པ་གསུམ་གྱིས་གོས་མི་འགྱུར། །སྒྱུ་མ་ཆེན་པོར་གསུངས་པ་ཡང་། །ཁམས་གསུམ་སྲིད་གསུམ་སྐུ་གསུང་ཐུགས། །དཀྱིལ་འཁོར་ཆེན་པོ་ཡོངས་རྫོགས་པ། །བསྐྱེད་རྫོགས་བརྟན་པའི་ཚད་དུ་གསུངས། །རྣལ་འབྱོར་ཆེན་པོའི་སྒོམ་པ་ནི། །སྒོམ་པ་ཀུན་ལས་བླ་ན་མེད། །རྣལ་འབྱོར་ཆེན་པོའི་སྤྱོད་པ་ནི། །ཚོགས་སྤྱོད་དང་ནི་རིག་སྤྱོད་དང་། །གསང་སྤྱོད་བླ་མེད་སྤྱོད་པའོ། །ཚོགས་ཀྱི་སྤྱོད་པ་ཞེས་བྱ་བ། །སྣ་སྲིད་འཁོར་འདས་ཐམས་ཅད་དང་། །རང་གི་ལུས་ངག་ཡིད་གསུམ་ཚོགས། །གདོད་ནས་ལྷའི་དཀྱིལ་འཁོར་ཏེ། །ཡིན་ལུགས་ཤེས་དང་ཆ་ལུགས་རྫོགས། །ངེས་ཤེས་བརྟན་དང་ཏིང་འཛིན་གྱི། །ཉིན་མཚན་སྤྱོད་ལམ་ཐམས་ཅད་དང་། །འགྲོ་འཆག་

(༡༡༥)ཉལ་འདུག་ཐམས་ཅད་དུ། །སྤྱོད་ལམ་གང་དང་གང་བསྒྲུབ་ཀྱང་། །ཐབས་དང་ཤེས་རབ་དབྱེར་མེད་ཅིང་། །ཐབས་དང་ཤེས་རབ་དཀྱིལ་འཁོར་དུ། །འདོད་ཡོན་ལྔ་ཡིས་བསྡུས་པ་འདི། །ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་དུ། །རྒྱུན་མི་འཆད་པར་སྤྱོད་བྱ་ཞིང་། །རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ། །ཐ་དད་མེད་པར་རྩལ་རྫོགས་བསྟན། །ཕྱིའི་སྤྱོད་པ་དག་ཏུ་བཞེད། །བླ་མེད་ཐེག་པའི་སྒོར་ཞུགས་ནས། །དེ་ལྟར་སྤྱོད་པ་མཐར་ཕྱིན་ན། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀྱང་། །ཞི་ཁྲོའི་དཀྱིལ་འཁོར་ཉིད་དུ་འཆར། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ། །རིག་འཛིན་དངོས་གྲུབ་དང་པོར་བཤད། །མཧཱ་ཡོ་གའི་རིགས་སྤྱོད་ནི། །ནང་གི་སྤྱོད་པ་བྱ་བ་ནི། །ཕྱི་ནང་སྣོད་བཅུད་ལ་སོགས་པ། །གདོད་ནས་ཐབས་དང་ཤེས་རབ་སྟེ། །གཉིས་མེད་སྦྱོར་བས་དངོས་གྲུབ་ཐོབ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །རང་བཞིན་ཐབས་དང་ཤེས་རབ་སྟེ། །གསང་བ་མཆོག་གི་རྒྱུད་ལས་ཀྱང་། །མི་གཙང་རྫས་དང་རྣམ་རྟོག་གིས། །ལུས་ཀྱི་ཆོས་ནི་གནས་པ་ཡིན། །དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །རྡོ་རྗེ་ཐེག་པར་གསུངས་པ་ཡང་། །ལུས་ངག་ཡིད་གསུམ་སྣང་བ་བཞི། །ཐབས་དང་ཤེས་རབ་དཀྱིལ་འཁོར་ཏེ། །འགྲོ་འཆག་ཉལ་ཞིང་འདུག་པ་དང་། །སྤྱོད་ལམ་རྣམ་པ་ཐམས་ཅད་དུ། །སྐྱེད་རྫོགས་དང་ནི་དཀྱིལ་འཁོར་ཏེ། །ཚོགས་དང་གཏོར་མ་མཆོད་སྦྱིན་སོགས། །གར་དང་ཕྱག་རྒྱ་འཁྲུལ་འཁོར་དང་། །ནང་གི་སྤྱོད་པ་སྣ་ཚོགས་རྣམས། །ཐབས་དང་ཤེས་རབ་དབྱེར་མེད་ཅིང་། །རྒྱུན་མི་འཆད་པར་སྤྱོད་བརྟན་

(༡༡༦)ན། །དེ་ལྟར་བརྟན་པའི་རྣལ་འབྱོར་ལ། །རྒྱུད་སྡེ་ཀུན་ནས་བཤད་པ་ཡིན། །ནང་གི་དངོས་གྲུབ་སྣ་ཚོགས་འབྱུང་། །རྣལ་འབྱོར་བླ་ན་མེད་པ་ཡི། །ནང་སྤྱོད་དངོས་གྲུབ་གཉིས་པ་ཡིན། །རྣལ་འབྱོར་ཆེན་པོའི་གསང་སྤྱོད་ནི། །གསང་སྔགས་གསུངས་པས་འགྲུབ་པ་སྟེ། །ལྷ་དང་སྔགས་དང་ཕྱག་རྒྱ་དང་། །ཕྱི་ནང་རྫས་ཀྱི་རིམ་པ་རྣམས། །གཞན་ལ་མི་བསྟན་གསང་བར་བྱ། །ཁྲག་འཐུང་རོལ་པའི་རྒྱུད་ལས་ཀྱང་། །གསང་སྔགས་གསང་ཞེས་བྱ་བ་ནི། །སྔགས་ལ་སྐྱོན་ཡོད་མ་ཡིན་ཏེ། །ཐེག་པ་དམན་པའི་མན་ངག་ལ། །སྙིང་རྗེ་ཆེན་པོས་ཐབས་ཀྱིས་གསང་། །ཡོ་ག་མན་ཆོད་ཐེག་པ་ལས། །ཁྱད་པར་འཕགས་པ་བླ་མེད་ཡིན། །གསང་བར་སྤྱོད་པ་མན་ངག་སྟེ། །རྒྱུད་དང་བླ་མའི་གདམ་ངག་བཞིན། །ཉམས་སུ་བླང་བ་མན་ངག་ཡིན། །མཆོད་པ་ཆེན་པོ་འདོད་ཆགས་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །དུག་ལྔའི་མཆོད་པ་བླ་ན་མེད། །འཇམ་དབྱངས་རྒྱུད་ལས་གསུངས་པ་བཞིན། །འདིའི་དོན་ལ་previous hit དགོངས next hit་ཡིན། །གསང་སྤྱོད་བརྟན་ཞིང་མཐར་ཕྱིན་ནས། །ལོངས་སྤྱོད་རྫོགས་པ་ཉིད་དུ་འགྱུར། །བླ་མེད་གསང་སྤྱོད་གསུམ་པ་ཡིན། །ཁོ་ན་ཉིད་ཀྱི་སྤྱོད་པ་ནི། །ཐམས་ཅད་ངོ་བོ་གཅིག་པའི་ཕྱིར། །མ་འདྲེས་ཡོངས་སུ་རྫོགས་པར་སྤྱོད། །ཡེ་ཤེས་ཡོངས་རྫོགས་དཀྱིལ་འཁོར་ལས། །མ་ཡེངས་རྒྱུན་དུ་དྲན་པ་ཡིས། །རྒྱུན་ཆད་མེད་པར་བརྟན་གྱུར་པ། །སྤྱོད་དུ་མེད་པའི་སྤྱོད་པ་སྟེ། །མཆོག་གི་དངོས་གྲུབ་རྨད་བྱུང་ཐོབ། །སྤྱོད་པ་བཞི་བརྟན་ཐེག་པ་འདི། །སྔགས་འཆང་རྣམས་ཀྱིས་མཁྱེན་པར་མཛོད། །རྣལ་འབྱོར་ཆེན་པོའི་གནས་པ་ནི།

(༡༡༧)དངོས་པོ་གཤིས་ཀྱི་གནས་ལུགས་ལ། །ཐབས་དང་ཤེས་རབ་ཟུང་འཇུག་གནས། །སྣང་སྲིད་འཁོར་འདས་མ་ལུས་པ། །ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་ཏེ། །རིགས་ལྔ་ཡབ་ཡུམ་བཅུ་རུ་གནས། །མཧཱ་ཡོ་གའི་གནས་པ་ཡིན། །རྣལ་འབྱོར་མཆོག་གི་ལམ་བསྒྲོད་པ། །དོན་དམ་དང་ནི་ཀུན་རྫོབ་སྟེ། །སྐྱེད་རྫོགས་ཟུང་འཇུག་ལམ་རྣམས་རྫོགས། །མཆོད་པ་དང་ནི་བླ་མེད་མཆོད། །མཆོད་པ་ཆེན་པོས་རྒྱལ་བ་མཉེས། །ཐེག་ཆེན་ལམ་རྣམས་བསྒྲོད་པའི་ཕྱིར། །བསོད་ནམས་ཚོགས་ཆེན་རྫོགས་ལགས་ན། །ལམ་ཆེན་རྫོགས་པར་ཐེ་ཚོམ་མེད། །ཐེག་ཆེན་མཧཱ་ཡོ་གའི་ལམ། །རིག་འཛིན་རྣམས་ཀྱིས་བསྒྲོད་ཀྱང་འཚལ། །བླ་མེད་ཐེག་པའི་དམ་ཚིག་ནི། །མི་སྤང་པའི་དམ་ཚིག་དང་། །དང་དུ་བླང་བའི་དམ་ཚིག་གོ། །དུག་ལྔ་མི་སྤང་དང་དུ་བླང་། །རྩ་བ་ཡན་ལག་དམ་ཚིག་དང་། །དམ་ཚིག་རྒྱུད་ཀྱི་རྗེས་འབྲངས་ནས། །ཆག་ཉམས་མེད་པར་བསྲུང་བར་བྱ། །ཤ་ལྔ་དམ་ཚིག་ལྔ་ལ་སོགས། །ཚོགས་འཁོར་ཡེ་ཤེས་བདུད་རྩི་རོལ། །ཕྱི་ནང་གསང་གསུམ་དམ་ཚིག་རྣམས། །རྒྱུན་ཆད་མེད་པར་བསྲུངས་ལགས་ན། །དངོས་གྲུབ་རྒྱ་མཚོ་ཐོབ་པར་འགྱུར། །གསང་བ་བླ་མེད་དམ་ཚིག་གོ། མཧཱ་ཡོ་གའི་ཕྲིན་ལས་ནི། །བྱ་བ་ཐམས་ཅད་དབང་གིས་རྫོགས། །དབང་ཡང་རྣམ་པ་གསུམ་ཡིན་ཏེ། །གཞི་ལམ་དང་ནི་འབྲས་བུའོ། །འཇམ་དཔལ་སྒྲ་ནག་རྒྱུད་ལས་ཀྱང་། །དབང་མཆོག་སེམས་ལ་མེད་གྱུར་ན། །བསྐུར་ཡང་ཐོབ་པར་གདན་འགྱུར། །དབང་མཆོག་སེམས་ལ་ཡོད་གྱུར་ན། །མ་བསྐུར་ན་ཡང་ཐོབ་པར་འགྱུར། །གསང་མཆོག་རྒྱུད་ནས་གསུངས་པ་ཡང་། །སྣང་སྲིད་འཁོར་འདས་མ་ལུས་པ། །ཐམས་ཅད་རང་བཞིན་མཉམ་པ་ཉིད།

(༡༡༨)དེ་ཉིད་རྫོགས་ན་དབང་རྣམས་རྫོགས། །ཆོ་ག་དཀྱིལ་འཁོར་སློབ་དཔོན་སོགས། །གཅིག་ཅར་རྫོགས་པས་བསྐུར་མི་དགོས། །མཧཱ་ཡོ་གའི་ཐེག་པ་ནི། །དབང་གི་ཁྱད་པར་འཕགས་པ་སྟེ། །དགྱེས་པ་རྡོ་རྗེའི་རྒྱུད་ལས་ཀྱང་། །བུམ་པའི་དབང་ནི་དང་པོ་སྟེ། །གསང་བའི་དབང་ནི་གཉིས་པ་ཡིན། །ཤེས་རབ་ཡེ་ཤེས་གསུམ་པ་ཡིན། །དེ་ལྟར་དེ་བཞིན་བཞི་པ་ཡང་། །རྡོ་རྗེའི་རྒྱུད་དུ་གསུངས་པ་ཡང་། །དབང་གི་ས་ལམ་རྫོགས་པ་སྟེ། །དབང་བཞི་བསྐུར་དང་བརྟན་པ་དང་། །རྫོགས་ཤིང་འབྲས་བུ་མཐར་ཐུག་པ། །བུམ་དབང་ལ་སོགས་དབང་བཞི་ཡིས། །རེ་རེས་ས་ནི་གསུམ་དུ་ནོན། །བཅུ་གཉིས་མ་ཆགས་པདྨ་ཅན། །ལོངས་སྤྱོད་རྫོགས་པའི་ས་ཆེན་ཡིན། །དེ་བཞིན་ཉིད་ཀྱི་རྒྱུད་ལས་ཀྱང་། །བུམ་པའི་དབང་བསྐུར་ཐོབ་པ་དང་། །ལུས་ཀྱི་རྣམ་གཞག་གོ་བ་དང་། །རྟེན་དང་བརྟེན་པ་མ་ལུས་པ། །ལྷ་དང་གནས་སུ་དག་པར་རྫོགས། །བུམ་དབང་ཐོབ་པའི་སྔ་ལྟས་ཡིན། །བུམ་དབང་ལུས་ལ་བསྐུར་བ་ནི། །ཕུང་པོ་ལྔ་ནི་རྣམ་དག་ཅིང་། །རིགས་ལྔའི་དཀྱིལ་འཁོར་ཉིད་དུ་རྫོགས། །བུམ་དབང་དག་ཏུ་བཞེད་པ་ཡིན། །མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས་ཀྱང་། །གསང་བ་བདེ་ཆེན་དཀྱིལ་འཁོར་ནས། །ཐབས་དང་ཤེས་རབ་གཉིས་མེད་སྦྱོར། །པདྨ་གསུང་གི་དཀྱིལ་འཁོར་སོགས། །ཐམས་ཅད་བདེ་བ་ཆེན་པོར་རྫོགས། །རྡོ་རྗེ་ཐེག་པར་གསུངས་ན་ཡང་། །ངག་ལས་གསང་བའི་དབང་བསྐུར་བས། །འདོད་ཆགས་ངག་གི་སྒྲིབ་པ་རྣམས། །ཨཱ་ལི་ཀཱ་ལི་མཉམ་སྦྱོར་ཞིང་། །འཁོར་འདས་སྒྲ་སྐད་སྣ་ཚོགས་རྣམས། །གསང་མཆོག་རྡོ་རྗེ་ཐེག་པར་རྫོགས། །གསང་དབང་འབྲས་བུ་བཞེད་པ་ཡིན། །ཤེས་རབ་ཡེ་ཤེས་དབང་ཆོག་ནི། །སེམས་ལ་རྫོགས་པར་བསྐུར་བ་ནི། །ཟླ་གསང་རྒྱུད་ལས་གསུངས་

(༡༡༩)པ་ཡང་། །མི་འགྱུར་རྡོ་རྗེའི་དཀྱིལ་འཁོར་དུ། །ཞེ་སྡང་རྣམ་དག་རྡོ་རྗེའི་དབང་། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །གང་ཞིག་སེམས་ལ་བསྐུར་ཙམ་གྱིས། །རྡོ་རྗེའི་དཀྱིལ་འཁོར་ཉིད་དུ་རྫོགས། །གསང་མཆོག་རྒྱུད་ལས་གསུངས་པ་ཡང་། །ཤེས་རབ་དང་ནི་ཡེ་ཤེས་ཏེ། །ཤེས་རབ་ཡེ་ཤེས་སྐད་པ་དེ། །དབྱིངས་དང་ཡེ་ཤེས་རོ་མཉམ་པ། །གང་ཞིག་སེམས་ལ་བསྐུར་བ་ཡིས། །ཞེ་སྡང་ལ་སོགས་ཉོན་མོངས་རྣམས། །མི་འགྱུར་ཐུགས་ཀྱི་དཀྱིལ་འཁོར་དུ། །རྡོ་རྗེ་བཙུན་མོའི་བྷ་ག་ཀློང་། །ཀུན་བདག་རྡོ་རྗེ་རྒྱལ་པོ་ནི། །བདེ་ཞིང་བདེ་བ་ཉིད་དུ་བཞུགས། །ཤེས་རབ་དང་ནི་ཡེ་ཤེས་ཀྱི། །དབང་གི་འབྲས་བུ་རྫོགས་པ་ཡིན། །རྫོགས་ཆེན་རྒྱ་མཚོའི་རྒྱུད་ལས་ཀྱང་། །འཁོར་འདས་ཐམས་ཅད་རང་བཞིན་རྫོགས། །ཆོས་དབྱིངས་རྣམ་དག་ལྷུན་གྱིས་གྲུབ། །དབང་བཞི་དེ་བཞིན་ཉིད་དུ་རྫོགས། །བསྐུར་བྱ་བསྐུར་བྱེད་ངོ་བོ་གཅིག །འབྲས་བུའི་རྒྱུད་ལས་གསུངས་པ་ཡང་། །དབང་གིས་རྟོགས་པའི་ཡེ་ཤེས་ནི། །འཁོར་འདས་ཐམས་ཅད་ཡེ་ཤེས་རྫོགས། །ཕུན་སུམ་ཚོགས་པ་ལྔ་རྣམས་དང་། །སྐྱེད་དང་རྫོགས་པ་ལ་སོགས་པ། །ཆོས་སྐུ་དེ་བཞིན་ཉིད་སྐུ་དང་། །རང་བཞིན་དབྱེར་མེད་རྡོ་རྗེའི་སྐུ། །དངོས་དང་དངོས་པོ་མེད་པ་དང་། །དངོས་པོ་རྟོགས་ཕྱིར་སངས་རྒྱས་ང་། །རང་གི་ཚོགས་ལྷན་ཉན་པ་ང་། །ཞུ་བ་པོ་ང་ཆོས་ཀྱང་ང་། །འཇིག་རྟེན་འཛིན་རྟེན་འདས་པ་ང་། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །གནས་གསུམ་པོ་ཡང་ང་ལས་བྱུང་། །དགྱེས་རྡོར་རྒྱུད་ལས་གསུངས་པ་ཡང་། །འཇིག་རྟེན་ཀུན་གྱི་གནས་ལུགས་རྟོགས། །གོམས་དང་རྩལ་རྫོགས་མཐར་ཕྱིན་པས། །དབང་བཞི་མཐར་ཕྱིན་རྡོ་རྗེ་འཆང་། །གསང་མཆོག་རྒྱུད་སྡེ་ཐམས་ཅད་ནས། །སྨིན་གྲོལ་དབང་གི་རྒྱ་མཚོ་འཁྱིལ།

(༡༢༠)དབང་གི་ས་ལམ་རྫོགས་པའི་ཕྱིར། །གསར་རྙིང་བླ་མེད་ཐེག་པ་ཡི། །རྒྱུད་སྡེ་ཀུན་གྱི་previous hit དགོངས next hit་ནི། །དབང་བཞི་རྫོགས་པར་དོན་ཡང་མཐུན། །རྣལ་འབྱོར་བླ་ན་མེད་པ་ཡི། །སྨིན་གྲོལ་དབང་གི་བར་སྐབས་ལགས། །བླ་མེད་དག་པའི་དཀྱིལ་འཁོར་ཏེ། །རང་རིག་དག་པས་དག་པ་ཉིད། །དག་པ་གཞན་གྱི་རྣམ་གྲོལ་མིན། །ཡུལ་གྱི་དངོས་པོ་དག་པས་ན། །རང་གི་རིག་པ་བདེ་བའི་མཆོག །གསང་མཆོག་རྒྱུད་ལས་གསུངས་པ་ཡང་། །མཧཱ་ཡོ་གའི་འབྲས་བུ་བསྟེན། །མཧཱ་ཡོ་གའི་ས་ལམ་ནི། །བསྒྲོད་ནས་མཐར་ཕྱིན་འབྲས་བུ་རྫོགས། །མ་ཆགས་པདྨ་ཅན་གྱི་ས། །འདོད་ཡོན་རྣམ་པ་སྣ་ཚོགས་རྣམས། །པདྨ་འདམ་གྱིས་མ་གོས་ལྟར། །ཐབས་དང་ཤེས་རབ་གཉིས་སུ་མེད། །བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ། །རིགས་ལྔ་ཡུམ་ལྔ་ཡེ་ཤེས་ལྔ། །རྒྱལ་སྲས་ལྷ་དང་ལྷ་མོའི་ཚོགས། །མཁའ་ལ་སྐར་ཚོགས་བཀྲ་བ་ལྟར། །གསར་རྙིང་བླ་མེད་རྒྱུད་ལས་ཀྱང་། །དཀྱིལ་འཁོར་ཇི་ལྟར་གསུངས་པ་བཞིན། །མ་འདྲེས་ཡོངས་རྫོགས་དཀྱིལ་འཁོར་རྣམས། །མཧཱ་ཡོ་གའི་མཐར་ཐུག་སྟེ། །འཁོར་ལོ་ཚོགས་ཆེན་ལམ་སྟེགས་ཙམ། །ཕྱི་འགྱུར་རྡོ་རྗེ་ཐེག་པ་ཡིས། །གཞི་ལམ་འབྲས་བུ་ལ་སོགས་པ། །ཐེག་པ་འདི་དང་འདི་ཙམ་དུ། །སླེབས་ཤིང་ལོངས་སྐུ་ཐོབ་པ་ཡིན། །ཕྱག་རྒྱ་ཆེན་པོ་མཐར་ཐུག་པ། །མ་ཧཱའི་འབྲས་བུ་མཐར་ཐུག་ཙམ། །འདི་ཙམ་དུ་ནི་སླེབ་པ་ཡིན། །ཕྱག་རྒྱ་ཆེན་པོ་རྡོ་རྗེའི་མཛོད། །རང་བྱུང་ཡེ་ཤེས་ནམ་མཁའི་མཛོད། །རྟོགས་པ་རབ་འབྱམ་ལྷུན་གྲུབ་མཛོད། །མཛོད་གསུམ་མཐར་ཕྱིན་རྣལ་འབྱོར་པས། །མ་རྟོགས་པ་དང་ལོག་པར་རྟོགས། །ཐེག་པ་ཀུན་གྱི་གྲུབ་མཐའ་རྣམས། །མཉམ་ཉིད་བདེ་བ་

(༡༢༡)ཆེན་པོ་རུ། །ལྷན་ཅིག་སྐྱེས་པ་བློ་ལས་འདས། །སྐུ་གསུམ་ལྷུན་གྲུབ་རང་ལ་རྫོགས། །མ་ཆགས་དང་ནི་པདྨ་ཅན། །སའི་རིམ་པ་བཅོ་ལྔ་དང་། །སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་སོ་སོར་རྟོགས། །ས་ལམ་ཐེག་པ་བསྒྲོད་དུ་མེད། །ཐམས་ཅད་རང་གི་རྣམ་འཕྲུལ་ཏེ། །ཐམས་ཅད་ཐམས་ཅད་རྒྱལ་བའི་ཞིང་། །སྤངས་ཐོབ་མེད་པའི་དཀྱིལ་འཁོར་དུ། །རྒྱལ་བ་རྒྱ་མཚོ་མཐའ་ཡས་པ། །ད་ལྟ་རང་ཉིད་ཡིན་པར་རྟོགས། །བྱིན་རླབས་དང་ནི་དངོས་གྲུབ་སོགས། །གཞན་དང་གཞན་དུ་མི་རེ་བ། །ཀུན་གྱི་བདག་ཉིད་ཆོས་དབྱིངས་རོལ། །ཨེ་མ་ངོ་མཚར་མི་ཆེའམ། །མཧཱ་ཡོ་ག་ལ་སོགས་པ། །གྲུབ་མཐའི་བྱེ་བྲག་སྣ་ཚོགས་རྣམས། །རྟོགས་པ་མཐར་ཕྱིན་བར་ལགས། །སྐལ་ལྡན་རྣམས་ཀྱིས་མཁྱེན་པར་མཛོད། །མ་ཧཱ་ཡོ་ག་མན་ཆོད་ཀྱི། །ཕྱི་ནང་ཐེག་པའི་བྱེ་བྲག་དང་། །མ་རྟོགས་འགྲོ་དྲུག་སེམས་ཅན་རྣམས། །ངར་འཛིན་ལྟ་བ་ཐམས་ཅད་ཀྱི། །གཟུང་འཛིན་འཁྲུལ་པའི་བྱེ་བྲག་རྣམས། །རང་གྲོལ་ཕྱག་རྒྱ་ཆེན་པོ་རུ། །ལྷན་སྐྱེས་བདེ་བ་ཆེན་པོར་རྟོགས། །མཐར་ཕྱིན་ལྷུན་གྲུབ་ཡོངས་སུ་རྫོགས། །བཅུ་གཉིས་མ་ཆགས་པདྨ་ཅན། །ཕྱག་རྒྱ་ཆེན་པོའི་བར་སྐབས་ལགས། །མཐར་ཐུག་འདི་ལས་མེད་དོ་སྐད། །ཨ་ནུ་ཡོ་གའི་ལམ་སྟེགས་ཙམ། །གོང་མ་གཉིས་པོ་མཁའ་དབྱིངས་བཞུགས། །ཐེག་བདུན་མ་འདྲེས་སོ་སོར་རྟོགས། །རྣལ་འབྱོར་དབང་ཕྱུག་དགོངས་འགྲེལ་ཡིན། །བསླབས་པས་གོ་བ་མ་ཡིན་ཏེ། །རྟོགས་པས་སྒྲ་དོན་སོ་སོར་མཁྱེན། །སྒོམ་ཆེན་རྣམས་ཀྱིས་མཁྱེན་པར་མཛོད། །རྫོགས་སོ། །

(༡༢༢)རྒྱ་གར་སྐད་དུ། །ཨ་ནུ་ཡོ་ག་ཞེས་ཀྱང་བྱ། །སྒྲ་བསྒྱུར་བོད་ཀྱི་སྐད་དུ་ནི། །ཡོངས་སུ་རྣལ་འབྱོར་ཞེས་ཀྱང་བྱ། །ཐེག་པ་ཀུན་གྱི་སྤྱི་ལུང་ནི། །རྒྱུད་སྡེ་ཀུན་གྱི་རྩ་བ་ནི། །མན་ངག་བརྟེན་ཆོས་ཀུན་གྱི་ལུང་། །རྒྱུད་ཆེན་previous hit དགོངས next hit་འདུས་པ་རུ། །མ་འདུས་པ་ནི་གཅིག་ཀྱང་མེད། །བདུད་རྩི་ཆེན་པོའི་རྒྱུད་ལས་ཀྱང་། །རྒྱུད་དང་ལུང་དང་མན་ངག་གསུམ། །རྗེ་དང་རྒྱལ་པོ་འབངས་ཀྱི་ཚུལ། །རྡོ་རྗེ་ཐེག་པར་གསུངས་པ་ཡང་། །རྒྱལ་པོ་བློན་པོ་འབངས་ཀྱིས་བསྐོར། །མ་ནོར་གྲལ་གྱི་རིམ་པ་བཞིན། །ཐེག་པ་ཀུན་གྱི་བྱེ་བྲག་དང་། །རྒྱུད་སྡེ་ཀུན་གྱི་འབྲེལ་ཚུལ་རྣམས། །འབྲེལ་ཚུལ་ཐེག་པའི་གོང་འོག་ཀྱང་། །མ་ནོར་སོ་སོར་ཤེས་པར་བྱ། །ཐེག་པ་རེ་ལ་བཀའ་བསྲུངས་རེ། །རྒྱུད་སྡེ་རེ་ལ་རྒྱུད་བསྲུངས་རེ། །དམ་ཚིག་དབང་གིས་སོ་སོར་གནས། །ཐེག་པ་གོང་འོག་མ་ནོར་ཞིང་། །རྒྱུད་དང་མན་ངག་མ་འཁྲུལ་ན། །བསྟན་པ་བསྲུང་ཞིང་ཕྲིན་ལས་སྒྲུབ། །སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ། །ལོངས་སྐུའི་བསྟན་པ་ཕྱི་རྒྱུད་གསུམ། །ཆོས་སྐུ་ཡི་ནི་བསྟན་པ་ནི། །བླ་མེད་ཨ་ནུ་ཨ་ཏི་གསུམ། །རྒྱུད་དང་རྒྱུད་ཀྱི་དབྱེ་བ་ནི། །རྩ་བའི་རྒྱུད་དང་ཡན་ལག་རྒྱུད། །བཤད་པའི་རྒྱུད་དང་ཕྱི་མ་དང་། །ཕྱི་མའི་ཕྱི་མ་རྒྱུད་རྩེ་མོ། །བཀོལ་བའི་རྒྱུད་དང་འཕྲོས་རྒྱུད་དང་། །ཆ་མཐུན་རྒྱུད་ལ་སོགས་པ་ཡི། །གཟུངས་དང་རྟོག་པ་ཞིབ་བསེས་སོགས། །ཨ་ནུ་ཡོ་གར་ཐམས་ཅད་འདུས། །ཐེག་པ་ཀུན་གྱི་སྤྱི་ལུང་ཡིན། །འོན་ཀྱང་

(༡༢༣)འཕྲོས་པའི་རྒྱུད་རྣམས་ནི། །མཚན་མཆོག་ཡང་དག་བརྗོད་པ་ནི། །ཏན་ཏྲ་བཅོ་བརྒྱད་རྩ་བ་སྟེ། །སྒྱུ་འཕྲུལ་དྲ་བ་སྡེ་གསུམ་ནི། །ཐུགས་ནི་རྡོ་རྗེ་སེམས་དཔའ་ཡིས། །སྒྱུ་འཕྲུལ་དྲ་བ་ཆེན་པོ་དང་། །སྐུ་ནི་རྣམ་པར་སྣང་མཛད་ཀྱི། །སྒྱུ་འཕྲུལ་དྲ་བ་མཆོག་ཉིད་དང་། །གསུང་མཆོག་ཟླ་གསང་ཐིག་ལེ་ཡིས། །པདྨ་སྒྱུ་འཕྲུལ་དྲ་བ་སྟེ། །སྒྱུ་འཕྲུལ་རྣམ་པ་གསུམ་དག་ཏུ། །གསར་རྙིང་རྒྱུད་སྡེ་ཐམས་ཅད་དང་། །འདི་རུ་མ་འདུས་གང་ཡང་མེད། །སྒྲུབ་པ་བཀའ་བརྒྱད་ལ་སོགས་པ། །སྒྱུ་འཕྲུལ་གསུམ་ལས་འཕྲོས་པའི་ཕྱིར། །སྐུ་ནི་སངས་རྒྱས་མཉམ་སྦྱོར་བས། །འཕྲོས་རྒྱུད་བདེ་མཆོག་འཁོར་ལོ་སྟེ། །སངས་རྒྱས་མཉམ་སྦྱོར་རྒྱུད་ལས་ཀྱང་། །སྒྱུ་མ་ཆེན་པོ་བདེ་བའི་མཆོག །མཁའ་འགྲོ་མ་ཡི་ཚོགས་རྣམས་ནི། །ལུས་ངག་ཡིད་གསུམ་བརྡ་ཡིས་སྟོན། །དབུགས་དབྱུང་རྩ་རླུང་དཀྱིལ་འཁོར་དུག །མ་འདྲེས་སོ་སོར་སྟོན་པའི་ཕྱིར། །མཉམ་སྦྱོར་རྒྱུད་ལས་འཕྲོས་པར་བཞེད། །བདེ་མཆོག་འཁོར་ལོའི་རྒྱུད་ལས་ཀྱང་། །འཁོར་ལོ་བདེ་མཆོག་ལྷ་ཚོགས་ནི། །བརྡ་དང་སྤྱོད་པ་གཙོ་བོར་སྟོན། །རིགས་ལྔ་སོ་སོའི་དཀྱིལ་འཁོར་རྣམས། །བདེ་མཆོག་རྒྱུད་སྡེ་གྲངས་མང་ཡང་། །སྒྱུ་མ་ཆེན་མོ་བདེ་ཆེན་གྱི། །ལྷ་མོ་བཞི་ཡི་རྒྱུད་དུ་གསུངས། །ཟླ་གསང་ཐིག་ལེ་ཐུགས་ཀྱི་རྒྱུད། །དེ་ལས་འཕྲོས་པ་དགྱེས་རྡོར་གྱི། །ཟླ་གསང་ཐིག་ལེ་ཞུ་བའི་སྐབས། །སྟོན་པས་དབང་ནི་གཉིས་པ་སྟེ། །གསུམ་པ་བཞི་པར་ཞལ་གྱིས་བཞེས། །དགྱེས་རྡོར་དེ་དོན་རྒྱས་པར་བསྟན། །དགྱེས་པ་རྡོ་རྗེ་ལས་འཕྲོས་པ། །གདན་བཞི་དུས་ཀྱི་འཁོར་ལོ་སྟེ། །ཐབས་དང་ཤེས་རབ་དབྱེར་མེད་རྒྱུད། །མ་

(༡༢༤)རྒྱུད་ཤར་བུ་བཞེད་པ་ཡིན། །འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་ལས། །འཕྲོས་རྒྱུད་གསང་བ་འདུས་པ་སྟེ། །གསང་བ་འདུས་པ་ལས་འཕྲོས་པ། །སྒྲ་ནག་འཇིགས་བྱེད་ལ་སོགས་པ། །གསར་རྙིང་འཇམ་དཔལ་ཞི་ཁྲོའི་རྒྱུད། །བཀའ་ཉན་གཤིན་རྗེའི་རྒྱུད་དང་བཅས། །ཕ་རྒྱུད་དག་ལས་འཕྲོས་པར་བཞེད། །མ་མོ་དག་ལ་གཉིས་ཡིན་ཏེ། །འཇིག་རྟེན་འདས་དང་འཇིག་རྟེན་དང་། །མ་མོ་རྩ་རླུང་previous hit དགོངས next hit་ཡིན། །འཁོར་འདས་ཐམས་ཅད་མ་མོར་སྣང་། །ཨ་ནུ་ཡོ་གའི་ལུང་ལས་ཀྱང་། །མ་ནི་ཆོས་ཀྱི་དབྱིངས་ཉིད་དེ། །མོ་ནི་རང་རིག་ཡེ་ཤེས་དང་། །མ་དང་མོ་ཡི་དོན་མ་རྟོགས། །མ་དང་མོ་ཡི་དོན་རྟོགས་ན། །མ་སྒྲོད་པ་རྣམས་གཅིག་ཅར་ནོན། །ལུང་ཆེན་དག་ལས་གསུངས་པ་ཡང་། །སྣང་སྲིད་འཁོར་འདས་མ་ལུས་པ། །མ་མོའི་དཀྱིལ་འཁོར་ཆེན་པོར་སྣང་། །རྣམ་པར་སྣང་མཛད་ཁྲོ་བོ་ནི། །བོང་བུ་ཞོན་ཞིང་ཁམས་གསུམ་ཉལ། །རྣམ་སྣང་ཆེན་པོ་གངས་ཆེན་མཚོ། །སངས་རྒྱས་previous hit དགོངས next hit་གཅིག་ཏུ་འདུས། །ཡོངས་སུ་རྣལ་འབྱོར་ཆེན་པོའི་ལུང་། །ལུང་དང་མན་ངག་གཏན་ཚིགས་རྣམས། རིན་ཆེན་སྤེལ་བའི་དོ་ཤལ་བཞིན། །སྨན་རྣམས་བསྡུས་པའི་རྩི་བཞིན་དུ། །སྒྲ་དོན་མ་འདྲེས་སོ་སོར་བཞེད། །ལུང་ཆེན་ཨ་ནུ་ཡོ་ག་ཡིས། །ཐམས་ཅད་རྫོགས་ཤིང་ཐམས་ཅད་སྟོན། །མདོ་སྡེ་རྒྱུད་སྡེ་གྲངས་མང་ཡང་། །ཕྱི་ནང་ཐེག་པ་ཐམས་ཅད་ཀྱི། །ལུང་དང་མན་ངག་སྟོན་པའི་ཕྱིར། །ཨ་ནུ་ཡོ་ག་ཆེན་པོ་ཡི། །previous hit དགོངས next hit་གོ་ཞིང་མ་རྟོགས་ཆེ། །ཐེག་དགུའི་སྒྲ་དོན་མི་མཁྱེན་གྱིས། །ཨ་ནུ་ཡོ་ག་ལུང་ཆེན་གྱི། །previous hit དགོངས next hit་ལོན་ན་མཁས་པ་ཡིན། །སྐུ་ལྔ་ཡོངས་རྫོགས་རྡོ་རྗེ་འཆང་། །གསང་མཆོག་རིགས་གཅིག་ལྷུན་གྱིས་གྲུབ། །ཆོས་སྐུ་ངོ་བོ་ཉིད་སྐུ་ལས། །འདུ་འབྲལ་མེད་པར་ཕྱག་འཚལ་བསྟོད། །རྡོ་རྗེ་སེམས་

(༡༢༥)དང་དགའ་རབ་དང་། །འཇམ་དཔལ་བཤེས་གཉེན་གྲུབ་ཐོབ་རྣམས། །བླ་མ་བརྒྱུད་པར་བཅས་པ་ལ། །དུས་གསུམ་དུས་མེད་ཕྱག་འཚལ་བསྟོད། །ལུང་ཆེན་ཨ་ནུ་ཡོ་ག་ཡི། །མདོ་ཆེན་previous hit དགོངས next hit་འདུས་པ་ལས། །འཕྲོས་པའི་མདོ་རྒྱུད་གྲངས་མང་ཡང་། །ཕུན་སུམ་ཚོགས་པ་ལྔ་ཡིས་སྟན། །རྒྱ་ཆེར་བཤད་པ་དམ་བཅའ་བ། །སྟོན་པ་བསྟན་པ་གནས་དུས་གསུམ། །འཁོར་ནི་ཕུན་སུམ་ཚོགས་པ་སྟེ། །ཡིད་ཆེས་བྱིན་རླབས་འཇུག་པའི་ཕྱིར། །གླེང་གཞི་རྒྱུད་པའི་རིམ་པ་རྣམས། །མ་འདྲེས་སོ་སོར་བཤད་ཀྱང་འཚལ། །རྒྱུད་དང་ལུང་དང་མན་ངག་གསུམ། །སྒྲ་དོན་ཐམས་ཅད་ཤན་འབྱེད་པར། །བཤད་པར་ཡང་ནི་དམ་བཅའ་བ། །འབྲེལ་དང་མ་ཚང་མེད་པར་ཡང་། །ཕུན་སུམ་ཚོགས་པའི་ཕྱི་ལུང་དུ། །གཞུང་རྣམས་རྒྱས་པར་བཤད་ཡང་འཚལ། །ཐེག་previous hit ་བརྒྱད་ཀྱི་དགོངས next hit་འགྲེལ་དང་། །བསྟན་བཅོས་བྱེ་བྲག་སྣ་ཚོགས་རྣམས། །རྩིས་མགོ་རྣམ་པ་ལྔ་དག་གིས། །རང་རང་ལུགས་དང་མཐུན་པས་ཡང་། །མཁས་པས་སོ་སོར་དབྱེ་ཡང་འཚལ། །ཨ་ནུ་ཡོ་གའི་སྤྱི་ལུང་གི། །གླད་དོན་འབྲས་བུ་མདོ་ཙམ་བསྟན། །ད་ནི་གཞུང་གི་དོན་རྣམས་ནི། །ཡོངས་སུ་རྣལ་འབྱོར་ཐེག་པ་ཡང་། །རྣམ་པ་ལྔ་རུ་ཤེས་པར་བྱ། །ཨ་ནུ་ཡི་ནི་ཨ་ནུ་དང་། །ཨ་ནུ་ཡི་ནི་བླ་མེད་དང་། །ཨ་ནུ་ཡི་ནི་རྣལ་འབྱོར་དང་། །ཨ་ནུ་ཡི་ནི་སྤྱོད་རྒྱུད་དང་། །ཨ་ནུ་ཡི་ནི་བྱ་རྒྱུད་དོ། །སྡེ་སྣོད་གསུམ་ཡང་ཞོར་ལ་སྟོན། །ཨ་ནུ་དག་གི་ཐེག་པ་ནི། །འདེགས་བྱ་འདེགས་བྱེད་ཀུན་ཐེག་ཕྱིར། །རྒྱ་མཚོ་ནམ་མཁའ་ཉིད་དང་མཚུངས། །ཇི་ལྟར་ཡོངས་སུ་རྣལ་འབྱོར་པས། །རྒྱ་ཆེ་གྲངས་མང་གསུངས་ན་ཡང་

(༡༢༦)ས་གཅོད་དགུ་རུ་འདུས་པ་ཡིན། །ཨ་ནུ་ཡི་ནི་འཇུག་སྒོ་དང་། །ལྟ་བ་སྒོམ་པ་སྤྱོད་པ་སྟེ། །གནས་པ་ས་ལམ་དམ་ཚིག་དང་། །ཕྲིན་ལས་འབྲས་བུ་མཐར་ཐུག་གོ། །ཨ་ནུ་ཡོ་གའི་འཇུག་སྒོ་ནི། །དབྱིངས་དང་ཡེ་ཤེས་སྒོ་དག་ནས། །ཕྱོགས་མེད་བསམ་གྱིས་མི་ཁྱབ་འཇུག །དགོངས་འདུས་ལེའུ་བཞི་བཅུ་བཞི། །རྩ་བ་ཆེན་པོའི་མདོ་ལས་ཀྱང་། །མཉམ་རྫོགས་ཆེན་པོའི་ཡེ་ཤེས་ནི། །དབྱིངས་ཉིད་ལ་ནི་ཡེ་ཤེས་ཏེ། །ཡུལ་དོན་ཡེ་ཤེས་དེ་སྦྱར་བས། །ཤེས་པར་བྱ་བ་ཐམས་ཅད་རྫོགས། །ཨ་ནུའི་ལུང་ལས་གསུངས་པ་ཡང་། །འཇུག་བྱ་འཇུག་བྱེད་འཇུག་པའི་གནས། །ཕྱི་ནང་ཐེག་པ་ཐམས་ཅད་ལ། །མ་འགགས་ཤེས་བྱ་སོ་སོར་གསལ། །དབྱིངས་དང་ཡེ་ཤེས་སྒོང་ཕུགས་གཉིས། །ཐེག་བརྒྱད་གྲུབ་མཐའི་བྱེ་བྲག་རྣམས། །མ་འདྲེས་སོ་སོར་འཇུག་པའི་ཕྱིར། སྤྱི་ལུང་ཆེན་མོ་ཞེས་ཀྱང་བྱ། །དེ་ཡང་མན་ངག་གཡུ་ཐང་ལས། །སྣང་སྲིད་བཟང་མོའི་མཁའ་ཀློང་ལས། །མ་སྐྱེས་དཀྱིལ་འཁོར་མཁའ་ཀློང་འཆར། །ཤར་བ་ཉིད་ན་ནུབ་པ་མེད། །ཡབ་ཡུམ་སྲས་བཅས་བདེ་བ་ཆེ། །ལྷུན་རྫོགས་ངང་ལ་སྐད་ཅིག་གིས། །སྙིང་པོ་དྲན་བརྗོད་སྐུར་ཤར་བས། །འདི་ལ་རིམ་འཇུག་རྩོལ་བ་མེད། །རྒྱ་མཚོར་ཉི་ཟླ་ཤར་བ་འདྲ། །དེ་ལྟར་དབྱིངས་དང་ཡེ་ཤེས་ནི། །དབྱེར་མེད་སྤྱོད་ཡུལ་དང་བྲལ་བ། །གང་དང་གང་གིས་རྟོགས་ལགས་ཀྱང་། །རྒྱུ་འབྲས་དང་ནི་ཕྱི་ནང་གི། །སྒོ་ཕུགས་སུ་འབྱེད་པ་ཡོད། །དབྱིངས་དང་ཡེ་ཤེས་དབྱིངས་ལྟ་བ། །རྒྱུ་འབྲས་རྣམ་པ་སྣ་ཚོགས་སྟོན། །ཨ་ནུ་ཡོ་གའི་འཇུག་སྒོ་ཡིན། །ཨ་ནུ་ཡོ་གའི་ལྟ་བ་ནི། །དཀྱིལ་འཁོར་

(༡༢༧)རྣམ་གསུམ་དབྱེར་མེད་དུ། །རྟོགས་ཤིང་གོམས་པ་མཐར་ཕྱིན་པས། །ཡོངས་སུ་རྣལ་འབྱོར་ལྟ་བ་ཡིན། །དེ་ལྟར་མངོན་དུ་མ་གྱུར་ཞིང་། །ཨ་ནུར་རིམ་གྱིས་འཇུག་པ་རྣམས། །གོ་ཞིང་རྟོགས་པ་ཤན་འབྱེད་ཅིང་། previous hit དགོངས next hit། །མདོ་ལུང་རྩ་འགྲེལ་བཅས་པ་ལ། །མཁས་ལ་གྲུབ་པ་ཐོབ་པ་ཡི། །བཤེས་གཉེན་དམ་པ་མཆོག་རྣམས་ལ། །བརྟེན་ཅིང་སངས་རྒྱས་འདུ་ཤེས་བསྐྱེད། །མོས་པ་མེད་པའི་ཤེས་རབ་ཀྱིས། །ལུང་ཆེན་འདུས་པ་ལས། །ཕྱི་མའི་ཕྱི་མ་མདོ་རྒྱུད་རྣམས། །ཐམས་ཅད་ཀུན་གྱི་སྒྲ་དོན་ལ། །ལེ་ལོ་མེད་པའི་བརྩོན་འགྲུས་ཀྱིས། །ཤེས་རབ་རྣམ་གསུམ་སྤྱན་ལྡན་གྱིས། །ལུང་རིགས་ཀུན་ལ་མཁས་པར་བསླབས། །མདོ་རྒྱུད་དགོངས་འགྲེལ་གྲངས་མང་ཡང་། །གཏན་ལ་འབེབས་ལུགས་གསུམ་ཡིན་ཏེ། །རིགས་པའི་གཏན་ཚིགས་ལ་བརྟེན་ནས། །སོ་སོར་རྟོགས་པའི་ཤེས་རབ་ཀྱིས། །ལུང་རིགས་གཉིས་ཀྱི་ཤེས་རབ་ཀྱིས། །སྒྲ་ཚད་གཏན་ལ་འབབས་པར་བྱེད། །རྒྱུད་དང་ལུང་དང་མན་ངག་གིས། །གདམ་ངག་གནད་ཀྱི་ལུང་རྣམས་དང་། །སྙིང་པོ་དོན་གྱི་ཚད་མ་ཡིས། །གཅིག་ཅར་གཏན་ལ་འབེབས་བྱེད་ཅིང་། །སྣང་སྲིད་འཁོར་འདས་མ་ལུས་པ། །ཀུན་བཟང་ཡབ་ཡུམ་རྒྱལ་པའི་སྲས། །དཀྱིལ་འཁོར་གསུམ་དུ་རྟོགས་བྱེད་ཅིང་། །སྒོ་ཕུགས་གཉིས་སུ་གཏན་ལ་འབེབས། །དེ་ཡང་རྗེས་སུ་འཇུག་པ་ཡི། །སྔོན་དུ་འགྲོ་བའི་ཆོས་ཉིད་འདི། །གང་ཟག་རིགས་ཀྱང་གཉིས་ཡིན་ཏེ། །བློའི་སྟོབས་ཀྱང་རྣམ་པ་གཉིས། །རིག་པའི་གཏན་ཚིགས་མཐའ་དག་དང་། །ངེས་པ་དོན་གྱི་ཚདྨ་ཡིས། །སོ་སོར་རྟོག་དང་རྩོལ་

(༡༢༨)མེད་པར། །རིགས་ཀྱིས་གཏན་ལ་འབེབས་པའོ། །གཅིག་ཅར་དུ་ནི་གཏན་ལ་འབེབས། །རྟོགས་གྲོལ་དུས་མཚུངས་ཀུན་ཏུ་བཟང་། །གཅིག་ཅར་དུ་ནི་གཏན་ལ་འབེབས། །འབེབས་བྱ་འབེབས་བྱེད་མེད་པའི་ཕྱིར། །མདོ་ཆེན་previous hit དགོངས next hit་འདུས་པ་ལས། །ཨ་ནུའི་ལྟ་བ་མཐར་ཐུག་ལས། །སངས་རྒྱས་རྣམས་ཀྱི་previous hit དགོངས next hit་ནི། །གཅིག་ཏུ་བསྡུས་ནས་འདི་ལྟར་གསུངས། །ཆོས་དབྱིངས་སྣང་བ་རྩལ་རྫོགས་སུ། །ཀུན་ཏུ་བཟང་མོའི་མཁའ་ཀློང་ལས། །ཡེ་ཤེས་འགག་པ་མེད་པ་ཡི། །ཀུན་ཏུ་བཟང་པོ་གཉིས་མེད་རོལ། །དེ་གཉིས་དབྱེར་མེད་རྒྱལ་སྲས་རྣམས། །བདེ་བ་ཆེན་པོའི་དཀྱིལ་འཁོར་དུ། །སྣང་སྲིད་དཀྱིལ་འཁོར་ཆེན་པོར་ཤར། །དེ་ཡང་སྤྱོད་བྱ་སྤྱོད་བྱེད་ཡུལ། །རོ་མཉམ་བདེ་ཆེན་རྟོགས་པ་ཡིན། །དེ་ཡང་མན་ངག་གཡུ་ཐང་ལས། །སྣང་སྲིད་ཟབ་མོའི་མཁའ་ཀློང་ལས། །མ་སྐྱེས་དཀྱིལ་འཁོར་ཀུན་བཟང་ཤར། །ཤར་བ་ཉིད་ནས་ནུབ་པ་མེད། །ཡབ་ཡུམ་སྲས་བཅས་བདེ་བ་ཆེ། །ལྷུན་རྫོགས་ངང་ལས་སྐད་ཅིག་གིས། །སྙིང་པོ་དྲན་བརྗོད་སྐུར་ཤར་བས། །འདི་ལ་རིམ་འཇུག་རྩོལ་བ་མེད། །རྒྱ་མཚོར་ཉི་ཟླ་ཤར་བ་འདྲ། །དེ་ལྟར་དབྱིངས་དང་ཡེ་ཤེས་ནི། །དབྱེར་མེད་ཕྱོགས་མེད་རྟོགས་ལགས་ན། །རྒྱུ་འབྲས་དག་ནི་ཕྱི་ནང་གི། །སྒོ་ཕུགས་གཉིས་སུ་ལྟ་བ་ཡིན། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །previous hit དགོངས next hit་གཅིག་ཏུ་འདུས་པའི་ལུང་། །ལུང་རྣམས་ཀུན་གྱི་རྒྱ་མཚོ་སྟེ། །ཐེག་པ་ཀུན་གྱི་སྤྱི་ལུང་ཡིན། །ཆོས་དབྱིངས་རྩལ་རྫོགས་ཞེས་བྱའི་དོན། །ཆོས་ཀྱི་དབྱིངས་ཤེས་བྱ་བ་ནི། །མཐའ་

(༡༢༩)ཡས་མུ་མེད་བསམ་མི་ཁྱབ། །མཐའ་དབུས་མེད་ཅིང་ཀུན་ལ་ཁྱབ། །ཀུན་གྱི་འབྱུང་གནས་གཞི་རྟེན་ཡིན། །སྣང་བ་རྩལ་རྫོགས་དབྱིངས་སུ་རྫོགས། །ཀུན་ཏུ་བཟང་མོའི་མཁའ་ཀློང་ནི། །རྣམ་ཤེས་གསུམ་འདས་རྡོ་རྗེའི་ཡིད། །ཀུན་ཏུ་བཟང་མོའི་བྷ་ག་ནི། །ཆོས་ཀྱི་དབྱིངས་དང་མཉམ་པ་སྟེ། །སྣང་སྲིད་འཁོར་འདས་ཐམས་ཅད་ཀྱང་། །བྷ་ག་ཀློང་ཡངས་འདི་ན་བཞུགས། །ཡེ་ཤེས་འགག་པ་མེད་པ་ནི། །ཀུན་བཟངས་ཡངས་པའི་དཀྱིལ་འཁོར་ཏེ། །དབྱིངས་གསུམ་རྣམ་དག་འདུས་མ་བྱས། །བྱ་བ་ཆོས་དང་བྱེད་པ་ཡིན། །ཀུན་བཟངས་ཡབ་ཡུམ་དཀྱིལ་འཁོར་ཏེ། །ཀུན་བཟང་རྨད་བྱུང་དཀྱིལ་འཁོར་ལས། །མ་བྱུང་པ་དང་མི་བཞུགས་པ། །འཁོར་འདས་གང་ཡང་ཡོད་མ་ཡིན། །དཀྱིལ་འཁོར་གསུམ་པོ་དབྱེར་མེད་ལས། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། །previous hit དགོངས next hit་སྣ་ཚོགས་དཀྱིལ་འཁོར་རྣམས། །རང་བཞིན་གནས་པའི་དཀྱིལ་འཁོར་རྣམས། །ངོ་བོ་ཀུན་ཁྱབ་ལྷ་ཚོགས་དང་། །ལྷག་པར་གཟུགས་བརྙན་དཀྱིལ་འཁོར་རྣམས། །ཀུན་བཟངས་མཁའ་གསང་གཉིས་མེད་རོལ། །མཁའ་ལ་སྐར་ཚོགས་བཀྲ་བ་བཞིན། །ཕྱི་ནང་དཀྱིལ་འཁོར་བསམ་མི་ཁྱབ། །ཀུན་བཟང་ཡབ་ཡུམ་དཀྱིལ་འཁོར་གཉིས། །རྒྱལ་བ་རྒྱ་མཚོ་སྲས་ཀྱིས་ནི། །དཀྱིལ་འཁོར་སྣ་ཚོགས་གྲངས་མཐའ་ཡས། །དཀྱིལ་འཁོར་ཆེན་པོ་གསུམ་དག་ཀྱང་། །དབྱེར་མེད་གཅིག་ཏུ་རྟོགས་པའི་ཕྱིར། །དེ་ཡང་སྤྱོད་བྱ་སྤྱོད་བྱེད་ཡུལ། །རོ་མཉམ་བདེ་བ་ཆེན་པོ་རྟོགས། །ལུང་ལས་གསུངས་པའི་དོན་འདི་ཡང་། །སྤྱོད་པར་བྱ་བའི་ཆོས་དང་ནི། །སྤྱོད་བྱ་ཡུལ་ལ་སོགས་པར་ཡང་།

(༡༣༠)དགག་སྒྲུབ་ཅི་ཡང་མེད་པ་རུ། །སྤྱོད་པ་མེད་པའི་ཀུན་སྤྱོད་ལས། །སྤང་བླང་གཉིས་དང་བྱ་རྩོལ་གཉིས། །དོན་དམ་ཀུན་རྫོབ་གང་ཡང་མེད། །དེ་ལྟར་རྟོགས་ཕྱིར་བདེ་བ་ཆེ། །ཆོས་ཀྱི་དབྱིངས་ཀྱི་བདེ་ཆེན་མཆོག །འགག་མེད་ཡེ་ཤེས་རོ་མཉམ་སྟེ། །སྣང་སེམས་གཉིས་ཀྱི་བར་མཚམས་ན། །དབྱིངས་དང་ཡེ་ཤེས་ལྟ་བ་ཙམ། །ཕར་སྣང་ཀུན་ཏུ་བཟང་པོ་བདེ། །རང་སྣང་ཀུན་ཏུ་བཟང་མོའི་ཀློང་། །བར་མཚམས་རྒྱལ་སྲས་དཀྱིལ་འཁོར་ཏེ། །སྒོ་ཕུགས་གཉིས་ཀྱི་ལྟ་བར་བཞེད། །རང་བཞིན་གདོད་ནས་རྣམ་དག་དབྱིངས། །ཕྱི་ནང་སྣོད་བཅུད་ལ་སོགས་པ། །འགག་མེད་ཀུན་ཏུ་བཟང་མོ་སྟེ། །འཁོར་དང་མྱ་ངན་འདས་པའི་ཆོས། །དུས་གསུམ་འཕོ་འགྱུར་ཅི་བྱུང་ཡང་། །རྒྱལ་བ་སྲས་བཅས་དཀྱིལ་འཁོར་དུ། །མ་འདུས་པ་དང་མ་རྫོགས་པ། །རྡུལ་ཕྲན་ཙམ་ཡང་ཡོད་མ་ཡིན། །དེ་ལྟར་གདོད་ནས་ཡིན་ལགས་ཀྱང་། །རྗེས་འཇུག་ཡོངས་སུ་རྣལ་འབྱོར་གྱིས། །དབྱིངས་དང་ཡེ་ཤེས་གཉིས་སུ་རྟོགས། །སྐྱེ་མེད་འགག་མེད་གཉིས་སུ་རྟོགས། །ཆོས་ཅན་ཆོས་ཉིད་གཉིས་སུ་རྟོགས། །རྒྱ་མཚོར་ཉི་ཟླ་ཤར་བ་བཞིན། །རྟོགས་པར་བྱ་བའི་ཡུལ་རྣམས་ལ། །ཆོས་དབྱིངས་རྣམ་དག་རྟོགས་པ་ཡང་། །ཡུལ་ཅན་སྒྲིམས་མེད་པར་ཡངས། །ཆུ་ཟླ་མེ་ལོང་གཟུགས་ཅན་བཞིན། །སྣང་ཆ་གསལ་ཆ་མི་སྒྲིབ་པར། །ལྟ་བ་སྙམ་བྱེད་ཙམ་དུ་སྣང་། །ཨ་ནུ་ལྟ་བ་མཐོ་ལགས་ཀྱང་། །དབྱིངས་དང་ཡེ་ཤེས་གཉིས་ཙམ་མོ། །མཚན་རྗོད་དག་ལས་གསུངས་པ་ཡང་། །དཀྱིལ་འཁོར་ཐམས་ཅད་ཡངས་པ་ཡིན། །ཤེས་རབ་མཚོན་ཆེན་འཆང་བ་སྟེ། །

(༡༣༡)འཇམ་དཔལ་ལུང་ལས་གསུངས་པ་ཡང་། །ཆོས་དབྱིངས་རབ་འབྱམ་དཀྱིལ་འཁོར་ཆེ། །འཁོར་འདས་རིགས་ཀྱི་ལྷ་ཚོགས་རྫོགས། །སྒྲ་སྐད་སྣ་ཚོགས་ཐམས་ཅད་ཀྱང་། །སྙིང་པོ་སྐྱེ་མེད་རང་སྒྲར་འཆར། །previous hit དགོངས next hit་མཐའ་དག་ཡོངས་རྫོགས་ཀྱང་། །ད་རུང་གཉིས་འཛིན་ཅུང་ཟད་ཙམ། །སྙམ་བྱེད་ཆུ་ཡི་རི་མོ་ལྟར། །ཕྲ་ཞིང་འཕྲ་བའི་དག་སྣང་ཡོད། །ལུང་ཆེན་ཨ་ནུ་ཡོ་ག་ཡི། །དོན་དམ་ཚདྨ་རྟོགས་པ་ཡི། །ལྟ་བ་ཡི་ནི་མཐར་ཐུག་ཡིན། །རིགས་པའི་གཏན་ཚིགས་ལ་བརྟེན་ནས། །སོ་སོར་རྟོག་པའི་ཤེས་རབ་ཀྱིས། །སྒྲ་ཚད་ལྟ་བ་གཏན་ལ་འབེབས། །previous hit དགོངས་འདུས་མདོ་ལས་གསུངས་ next hit་ཡང་། །འཁོར་དང་མྱ་ངན་འདས་པ་ཡི། །སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །ལུང་རིགས་ལྟ་བས་གཏན་ལ་འབེབས། །སྒྲ་དང་ཚད་མ་རྒོལ་བ་གསུམ། །རིག་པ་ཐམས་ཅད་གོ་བར་བྱེད། །ཆོས་ཅན་དང་ནི་ཆོས་ཉིད་དང་། །ཡང་དག་དང་ནི་ཡོངས་གྲུབ་དང་། །གཞན་དབང་དང་ནི་ཀུན་བརྟགས་སོགས། །སྦྱོར་བའི་བྱེ་བྲག་སྣ་ཚོགས་ཀྱིས། །ལྟ་བ་སྣ་ཚོགས་གཏན་ལ་འབེབས། །རིག་པའི་གཏེར་ཆེན་རྩལ་རྫོགས་པས། །ཀུན་འདུས་རིག་པའི་ལུང་དག་ཀྱང་། །རྒྱ་ཆེར་བསྟན་གྱི་ལེགས་པར་བསླབས། །རིགས་པས་གཏན་ལ་འབེབས་པ་ཡི། །ལྟ་བ་ཅུང་ཟད་བསྟན་པ་ཡིན། །ལུང་ཆེན་ཨ་ནུ་ཡོ་ག་ཡི། །སྒོམ་པ་དག་ཀྱང་གཉིས་ཡིན་ཏེ། །དོན་དམ་རྗེས་སུ་འཇུག་བྱེད་ཅིང་། །མཚན་མ་མེད་པར་བསྒོམ་པ་དང་། །ཡོ་གའི་རྗེས་སུ་འཇུག་བྱེད་ཅིང་། །དམིགས་པ་ཐམས་ཅད་བསྒོམ་པའོ། །མཚན་བཅས་ཡི་གེར་

(༡༣༢)བསྒོམ་པ་ནི། །འགྲོ་བ་དྲུག་གི་གྲོང་ཁྱེར་ན། །རྟེན་ནི་ཕྱི་སྣོད་འཇིག་རྟེན་ཁམས། །བརྟེན་པ་ནང་བཅུད་འགྲོ་བ་རྣམས། །གདོད་ནས་རང་བཞིན་ཡི་གེར་གནས། །འབྱུང་བ་ལྔ་ཡི་ས་བོན་གནས། །གདོད་ནས་ཡི་གེ་ལྔ་རུ་གནས། །འགྲོ་བ་དྲུག་གི་ས་བོན་ཀྱང་། །ཡི་གེ་དྲུག་གི་རང་བཞིན་གནས། །ཡི་གེ་དག་ནི་བཅུ་གཅིག་སྟེ། །ཕྱི་སྣོད་ནང་རྒྱུད་ཐམས་ཅད་ལ། །ཡི་གེའི་ཚོགས་ནི་འདི་དག་གིས། །ཐམས་ཅད་ཀུན་ལ་ཁྱབ་པ་སྟེ། །སྐྱེ་འཇིག་འཕོ་འགྱུར་ཅི་བྱུང་ཡང་། །ཡི་གེའི་ཚོགས་ལས་མ་གཡོས་སོ། །ཡི་གེའི་ཚོགས་རྣམས་རབ་རྟོགས་ཀྱང་། །ས་ལམ་རིམ་གྱིས་རྫོགས་པ་ཡི། །རྒྱལ་བ་རྒྱ་མཚོ་སྲས་དང་བཅས། །ཡི་གེའི་ཚོགས་སུ་རང་བཞིན་གནས། །ཡི་གེ་དག་ནི་བཅུ་གཅིག་སྟེ། །ཐབས་དང་ཤེས་རབ་ཡི་གེ་ནི། །ཨཱ་ལིའི་ཚོགས་དང་ཀཱ་ལིའི་ཚོགས། །ཨེ་ཝམ་བཞི་དང་ཨ་ཧམ་གཉིས། །འཁོར་འདས་ཐམས་ཅད་འབྱུང་བ་ཡི། །འགྲོ་བ་དྲུག་གི་དཀྱིལ་འཁོར་དང་། །རྒྱལ་བ་རབ་འབྱམ་དཀྱིལ་འཁོར་གཉིས། །ཡིག་ཚོགས་འདི་ལས་འབྱུང་བའི་ཕྱིར། །འཁོར་བའི་རྒྱུ་འབྲས་ལ་ཟློག་ནས། །མྱ་ངན་འདས་པའི་ཡི་གེ་རུ། །རང་བཞིན་རྟོགས་དང་བྱིན་གྱིས་བརླབ། །དཀྱིལ་འཁོར་གསུམ་དུ་བསྒོམ་ཞིང་བསྒོམས། །རྒྱུད་སྡེ་བཞི་རུ་གསུངས་ཚད་ལས། །དཀྱིལ་འཁོར་རྒྱས་བསྡུས་གང་ཡང་རུང་། །གོམས་ཤིང་བརྟན་པར་བྱེད་པ་ནི། །ལུང་ཆེན་ཨ་ནུ་ཡོ་ག་ཡི། །མཚན་བཅས་ཡི་གེའི་རྗེས་འཇུག་ནས། །བསྒོམ་པར་བྱ་བའི་རིམ་པའོ། །མཚན་མེད་དོན་དམ་རྗེས་འཇུག་ནི། །འཁོར་དང་མྱ་ངན་འདས་པའི་ཆོས། །སྐྱེ་བ་

(༡༣༣)མེད་དང་འགག་པ་མེད། །སྐྱེ་བ་མེད་པ་ཆོས་ཀྱི་དབྱིངས། །འགག་པ་མེད་པ་ཡེ་ཤེས་ཏེ། །དབྱིངས་དང་ཡེ་ཤེས་ཏིང་འཛིན་ལས། །རྒྱུན་ཆད་མེད་པར་གོམས་ཤིང་བརྟན། །མཚན་མེད་དོན་གྱི་སྒོམ་པའོ། །ཨ་ནུ་ཡོ་གའི་སྤྱོད་པ་ནི། །དུས་གསུམ་དུས་མེད་ཐམས་ཅད་དུ། །བྱ་བའི་ཆོས་དང་བྱེད་པའི་ཡིད། །ཀུན་བཟང་ཡབ་ཡུམ་དཀྱིལ་འཁོར་གསུམ། །ཉིན་མཚན་སྤྱོད་ལམ་ཐམས་ཅད་དུ། །གང་ཡང་དགག་སྒྲུབ་མེད་པ་རུ། །ཤུགས་འབྱུང་སྤྱོད་པས་རྩལ་རྫོགས་ཤིང་། །དབྱིངས་དང་ཡེ་ཤེས་འབྲལ་བ་མེད། །ཨ་ནུ་ཡོ་གའི་སྤྱོད་པ་ཡིན། །ཨ་ནུ་ཡོ་གའི་ཕྲིན་ལས་ནི། །འཁོར་དང་མྱ་ངན་འདས་པའི་ཆོས། །སྣ་ཚོགས་བྱེ་བྲག་ཅིར་ཡང་སྣང་། །ཤུགས་འབྱུང་ཕྲིན་ལས་རྒྱུན་མི་འཆད། །ཀུན་ཁྱབ་འགྱུར་བ་མེད་པ་ཡི། །བསམ་གྱིས་མི་ཁྱབ་ཕྲིན་ལས་རྣམས། །སུས་ཀྱང་དགག་ཏུ་མེད་པ་ཡིན། །གང་གིས་སྒྲུབ་ཏུ་མེད་པ་སྟེ། །ཆོ་འཕྲུལ་སྔོན་འབྱུང་ཐེག་པ་བཞིན། །ཡེ་ཤེས་རྔམ་གློག་རྒྱུད་ལས་ཀྱང་། །ཆོ་འཕྲུལ་ཆེན་པོ་ཆོ་འཕྲུལ་ཆེ། །སྣ་ཚོགས་ཕྲིན་ལས་ཤུགས་འབྱུང་བ། །སྟོབས་ཆེན་མི་ཟད་ཕྲིན་ལས་ཚོགས། །ཅིར་སྣང་ཅི་བྱུང་ཅི་ཤར་ཡང་། །ཀུན་བཟང་ཡབ་ཡུམ་ཕྲིན་ལས་ཡིན། །རྗེས་འཇུག་གང་ཟག་རྣལ་འབྱོར་རྣམས། །དེ་ལྟར་རྟོགས་ཤིང་གོམས་ལགས་ན། །ཆོ་འཕྲུལ་ཕྲིན་ལས་ཆེན་པོ་འབྱུང་། །ཨ་ནུ་ཕྲིན་ལས་བསྟན་པའི་དུས། །ལུང་ཆེན་རྟོགས་ཤིང་མཁྱེན་པར་མཛོད། །ཨ་ནུ་ཡོ་གའི་གནས་པ་ནི། །ཕྱི་ནང་ཐེག་པ་ཐམས་ཅད་དང་། །ལྟ་སྒོམ་སྤྱོད་ཚུལ་འབྲས་བུ་སོགས། །མ་འདྲེས་སོ་སོར་སྟོན་པའི་ཕྱིར། །ཀུན་དང་འགལ་འདུ་མེད་

(༡༣༤)པའི་ཕྱིར། །ཨ་ནུ་ཐེག་བརྒྱད་གནས་པ་ཡིན། །ལྟ་བ་དབྱིངས་དང་ཡེ་ཤེས་གནས། །སྒོམ་པ་མཚན་བཅས་མཚན་མེད་སོགས། །གནས་པ་ཀུན་ལས་ཁྱད་པར་འཕགས། །ཨ་ནུ་དག་གི་རྗེས་འཇུག་པ། །དབང་པོ་ཡང་རབ་སྐལ་ལྡན་རྣམས། །གནས་པ་འདི་དང་མི་འབྲལ་ཚེ། །ཡོངས་སུ་རྣལ་འབྱོར་ལུང་ཆེན་གྱིས། །ས་ལམ་བསྒྲོད་པའི་རིམ་པ་ནི། །ཐེག་པ་བདུན་ལས་གསུངས་པ་བཞིན། །ལམ་གྱི་བསྒྲོད་ཚུལ་ཐ་དད་རྣམས། །མ་ནོར་ཡོངས་སུ་རྫོགས་པ་དང་། །ཨ་ནུ་ཡོ་གའི་ལམ་ཆེན་དུ། །ས་ལམ་ཡོངས་སུ་རྫོགས་བྱས་ནས། །དབྱིངས་དང་ཡེ་ཤེས་དོན་རྟོགས་ཤིང་། །གོམས་ཤིང་བརྟན་པ་མཐར་ཕྱིན་པས། །ལམ་ཆེན་རྫོགས་པར་བཞེད་པ་ཡིན། །ཨ་ནུ་ཡོ་གའི་དམ་ཚིག་ནི། །ཐེག་པ་ཀུན་དང་བསྲུང་སྡོམ་མཐུན། །ཁྱད་པར་རྡོ་རྗེ་ཐེག་པ་ཡི། །དམ་ཚིག་བསྲུང་བའི་རིམ་པ་ནི། །བདག་གཞན་ལུས་ངག་ཡིད་གསུམ་འདི། །སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས། །དཀྱིལ་འཁོར་རང་བཞིན་ཀུན་ཤེས་པ། །རྩ་བ་ཡན་ལག་དམ་ཚིག་རྣམས། །ཆག་ཉམས་མེད་པར་བསྲུང་བ་དང་། །སྤྱད་པར་བྱ་བའི་དམ་ཚིག་ནི། །བསྟན་འགག་མ་བྱིན་བླངས་པ་དང་། །མི་ཚངས་སྤྱོད་དང་བརྫུན་དུ་སྨྲ། །རྣམ་ལྔ་མ་སྤངས་ཐམས་ཅད་སྤྱོད། །དང་དུ་བླང་བའི་དམ་ཚིག་རྣམས། །ཆག་ཉམས་མེད་པར་བསྲུང་བ་དང་། །སྤྱད་པར་བྱ་བའི་དམ་ཚིག་ནི། །དྲི་ཆེན་དྲི་ཆུ་དམ་རྫས་ལྔ། །རྒྱལ་བའི་སྐུ་ལྔ་འགྲུབ་པར་གསུངས། །དཔའ་བོ་འབྲུ་ལྔའི་འཕྲོ་འདུ་ཡིས། །སྐུ་ལྔ་དང་དུ་ལེན་བྱེད་ཅིང་། །ཚོགས་ཆེན་པ་ལ་གནས་པའི་རྒྱུད། །མི་སྤང་བ་ཡི་དམ་ཚིག་ལྔ། །འདོད་ཆགས་ཞེ་

(༡༣༥)སྡང་དུག་ལྔ་སོགས། །གསང་བ་རྡོ་རྗེའི་དམ་ཚིག་ཏུ། །ཉོན་མོངས་ལྔ་བསྒྱུར་ཡེ་ཤེས་ལྔ། །གྲུབ་པར་བྱ་བའི་དམ་ཚིག་ལྔ། །ཕུང་པོ་ལྔ་དང་འབྱུང་བ་ལྔ། །རྣམ་ཤེས་ཡུལ་རྣམས་དཀྱིལ་འཁོར་ལྷ། །ཏིང་འཛིན་གསུམ་དང་ཆོ་ག་ལྔ། །རྫོགས་ཤིང་གསལ་ལ་རྟེན་གྱུར་ནས། །རིགས་ལྔའི་དཀྱིལ་འཁོར་བརྟན་ཞིང་རྫོགས། །གསུང་གི་དམ་ཚིག་མི་ཉམས་བསྲུང་། །སྙིང་པོ་ཉེ་སྙིང་འཛབ་ལ་སོགས། །བསྟོད་པ་དབྱངས་ཀྱིས་བརྒྱན་པ་ཡི། །མི་ཟད་གསུང་གི་དངོས་གྲུབ་ཐོབ། །དམ་ཚིག་དམ་ཚིག་ཅེས་བྱ་བ། །འདའ་བ་མེད་ཅིང་དམ་ཚིག་ཡིན། །ཁྱད་པར་ཨ་ནུ་ཡོ་ག་ཡི། །དམ་ཚིག་མི་ཉམས་བསྲུང་བ་དང་། །དཀྱིལ་འཁོར་ཆེན་པོ་གསུམ་དག་གི། །བསམ་གྱིས་མི་ཁྱབ་དམ་ཚིག་རྣམས། །མ་ལུས་ཡོངས་སུ་རྫོགས་པར་བསྲུང་། །སྤྱིར་ལུང་ཨ་ནུ་ཡོ་ག་ཡི། །དམ་ཚིག་མ་ཉམས་བསྲུང་ལུགས་ལགས། །བདེ་ཆེན་previous hit དགོངས next hit་འདུས་པ་ལས། །ས་ནི་རིམ་པ་བཅུ་ཕྲག་གསུམ། །དེ་ཡང་བསྡུས་ན་ལྔ་རུ་འདུས། །བཅོས་མ་དག་ནི་ཕྲ་མེན་མ། །རིགས་ཅན་རྣམ་པར་འབྱེད་པའི་ས། །དབུགས་ཆེན་དག་ནི་དབྱུང་བའི་ས། །ལུང་ཆེན་རབ་ཏུ་ཐོབ་པའི་ས། །རྩལ་ཆེན་མཆོག་ཏུ་རྫོགས་པའི་ས། །ཐེག་དགུ་ས་ལྔ་དག་ཏུ་རྫོགས། །ཐེག་པ་ཀུན་གྱི་སྤྱི་ས་ཡིན། །ཨ་ནུ་ཡོ་གའི་ཐེག་པ་ནི། །སྒྲིབ་པའི་ཚོགས་ཀྱི་བསལ་ལུགས་ནི། །ལམ་རྣམས་ཀུན་དང་བསྟུན་ལགས་ན། །ཚོགས་ལམ་ལས་ཀྱི་སྒྲིབ་པ་དང་། །སྦྱོར་ལམ་ཉོན་མོངས་སྒྲིབ་པ་སྟེ། །ཚོགས་སྦྱོར་སྒྲིབ་པ་དག་ལགས་ན། །སྤྲུལ་སྐུ་ལོངས་སྐུའི་ཞལ་ཡང་མཐོང་། །སྤྲུལ་སྐུ་དག་གི་

(༡༣༦)འཁོར་རྣམས་ནི། །མཐོང་ལམ་དག་ཏུ་བཤད་པ་ཡིན། །ལོངས་སྐུ་འཁོར་གྱི་དམ་པ་ནི། །སྒོམ་ལམ་ཐ་མར་བཞེད་པ་ཡིན། །ཤེས་བྱའི་སྒྲིབ་པར་བཞེད་པ་ཡིན། །འདུ་བྱེད་ཉོན་མོངས་ཕྲ་རབ་ཀྱིས། །དག་སྣང་ལོངས་སྐུའི་རྣམ་པ་འཆར། །ལོངས་སྐུ་སྣ་ཚོགས་སྣང་ན་ཡང་། །རྒྱ་མཚོར་ཉི་ཟླ་ཤར་བ་བཞིན། །ཤེས་བྱའི་སྒྲིབ་པ་ཕྲའུ་ཙམ། །འཁོར་འདས་དཀྱིལ་འཁོར་ཐམས་ཅད་དང་། །ལྷན་སྐྱེས་ཆོས་སྐུ་ཐ་དབུས་མེད། །ཆོས་དབྱིངས་རབ་འབྱམ་ཆོས་སྐུར་མཐོང་། །ཤེས་བྱའི་སྒྲིབ་པ་དེ་བཞིན་ཡིན། །ཐེག་པ་རིམ་དགུ་དག་གི་ནི། །སྐུ་གསུམ་བཞེད་ལུགས་སོ་སོར་སྣང་། །ཉན་རང་ཐེག་པའི་ཆོས་སྐུ་ནི། །གང་ཟག་ཞི་བ་མྱ་ངན་འདས། །ཡུལ་མེད་ཡེ་ཤེས་བཅུ་དྲུག་དང་། །ཡིད་བཞིན་བདེ་བ་མཆོག་གི་ས། །ཉན་རང་ཐེག་པ་གྲངས་མང་ཡང་། །མྱ་ངན་འདས་པའི་ས་འདིར་འདུས། །བྱང་ཆུབ་སེམས་དཔའི་ཐེག་པ་འདི། །འབྲས་བུ་སྐུ་ཡི་ཐེག་སྐལ་ནི། །ཤཱཀ་ཐུབ་ལོངས་སྐུ་བྱམས་པ་དང་། །ཤཱ་རིའི་བུ་དང་སེམས་དཔའ་རྣམས། །སྤྲུལ་སྐུའི་རང་བཞིན་ཆོས་སྐུར་གནས། །རང་རྒྱལ་རྣམས་ཀྱི་ཆོས་སྐུ་ནི། །བདག་མེད་སྤྲོས་པ་ཉེར་ཞི་བ། །རང་རྒྱལ་རྫུ་འཕྲུལ་ཡ་མ་ཟུང་། །སྣ་ཚོགས་འཕྲུལ་ཞིང་ཆོ་འཕྲུལ་འགྱེད། །སེམས་དཔའ་ཆེན་པོ་ཀུན་ཏུ་འོད། །རྣམ་སྣང་ས་བཅུའི་སྟོན་པ་སྟེ། །ལོངས་སྐུ་ཤཱཀ་ཐུབ་སྤྲུལ་སྐུར་གནས། །ཐེག་པ་རྣམ་པ་གསུམ་དག་ལས། །སྐུ་གསུམ་བཞེད་ལུགས་སོ་སོར་སྣང་། །ཨ་ནུ་སྤྲུལ་སྐུའི་ལུང་དུ་བཞེད། །ལོངས་སྐུ་ལུང་ཆེན་ཕྱི་རྒྱུད་གསུམ། །ཀྲྀ་ཡ་སྔགས་ཀྱི་དག་བྱེད་ནི། །དག་པ་ཆོས་ཉིད་

(༡༣༧)མངོན་དུ་འགྱུར། །ལོངས་སྐུ་རིགས་གསུམ་མགོན་པོ་ཡི། །ལོངས་སྐུ་ཤཱཀ་ཐུབ་སྤྲུལ་པའི་སྐུ། །ཀྲྀ་ཡ་འབྲས་བུའི་ཐོབ་སྐལ་ལ། །ཐད་སོ་སྐུ་གསུམ་སོ་སོར་འབྱེད། །ཨུ་པ་ཡ་ཡི་སྐུ་གསུམ་ནི། །སྤྲོས་བྲལ་འོད་གསལ་ཆོས་སྐུ་ལས། །སེམས་དཔའ་དང་ནི་སེམས་དཔའི་ཚོགས། །རིགས་བཞི་རྣམ་པར་འབྱེད་པའི་ས། །ལོངས་སྐུ་སྤྲུལ་སྐུའི་བྱེ་བྲག་རྣམས། །བྱ་སྤྱོད་གཉིས་སུ་སོ་སོར་འབྱེད། །ཡོ་ག་དག་གི་སྐུ་གསུམ་ལ། །དབྱིངས་ཉིད་རྣམ་པར་དག་པ་ལས། །ཆོས་སྐུ་ཉིད་ལས་ལོངས་སྐུ་སྟེ། །རྣམ་སྣང་རིགས་ལྔ་ཡབ་ཡུམ་ལྔས། །རྣམ་སྣང་ཀུན་སྣང་ཡེ་ཤེས་སྣང་། །ཨེ་མ་སུམ་བཅུ་རྩ་བདུན་སོགས། །ཡོ་ག་སྐུ་གསུམ་སོ་སོར་འབྱེད། །མཧཱ་ཡོ་གའི་འབྲས་བུ་ནི། །རང་རིག་གཞན་རིག་གཉིས་སུ་མེད། །ཆོས་སྐུ་བདེ་སྟོང་དབྱེར་མེད་ལས། །ལོངས་སྐུ་རིགས་ལྔ་ཡབ་ཡུམ་བཅུ། །བདེ་བ་ཆེན་པོར་རང་བཞིན་རྫོགས། །སྤྲུལ་སྐུ་ཞི་བའི་ལྷ་ཚོགས་ལས། །ཁྲག་འཐུང་རྨད་དུ་བྱུང་བ་ཡི། །འབར་བའི་ཁྲོ་བོ་དཀྱིལ་འཁོར་རྣམས། །མཧཱ་ཡོ་གའི་དཀྱིལ་འཁོར་རྣམས། །ལྟོས་པ་དང་ནི་ལྟོས་ཆོས་ཀྱི། །ཐེག་པ་བདུན་གྱི་མཐར་ཐུག་སྟེ། །ཨ་ནུ་ཨ་ཏིའི་ལམ་སྟེགས་ཙམ། །ཨ་ནུའི་མཐར་ཐུག་དཀྱིལ་འཁོར་གསུམ། །ཆོས་སྐུ་ཀུན་ཏུ་བཟང་པོ་དང་། །ཡབ་ཡུམ་སྲས་དང་བཅས་པ་ཡི། །ཡིག་གེ་འཁོར་ལོ་ཚོགས་ཆེན་ཏེ། །ཆོས་དབྱིངས་མཐའ་ཡས་མུ་མེད་པ། །དབྱིངས་དང་ཡེ་ཤེས་དབྱེར་མེད་དུ། །དཀྱིལ་འཁོར་ཆེན་པོ་གསུམ་དུ་རྟོགས། །ཨ་ནུའི་སྐུ་གསུམ་མཐར་ཐུག་སྟེ། །ཨ་ཏི་ཡི་ནི་ལམ་སྟེགས་ཏེ། །ཨ་ཏི་ཡོ་གའི་ཐེག་པ་ནི། །ཆོས་སོ་ཅོག་

(༡༣༨)གི་སྤྱི་ལུང་སྟེ། །ཕྱི་ནང་ཐེག་པ་ཐམས་ཅད་ཀྱི། །མ་འདྲེས་སོ་སོར་སྣང་བ་ལས། །ཐེག་པ་ཀུན་གྱི་ཤན་འབྱེད་དང་། །ཐེག་པ་ཀུན་གྱི་སྤྱི་ལུང་ནི། །ཨ་ནུ་ཨ་ཏི་ཡོ་ག་སྟེ། །ཐེག་པ་དག་ནི་ཕྱེད་དང་དགུ། །ཐེག་པ་ཕྱེད་དགུའི་འབྲས་བུ་ནི། །སྟོན་པས་སྐུ་གསུམ་དག་ཏུ་བཞེད། །ཀུན་བྱེད་རྒྱལ་པོའི་ལུང་ལས་ཀྱང་། །སྐུ་གསུམ་ལྷུན་གྱིས་གྲུབ་པ་ཡི། །སྟོན་པ་རྣམ་པ་གསུམ་དག་གིས། །ཆོས་རྣམས་བྱིན་གྱིས་བརླབས་ཀྱིས་སྟོན། །ཐུགས་རྗེའི་བྱིན་རླབས་འབྱུང་ཚུལ་ནི། །བཅུ་གཉིས་དག་ཏུ་འདུས་པ་ཡིན། །བྱང་ཆུབ་སྙིང་པོ་ཐུགས་རྗེའི་རྒྱན། །བྱིན་རླབས་སྣང་བ་རྣམ་གསུམ་གྱིས། །ཁམས་གསུམ་སྐུ་གསུམ་ཉིད་དུ་སྣང་། །སྟོན་པའི་ཐུགས་རྗེ་ཀུན་ཁྱབ་ཀྱང་། །ངོ་ཤེས་མ་ཐོབ་གདུལ་བྱ་ལ། །བྱིན་རླབས་ནམ་ཡང་འཇུག་མི་འགྱུར། །ཐུགས་རྗེ་མཛད་པའི་རྒྱུན་དག་ནི། །གདུལ་བྱ་དུས་ལ་བབ་པ་དང་། །དོན་བྱའི་ཚུལ་ནི་སྣ་ཚོགས་ཀྱིས། །ཐུགས་རྗེའི་མཛད་པས་ལས་རྒྱུན་གཅོད། །previous hit དགོངས next hit་སྒྲོལ་བས་ཐམས་ཅད་སྒྲོལ། །ལུང་ཆེན་ཨ་ནུའི་ལུགས་ཀྱིས་ནི། །རྟོགས་དང་ཡེ་ཤེས་དབྱེར་མེད་ཡིན། །ཨ་ནུ་མ་འདྲེས་ཡོངས་རྫོགས་ཏེ། །དབྱིངས་ནི་རང་རིག་རང་བྱུང་སྟེ། །མ་འདྲེས་ཡེ་ཤེས་ལྔ་རུ་སྣང་། །ཡོངས་རྫོགས་ལས་ནི་སྐུ་ལྔར་སྣང་། །མཚོན་ཚུངས་མ་འདྲེས་ཤར་བ་ནི། །མ་འདྲེས་མཁའ་ལ་གཟའ་སྐར་བཀྲ། །ཡོངས་རྫོགས་མཁའ་ལས་གདམ་ཁྱབ་ཆེ། །འཇའ་ཚོན་མ་འདྲེས་ཇི་བཞིན་གསལ། །ཇི་ལྟར་སོ་སོར་སྣང་ན་ཡང་། །མཐའ་མེད་ནམ་མཁའི་དབྱིངས་སུ་མཉམ། །ཇི་ལྟར་ཐེག་པ་གྲངས་མང་ཡང་། །མ་འདྲེས་ཨ་ནུའི་ངོ་བོར་རྫོགས། །རྒྱ་མཚོ་ཆུ་ཡི་འདུས་པ་བཞིན།

(༡༣༩)ཕྱི་ནང་ཐེག་པའི་བྱེ་བྲག་རྣམས། །ཨ་ནུ་དབྱིངས་སུ་མ་འདྲེས་རྫོགས། །ཕྱི་ནང་སྔགས་ཀྱི་བྱེ་བྲག་རྣམས། །ལུང་གི་ས་མཚམས་མ་ཕྱེད་ན། །ཕྱི་ནང་ཁྱད་པར་མེད་པར་འགྱུར། །རྩ་བ་ཡན་ལག་བཤད་རྒྱུད་དང་། །ཡོངས་རྫོགས་ཡན་ལག་དགོས་དོན་དུ། །རྩ་བའི་རྒྱུད་ནི་རེ་རེ་ལ། །ཕྱི་མ་ཡན་ལག་དྲུག་དྲུག་སྟེ། །རྒྱུད་སྡེ་ཀུན་གྱི་གཞི་རྟེན་ནི། །ཀྲྀ་ཡ་འཇུག་སྒོ་དང་པོ་སྟེ། །ཁྲུས་དང་གཙང་སྦྲ་ནས་འཇུག་ཅིང་། །སུ་ནི་སིདྡྷི་་ཀ་ར་ལས། །ལས་ལ་འཇུག་པའི་སྐབས་དག་ལས། །ལུས་ལ་ས་ཁྲུས་བྱས་ནས་སུ། །ཆུ་ཆེན་རྙོག་མེད་ནང་དག་ཏུ། །ཇི་ལྟར་འདོད་པ་དག་ཏུ་བཀྲུ། །དམ་ཚིག་རིགས་གསུམ་དབང་དུ་ནི། །གསུམ་ལམ་བདུན་ནམ་ཉི་ཤུ་དག །ཡང་དག་པར་ནི་བཀྲུ་བར་བྱ། །ངེས་པའི་ཡན་ལག་གཏན་ཚིགས་སོ། །ཏིང་ངེ་འཛིན་གྱི་རིམ་པ་ནི། །སུ་ནི་སིདྡྷི་ཀ་ར་ནས། །མཚན་མ་མེད་པའི་ཆོས་ཉིད་ནི། །མཚན་མ་ལྷ་ཡི་སྐུར་བསྒོམས་ཏེ། །སེམས་དཔའ་རྣམ་གཉིས་རྗེ་འབངས་ཚུལ། །དམ་ཚིག་སེམས་དཔའ་བྲན་དུ་དམིགས། །བཟླས་པ་བྱ་བའི་རིམ་པ་ནི། །བཟླས་བརྗོད་མེ་ལ་བརྩོན་འགྲུས་རླུང་། །མེ་རླུང་སྦྱོར་བའི་འཁྲུལ་འཁོར་གྱིས། །བརྩོན་འགྲུས་མེ་ལྕེས་བུད་ཤིང་བསྲེགས། །གསལ་བ་གསུམ་ལྡན་སྐྱོན་བཅུ་སྤངས། །ཕྲིན་ལས་དག་གི་སྒྲུབ་ཚུལ་ནི། །ཀྲྀ་ཡ་དཔུང་པ་བཟང་པོ་ལས། །ཞི་དང་རྒྱས་དང་དབང་གི་རྣམས། །དེ་བཞིན་མངོན་སྤྱོད་ཕྲིན་ལས་ཚོགས། །གཙང་མ་སྤྱོད་པའི་ཕྲིན་ལས་ཀྱིས། །སེམས་ཅན་དོན་ལ་རབ་ཏུ་བརྩོན། །ཕྱི་ནང་སྤྱོད་པ་དག་བྱ་བ། །ཀྲྀ་ཡ་གསང་བའི་སྤྱི་རྒྱུད་ལས། །མཚམས་མེད་མི་དགེ་བཅུ་སྤྱོད་པ། །

(༡༤༠)སྡིག་པ་གང་དང་གང་བྱས་པས། །བཟླས་བརྗོད་བྱས་པ་ཙམ་གྱིས་སྦྱང་། །དག་པའི་མཆོད་པ་འབུལ་བ་ནི། །མེ་ཏོག་དཀར་པོ་དྲི་ཞིམ་དང་། །ཞི་བའི་མཆོད་རྫས་སྣ་ཚོགས་རྣམས། །སངས་རྒྱས་བཅོམ་ལྡན་འདས་མ་འབུལ། །དབང་ནི་ཐོབ་པའི་རིམ་པ་ནི། །སུ་ནི་སི་ཏི་ཀ་ར་ལས། །རིགས་གསུམ་ལྷ་ཡི་དཀྱིལ་འཁོར་དུ། །དབང་རྣམས་མ་ལུས་རྫོགས་པར་བྱིན། །ཀྲྀ་ཡ་དག་གི་གནས་པ་ནི། །རིག་འཛིན་ཡན་ལག་དེ་ཉིད་ལས། །བསོད་ནམས་ཡེ་ཤེས་སྣ་ཚོགས་རྫོགས། །རིགས་གསུམ་རིག་འཛིན་མཐུ་ཅན་འགྱུར། །སངས་རྒྱས་ཕྲིན་ལས་ཀུན་རྫོགས་ནས། །དེ་ནི་རིག་འཛིན་ཕྲིན་ལས་ཡིན། །འབྲས་བུ་སངས་རྒྱས་རྣམས་དང་ནི། །ཕྲིན་ལས་རྒྱལ་བ་རྣམས་དང་མཉམ། །ཀྲྀ་ཡ་དཔུང་བཟངས་རྒྱུད་ལས་ཀྱང་། །རྡོ་རྗེ་འཛིན་པའི་ས་ཆེན་གནས། །ཀྲྀ་ཡ་དག་གི་ལྟ་བ་ནི། །བདེན་པ་གཉིས་སུ་ལྟ་བ་སྟེ། །སུ་ནི་སི་ཏི་ཀ་ར་ལས། །ཀུན་རྫོབ་དང་ནི་དོན་དམ་གཉིས། །བསླབ་པའི་སྡོམ་པ་བླང་བར་བྱ། །ཀུན་རྫོབ་རིགས་གསུམ་དཀྱིལ་འཁོར་ནི། །རང་བཞིན་ཉིད་དུ་རྟག་བྱ་སྟེ། །དོན་དམ་དབང་པ་ཆོས་ཉིད་དུ། །ཆོས་ཉིད་རྟོགས་པ་བརྟན་པར་བྱ། །ཨུ་པ་ཡ་ཡི་སྤྱོད་པ་དང་། །ཏིང་འཛིན་གཉིས་ཀའི་སྒོ་ནས་འཇུག །དམ་ཚིག་དག་གི་བསྲུང་ལུགས་ནི། །ཀྲྀ་ཡའི་ཐེག་པ་དག་དང་མཐུན། །ཏིང་འཛིན་དེ་ཉིད་བཞི་ལྡན་པར། །དམིགས་པ་ལྷ་དང་ཡེ་ཤེས་ནི། །དམ་ཚིག་སེམས་དཔའ་དཔོན་གཡོག་ཏུ། །སེམས་དཔའ་གསུམ་ལྡན་རྫོགས་པར་བསྒོམ། །བཟླས་པ་ཀྲྀ་ཡ་དག་དང་མཐུན། །བདག་གི་དོན་ལ་སྦྱོར་ལམ་ལྔ། །གཞན་དོན་ཕྲིན་ལས་རྣམ་བཞིའོ། །སྤྱོད་པ་ཀྲྀ་ཡ་དག་དང་མཐུན། །དབང་ནི་ཡོ་ག་བཞིན་

(༡༤༡)དུ་བསྐུར། །གནས་ནི་རིག་འཛིན་ལྔ་ལ་གནས། །རིགས་བཞི་རྡོ་རྗེ་འཆང་གི་ས། །ལྟ་བ་ཡོ་ག་དག་དང་མཐུན། །ཨུ་པ་ཡ་ཡི་ཐེག་པ་ནི། །གཉིས་ཀ་སྤྱོད་ཀྱི་ཐེག་པ་སྟེ། །ཕུན་སུམ་ཚོགས་པ་ལྔ་དག་གིས། །ཐོབ་སྐལ་ཨུ་པ་ཡ་ལ་མེད། །བྱ་སྤྱོད་གཉིས་ཀྱི་གཞོགས་འགྲོས་ཡིན། །མཁས་རྣམས་དེ་ལྟར་མཁྱེན་པར་མཛོད། །ཡོ་ག་ཡི་ནི་འཇུག་སྒོ་དང་། །སྒོམ་པ་གཙོ་ཆེར་སྟོན་པ་ཡིན། །རྡོ་རྗེ་རྩེ་མོའི་རྒྱུད་ལས་ཀྱང་། །དཀའ་ཐུབ་དཀའ་སྤྱད་འདིར་མི་དགོས། །ཁྲུས་དང་གཙང་སྦྲ་འདིར་མི་དགོས། །སངས་རྒྱས་ཐམས་ཅད་སེམས་དཔའ་ཆེ། །བདག་ཏུ་སྦྱོར་བས་འགྲུབ་པར་འགྱུར། །ཡོ་གའི་འཇུག་དང་སྒོམ་པའོ། །དམ་ཚིག་ཁྱིམ་པ་དག་ལ་བསླབ། །གཞི་ལྔ་གཟུང་ཞིང་བྱང་སེམས་བསྐྱེད། །རིགས་ལྔ་སྤྱི་ཡི་དམ་ཚིག་བསྲུང་། །རྡོ་རྗེ་རྩེ་མོའི་རྒྱུད་ལས་ཀྱང་། །ཁྱིམ་པའི་ཚུལ་དུ་གནས་ན་ཡང་། །རིག་སྔགས་རྒྱལ་པོ་རྟག་ཏུ་བསྒོམ། །དགེ་གཉེན་དགེ་ཚུལ་དགེ་སློང་སོགས། །འདུལ་ཁྲིམས་མ་ཉམས་བསྲུང་བ་དང་། །སྡོམ་པ་གསུམ་ལ་གནས་པར་བྱ། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་རང་གི་སྡོམ་པའོ། །མཚན་མ་མེད་པའི་ཏིང་འཛིན་ནི། །རྡོ་རྗེ་རྩེ་མོའི་རྒྱུད་ལས་ཀྱང་། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་བ། །ཏིང་ངེ་འཛིན་ཞེས་རབ་ཏུ་གྲགས། །འདི་ཡིས་གསང་སྔགས་བསྒོམས་ནས་ནི། །སྔགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །མཚན་བཅས་ཏིང་འཛིན་བསྒོམ་པ་ནི། །སང་ཀྲ་ཧ་ར་ཕྱི་རྒྱུད་ལས། །ཡི་གེ་ཨ་ལས་རབ་འཇུག་པས། །ཡིག་གེ་ཐམས་ཅད་བསྒོམ་པར་བྱ། །བདག་གི་

(༡༤༢)ཁ་ནས་གཞན་གྱི་ཁར། །བསྒོམས་ན་དངོས་གྲུབ་ཐོབ་པར་འགྱུར། །ཡོ་ག་དག་གི་དམིགས་པ་ནི། །མཉམ་པར་དམིགས་པ་དོན་རྟོགས་ཏེ། །དེ་ལྟར་རྣལ་འབྱོར་གསལ་ལགས་ན། །མི་རྟོག་མཉམ་པར་རྟོགས་པར་འགྱུར། །ཡོ་གའི་བཟླས་པ་བྱ་བ་ནི། །རྡོ་རྗེ་རྩེ་མོའི་རྒྱུད་ལས་ཀྱང་། །ཤིན་ཏུ་ཕྲ་མོའི་ཡིད་ཀྱིས་ནི། །སེམས་ནི་ཆོས་ཉིད་ནང་ན་བཞུགས། །དེ་ལྟར་བཟླས་པ་བྱས་ནས་ནི། །ཡིད་ཀྱི་རྡོ་རྗེའི་བཟླས་པ་ཡིན། །སང་ཀྲ་ཧ་རའི་རྒྱུད་ལས་ཀྱང་། །གཞན་ཡང་སྒྲུབ་པ་ཆེན་པོ་ནི། །ཛཧཱུྃ་བཾ་ཧོཞེས་བརྗོད་ཅིང་། །ཡིད་ཀྱིས་ལེགས་པར་སྦྱངས་བྱས་ནས། །ལུས་ལ་སངས་རྒྱས་ཀུན་གཞུག་གོ། །ཡོ་གའི་ཕྲིན་ལས་སྒྲུབ་པ་ནི། །ཕྲིན་ལས་བཞི་ཡི་འབྲས་བུ་ཡང་། །ལས་ཀྱི་ཁ་བཀང་སྦྱིན་བསྲེག་དང་། །དག་པའི་རྒྱུན་གྱི་སྦྱིན་བསྲེག་གོ། །ངན་སོང་སྦྱོང་བའི་རྒྱུད་ལས་ཀྱང་། །ལྷའི་བུའི་རྣམ་བཞིའོ། །དཀྱིལ་འཁོར་རབ་དང་འབྲིང་དང་ནི། །ཐ་མ་ལ་སོགས་ཅི་འཛོམ་བྱ། །ཁྲུ་གང་ཁྲུ་དོ་ཁྲུ་གསུམ་མོ། །ཆེ་ཆུང་ཅི་འབྱོར་ཚད་དུ་བྱ། །ལས་བཞིའི་དཀྱིལ་འཁོར་རྫོགས་པར་བྲི། །ཡོ་ག་དག་གི་སྤྱོད་པ་ནི། །ཏིང་ངེ་འཛིན་གྱི་སྐབས་སུ་ནི། །མཉམ་པར་མངས་ཞག་སྤྱོད་པ་ནི། །རྡོ་རྗེ་རྩེ་མོའི་རྒྱུད་ལས་ཀྱང་། །སེམས་ཅན་ཐམས་ཅད་ཡོངས་ཀྱིས་མཉམ། །རྟག་ཏུ་སངས་རྒྱས་ཡིད་ལ་བྱེད། །རྟག་ཏུ་སངས་རྒྱས་མཆོད་པའི་གནས། །ཡོ་ག་དག་གི་དབང་བསྐུར་ནི། །ངན་སོང་སྦྱོང་བའི་རྒྱུད་ལས་ཀྱང་། །མོས་བརྟན་ལྡན་པར་དམ་བཅས་ནས། །ཐམས་ཅད་ཡིད་ཀྱིས་བསྐུར་བྱ་སྟེ། །བུམ་དབང་ལ་སོགས་མ་ཐོབ་པར། །བཅུ་པོའི་དབང་རྣམས་མི་རྫོགས་ཕྱིར། །བཅུ་པོ་བདེ་བ་ཆེན་པོ་དང་། །རིག་པ་བུམ་པ་དྲན་པ་ཕྲེང་། །མཚོན་པར་

(༡༤༣)བྱ་བའི་ཕྱག་རྒྱ་དང་། །ལས་དང་རིག་འཛིན་གཟུངས་སྔགས་དང་། །འཁོར་ལོ་སྒྱུར་བ་བདག་པོའི་དབང་། །གནང་བ་བཀའ་དང་སྦས་པ་གསང་། །བདེ་ཆེན་ཐབས་དང་ཤེས་རབ་དབང་། །རིག་འཛིན་རིག་པ་འཛིན་པ་ནི། །སམ་ཀྲ་ཧ་རའི་རྒྱུད་ལས་ཀྱང་། །ཡེ་ཤེས་ཚེ་སྟོབས་ན་ཚོད་དང་། །ཀུན་ཏུ་འགྲོ་བ་ཉིད་རྣམས་ཐོབ། །ས་ནི་སྟུག་པོ་ཀོད་པའོ། །ལྟ་བ་དོན་དམ་ཀུན་རྫོབ་སྟེ། །སང་ཀྲ་ཧ་རའི་རྒྱུད་ལས་ཀྱང་། །ཆོས་རྣམས་རང་བཞིན་འོད་གསལ་བས། །ངོ་བོ་ཉིད་ཀྱིས་གདོད་ནས་དག། ཀུན་རྫོབ་དག་གི་ལྟ་བ་ནི། །རྡོ་རྗེའི་འབྱུང་བའི་རྒྱུད་ལས་ཀྱང་། །ཁམས་གསུམ་མ་ལུས་འདི་དག་ཀུན། །དཀྱིལ་འཁོར་ཆེན་པོའི་ངོ་བོ་ཡིན། །དེ་ལ་ལྔ་སྟེ་རྟེན་སྣོད་ཀྱི། །བརྟེན་པ་དགུ་ཡི་དཀྱིལ་འཁོར་ཏེ། །སྒྲུབ་པ་ཐབས་ཀྱི་དཀྱིལ་འཁོར་ཡིན། །བསྒྲོད་པ་ལམ་གྱི་དཀྱིལ་འཁོར་ཏེ། །མཐར་ཕྱིན་འབྲས་བུའི་དཀྱིལ་འཁོར་ལ། །ལོངས་སྐུའི་བསྟན་པ་ཕྱི་རྒྱུད་གསུམ། །ཨ་ནུ་ཡོ་ག་སོ་སོར་འབྱེད། །མཧཱ་ཡོ་གའི་འཇུག་སྒོ་ནི། །ཐབས་དང་ཤེས་རབ་སྒོ་ནས་འཇུག །གསང་བ་སྙིང་པོའི་རྒྱུད་ལས་ཀྱང་། །ཐབས་དང་ཤེས་རབ་དགྱེས་ཕྲིན་ལས། །བྱང་ཆུབ་སེམས་ཚོགས་འཁོར་ལོ་དགུ། །མཧཱ་ཡོ་གའི་དམ་ཚིག་ནི། །བླ་མེད་མི་སྤང་བླ་མ་བཀུར། །ངེས་པའི་གཏན་ཚིགས་བསྟན་པ་ནི། །ཐབས་དང་ཤེས་རབ་ཚོགས་གཉིས་རྫོགས། །རིགས་དང་མཁས་པའི་རྗེས་འབྲེངས་ནས། །བྱེ་བྲག་བསྡུས་པ་ཀུན་ཁྱབ་གསུམ། །མཧཱ་ཡོ་གའི་བསམ་པ་ནི། །རིམ་གྱིས་འཇུག་གམ་གཅིག་ཅར་འཇུག །བློའི་ཤེས་རབ་ཆེ་ཆུང་གིས། །ཡང་ན་རིམ་གྱིས་བསྒོམ་པར་བྱ། །ཡང་ན་གཅིག་ཅར་བསྒོམ་བྱ་སྟེ། །མཧཱ་ཡོ་གའི་དམིགས་པ་

(༡༤༤)ནི། །བདག་ཉིད་ཆེན་པོར་དམིགས་པ་སྟེ། །ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །མཧཱ་ཡོ་གའི་བཟླས་པ་ནི། །སྒྱུ་འཕྲུལ་དང་ནི་རྒྱས་པ་ལས། །རྣམ་གསུམ་ཚུལ་གྱིས་མ་འཁྲུལ་བར། །སྔགས་བཟླས་ཆོ་ག་བར་མ་ཆད། །འདྲིས་གོམས་བརྟན་པ་མཆོག་གིས་བྱ། །ཡེ་ཤེས་རྔམ་གློག་རྒྱུད་ལས་ཀྱང་། །སྐྱོན་བཅུ་སྤངས་ཏེ་བཟླས་པ་བྱ། །མཧཱ་ཡོ་གའི་སྦྱོར་བ་ནི། །དབྱིབས་དང་ཁ་དོག་མཚན་ལྡན་པར། །སྦྱོར་བ་ཚོགས་ཀྱང་རྫོགས་པར་བྱེད། །བསྟན་འགན་གཉིས་ཀྱིས་མཆོད་པའོ། །སྤྱོད་པ་རྟུལ་ཞུགས་ཆེན་པོ་སྟེ། །སྒྱུ་འཕྲུལ་རྒྱས་པའི་རྒྱུད་ལས་ཀྱང་། །སེམས་ཅན་རྟོག་པ་ཟློག་ཕྱིར་དམན། །ཕྱི་ནང་སྤྱོད་པ་སྣ་ཚོགས་ཀྱིས། །དངོས་གྲུབ་ཐམས་ཅད་བརྟེན་པར་བྱ། །བསྐུར་བ་དབང་གི་རིམ་པ་ནི། །དབུ་རྒྱན་ཅོད་པན་ཕྲེང་བ་སོགས། །དབང་བཞི་ཡོངས་སུ་རྫོགས་པར་བསྐུར། །མཧཱ་ཡོ་གའི་གནས་པ་ནི། །རིག་འཛིན་དག་ནི་རྣམ་བཞི་སྟེ། །དཔེར་ན་མངལ་དང་སྒོ་ང་བཞིན། །སྔོན་དུ་འབྱུང་བར་མི་འགྱུར་ཀྱང་། །རྩལ་ཆེན་འབྱུང་བར་འགྱུར་བ་བཞིན། །རྣམ་རྟོག་གཟུགས་ནི་བོར་མ་ཐག །རིགས་མཆོག་དམ་པ་འཛིན་པར་འགྱུར། །མཧཱ་ཡོ་གའི་ཚེ་དབང་ནི། །གསང་བ་སྙིང་པོའི་རྒྱུད་ནས་ཀྱང་། །དབང་བསྐུར་རིགས་ཀྱི་དམ་པ་འགྲུབ། །མི་དང་ལྷ་དང་ཚོགས་པ་སོགས། །འགྲོ་བ་ཀུན་གྱི་ཚེ་དབང་འགྲུབ། །མཧཱ་ཡོ་གའི་ཕྱག་རྒྱ་ནི། །རང་ལུས་རྒྱལ་བའི་ཕྱག་རྒྱ་ཆེ། །གོམས་པ་མངོན་དུ་གྱུར་པའི་ལྷ། །མཚན་དཔེ་བཞི་དང་མངོན་རྫོགས་དྲུག །ཕྱག་རྒྱའི་རིགས་སུ་གྲགས་པ་ཡིན། །མཧཱ་ཡོ་གའི་ལྷུན་གྲུབ་ནི། །མི་འགྱུར་རྡོ་རྗེའི་རྒྱུད་ལས་

(༡༤༥)ཀྱང་། །རང་རིག་ཡེ་ཤེས་རྒྱུད་དོན་ཕྱིར། །རང་གི་རིག་པས་མངོན་དུ་བྱས། །རིག་འཛིན་མཆོག་སྟེ་དངོས་གྲུབ་ཐོབ། །མཧཱ་ཡོ་གའི་ས་ཆེན་ནི། །སྒྱུ་འཕྲུལ་ལེའུ་ལྷག་རྒྱུད་ལས། །མ་ཆགས་པདྨ་ཅན་གྱི་ས། །བླ་མེད་ལོངས་སྐུའི་ས་ཆེན་ནི། །ཐབས་དང་ཤེས་རབ་དབྱེར་མེད་རྫོགས། །འོག་མིན་བདེ་ཆེན་ཕོ་བྲང་ཡིན། །མཧཱ་ཡོ་གའི་ལྟ་བ་ནི། །སྒྱུ་འཕྲུལ་དག་ནི་རྒྱས་པ་ལས། །ཐབས་ཀྱི་ལྟ་སྤྱོད་ཆེན་པོ་ནི། །བླ་མེད་ཐེག་པ་ལས་འཕགས་པས། །དོན་དམ་དུ་ནི་མངོན་གྱུར་ཏེ། །ཀུན་རྫོབ་ཏུ་ནི་མཉམ་རྫོགས་སོ། །ཡང་དག་སྐྱེས་མཆོག་དམ་པ་ཡིན། །དོན་དམ་ཀུན་རྫོབ་དབྱེར་མེད་པར། །ཡང་དག་ཉིད་དུ་རབ་ཏུ་རྟོགས། །མཧཱ་ཡོ་གའི་ཐེག་པ་ནི། །ཐེག་པ་བདུན་གྱི་འབྲས་བུ་ཏེ། །ཡོངས་སུ་རྣལ་འབྱོར་ལམ་སྟེགས་ཙམ། །སྤྱི་ལུང་ཨ་ནུ་ཡོ་ག་ཡི། །འཇུག་པའི་སྒོ་ནི་འདི་ཉིད་དེ། །ཐེག་བདུན་ཐེག་བརྒྱད་འབྲས་བུ་ནི། །མཉམ་རྫོགས་ཡེ་ཤེས་དབྱིངས་ཡེ་ཤེས། །ཡུལ་དོན་ཡེ་ཤེས་དེ་སྦྱར་བས། །ཤེས་པར་བྱས་པས་ཐམས་ཅད་རྫོགས། །དབྱིངས་དང་ཡེ་ཤེས་ནས་འཇུག་གོ། །ཨ་ནུ་ཡོ་གའི་དམ་ཚིག་ནི། །མདོ་ཆེན་previous hit དགོངས next hit་འདུས་པ་ལས། །སྲུང་བྱ་སྲུང་བྱེད་མེད་པས་ན། །ཆོས་ཉིད་དམ་ཚིག་དམ་པ་ཡིན། །ཕྱི་ནང་དམ་ཚིག་ཐམས་ཅད་ཀྱང་། །འདི་རུ་མ་རྫོགས་གང་ཡང་མེད། །ཨ་ནུ་ཡོ་གར་ངེས་པ་ནི། །བཀའ་དོན་གཏན་ཚིགས་རིག་པ་བཞི། །སྣང་དང་མི་འགལ་རྒྱས་འཐད་སྦྱར། །ཨ་ནུ་ཡོ་གའི་བསམ་པ་ནི། །གཅིག་ཅར་དུ་ནི་རྟོགས་པ་སྟེ། །ལ་ཤན་དག་གི་ལུང་ལས་ཀྱང་། །འོད་ཀྱི་ཏིང་

(༡༤༦)འཛིན་ཤུགས་ཀྱིས་འགྲོ། །ཨ་ནུ་ཡོ་གའི་དམིགས་previous hit ་ནི། །ཀུན་གྱི་བདག་ཉིད་ཆེན་པོ་སྟེ། །དགོངས next hit་འདུས་ཉིད་ཀྱི་ལུང་ལས་ཀྱང་། །བདག་ཉིད་ཆེན་པོ་ལྷུན་གྲུབ་མཐུས། །ཐམས་ཅད་མ་ལུས་དབྱིངས་སུ་གསལ། །ཡོངས་སུ་རྣལ་འབྱོར་བཟླས་པ་ནི། །དོན་གྱི་ཟླ་འམ་ཆོ་འཕྲུལ་གྱིས། །སྣ་ཚོགས་བཟླས་པ་ངོ་བོ་ཉིད། །དྲུག་བཅུ་རྩ་གསུམ་མདོའི་ལེའུ། །སྒྲ་བརྙན་འབྱུང་བའི་རང་བཞིན་ནི། །གང་གིས་གནས་ལ་སྒྲ་རྐྱེན་པས། །དེ་ལྟར་དེ་བཞིན་སྒྲ་བརྙན་འབྱུང་། །འཁོར་འདས་སྒྲ་སྐད་ཐམས་ཅད་ཀྱང་། །སྒྲ་བརྙན་ལྟ་བུར་རྟོགས་པར་བྱེད། །ཨ་ནུ་ཡོ་གའི་ཕྲིན་ལས་ནི། །ལྔ་ཀ་རྫོགས་རིམ་ཉིད་དུ་འདོད། །སྦྱོར་བ་དྲུག་བཅུ་རྩ་གཅིག་སོགས། །སྦྱོར་སྒྲོལ་གཉིས་ཀྱི་དབྱིངས་སུ་སྒྲོལ། །ཨ་ནུ་ཡོ་གའི་སྤྱོད་པ་ནི། །ཐུན་མོང་བརྟུལ་ཞུགས་དུས་མིན་དུ། །མཉམ་པ་ཉིད་ཀྱི་སྤྱོད་པ་སྟེ། །མདོ་ལུང་དོན་གཅིག་ལེའུ་ལས་ཀྱང་། །བྱིན་གྱིས་བརླབས་ཀྱི་སྤྱོད་པ་དང་། །དབང་བསྒྱུར་ཐབས་ཀྱི་སྤྱོད་པའོ། །ཨ་ནུ་ཡོ་གའི་སྔོན་འབྱུང་དབང་། །ཀུན་བཟང་རྗེས་སུ་འཇུག་པ་སྟེ། །ཁུང་དང་གྲངས་པ་ཆུ་བོ་སོགས། །དབང་ཆོག་སུམ་བཅུ་སོ་དྲུག་སོགས། །ཨ་ནུ་ཡོ་ག་དབང་ཆོག་ནི། །ཐེག་པ་བརྒྱད་ཀྱི་སྤྱི་དབང་ཡིན། །ཨ་ནུ་ཡོ་གའི་གནས་པ་ནི། །ཀུན་འདུས་རིག་པའི་མདོ་ལས་ཀྱང་། །རིག་འཛིན་དང་པོ་ལ་རྒལ་ནས། །གནས་པ་ས་ལ་ཚེ་དབང་ཐོབ། །ཕྱག་རྒྱ་ཆེན་པོ་ལྷུན་གྲུབ་པ། །འབའ་ཞིག་རང་བཞིན་གནས་པ་ཡིན། །ཨ་ནུ་ཡོ་གའི་ས་ཆེན་ནི། །ཞེ་བཞི་པ་ཡི་ལུང་ལས་ཀྱང་། །ཆོས་ཉིད་མི་འགྱུར་གདམ་བའི་ས།

(༡༤༧)དབྱིངས་དང་ཡེ་ཤེས་རོ་མཉམ་ཡིན། །ཀུན་འདུས་རིག་པའི་མདོ་ལས་ཀྱང་། །མ་སྐྱེས་རང་གནས་སྐུ་ཡི་རྒྱ། །རིན་ཆེན་སྨོན་མེད་གསུང་གི་རྒྱ། །མཚན་མེད་ཡིད་ལས་འདས་པའི་ཐུགས། །རྣམ་གསུམ་བདེ་ཆེན་སངས་རྒྱས་པ། །ས་ཆེན་འཁོར་ལོ་ཚོགས་ཆེན་ཡིན། །ཨ་ནུ་ཡོ་གའི་ལྟ་བ་ནི། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད། །སྲས་མཆོག་བདེ་བ་ཆེན་པོ་ལྷ། །མཉམ་པ་མཉམ་པའི་དོན་མཐོང་ཞིང་། །མཉམ་རྫོགས་ཡེ་ཤེས་དབྱིངས་ཡེ་ཤེས། །ཨ་ནུ་ཡོ་གའི་མཐར་ཐུག་ཡིན། །ལུང་ཆེན་ཨ་ནུ་ཡོ་ག་ཡི། །མདོ་ཆེན་previous hit དགོངས next hit་འདུས་པ་ལས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་previous hit དགོངས next hit་རྣམས། །དེ་བཞིན་ཉིད་དུ་ཐམས་ཅད་ཀྱང་། །གཅིག་དང་དུ་བྲལ་མ་ཡིན་ཏེ། །previous hit དགོངས next hit་ཐ་དད་དབྱིངས་སུ་རྫོགས། །སངས་རྒྱས་སེམས་ཅན་ལ་སོགས་པ། །མ་ལུས་མི་ལུས་ལུས་པ་མེད། །རང་རིག་མ་རིག་རྟོགས་པ་མེད། །ཡུལ་ཀྱང་རང་བྱུང་ཡེ་ཤེས་ཡིན། །རྡོ་རྗེ་ཀུན་བཀོད་འཕྲོས་པའི་རྒྱུད། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་ཡིན། །རྣལ་འབྱོར་གྲུབ་པའི་ལུང་དག་ནི། །མཐར་ཐུག་མེད་པའི་སེམས་ཅན་རྣམས། །བྱང་ཆུབ་སྙིང་པོར་དེ་ལུང་སྟོན། །ཀུན་འདུས་རིག་པའི་མདོ་ཆེན་ནི། །ཐམས་ཅད་ཀུན་འདུས་རིག་པར་སྟོན། །ཐེག་པ་ཆེན་པོ་སྐད་པ་དེ། །ཅི་ཡང་མི་སེམ་མི་གཡོ་ཞིང་། །མི་ལྡོག་རྣམ་པར་མི་གཡེང་ནས། །ཀུན་ལ་ཁྱབ་པར་གདལ་བའི་དབྱིངས། །ཀུན་ཤོང་བྱར་མེད་ཐེག་པའི་མཆོག །མདོ་ལུང་དཔག་མེད་གསུངས་ན་ཡང་། །མདོ་གཅིག་ཏུ་ནི་འདུས་པའི་ཕྱིར། །ཐེག་པ་ཀུན་

(༡༤༨)གྱི་སྤྱི་ལུང་ནི། །ལུང་ཆེན་ཨ་ནུ་ཡོ་ག་ཡིན། །ཆུ་རྣམས་རྒྱ་མཚོར་ཐིམ་པ་འདྲ། །ཡི་གེ་འཁོར་ལོ་ཚོགས་ཆེན་ས། །སེམས་ཅན་སངས་རྒྱས་ཐམས་ཅད་ཀྱང་། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཡང་། །ཡི་གེར་གནས་ཤིང་ཡི་གེར་བསྐྱེད། །ཡི་གེའི་ཚོགས་ལས་འབྱུང་བ་སྟེ། །སེམས་ཅན་སངས་རྒྱས་ཐམས་ཅད་ཀྱང་། །སྣང་སྲིད་འཁོར་འདས་ཡི་གེར་གནས། །དགོངས་འདུས་ལེའུ་བདུན་བཅུ་ལས། །མི་སྤྱོད་སངས་རྒྱས་ཀུན་གྱི་ཐུགས། །ངོ་བོ་གཅིག་ལས་མ་གཡོས་ཀྱང་། །ཞིང་ཁམས་བསམ་གྱིས་མི་ཁྱབ་པར། །རྡོ་རྗེ་སེམས་དཔའ་མཐའ་ཡས་སྣང་། །མི་སྐྱོད་ཡི་གེ་བཞི་བཅུ་གཉིས། །དེ་སོགས་ཡི་གེ་གྲངས་མཐའ་ཡས། །ཡི་གེ་ཚོགས་ཀྱི་མིང་རྣམས་ནི། །ཀུན་འདུས་རིག་པའི་ལུང་ལས་ཀྱང་། །ཨ་ནི་མ་སྐྱེས་ཡེ་ཤེས་ཡིན། །མིང་ཅན་ཐམས་ཅད་འགག་མེད་སྟོན། །ཀ་ནི་བྱ་བའི་ཡེ་ཤེས་ཏེ། །ཕྲིན་ལས་ཚོགས་ཀྱིས་གྲོལ་བར་བཤད། །ཁ་ནི་བྱ་བ་བྱེད་པའི་སྐུ། །མི་དམིགས་ཐམས་ཅད་གྲོལ་བར་སྟོན། །ག་ནི་དོན་དུ་འགྱུར་བའི་སྐུ། །ཡུལ་མེད་ཐམས་ཅད་གྲོལ་བར་སྟོན། །གྷ་ནི་གནས་པ་མེད་པར་སྟོན། །གཅིག་ཏུ་མ་ངེས་གྲོལ་བར་སྟོན། །ང་ནི་འཛིན་པ་མེད་པའི་སྐུ། །འཛིན་པ་ཐམས་ཅད་གྲོལ་བར་སྟོན། །ཙ་ནི་འགག་པ་མེད་པའི་སྐུ། །གང་ཡང་སྣང་ལས་གྲོལ་བར་སྟོན། །ཚ་ནི་འདའ་བ་མེད་པའི་སྐུ། །བྲལ་བ་མེད་པས་གྲོལ་བར་སྟོན། །ཛ་ནི་མ་བྱུང་བ་ཡི་སྐུ། །མི་གནས་པ་ནི་གྲོལ་བར་སྟོན། །ཛྷ་ནི་རྟོག་པ་བྲལ་བའི་སྒོ། །དྲི་མ་དག་པས་གྲོལ་བར་སྟོན། །ཉ་ནི་སྤྱོད་དང་བྲལ་བའི་སྒོ། །བྱ་བ་མེད་

(༡༤༩)པས་གྲོལ་བར་སྟོན། །ཏ་ནི་ང་རྒྱལ་མེད་པའི་སྒོ། །རི་བོ་མེད་པས་གྲོལ་བར་སྟོན། །ཐ་ནི་འགྱུར་རྩལ་མེད་པའི་སྒོ། །མི་འགྱུར་བས་ནི་གྲོལ་བར་སྟོན། །ད་ནི་འདྲེས་པ་མེད་པའི་སྒོ། །རྩོལ་བ་མེད་པས་གྲོལ་བར་སྟོན། །དྷ་ནི་སླུ་བ་མེད་པའི་སྒོ། །སྒྱུ་མས་ཐམས་ཅད་གྲོལ་བར་སྟོན། །ན་ནི་རྡུལ་དང་བྲལ་བའི་སྒོ། །རྟོག་པ་མེད་པས་གྲོལ་བར་སྟོན། །མ་ནི་ཆགས་པ་མེད་པའི་སྒོ། །རྟག་ཆད་མེད་པར་གྲོལ་བར་སྟོན། །ཡ་ནི་ཞེན་པ་མེད་པའི་སྒོ། །གོས་ས་མེད་པས་གྲོལ་བར་སྟོན། །ཝ་ནི་རྒྱུ་རྐྱེན་མེད་པའི་སྒོ། །འབྲས་བུ་མེད་པས་གྲོལ་བར་སྟོན། །རང་བཞིན་རྐྱེན་དང་བྲལ་བའི་སྒོ། །དོར་བ་མེད་པས་གྲོལ་བར་སྟོན། །ལ་ནི་བླང་དུ་མེད་པའི་སྒོ། །ཡོན་ཏན་མེད་པས་གྲོལ་བར་སྟོན། །ཤ་ནི་སྤྲོས་པ་མེད་པའི་སྒོ། །ཞི་བས་ཐམས་ཅད་གྲོལ་བར་སྟོན། །ཥ་ནི་ལུང་དང་བྲལ་བའི་སྒོ། །ལྕི་བ་མེད་པས་གྲོལ་བར་སྟོན། །ས་ནི་ཡང་དག་གསང་བའི་སྒོ། །ངེས་པ་ཐམས་ཅད་གྲོལ་བར་སྟོན། །ཧ་ནི་རྒྱུ་དང་བྲལ་བའི་སྒོ། །རྐྱེན་དང་བྲལ་བས་གྲོལ་བར་སྟོན། །ཀྵ་ནི་ཁམས་དང་བྲལ་བའི་སྒོ། །སྣ་ཚོགས་མེད་པས་གྲོལ་བར་སྟོན། །ཨི།།།ནི་ཐོགས་པ་མེད་པའི་སྒོ། །གཟུགས་དང་བྲལ་བས་གྲོལ་བར་སྟོན། །ཨུ།།།ནི་ཐོབ་པ་མེད་

(༡༥༠)པའི་སྒོ། །སྒྲ་དང་བྲལ་བས་གྲོལ་བར་སྟོན། །ཨཻ།། །ནི་ཚོར་བ་མེད་པའི་སྒོ། །ཏྲི་དང་བྲལ་བས་གྲོལ་བར་སྟོན། །ཨཽ།།།ནི་ཚོར་བ་མེད་པའི་སྒོ། །རེག་དང་བྲལ་བས་གྲོལ་བར་སྟོན། །ཨམ།།།ནི་མྱོང་བ་བྲལ་བའི་སྒོ། །རོ་ནི་འཛིན་པ་བྲལ་བར་སྟོན། །ཨཱཽ་ནི་ཆོ་འཕྲུལ་ཆེན་པོའི་སྒོ། །ཅིར་ཡང་སྣང་བར་གྲོལ་བ་སྟོན། །ཡན་ལག་སུམ་བརྒྱ་དྲུག་བཅུ་སྟེ། །ཅིར་ཡང་འགྱུར་བ་ཐམས་ཅད་རིགས། །རིགས་དྲུག་རྒྱུད་གཅིག་ཐ་དད་དང་། །གང་ཞིག་གཅིག་ཏུ་གྱུར་པ་ན། །ལྷ་ལ་འགྲོ་དྲུག་ཚང་བར་ཐལ། །འདོད་ན་སུམ་བརྒྱ་དྲུག་བཅུར་བཤད། །རྗེག་།།།སྣ་ཚོགས་ཉིད་ཀྱིས་གསལ། །ངེས་པར་རིགས་དྲུག་གཙོ་ཆེ་ན། །ཚང་ཚུལ་ངོས་ནས་རེ་རེ་ལ། །དྲུག་དྲུག་ཏུ་ཡང་ངེས་པ་ཡིན། །སུམ་བརྒྱ་དྲུག་བཅུ་ཡི་གེའི་ཚོགས། །ལུང་དང་རིག་པ་མན་ངག་སོགས། །འདི་རུ་མ་རྫོགས་གང་ཡང་མེད། །དབྱིབས་ནི་རྒྱ་ཆེ་རོལ་པ་ལས། །ཡིག་མཁན་ཆོས་ཀྱི་བཤེས་གཉེན་དང་། །རྒྱལ་བུ་དོན་གྲུབ་ཡི་གེ་འདྲེན། །ཡི་གེ་རྣམས་ཀྱི་རིགས་རྣམས་ཀྱི། །མིང་གཅིག་བདུན་བཅུ་རྩ་ལྔ་ཡོད། །དེ་ཡང་འགྲོ་དྲུག་གཅིག་ལ་འདུས། །སེང་གེ་གླལ་བ་ལྟ་བུའི་ཨ། །ལྷའི་ཡི་གེའི་དབྱིབས་སུ་གནས། །སེང་གེ་འགྱིང་བ་ལྟ་བུའི་ཨ། །ལྷ་མ་ཡིན་གྱི་ཡི་གེར་གནས། །སེང་གེ་སྒྲ་འབྱིན་ལྟ་བུའི་ཨ། །མིའི་ས་བོན་ལྟ་བུར་གནས། །བིན་དུ་རྒྱས་པ་ལྟ་བུའི་ཨ། །བྱོལ་སོམ་ལྟ་བུའི་ཡི་གེར་གནས། །འབྲུག་སྒྲ་མོ་ཧ་ལྟ་བུའི་ཨ། །ཡི་དགས་ལྟ་བུའི་ཡི་གེར་གནས། །འོད་དཔག་མེད་པ་ལྟ་བུའི་ཨ། །དམྱལ་བ་དག་གི་ཡི་གེར་

(༡༥༡)གནས། །ཨའི་གནས་ལུགས་རྟོགས་ལགས་ན། །ཧ་སོགས་ཡི་གེ་ཐམས་ཅད་ཀྱང་། །དྲུག་དྲུག་དག་ཏུ་ཤེས་པར་བྱ། །ཊ་ཞེས་བྱ་བ་སྐྱེ་མེད་སྒོ། །སྐྱེ་བ་ཀུན་ནས་གྲོལ་བར་སྟོན། །ཐ་ཞེས་བྱ་བ་མཁའ་དབྱིངས་སྒོ། །འཁོར་བའི་མངལ་སྒོ་གྲོལ་བར་སྟོན། །ར་ཞེས་བྱ་བ་དབྱིངས་ཉིད་བསྒོ། །མཁའ་དབྱིངས་རྣམ་དག་སྟོན་པར་བྱེད། །ཎ་ནི་འཕོ་འགྱུར་མེད་པའི་སྒོ། །སྐྱེ་འཇིག་མེད་པར་སྟོན་པར་བྱེད། །ལཱྀ་ནི་ཐེག་པ་ཀུན་གྱི་སྒོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སྟོན། །དྡྷྀ་ནི་ཐམས་ཅད་ཤེས་རབ་སྒོ། །ལྷན་སྐྱེན་བདེ་བ་ཆེན་པོར་སྟོན། །ལཱི་ནི་མཉམ་ཉིད་ལྷུན་གྱིས་གྲུབ། །འཁོར་འདས་ཐམས་ཅད་མཉམ་པར་སྟོན། །ཨམ།།།ནི་སྙིང་པོ་དོན་གྱི་སྒོ། །ཐམས་ཅད་རྫོགས་པའི་བདག་ཉིད་སྟོན། །ཡི་གེའི་ཚོགས་ནི་འདི་དག་ཀུན། །འཁོར་འདས་ཀུན་ལ་ཁྱབ་པ་སྟེ། །ཕྱི་སྣོད་འཇིག་རྟེན་ཁམས་རྣམས་ཀྱང་། །ཡི་གེ་ལས་བྱུང་ཡི་གེར་གནས། །ནང་བཅུད་འགྲོ་བ་ཐམས་ཅད་ཀྱང་། །ཡི་གེ་ཉིད་ལས་གྲུབ་པ་སྟེ། །སྐྱེ་རྒས་ན་འཆིའི་ཆུ་བོ་བཞི། །མ་རྟོགས་ཡི་གེའི་ཚོགས་ལས་བྱུང་། །འཁོར་བ་རྒྱུན་ཆད་མེད་པའི་ཕྱིར། །ཡིག་ཚོགས་རྒྱུན་ཆད་མེད་པ་ཡིན། །སེམས་ཅན་ལུས་ངག་ཡིད་གསུམ་དང་། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི། །ཕྱི་ནང་བསྐྱེད་པར་བྱེད་པའི་རྒྱུ། །ཡི་གེའི་ཚོགས་ལས་གྲུབ་པ་སྟེ། །ལུས་ཀྱི་རྩ་གནས་ཐམས་ཅད་དུ། །ཡི་གེའི་ཚོགས་ཀྱིས་ཀུན་ལ་ཁྱབ། །འཁོར་འདས་ཆོས་ཀྱི་ཕུང་པོར་སྟོན། །འཁོར་འདས་ཡི་གེའི་ཚོགས་རྣམས་ཀྱིས། །ཀུན་གྱི་གནས་ལུགས་རྟོགས་པ་དང་། །ཆོས་དབྱིངས་རབ་འབྱམ་

(༡༥༢)མཐའ་ཡས་པ། །དབྱིངས་དང་ཡེ་ཤེས་རོ་མཉམ་ཞིང་། །ཀུན་བཟང་ཡབ་ཡུམ་དཀྱིལ་འཁོར་ཏེ། །འཁོར་ལོ་ཚོགས་ཆེན་ས་ལ་གནས། །ཡི་གེའི་ཚོགས་ནི་འདི་དག་ལ། །གོང་འོག་ཏུ་ནི་འཁྲུལ་ཡོད་པས། །མཁས་པས་རབ་ཏུ་སྡེབ་པར་བྱ། །སྣང་སྲིད་འཁོར་འདས་མ་ལུས་པ། །དབྱིངས་དང་ཡེ་ཤེས་རོ་མཉམ་ཞིང་། །སྐུ་ཡི་དཀྱིལ་འཁོར་བསམ་མི་ཁྱབ། །ཐུགས་ཀྱི་ཡེ་ཤེས་གྲངས་མཐའ་ཡས། །གསུང་མཆོག་ཆོས་ཀྱི་སྒོ་མོ་ནི། །སྣང་སྲིད་ཆོས་ཀྱི་ཕུང་པོ་སྟེ། །སྣ་ཚོགས་འཁོར་ལོ་བསམ་མི་ཁྱབ། །གསང་མཆོག་རིལ་བཞིར་ལྷུན་གྱིས་གྲུབ། །བཅུ་གསུམ་འཁོར་ལོ་ཚོགས་ཆེན་ས། །ཡི་གེ་འཁོར་ལོ་ཚོགས་ཆེན་དུ། །ཐེག་བརྒྱད་ལུང་ཆེན་ཨ་ནུ་ཡི། །མཐར་ཐུག་ཆོས་ཀྱི་དབྱིངས་ཀྱི་ས། །རྫོགས་ཆེན་ཨ་ཏི་ཡོ་ག་ཡི། །ལམ་སྟེགས་གོང་མར་བཞེད་པ་ཡིན། །ཡོངས་སུ་རྣལ་འབྱོར་རྡོ་རྗེ་ཡིས། །སྐུ་ལྔ་ཡོངས་སུ་རྫོགས་པ་ཡི། །རྣམ་ཕྲུལ་དཀྱིལ་འཁོར་གསུམ་གྱི་བདག །གྲུབ་ཐོབ་རྣམས་ཀྱིས་བྱིན་རླབས་ཤིང་། །ཆོས་དབྱིངས་རབ་འབྱམ་དོན་རྟོགས་པས། །ཨ་ནུ་མན་ཆོད་ཐེག་པ་བརྒྱད། །ཕྱི་ནང་གྲུབ་མཐའ་ལ་སོགས་དང་། །འཁོར་འདས་ལམ་གྱིས་བསྡུས་པའི་ཆོས། །ཐམས་ཅད་མ་ལུས་གཅིག་ཏུ་རྟོགས། །གཅིག་ཏུ་རྟོགས་ཤིང་སོ་སོར་གསལ། །སྣང་སྲིད་ཆོས་ཀྱི་ཕུང་པོ་ལ། །ལུང་ཆེན་ཐོབ་ཅིང་སོ་སོར་མཁྱེན། །དབྱིངས་དང་ཡེ་ཤེས་རོ་མཉམ་ཞིང་། །སྒོ་ཕུགས་གཉིས་ཀྱི་འཛིན་པ་མེད། །ཁམས་གསུམ་སྐུ་གསུམ་རང་བཞིན་རྫོགས། །ཇི་ལྟར་མཁྱེན་ཅིང་ཇི་སྙེད་མཁྱེན། །མཁྱེན་པ་གཉིས་ལྡན་བདེ་བ་ཆེ། །རང་བྱུང་ཡེ་ཤེས་ལྷུན་གྲུབ་དབྱིངས། །ལུང་ཆེན་ཐོབ་པའི་རྣལ་འབྱོར་པས།

(༡༥༣)སངས་རྒྱས་སྐུ་དང་ཡེ་ཤེས་དང་། །ཐེག་པ་ཆེ་ཆུང་བྱེ་བྲག་སོགས། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀྱང་། །ཐམས་ཅད་རང་རིག་རྣམ་འཕྲུལ་ཏེ། །ཆོས་རྣམས་ཀུན་གྱི་ངོ་བོ་ཉིད། །རྒྱུ་འབྲས་དུས་མཚུངས་ངོ་བོ་ཉིད། །གཞི་ལམ་ཡོངས་རྫོགས་ངོ་བོ་ཉིད། །སྤང་བླང་རོ་མཉམ་ངོ་བོ་ཉིད། །མཐོ་དམན་དུས་མཉམ་ངོ་བོ་ཉིད། །འཁོར་འདས་ཡོངས་རྫོགས་ངོ་བོ་ཉིད། །སྐྱོན་ཡོན་ལྷུན་གྲུབ་ངོ་བོ་ཉིད། །ངོ་བོ་ཉིད་ཀྱིས་དབྱིངས་ཉིད་ཀྱིས། །མ་ཁྱབ་པ་དང་མ་རྫོགས་པ། །ཅུང་ཟད་ཙམ་ཡང་ཡོད་མ་ཡིན། །ཆོས་དབྱིངས་མཐའ་ཡས་བསམ་མི་ཁྱབ། །ངོ་བོ་ཉིད་ཀྱི་དཀྱིལ་འཁོར་དུ། །ཐམས་ཅད་ཐམས་ཅད་རྟོགས་ལགས་པས། །མཉམ་གཞག་རྗེས་ཐོབ་མཚམས་མེད་པ། །རྒྱུ་འབྲས་གང་ཡང་མི་གཡོ་བས། །རེ་དོགས་གཉིས་ཀྱི་མཐའ་ལས་གྲོལ། །དབྱིངས་ཆེན་ངོ་བོ་ཉིད་ཀྱི་གནས། །མི་འགྱུར་རྡོ་རྗེའི་ངོ་བོ་ཉིད། །ཐམས་ཅད་ཀུན་གྱི་སྒྲ་དོན་ཡང་། །རང་བཞིན་ངོ་བོ་ཉིད་ཀྱིས་མཁྱེན། །དེར་འཛིན་མཉམ་བྱེད་མེད་པ་ཡི། །ངོ་བོ་ཉིད་ཀྱི་རྣལ་འབྱོར་ཡིན། །དེ་ལྟར་རྟོགས་པའི་རྣལ་འབྱོར་པས། །མཐོང་ཐོས་དྲན་པའི་འགྲོ་བ་རྣམས། །དུས་གསུམ་དུས་མེད་ཐམས་ཅད་དུ། །ངོ་བོ་ཉིད་ཀྱིས་བྱིན་གྱིས་བརླབ། །ཀུན་བཟང་རྒྱལ་པོའི་ཕྲིན་ལས་ཀྱིས། །བསམ་མི་ཁྱབ་ཅིང་རྒྱུན་ཆད་མེད། །ཡོངས་སུ་རྣལ་འབྱོར་རྡོ་རྗེ་ཡིས། །འཁོར་འདས་ལམ་གྱིས་བསྡུས་པའི་ཆོས། །ཀུན་མཁྱེན་རབ་འབྱམ་དོན་རྟོགས་ཤིང་། །ཨ་ནུའི་previous hit དགོངས next hit་མཐར་ཕྱིན་པ། །ངོ་བོ་ཉིད་ཀྱི་བར་སྐབས་ལགས། །དེ་དང་དེ་དོན་མ་ལུས་པ། །སྒོམ་ཆེན་རྣམས་ཀྱིས་མཁྱེན་པར་མཛོད།། །།

(༡༥༤)རྒྱ་གར་སྐད་དུ། ཨ་ཏི་ཡོ་ག་ཏེ། །བོད་སྐད་དུ། །ཤིན་ཏུ་རྣལ་འབྱོར་ཞེས། །ཐེག་པ་ཀུན་གྱི་ཡང་རྩེར་བཞེད། །རྫོགས་པ་ཆེན་པོ་སྐད་པ་དེ། །སྣང་སྲིད་འཁོར་འདས་ཆོས་ཀྱི་དབྱིངས། །གཅིག་རྫོགས་ཀུན་རྫོགས་ཐམས་ཅད་རྫོགས། །རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི། །སྐུ་རྫོགས་གསུང་རྫོགས་ཐུགས་ཀྱང་རྫོགས། །སྐུ་འདུས་གསུང་འདུས་ཐུགས་འདུས་རྫོགས། །དེ་བཞིན་ཡོན་ཏན་ཕྲིན་ལས་འདུས། །འགྲོ་དྲུག་ཡོངས་ཀྱི་སྐྱེ་གནས་རྫོགས། །ཀུན་རྫོགས་རྒྱལ་པོ་ཞེས་ཀྱང་བྱ། །ཆོས་དང་ཆོས་མིན་ལ་སོགས་པ། །ཐམས་ཅད་རྫོགས་པ་ཆེན་པོ་སྟེ། །ཨ་ཏི་ཡོ་གའི་ཏནྟྲ་ལས། །རྫོགས་ཆེན་ཆོས་ཀྱི་ཕུང་པོ་རྣམས། །རྒྱུད་སྡེ་རྣམ་པ་གྲངས་མང་ཡང་། །བོད་ལ་འགྱུར་བ་ཅུང་ཟད་ཙམ། །སྔར་འགྱུར་ཕྱི་འགྱུར་གྲངས་མང་ཡང་། །གནས་ལུགས་རྟོགས་ན་previous hit དགོངས next hit་གཅིག །གང་ལའང་ཐ་དད་མེད་པ་ཡིན། །ཡིད་ཆེས་བྱིན་རླབས་འཇུག་པ་ཡིན། །གླད་ཀྱི་འབྲེལ་ཚུལ་བསྟན་པ་ཡིན། །བླ་མ་བརྒྱུད་པའི་རིམ་པ་ལས། །ཕྱག་འཚལ་མོས་གུས་བསྒྲུབ་པ་དང་། །བཀའ་སྒྲུབ་previous hit དགོངས next hit་རྫོགས་བྱེད་ཅིང་། །ཡོན་ཏན་རྒྱ་མཚོ་མཐར་ཕྱིན་འཚལ། །བླ་མ་བརྒྱུད་པའི་རིམ་པ་ནི། །ཀུན་ཏུ་བཟང་དང་རྡོ་རྗེ་སེམས། །འཇམ་དཔལ་དགའ་རབ་རྡོ་རྗེ་དང་། །རྒྱ་བོད་མཁས་ལ་གྲུབ་པ་ཐོབ། །ད་ལྟའི་སློབ་དཔོན་ཡན་ཆད་ལ། །སྐུ་ལྔ་ཡོངས་རྫོགས་སངས་རྒྱས་དང་། །ཐ་དད་མེད་པར་ཡིད་ཆེས་བསྐྱེད། །ད་ནི་བཤད་པར་དམ་བཅའ་བ། །རྫོགས་ཆེན་རྒྱུད་དང་མན་ངག་སོགས། །གྲངས་མེད་སྐར་ཚོགས་འདྲ་ན་ཡང་། །ཕུན་

(༡༥༥)སུམ་ཚོགས་པ་ལྔ་ཡིས་འཆད། །སྟོན་པ་བསྟན་པ་གནས་དུས་དང་། །འཁོར་ནི་ཕུན་སུམ་ཚོགས་པ་སྟེ། །རྫོགས་པ་ཆེན་པོའི་གདུལ་བྱ་ནི། །བཅུ་གཉིས་མ་ཆགས་པདྨ་ཅན། །ལོངས་སྤྱོད་རྫོགས་པའི་ལྷ་ཚོགས་དང་། །བཅུ་གཅིག་ཀུན་ཏུ་འོད་ཀྱི་ས། །སྤྲུལ་སྐུའི་རྒྱལ་བ་མ་ལུས་པ། །རྫོགས་ཆེན་གདུལ་བྱ་རབ་དང་འབྲིང་། །གཟུགས་སྐུ་རྣམ་པ་དེ་གཉིས་ཀྱི། །རྫོགས་ཆེན་previous hit དགོངས next hit་ལེན་པར་བཞེད། །ས་བཅུ་ས་དགུ་ས་བརྒྱད་སོགས། །རྫོགས་ཆེན་འཁོར་ནི་ཐ་མ་སྟེ། །ཅུང་ཟད་ཆ་རེ་རྟོགས་པར་བཞེད། །ཁམས་གསུམ་པའི་སེམས་ཅན་དང་། །ས་དང་ལམ་ལ་གནས་པ་ཡི། །གྲུབ་མཐའི་བྱེ་བྲག་སྣ་ཚོགས་ཀྱིས། །རྫོགས་ཆེན་ཐོས་པར་མ་གྱུར་ན། །དྲག་ཏུ་སྐྲག་ཅིང་འཇིགས་པར་བྱེད། །ལོག་ལྟ་སྐྱེད་ཅིང་མནར་མེད་ལྷུང་། །དེ་ཕྱིར་ཐེག་དམན་འགྲོ་བ་ལ། །བཤད་པར་མི་བྱ་གསང་མི་བྱ། །གདུལ་བྱ་སྦྱངས་པ་ཐ་དད་ན། །གང་ཞིག་ཐོས་པ་ཙམ་གྱིས་ཀྱང་། །རྟོགས་གྲོལ་དུས་མཚུངས་འབྱུང་ཡང་ཞེས། །རྫོགས་པ་ཆེན་པོའི་གནས་ལུགས་ཡིན། །སངས་རྒྱས་previous hit དགོངས next hit་ཇི་བཞིན་པ། །བཤད་པས་གོ་བ་མ་ཡིན་ཏེ། །བྱིན་གྱིས་བརླབས་ཀྱིས་གོ་བར་ཟད། །སྟོན་པ་བསྟན་པ་གནས་དུས་དང་། །འཁོར་ལ་སོགས་པ་ཐམས་ཅད་དང་། །ཡེ་ནས་རང་ལ་རྫོགས་པའི་ཕྱིར། །སོ་སོར་ཕྱེ་བ་མ་མཆིས་སོ། །རྫོགས་ཆེན་རྒྱུད་འགྲེལ་མན་ངག་སོགས། །རྒྱ་ཆེ་གྲངས་མང་གདའ་ན་ཡང་། །རྩིས་མགོ་རྣམ་པ་ལྔ་ཡིས་འཆད།

(༡༥༦)ཇི་ལྟར་འཆད་ཀྱང་ཀུན་དང་མཐུན། །ཆོས་དང་ཆོས་ཉིད་རྟག་ཏུ་ནི། །འདྲིས་ཤིང་གཉིས་མེད་རབ་རྫོགས་ཕྱིར། །ཐེག་པ་ཀུན་དང་བཤད་ལུགས་མཐུན། །ཀུན་རྫོབ་བྱ་བའི་མཚན་ཉིད་དོ། །རྫོགས་པ་ཆེན་པོའི་བཤད་རྒྱུད་ལས། །རྫོགས་པ་ཆེན་པོའི་རང་བཞིན་ནི། །སངས་རྒྱས་རྫོགས་པ་སེམས་ཅན་རྫོགས། །འཇིག་རྟེན་རྫོགས་ལ་འདས་པ་རྫོགས། །བདེ་དང་སྡུག་བསྔལ་གཉིས་མེད་རྫོགས། །ཐེག་པ་རྫོགས་ལ་ཆོས་ཉིད་རྫོགས། །ཡོད་པའི་མཐའ་རྫོགས་མེད་མཐའ་རྫོགས། །གཅིག་རྫོགས་ཀུན་རྫོགས་ཐམས་ཅད་རྫོགས། །རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ། །མ་རྫོགས་པ་དང་མ་རྟོགས་པ། །འཁོར་འདས་གང་ཡང་ཡོད་མ་ཡིན། །ཡེ་ཤེས་གསང་སྒྲོན་རྒྱུད་ལས་ཀྱང་། །ཀུན་གཞི་མཉམ་པའི་ངང་ལ་གནས། །འཁོར་བའི་ཆོས་ཀུན་མི་སྤོང་དག །འཕགས་པའི་བདེན་བཞི་བསམ་གཏན་བཞི། །ཐེག་པ་སྣ་ཚོགས་ལམ་ཡང་རྫོགས། །རང་རྒྱལ་རྟེན་འབྲེལ་བཅུ་གཉིས་ཀྱི། །ཉན་རང་ཐེག་པ་ཐམས་ཅད་རྫོགས། །བྱང་ཆུབ་སེམས་ཀྱི་སྨོན་འཇུག་གཉིས། །ས་བཅུ་ལམ་ལྔ་ཡོངས་སུ་རྫོགས། །དཀྱིལ་འཁོར་རིམ་པ་དབང་བཞི་དང་། །ཕྱག་རྒྱ་བཞི་དང་རིགས་ལྔ་རྫོགས། །ལྷ་དང་བཟླས་པ་ཕྲིན་ལས་དང་། །ཕྱག་རྒྱ་དཀྱིལ་འཁོར་ཐམས་ཅད་རྫོགས། །འཕགས་པ་མཉེས་པར་བྱེད་པ་ཡི། །ཕྱི་ནང་མཆོད་པ་དེ་ལ་རྫོགས། །སྡོམ་པ་གསུམ་གྱི་དམ་ཚིག་དང་། །བསྲུང་སྡོམ་ཐམས་ཅད་དེ་རུ་རྫོགས། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །སྐུ་ལྔ་ཡོངས་རྫོགས་དཀྱིལ་འཁོར་ལས། །མ་རྫོགས་པ་ནི་གང་ཡང་མེད། །ཆེན་པོ་ཆེན་པོར་བརྗོད་པ་ནི། །ལྟོས་པ་ལྟོས་ཆོས་དག་གིས་ནི། །ཆེན་པོའི་བྱེ་བྲག་བསམ་མི་ཁྱབ། །དེ་ལྟ་བུ་ཡི་previous hit དགོངས next hit་ལ།

(༡༥༧)ཐེག་པ་གོང་འོག་ལམ་རྣམས་སུ། །ཉམས་སུ་བླང་བའི་ཡོན་ཏན་རྣམས། །ཡར་ལྡན་དུ་ནི་རྫོགས་པ་ལས། །ཐེག་previous hit ་གཞན་དང་གཞན་དག་གི། །གཞུང་ལས་ཁྱད་པར་འཕགས་པའི་ཕྱིར། །འདི་ཉིད་ཀྱི་ནི་དགོངས next hit་སྤྱོད་ལས། །སྐྱེད་འདོན་བོགས་ནི་དབྱུང་དུ་མེད། །ཆེན་པོ་མཐའ་ཡས་ཚད་གཞལ་མེད། །ཆེན་པོ་གཏིང་དཔག་དཀའ་བའི་ཕྱིར། །རྫོགས་ཆེན་རྫོགས་པ་ཆེན་པོ་ནི། །ཀུན་རྫོགས་རང་བཞིན་རྫོགས་པ་ཡིན། །རྫོགས་ཆེན་རྣམ་པ་བདུན་དུ་དབྱེ། །གྲུབ་པ་མཐར་ཕྱིན་རྫོགས་ཆེན་དང་། །ལ་སྒྲོལ་དང་ནི་ཤན་འབྱེད་གསུམ། །ཆོས་ཅན་ཆོས་ཉིད་ལྷུན་གྲུབ་དང་། །བྱེ་བྲག་རྩ་འབྱམས་ལྷུན་གྲུབ་དང་། །རྣམ་པ་བདུན་དུ་དབྱེ་བྱ་སྟེ། །གྲུབ་པ་མཐར་ཕྱིན་རྫོགས་ཆེན་དང་། །གྲུབ་པ་ལམ་གྱི་མཐའ་མ་སྟེ། །ཕྱེད་དང་དགུ་རུ་བཞེད་པ་ཡིན། །ཐེག་བརྒྱད་ཐེག་དགུ་རྫོགས་པ་ཡང་། །རིམ་གྱིས་ཁྱད་པར་འཕགས་པའི་ཕྱིར། །རྫོགས་པ་ཆེན་པོའི་བཤད་རྒྱུད་ལས། །སྡུག་བསྔལ་སྤངས་པའི་ཉན་ཐོས་ནི། །ཡེ་ཤེས་ཡུལ་མེད་བཅུ་དྲུག་གི། །གང་ཟག་མཚན་མའི་ཆོས་འདི་ལས། །བདག་ཅེས་བྱ་བ་མེད་པར་ལྟ། །ཆོས་བདག་མེད་པའི་དོན་མ་རྟོགས། །རང་རྒྱལ་གྱི་ནི་གང་ཟག་གིས། །བདག་མེད་པ་ཡི་སྟེང་དུ་ནི། །ཆོས་ཀྱི་བདག་མེད་ཕྱོགས་གཅིག་རྟོགས། །གཟུང་བའི་ཡུལ་ལས་རང་བཞིན་མེད། །དེ་ལྟར་རྟོགས་པས་རང་རྒྱལ་ཏེ། །ཤེས་པ་འགེགས་པའི་རང་རྒྱལ་ནི། །རྟེན་འབྲེལ་བཅུ་གཉིས་སྐོར་ཞུགས་ནས། །ཆོས་ནི་རྣམ་པ་བཅོ་ལྔ་སྟེ། །གཅིག་ལས་འགག་མེད་མ་རྟོགས་ན།

(༡༥༨)གཞན་ལ་བདག་ཡོད་ཡོང་ནི་རྟོག །དེ་བས་ཉན་ཐོས་རང་རྒྱལ་གྱི། །ཡིད་བཞིན་བདེ་བ་མཆོག་གི་ས། །རྒྱུན་ཞུགས་ལྔ་ལ་སོགས་པ་རྣམས། །བྱང་ཆུབ་སེམས་ཀྱི་ཐེག་པར་ཡང་། །གོང་ནས་གོང་དུ་བོགས་འདོན་ཞིང་། །ཐེག་པ་ཆེན་པོར་དབུགས་ཀྱང་དབྱུང་། །དེ་ཡང་བྱང་སེམས་ཐེག་པ་ནི། །གང་ཟག་ཆོས་ཀྱི་བདེན་མེད་གཉིས། །མ་གྲུབ་རང་རིག་རང་གསལ་བས། །དོན་དམ་སྤྲོས་བྲལ་ཉིད་དུ་རྟོགས། །ས་བཅུ་ལམ་ལྔ་ཡོངས་རྫོགས་ཤིང་། །ཐེག་པ་ཆེན་པོར་དབུགས་ཀྱང་དབྱུང་། །དེ་ཡང་རྫོགས་ཆེན་བཤད་རྒྱུད་ལས། །རྣམ་རྟོག་སྦྱོང་བའི་སྡེ་པ་ནི། །བདེན་པ་གཉིས་ཀྱི་རྟོག་དཔྱོད་ཀྱིས། །ཆོས་ཉིད་སྤྲོས་དང་བྲལ་བ་དེ། །རང་བཞིན་མེད་པར་རྟོགས་པ་དང་། །ཆོས་དང་གང་ཟག་གཉིས་ཀ་ལ། །བདག་མེད་པར་ནི་རྟོགས་པ་ཡི། །བདེན་དང་ངེས་པའི་ས་ཐོབ་བོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས། །མཐའ་གཉིས་ངེས་པར་འབྱུང་བ་སྟེ། །གྲུབ་པ་མཐར་ཕྱིན་རྫོགས་ཆེན་ཡིན། །དེ་ཡང་བྱང་ཆུབ་སེམས་ཀྱི་ཀློང་། །གདོད་ནས་ཀུན་རྫོབ་བདེན་པ་གཉིས། །བཟང་ངན་ཐ་དད་གང་ཡང་མེད། །ཀྲྀ་ཡ་ཐེག་པའི་དབང་དུ་ནི། །དོན་དམ་རང་སེམས་དག་པ་ལས། །མཐའ་བཞི་ཡི་ནི་དྲི་མ་རྣམས། །མཐའ་རྣམས་ཀུན་དང་བྲལ་བར་རྟོགས། །ཀུན་རྫོབ་དེའི་ཡོན་ཏན་གྱིས། །རིགས་གསུམ་དཀྱིལ་འཁོར་ཉིད་དུ་ཤར། །དེ་གཉིས་ཀྱང་ནི་དབྱེར་མེད་རྟོགས། །བྱང་ཆུབ་སེམས་ཀྱི་ཐེག་པ་ལས། །ཀྲྀ་ཡ་བསྐྱེད་འདོན་བོགས་དབྱུང་བས། །ཀྲྀ་ཡའི་ཐེག་པ་ཁྱད་པར་འཕགས། །དེ་ཡང་ལྷ་འཕྲེང་མན་ངག་ལས། །ཀྲྀ་ཡ་དོན་དམ་ཆོས་ཉིད་ལྷ། །

(༡༥༩)ཀུན་རྫོབ་རང་རིག་ཡོན་ཏན་ལྷ། །རིགས་གསུམ་དཀྱིལ་འཁོར་སྣང་བ་ལས། །སྐྱེ་བོའི་འཁྲུལ་སྣང་མེད་པར་འདོད། །དེ་ལྟར་ཀྲི་མ་ཁོ་རང་གི། །བདེན་གཉིས་དབྱེར་མེད་རྟོགས་ལགས་ཀྱང་། །ལྷ་ལ་བཟང་ངན་དག་ཏུ་འདོད། །དེ་ལ་ཨུ་པ་ཡ་དག་གིས། །གོང་དུ་ཡོན་ཏན་རྫོགས་བྱེད་པས། །ཨུ་པ་ཡ་ཡི་དོན་དམ་ནི། །སེམས་ཉིད་སྐྱེ་འགག་མེད་པ་ལས། །ཀུན་རྫོབ་དེའི་ཡོན་ཏན་ནི། །རིགས་བཞི་ལྷ་ཡི་དཀྱིལ་འཁོར་ལ། །དབྱེར་མེད་རྟོགས་པའི་ཀྲྀ་ཡ་ལས། །ཨུ་པ་ཡ་ཡིས་སྐྱེད་འདོན་ཞིང་། །བོགས་རྣམས་གོང་དུ་དབྱུང་བའི་ཕྱིར། །དེ་ཡང་མན་ངག་གཡུ་ཐང་ལས། །ཨུ་པ་ཡ་ཡི་ལྟ་སྤྱོད་ནི། །སྤྱོད་པར་བྱ་བའི་རྗེས་མཐུན་ཡང་། །ལྟ་བའི་རྣལ་འབྱོར་རྗེས་འཇུག་ཕྱིར། །རིགས་དང་ལྟ་བས་ཁྱད་པར་འཕགས། །དེ་ལྟར་ཨུ་པ་ཡ་དག་གི། །ཁོ་རང་དབྱེར་མེད་ཙམ་རྟོགས་ཀྱང་། །ལྟ་སྤྱོད་ཐེག་པ་གོ་འོག་ཏུ། །སོ་སོར་འབྱེད་པ་དག་ཏུ་ཡོད། །རྣལ་འབྱོར་ཐེག་པའི་བཞེད་previous hit དགོངས་ཀྱིས། །དོན་དམ་སྐྱེ་འགག་མེད་ next hit་ཡི། །ཆོས་སྐུ་རྣམ་སྣང་རང་བཞིན་ལས། །ཀུན་རྫོབ་དེའི་བྱིན་རླབས་ཀྱིས། །རིགས་ལྔའི་དཀྱིལ་འཁོར་ཉིད་དུ་ཤར། །དེ་ཉིད་ཀྱང་ནི་དབྱེར་མེད་རྟོགས། །ཨུ་པ་ཡ་ལས་ཁྱད་པར་འཕགས། །མན་ངག་རིན་ཆེན་སྤུངས་པ་ལས། །ཡོ་གས་དོན་དམ་དག་པ་ཡིས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ། །རྟོགས་པའི་བྱིན་རླབས་ལྟར་སྣང་བས། །སོ་སོ་སྐྱེ་བོའི་འཁྲུལ་སྣང་མེད། །དེ་ལྟར་ཡོ་ག་ཁོ་རང་གི། །དབྱེར་མེད་ཙམ་ཅིག་རྟོགས་ལགས་ཀྱང་། །ལྷ་གཉིས་སོ་སོར་འདོད་པ་ཡོད། །ཡོ་ག་པའི་ཞེ་འདོད་ལས། །མཧཱ་ཡོ་ག་

(༡༦༠)ཁྱད་པར་འཕགས། །མཧཱ་ཡོ་གའི་ཐེག་པ་ཡིས། །དོན་དམ་རིག་པ་སྤྲོས་བྲལ་ལས། །སྣང་བ་ངོ་བོ་ཉིད་ཀྱི་སྐུ། །དབྱེར་མེད་ལྷུན་གྱིས་གྲུབ་པར་བཞེད། །ཀུན་རྫོབ་ཀྱིས་ནི་ཆོས་རྣམས་ཀུན། །རིག་པ་སྒྱུ་མ་ལྟ་བུ་ལ། །ཚིག་ལ་སྔ་ཕྱི་ཡོད་ན་ཡང་། །དོན་ལ་ཐ་དད་མེད་པའི་ཕྱིར། །དབྱེར་མེད་བདེ་བ་ཆེན་པོར་བཞེད། །དེ་ཡང་སྤྱོད་ཡུལ་ཀུན་དང་བྲལ། །ཆོས་ཅན་ཆོས་ཉིད་དབྱེར་མེད་པས། །ཡོ་ག་མཧཱར་དབུགས་དབྱུང་བས། །དེ་ཡང་སྒྱུ་འཕྲུལ་རྒྱལ་བ་ལས། །ཡང་དག་སྐྱེས་མཆོག་དམ་པ་ཡི། །དོན་དམ་ཀུན་རྫོབ་དབྱེར་མེད་པར། །ཡང་དག་ཉིད་དུ་རབ་ཏུ་རྟོགས། །མ་ཧཱ་བདེན་པ་དབྱེར་མེད་དུ། །རྟོག་དཔྱོད་མེད་པར་རྟོགས་ལགས་ཀྱང་། །བདེན་པ་གསུམ་གྱི་ཞེ་འདོད་ཡོད། །མ་ཧཱ་ཡོ་གའི་མཐར་ཐུག་སྟེ། །ཨ་ནུ་ཡོ་གའི་གོལ་སར་བཞེད། །ཨ་ནུ་ཡོ་གའི་previous hit དགོངས་སྤྱོད་ནི། །ཆོས་དབྱིངས་སྣང་བ་རྩལ་རྫོགས་སྐུ། །ཀུན་ཏུ་བཟང་མོའི་མཁའ་ཀློང་ལས། །ཡེ་ཤེས་འགག་ next hit་མེད་པ་ཡིད། །ཀུན་ཏུ་བཟང་པོ་གཉིས་མེད་རོལ། །དེ་གཉིས་དབྱེར་མེད་རྒྱལ་སྲས་རྣམས། །བདེ་བ་ཆེན་པོའི་དཀྱིལ་འཁོར་དུ། །སྣང་སྲིད་དཀྱིལ་འཁོར་ཆེན་པོར་ཤར། །དེ་ཡང་སྤྱོད་བྱ་སྤྱོད་བྱེད་ཡུལ། །རོ་མཉམ་བདེ་ཆེན་རྟོགས་པ་ཡི། །མ་ཧཱ་དག་གི་ཐེག་པ་ཡང་། །ཨ་ནུ་ཡོ་གར་དབུགས་འབྱིན་ནོ། །དེ་ཡང་མན་ངག་གཡུ་ཐང་ལས། །སྣང་སྲིད་བཟང་མོའི་མཁའ་ཀློང་ལས། །མ་སྐྱེས་དཀྱིལ་འཁོར་ཀུན་བཟང་ཤར། །ཤར་བ་ཉིད་ནས་ནུབ་པ་མེད། །ཡབ་ཡུམ་སྲས་བཅས་བདེ་བ་ཆེ། །ལྷུན་རྫོགས་ངང་ལས་སྐད་ཅིག་གིས། །སྙིང་པོ་དྲན་རྫོགས་སྐུར་ཤར་བས།

(༡༦༡)འདི་ལ་རིམ་འཇུག་རྩོལ་བ་མེད། །རྒྱ་མཚོར་ཉི་ཟླ་ཤར་བ་འདྲ། །དེ་ལྟར་དབྱིངས་དང་ཡེ་ཤེས་ནི། །དབྱེར་མེད་ཕྱོགས་མེད་རྟོགས་ལགས་ཀྱང་། །རྒྱུ་འབྲས་དག་ནི་ཕྱི་ནང་གི། །སྒོ་ཕུགས་གཉིས་སུ་ལྟ་བ་ཡིན། །ཐེག་པ་བརྒྱད་པོའི་ས་མཚམས་རྣམས། །གྲུབ་པ་མཐར་འཛིན་སོ་སོར་རྫོགས། །ལ་སྒྲོལ་ཤན་ནི་དབྱེ་བའི་ཕྱིར། །གྲུབ་པ་མཐར་འཛིན་རྫོགས་ཆེན་ཡིན། །ཐེག་བརྒྱད་རྫོགས་པ་ཆེན་པོ་རུ། །དབུགས་དབྱུང་རྩལ་ཆེན་རྫོགས་པར་བགྱི། །རྫོགས་པ་ཆེན་པོའི་བཤད་རྒྱུད་ལས། །བསྟན་པ་ལྟ་བ་རྫོགས་ཆེན་ནི། །འཁོར་དང་མྱ་ངན་འདས་པའི་ཆོས། །བྱེ་བྲག་ལྷུན་གྲུབ་བདག་གིས་ནི། །མ་ཁྱབ་པ་ནི་གང་ཡང་མེད། །ཕྱི་ནང་གྲུབ་མཐའ་ཐམས་ཅད་ལ། །ལྟོས་པ་དང་ནི་ལྟོས་ཆོས་ཀྱི། །ལྷུན་གྲུབ་རྣམ་གྲངས་གྲངས་མཐའ་ཡས། །དཔེར་ན་རང་ས་མ་ཟིན་པ། །ཤིང་ཁང་གི་བྱིའུ་འདྲ། །ལ་ལས་སྣང་སེམས་ལྷུན་གྲུབ་བཞེད། །འགའ་ཞིག་འཁོར་དང་ཆོས་རྣམས་ཀུན། །རང་བཞིན་ལྷུན་གྱིས་གྲུབ་པར་འདོད། །གནས་ལུགས་གཤིས་དང་མཐུན་ལགས་ཀྱང་། །རང་བྱུང་རྟོགས་པའི་ལྷུན་གྲུབ་མིན། །བྱེ་བྲག་སྣ་ཚོགས་དུ་མ་ཡིས། །ཕྱི་ནང་རྟོག་དཔྱོད་སྣ་ཚོགས་བཏང་། །ཐམས་ཅད་ལྷུན་གྲུབ་ཡིན་སྙམ་བྱེད། །བྱེ་བྲག་ལྷུན་གྲུབ་གྲུབ་པའི་མཐའ། །ཕྱོགས་མེད་གོ་བར་སྣང་ན་ཡང་། །ཞེ་འདོད་འཛིན་པའི་མཐའ་རུ་འཇུག །དེ་ཡང་རྫོགས་ཆེན་གོལ་སར་བཞེད། །ཆོས་ཅན་དག་གི་ལྷུན་གྲུབ་ནི། །མཐུན་སྣང་གིས་ནི་སྣང་བ་ལ། །ལྷུན་གྱིས་གྲུབ་པར་འདོད་པ་སྟེ། །མངོན་སུམ་གྱིས་ནི་བསལ་བཞག་དང་། །དེ་ལྟར་ཆོས་ཅན་རང་རྟོགས་ནས། །སྣང་

(༡༦༢)སྲིད་ཐམས་ཅད་གྲུབ་མ་མྱོང་། །སྣང་བ་ཕྱི་རྟོགས་གྲུབ་པས་ཆོག །ཆོས་ཅན་ཆོས་ཉིད་ཐམས་ཅད་ཀྱང་། །ངོ་བོ་ཉིད་ཀྱིས་ལྷུན་གྲུབ་འདོད། །སྣང་ནི་ཐ་དད་དུ་མར་སྣང་། །ལུས་ངག་ཡིད་ཀྱི་སྒོ་རྣམས་སུ། །དགེ་སྡིག་རོལ་པ་འགག་མེད་སྤྱོད། །འཁོར་འདས་ཆོས་ལ་སྐུར་འདེབས་ཤིང་། །དགེ་སྡིག་གདོད་ནས་མེད་དོ་སྐད། །མུ་སྟེགས་ཆད་ལྟའི་མཐའ་རུ་ལྷུང་། །འདི་ཡང་རྫོགས་ཆེན་གོལ་ས་ཡིན། །ལ་ལས་ལྷུན་གྲུབ་ཁ་འབྱམས་བཞེད། །ཐམས་ཅད་གདོད་ནས་ལྷུན་གྲུབ་ཅེས། །ཐམས་ཅད་ལྷུན་གྲུབ་ཡིན་སྙམ་བྱེད། །ངེས་པའི་གདེང་དང་མི་ལྡན་ཞིང་། །རྟོགས་པ་མངོན་དུ་མ་གྱུར་ཞིང་། །རི་དར་མིག་སྒྱུ་འཁྲུལ་པ་འདྲ། །སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །གདོད་ནས་དག་པ་ནམ་མཁའ་འདྲ། །དགེ་བ་སྤྱོད་ཅིང་སྡིག་པ་སྤང་། །ལུས་ངག་རྩོལ་བས་ཅི་ཞིག་བྱ། །དཀར་ནག་ཆོས་ལ་བཏང་སྙོམས་ཤིང་། །ཁ་འབྱམས་དགེ་མེད་སྡིག་མེད་སྤྱོད། །གཟུང་འཛིན་ཆགས་སྡང་མེ་ལྟར་འབར། །བཀའ་བསྒོ་ལོག་པའི་ལྷུན་གྲུབ་སྟེ། །ཁ་འབྱམས་ལྷུན་གྲུབ་གོལ་སར་བཞེད། །ཆོས་རྣམས་ཆོས་ཉིད་ལྷུན་གྲུབ་སྟེ། །ཐེག་པ་ཀུན་ལས་ཁྱད་པར་འཕགས། །ཐམས་ཅད་པའི་རང་བཞིན་གྱིས། །དེས་ན་བསྟན་པ་ངོ་མཚར་ཆེ། །དེ་ཡང་མན་ངག་གཡུ་ཐང་ལས། །མི་གནས་མི་སྤོང་ཐེག་པའི་མཆོག །ལྷུན་པོ་བཞིན་འཕགས་རྩེ་རྒྱལ་ནི། །ཆེ་བའི་ཆེ་བ་བསམ་མི་ཁྱབ། །ཐེག་བརྒྱད་དང་ནི་ཕྱེད་དང་དགུ། །རྫོགས་ཕྱིར་གྲུབ་མཐར་འཛིན་པ་ཡི། །འཁོར་འདས་ཀུན་གྱི་གཞི་ལམ་རྟོགས། །ཕྱི་ནང་གྲུབ་མཐའ་ཐམས་ཅད་ཀྱི། །སྒྲ་དོན་སོ་སོར་

(༡༦༣)མཁས་པ་དང་། །ཀུན་གྱི་གནས་ལུགས་རྟོགས་ལགས་ན། །རྫོགས་པ་དང་པོར་བཤད་པ་ཡིན། །ལ་དགུ་སྒྲོལ་ཞིང་ལམ་དགུ་བསྒྲོད། །ལུང་དགུ་དག་ནི་ཤན་ཡང་འབྱེད། །ཤན་འབྱེད་པ་ཡི་མཚན་ཉིད་དོ། །སྤྲུལ་པ་སྐུའི་ཞིང་ཁམས་དང་། །ཆོས་སྐུས་ཁྱབ་ཚད་ཞིང་ཁམས་ཏེ། །རྒྱུ་འབྲས་སྟོན་པ་སྐུ་གསུམ་གྱི། །སྟོན་པ་བསྟན་པ་གདུལ་བྱ་གསུམ། །ཀུན་ཁྱབ་མ་ལུས་རྫོགས་པའི་ཕྱིར། །ས་དང་ལམ་ལ་གནས་པ་ནི། །རྒྱུ་ལམ་འབྲས་བུ་ཤན་འབྱེད་དང་། །ལྟ་བ་སྤྱོད་པ་སྒོམ་པ་དང་། །འབྲས་བུའི་ཐོབ་ཚུལ་དུ་མ་ཡིས། །ཤན་རྣམས་སོ་སོར་འབྱེད་པའི་ཁྱིར། །རྫོགས་ཆེན་རྒྱུད་སྡེ་གྲངས་མང་ཡང་། །ལ་ལར་ཐེག་པའི་ཤན་འབྱེད་དེ། །ལ་ལས་རྫོགས་ཆེན་གནས་ལུགས་སྟོན། །ལ་ལས་རྟོགས་པའི་ལྟ་བ་སྟོན། །ལ་ལས་སྒོམ་པའི་མན་ངག་སྟོན། །ལ་ལས་སྤྱོད་པའི་བྱེ་བྲག་སྟོན། །རྫོགས་ཆེན་གྲུབ་པ་མཐར་འཛིན་ལ། །བླང་བྱ་དང་ནི་སྤང་བྱའི་ཚོགས། །གནང་བཀག་ཤ་མོང་སུལ་དང་མཚུངས། །ཐེག་པ་ཀུན་དང་སྤྱོད་ཡུལ་མཐུན། །ལ་སྒྲོལ་ཤན་འབྱེད་མན་ཆོད་ཀྱི། །ཐེག་པ་དག་ནི་ཕྱེད་དང་དགུ། །ཇི་ལྟར་རྒྱ་ཆེ་གཏིང་ཟབ་ཀྱང་། །ད་རུང་ངར་འཛིན་ལྟ་བ་ཡིན། །རང་བཞིན་རྫོགས་དང་མཚན་ཉིད་རྫོགས། །གནས་ལུགས་ཆེན་པོའི་ཕྱི་མོ་ལ། །རང་ས་དག་ནི་ཟིན་པའི་ཕྱིར། །རྡོ་རྗེ་རྒྱལ་པོ་རང་ཉིད་ཀྱི། །ས་ཆེན་རང་སར་གནས་པ་ནི། །བཅུ་བཞི་བླ་མ་འོད་ཀྱི་ས། །ངོ་བོ་རང་བཞིན་མཚན་ཉིད་གསུམ། །རང་སར་རྫོགས་པའི་རྫོགས་ཆེན་ཡིན། །རྫོགས་ཆེན་བྱ་བའི་

(༡༦༤)སྤྱི་སྐད་དུ། །ཐམས་ཅད་ལྷུན་གྲུབ་ལྷུན་གྲུབ་ཟེར། །ཆོས་ཉིད་སྟོང་པ་ཉིད་དུ་ཡང་། །ཆོས་རྣམས་ལྷུན་གྱིས་གྲུབ་པར་འདོད། །སྣང་སེམས་ཐ་དད་དུ་མར་ཡང་། །ཐམས་ཅད་ངོ་བོ་གཅིག་གོ་སྐད། །དེ་ཡང་ལྟོས་པའི་སྐུར་འདེབས་སུ། །དོན་དམ་ཀུན་རྫོབ་ཅི་ཡང་མེད། །སྣང་སྟོང་དབྱེར་མེད་མི་བཏུབ་ཅེས། །སྤྱི་དབྱིབས་སུ་ནི་ལྷུན་གྲུབ་ཙམ། །འཁོར་འདས་ཆོས་རྣམས་ལྷུན་གྲུབ་འདོད། །ཡུལ་དང་ཡུལ་ཅན་གཉིས་རྟོགས་ཤིང་། །སྣང་བ་སེམས་ཙམ་པ་དང་མཐུན། །དེའི་ངང་དུ་འཁོར་འདས་ཆོས། །གང་ཡང་དགག་སྒྲུབ་མེད་དོ་སྐད། །འདོད་པ་སྤྱོད་ཕྱིར་ལྷུན་གྲུབ་མིན། །གྲུབ་མཐའི་སྣང་བ་ཅུང་ཟད་ཙམ། །ལྷུན་གྲུབ་རྣམ་པ་བཞི་པོ་ཡང་། །ཇི་ལྟར་སྣང་ཡང་གྲུབ་མཐའ་མེད། །གྲུབ་མཐའ་ཀུན་ལས་གྲོལ་བའི་ཕྱིར། །ཀུན་བཟང་དབྱེ་བ་མེད་པ་ཡིན། །ཐུན་མོང་མ་ཡིན་ལྷུན་གྲུབ་ནི། །ཀུན་བྱེད་རྒྱལ་པོའི་རྒྱུད་ལས་ཀྱང་། །འདོད་པ་མེད་པའི་previous hit དགོངས next hit་ནི། །རང་བཞིན་ལྷུན་གྱིས་གྲུབ་པའོ། །ཐུན་མོང་མ་ཡིན་དགོངས་པར་བཞེད། །ཐམས་ཅད་ལྷུན་གྲུབ་ཡིན་ལགས་ན། །སྐྱེད་རྫོགས་གསུམ་པོ་ལྷ་ཕུད་མཐུན། །སའི་ཐོབ་པའི་དབང་དུ་ནི། །གྲུབ་པ་མཐའ་རུ་འཛིན་པའི་ས། །འདི་དོན་འགྲུབ་ལུགས་བསྟན་པ་ནི། །གཞི་ལ་མ་རིག་ཡེ་ཤེས་དང་། །འཁོར་འདས་ལྷ་དང་རྟོགས་པ་སོགས། །དབྱེར་མེད་ཚུལ་དུ་གྲུབ་པར་འདོད། །དབྱེར་མེད་འཆིང་གྲོལ་མེད་པ་ལས། །ལྷུན་གྲུབ་ཡིད་བཞིན་ནོར་བུ་འདྲ། །འཆི་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་གྲུབ་སངས་རྒྱས་ཆོས། །གདོད་ནས་དེ་ལྟར་ཡོད་ལགས་ཀྱང་། །མ་རྟོགས་བར་དུ་སངས་མི་རྒྱ། །མཧཱ་

(༡༦༥)ཡོ་ག་མན་ཆོད་ཀྱི། །དབྱེར་མེད་དག་ཏུ་བཞེད་པ་ཡིན། །དམ་པ་འགའ་ཡི་བཞེད་previous hit དགོངས་ཀྱིས། །རྫོགས་ next hit་ཆེན་པོ་གྲངས་མང་ཡང་། །ཀ་དག་དག་ཏུ་བཞེད་པ་ཡོད། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །གདོད་ནས་རང་བཞིན་ཀ་དག་པས། །ཆོས་ཅན་དང་ནི་ཆོས་ཉིད་ལས། །འདུས་བྱས་དང་ནི་འདུས་མ་བྱས། །དགེ་དང་མི་དགེ་ལ་སོགས་པ། །ངོ་བོ་མཚན་ཉིད་རྣམ་པར་སྤངས། །འཕོ་འགྱུར་མེད་པར་ཀ་དག་གོ། །ཀ་དག་ལྷུན་གྲུབ་གཉིས་ཀ་ཡང་། །གྲུབ་པ་མཐར་འཛིན་རྫོགས་ཆེན་ཏེ། །ཡེ་སངས་རྒྱས་པའི་གནས་ལུགས་ནི། །ཨ་ནུ་ཡི་ནི་ཨ་ཏི་ཙམ། །མཐའ་རྣམས་དེ་ལྟར་མཁྱེན་པར་མཛོད། །ཀུན་བྱེད་རྒྱལ་པོའི་རྒྱུད་ལས་ཀྱང་། །ཐེག་པ་རེ་ལ་ལྟ་བ་རེ། །ཐེག་པ་རེ་ལ་གྲུབ་མཐའ་རེ། །ཐེག་པ་རེ་ལ་འབྲས་བུ་རེ། །ཐེག་པ་རེ་ལ་སྲུང་སྡོམ་རེ། །ཐེག་པ་རེ་ལ་སྤྱོད་པ་རེ། །ཐེག་པ་རེ་ལ་སྒོམ་པ་རེ། །ཐེག་པ་རེ་ལ་ས་ལམ་རེ། །ཐེག་པ་རེ་ལ་གནས་པ་རེ། །ཐེག་པའི་བྱེ་བྲག་སྣ་ཚོགས་previous hit ། །བཞེད་དགོངས next hit་དུ་མར་ཡོད་ན་ཡང་། །རང་བཞིན་ལྷུན་རྫོགས་ཆོས་ཀྱི་དབྱིངས། །གནས་ལུགས་ཡེ་སངས་རྒྱས་པ་ལ། །མ་བྱུང་བ་དང་མ་རྫོགས་པ། །ཅུང་ཟད་ཙམ་ཡང་ཡོད་མ་ཡིན། །ཀུན་གྱི་རྒྱལ་པོ་ང་ཉིད་ནི། །ཀུན་གྱི་བྱང་ཆུབ་སྙིང་པོར་གནས། །བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྟེ། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །ཁམས་གསུམ་སེམས་ཅན་མ་ལུས་ཀུན། །ཀློང་ཆེན་སེམས་ཅན་གནས་དེ་ན། །མི་གནས་པ་ནི་

(༡༦༦)གཅིག་ཀྱང་མེད། །ཀུན་གྱི་གནས་ས་ང་ཡིན་ཏེ། །འདུ་འབྲལ་མེད་པར་དེ་ན་བཞུགས། །དེ་ལ་སྦྱང་ཞིང་བསྒྲོད་མི་དགོས། །དེ་ལས་སྦྱང་ཞིང་བསྒྲོད་གྱུར་ན། །རང་གི་སེམས་ནི་བཅོས་མ་སྟེ། །བཅོས་པས་རང་སེམས་འབྱོངས་མི་འགྱུར། །འདི་ནི་སྤྱི་ས་ཀུན་གྱི་གནས། །དེ་ལྟར་གནས་ལུགས་ཡིན་མོད་ཀྱང་། །ཐམས་ཅད་ཀུན་གྱི་གནས་ལུགས་རྟོགས། །འགྲོ་བ་དྲུག་གི་ལྟ་བ་དང་། །མུ་སྟེགས་པ་ཡི་ལྟ་ལོག་གཉིས། །ཐེག་པ་དགུའི་ལྟ་བ་དགུ། །ལྟ་བ་རྣམ་པ་བཅུ་བདུན་ཏེ། །ཐེག་དགུ་རྟོགས་པའི་བཤེས་གཉེན་རྣམས། །དེ་དོན་རྟོགས་ན་རྫོགས་ཆེན་ཏེ། །མཐར་ཐུག་ཏུ་ཡང་བཞེད་པ་ཡིན། །ཤིན་ཏུ་རྡོ་རྗེར་རྡོ་རྗེ་ཡི། །ལྷུན་གྲུབ་རྣམ་པ་བཞི་དག་ལས། །གྲུབ་པ་མཐར་འཛིན་ཕྱེད་དང་དགུ། །ངར་འཛིན་དག་གི་ལྟ་བ་ནི། །ལྟ་བ་ཉི་ཤུ་རྩ་གཅིག་སྟེ། །རོལ་པ་འགག་མེད་དབྱིངས་སུ་རྫོགས། །མཐའ་ཡས་ཀློང་ཆེན་ནམ་མཁའི་མཛོད། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །བྱང་ཆུབ་སེམས་ལས་གཡོས་པ་མེད། །ནམ་མཁའ་ལྟ་བུའི་ཆོས་ཉིད་ལས། །ནམ་མཁའ་ལས་ནི་གཡོ་བ་མེད། །བྱང་ཆུབ་སེམས་ལས་མ་གཡོས་ཀྱང་། །འབྲས་བུ་ས་རྣམས་སེམས་ལས་རྫོགས། །ཀུན་ཏུ་འོད་དང་མ་ཆགས་ཅན། །རྡོ་རྗེ་འཛིན་དང་སྟུག་པོ་བཀོད། །འཁོར་ལོ་ཚོགས་ཆེན་བླ་མ་འོད། །འབྲས་བུ་མཐར་ཕྱིན་པ་ལྔ་ཡང་། །བཏགས་པ་མིང་གི་ཐ་སྙད་དེ། །སེམས་ཀྱི་རང་བཞིན་རྒྱུ་རྐྱེན་མེད། །གྲུབ་པའི་འབྲས་བུ་ངས་མ་བསྟན། །ངོ་བོ་གཅིག་ལས་སྣང་ཚུལ་དྲུག །བྱང་ཆུབ་སེམས་ལས་རྒྱུ་འབྲས་མེད། །སེམས་ལས་བྱུང་བའི་ཆོས་རྣམས་ཀུན། །ཚོགས་དྲུག་

(༡༦༧)སྣང་བ་རང་སར་གྲོལ། །རྒྱུ་རྐྱེན་དྲུག་ལས་འདས་པའི་ཕྱིར། །ཇི་སྲིད་ཆོས་རྣམས་ཐམས་ཅད་ཀུན། །རྩ་བ་རང་གི་བྱང་ཆུབ་སེམས། །ཡན་ལག་རྣམ་གྲངས་དུ་མར་ཤར། །སེམས་ཉིད་ཡེ་ནས་མ་སྐྱེས་པས། །འཁོར་འདས་སྐྱེ་མེད་དུས་གཅིག་རྫོགས། །ཉོན་མོངས་བདེ་སྡུག་ལ་སོགས་ཀུན། །སྤང་དུ་མེད་དེ་བདག་མེད་དབྱིངས། །བྱང་ཆུབ་སེམས་ལས་གཞན་མེད་པས། །ཐམས་ཅད་རང་གི་རྒྱན་དུ་རྫོགས། །དགེ་བའི་བསམ་གཏན་དུས་ཚིགས་དང་། །སྤྱོད་ཡུལ་ལྔ་ལས་སྣང་བའི་ཆོས། །དངོས་པོ་ཀུན་གྱི་རང་བཞིན་ཀྱང་། །རྫོགས་པ་ཡེ་ཤེས་དེ་ཡི་རྒྱན། །ཐམས་ཅད་རྒྱན་དུ་རྫོགས་པའི་ཕྱིར། །རྫོགས་ཆེན་བྱར་མེད་ལྷུན་གྱིས་གྲུབ། །ལ་ལ་ཡིན་དང་ལ་ལ་མིན། །ཀུན་ཀྱང་འདྲ་བར་ཡོངས་རྫོགས་པས། །གོང་འོག་གཉིས་ཀྱི་བྱེ་བྲག་མེད། །སྐྱེ་བ་མེད་པ་ཆོས་ཉིད་ལས། །རྒྱུ་རྐྱེན་མེད་ཅིང་ཅིར་ཡང་འཆར། །སྣ་ཚོགས་ནོར་བུ་ཅིར་བཞིན་ནོ། །ཀུན་ལས་ཅི་བཞིན་དེ་བཞིན་པས། །ཀུན་ཀྱང་སངས་རྒྱས་ཡིན་པར་འདྲ། །འགྲོ་འོང་མེད་པས་མཁའ་དང་མཚུངས། །འཇུག་ལྡོག་མེད་པས་དབྱིངས་སུ་གྲོལ། །རྒྱུ་རྐྱེན་མེད་པས་ཉོན་མོངས་དག །འཆིང་གྲོལ་མེད་པས་དགག་སྒྲུབ་མེད། །ཐོག་མཐའ་མེད་པས་རྒྱུན་མི་འཆད། །དེ་ལ་དུས་གསུམ་གང་སེམས་པ། །གཉིས་པའི་དོན་ལས་ལོག་པ་ཡིན། །དུས་གསུམ་མེད་པའི་ཆོས་ཉིད་ལ། །གཞི་རྩ་མེད་ཅེས་བརྟགས་པ་ཡིན། །གཏན་མེད་ཕྱོགས་མེད་བཞིའི་ཆོས། །འཁྲུལ་སྣང་ཁོ་ནས་རབ་བརྟགས་ཀྱང་། །དབྱིངས་ལ་ཐེར་ཟུག་གང་ཡང་མེད། །རྟགས་པ་མེད་ཅིང་ངེས་པ་མེད།

(༡༦༨)ཡིན་མིན་མེད་པར་ཀུན་ཤར་བས། །བཟང་ངན་མེད་པར་ཀུན་གྲོལ་ཡིན། །མཐོ་དམན་མེད་པར་ཀུན་གསལ་ཡིན། །བྱེ་བྲག་མེད་པར་གྲོལ་བ་ཡིན། །ཡང་དག་དོན་ལ་མི་གསོལ་ཀྱང་། །རྒྱུ་རྐྱེན་གང་ཡང་མེད་པ་ཡིན། །ཆགས་སྡང་གནས་མེད་བྱང་ཆུབ་ལམ། །སྐྱེ་མེད་འགག་མེད་ལྟ་བའི་རྒྱལ། །ཡེ་ཤེས་བདུད་རྩིས་འཁོར་བ་འཇོམས། །ཐོག་བབས་ཆར་ཕབ་ཤུགས་འབྱུང་དང་། །ཀློང་ཆེན་རང་ཤར་རང་ལུགས་ཀྱི། །འགྲོ་དྲུག་གྲོང་ཁྱེར་གཏན་ནས་འཇོམས། །སྐྱེ་འཆི་མེད་པར་མངོན་དུ་གྱུར། །ཁམས་གསུམ་མ་ལུས་ཡོངས་སུ་སྒྲོལ། །དེ་ཡང་གཉིས་ཀྱིས་འདུལ་བའི་ཆོས། །ཇི་ལྟར་སྣང་བས་ཕན་གནོད་མེད། །ཇི་སྲིད་མིང་དུ་བརྟགས་ཙམ་ན། །ཆོས་ཉིད་ཡེ་སྲིད་སྐྱེ་མི་སྲིད། །རིག་པ་མི་འགག་ཇི་སྲིད་ཀྱང་། །སངས་རྒྱས་ཞིང་དེ་ཀུན་ཁྱབ་རྫོགས། །ཡེ་ནས་ཡིན་པས་ཀུན་མ་སྐྱེས། །མ་སྐྱེས་པའི་ཆོས་ཉིད་ལས། །མ་རྟོགས་པ་ཡི་སེམས་ཅན་གྱིས། །འདུས་མ་བྱས་ལས་རྒྱབ་ཀྱིས་ཕྱོགས། །ཡང་དག་དོན་ལ་སྒྲོ་སྐུར་བརྟགས། །རང་གིས་རང་བསླུས་སྙིང་རེ་རྗེ། །འདི་ཉིད་སངས་རྒྱས་ཞིང་ཁམས་ཏེ། །སངས་རྒྱས་ཞིང་ཁམས་གཞན་ནས་འཚོལ། །དྲང་དོན་ངེས་དོན་གཉིས་སུ་འདུས། །སྤོང་ལེན་གཉེན་པོའི་སྣང་བ་འདྲ། །མ་རྟོགས་འཁྲུལ་པའི་བཤེས་གཉེན་རྣམས། །འདི་དང་འདི་དོན་རྟོགས་པར་མཛོད། །བདེན་པ་ཅན་ནི་ལོགས་ན་མེད། །ཐམས་ཅད་ངོ་བོ་ཉིད་ཀྱི་གཞི། །ཅི་སྟེ་སྡུག་བསྔལ་མ་སྤངས་ན། །ཅི་ཡང་མི་མཉམ་གྲུབ་པ་མེད། །བདེ་བ་མི་འདོད་འདོད་མ་ཆགས། །ཆགས་སྡང་གཏན་ནས་སྤྲུགས་པས་ན། །གཉེན་པོ་མེད་དེ་

(༡༦༩)དབྱིངས་སུ་དག །དབྱིངས་སུ་མ་དག་གང་ཡང་མེད། །ཀློང་དུ་མ་གྲོལ་ཅི་ཡང་མེད། །རྟོག་པའི་དབྱིངས་ཀྱང་གཉིས་སུ་གྲོལ། །འཁོར་བའི་ཆོས་ཀྱང་དབྱིངས་སུ་སྟོར། །མྱ་ངན་འདས་དང་མ་འདས་མེད། །འཁོར་འདས་གཉིས་མ་དབྱེ་བ་མེད། །མྱ་ངན་འདས་དང་འཁོར་བའི་ཆོས། །དབྱེ་བ་མེད་པར་རྫོགས་པས་ན། །ཀུན་བཟངས་previous hit དགོངས next hit་རང་གི་གཟུགས། །ཐོག་མར་གང་ནས་གང་འོངས་པ། །འགྲོ་འོང་གནས་གསུམ་དབྱེ་བ་མེད། །རང་བཞིན་ཡེ་ཤེས་ཐིག་ལེ་ཆེ། །ཕྱོགས་བཅུ་མཐའ་ཡས་མུ་མེད་དུ། །རྒྱ་ཆད་ཕྱོགས་ལྷུང་མ་མཆིས་ཤིང་། །དེ་ལྟར་རྟོགས་པ་མཐའ་ཡས་ལ། །གང་གིས་གང་ལ་ཕན་བཏགས་ཤིང་། །གང་གིས་གང་ལ་ཅི་གནོད་པ། །ཕན་གནོད་གྲ་གཟུགས་ལ་སོགས་པ། །དབྱེ་བ་མེད་ཕྱིར་ཀུན་ཏུ་བཟང་། །ཕྱི་ནང་ཐེག་པ་ཐམས་ཅད་དང་། །རྫོགས་ཆེན་གྲུབ་པ་མཐར་ཕྱིན་གྱི། །ལ་སྒྲོལ་དང་ནི་ཤན་འབྱེད་དང་། །ཀ་དག་ལྷུན་གྲུབ་ལ་སོགས་པ། །ཐ་སྙད་སྡམ་བྱེད་ཅུང་ཟད་ཙམ། །དབྱེ་བ་མེད་པའི་previous hit དགོངས next hit་ལ། །ཅུང་ཟད་ཙམ་ཡང་མ་མཆིས་སོ། །ངོ་བོ་གཅིག་པར་ཐམས་ཅད་རྫོགས། །གནས་ཀྱང་ཆོས་དབྱིངས་ཡེ་ཤེས་སུ། །རང་བཞིན་གནས་ཏེ་འཕོ་འགྱུར་མེད། །སྣང་སྲིད་འཁོར་འདས་ཅིར་ཤར་ཡང་། །སྐྱེ་འགག་མེད་པའི་དབྱིངས་ཉིད་ལས། །ཤར་ནུབ་མེད་པར་ཀུན་གསལ་རྫོགས། །མ་རིག་མ་རྟོགས་འཆིང་བའི་ཆོས། །མ་རིག་རང་བྱུང་ཡེ་ཤེས་དབྱིངས། །འདི་གཉིས་དབྱེ་བ་མེད་པའི་ཕྱིར། །དབྱིངས་ལས་འགྱུར་བ་མེད་པ་དང་། །རང་བཞིན་འཕོ་བ་མེད་པའི་ཕྱིར། །རྟོགས་དང་གྲོལ་བ་དུས་མཚུངས་

(༡༧༠)ཤིང་། །གཅིག་ཅར་རྟོགས་པའི་རྫོགས་ཆེན་ལ། །འཁོར་འདས་ལམ་གྱིས་བསྡུས་པའི་ཆོས། །ས་ལམ་བསྒྲོད་དུ་མེད་པའི་ཕྱིར། །གཞི་ལམ་འབྲས་བུའི་ཐ་སྙད་མེད། །ཀུན་བཟང་རྒྱལ་པོས་དེ་སྐད་གསུངས། །རྡོ་རྗེ་འཛིན་པས་ཡང་གསོལ་པ། །ཐམས་ཅད་དབྱེ་བ་མེད་པའི་ཕྱིར། །རྫོགས་ཆེན་previous hit དགོངས next hit་མཐའ་ཡས་ན། །འདི་ལྟར་སྣང་བ་སྣ་ཚོགས་ཀྱི། །ཐ་དད་དུ་མར་སྣང་བ་དེ། །རྒྱུ་རྐྱེན་ཅི་ལས་བྱུང་བ་ཡིན། །རྒྱུ་མེད་རྐྱེན་མེད་གྱུར་previous hit ་ན། །སྣ་ཚོགས་སྣང་བ་ག་ལ་སྲིད། །ཀུན་བཟང་རྒྱལ་པོས་དབྱིངས་ནས་དགོངས next hit། །རྡོ་རྗེ་དང་ནི་སེམས་དཔའ་ཡིས། །འཕྲུལ་གྱི་མེ་ལོང་ཐུགས་ལས་གཟིགས། །མ་རྟོགས་མ་རིག་སེམས་ཅན་གྱི། །མ་རྟོགས་འཁོར་འདས་དུ་མར་མཐོང་། །སྣ་ཚོགས་འཁྲུལ་སྣང་བསམ་མི་ཁྱབ། །དེ་དང་དེ་ལྟར་འཆིང་བ་ལས། །མ་རྟོགས་འཁོར་བའི་གྲོང་ཁྱེར་ཏེ། །རང་བྱུང་ཡེ་ཤེས་རྫོགས་ཆེན་དུ། །འདོད་པས་གང་ཟག་འགའ་ཞིག་འཁྲུལ། །མ་འཁྲུལ་རྟོགས་པའི་རྫོགས་ཆེན་ནི། །སྟོན་པ་བསྟན་པ་གདུལ་བྱ་གསུམ། །ཐམས་ཅད་དབྱེ་བ་མེད་པ་རུ། །རྟོགས་པ་རབ་འབྱམ་ཀུན་རྫོགས་པས། །སངས་རྒྱས་སེམས་ཅན་ལ་སོགས་པ། །དབྱེར་མེད་གཅིག་ཏུ་གྲོལ་བས་ན། །འགྲོ་བའི་ལམ་ཆེན་ནམ་མཁའི་དབྱིངས། །ཆོས་ཉིད་དབྱིངས་ལས་ཀུན་སྤྱོད་པས། །འགག་པ་མེད་པར་ཡེ་ཤེས་ཤར། །རང་བྱུང་རང་གནས་སྐྱེ་འགག་མེད། །གཅིག་ཆོད་ཡིན་པས་འཇུག་ལྡོག་མེད། །རང་བྱུང་ཡིན་ཏེ་ཡེ་ཤེས་ཀློང་། །ཅི་ལས་མི་བསྟན་ནམ་མཁའི་དབྱིངས། །སྐྱེ་འཆི་མེད་པར་རང་ཡན་གནས། །མཚན་མས་མ་བཤིག་གོ་སྐབས་མེད། །ཇི་ལྟར་

(༡༧༡)སྣང་བའི་ཆོས་རྣམས་ཀུན། །ཅི་ཡང་མ་ཡིན་ངོ་བོ་གཅིག །དངོས་དང་མཚན་མའི་འཛིན་པ་མེད། །མཐའ་བྲལ་དབུ་མར་མི་གནས་པས། །རྟག་ཆད་གཉིས་ཀྱི་སྒྲོ་སྐུར་མེད། །ཁམས་གསུམ་གནས་པའི་སེམས་ཅན་དང་། །དུས་གསུམ་བཞུགས་པའི་སངས་རྒྱས་གཉིས། །དབྱེ་བ་མེད་པའི་previous hit དགོངས next hit་དང་། །འདུ་འབྲལ་མེད་པར་དབེན་པར་བཞུགས། །དེ་ལས་འཕེལ་འགྲིབ་མེད་པས་ན། །གང་ཞིག་འདི་དོན་རྟོགས་པ་ཡི། །ཁམས་གསུམ་པའི་སེམས་ཅན་ཀུན། །སྐད་ཅིག་མའི་ཚོགས་ཙམ་ལ། །དུས་གཅིག་དག་ཏུ་སངས་རྒྱས་ཀྱང་། །དེ་ལ་མང་དུ་གྱུར་ས་མེད། །སེམས་ཅན་ཉུང་དུ་མི་འགྲོ་སྟེ། །རྒྱུ་རྐྱེན་འབྲས་བུར་བརྟགས་པས་ན། །དབྲི་བསྣན་མེད་པར་ཡེ་ནས་གནས། །རྒྱུ་རྐྱེན་འབྲས་བུར་བརྟགས་པ་ཡང་། །གློ་བུར་ཆོས་ཏེ་གཞི་མེད་པས། །ཀུན་གཞི་མེད་ཅིང་སྒྲིབ་པ་མེད། །དབྱིངས་ལས་བག་ཆགས་མེད་པས་ན། །གཞག་པར་བྱ་བའི་གཞི་མེད་ཕྱིར། །བདེ་གཤེགས་རྒྱལ་བ་མཆོད་པ་དང་། །ཁམས་གསུམ་སེམས་ཅན་དོན་བྱས་དང་། །དགེ་སྡིག་ལུང་བསྟན་ལུང་མ་སྟན། །དཀར་ནག་ཆོས་ལ་སོགས་པ་རྣམས། །ནམ་མཁའ་བྱ་ལམ་རྗེས་མེད་བཞིན། །ཐམས་ཅད་ཆོས་དབྱིངས་རང་གྲོལ་བས། །དེ་ལ་དབྱིངས་ཀྱི་རང་བཞིན་ཆོས། །ཆོས་དབྱིངས་ཟད་མཐའ་མེད་པ་ལས། །དེ་ལྟ་བུ་ཡི་དོན་རྟོགས་ན། །དཀར་ནག་རྒྱུ་འབྲས་ཐ་དད་མེད། །ཐམས་ཅད་དབྱེ་བ་མེད་པའི་ཕྱིར། །འབྱུང་བ་ལྔ་པོ་དབྱིངས་ལས་ཤར། །ཕྱི་ནང་སྣོད་བཅུད་ཐམས་ཅད་དང་། །འབྱུང་བ་ལྔ་དང་དུག་ལྔ་དང་། །དབྱིངས་

(༡༧༢)ཀྱི་ཆོ་འཕྲུལ་ཡིན་པས་ན། །རྟོགས་པ་རབ་འབྱམ་ཀུན་མཁྱེན་ཐུགས། །ཐེར་ཟུག་དག་ཏུ་མི་གནས་ཏེ། །རྒྱ་མཚོ་དག་དང་རླབས་བཞིན་ནོ། །ནམ་མཁའི་དབྱིངས་སུ་སྤྲིན་དངས་བཞིན། །རྗེས་མེད་ཀློང་དུ་ཐིམ་པས་ན། །འཁོར་འདས་ཀུན་གྱི་དུར་ས་ཡིན། །མྱ་ངན་འདས་པའི་ལམ་པོ་ཆེ། །བྱང་ཆུབ་སེམས་ཀྱི་ཀུན་གཞི་ཡིན། །ཀུན་ཀྱང་རྣམ་དག་ཆོས་ཀྱི་དབྱིངས། །ནམ་མཁའ་བཞིན་དུ་མཐའ་མེད་པས། །གོལ་ས་མེད་དེ་གཡང་ས་དག །གོལ་སར་ལྷུང་བར་བཏགས་པ་ཡང་། །དོན་ལ་སྤྱོད་པ་མ་ཡིན་ཏེ། །དྲང་དོན་ཙམ་དུ་བསྟན་པ་ཡིན། །དགེ་དང་མི་དགེ་བའི་ལས། །བསྐྱེད་པས་འབྲས་བུ་མི་འབྱུང་སྟེ། །རྒྱུ་འབྲས་ཅན་ལ་བསྟན་པར་ཟད། །གལ་ཏེ་རྒྱུ་འབྲས་བདེན་ཟེར་ན། །རྒྱུ་དེས་འབྲས་བུ་འདུས་མ་བྱས། །བྱས་ན་འབྲས་བུ་རྒྱུར་འགྱུར་བས། །གོ་བཟློག་པའི་སྐྱོན་དུ་འགྱུར། །གལ་ཏེ་འབྲས་བུ་མ་བྱས་ན། །དེ་ལས་བྱུང་བའི་འབྲས་བུ་དེས། །ཕྱི་མ་སྐྱེ་བར་མི་ནུས་པས། །རྒྱུ་འབྲས་འཆད་ཕྱིར་འབྲས་མི་འགྲུབ། །བསྐྱེད་བྱ་སྐྱེད་བྱེད་མེད་པས་ན། །རྒྱུ་འབྲས་བདེན་པར་ཡོངས་མི་འགྲུབ། །དེས་ན་རྒྱུ་འབྲས་བློ་བུར་ཆོས། །རང་བྱུང་དོན་ལ་རྒྱུན་ཆད་མེད། །སྐུ་གསུམ་རྒྱུན་ཆད་མེད་པ་ལ། །ཡོན་ཏན་རྒྱུན་ཆད་མེད་པར་འབྱུང་། །ཉོན་མོངས་ཡེ་ཤེས་དབྱེར་མི་ཕྱེད། །མ་ཤེས་པ་ལ་ཁམས་གསུམ་སྟེ། །དེ་ཤེས་ངང་ལ་སྐུ་གསུམ་ཀློང་། །དེ་ཕྱིར་རང་ཉིད་མ་ཤེས་པར། །ཁམས་གསུམ་འཁོར་བ་ཉོན་རེ་མོངས། །རིག་དང་མ་རིག་ས་མཚམས་རྣམས། །

(༡༧༣)འཁོར་འདས་གཉིས་ཀྱི་ས་མཚམས་རྫོགས། །ཡེ་ནས་ཡིན་པས་བཙལ་མི་དགོས། །དེ་མ་ཤེས་པས་དུག་གསུམ་སྟེ། །དེ་རྟོགས་ཡེ་ཤེས་བདུད་རྩི་ཡིན། །རང་ལས་བྱུང་བས་སྤང་མི་དགོས། །མ་སྤངས་རང་གྲོལ་ཆོས་ཀྱི་སྐུ། །ཡེ་ནས་ཡིན་པས་སྒྲུབ་མི་དགོས། །བྱང་ཆུབ་སེམས་ལ་ཁ་གཏིང་མེད། །མཉམ་པའི་ཀློང་ལས་འཁྲུལ་པ་མེད། །ཡང་དག་ལམ་ལས་བསྒྲོད་དུ་མེད། །རྟོགས་པའི་མཐུ་ལས་གཉེན་པོ་མེད། །སངས་རྒྱས་པ་ལ་བྱ་རྩོལ་མེད། །སེམས་ཀྱི་ཀློང་ཆེན་མ་མཐོང་བར། །གཞན་ན་ཡོད་པར་ཁས་མི་ལེན། །སེམས་ཉིད་ཡེ་ནས་སངས་རྒྱས་ལ། །རྒྱུ་འབྲས་གཞན་ནས་རྫོགས་པ་ཡི། །སངས་རྒྱས་ཐོབ་དུ་རེ་བ་མེད། །གང་དང་གང་གིས་དེ་རྟོགས་པ། །སེམས་ཀྱི་དབྱིངས་སུ་འདུས་པའི་ཚད། །ལྐུགས་པས་བུ་རམ་རོ་མྱོང་བཞིན། །ཚོར་བ་མེད་པར་ཉམས་སུ་མྱོང་། །བརྗོད་དུ་མེད་པར་སྨྲར་མ་བཏུབ། །མཐའ་མེད་མིང་ལས་འདས་པས་ན། །དེ་ལས་ཕྱོགས་འཛིན་ཅིར་ཤར་ཡང་། །རང་ལས་ཤར་བས་རང་སྣང་ཡིན། །ཐོགས་པ་མེད་པས་སྤྲུལ་སྐུའི་དབྱིངས། །མཐར་འཛིན་མེད་པས་བྱར་མེད་དབྱིངས། །དེ་ལ་བཟང་ངན་ཅིར་སྣང་ཡང་། །དབྱེ་གསལ་མེད་པས་ཆོས་ཀྱི་སྐུ། །སྐུ་གསུམ་ལྷུན་གྱིས་གྲུབ་པ་ལ། །མཐའ་རུ་གྱུར་པའི་ཡུལ་གཞན་མེད། །མཐའ་དབུས་མེད་པ་རང་བྱུང་དབྱིངས། །རྟགས་དང་དངོས་པོའི་མཐའ་ལས་གྲོལ། །མཉམ་ཉིད་མ་བཅོས་ཆོས་ཀྱི་སྐུ། །ཡུམ་སེམས་རྟག་ཆད་གཉིས་མེད་པས། །ཆགས་སྡང་ལྔ་པོ་བྱང་ཆུབ་དབྱིངས། །སྐྱོན་མེད་མཚན་

(༡༧༤)མ་ཅིར་མི་གནས། །ཇི་ལྟར་ཤར་ཡང་དབྱིངས་ཀྱི་རྒྱན། །རང་བྱུང་ནམ་མཁའི་ཆོ་འཕྲུལ་འདྲ། །ཇི་ལྟར་སྣང་ཞིང་འདོད་དགུར་འབྱུང་། །ཡོན་ཏན་ཕྱོགས་མེད་འབྱུང་བ་དང་། །སྤྲུལ་པ་ཕྱོགས་མེད་འགྱེད་པ་དང་། །ཡེ་ཤེས་ཕྱོགས་མེད་འཆར་བའི་ཕྱིར། །རང་ཤར་རང་གྲོལ་རང་རིག་རྒྱན། །ཐམས་ཅད་དབྱེ་བ་མེད་པའི་ཕྱིར། །བདག་ཉིད་ཆེན་པོ་ཀུན་བདག་པོ། །སངས་རྒྱས་མ་རྒྱས་མིང་ཡང་མེད། །རྒྱུ་འབྲས་ཆོས་ལ་མི་གནས་པས། །བྱར་མེད་ཀུན་རྫོབ་ཡེ་ནས་ཆེ། །གདལ་ཁྱབ་ཆེན་པོ་ཐིག་ལེ་གཅིག། དེ་ལས་ཤར་བའི་རོལ་པ་དང་། །སུས་ཀྱང་དགག་ཏུ་མེད་པའི་ཕྱིར། །ཡ་ཏ་རྒྱལ་བའི་དཀྱིལ་འཁོར་ནས། །མཐར་གནས་དམྱལ་བའི་འཇིག་རྟེན་དུ། །བཀག་པས་མི་ཁེགས་རང་ཤར་བས། །དེ་ལས་འགེགས་པར་བརྩོན་པ་ནི། །ནམ་མཁའ་ཐལ་མོས་འགེབས་པ་བཞིན། །ཁེབས་པར་བྱ་བའི་ཡུལ་མེད་དེ། །ཐེག་པ་རིམ་པ་ཕྱེད་དགུ་ཡང་། །ཡེ་ཤེས་ཡོད་ཀྱང་རང་བྱུང་མེད། །རང་བྱུང་མ་ཡིན་སྐྱོན་དུ་ཐལ། །རིག་པ་ཕྱི་ནང་མེད་པ་ལ། །ཅིར་ཡང་ཡེ་ཤེས་རང་ཤར་ཡིན། །ཐམས་ཅད་ཡེ་ནས་རྫོགས་པ་སྟེ། །མཐའ་ཡས་རབ་འབྱམས་རྟོགས་པའི་དབྱིངས། །ཀུན་བཟང་རྒྱལ་པོར་ངོ་བོ་གཅིག །ཀུན་བཟང་དབྱེ་བ་མེད་པའི་ས། །སའི་རྣམ་གྲངས་བཅོ་ལྔ་སྟེ། །ཡང་དག་དོན་ལས་ས་ལམ་མེད། །མཐའ་ཡས་རྫོགས་པ་ཆེན་པོ་ལ། །ས་ལམ་རྣམ་གྲངས་མ་མཆིས་ཀྱང་། །གདུལ་བྱའི་སྣང་བ་མཚོན་པ་ཙམ། །ཆོས་ཉིད་བྱང་ཆུབ་སེམས་ཉིད་ལས། །རང་བྱུང་ཡེ་ཤེས་དོན་

(༡༧༥)ཤར་བས། །སྟེང་འོག་ཕྱོགས་མཚམས་ཡོངས་ལ་ཁྱབ། །ཉག་གཅིག་དབྱིངས་ལས་ཀུན་གསལ་བས། །མཐོང་དང་ཐོས་དང་དྲན་པ་དང་། །རིག་པའི་ངོ་བོ་གང་གསལ་བས། །རང་ལ་ཐ་དད་མེད་པས་ན། །གདུལ་བྱའི་བློ་ལ་གྲགས་པས་ན། །ཡང་དག་དོན་ལ་སངས་རྒྱས་མེད། །ཅི་སྟེ་རང་ལས་གཞན་མེད་པས། །རང་གིས་རང་ལ་བརྟགས་པ་ཙམ། །བརྟགས་གཞི་མེད་པར་སངས་རྒྱས་མེད། །བརྟགས་བྱ་མིང་ལ་དོན་མི་གནས། །དེས་ན་ཐམས་ཅད་རང་ཡིན་པས། །ཆོས་དབྱིངས་རབ་འབྱམ་བསམ་མི་ཁྱབ། །མ་མཐོང་གསལ་བ་ངོ་མཚར་ཆེ། །མ་མཐོང་བའི་མཐོང་བ་ནི། །ཆོས་སྐུ་སྐྱེ་མེད་དོན་དམ་ཡིན། །རིག་པ་མེད་པའི་རིག་པ་ནི། །རང་བྱུང་ཡེ་ཤེས་དོན་རིག་ཡིན། །རང་རིག་ཀློང་ལས་མ་རིག་མེད། །མ་རིག་ཡེ་ཤེས་གཉིས་མེད་པས། །ཟང་ཐལ་ཆེན་པོར་རྟོགས་པའི་ཕྱིར། །ཡེ་ཤེས་གཉིས་མེད་ཤེས་གཉིས་མེད། །མི་ཤེས་པ་དེ་ཡེ་ཤེས་ཆེ། །ཡེ་ནས་ཡིན་པས་གཉིས་མེད་ཀློང་། །མཉམ་པར་ཤར་བས་རྩིས་གདབ་མེད། །གང་ཡང་འདྲ་བའི་ཆོས་ཉིད་ལ། །སངས་རྒྱས་བདག་ཡིན་གཞན་མ་ཡིན། །ཐམས་ཅད་བདག་ཉིད་ཆོས་སྐུར་རྫོགས། །སངས་རྒྱས་སངས་རྒྱས་ཤེས་བྱ་བ། །བློ་བུར་མིང་དུ་བཏགས་པ་ཙམ། །བློ་བུར་ཆོས་ལ་བློ་མེད་པས། །སངས་རྒྱས་ཡིད་ལ་མ་འདོགས་ཤིག །བཏགས་པ་ཐམས་ཅད་རྟོག་པ་སྟེ། །རྟོག་པ་ཆོས་ཉིད་ཡིན་པས་ན། །ཉི་མའི་དཀྱིལ་འཁོར་མུན་

(༡༧༦)མེད་ལྟར། །ཡེ་ཤེས་ཀློང་ནས་མ་རིག་མེད། །ཆོས་སྐུའི་དབྱིངས་ནས་རྣམ་རྟོག་མེད། །རྟོག་དང་མི་རྟོག་གཉིས་མེད་དེ། །མཉམ་པའི་ངང་ལས་མ་གཡོས་པར། །མ་རིག་ཡེ་ཤེས་གཉིས་སུ་མེད། །བདག་གིས་བྱས་པའི་ཆོས་རྣམས་ཀྱང་། །བྱེད་མཁན་ལོགས་ན་མེད་པའི་ཕྱིར། །བྱ་བྱེད་མེད་པར་རང་ཤར་བར། །རང་གིས་རང་ཤར་རང་བྱུང་བས། །རྒྱུ་རྐྱེན་མེད་ཅེས་བཏགས་པ་ཡིན། །རྒྱུ་རྐྱེན་མེད་པའི་ཆོས་ཉིད་ལས། །བདག་ཉིད་བྱང་ཆུབ་སེམས་ཤེས་བྱ། །དེ་ཡི་རོལ་པ་ཤར་བས་ན། །བདག་གིས་བྱས་པའི་ཆོས་ཤེས་བྱ། །ཐམས་ཅད་བདག་ཉིད་འདུས་པས་ན། །བདག་ཉིད་བྱང་ཆུབ་སེམས་ཤེས་བྱ། །གཉིས་འཛིན་མཐའ་ལས་གྲོལ་བའི་ལས། །བྱ་དང་བྱེད་པ་མེད་ཅེས་བྱ། །དེ་ལྟར་རྟོགས་པའི་རྣལ་འབྱོར་ལ། །ཐམས་ཅད་རང་གི་ཆོ་འཕྲུལ་ལས། །རང་བྱུང་ཡེ་ཤེས་རྒྱུན་ཆད་མེད། །ནམ་མཁའ་ལྟ་བུའི་རང་བཞིན་ལས། །འཇའ་ཚོན་སྤྲིན་ཚོགས་བློ་བུར་དུ། །རྒྱུན་ཆད་མེད་པས་ནམ་མཁའ་དང་། །ཡེངས་དང་མ་ཡེངས་ས་མཚམས་མེད། །དམིགས་དང་མ་དམིགས་མེད་པ་རུ། །སྐད་ཅིག་འདུ་འབྲལ་མེད་པའི་ཕྱིར། །བསམ་གཏན་ཆེན་པོ་བདེ་ལ་གནས། །བྱ་བ་མེད་པའི་དོན་འདི་ལ། །བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། །བྱང་ཆུབ་སེམས་ལ་བྱ་བ་མེད། །རྫོགས་ཆེན་ཡེ་ནས་བྱས་ཟིན་པས། །བྱ་རྩལ་མེད་པའི་ཆོས་ཉིད་ཡིན། །ཆོས་ཉིད་རང་བཞིན་རང་བཞིན་ལས། །རང་བཞིན་དེ་ལ་བྱ་རུ་མེད། །རང་བཞིན་

(༡༧༧)རང་བཞིན་བྱ་བ་དེ། །བཅོས་མིན་བྱང་ཆུབ་དེ་ལ་ནི། །སེམས་དཔའ་རྡོ་རྗེ་ཁྱོད་མ་བཅོས། །སེམས་དཔའ་རྡོ་རྗེ་དེས་མ་བཅོས། །རྫོགས་ཆེན་དབྱིངས་ལས་འཆོས་པ་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །རྫོགས་ཆེན་དང་ནི་འགྱུར་མེད་ལ། །བསྒོམས་ན་བཅོས་ཤིང་བསྒྱུར་བ་ཡིན། །གནས་ལུགས་ཡེ་ནས་ལྷུན་གྲུབ་ལ། །རྩོལ་སྒྲུབ་བྱས་ན་བཅོས་པ་མིན། །ས་ལམ་བསྒྲོད་དུ་མེད་པ་ལ། །བསྒྲོད་པས་ཕྱིན་པ་ག་ན་ཡོད། །གནས་ལུགས་མ་ལྟ་ཡུལ་མེད་ལྟོས། །གཞི་ལམ་འབྲས་བུ་ཡེ་ནས་རྫོགས། །མ་སྒྲོད་གནས་སུ་ཕྱིན་པ་ཡིན། །ཆོས་དབྱིངས་རྣམ་དག་དྲི་མེད་ལ། །སྦྱོང་བར་བྱ་བའི་སྒྲིབ་པ་མེད། །མི་གནས་དམིགས་པའི་ཡུལ་མེད་པས། །སྤྲོས་མེད་བསམ་པའི་ཡུལ་ལས་འདས། །འཛིན་པས་བཏགས་པའི་ཆོས་རྣམས་ནི། །རྫོགས་ཆེན་ངོ་བོ་བསྟན་པ་མིན། །དེ་ལྟ་བུ་ཡི་གནས་ལུགས་ལ། །གང་ཞིག་སྤོང་ཞིང་འགེགས་བྱེད་པ། །བསྐལ་པ་གསུམ་གྱི་བར་དུ་ནི། །རྫོགས་ཆེན་ང་དང་འཕྲད་མི་འགྱུར། །སྤང་བར་བྱ་བའི་ཆོས་དེ་ནི། །རང་གི་ངོ་བོ་ཡིན་པར་བཤད། །ནོར་བ་མེད་ལ་བདེན་བརྫུན་ནི། །སྒྲོ་སྐུར་གང་ཡང་མི་འདོགས་སོ། །རྫོགས་ཆེན་རྟོགས་པའི་དེ་ཉིད་དབྱིངས། །ཆོས་སྐུའི་བསྟན་པ་དེ་ཉིད་བསྟན། །དེ་བཞིན་ཉིད་ལས་དབྱེ་རུ་མེད། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །སེམས་ཀྱི་ངོ་བོ་ཡིན་པས་ན། །དེ་ལ་སུ་ཡང་འཆོས་སུ་མེད། །ཆོས་སྐུའི་བསྟན་པ་རྟོགས་པ་མེད། །སྣང་བ་མེད་པའི་ཆོས་

(༡༧༨)ཉིད་ལ། །མ་ནོར་དེ་བཞིན་ཉིད་དུ་རྟོགས། །དེ་བཞིན་གནས་པ་ཙམ་དུ་མེད། །དུས་གསུམ་རྒྱལ་བས་བཙལ་ན་ཡང་། །ཆོས་སྐུའི་བསྟན་པ་མི་བརྙེས་སོ། །རྫོགས་ཆེན་སྒོམ་དུ་མེད་པས་ནི། །སེམས་ཀྱི་ཡོན་ཏན་གཏེར་ཆེན་ཏེ། །རྒྱུ་རྐྱེན་མེད་པས་བཙལ་མི་དགོས། །འབྲས་བུ་རང་བཞིན་ལྷུན་གྲུབ་པས། །རྒྱུ་འབྲས་གཉིས་ཀྱི་ས་མཚམས་མེད། །མ་སྐྱེས་འཇིག་པའི་གཉེན་པོ་མེད། །རྫོགས་ཆེན་རང་བཞིན་ཀུན་ལས་འདས། །སྒོམ་པར་བྱ་བ་རྡུལ་ཙམ་མེད། །སྒོམ་མེད་ཆོས་དབྱིངས་མཐའ་ཡས་ལ། །རྟོགས་པའི་ཁྱུང་ཆེན་ཕྱོགས་མེད་ལྡིང་། །རྒྱ་ཆད་ཕྱོགས་ལྷུང་མ་མཆིས་སོ། །ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་སར། །མ་འདུས་པ་དང་མ་རྫོགས་པ། །ཅུང་ཟད་ཙམ་ཡང་ཡོད་མ་ཡིན། །རྟགས་ཀྱིས་འདུས་པར་བསྟན་པ་ནི། །རྟགས་ནི་ཀུན་བརྟགས་བྱང་ཆུབ་སེམས། །ཆོས་ཀྱི་སྐུ་དང་བྱང་ཆུབ་སེམས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །previous hit དགོངས next hit་ཐམས་ཅད་གཅིག་ཏུ་འདུས། །རིག་པ་མངོན་སུམ་རྟོགས་པས་ན། །རང་བྱུང་ཡེ་ཤེས་ལྔ་ནི་གསལ། །ཡེ་ཤེས་ལྔ་དང་འོད་ལྔ་ནི། །ཡུལ་དེ་ཡེ་ནས་ཡེ་ཤེས་ཡིན། །ཡུལ་དང་ཡེ་ཤེས་གཉིས་མ་བསྟན། །རང་བྱུང་ཡེ་ཤེས་གཅིག་ལས་མེད། །ཡེ་ཤེས་ཆེན་པོས་ཀུན་ཁྱབ་དབྱིངས། །ཆོས་དབྱིངས་བྱང་ཆུབ་སེམས་འདི་ལ། །ཐམས་ཅད་འཕེལ་འགྲིབ་མེད་པར་རྫོགས། །ཆོས་ཀྱི་སྐུ་དང་ཀུན་ཏུ་བཟང་། །རྡོ་རྗེ་སེམས་དཔའ་ལ་སོགས་པ། །དུས་གསུམ་སངས་རྒྱས་མ་ལུས་པའི། །སྙིང་པོའི་རྟགས་ནི་སེམས་སུ་འདུས། །དེས་ན་དཔེ་དོན་གསུམ་དུ་འདུས། །སྤྱི་ཁྱབ་སེམས་ཀྱི་གནས་ལུགས་ལ། །སྤྱི་འདུས་དགོངས་འདུས་previous hit དགོངས

(༡༧༩) next hit་འདུས། །སྤྱི་འདུས་དཔེ་དོན་རྟགས་འདུས་ན། །previous hit དགོངས་འདུས་རྣམ་ next hit་ལྔ་འདུས་ཏེ། །ཆོས་སྐུ་previous hit དགོངས next hit་འདུས་པ་ནི། །མི་རྟོག་མཉམ་པ་ཉིད་འདུས་ན། །མི་གཡོ་ཆོ་འཕྲུལ་འབྱིན་པར་འདུས། །ལོངས་སྤྱོད་སྐུའི་previous hit དགོངས next hit་འདུས། །མངོན་སུམ་རང་བཞིན་སྣང་བ་འདུས། །འདོད་པ་ཚོགས་པས་སྦྱིན་པ་འདུས། །ཀུན་བཟང་previous hit དགོངས next hit་འདུས་པ་ནི། །ཇི་ལྟར་སྣང་བ་ཐམས་ཅད་ཀུན། །བཟང་ངན་བླང་དོར་མེད་པ་རུ། །རྟོགས་པས་མངོན་དུ་འཆར་བ་ལ། །རྡོ་རྗེ་སེམས་previous hit དགོངས་འདུས་ next hit་ནི། །མི་སྐྱེ་མི་འགག་previous hit དགོངས next hit་འདུས། །རབས་བདུན་ཤཱཀྱ་ཐུབ་པ་དང་། །སྟོང་རྩ་གཉིས་དང་རྡུལ་རྙེད་དང་། །སྐུ་གསུང་ཐུགས་ཀྱི་དོན་མཛད་པའི། །བྱུང་ཡང་སྐུ་གསུང་ཐུགས་ལས་བྱུང་། །སྐུ་གསུང་ཐུགས་ཀྱི་ཆོས་ཉིད་ལས། །སྐུ་གསུང་ཐུགས་ཀྱི་དོན་མཛད་ཅིང་། །ཀུན་མཁྱེན་ཐུགས་ཀྱི་ཡེ་ཤེས་ལས། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །སེམས་སུ་མ་རྫོགས་གང་ཡང་མེད། །རྟོགས་པ་རབ་འབྱམ་མཐའ་ཡས་ཏེ། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཡིན། །སྣང་སྲིད་འཁོར་འདས་དེ་ན་བཞུགས། །ནམ་མཁའི་ཁམས་ཀྱི་གཞལ་ཡས་ན། །རང་སེམས་རྒྱལ་པོ་ཀུན་ཏུ་བཟང་། །རྟོགས་པ་རབ་འབྱམ་མཐའ་ཡས་རྒྱ་མཚོའི་ཀློང་། །མ་ལུས་པ་དང་མ་རྫོགས་པ། །རྡུལ་ཕྲན་ཙམ་ཡང་ཡོད་མ་ཡིན། །ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་ཀློང་། །མཐའ་ཡས་ཚད་གཞལ་མེད་པའི་ཕྱིར། །ཐམས་སྙད་སྒྲོ་འདོགས་གང་ཡང་མེད། །ངག་གི་རང་བཞིན་རྟོགས་པ་དཀའ། །སྒོ་དང་ལྷ་དང་དམ་ཚིག་དང་། །ཕྲིན་ལས་བསྒྲོད་ལམ་གནས་པ་དང་། །ཡེ་

(༡༨༠)ཤེས་ཆོས་ཉིད་འབྲས་བུ་དགུ། །སྐུ་གསུམ་ཐེག་པ་ལྔ་པོ་འདི། །གཞན་དང་ལྟ་སྤྱོད་མི་མཐུན་ཏེ། །སྒོ་ནི་སྒོམ་མེད་བཙལ་དུ་མེད། །འཇུག་དང་ལྡོག་པའི་ས་མཚམས་མེད། །རྟགས་པ་རབ་འབྱམ་རང་བཞིན་སྐུ། །ལྟ་བ་སྒོམ་དུ་མེད་པ་ཡིན། །དམ་ཚིག་བསྲུང་དུ་མེད་པ་ཡིན། །ཕྲིན་ལས་བཙལ་དུ་མེད་པའི་ཕྱིར། །ཤུགས་འབྱུང་ལྷུན་གྱིས་གྲུབ་པ་ཡིན། །ལམ་ལྔ་བསྒྲོད་དུ་མེད་པའི་ཕྱིར། །མ་སྒྲོད་ས་ལམ་རྫོགས་པ་ཡིན། །གནས་པ་སྦྱང་དུ་མེད་པའི་ཕྱིར། །ཡེ་ཤེས་སྤྱོད་དུ་མེད་པ་ཡིན། །ཆོས་ཉིད་བཅོས་སུ་མེད་པའི་ཕྱིར། །དུས་གསུམ་འགྱུར་བ་མེད་པ་ཡིན། །གཞི་ལམ་འབྲས་བུ་ཡོངས་རྫོགས་པས། །འབྲས་བུ་ཐོབ་དུ་མེད་པ་ཡིན། །རྫོགས་ཆེན་ཡེ་ཤེས་དབྱིངས་ཉིད་ལས། །སྐད་ཅིག་ལག་པ་བརྐྱང་བསྐུམ་གྱིས། །ཀུན་བཟང་previous hit དགོངས next hit་ཡོངས་རྫོགས་པས། །གཅིག་ཅར་རྟོགས་གྲོལ་དུས་མཚུངས་ཤིང་། །རོལ་པ་འགག་མེད་ཡེ་ཤེས་དབྱིངས། །ཐ་སྙད་སྒྲོ་སྐུར་གདབ་ཏུ་མེད། །ཆོས་དབྱིངས་བྱང་ཆུབ་སེམས་ཉིད་འདི། །མཁའ་ལྟར་ཀུན་ཁྱབ་འགྱུར་མེད་ཅིང་། །ཡེ་ཤེས་མི་ཤེས་རོ་མཉམ་ཞིང་། །བྱེ་བྲག་མེད་པའི་དབྱིངས་སུ་རྫོགས། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་ས། །གདུལ་བྱ་རིམ་འཇུག་དབང་གིས་ན། །བཅུ་དྲུག་གྲངས་སུ་བཞེད་པ་ཡིན། །མ་བཙལ་ཡོངས་རྫོགས་བྱང་ཆུབ་སེམས། །ཀུན་བཟང་རོལ་པའི་ཐུགས་ཉིད་ལས། །ས་ལམ་བྱེ་བྲག་མ་མཆིས་སོ། །ཡང་དག་དོན་གྱི་འོག་མིན་ན། །སྙིང་པོ་དོན་གྱི་ཀུན་བཟང་བཞུགས། །མཐོ་དམན་མེད་པར་ཀུན་ལ་ཁྱབ། །རྩོལ་སྒྲུབ་མེད་པར་ཡེ་ནས་རྫོགས། །ཐམས་ཅད་ཀུན་

(༡༨༡)གྱི་ཡང་རྩེ་སྟེ། །སྐུ་ལྔ་ཡོངས་སུ་རྫོགས་པ་ཡི། །བསྟན་པ་ལྔ་དང་སྟོན་པ་ལྔ། །ཞིང་ཁམས་ལྔ་དང་ཕོ་བྲང་ལྔ། །འཁོར་ལྔ་དུས་ཚོད་ལྔ་ལ་སོགས། །ཕྱི་གཅིག་རྫོགས་པའི་གནས་མཆོག་ཏུ། །ཆེན་པོ་བརྗོད་དུ་མེད་པ་ལ། །གང་ཡང་འདྲན་ཟླ་མེད་པར་བཞུགས། །ངེས་པ་ཐོབ་པའི་ཐེག་པ་དྲུག །རྫོགས་པ་ཆེན་པོའི་གོལ་སར་བསྟན། །དེ་ཡང་ཅིའི་ཕྱིར་ཞེ་ན། །ཉན་ཐོས་རང་རྒྱལ་ཐེག་པ་ནི། །བཅུ་དྲུག་ཆ་གྲངས་རབ་ཞི་བ། །རྒྱུན་དུ་ཞུགས་ལྔ་ལ་སོགས་པ། །ཉན་རང་གཉིས་ཀྱི་མཐར་ཐུག་སྟེ། །ཨ་ཏི་ཡོ་གའི་གོལ་ས་ཡིན། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ནི། །ཀུན་ཏུ་འོད་ཀྱི་སར་འདོད་པ། །བདེན་པ་གཉིས་ཀྱི་དག་སྤྱོད་ཀྱིས། །ཆོས་ཉིད་སྟོང་པ་ནམ་མཁར་འདོད། །བྱང་ཆུབ་སེམས་ཀྱི་མཐར་ཐུག་སྟེ། །ཤིན་ཏུ་རྣལ་འབྱོར་གོལ་ས་ཡིན། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྟོག་དཔྱོད་འདས་པའི་བྱང་ཆུབ་སེམས། །རྟོག་དཔྱོད་ལས་འདས་མདོ་སྡེ་སྒྲིབས། །རྟོགས་ཆེན་རྟོགས་པ་སྤྱོད་པ་ནི། །མདོ་སྡེ་དག་ཏུ་གོལ་བར་བཤད། །ཀྲྀ་ཡ་རྡོ་རྗེ་འཛིན་འདོད་པས། །དག་པ་རྣམ་གསུམ་སྒོར་ཞུགས་ནས། །གཟུང་འཛིན་དག་པའི་ཡུལ་ལས་འདས། །ཀྲྀ་ཡ་ཐེག་པའི་མཐར་ཐུག་སྟེ། །རྫོགས་ཆེན་སྤྱི་གཅིག་གོལ་ས་ཡིན། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །གཟུང་འཛིན་འདས་པའི་བྱང་ཆུབ་སེམས། །གཟུང་འཛིན་འདས་པའི་ཀྲྀ་ཡ་སྒྲིབས། །རྫོགས་ཆེན་གཟུང་དང་འཛིན་བྱེད་པའི། །ཀྲྀ་ཡ་དག་ཏུ་གོལ་བར་བཤད། །ཨུ་པ་ཡའི་ལྟ་སྤྱོད་ནི། །ཀྲྀ་ཡ་སྤྱོད་ཅིང་ཡོ་ག་སྒྲུབ། །ཀུན་ལ་

(༡༨༢)ཞོར་འགྲོས་ཐེག་པ་སྟེ། །ལྟ་སྤྱོད་འབྲེལ་བའི་དོན་མེད་པས། །གཉིས་སུ་མེད་པའི་དོན་ལ་རྟོགས། །སྤྱོད་རྒྱུད་དག་གི་མཐར་ཐུག་སྟེ། །སྤྱི་གཅིག་རྣལ་འབྱོར་previous hit དགོངས་པར་བཞེད། །རྫོགས་ next hit་ཆེན་པོའི་བདེ་ཆེན་ནི། །རོལ་པ་འགག་མེད་བྱང་ཆུབ་སེམས། །བྱ་རྩལ་མེད་པ་ཨུ་པས་སྒྲིབས། །རྫོགས་ཆེན་བྱ་རྩལ་མེད་པ་ནི། །ཨུ་པ་ཡ་རུ་གོལ་བ་ཡིན། །ཡོ་ག་སྟུག་པོ་བཀོད་འདོད་པ། །མཚན་མ་ཡོད་མེད་སྒོར་ཞུགས་ན། །ཕྱག་རྒྱ་བཞི་ལ་གཙོར་བྱེད་ན། །བླང་དོར་མེད་ལ་འཇུག་མ་ནུས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །བླང་དོར་མེད་པའི་བྱང་ཆུབ་སེམས། །བླང་དོར་མེད་ལ་ཡོ་གས་སྒྲིབས། །རྫོགས་ཆེན་བླང་དང་དོར་བྱེད་པ། །ཡོ་ག་དག་ཏུ་གོལ་བར་བཤད། །ཡོ་ག་དག་གི་མཐར་ཐུག་སྟེ། །ཡང་དག་དོན་གྱི་འོག་མིན་གྱི། །གོལ་ས་དག་ཏུ་བཞེད་པ་ཡིན། །མ་ཧཱ་རྡོ་རྗེ་འཆང་འདོད་པས། །ཐབས་དང་ཤེས་རབ་གོར་ཞུགས་པ། །རང་རྒྱུད་དག་པའི་དཀྱིལ་འཁོར་ལས། །བསྙེན་སྒྲུབ་རྣམ་བཞི་སྒྲུབ་པར་བྱེད། །རྣལ་འབྱོར་ཆེན་པོའི་མཐར་ཐུག་སྟེ། །ཨ་ཏི་ཡོ་གའི་གོལ་ས་ཡིན། །ཤིན་ཏུ་རྣལ་འབྱོར་དབྱིངས་ལས་གྲོལ། །རྩོལ་སྒྲུབ་འདས་པའི་རྫོགས་ཆེན་ལས། །རང་བཞིན་རྫོགས་ལ་མ་ཧཱས་སྒྲིབས། །ཀློང་ཡངས་རང་བཞིན་ཀུན་རྫོགས་ལ། །གང་ཞིག་རྩོལ་སྒྲུབ་བྱེད་པ་ནི། །མ་ཧཱ་དག་ཏུ་གོལ་བར་བཞེད། །ཨ་ནུ་དབྱེར་མེད་སར་འདོད་པས། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །འདི་ལྟར་སྣང་བའི་ཆོས་རྣམས་ལ། །རྒྱུ་ནི་དག་པའི་དབྱིངས་ལྟ་བ། །འབྲས་བུ་ཡེ་ཤེས་

(༡༨༣)དཀྱིལ་འཁོར་ལྷ། །ཨ་ནུ་ཡོ་གའི་མཐར་ཐུག་སྟེ། །ཡང་དག་རྫོགས་ཆེན་གོལ་ས་ཡིན། །ཨ་ཏི་ཡོ་གའི་རང་བཞིན་རྫོགས། །རྒྱུ་འབྲས་འདས་པའི་རྫོགས་ཆེན་ལ། །ཨ་ནུ་དབྱེ་བ་མེད་པས་སྒྲིབས། །ཨ་ཏི་སྒོ་ཕུགས་གཉིས་ལྟ་བ། །ཨ་ནུ་དག་ཏུ་གོལ་ས་ཡིན། །གྲུབ་པ་མཐར་འཛིན་རྫོགས་ཆེན་ནི། །ལ་སྒྲོལ་ཤན་འབྱེད་ལྷུན་གྲུབ་བཞི། །ཀ་དག་ལ་སོགས་བཞེད་previous hit དགོངས་རྣམས། །གྲུབ་ next hit་མཐར་འཛིན་མཐར་ཐུག་སྟེ། །སྤྱི་གཅིག་རྩེ་མོ་བྱུང་རྒྱལ་གྱི། །གོལ་ས་དག་ཏུ་བཞེད་པ་ཡིན། །ནམ་མཁའ་རྒྱ་མཚོ་རི་རབ་བཞིན། །ངར་འཛིན་ཉི་ཤུ་རྩ་གཅིག་སོགས། །ཐེག་པ་བྱེ་བྲག་བསམ་མི་ཁྱབ། །ཐེག་པའི་ཚོགས་རྣམས་བྱང་ཆུབ་སེམས། །ཡུལ་དང་ཡུལ་ཅན་མ་གྲུབ་ཅིང་། །ཀློང་ཆེན་རབ་འབྱམ་མཐའ་དབུས་མེད། །རྫོགས་ཆེན་རང་བྱུང་ཡེ་ཤེས་ནི། །རྩེ་མོ་བྱུང་རྒྱལ་རྟེན་མེད་གནས། །མ་རིག་འཁྲུལ་འཁོར་རྒྱ་མཚོ་སྟེ། །འགྲོ་དྲུག་སེམས་ཅན་གྲངས་མཐའ་ཡས། །ལྷ་མིའི་ཐེག་པ་ལ་སོགས་པ། །ཨ་ཏི་མཉམ་ཉིད་བདེ་ཆེན་དབྱིངས། །ཡོངས་རྫོགས་ཆེན་པོ་མཐའ་དབུས་མེད། །འགྲོ་དྲུག་བདེ་ཆེན་རྒྱན་དུ་རྫོགས། །མུ་སྟེགས་ལོག་ལྟ་མདུད་པ་ཅན། །གང་ཟག་གཉིས་འཛིན་ཕྱི་ནང་སྤྱོད། །རྟག་ཆད་གཉིས་སུ་བཞེད་པ་ཡིན། །མཉམ་ཉིད་བདེ་བ་ཆེན་པོར་རྫོགས། །རྒྱ་ཆད་མེད་པའི་ཆོས་ཉིད་ལས། །ཐམས་ཅད་རང་ཤར་རང་གྲོལ་བས། །མུ་སྟེགས་མ་སྤངས་རྒྱན་དུ་རྫོགས། །ཉན་ཐོས་འདུལ་འཛིན་ལྟ་བ་ནི། །ཡུལ་སེམས་འབྲེལ་མེད་སྐད་ཅིག་ཏུ། །འབྲེལ་ཡོད་སྙམ་པའི་ཆོས་ཉིད་ལ། །མེད་པར་འཛིན་པ་ཕྱོགས་རིས་བདུད། །ཡོད་མེད་མཉམ་པའི་ཆོས་

(༡༨༤)ཉིད་ལ། །གཉིས་ཀར་གཉིས་ཤར་རང་གྲོལ་བས། །ཉན་ཐོས་མ་སྤངས་རྒྱན་དུ་རྫོགས། །རང་རྒྱལ་མདུད་ཅན་ལྟ་བ་ནི། །ཡུལ་སྟོང་ཤེས་པ་སྐད་ཅིག་ཏུ། །རྟེན་འབྲེལ་བཅུ་གཉིས་ལུགས་བཟློག་མེད། །འབྱུང་འཇུག་མེད་པའི་རང་རྒྱལ་ཡང་། །མ་སྤངས་པའི་རྒྱན་དུ་རྫོགས། །སེམས་ཙམ་མདུད་ཅན་ལྟ་བ་ནི། །གཟུང་འཛིན་དག་པའི་རང་རིག་གསལ། །བདེ་བར་ལྟ་བས་ཤེལ་གོང་འདྲ། །གཟུང་འཛིན་མཉམ་པའི་ཆོས་ཉིད་ལ། །བདག་མེད་ཕྱོགས་སུ་འཛིན་པའི་བདུད། །གང་ཡང་འདྲ་བའི་ཆོས་ཉིད་ལས། །རང་གྲོལ་བདེ་ཆེན་མཉམ་ཉིད་དབྱིངས། །སེམས་ཙམ་མ་སྤངས་རྒྱན་དུ་རྫོགས། །དབུ་མ་མདུད་ཅན་ལྟ་བ་ནི། །ཀུན་རྫོབ་དག་བྱ་སྤྲོས་བཅད་ནས། །དོན་དམ་སྤྲོས་མེད་འཇལ་བྱེད་ཅིང་། །བདེན་གཉིས་ས་ལ་ཡོད་ཅེས་ཏེ། །གཉིས་མེད་མཉམ་པའི་ཆོས་ཉིད་ལ། །གཉིས་འཛིན་ཕྱོགས་སུ་འཛིན་པའི་བདུད། །ཨ་ཏི་གཉིས་མེད་ཆོས་ཉིད་ལ། །རང་ཤར་རང་གྲོལ་ཆོས་ཉིད་རྫོགས། །དབུ་མ་མ་སྤངས་རྒྱན་ཅན་དབྱིངས། །ཀྲྀ་ཡ་མདུད་ཅན་ལྟ་བ་ནི། །ཀུན་རྫོབ་སྣང་བ་སྣ་ཚོགས་དང་། །སྣང་སེམས་རིགས་གསུམ་ལྷ་རུ་ཤར། །དོན་དམ་ཆོས་ཉིད་རང་བཞིན་ལྷ། །རྗེ་ཁོལ་ཚུལ་དུ་སྐྱེད་རིམ་བསྒོམ། །སེམས་དཔའ་རྣམ་གཉིས་བཟང་ངན་འདོད། །བཟང་ངན་མཉམ་པའི་ཆོས་ཉིད་ལས། །བཟང་ངན་གཉིས་འཛིན་ཕྱོགས་འཛིན་བདུད། །ཨ་ཏི་རང་བཞིན་བདེ་ཆེན་ཀློང་། །རོལ་པ་འགག་མེད་རྫོགས་ཆེན་ལ། །ཀྲྀ་ཡ་མ་སྤངས་རྒྱན་དུ་རྫོགས། །ཨུ་པ་མདུད་ཅན་ལྟ་བ་ནི། །སྤྱོད་པ་ཀྲྀ་ཡ་ལྟར་འདོད་ཅིང་། །སྐྱེད་རིམ་ལྷ་བདག་གོང་འོག་ཚུལ། །ལྟ་བ་རྣལ་འབྱོར་རྗེས་འཇུག་ཅིང་། །གཉིས་ཀའི་

(༡༨༥)ཚུལ་དུ་སྤྱོད་འཇུག་ཅིང་། །གཉིས་འཛིན་བྱེ་བྲག་དུ་མ་ཡིས། །ལྟ་བ་ཕྱོགས་སུ་འཛིན་པའི་བདུད། །མཐོ་དམན་མེད་པའི་ཆོས་ཉིད་ལ། །དབུ་མ་མ་སྤངས་རྒྱན་དུ་རྫོགས། །ཡོ་ག་མདུད་ཅན་ལྟ་བ་ནི། །དོན་དམ་སྣང་ལ་རང་བཞིན་མེད། །ཀུན་རྫོབ་ལྷ་དང་ལྷ་མོར་བལྟ། །མཚན་ཕྱེད་མཉམ་པའི་ཆོས་ཉིད་ལ། །ལྷ་དང་ལྷ་མོ་ཕྱོགས་འཛིན་བདུད། །རྫོགས་ཆེན་རྫོགས་པ་ཆེན་པོ་ནི། །གང་ཡང་འདྲ་བའི་ཆོས་ཉིད་ལས། །ཡོ་ག་མ་སྤངས་རྒྱན་དུ་རྫོགས། །མ་ཧཱ་བདུད་ཅན་ལྟ་བ་ནི། །ཐབས་རྣམས་མཆོག་ཏུ་གྱུར་པ་དང་། །ལྟ་བ་ཀུན་རྫོབ་ཙམ་དུ་ཡང་། །ཤེས་རབ་མཆོག་ཏུ་གྱུར་པ་ཡི། །ལྷག་པ་ཡི་ནི་དོན་དམ་པར། །དབྱེར་མེད་བདེ་ཆེན་མཆོག་གྱུར་ལྷ། །མཚན་མེད་མཉམ་ཞིང་དབྱེ་རུ་མེད། །དབྱེ་རུ་མེད་པའི་སྤྱོད་ཡུལ་ལས། །བྲལ་བ་ཕྱོགས་སུ་འཛིན་པའི་བདུད། །ཨ་ཏི་མཉམ་པ་རིས་མེད་ལ། །ཆོས་ཉིད་ཡེ་ཤེས་དབྱིངས་སུ་རྫོགས། །བྱར་མེད་རོལ་པ་འགག་མེད་ལས། །མ་ཧཱ་མ་སྤངས་རྒྱན་དུ་རྫོགས། །ཨ་ནུ་མདུད་ཅན་ལྟ་བ་ནི། །ཕར་སྣང་ཤེས་པ་ཀུན་ཏུ་སྣང་། །ཚུར་སྣང་ཡུལ་ནི་ཀུན་བཟང་མོ། །གཉིས་མེད་བདེ་བ་ཆེན་པོར་ལྟ། །གཉིས་སྣང་མཉམ་པའི་ཆོས་ཉིད་ལ། །གཉིས་མེད་བདེ་ཆེན་ཕྱོགས་ལྷུང་བདུད། །ཨ་ཏི་རྒྱ་ཆད་མེད་པ་ཡི། །ཆོས་ཉིད་རང་བྱུང་ཡེ་ཤེས་ལ། །བྱར་མེད་རྫོགས་པ་ཆེན་པོའི་དབྱིངས། །ཨ་ནུ་མ་སྤངས་རྒྱན་དུ་རྫོགས། །ཐེག་པ་བརྒྱད་ལ་གྲུབ་མཐའ་བརྒྱད། །ཞེ་འདོད་བརྒྱད་ལ་ལྟ་བ་བརྒྱད། །ས་ལམ་བརྒྱད་དང་བདུད་པ་བརྒྱད། །འབྲས་བུ་

(༡༨༦)བརྒྱད་ལ་རེ་དོགས་བརྒྱད། །ཐམས་ཅད་གཅིག་ཏུ་རྫོགས་ཤིང་རྟོགས། །གཅིག་རྫོགས་ཀུན་རྫོགས་མ་སྤངས་གྲོལ། །སངས་རྒྱས་སྐུ་དང་སེམས་ཅན་ལུས། །ཇི་ལྟར་སྣང་བ་ཐམས་ཅད་ཀྱང་། །རང་བྱུང་དབྱིངས་ཀྱི་ཡེ་ཤེས་རྒྱན། །ཉོན་མོངས་སྡུག་བསྔལ་ཐམས་ཅད་ཀྱང་། །ཡེ་ཤེས་བདུད་རྩི་དམ་པ་སྟེ། །འཁོར་བའི་གཡང་ས་ཐམས་ཅད་ཀྱང་། །བྱང་ཆུབ་ཡེ་ཤེས་མཆོག་ལས་རོལ། །དུག་གསུམ་སྐུ་གསུམ་ཞིང་ཁམས་སུ། །འཁོར་བ་ལྷུན་གྲུབ་བདེ་བ་ཆེ། །སྐྱེ་ཤི་ཁམས་གསུམ་ཡོངས་སུ་གྲུབ། །གཟུང་འཛིན་བྱ་བྱེད་སྣང་བ་ཀུན། །ཉིད་ལ་ཉིད་འཛིན་ཉིད་སྤྱོད་པས། །རྩ་བ་བྱང་ཆུབ་སེམས་སུ་གྲུབ། །བྱང་སེམས་ཡེ་ནས་ཆོས་སྐུ་སྟེ། །དུས་གསུམ་རྒྱལ་བ་དེ་ཡི་སྐུ། །ཕྱི་ནང་གསང་བའི་ཐེག་མཆོག་རྣམས། །བྱང་ཆུབ་སེམས་ཉིད་ཡོན་ཏན་ཏེ། །སེམས་ལས་མ་རྟོགས་ཆོས་རྣམས་ནི། །འཁོར་འདས་གཞན་ན་ཡོད་མ་མཆིས། །སེམས་ཉིད་ཀློང་དུ་འཆིང་གྲོལ་མེད། །སྙམ་བྱེད་ཡིད་ཀྱི་གྲུབ་མཐའ་རྣམས། །གཉིས་འཛིན་མཁའ་ལ་མདུད་པ་དོར། །ཕྱོགས་རྩོལ་སེམས་ཀྱི་མདུད་པ་དེ། །ཨ་ཏི་ཕྱོགས་རིས་མེད་པ་ལ། །ལྟས་ཀྱང་སྐྱོན་མེད་རང་བྱུང་ཡིན། །མ་ལྟས་མཚན་མ་རང་སར་གྲོལ། །གཉིས་མེད་རང་གྲོལ་དབྱིངས་སུ་ལྟ། །ལྟ་བ་ཕྱོགས་སུ་འཛིན་པའི་འདུད། །རོལ་པ་འགག་མེད་དབྱིངས་སུ་གྲོལ། །ཨ་ཏི་ཏིང་འཛིན་དམིགས་གཏད་མེད། །བསྒོམས་ཀྱང་སྐྱོན་མེད་རང་གྲོལ་ཡིན། །མ་སྒོམས་སྐྱོན་མེད་རང་སར་གྲོལ། །རང་གྲོལ་གཉིས་མེད་རང་བྱུང་གིས། །ཏིང་འཛིན་ཕྱོགས་སུ་བསྒོམས་པའི་བདུད། །བྱར་མེད་བདེ་ཆེན་དབྱིངས་སུ་གྲོལ། །ཨ་ཏིའི་སྤྱོད་པ་བླང་དོར་མེད། །སྤྱད་ཀྱང་སྐྱོན་མེད་རང་བྱུང་ཡིན།

(༡༨༧)མ་སྤྱད་སྐྱོན་མེད་རང་བྱུང་ཡིན། །རང་གྲོལ་རང་བྱུང་སྤྱོད་པ་ཡིས། །ཆེད་དུ་སྤྱོད་པའི་བདུད་ལས་གྲོལ། །རྫོགས་ཆེན་འབྲས་བུ་སྤངས་ཐོབ་མེད། །སྒྲུབས་ཀྱང་སྐྱོན་མེད་ཡེ་སངས་རྒྱས། །མ་སྒྲུབས་སྐྱོན་མེད་རང་ས་ཟིན། །རང་གྲོལ་ལྷུན་གྲུབ་རྫོགས་སངས་རྒྱས། །འབྲས་བུ་གཞན་།།།པའི་བདུད། །རེ་དོགས་མེད་པས་ཀུན་བཟང་ཀློང་། །བདེ་འབྱམ་རོལ་པའི་དབྱིངས་སུ་རྒྱལ། །མཐར་ཐུག་རྫོགས་པ་ཆེན་པོ་ལ། །རྒྱུ་རྫོགས་ལམ་རྫོགས་འབྲས་བུ་རྫོགས། །ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི། །ཡེ་ནས་རྫོགས་ཤིང་བྱེ་བྲག་མེད། །དམ་ཚིག་ས་ལམ་འཇུག་སྒོ་དང་། །གནས་པ་ཕྲིན་ལས་སྣང་བཀག་རྣམས། །ཆོས་དབྱིངས་ནམ་མཁའ་རྒྱ་མཚོའི་ཀློང་། །འཁོར་འདས་བྱེ་བྲག་སྣ་ཚོགས་རྣམས། །ཡང་དག་དོན་གྱི་འོག་མིན་དུ། །ཐམས་ཅད་རྟོགས་ཤིང་མངོན་དུ་གྱུར། །སངས་རྒྱས་མེད་དེ་རང་ཉིད་ཡིན། །འགྲོ་དྲུག་གཞན་ན་མ་མཆིས་ཤིང་། །འཁོར་བའི་སྡུག་བསྔལ་བདེ་བ་ཆེ། །རྟོགས་པའི་དོན་ལ་མཐོ་དམན་མེད། །ཀུན་ཁྱབ་གདལ་པ་ཆེན་པོའི་ཀློང་། །གཉིས་མེད་མི་འགྱུར་རྡོ་རྗེའི་གདན། །ཆོས་དབྱིངས་རབ་འབྱམ་མཐའ་ཡས་ལ། །སྐུ་ལྔའི་ཞིང་ཁམས་མ་གཏོགས་པ། །སྤུ་རྩེ་ཙམ་ཡང་ཡོད་མ་ཡིན། །བཅུ་བདུན་ཡང་དག་འོག་མིན་ཏེ། །སྤྱི་གཅིག་པ་རུ་རྫོགས་པ་ཡིན། །རྫོགས་ཆེན་གནས་ལུགས་རྒྱ་མཚོའི་ཀློང་། །ཀུན་བཟང་རྡོ་རྗེ་སེམས་དཔའ་དང་། །དགའ་རབ་འཇམ་དཔལ་བཤེས་གཉེན་མཆོག །གསར་རྙིང་གྲུབ་ཐོབ་ཐམས་ཅད་ཀྱི། །previous hit དགོངས next hit་ཐུགས་ཀྱི་གཏེར་ཁ་དེ། །ཤིན་ཏུ་རྣལ་འབྱོར་རྡོ་རྗེ་ཡིས། །རབ་

(༡༨༨)འབྱམས་ཆོས་དབྱིངས་ཀློང་དུ་ཕྱེད། །ཐེག་པ་ཀུན་གྱི་སྤྱི་བབས་དང་། །ཐེག་པ་ཀུན་གྱི་བྱེ་བྲག་རྣམས། །ཀུན་ཁྱབ་ཀུན་རིག་དཀྱིལ་འཁོར་དུ། །ཀུན་བཟང་ཉིད་དང་ཐ་དད་མེད། །མཐའ་མེད་ཀློང་ཡངས་རྣལ་འབྱོར་པ། །ཀུན་རྫོབ་ཡེ་ཤེས་འདི་ལྟར་རྟོགས། །མ་རྟོགས་འགྲོ་དྲུག་སེམས་ཅན་རྣམས། །མ་རིག་རང་རིག་ཡེ་ཤེས་སུ། །འཁོར་བའི་མཚན་ཉིད་ཐམས་ཅད་དང་། །རྟོགས་པ་རབ་འབྱམ་ཆོས་སྐུར་རྫོགས། །རིགས་དྲུག་བྱ་བའི་ཐ་སྙད་མེད། །མེད་བཞིན་སྣང་བའི་ཆོ་འཕྲུལ་ཆེ། །གྲུབ་མཐའ་ལོག་པའི་མུ་སྟེགས་ལ། །ལྟ་ལོག་སུམ་བརྒྱ་དྲུག་བཅུ་ཡང་། །ལྷུན་གྲུབ་ཡེ་ཤེས་རྟོགས་པའི་དབྱིངས། །རྫོགས་ཆེན་དབྱིངས་ཀྱི་གནས་ལུགས་ལ། །མུ་སྟེགས་བྱ་བའི་ཐ་སྙད་མེད། །མུ་སྟེགས་རྫོགས་པས་རྫོགས་ཆེན་ཡིན། །རྫོགས་ཆེན་དབྱིངས་ཉིད་དྲི་མ་མེད། །རྟོགས་པ་མཐའ་ཡས་དེ་ཉིད་ལ། །ཐེག་དམན་ཉན་ཐོས་མདོ་སྡེ་དང་། །ཕག་ན་མོ་དང་འགོག་པའི་ཚོགས། །སེམས་ཙམ་དང་ནི་རྡུལ་རྫས་ཚོགས། །ཐེག་དམན་གྲུབ་མཐའ་སྣ་ཚོགས་རྣམས། །ཉན་ཐོས་ཚོགས་ཀྱི་མཐར་ཐུག་སྟེ། །རྫོགས་ཆེན་རྟོགས་པའི་དེ་ཉིད་ལ། །མཁའ་དབྱིངས་རྣམ་དག་སྐྱེ་བ་མེད། །ཐེག་དམན་བྱ་བའི་ཐ་སྙད་མེད། །བཤིས་ཉིད་རང་བཞིན་དབྱིངས་ལས་འདས། །བདེན་མེད་རྟོགས་པའི་རང་རྒྱལ་ཚོགས། །ཆ་གྲངས་བཅུ་དྲུག་རང་ཞི་ཞིང་། །མཐར་ཐུག་བདེ་བ་མཆོག་གི་ས། །རང་རྒྱལ་ཡོན་ཏན་བསམ་མི་ཁྱབ། །མཐར་ཐུག་དེ་ལས་མེད་དོ་སྙམ། །སྙིང་པོ་དོན་རྟོགས་ནམ་མཁའ་དབྱིངས། །རྒྱ་ཆད་ཕྱོགས་ལྷུང་མ་མཆིས་ཤིང་། །རང་རྒྱལ་རྫོགས་པ་ཆེན་པོར་རྟོགས། །རང་རྒྱལ་ཐེག་པའི་ཁས་ལེན་མེད། །མེད་བཞིན་རྫོགས་པས་རྫོགས་

(༡༨༩)ཆེན་ཡིན། །ཐེག་ཆེན་བྱང་ཆུབ་སེམས་ཀྱི་ལམ། །ས་བཅུ་ལམ་ལྔ་ཕར་ཕྱིན་བཅུ། །བྱང་ཆུབ་ཕྱོགས་དང་སྟང་ཉིད་སོགས། །སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ། །དོན་དམ་ཀུན་རྫོབ་སྨོན་འཇུག་གཉིས། །བསོད་ནམས་ཚོགས་དང་ཡེ་ཤེས་ཚོགས། །སྦྱོར་དངོས་རྗེས་གསུམ་ཟུང་འཇུག་ཅིང་། །བྱང་ཆུབ་ཐེག་པའི་གྲུབ་མཐའ་རྣམས། །སྙིང་པོ་བྱང་ཆུབ་སེམས་ཉིད་དེ། །previous hit དགོངས next hit་མཐའ་ཡས་དོན་རྟོགས་པས། །སྤངས་ཐོབ་མེད་པར་རང་བཞིན་རྫོགས། །ཡང་དག་མཐའ་དང་དེ་བཞིན་ཉིད། །སྟོན་པ་བསྟན་པ་གདུལ་བྱ་རྣམས། །རྟོགས་པ་ཡེ་ཤེས་ལྷུན་གྲུབ་རྣམས། །བྱང་ཆུབ་སེམས་ཀྱི་མཐར་ཐུག་རྣམས། །ངོ་བོ་ཉིད་ཀྱིས་རང་བཞིན་རྫོགས། །ཐེག་པ་ཆེ་ཆུང་ཐ་སྙད་མེད། །མཐོ་དམན་མེད་པའི་རྫོགས་ཆེན་ལ། །སྔགས་དང་མཚན་ཉིད་ས་མཚམས་མེད། །ཐེག་པ་རིམ་གྱིས་བསྒྲོད་ཚུལ་གྱིས། །ཀྲྀ་ཡ་དག་པའི་རྣལ་འབྱོར་ནི། །ལོངས་སྐུའི་བསྟན་པ་དང་པོ་སྟེ། །རིགས་གསུམ་རྡོ་རྗེ་འཛིན་པར་བཞེད། །ཀྲྀ་ཡ་གཟུངས་སྔགས་མཐར་ཐུག་སྟེ། །འཁོར་འདས་ཐམས་ཅད་རབ་རྫོགས་ཤིང་། །རྟོགས་པ་རྒྱ་མཚོའི་གཏིང་དཔག་དཀའ། །ཀྲྀ་ཡ་རྫོགས་པ་ཆེན་པོར་རྟོགས། །མཐའ་བཞི་དྲི་བྲལ་ཐ་སྙད་མེད། །ཡེ་སངས་རྒྱས་པའི་རྫོགས་ཆེན་ལ། །ཨུ་པ་ཡའི་གྲུབ་མཐའ་རྣམས། །སྤྱོད་རྒྱུད་ཐེག་པ་ཐམས་ཅད་ཀྱང་། །ཨུ་པ་ཡ་ཡི་མཐར་ཐུག་སྟེ། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །སྤྱོད་བྱ་སྤྱོད་བྱེད་ངོ་བོ་གཅིག །ཐམས་ཅད་ཡང་

(༡༩༠)དག་དབྱིངས་སུ་རྟོགས། །རིགས་བཞི་རྣམ་འབྱེད་ཐ་སྙད་མེད། །འཁོར་འདས་ཐམས་ཅད་ཡོངས་རྫོགས་ཤིང་། །གདལ་ཁྱབ་ཆེན་པོའི་དཀྱིལ་འཁོར་དུ། །ཡོ་ག་ལོངས་སྤྱོད་རྫོགས་པ་ཡི། །བསྟན་པ་དག་ནི་ཐ་མ་སྟེ། །མངོན་བྱེད་ལྔ་དང་དག་པ་གསུམ། །སྐྱེད་རྫོགས་དཀྱིལ་འཁོར་བསམ་མི་ཁྱབ། །རིག་སྟོང་དབྱེར་མེད་ལྟ་བ་སོགས། །རང་བཞིན་ལྷུན་གྲུབ་རྫོགས་ཆེན་གྱི། །དོན་རྟོགས་རྣལ་འབྱོར་ཆེན་པོ་ཡིས། །ཡོ་ག་མཁའ་མཉམ་བདེ་བ་ཆེ། །མུ་མཐའ་མེད་པར་རྟོགས་ལགས་པས། །སྟུག་པོ་བཀོད་པའི་ཐ་སྙད་མེད། །ཆོས་སྐུའི་བསྟན་པ་དང་པོ་ནི། །མ་ཧཱ་ཡོ་ག་བླ་མེད་མཆོག །ཐབས་དང་ཤེས་རབ་དབྱེར་མེད་ཅིང་། །ཉོན་མོངས་ལམ་སློང་དངོས་གྲུབ་ཆེ། །མཐར་ཐུག་ཕྱག་རྒྱ་ཆེན་སོགས་འདོད། །གཅིག་རྫོགས་ཀུན་རྫོགས་ཐམས་ཅད་རྫོགས། །རབ་འབྱམ་དོན་རྟོགས་དབྱིངས་ཉིད་དུ། །བླ་མེད་རང་བཞིན་དབྱིངས་སུ་རྫོགས། །མ་ཆགས་པདྨ་ཅན་ལ་སོགས། །སའི་རྣམ་གྲངས་ཐ་སྙད་མེད། །ཆོས་དབྱིངས་རབ་འབྱམ་ཡེ་ཤེས་ཀློང་། །ཀུན་རྫོགས་མཐའ་ཡས་དཀྱིལ་འཁོར་དུ། །ཐེག་བརྒྱད་རྫོགས་པའི་འབྲས་བུ་ནི། །ལུང་ཆེན་ཨ་ནུ་ཡོ་ག་སྟེ། །དབྱིངས་དང་ཡེ་ཤེས་རོ་མཉམ་ཞིང་། །ཀུན་བཟང་ཡབ་ཡུམ་འཁོར་དང་བཅས། །རྒྱ་མཚོར་ཉི་ཟླ་ཤར་བ་བཞིན། །འཆར་བ་ཉིད་ན་ནུབ་པ་མེད། །ལ་སྒྲོལ་ཤན་འབྱེད་ཨ་ནུ་ཡོ་ག་སྟེ། །སྒོ་ཕུགས་གཉིས་ཀྱི་མཉམ་བྱེད་ཙམ། །ཨ་ནུ་ཡོ་གའི་མཐར་ཐུག་སྟེ། །འཁོར་འདས་ཐམས་ཅད་ཡོངས་རྫོགས་ཤིང་། །གནས་ལུགས་རྫོགས་ཆེན་གཞི་ཐོག་འབེབས།

(༡༩༡)previous hit དགོངས next hit་ཡོངས་རྫོགས་དབྱིངས་ཉིད་ལས། །དབྱིངས་དང་ཡེ་ཤེས་ཐ་སྙད་མེད། །ལ་སྒྲོལ་ཤན་འབྱེད་རྫོགས་ཆེན་གྱི། །ཐེག་པའི་བྱེ་བྲག་གྲངས་མང་ཡང་། །ལྷུན་གྲུབ་དག་ནི་རྣམ་པ་བཞི། །བྱེ་བྲག་ལྷུན་གྲུབ་ཁ་འབྱམས་དང་། །ཆོས་ཅན་ཆོས་ཉིད་ལྷུན་གྲུབ་སྟེ། །ལྷུན་གྲུབ་བཞི་ཡི་ཞེ་འདོད་ཡོད། །ལ་ལས་ཀ་དག་དག་ཏུ་བཞེད། །རྫོགས་ཆེན་སྟོན་པའི་བཤེས་གཉེན་རྣམས། །ཞེ་འདོད་གྲུབ་མཐའ་དུ་མར་སྣང་། །ཞེ་འདོད་ཡོད་ཕྱིར་གྲུབ་མཐའ་ཡིན། །ཤིན་ཏུ་རྣལ་འབྱོར་རྡོ་རྗེ་ནི། །རྟེན་མེད་ནམ་མཁའ་མཐའ་ཡས་བཞིན། །རི་རྒྱལ་ལྷུན་པོ་ལ་སོགས་པ། །ས་རྡོ་དང་ནི་རི་བྲག་དང་། །དངོས་པོར་གྱུར་བ་ཐམས་ཅད་ལ། །གང་དང་གང་ལ་རྟེན་མ་བཅས། །འཁོར་འདས་ལམ་གྱིས་བསྡུས་པའི་ཆོས། །ངར་འཛིན་ལྟ་བ་ཉི་ཤུ་གཅིག །ཐམས་ཅད་རང་གི་རྣམ་སྤྲུལ་དུ། །ཀུན་རྫོབ་རྟོགས་པའི་ཡེ་ཤེས་ཅན། །previous hit དགོངས next hit་མཐའ་ཡས་གཅིག་དགོངས་པས། །ཡང་དག་དོན་གྱི་འོག་མིན་དུ། །ཐམས་ཅད་རྫོགས་པའི་ས་གཅིག་ལ། །ཀ་དག་དང་ནི་ལྷུན་གྲུབ་སོགས། །རྫོགས་ཆེན་ཙམ་གྱི་ཐ་སྙད་མེད། །ཐེག་དགུ་ཐེག་གཅིག་དབྱིངས་ལ་གནས། །ཤིན་ཏུ་རྣལ་འབྱོར་རྡོ་རྗེ་ཡིས། །རྫོགས་ཆེན་རྟོགས་པ་མཐའ་ཡས་པས། །གྲུབ་མཐའ་ཁས་ལེན་མ་མཆིས་ཤིང་། །ཕྱི་ནང་གྲུབ་མཐའ་ཐམས་ཅད་དང་། །འཁོར་འདས་ལམ་

(༡༩༢)གྱིས་བསྡུས་པའི་ཆོས། །ཐམས་ཅད་ཡོངས་སུ་རྫོགས་པར་ཞུགས། །རྫོགས་པ་ཆེན་པོའི་ལུང་ལས་ཀྱང་། །ཡོད་ནི་གཅིག་ལས་མེད་པ་སྟེ། །བསྟན་ནི་རྣམ་པ་གཉིས་སུ་བསྟན། །བྱུང་ནི་ཐེག་པ་དགུ་རུ་བྱུང་། །འདུས་ནི་རྫོགས་པ་ཆེན་པོར་འདུས། །ཡིན་ནི་བྱང་ཆུབ་སེམས་ཡིན་ཏེ། །གནས་ནི་ཆོས་ཉིད་དབྱིངས་ལ་གནས། །གསལ་ནི་རིག་པ་མཁའ་ལས་གསལ། །ཁྱབ་ནི་སྣོད་བཅུད་ཀུན་ལ་ཁྱབ། །བྱུང་ནི་སྣང་སྲིད་ཀུན་ཏུ་བྱུང་། །གཏན་ཏུ་མཚན་མའི་དངོས་པོ་མེད། །མཐོང་དུ་དམིགས་པའི་ཡུལ་མེད་ཅིང་། །ཤེས་སུ་ཚིག་ཏུ་བརྗོད་དུ་མེད། །རྒྱུ་ལས་མ་བྱུང་སྙིང་པོ་ནི། །སྒྲོ་སྐུར་གང་ཡང་གདགས་སུ་མེད། །དོན་འདི་ངེས་པར་རྟོགས་འདོད་ན། །དཔེ་ནི་ནམ་མཁའ་ལྟ་བུར་ལྟ། །དོན་ནི་ཆོས་ཉིད་སྐྱེ་བ་མེད། །རྟགས་ནི་སེམས་ཅན་འགག་པ་མེད། །ནམ་མཁའ་ལྟ་བུའི་ཆོས་ཉིད་ལ། །ནམ་མཁའ་ལྟ་བུའི་དཔེ་ཡིས་མཚོན། །དམིགས་སུ་མེད་པའི་ཆོས་ཉིད་ལས། །དམིགས་སུ་མེད་དེ་ཆོས་ཉིད་བརྟན། །ཚིག་ཏུ་བརྗོད་དུ་མེད་པ་ལ། །བརྗོད་དུ་མེད་པའི་ཚིག་བརྗོད་དེ། །རྟོགས་པ་རབ་འབྱམ་དབྱིངས་སུ་རྫོགས། །རྫོགས་ཆེན་རྒྱུད་ལས་གསུངས་པ་ཡང་། །འཁོར་འདས་གདོད་ནས་ངོ་བོ་གཅིག །སངས་རྒྱས་རྣམས་ཀྱིས་ཆོས་གསུངས་པས། །འདས་དང་མ་འདས་གཉིས་སུ་བསྟན། །ཐེག་པ་དགུ་རུ་བསྒྲོད་པས་འཁྲུལ། །ཁ་འབྱམས་

(༢༠༡)

(༢༠༢)

(༢༠༣)

(༢༠༤)

(༢༠༥)

(༢༠༦)

(༢༠༧)མ་དང་། །བྱང་ཆུབ་སེམས་དཔའི་ཐེག་པ་ལས་འཕྲོས་པ་གསལ་བྱེད་སྒྲོལ་མ་རྒྱ་མཚོ་མཐའ་ཡས་དང་། །ཉན་རང་གི་ཐེག་པ་ལས་འཕྲོས་པ་འདུལ་བ་རྒྱ་མཚོ་མཐའ་ཡས་ཏེ། །ཐེག་པ་ཀུན་གྱི་ཞེ་འདོད་སོ་སོར་འབྱེད་པ་ལས། །འདོད་པ་རྒྱ་མཚོ་མཐའ་ཡས་འབྲལ་བ་མེད་ཅིང་འབྲེལ་བ་མེད་པ་ཞུས་ལན་རྒྱ་མཚོ་མཐའ་ཡས་དང་། དེ་རྣམས་ཐམས་ཅད་ཀྱི་བཅུད་བསྡུས་པ་གདམ་ངག་རྒྱ་མཚོ་མཐའ་ཡས་དང་། དེ་ལས་འཕྲོས་པ་ཟབ་ཆོས་རྒྱ་མཚོ་མཐའ་ཡས་དང་། །དེ་རྣམས་ཀྱི་འབྲས་བུ་རྟོགས་པ་རྟོགས་པ་རྒྱ་མཚོ་མཐའ་ཡས་ཀུན་ལ་ཁྱབ་པའོ། །རིག་པ་རྒྱ་མཚོར་ཞོར་ལ་སྟོན། །འདི་རྣམས་གཅིག་རྒྱབ་གཅིག་གིས་སྐྱོར་བ་སྟེ། །འདི་རྣམས་ཐམས་ཅད་ཀྱི་སྒྲ་དོན་ཐམས་ཅད་སོ་སོར་གོ་ཞིང་རྟོགས་པར་བྱ་ཞིང་། །སྒོམ་ཆེན་པའི་ཆོས་ཡིན་པའི་ཕྱིར་ན་སྒྲ་གཙོ་བོར་མི་བྱ་ཞིང་། དོན་གཙོ་བོར་བྱེད་པ་སྟེ། རྟོགས་པ་རྒྱ་མཚོ་རབ་འབྱམ་མཐའ་ཡས་རྟོགས་པར་བྱའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཆོས་དབྱིངས་མཐའ་ཡས་དཀྱིལ་འཁོར་དུ། །བདག་སོགས་འགྲོ་བ་ཐམས་ཅད་ཀྱིས། །དུས་གསུམ་བསགས་དང་རྟོགས་པ་ཡི། །ཆོས་དབྱིངས་བྱང་སེམས་དགེ་བ་འདིས། །སྐུ་ལྔ་ཡོངས་སུ་རྫོགས་པ་ཡི། །ཀུན་བཟང་རྒྱལ་པོ་ཉིད་དུ་ཤོག །བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་སྤྱི་གཞུང་ཆེན་མོ་རྟོགས་པ་རབ་འབྱམ་ཆོས་དབྱིངས་ཡེ་ཤེས་ལྔ་ལྡན་ཞེས་བགྱི་བ་རྣལ་འབྱོར་རང་བྱུང་རྡོ་རྗེས་

(༢༠༨)མཛད་པ་རྫོགས་སོ།། །།

(༢༠༩)གླེགས་བམ་འདིར་བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་བཤད་པ་ཕུན་སུམ་ཚོགས་པ་རྒྱ་མཚོ་མཐའ་ཡས་ཞེས་བྱ་བ་བཞུགས་སོ། །དགེ་བར་གྱུར་ཅིག།

(༢༡༠)སྟོན་པ་ལྔ་ཡི་བསྟན་པ་རྒྱ་མཚོ་མཐའ་ཡས་ལ་འདུ་འབྲལ་མེད་པར་ཕྱག་འཚལ་ལོ། །previous hit དགོངས next hit་འདུལ་བ་གསང་བ་དང་། །མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །དོན་དམ་འདི་ལ་ཐེ་ཙོམ་ཟ། །ཅེས། །རྒྱུད་ཀྱི་རྒྱལ་པོ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པར་འབྱུང་བ་ལས་གསུངས་པའི་སྒྲ་དང་དོན། །བསྟན་པ་རྒྱ་མཚོ་མཐའ་ཡས་སུ། །ས་གཅོད་ཚིགས་བཅད་དུ་རྒྱས་པར་བསྟན་པ་ལས། །གང་ཟག་དབང་པོ་ཞན་པ་རྣམས་ཀྱིས་མི་གོ་དོགས་ནས་ཐེག་པ་དགུའི་སྒྲ་དང་དོན་སོ་སོར་འབྱེད་པ། ཕུན་སུམ་ཚོགས་པ་རྒྱ་མཚོ་མཐའ་ཡས་ཚིག་ལྷུག་ཏུ་སོ་སོར་འབྱེད་ཅིང་། །ཐེག་པ་དགུའི་བསྟན་བཅོས་རྒྱ་མཚོ་མཐའ་ཡས་རྩིས་མགོ་རྣམ་པ་ལྔ་ཡང་ཞོར་ལ་བསྟན་པར་བགྱིའོ། །དེ་ལ་དབང་པོ་ཡང་རབ་ཀྱིས་མཆོད་པར་བརྗོད་པ་དང་། །མཚན་ཐོས་པ་ཙམ་གྱིས་སྒྲ་དོན་རྟོགས་པར་འགྱུར་བའི་ཕྱིར་ན་རྟོགས་ཏེ་སངས་རྒྱས་མ་བྱུང་། །མ་རྟོགས་སེམས་ཅན་མ་བྱུང་བའི་དུས་སུ་འཁོར་བ་དང་མྱ་ངན་

(༢༡༡)ལས་འདས་པའི་ཆོས་ཐམས་ཅད་གང་དུའང་ཐ་སྙད་མི་འདོགས་ཤིང་དངོས་པོ་གཤིས་ཀྱི་གནས་ལུགས། །སངས་རྒྱས་དགམ་པོས་མ་བཅོས། །སེམས་ཅན་སྒྲིན་པོས་མ་སླུད། །ཀུན་གཞིའི་གཤིས་ཀྱི་གནས་ལུགས། གཤིས་འགྱུར་བ་མེད་པ། ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐམས་ཅད་དུ་ཀུན་ལ་མ་ཁྱབ་པ་མེད་པ། །མཚན་ཉིད་ཐོགས་པ་མེད་ཅིང་འགག་པ་མེད་པ། །ངོ་བོ་མཚན་ཉིད་ལྔ་ལྡན་གནས་པའི་དུས་སུ། །དཔལ་རྡོ་རྗེ་འཆང་ཀུན་ཏུ་བཟང་པོ་ཞེས་བགྱི་བ། །ཚིག་ལ་ཐ་དད་ཡོད་ཀྱང་དོན་ལ་ངོ་བོ་ཅིག་པ་དེ་ཡིས། །དགེ་བ་སྤུ་ཙམ་མ་བྱས། སྡིག་པ་སྤུ་ཙམ་ཞིག་མ་སྤངས་པར་དངོས་པོ་བཤིས་ཀྱི་གནས་ལུགས་རང་ས་ཟིན་ཅིང་། རང་གིས་རང་ངོ་ཤེས་ནས། །རང་རིག་པའི་ཡེ་ཤེས་སངས་རྒྱས་ནས་ཆོས་ཀྱི་དབྱིངས་རབ་འབྱམ་ཀུན་བཟང་ཡངས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལས་སྐུ་ལྔ་ཡོངས་སུ་རྫོགས་པའི་སངས་རྒྱས་རང་ལ་གནས་ཤིང་རང་བྱུང་དུ་རྫོགས་པའི་སངས་རྒྱས་པའི་རྒྱས་ལུགས་བསྟན་པ་ནི་དབང་པོ་ཡང་རབ་ཅིག་ཅར་བ་སྟོན་པ་བསྟན་པ་གང་ཡང་མི་དགོས་པར་སངས་རྒྱས་པའི་རྒྱ་ལུགས་བསྟན་པའོ། །རྒྱལ་བ་རིགས་རྣམ་པ་ལྔ་ཡིས་རྒྱུད་དང་གདམ་ངག་ཐུན་གཅིག་ཀྱང་མཉན་པ་མེད། །སྐྱེད་རིམ་སྐད་ཅིག་ཀྱང་མ་སྒོམ་པར་ཀུན་གཞིའི་གཤིས་ཀྱི་གནས་ལུགས་ལས་ངོ་བོ་མཚན་ཉིད་ལྔ་ལྡན་དུ་གནས་པའི་ཕྱིར། འོད་ཁ་དགོ་རྣམ་པ་ལྔ་ཨོཾཱ་སྙམ་པའི་སྙམ་བྱེད་ཀྱི་ཤེས་པ་སྙམ་བྱེད་ཙམ་བྱུང་བའི་དུས་སུ། སྣང་བ་སྣ་ཚོགས་དཀར་དམར་དུ་འཆར་བ་ལས། སེམས་

(༢༡༢)སེམས་དང་སེམས་བྱུང་གི་ཚོགས་རྣམས་ལྷན་ཅིག་སྐྱེས་པའི་རང་བྱུང་གི་ཡེ་ཤེས་སུ་ཤར་ནས། ལོངས་སྤྱོད་རྫོགས་པ་རིགས་ལྔ་ཡབ་ཡུམ་བཅུར་སངས་རྒྱས་པ་ནི། །འོད་ཁ་དོག་དཀར་པོ་རྟོགས་པ་ལས་རྣམ་པར་སྣང་མཛད། །འོད་སྔོན་པོར་རིག་པ་ལས་རྡོ་རྗེ་སེམས་དཔའ་འམ། འོད་དམར་པོ་རང་རིག་རང་ཤར་དུ་ཤར་བ་ལས། །སྣང་བ་མཐའ་ཡས། །འོད་སེར་པོ་གཉིས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་ལས་རིན་ཆེན་འབྱུང་ལྡན། །འོད་ལྗང་གུ་མཚན་ཉིད་སྣ་ཚོགས་པ་ཡེ་ནས་ལྷུན་གྱིས་གྲུབ་པ་ལ་དོན་ཡོད་གྲུབ་པ། །སྣང་བའི་ཡུལ་ལྔ་འབྱུང་བ་རྣམ་པ་ལྔ་ཡིས་ཁྱབ་ཚད། །གཉིས་མེད་ཅིང་ལྷན་ཅིག་སྐྱེས་པ་རིགས་ཀྱི་ཡུམ་ལྔ། །རང་བཞིན་གནས་ཤིང་འདུ་འབྲལ་མེད་པའི་ཕྱིར་རིགས་ལྔ་ཡབ་ཡུམ་བཅུས། །ལམ་གྱི་ཡན་ལག་བརྒྱད་ཚུལ་རིག་ནས། ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་དུ་སངས་རྒྱས་པའི་རྒྱས་ལུགས་བསྟན་པ་ལས། །སྟོན་པ་བསྟན་པ་གང་ཡང་མ་མཆིས་ཤིང་། །ལོངས་སྤྱོད་རྫོགས་པའི་རིགས་ལྔ་ཡི། །དཀྱིལ་འཁོར་འབའ་ཞིག་མ་གཏོགས་པ། །སེམས་ཅན་ལ་སོགས་པ་གང་དང་གང་གི་སྣང་བ་དང་ཐ་སྙད་དང་མིང་ཙམ་ཡང་མེད་པར་གསུངས་། །དེ་ཡི་ཕྱིར་ན་རྒྱུད་ཀྱི་ནང་ནས་ཀྱང་། །ཆོས་དབྱིངས་མཐའ་དང་དབུས་མེད་པར་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་ཆེན་པོ་ཉིད་དུ་རྫོགས་ཤིང་གང་ཡང་སྒྲིབ་པ་མེད་པར་སངས་རྒྱས་རྣམས་ཀྱི་ཞལ་ཐ་ལེར་གཟིགས་ཤིང་། །སངས་རྒྱས་རྣམས་ཀྱི་སངས་རྒྱས་རྣམས་ལ་གསུངས། །སངས་རྒྱས་ཉིད་ཀྱིས་སངས་རྒྱས་ཉིད་ལ་རྡོ་རྗེ་ཐེག་པའི་གླེང་སློང་གསུངས་པའི་ཕྱིར་ན་རྒྱལ་བ་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་འདི་སྐད་ཅིག་མ་བདུན་པ་ལ་དབང་པོ་འབྲིང་མངོན་པར་རྫོགས་པར་སངས་རྒྱས་པའི་རྒྱས་ལུགས་བསྟན་པ་ལ། །སྟོན་པ་སྟན་པ་གང་ཡང་

(༢༡༣)མི་དགོས་གསུང་། ཁམས་གསུམ་པའི་སེམས་ཅན་ཅན་རྣམས་ཀྱིས་སྡིག་པ་སྤུ་ཙམ་ཅིག་མ་བྱས་པར་ཁམས་སུམ་འཁོར་བར་འཁྱམས་པའི་འཁྱམས་ལུགས་བསྟན་པ་ནི་ཀུན་གཞི་དངོས་པོ་གཤིས་ཀྱི་གནས་ལུགས་དེ་རང་བཞིན་གྱིས་མཉམ་པ། །བྲེ་ཁ་བཅད་པ་ལྟ་བུ། །དངས་ཤིང་གསལ་བ་ཤེལ་སྒོང་ལྟ་བུ། །མཐའ་ཡས་ཤིང་བསམ་གྱིས་མི་ཁྱབ། །གང་ལ་ཡང་རྟན་མ་བཅས་པ། །སྤྲིན་མེད་པའི་ནམ་མཁའ་ལྟ་བུ། གནས་ལུགས་དེ་ལྟ་བུ་དེ་ལ་ལྷན་ཅིག་སྐྱེས་པའི་མ་རིག་པས་སྒྲིབས་ནས། །དང་པོར་འོད་ཁ་དོག་རྣམ་པ་ལྔ་ཡི་སྙམ་བྱེད་བྱུང་། དེ་ནས་ཡུལ་དང་ཡུལ་ཆེན་རྣམ་པ་གཉིས་སུ་གོལ། །གཟུང་བ་དང་འཛིན་པ་ཆགས་པ་དང་སྡང་བ་སྣ་ཚོགས་ཀྱིས་འདུ་བྱེད་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པར་འཁྲུལ་ནས། གཤིས་ལ་མཚན་ཉིད་ཐོགས་པ་མེད་པ་དང་འགག་པ་མེད་པར་གནས་པའི་ཕྱིར་ན། །དང་པོར་གཟུང་རྟོག་དང་ངན་རྟོག་རྣམ་པ་གཉིས་ཀྱིས་བཞིར་བྱས་ནས། །དུག་ལྔ་ཡི་རྣམ་པར་རྟོག་པ་ལྔ། །དེས་བསྐྱེད་ནས་རྣམ་པར་རྟོག་པ་བརྒྱད་ཁྲི་བཞི་སྟོང་དུ་འཕྲོས་ནས། །རྣམ་པར་རྟོག་པ་གང་སྔ་བ་རེ་རེས་རྒྱུ་བྱས་ཤིང་འགྲོ་བ་རིགས་དྲུག་གི་ལུས་ཐ་དད་དུ་འགྱུར་བ་ཡིན། །འཇམ་དཔལ་མཚན་བརྗོད་ལས་ཀྱང་། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །ཞེས་གསུང་པའི་དོན་ཡང་། །གནས་སྐབས་འདི་རུ་previous hit དགོངས next hit་ཡིན། །རྫོགས་པ་ཆེན་པོ་ཀུན་བྱེད་རྒྱལ་པོའི་ལུང་ལས་ཀྱང་། །འཇིགས་པ་གསུམ་དང་རྟེན་པ་དྲུག །འཇིག་རྟེན་ཞེས་སུ་གྲགས་པ་ཡིན། །ཞེས་གསུང་པའི་ཕྱིར་ན་འཇིགས་པ་གསུམ་ཞེས་བྱ་བ་ནི་ཕྱི་སྣོད་གསུམ་གྱི་འཇིག་རྟེན་ལ་ཟེར་བ་སྟེ། །སེམས་ཅན་སྤྱི་མཐུན་གྱི་ལས་

(༢༡༤)ཀྱི་ཆགས་ཤིང་། །དེ་ལ་འགྲོ་བ་རིགས་དྲུག་ཟེར་ཡང་རིགས་རྣམ་པ་ལྔ་རྟན་ནས་ཁམས་གསུམ་འཁོར་བ་མྱ་ངན་གྱི་གྲོང་ཁྱེར་ཆེན་པོ་གྲུབ་པ་ཡིན། །དེ་ལ་སེམས་ཅན་དེ་རྣམས་ཐམས་ཅད་རྒྱུ་ཅི་ལས་བྱུང་། རྐྱེན་གང་གིས་བསྐྱེད་སྙམ་ན། ཀུན་གཞིའི་དངོས་པོ་གཤིས་ཀྱི་གནས་ལུགས་སྐྱེ་བ་མེད་ཅིང་འགག་པ་མེད་པ། །འགྱུར་བ་མེད་ཅིང་ངོ་བོ་མཚན་ཉིད་རྣམ་པ་ལྔ་དང་ལྡན་པ་ལས་རང་གི་རང་ངོ་མ་ཤེས་ཤིང་རང་གི་རང་མ་རིག་པས། །ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲུབས་ཤིང་སེམས་ཉིད་ཀྱི་གཤིས་རང་བཞིན་ལས་མཚན་ཉིད་ཐོག་པ་མེད་པའི་དབང་གིས་རྣམ་པར་རྟོག་པ་བན་བུན་ཙམ་དུ་ལྡང་བས། །སེམས་འབྱུང་གི་ཡུལ་སྣང་བ་དཀར་དམར་འོད་ཁ་དོག་རྣམ་པ་ལྔར་འཆར་ནས། ཡུལ་དང་ཡུལ་ཅན་གྱི་འཛིན་པ་བྱུང་། །བདག་དང་གཞན་གྱི་འཛིན་པ་དང་། །ཆགས་སྡང་གཉིས་ལ་སོགས་པའི་འཁྲུལ་སྣང་སྣ་ཚོགས་སུ་ཤར་བ་ཡིས། །ཉོན་མོངས་པ་དུག་ལྔ་ཡུལ་དང་ཡུལ་ཅན་དུ་འཆར་བ་ལས། བྱམས་པ་དང་སྡང་བ་དག་གཉན་གྱི་སྣང་བ་འབྱུང་། འདོད་ཅིང་ཆགས་པས་འདོད་ཡོན་ལྔའི་སྣང་བ་ཤར་ནས་རྣམ་པར་རྟོག་པ་ཁ་དོག་ལྔ་ཡིས་དབང་གིས་རྣམ་པར་རྟོག་པ་རེ་རེ་ལ་འགྲོ་བ་རིགས་རེ་རེར་གྱུར་ཞིང་ལས་ཀྱི་རླུང་གིས་བསྐྱེད་ནས་ཕུང་པོ་ལྔ་འབྱུང་བ་ལྔ་སྐྱེ་མཆེད་དྲུག་འཕོ་བ་དང་འདུ་བའི་དབང་དུ་བྱས་ན་རག་ལས་པའི་ས་དང་རག་ལས་པའི་ཆོས་ཀྱིས་རྒྱུད་དང་རྐྱེན་བྱས་ནས་དབང་པོ་དང་དབང་པོའི་ཡུལ་དང་། དབང་པོའི་རྟེན་དང་། དབང་པོའི་གཟུགས་དང་། དབང་པོ་འདུས་པའི་རྐྱེན་གྱིས་ཚོར་བ་སྟེ་མིག་གི་དབང་པོ་ནས་ཡིད་ཀྱི་དབང་པོའི་བར་དང་གཟུགས་ནས་ཆོས་ཀྱི་བར་དང་། མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་

(༢༡༥)ཤེས་པའི་བར་དང་། །མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་དང་། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ་ལ་སོགས་ཏེ་དབང་པོ་ལྔ་ལ་རྐང་གྲངས་སུམ་བཅུ་འབྱུང་བ་ལྔ་དང་། །ཕུང་པོ་ལྔ་དང་བཞི་དང་བཞི་བཅུ་རྟེན་འབྲེལ་བཅུ་གཉིས་དང་། །བྱེད་པའི་སྐྱེས་བུ་བཅུ་གཉིས་ཏེ་ཉི་ཤུ་རྩ་བཞིའོ། །སྤྱིར་དྲུག་བཅུར་རྩ་བཞིར་དབྱེ་བ་ཡང་སེམས་ཅན་ཀུན་ལ་ཁྱབ་ཅིང་ཐམས་ཅད་དྲུག་བཅུ་རྩ་བཞི་པོ་འདི་ལས་གྲུབ་པ་ཡིན། །གང་ཟག་བསྒོས་བཙན་གྱི་དབང་དུ་བྱས་ན་སེམས་ཅན་གཅིག་ལ་ཡང་འདི་རྣམས་ཚང་པ་ཡིན། །དེ་ཡི་ཕྱིར་ན་རྟེན་འབྲེལ་བཅུ་གཉིས་དེ་ཐམས་ཅད་ཀུན་གྱི་ཆིངས་སམ་ས་གཅོད་ལྟ་བུ་ཡིན། །བྱེད་པའི་སྐྱེས་བུ་བཅུ་གཉིས་དེ་ཐམས་ཅད་ཀུན་གྱི་བྱ་བ་སྒྲུབ་པའམ་ལས་མཁན་ལྟ་བུ་སྟེ། །སྐྱེ་མཆེད་དྲུག་དང་ཕུང་པོ་ལྔ་དང་དབང་པོ་ལྔ་དང་། །འབྱུང་བ་ལྔ་ཡིས་བསྡུས་པ་འདི་སེམས་ཅན་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཀུན་འདུས་ཀུན་གྱིས་བསྐྱེད། །ཐམས་ཅད་ངོ་བོ་གཅིག་ལ་སོ་སོར་རྫོགས་པ་དང་། །སྐྱེ་བ་དང་གནས་པ་དང་གཞོན་ཞིང་དར་ལ་བབ་པ་དང་ཡང་ཞིང་འགྱོགས་ནས་སྟོབས་དང་ལྡན་པ་དང་། །ཡོན་ཏན་དང་འབྱོར་པ་སྣ་ཚོགས་དང་ལྡན་པ་སྟེ། །བཟང་པོ་ཡོན་ཏན་དུ་མ་འབྱུང་བའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཡུལ་ལྔ་ཡིས་བསྡུས་པ་ནི་རྟེན་འབྲེལ་བཟང་པོར་འགྲིག་པ་ལས་བྱུང་ཞིང་ས་པ་ཡིན། །རྒས་ཤིང་རྒུད་པ་དང་། ངལ་ཞིང་དུབ་པ་དང་། །སྡུག་བསྔལ་བ་དང་དང་པོར་བསྐྱེད་པའི་དུས་ན་ཡང་ལྐུགས་པ་ལ་སོགས་པ་དབང་པོ་མི་ཚང་བར་འགྱུར་བ་དང་། ཕུང་པོ་དང་དབང་པོ་རྣམས་སྐྱོན་ཅན་དུ་འགྱུར་བ་དང་། །ལས་ཀྱི་རྣམ་པར་སྨིན་པ་དང་། ལས་ཀྱི་རླུང་ལ་སོགས་ཏེ་དབང་པོ་

(༢༡༦)དང་ཕུང་པོ་རྣམས་རྟེན་འབྲེལ་མ་འཛོམ་ཞིང་། །རྟེན་འབྲེལ་ཕྱིན་ཅི་ལོག་ཏུ་འགྲིག་པ་ལས་བྱུང་བ་ཡིན། །དེ་ཡི་ཕྱིར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ལས་ཀྱང་། །སེམས་ཅན་རྣམས་ནི་གནས་ལ་དགའ་ཞིང་ཡུལ་རྣམས་འདོད། །ཅེས་གསུངས་པའི་ཕྱིར་ན། ཁམས་གསུམ་གྱིས་བསྡུས་པའི་སེམས་ཅན་རབ་འབྲིང་ཐ་མ་གསུམ་ལས། །འདོད་ཁམས་གནས་རིས་ཉི་ཤུ་སྟེ། །སེམས་ཅན་དམྱལ་བ་ཞེས་བགྱི་བ་ནི། །ཉོན་མོངས་པ་ཞེ་སྡང་དབང་གིས་མི་དགེ་བ་བཅུ་དང་མཚམས་མེད་པ་ལྔ་དང་། དེ་དང་ཉེ་བ་ལྔ་དང་ལྕི་བ་བཞི་དང་། ལོག་པ་བརྒྱད་ལ་སོགས་པ་དཔག་ཏུ་མེད་པ་བགྱིས་པའི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་པ་ཡིན། །ཚ་བའི་དམྱལ་བ་བརྒྱད། །གྲང་བའི་དམྱལ་བ་བརྒྱད། །ཉི་ཚེ་དང་ཉི་འཁོར་བ་གཉིས་ཏེ་བཅོ་བརྒྱད་ལས། །སྡུག་བསྔལ་རབ་འབྲིང་ཐ་མ་གསུམ་དུ་འབྱུང་བར་བཞེད། །དེ་ལ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བའི་རྒྱུ་དང་། །དམྱལ་བར་སྐྱེ་བའི་རྐྱེན་ངན་པ་དང་། གནས་དང་ལམ་ལོག་པ་དང་། །ཡིད་དུ་མི་འོང་བའི་དམྱལ་བའི་གྲོགས་དང་། །སྡུག་བསྔལ་བ་ཡུན་རིང་དར་དྲག་པོ་རྒྱུན་ཆད་མེད་པར་མྱོངབ་དེ་སྡུག་བསྔལ་གྱི་འབྲས་བུ་ཆེན་པོ་མཐར་ཕྱིན་པ་ཡིན། །དེ་ལ་སེམས་ཅན་དམྱལ་བར་སྐྱེ་བའི་རྒྱུ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པས་བྱས། །རྐྱེན་ནི་མཚམས་མེད་པ་ལྔ་ལ་སོགས་པ་སྡིག་པ་མི་དགེ་བའི་ཚོགས་དར་དྲག་ལ་ཡུན་རིང་དུ་སྤྱད་པ་དང་། །མི་དགེ་སྤྱོད་པའི་ཡུལ་དང་ཕྲད་ཅིང་། །ཉོན་མོངས་པའི་གནས་ལ་ཆགས་པས་སེམས་ཅན་དམྱལ་བར་སྐྱེ་བའི་རྒྱུ་རྐྱེན་འཛོམ་པ་ཡིན། །དམྱལ་བ་རང་གི་གནས་ལྕགས་བསྲེགས་ཀྱི་ཁང་པ་དང་། གངས་རི་ལ་སོགས་པ་ཤིན་ཏུ་འཁྱགས་པའི་རི་བོ་དང་ལྡན་པ་དང་། །མཚོན་ཆ་སྣ་ཚོགས་ཆར་ཞིང་འབབ་པའི་གནས་ལ་སོགས་པ་རང་རང་ལ་གྲུབ་པའི་

(༢༡༧)དམྱལ་བའི་གནས་ཀྱང་རིགས་མི་གཅིག་པ་བཅོ་བརྒྱད་དུ་གསུངས་པ་སྟེ། །དམྱལ་བའི་ཁམས་ཀྱི་འཇིག་རྟེན་བྱ་བ་ཡིན། དམྱལ་བར་སྐྱེས་པའི་ས་དང་ལམ། །ལོག་པར་ཐུང་དུ་ཁྲིད་པའི་དམྱལ་བའི་གནས་དང་། །འཇིག་རྟེན་གྱི་ཁམས་དེར་སྐྱེས་ནས་ལས་ངན་པ་མ་ཟད་ཀྱི་བར་དུ་གནས་དེ་ལས་མི་ཐར་ཞིང་། དམྱལ་བ་རང་སྣང་ཡིན་པའི་ཕྱིར་དམྱལ་བའི་འཇིག་རྟེན་གྱི་ཁམས་དེ་ཕྱོགས་འདི་ན་ཡོད་བྱ་བའི་ངེས་པ་མེད་པ་འགའ་ཞིག་གི་བཞེད་པས་ཕྱོགས་དང་དཔག་ཚད་འདི་དང་འདི་ཙམ་ན་ཡོད་ཅེས་གསུང་ཞིང་འདུག་སྟེ། །དྲང་དོན་ལྡེམ་པོར་previous hit དགོངས་ཏེ་གསུངས་ next hit་ཡིན། །རིགས་སུ་སྐྱེ་བས་རིགས་མི་གཅིག་པ་མི་འདོགས་ཞིང་རིགས་མཐུན་ལྡན་ན་སྐྱེས་ཤེས་མདོ་སྡེ་དྲན་པ་ཉེར་བཞག་ནས་གསུངས་པའི་ཕྱིར་ན། །དམྱལ་ཁམས་བཅོ་བརྒྱད་དུ་སྐྱེ་བའི་ལས་སོ་སོར་བསགས་པ་དང་། །སོ་སོ་རིགས་སུ་སྐྱེ་ཞིང་དམྱལ་བའི་སྡེ་ཚན་བཅོ་བརྒྱད་དུ་གྲུབ་ཅིང་། །ཡིད་དུ་མི་འོང་བའི་ཁམས་ཆེན་པོར་ཡིད་དུ་མི་འོང་བའི་སྡུག་བསྔལ་ཆེན་པོ་མྱོང་སྟེ། །དམྱལ་བ་ལ་དམྱལ་བའི་འཁོར་གྱིས་བསྐོར་ཞིང་། །དམྱལ་བའི་ཉེ་དུ་འབྲེལ་བ་དཔག་ཏུ་མེད་པའི་ཚོགས་དང་ལྡན་པ་སྟེ། །ཚུར་སྐྱེས་པའི་དུས་ན་དགའ་བ་རྒྱ་ཆེན་པོ་དཔག་ཏུ་མེད་པ་འབྱུང་ཞིང་། །དམྱལ་བ་འཆི་བའི་དུས་ན་སྡུག་བསྔལ་མྱ་ངན་བྱུང་སྟེ། །དམྱལ་བའི་ཁམས་ཟད་ཅིང་སྟོངས་ཀྱི་དོགས་པའི་སྡུག་བསྔལ་རྒྱ་ཆེན་པོ་འབྱུང་བར་གསུངས། །དེའི་ཕྱིར་ན་སེམས་ཅན་དམྱལ་བའི་ཁམས་སུ་སྐྱེས་པ་ཡང་གནས་པ་ལ་དགའ་ཞིང་ཉོན་མོངས་པ་ལོག་པའི་ཡུལ་ལ་དགའ་ཞིང་དང་དུ་བླངས་པའི་ཕྱིར་ན་དམྱལ་བའི་སྡུག་བསྔལ་གྱི་འབྲས་བུ་རྒྱ་ཆེན་པོ་མྱོང་བ་ཡིན། །ཡི་དགས་སུ་སྐྱེས་པའི་རྒྱུ་དེ་ལྷན་ཅིག་སྐྱེས་

(༢༡༨)པའི་མ་རིག་པས་རྒྱུ་བྱས་ནས་ཉོན་མོངས་པ་འདོད་ཆགས་ཀྱི་རྐྱེན་དབང་གིས་མི་དགེ་བ་དཔག་ཏུ་མེད་པ་སྤྱད་པ་ཡིས་ཡི་དགས་ཀྱི་ཁམས་སུ་སྐྱེ་བ་ཡིན་ནོ། །དེ་ཡང་ཕྱིའི་སྒྲིབ་པ་ཅན་དང་། །ནང་གི་སྒྲིབ་པ་ཅན་དང་། །སྤྱི་མཐུན་གྱི་སྒྲིབ་པ་ཅན་དང་། །མེ་ལྕེའི་འཁོར་ལོ་ཅན་གྱི་སྒྲིབ་པ་ཅན་དང་བཞི་སྟེ། །དེ་ལྟ་བུའི་སྡུག་བསྔལ་དར་དྲག་ལ་ཡུན་རིང་བ་བཟོད་པར་དཀའ་བ་མྱོང་བ་ཡང་འདོད་ཆགས་དང་སོ་སོར་སྣ་སྐྱེ་བའི་གནས་ལ་དགའ་ཞིང་། །སྡིག་པ་མི་དགེ་བ་དར་དྲག་ལ་ཡུན་རིང་དུ་སྤྱད་པའི་ཡུལ་དང་ཡུལ་རྐྱེན་ལོག་པར་སྤྱོད་པའི་ཡུལ་རྣམས་འདོད་པ་དང་། ཡི་དགས་ཀྱི་འཇིག་རྟེན་གྱི་ཁམས་ཆེན་པོར་གྱུར་པ་ཡིན། །བྱོལ་སོང་དུ་སྐྱེ་བའི་རྒྱུ་གང་ཡིན་སྙམ་ན། །རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པ་ལས་རྐྱེན་གཏི་མུག་གིས་གཙོ་བོར་བྱས་ནས་སྡིག་པ་མི་དགེ་བ་དར་དྲག་ལ་ཡུན་རིང་དུ་སྤྱད་པ་ཡིས། །འབྲས་བུ་དུད་འགྲོ་རྣམས་སུ་གསུངས་པ་ཡང་། །མདོ་དྲན་པ་ཉེར་བར་བཞག་པའི་ནང་ན། །རིགས་མི་གཅིག་པ་འབུམ་ཚོ་བྱེ་གསུམ་བཅུ་རྩ་དྲུག་ཡོད་པར་གསུངས་ཏེ། དེ་ཡང་དབྱིངས་ན་གནས་པ་དང་། ཁ་འཐོར་བ་གཉིས་ཡིན་པ་ལས། རྐང་མངས་དང་རྐང་བཞི་པ་དང་། རྐང་གཉིས་པ་དང་། རྐང་པ་བཞིར་འདུས་པ་ཡིན། །ནམ་མཁའ་ལ་སྤྱོད་པ་དང་ས་ལ་སྤྱོད་པ་དང་། ཆུ་ལ་སྤྱོད་པ་སྟེ་བྱོལ་སོང་གི་ཁམས་ཆེན་པོར་སྐྱེ་བའི་རྒྱུ་རྐྱེན་ནི། །ལྷན་ཅིག་སྐྱེས་པའི་མ་རིག་པའི་གནས་ལ་རྒ་ཞིང་། །གཏི་མུག་ལ་སོགས་པ་སྡིག་པ་མི་དགེ་བའི་ཡུལ་རྐྱེན་འདོད་པ་ལས་བྱོལ་སོང་གི་འཇིག་རྟེན་གྱི་ཁམས་སུ་གྱུར་ཅིང་། །རྟེན་དང་རྟེན་པ་རྒྱུན་མི་འཆད་པའོ། །མིར་སྐྱེ་བའི་རྒྱུ་དང་རྐྱེན་ཅི་ལྟར་ལགས་སྙམ་ན། །ལྷན་ཅིག་སྐྱེས་པའི་མ་རིག་པའི་དབང་གིས་རྒྱུ་བྱས་ནས་དགེ་བ་དང་མི་དགེ་

(༢༡༩)བ་དང་། །ལས་དཀར་ནག་སྣ་ཚོགས་པས་རྐྱེན་བྱས་ནས་མི་བཟང་ངན་འབྲིང་གསུམ་ལ་སོགས་པ་མིའི་རིགས་རྣམས་སྐྱེས་previous hit ་ཡིན། །འགའ་ཞིག་གི་བཞེད་དགོངས next hit་ཀྱིས། །དགེ་བ་བཅུ་སྤྱོད་པས་མིར་སྐྱེ་བ་ཡིན་གསུངས་པ་ཡང་ཡོད་དེ། །དགེ་བ་བཅུ་ལས་གྲུབ་པའི་མིར་སྐྱེ་བ་དེ། ཉུང་ཟད་ཙམ་ཞིག་ཡོད་པ་ཡིན། །དེའི་ཕྱིར་ན་མི་ལ་འགྲོ་བ་རིགས་དྲུག་ཀ་ཡང་ཚང་པ་ཡིན། འཁོར་བ་དང་མྱ་ངན་པ་གཉིས་ཀ་ཡང་མི་ཡུལ་ན་ཡོད་པར་བཞེད། །མི་ལ་ཡང་རྒྱལ་རིགས་དང་། རྗེའུ་རིགས་དང་། བྲམ་ཟེ་རིགས་དང་། །རྨང་རིགས་དང་། །གདོལ་པ་རིགས་དང་ལྔའོ། །དེ་རྣམས་ཀྱང་སྔོན་བསགས་པའི་ལས་རྒྱུ་འབྲས་ཀྱིས་བཟང་ངན་འབྲིང་གསུམ་སྣ་ཚོགས་སུ་སྣང་བ་དེ་རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པའི་གནས་ལ་དགའ་ཞིང་། རྐྱེན་དགེ་སྡིག་སྣ་ཚོགས་ཀྱིས་ཡུལ་དང་ཡུལ་རྐྱེན་རྣམས་འདོད་པའི་ཕྱིར་མིའི་འཇིག་རྟེན་གྱི་ཁམས་གྲུབ་པ་ཡིན། །ལྷ་མ་ཡིན་ཞེས་བྱ་བ་དེ་ལྷའི་རིགས་སུ་བསྡུད་པ་ཡིན་ཏེ། །ཉོན་མོངས་པ་ཕྲག་དོག་གི་སྒོ་ནས་ལྷན་ཅིག་སྐྱེས་པའི་མ་རིག་པའི་དབང་གིས་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་ཤིང་། །ཞེ་སྡང་དང་འཁྲོ་འཁྲུག་དང་འཐབ་རྩོད་འདྲེས་མར་སྤྱོད་པ་རྣམས་ལྷ་མ་ཡིན་གྱི་རིགས་སུ་སྐྱེ་ཞིང་དབང་དང་སྟོབས་ཆེན་པོ་དང་ལྡན་ཏེ། །རྩུབ་འགྱུར་གྱི་ཚལ་ཆེན་པོའི་ནང་ན་འཐབ་རྩོད་རྒྱུན་ཆད་མེད་པ་ལ་ལོངས་སྤྱོད་པ་དེ། །རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པའི་གནས་ལ་དགའ་ཞིང་རྐྱེན་ཕྲག་དོག་གི་སྒོ་ནས་བསོད་ནམས་ཀྱི་ཚོགས་རྣམ་པ་སྣ་ཚོགས་དང་། །འཁྲོ་བ་དང་། འཁྲུག་པ་དང་། དགེ་སྡིག་སྣ་ཚོགས་ཟུང་འཇུག་ཏུ་སྤྱོད་པ་ཡིས་ཡུལ་དང་ཡུལ་རྐྱེན་རྣམས་གྲུབ་པར་འདོད་པ་དང་། །ལྷ་མ་ཡིན་དུ་སྐྱེས་ཞིང་

(༢༢༠)འཐབ་རྩོད། །ས་ཆེན་པོ་གྲུབ་པ་ཡིན། འདོད་ལྷ་རིགས་དྲུག་ཏུ་སྐྱེ་བའི་རྒྱུ་སྟེ། །ལྷན་ཅིག་སྐྱེ་བའི་མ་རིག་པའི་དབང་གིས་ཟག་བཅས་ཉམས་ཀྱི་ཏིང་ངེ་འཛིན་དང་། བསོད་ནམས་ཀྱི་ཚོགས་སྒྱུ་མ་དང་། རྨི་ལམ་གྱི་ཚུལ་ཙམ་དུ་ཟུང་དུ་འཇུག་ཅིང་། །ཡིད་ཀྱི་འཇིགས་པ་རྒྱུན་ཆད་མེད་པར་སྤྱོད་པ་སྟེ། །འདོད་ལྷ་རིགས་དྲུག་གི་རྒྱུ་འབྲས་ཏེ། དེ་ཡང་རབ་འབྲིང་ཐ་མ་རྣམས་ས་གསུམ་མི་དྲུག་གི་དབང་གིས་ལོངས་སྤྱོད་ཆེ་ཆུང་དང་ཚེ་རིང་ཐུང་དང་གྲོགས་དང་གཞལ་ཡས་ཀྱི་ཁང་ལ་སོགས་པ་བཟང་ངན་སྣ་ཚོགས་སུ་ཡོད་པར་གསུངས། །འདོད་ཁམས་གནས་རིགས་ཉི་ཤུ་ཞེས་བགྱི་བ་ཡང་རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པ་ལས་བྱུང་བ་ཡིན། རྐྱེན་དགེ་བ་དང་སྡིག་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་དང་། བསོད་ནམས་མ་ཡིན་པའི་ཚོགས་སྣ་ཚོགས་པ་བཅད་པའི་ཕྱིར། རིགས་མི་གཅིག་པ་ཉི་ཤུ་ལ་སོགས་པ་གྲངས་མེད་པའི་ལུས་ཅན་དུ་གྱུར་པ་ལས། །མི་དང་བྱོལ་སོང་གཉིས་ཤ་ཁྲག་གི་ལུས་ཅན་དུ་འདོད་པ་ཡིན། །དེ་མིན་རྣམས་ལས་ལས་གྲུབ་པའི་རང་སྣང་ཡིད་ལུས་ཅན་བྱ་བ་ཡིན། གཟུགས་ཁམས་གནས་རིགས་བཅུ་བདུན་དུ་སྐྱེ་བའི་རྒྱུ་ནི་མ་རིག་པའི་དབང་གིས་བསམ་གཏན་བཞིའི་ཏིང་ངེ་འཛིན་དང་། །ཚུལ་ཁྲིམས་ལ་སོགས་པ་བསོད་ནམས་ཀྱི་ཚོགས་ཆ་མཉམ་དུ་སྤྱོད་ཅིང་། གོམས་འདྲིས་མཐར་ཕྱིན་པ་རབ་འབྲིང་ཐ་མ་རིམ་པ་བཅུ་བདུན་དུ་མཐར་ཕྱིན་པར་བྱས་པས་གཟུགས་ཁམས་གནས་རིགས་བཅུ་བདུན་དུ་སྐྱེས་ཤིང་། མ་རིག་པའི་དབང་གིས་བསམ་གཏན་བཞིའི་ཏིང་ངེ་འཛིན་ལ་ཞེན་ཅིང་ཆགས་ནས། །བདེ་བ་རྒྱ་ཆེན་པོའི་ཉམས་མྱོང་རྒྱུན་ཆད་མེད་པ་ལ། །བསོད་ནམས་ཀྱི་ཚོགས་འཛིན་པ་ཆ་ཕྲའུ་ཡི་སྒོ་ནས། །ཆ་མཉམ་དུ་བསམ་པའི་སྒོ་

(༢༠༩)གླེགས་བམ་འདིར་བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་བཤད་པ་ཕུན་སུམ་ཚོགས་པ་རྒྱ་མཚོ་མཐའ་ཡས་ཞེས་བྱ་བ་བཞུགས་སོ། །དགེ་བར་གྱུར་ཅིག།

(༢༡༠)སྟོན་པ་ལྔ་ཡི་བསྟན་པ་རྒྱ་མཚོ་མཐའ་ཡས་ལ་འདུ་འབྲལ་མེད་པར་ཕྱག་འཚལ་ལོ། །previous hit དགོངས next hit་འདུལ་བ་གསང་བ་དང་། །མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །དོན་དམ་འདི་ལ་ཐེ་ཙོམ་ཟ། །ཅེས། །རྒྱུད་ཀྱི་རྒྱལ་པོ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པར་འབྱུང་བ་ལས་གསུངས་པའི་སྒྲ་དང་དོན། །བསྟན་པ་རྒྱ་མཚོ་མཐའ་ཡས་སུ། །ས་གཅོད་ཚིགས་བཅད་དུ་རྒྱས་པར་བསྟན་པ་ལས། །གང་ཟག་དབང་པོ་ཞན་པ་རྣམས་ཀྱིས་མི་གོ་དོགས་ནས་ཐེག་པ་དགུའི་སྒྲ་དང་དོན་སོ་སོར་འབྱེད་པ། ཕུན་སུམ་ཚོགས་པ་རྒྱ་མཚོ་མཐའ་ཡས་ཚིག་ལྷུག་ཏུ་སོ་སོར་འབྱེད་ཅིང་། །ཐེག་པ་དགུའི་བསྟན་བཅོས་རྒྱ་མཚོ་མཐའ་ཡས་རྩིས་མགོ་རྣམ་པ་ལྔ་ཡང་ཞོར་ལ་བསྟན་པར་བགྱིའོ། །དེ་ལ་དབང་པོ་ཡང་རབ་ཀྱིས་མཆོད་པར་བརྗོད་པ་དང་། །མཚན་ཐོས་པ་ཙམ་གྱིས་སྒྲ་དོན་རྟོགས་པར་འགྱུར་བའི་ཕྱིར་ན་རྟོགས་ཏེ་སངས་རྒྱས་མ་བྱུང་། །མ་རྟོགས་སེམས་ཅན་མ་བྱུང་བའི་དུས་སུ་འཁོར་བ་དང་མྱ་ངན་

(༢༡༡)ལས་འདས་པའི་ཆོས་ཐམས་ཅད་གང་དུའང་ཐ་སྙད་མི་འདོགས་ཤིང་དངོས་པོ་གཤིས་ཀྱི་གནས་ལུགས། །སངས་རྒྱས་དགམ་པོས་མ་བཅོས། །སེམས་ཅན་སྒྲིན་པོས་མ་སླུད། །ཀུན་གཞིའི་གཤིས་ཀྱི་གནས་ལུགས། གཤིས་འགྱུར་བ་མེད་པ། ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐམས་ཅད་དུ་ཀུན་ལ་མ་ཁྱབ་པ་མེད་པ། །མཚན་ཉིད་ཐོགས་པ་མེད་ཅིང་འགག་པ་མེད་པ། །ངོ་བོ་མཚན་ཉིད་ལྔ་ལྡན་གནས་པའི་དུས་སུ། །དཔལ་རྡོ་རྗེ་འཆང་ཀུན་ཏུ་བཟང་པོ་ཞེས་བགྱི་བ། །ཚིག་ལ་ཐ་དད་ཡོད་ཀྱང་དོན་ལ་ངོ་བོ་ཅིག་པ་དེ་ཡིས། །དགེ་བ་སྤུ་ཙམ་མ་བྱས། སྡིག་པ་སྤུ་ཙམ་ཞིག་མ་སྤངས་པར་དངོས་པོ་བཤིས་ཀྱི་གནས་ལུགས་རང་ས་ཟིན་ཅིང་། རང་གིས་རང་ངོ་ཤེས་ནས། །རང་རིག་པའི་ཡེ་ཤེས་སངས་རྒྱས་ནས་ཆོས་ཀྱི་དབྱིངས་རབ་འབྱམ་ཀུན་བཟང་ཡངས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལས་སྐུ་ལྔ་ཡོངས་སུ་རྫོགས་པའི་སངས་རྒྱས་རང་ལ་གནས་ཤིང་རང་བྱུང་དུ་རྫོགས་པའི་སངས་རྒྱས་པའི་རྒྱས་ལུགས་བསྟན་པ་ནི་དབང་པོ་ཡང་རབ་ཅིག་ཅར་བ་སྟོན་པ་བསྟན་པ་གང་ཡང་མི་དགོས་པར་སངས་རྒྱས་པའི་རྒྱ་ལུགས་བསྟན་པའོ། །རྒྱལ་བ་རིགས་རྣམ་པ་ལྔ་ཡིས་རྒྱུད་དང་གདམ་ངག་ཐུན་གཅིག་ཀྱང་མཉན་པ་མེད། །སྐྱེད་རིམ་སྐད་ཅིག་ཀྱང་མ་སྒོམ་པར་ཀུན་གཞིའི་གཤིས་ཀྱི་གནས་ལུགས་ལས་ངོ་བོ་མཚན་ཉིད་ལྔ་ལྡན་དུ་གནས་པའི་ཕྱིར། འོད་ཁ་དོག་རྣམ་པ་ལྔ་ཨོཾཱ་སྙམ་པའི་སྙམ་བྱེད་ཀྱི་ཤེས་པ་སྙམ་བྱེད་ཙམ་བྱུང་བའི་དུས་སུ། སྣང་བ་སྣ་ཚོགས་དཀར་དམར་དུ་འཆར་བ་ལས། སེམས་

(༢༡༢)སེམས་དང་སེམས་བྱུང་གི་ཚོགས་རྣམས་ལྷན་ཅིག་སྐྱེས་པའི་རང་བྱུང་གི་ཡེ་ཤེས་སུ་ཤར་ནས། ལོངས་སྤྱོད་རྫོགས་པ་རིགས་ལྔ་ཡབ་ཡུམ་བཅུར་སངས་རྒྱས་པ་ནི། །འོད་ཁ་དོག་དཀར་པོ་རྟོགས་པ་ལས་རྣམ་པར་སྣང་མཛད། །འོད་སྔོན་པོར་རིག་པ་ལས་རྡོ་རྗེ་སེམས་དཔའ་འམ། འོད་དམར་པོ་རང་རིག་རང་ཤར་དུ་ཤར་བ་ལས། །སྣང་བ་མཐའ་ཡས། །འོད་སེར་པོ་གཉིས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་ལས་རིན་ཆེན་འབྱུང་ལྡན། །འོད་ལྗང་གུ་མཚན་ཉིད་སྣ་ཚོགས་པ་ཡེ་ནས་ལྷུན་གྱིས་གྲུབ་པ་ལ་དོན་ཡོད་གྲུབ་པ། །སྣང་བའི་ཡུལ་ལྔ་འབྱུང་བ་རྣམ་པ་ལྔ་ཡིས་ཁྱབ་ཚད། །གཉིས་མེད་ཅིང་ལྷན་ཅིག་སྐྱེས་པ་རིགས་ཀྱི་ཡུམ་ལྔ། །རང་བཞིན་གནས་ཤིང་འདུ་འབྲལ་མེད་པའི་ཕྱིར་རིགས་ལྔ་ཡབ་ཡུམ་བཅུས། །ལམ་གྱི་ཡན་ལག་བརྒྱད་ཚུལ་རིག་ནས། ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་དུ་སངས་རྒྱས་པའི་རྒྱས་ལུགས་བསྟན་པ་ལས། །སྟོན་པ་བསྟན་པ་གང་ཡང་མ་མཆིས་ཤིང་། །ལོངས་སྤྱོད་རྫོགས་པའི་རིགས་ལྔ་ཡི། །དཀྱིལ་འཁོར་འབའ་ཞིག་མ་གཏོགས་པ། །སེམས་ཅན་ལ་སོགས་པ་གང་དང་གང་གི་སྣང་བ་དང་ཐ་སྙད་དང་མིང་ཙམ་ཡང་མེད་པར་གསུངས་། །དེ་ཡི་ཕྱིར་ན་རྒྱུད་ཀྱི་ནང་ནས་ཀྱང་། །ཆོས་དབྱིངས་མཐའ་དང་དབུས་མེད་པར་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་ཆེན་པོ་ཉིད་དུ་རྫོགས་ཤིང་གང་ཡང་སྒྲིབ་པ་མེད་པར་སངས་རྒྱས་རྣམས་ཀྱི་ཞལ་ཐ་ལེར་གཟིགས་ཤིང་། །སངས་རྒྱས་རྣམས་ཀྱི་སངས་རྒྱས་རྣམས་ལ་གསུངས། །སངས་རྒྱས་ཉིད་ཀྱིས་སངས་རྒྱས་ཉིད་ལ་རྡོ་རྗེ་ཐེག་པའི་གླེང་སློང་གསུངས་པའི་ཕྱིར་ན་རྒྱལ་བ་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་འདི་སྐད་ཅིག་མ་བདུན་པ་ལ་དབང་པོ་འབྲིང་མངོན་པར་རྫོགས་པར་སངས་རྒྱས་པའི་རྒྱས་ལུགས་བསྟན་པ་ལ། །སྟོན་པ་སྟན་པ་གང་ཡང་

(༢༡༣)མི་དགོས་གསུང་། ཁམས་གསུམ་པའི་སེམས་ཅན་ཅན་རྣམས་ཀྱིས་སྡིག་པ་སྤུ་ཙམ་ཅིག་མ་བྱས་པར་ཁམས་སུམ་འཁོར་བར་འཁྱམས་པའི་འཁྱམས་ལུགས་བསྟན་པ་ནི་ཀུན་གཞི་དངོས་པོ་གཤིས་ཀྱི་གནས་ལུགས་དེ་རང་བཞིན་གྱིས་མཉམ་པ། །བྲེ་ཁ་བཅད་པ་ལྟ་བུ། །དངས་ཤིང་གསལ་བ་ཤེལ་སྒོང་ལྟ་བུ། །མཐའ་ཡས་ཤིང་བསམ་གྱིས་མི་ཁྱབ། །གང་ལ་ཡང་རྟན་མ་བཅས་པ། །སྤྲིན་མེད་པའི་ནམ་མཁའ་ལྟ་བུ། གནས་ལུགས་དེ་ལྟ་བུ་དེ་ལ་ལྷན་ཅིག་སྐྱེས་པའི་མ་རིག་པས་སྒྲིབས་ནས། །དང་པོར་འོད་ཁ་དོག་རྣམ་པ་ལྔ་ཡི་སྙམ་བྱེད་བྱུང་། དེ་ནས་ཡུལ་དང་ཡུལ་ཆེན་རྣམ་པ་གཉིས་སུ་གོལ། །གཟུང་བ་དང་འཛིན་པ་ཆགས་པ་དང་སྡང་བ་སྣ་ཚོགས་ཀྱིས་འདུ་བྱེད་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པར་འཁྲུལ་ནས། གཤིས་ལ་མཚན་ཉིད་ཐོགས་པ་མེད་པ་དང་འགག་པ་མེད་པར་གནས་པའི་ཕྱིར་ན། །དང་པོར་གཟུང་རྟོག་དང་ངན་རྟོག་རྣམ་པ་གཉིས་ཀྱིས་བཞིར་བྱས་ནས། །དུག་ལྔ་ཡི་རྣམ་པར་རྟོག་པ་ལྔ། །དེས་བསྐྱེད་ནས་རྣམ་པར་རྟོག་པ་བརྒྱད་ཁྲི་བཞི་སྟོང་དུ་འཕྲོས་ནས། །རྣམ་པར་རྟོག་པ་གང་སྔ་བ་རེ་རེས་རྒྱུ་བྱས་ཤིང་འགྲོ་བ་རིགས་དྲུག་གི་ལུས་ཐ་དད་དུ་འགྱུར་བ་ཡིན། །འཇམ་དཔལ་མཚན་བརྗོད་ལས་ཀྱང་། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །ཞེས་གསུང་པའི་དོན་ཡང་། །གནས་སྐབས་འདི་རུ་previous hit དགོངས next hit་ཡིན། །རྫོགས་པ་ཆེན་པོ་ཀུན་བྱེད་རྒྱལ་པོའི་ལུང་ལས་ཀྱང་། །འཇིགས་པ་གསུམ་དང་རྟེན་པ་དྲུག །འཇིག་རྟེན་ཞེས་སུ་གྲགས་པ་ཡིན། །ཞེས་གསུང་པའི་ཕྱིར་ན་འཇིགས་པ་གསུམ་ཞེས་བྱ་བ་ནི་ཕྱི་སྣོད་གསུམ་གྱི་འཇིག་རྟེན་ལ་ཟེར་བ་སྟེ། །སེམས་ཅན་སྤྱི་མཐུན་གྱི་ལས་

(༢༡༤)ཀྱི་ཆགས་ཤིང་། །དེ་ལ་འགྲོ་བ་རིགས་དྲུག་ཟེར་ཡང་རིགས་རྣམ་པ་ལྔ་རྟན་ནས་ཁམས་གསུམ་འཁོར་བ་མྱ་ངན་གྱི་གྲོང་ཁྱེར་ཆེན་པོ་གྲུབ་པ་ཡིན། །དེ་ལ་སེམས་ཅན་དེ་རྣམས་ཐམས་ཅད་རྒྱུ་ཅི་ལས་བྱུང་། རྐྱེན་གང་གིས་བསྐྱེད་སྙམ་ན། ཀུན་གཞིའི་དངོས་པོ་གཤིས་ཀྱི་གནས་ལུགས་སྐྱེ་བ་མེད་ཅིང་འགག་པ་མེད་པ། །འགྱུར་བ་མེད་ཅིང་ངོ་བོ་མཚན་ཉིད་རྣམ་པ་ལྔ་དང་ལྡན་པ་ལས་རང་གི་རང་ངོ་མ་ཤེས་ཤིང་རང་གི་རང་མ་རིག་པས། །ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲུབས་ཤིང་སེམས་ཉིད་ཀྱི་གཤིས་རང་བཞིན་ལས་མཚན་ཉིད་ཐོག་པ་མེད་པའི་དབང་གིས་རྣམ་པར་རྟོག་པ་བན་བུན་ཙམ་དུ་ལྡང་བས། །སེམས་འབྱུང་གི་ཡུལ་སྣང་བ་དཀར་དམར་འོད་ཁ་དོག་རྣམ་པ་ལྔར་འཆར་ནས། ཡུལ་དང་ཡུལ་ཅན་གྱི་འཛིན་པ་བྱུང་། །བདག་དང་གཞན་གྱི་འཛིན་པ་དང་། །ཆགས་སྡང་གཉིས་ལ་སོགས་པའི་འཁྲུལ་སྣང་སྣ་ཚོགས་སུ་ཤར་བ་ཡིས། །ཉོན་མོངས་པ་དུག་ལྔ་ཡུལ་དང་ཡུལ་ཅན་དུ་འཆར་བ་ལས། བྱམས་པ་དང་སྡང་བ་དག་གཉན་གྱི་སྣང་བ་འབྱུང་། འདོད་ཅིང་ཆགས་པས་འདོད་ཡོན་ལྔའི་སྣང་བ་ཤར་ནས་རྣམ་པར་རྟོག་པ་ཁ་དོག་ལྔ་ཡིས་དབང་གིས་རྣམ་པར་རྟོག་པ་རེ་རེ་ལ་འགྲོ་བ་རིགས་རེ་རེར་གྱུར་ཞིང་ལས་ཀྱི་རླུང་གིས་བསྐྱེད་ནས་ཕུང་པོ་ལྔ་འབྱུང་བ་ལྔ་སྐྱེ་མཆེད་དྲུག་འཕོ་བ་དང་འདུ་བའི་དབང་དུ་བྱས་ན་རག་ལས་པའི་ས་དང་རག་ལས་པའི་ཆོས་ཀྱིས་རྒྱུད་དང་རྐྱེན་བྱས་ནས་དབང་པོ་དང་དབང་པོའི་ཡུལ་དང་། དབང་པོའི་རྟེན་དང་། དབང་པོའི་གཟུགས་དང་། དབང་པོ་འདུས་པའི་རྐྱེན་གྱིས་ཚོར་བ་སྟེ་མིག་གི་དབང་པོ་ནས་ཡིད་ཀྱི་དབང་པོའི་བར་དང་གཟུགས་ནས་ཆོས་ཀྱི་བར་དང་། མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་

(༢༡༥)ཤེས་པའི་བར་དང་། །མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་དང་། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ་ལ་སོགས་ཏེ་དབང་པོ་ལྔ་ལ་རྐང་གྲངས་སུམ་བཅུ་འབྱུང་བ་ལྔ་དང་། །ཕུང་པོ་ལྔ་དང་བཞི་དང་བཞི་བཅུ་རྟེན་འབྲེལ་བཅུ་གཉིས་དང་། །བྱེད་པའི་སྐྱེས་བུ་བཅུ་གཉིས་ཏེ་ཉི་ཤུ་རྩ་བཞིའོ། །སྤྱིར་དྲུག་བཅུར་རྩ་བཞིར་དབྱེ་བ་ཡང་སེམས་ཅན་ཀུན་ལ་ཁྱབ་ཅིང་ཐམས་ཅད་དྲུག་བཅུ་རྩ་བཞི་པོ་འདི་ལས་གྲུབ་པ་ཡིན། །གང་ཟག་བསྒོས་བཙན་གྱི་དབང་དུ་བྱས་ན་སེམས་ཅན་གཅིག་ལ་ཡང་འདི་རྣམས་ཚང་པ་ཡིན། །དེ་ཡི་ཕྱིར་ན་རྟེན་འབྲེལ་བཅུ་གཉིས་དེ་ཐམས་ཅད་ཀུན་གྱི་ཆིངས་སམ་ས་གཅོད་ལྟ་བུ་ཡིན། །བྱེད་པའི་སྐྱེས་བུ་བཅུ་གཉིས་དེ་ཐམས་ཅད་ཀུན་གྱི་བྱ་བ་སྒྲུབ་པའམ་ལས་མཁན་ལྟ་བུ་སྟེ། །སྐྱེ་མཆེད་དྲུག་དང་ཕུང་པོ་ལྔ་དང་དབང་པོ་ལྔ་དང་། །འབྱུང་བ་ལྔ་ཡིས་བསྡུས་པ་འདི་སེམས་ཅན་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཀུན་འདུས་ཀུན་གྱིས་བསྐྱེད། །ཐམས་ཅད་ངོ་བོ་གཅིག་ལ་སོ་སོར་རྫོགས་པ་དང་། །སྐྱེ་བ་དང་གནས་པ་དང་གཞོན་ཞིང་དར་ལ་བབ་པ་དང་ཡང་ཞིང་འགྱོགས་ནས་སྟོབས་དང་ལྡན་པ་དང་། །ཡོན་ཏན་དང་འབྱོར་པ་སྣ་ཚོགས་དང་ལྡན་པ་སྟེ། །བཟང་པོ་ཡོན་ཏན་དུ་མ་འབྱུང་བའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཡུལ་ལྔ་ཡིས་བསྡུས་པ་ནི་རྟེན་འབྲེལ་བཟང་པོར་འགྲིག་པ་ལས་བྱུང་ཞིང་ས་པ་ཡིན། །རྒས་ཤིང་རྒུད་པ་དང་། ངལ་ཞིང་དུབ་པ་དང་། །སྡུག་བསྔལ་བ་དང་དང་པོར་བསྐྱེད་པའི་དུས་ན་ཡང་ལྐུགས་པ་ལ་སོགས་པ་དབང་པོ་མི་ཚང་བར་འགྱུར་བ་དང་། ཕུང་པོ་དང་དབང་པོ་རྣམས་སྐྱོན་ཅན་དུ་འགྱུར་བ་དང་། །ལས་ཀྱི་རྣམ་པར་སྨིན་པ་དང་། ལས་ཀྱི་རླུང་ལ་སོགས་ཏེ་དབང་པོ་

(༢༡༦)དང་ཕུང་པོ་རྣམས་རྟེན་འབྲེལ་མ་འཛོམ་ཞིང་། །རྟེན་འབྲེལ་ཕྱིན་ཅི་ལོག་ཏུ་འགྲིག་པ་ལས་བྱུང་བ་ཡིན། །དེ་ཡི་ཕྱིར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ལས་ཀྱང་། །སེམས་ཅན་རྣམས་ནི་གནས་ལ་དགའ་ཞིང་ཡུལ་རྣམས་འདོད། །ཅེས་གསུངས་པའི་ཕྱིར་ན། ཁམས་གསུམ་གྱིས་བསྡུས་པའི་སེམས་ཅན་རབ་འབྲིང་ཐ་མ་གསུམ་ལས། །འདོད་ཁམས་གནས་རིས་ཉི་ཤུ་སྟེ། །སེམས་ཅན་དམྱལ་བ་ཞེས་བགྱི་བ་ནི། །ཉོན་མོངས་པ་ཞེ་སྡང་དབང་གིས་མི་དགེ་བ་བཅུ་དང་མཚམས་མེད་པ་ལྔ་དང་། དེ་དང་ཉེ་བ་ལྔ་དང་ལྕི་བ་བཞི་དང་། ལོག་པ་བརྒྱད་ལ་སོགས་པ་དཔག་ཏུ་མེད་པ་བགྱིས་པའི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་པ་ཡིན། །ཚ་བའི་དམྱལ་བ་བརྒྱད། །གྲང་བའི་དམྱལ་བ་བརྒྱད། །ཉི་ཚེ་དང་ཉི་འཁོར་བ་གཉིས་ཏེ་བཅོ་བརྒྱད་ལས། །སྡུག་བསྔལ་རབ་འབྲིང་ཐ་མ་གསུམ་དུ་འབྱུང་བར་བཞེད། །དེ་ལ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བའི་རྒྱུ་དང་། །དམྱལ་བར་སྐྱེ་བའི་རྐྱེན་ངན་པ་དང་། གནས་དང་ལམ་ལོག་པ་དང་། །ཡིད་དུ་མི་འོང་བའི་དམྱལ་བའི་གྲོགས་དང་། །སྡུག་བསྔལ་བ་ཡུན་རིང་དར་དྲག་པོ་རྒྱུན་ཆད་མེད་པར་མྱོངབ་དེ་སྡུག་བསྔལ་གྱི་འབྲས་བུ་ཆེན་པོ་མཐར་ཕྱིན་པ་ཡིན། །དེ་ལ་སེམས་ཅན་དམྱལ་བར་སྐྱེ་བའི་རྒྱུ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པས་བྱས། །རྐྱེན་ནི་མཚམས་མེད་པ་ལྔ་ལ་སོགས་པ་སྡིག་པ་མི་དགེ་བའི་ཚོགས་དར་དྲག་ལ་ཡུན་རིང་དུ་སྤྱད་པ་དང་། །མི་དགེ་སྤྱོད་པའི་ཡུལ་དང་ཕྲད་ཅིང་། །ཉོན་མོངས་པའི་གནས་ལ་ཆགས་པས་སེམས་ཅན་དམྱལ་བར་སྐྱེ་བའི་རྒྱུ་རྐྱེན་འཛོམ་པ་ཡིན། །དམྱལ་བ་རང་གི་གནས་ལྕགས་བསྲེགས་ཀྱི་ཁང་པ་དང་། གངས་རི་ལ་སོགས་པ་ཤིན་ཏུ་འཁྱགས་པའི་རི་བོ་དང་ལྡན་པ་དང་། །མཚོན་ཆ་སྣ་ཚོགས་ཆར་ཞིང་འབབ་པའི་གནས་ལ་སོགས་པ་རང་རང་ལ་གྲུབ་པའི་

(༢༡༧)དམྱལ་བའི་གནས་ཀྱང་རིགས་མི་གཅིག་པ་བཅོ་བརྒྱད་དུ་གསུངས་པ་སྟེ། །དམྱལ་བའི་ཁམས་ཀྱི་འཇིག་རྟེན་བྱ་བ་ཡིན། དམྱལ་བར་སྐྱེས་པའི་ས་དང་ལམ། །ལོག་པར་ཐུང་དུ་ཁྲིད་པའི་དམྱལ་བའི་གནས་དང་། །འཇིག་རྟེན་གྱི་ཁམས་དེར་སྐྱེས་ནས་ལས་ངན་པ་མ་ཟད་ཀྱི་བར་དུ་གནས་དེ་ལས་མི་ཐར་ཞིང་། དམྱལ་བ་རང་སྣང་ཡིན་པའི་ཕྱིར་དམྱལ་བའི་འཇིག་རྟེན་གྱི་ཁམས་དེ་ཕྱོགས་འདི་ན་ཡོད་བྱ་བའི་ངེས་པ་མེད་པ་འགའ་ཞིག་གི་བཞེད་པས་ཕྱོགས་དང་དཔག་ཚད་འདི་དང་འདི་ཙམ་ན་ཡོད་ཅེས་གསུང་ཞིང་འདུག་སྟེ། །དྲང་དོན་ལྡེམ་པོར་previous hit དགོངས་ཏེ་གསུངས་ next hit་ཡིན། །རིགས་སུ་སྐྱེ་བས་རིགས་མི་གཅིག་པ་མི་འདོགས་ཞིང་རིགས་མཐུན་ལྡན་ན་སྐྱེས་ཤེས་མདོ་སྡེ་དྲན་པ་ཉེར་བཞག་ནས་གསུངས་པའི་ཕྱིར་ན། །དམྱལ་ཁམས་བཅོ་བརྒྱད་དུ་སྐྱེ་བའི་ལས་སོ་སོར་བསགས་པ་དང་། །སོ་སོ་རིགས་སུ་སྐྱེ་ཞིང་དམྱལ་བའི་སྡེ་ཚན་བཅོ་བརྒྱད་དུ་གྲུབ་ཅིང་། །ཡིད་དུ་མི་འོང་བའི་ཁམས་ཆེན་པོར་ཡིད་དུ་མི་འོང་བའི་སྡུག་བསྔལ་ཆེན་པོ་མྱོང་སྟེ། །དམྱལ་བ་ལ་དམྱལ་བའི་འཁོར་གྱིས་བསྐོར་ཞིང་། །དམྱལ་བའི་ཉེ་དུ་འབྲེལ་བ་དཔག་ཏུ་མེད་པའི་ཚོགས་དང་ལྡན་པ་སྟེ། །ཚུར་སྐྱེས་པའི་དུས་ན་དགའ་བ་རྒྱ་ཆེན་པོ་དཔག་ཏུ་མེད་པ་འབྱུང་ཞིང་། །དམྱལ་བ་འཆི་བའི་དུས་ན་སྡུག་བསྔལ་མྱ་ངན་བྱུང་སྟེ། །དམྱལ་བའི་ཁམས་ཟད་ཅིང་སྟོངས་ཀྱི་དོགས་པའི་སྡུག་བསྔལ་རྒྱ་ཆེན་པོ་འབྱུང་བར་གསུངས། །དེའི་ཕྱིར་ན་སེམས་ཅན་དམྱལ་བའི་ཁམས་སུ་སྐྱེས་པ་ཡང་གནས་པ་ལ་དགའ་ཞིང་ཉོན་མོངས་པ་ལོག་པའི་ཡུལ་ལ་དགའ་ཞིང་དང་དུ་བླངས་པའི་ཕྱིར་ན་དམྱལ་བའི་སྡུག་བསྔལ་གྱི་འབྲས་བུ་རྒྱ་ཆེན་པོ་མྱོང་བ་ཡིན། །ཡི་དགས་སུ་སྐྱེས་པའི་རྒྱུ་དེ་ལྷན་ཅིག་སྐྱེས་

(༢༡༨)པའི་མ་རིག་པས་རྒྱུ་བྱས་ནས་ཉོན་མོངས་པ་འདོད་ཆགས་ཀྱི་རྐྱེན་དབང་གིས་མི་དགེ་བ་དཔག་ཏུ་མེད་པ་སྤྱད་པ་ཡིས་ཡི་དགས་ཀྱི་ཁམས་སུ་སྐྱེ་བ་ཡིན་ནོ། །དེ་ཡང་ཕྱིའི་སྒྲིབ་པ་ཅན་དང་། །ནང་གི་སྒྲིབ་པ་ཅན་དང་། །སྤྱི་མཐུན་གྱི་སྒྲིབ་པ་ཅན་དང་། །མེ་ལྕེའི་འཁོར་ལོ་ཅན་གྱི་སྒྲིབ་པ་ཅན་དང་བཞི་སྟེ། །དེ་ལྟ་བུའི་སྡུག་བསྔལ་དར་དྲག་ལ་ཡུན་རིང་བ་བཟོད་པར་དཀའ་བ་མྱོང་བ་ཡང་འདོད་ཆགས་དང་སོ་སོར་སྣ་སྐྱེ་བའི་གནས་ལ་དགའ་ཞིང་། །སྡིག་པ་མི་དགེ་བ་དར་དྲག་ལ་ཡུན་རིང་དུ་སྤྱད་པའི་ཡུལ་དང་ཡུལ་རྐྱེན་ལོག་པར་སྤྱོད་པའི་ཡུལ་རྣམས་འདོད་པ་དང་། ཡི་དགས་ཀྱི་འཇིག་རྟེན་གྱི་ཁམས་ཆེན་པོར་གྱུར་པ་ཡིན། །བྱོལ་སོང་དུ་སྐྱེ་བའི་རྒྱུ་གང་ཡིན་སྙམ་ན། །རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པ་ལས་རྐྱེན་གཏི་མུག་གིས་གཙོ་བོར་བྱས་ནས་སྡིག་པ་མི་དགེ་བ་དར་དྲག་ལ་ཡུན་རིང་དུ་སྤྱད་པ་ཡིས། །འབྲས་བུ་དུད་འགྲོ་རྣམས་སུ་གསུངས་པ་ཡང་། །མདོ་དྲན་པ་ཉེར་བར་བཞག་པའི་ནང་ན། །རིགས་མི་གཅིག་པ་འབུམ་ཚོ་བྱེ་བ་སུམ་བཅུ་རྩ་དྲུག་ཡོད་པར་གསུངས་ཏེ། དེ་ཡང་དབྱིངས་ན་གནས་པ་དང་། ཁ་འཐོར་བ་གཉིས་ཡིན་པ་ལས། རྐང་མངས་དང་རྐང་བཞི་པ་དང་། རྐང་གཉིས་པ་དང་། རྐང་པ་བཞིར་འདུས་པ་ཡིན། །ནམ་མཁའ་ལ་སྤྱོད་པ་དང་ས་ལ་སྤྱོད་པ་དང་། ཆུ་ལ་སྤྱོད་པ་སྟེ་བྱོལ་སོང་གི་ཁམས་ཆེན་པོར་སྐྱེ་བའི་རྒྱུ་རྐྱེན་ནི། །ལྷན་ཅིག་སྐྱེས་པའི་མ་རིག་པའི་གནས་ལ་རྒ་ཞིང་། །གཏི་མུག་ལ་སོགས་པ་སྡིག་པ་མི་དགེ་བའི་ཡུལ་རྐྱེན་འདོད་པ་ལས་བྱོལ་སོང་གི་འཇིག་རྟེན་གྱི་ཁམས་སུ་གྱུར་ཅིང་། །རྟེན་དང་རྟེན་པ་རྒྱུན་མི་འཆད་པའོ། །མིར་སྐྱེ་བའི་རྒྱུ་དང་རྐྱེན་ཅི་ལྟར་ལགས་སྙམ་ན། །ལྷན་ཅིག་སྐྱེས་པའི་མ་རིག་པའི་དབང་གིས་རྒྱུ་བྱས་ནས་དགེ་བ་དང་མི་དགེ་

(༢༡༩)བ་དང་། །ལས་དཀར་ནག་སྣ་ཚོགས་པས་རྐྱེན་བྱས་ནས་མི་བཟང་ངན་འབྲིང་གསུམ་ལ་སོགས་པ་མིའི་རིགས་རྣམས་སྐྱེས་previous hit ་ཡིན། །འགའ་ཞིག་གི་བཞེད་དགོངས next hit་ཀྱིས། །དགེ་བ་བཅུ་སྤྱོད་པས་མིར་སྐྱེ་བ་ཡིན་གསུངས་པ་ཡང་ཡོད་དེ། །དགེ་བ་བཅུ་ལས་གྲུབ་པའི་མིར་སྐྱེ་བ་དེ། ཉུང་ཟད་ཙམ་ཞིག་ཡོད་པ་ཡིན། །དེའི་ཕྱིར་ན་མི་ལ་འགྲོ་བ་རིགས་དྲུག་ཀ་ཡང་ཚང་པ་ཡིན། འཁོར་བ་དང་མྱ་ངན་པ་གཉིས་ཀ་ཡང་མི་ཡུལ་ན་ཡོད་པར་བཞེད། །མི་ལ་ཡང་རྒྱལ་རིགས་དང་། རྗེའུ་རིགས་དང་། བྲམ་ཟེ་རིགས་དང་། །རྨང་རིགས་དང་། །གདོལ་པ་རིགས་དང་ལྔའོ། །དེ་རྣམས་ཀྱང་སྔོན་བསགས་པའི་ལས་རྒྱུ་འབྲས་ཀྱིས་བཟང་ངན་འབྲིང་གསུམ་སྣ་ཚོགས་སུ་སྣང་བ་དེ་རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པའི་གནས་ལ་དགའ་ཞིང་། རྐྱེན་དགེ་སྡིག་སྣ་ཚོགས་ཀྱིས་ཡུལ་དང་ཡུལ་རྐྱེན་རྣམས་འདོད་པའི་ཕྱིར་མིའི་འཇིག་རྟེན་གྱི་ཁམས་གྲུབ་པ་ཡིན། །ལྷ་མ་ཡིན་ཞེས་བྱ་བ་དེ་ལྷའི་རིགས་སུ་བསྡུད་པ་ཡིན་ཏེ། །ཉོན་མོངས་པ་ཕྲག་དོག་གི་སྒོ་ནས་ལྷན་ཅིག་སྐྱེས་པའི་མ་རིག་པའི་དབང་གིས་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་ཤིང་། །ཞེ་སྡང་དང་འཁྲོ་འཁྲུག་དང་འཐབ་རྩོད་འདྲེས་མར་སྤྱོད་པ་རྣམས་ལྷ་མ་ཡིན་གྱི་རིགས་སུ་སྐྱེ་ཞིང་དབང་དང་སྟོབས་ཆེན་པོ་དང་ལྡན་ཏེ། །རྩུབ་འགྱུར་གྱི་ཚལ་ཆེན་པོའི་ནང་ན་འཐབ་རྩོད་རྒྱུན་ཆད་མེད་པ་ལ་ལོངས་སྤྱོད་པ་དེ། །རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པའི་གནས་ལ་དགའ་ཞིང་རྐྱེན་ཕྲག་དོག་གི་སྒོ་ནས་བསོད་ནམས་ཀྱི་ཚོགས་རྣམ་པ་སྣ་ཚོགས་དང་། །འཁྲོ་བ་དང་། འཁྲུག་པ་དང་། དགེ་སྡིག་སྣ་ཚོགས་ཟུང་འཇུག་ཏུ་སྤྱོད་པ་ཡིས་ཡུལ་དང་ཡུལ་རྐྱེན་རྣམས་གྲུབ་པར་འདོད་པ་དང་། །ལྷ་མ་ཡིན་དུ་སྐྱེས་ཞིང་

(༢༢༠)འཐབ་རྩོད། །ས་ཆེན་པོ་གྲུབ་པ་ཡིན། འདོད་ལྷ་རིགས་དྲུག་ཏུ་སྐྱེ་བའི་རྒྱུ་སྟེ། །ལྷན་ཅིག་སྐྱེ་བའི་མ་རིག་པའི་དབང་གིས་ཟག་བཅས་ཉམས་ཀྱི་ཏིང་ངེ་འཛིན་དང་། བསོད་ནམས་ཀྱི་ཚོགས་སྒྱུ་མ་དང་། རྨི་ལམ་གྱི་ཚུལ་ཙམ་དུ་ཟུང་དུ་འཇུག་ཅིང་། །ཡིད་ཀྱི་འཇིགས་པ་རྒྱུན་ཆད་མེད་པར་སྤྱོད་པ་སྟེ། །འདོད་ལྷ་རིགས་དྲུག་གི་རྒྱུ་འབྲས་ཏེ། དེ་ཡང་རབ་འབྲིང་ཐ་མ་རྣམས་ས་གསུམ་མི་དྲུག་གི་དབང་གིས་ལོངས་སྤྱོད་ཆེ་ཆུང་དང་ཚེ་རིང་ཐུང་དང་གྲོགས་དང་གཞལ་ཡས་ཀྱི་ཁང་ལ་སོགས་པ་བཟང་ངན་སྣ་ཚོགས་སུ་ཡོད་པར་གསུངས། །འདོད་ཁམས་གནས་རིགས་ཉི་ཤུ་ཞེས་བགྱི་བ་ཡང་རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པ་ལས་བྱུང་བ་ཡིན། རྐྱེན་དགེ་བ་དང་སྡིག་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་དང་། བསོད་ནམས་མ་ཡིན་པའི་ཚོགས་སྣ་ཚོགས་པ་བཅད་པའི་ཕྱིར། རིགས་མི་གཅིག་པ་ཉི་ཤུ་ལ་སོགས་པ་གྲངས་མེད་པའི་ལུས་ཅན་དུ་གྱུར་པ་ལས། །མི་དང་བྱོལ་སོང་གཉིས་ཤ་ཁྲག་གི་ལུས་ཅན་དུ་འདོད་པ་ཡིན། །དེ་མིན་རྣམས་ལས་ལས་གྲུབ་པའི་རང་སྣང་ཡིད་ལུས་ཅན་བྱ་བ་ཡིན། གཟུགས་ཁམས་གནས་རིགས་བཅུ་བདུན་དུ་སྐྱེ་བའི་རྒྱུ་ནི་མ་རིག་པའི་དབང་གིས་བསམ་གཏན་བཞིའི་ཏིང་ངེ་འཛིན་དང་། །ཚུལ་ཁྲིམས་ལ་སོགས་པ་བསོད་ནམས་ཀྱི་ཚོགས་ཆ་མཉམ་དུ་སྤྱོད་ཅིང་། གོམས་འདྲིས་མཐར་ཕྱིན་པ་རབ་འབྲིང་ཐ་མ་རིམ་པ་བཅུ་བདུན་དུ་མཐར་ཕྱིན་པར་བྱས་པས་གཟུགས་ཁམས་གནས་རིགས་བཅུ་བདུན་དུ་སྐྱེས་ཤིང་། མ་རིག་པའི་དབང་གིས་བསམ་གཏན་བཞིའི་ཏིང་ངེ་འཛིན་ལ་ཞེན་ཅིང་ཆགས་ནས། །བདེ་བ་རྒྱ་ཆེན་པོའི་ཉམས་མྱོང་རྒྱུན་ཆད་མེད་པ་ལ། །བསོད་ནམས་ཀྱི་ཚོགས་འཛིན་པ་ཆ་ཕྲའུ་ཡི་སྒོ་ནས། །ཆ་མཉམ་དུ་བསམ་པའི་སྒོ་

(༢༢༡)ནས་ལོངས་སྤྱོད་རྒྱ་ཆེན་པོ་མྱོང་བ་ནི་དྲན་པ་ཉེ་བར་བཞག་པའི་ལུང་ལས། །བསམ་གཏན་བཞི་དག་བསྒོམ་ཤིང་མཐར་ཕྱིན་པའི་གཟུགས་ཁམས་གནས་རིགས་བཅུ་བདུན་ལྷ་ང་རྒྱལ་ཤིན་ཏུ་ཆེ་བའི་ཕྱིར། །ལོངས་སྤྱོད་རྫོགས་པ་ཡིན་སྙམ་བྱེད། །ལོངས་སྤྱོད་རྫོགས་དང་ཆ་ལུགས་མཐུན། །ནམ་ཞིག་ཏིང་ངེ་འཛིན་ཡལ་བ་ན། །བསོད་ནམས་ཚོགས་བསགས་ཟད་པའི་དུས། །འཇིགས་དང་མྱ་ངན་ཆེན་པོ་སྐྱེ། །ཡར་འཕོ་མར་འཕོ་གཉིས་ཀ་བྱེད། །ཅེས་གསུངས་སོ། །གཟུགས་ཁམས་གནས་རིས་བཅུ་བདུན་གྱི་ལྷ་འདི་རྣམས་ཀྱང་། རིགས་མཐུན་པ་རྣམས་གནས་གཅིག་ན་སྐྱེ་བ་སྟེ། བསམ་གཏན་གྱི་བྱེ་བྲག་དང་བསོད་ནམས་ཀྱི་ཚོགས་རྒྱ་ཆེ་ཆུང་བསགས་པའི་རིམ་པ་ཡིས་གཟུགས་ཁམས་གནས་རིས་བཅུ་བདུན་དུ་བྱུང་བ་སྟེ། །བསམ་གཏན་ཉམས་སུ་མྱོང་བའི་འོད་ཀྱི་ལུས་དང་། །གནས་དང་གྲོགས་དང་ཚེ་ཕུན་སུམ་ཚོགས་པ་དང་། །རང་བཞིན་བསོད་ནམས་བསགས་པའི་ལས་ལས་གྲུབ་པའི་སྣང་བ་ཕུན་སུམ་ཚོགས་པ་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པ། །སྲིད་པ་གསུམ་གྱི་བར་པ། །གཟུགས་ཁམས་ཀྱི་ལྷ་འདི་རྣམས་ཀྱང་བདེ་བ་བསམ་གྱིས་མི་ཁྱབ་པ་ཡོད་པར་འདུག་པ་དེ་ཡང་ཟག་བཅས་ཀྱི་ཏིང་ངེ་འཛིན་དང་། བསོད་ནམས་ཀྱི་ཚོགས་ཆ་མཉམ་དུ་རྫོགས་པའི་འབྲས་བུ་སྟེ། །འདི་ཡང་ནམ་ཞིག་འཇིགས་པའི་དུས་ཚོད་ཡོད་པའི་ཕྱིར་ན་སྲིད་པ་བར་མའི་འཇིག་རྟེན་གྱི་ཁམས། བདེ་བ་སྤྱོད་པ་འོད་ཀྱི་གནས། །འོག་མིན་གྱི་གནས་མན་ཆོད་དང་། །ཚངས་རིས་ཀྱི་ལྷ་ཡན་ཆོད་ཀྱི་བར་དུ་འཇིག་པ་དང་། །རྟེན་པ་གཉིས་ཀྱི་ཚུལ་དུ་སྣང་སྟེ། འོད་ཀྱི་གཞལ་ཡས་ཀྱི་ཁང་དང་། །འོད་ལྟ་བུའི་ཞིང་ཁམས་ལ་འོད་ལྟ་བུའི་ལུས་

(༢༢༢)ཅན་གྱི་ལྷ་དང་ལྷ་མོའི་ཚོགས་རྣམས་བརྟེན་པ་སྟེ། །དེ་ལྟ་བུར་སྐྱེ་བའི་རྒྱུ་ཡང་མ་རིག་པའི་དབང་གིས་བསམ་གཏན་བཞིའི་ཏིང་ངེ་འཛིན་གྱི་གནས་ལ་དགའ་ཞིང་། །འདོད་ཡོན་རྣམ་པ་སྣ་ཚོགས་པ་སྤྱོད་པའི་ཡུལ་རྣམས་འདོད་པའི་ཕྱིར་ན་སྲིད་པ་བར་མའི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བ་ཡང་གནས་ལ་དགའ་ཞིང་ཡུལ་རྣམས་འདོད་པའི་རྒྱུ་འབྲས་ཀྱིས་གཟུགས་ཁམས་གནས་རིགས་བཅུ་བདུན་དུ་འདོད་པ་ཡིན། །གཟུགས་མེད་སྐྱེ་མཆེད་མུ་བཞིར་སྐྱེ་བའི་རྒྱུ་ཡང་། །རྐྱེན་གང་ཡིན་སྙམ་ན། །རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲིབ་ཤིང་། རྐྱེན་རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམ་པར་འཇུག་ཅིང་། །བསོད་ནམས་ཀྱི་ཚོགས་ཆ་མཉམ་དུ་བསགས་པའི་རྐྱེན་གྱིས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། །ཅུང་ཟད་མེད་པའི་སྐྱེ་མཆེད་དང་། །འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་གྱི་བར་དང་། གཟུགས་མེད་སྐྱེ་མཆེད་མུ་བཞིར་སྐྱེ་བའི་རྒྱུ་དང་རྐྱེན་དང་ལས་དང་ཏིང་ངེ་འཛིན་དང་འབྲས་བུ་ཡོངས་སུ་གྲུབ་པ་དང་། །སྲིད་པའི་རྩེ་མོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་སྟེ། །སྙམ་བྱེད་ཡིད་ཀྱི་གནས་ལ་ཡིད་ཀྱི་ལུས་ཅན་རྣམས་བརྟེན་པ་སྟེ། །མི་རྟག་ཅིང་མི་རྟན་ལ། སྟེང་འོག་ཀུན་དུ་ཁྱབ་ཅིང་ཡོད་པའི་ཕྱིར་རོ། །གནས་ཕྱོགས་གཅིག་པའི་ངེས་པ་མེད། །སྲིད་པ་གསུམ་དུ་རྟོགས་པ་ལས། །འདི་བཞི་བས་ཚེ་རིང་བ་མེད་པའི་ཕྱིར་ན། །ལྷ་ཚེ་རིང་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །ལས་བརྒྱ་པའི་ལུང་ལས་ཀྱང་། །གཟུགས་མེད་ཁམས་ཀྱི་ཡིད་ལུས་ཀྱང་། །འཆི་མེད་ཆོས་སྐུ་རྟོགས་སྙམ་བྱེད། །ནམ་ཞིག་ཏིང་འཛིན་ཡལ་བ་དང་། །བསོད་ནམས་ཚོགས་ཀྱང་འགྲིབ་དུས་སུ། །ལོག་ལྟ་

(༢༢༣)ཐེ་ཙོམ་ཟ། །ཡར་འཕོ་མར་འཕོ་གཉིས་ཀ་འབྱུང་། །ཞེས་གསུངས་པའི་དོན་ཡང་། ཡིད་ལ་ཅུང་ཟད་བྱེད་པ་བཞི་དང་མ་བྲལ་བའི་ཕྱིར་ན། འཆི་བ་དང་འཕོ་བ་དང་ལྷུང་བའི་འཇིགས་པ་མང་པོ་འབྱུང་བ་སྟེ། །སྙམ་བྱེད་ཆ་ཕྲའུ་རེ་རེས་ཀྱང་སྲིད་པའི་རྩེ་མོར་ལྷུང་བ་སྟེ། །སྐྱེ་མཆེད་མུ་བཞིའི་རྒྱུ་འབྲས་སོགས། །ལྷན་ཅིག་སྐྱེས་པའི་མ་རིག་པ་ཆ་ཕྲ་བུས་བསྒྲིབས་ཤིང་། །གཟུགས་མེད་བཞི་དང་རྣམ་ཐར་བརྒྱད་ལ་སྙོམས་པར་འཇུག་ཅིང་གནས་པར་རྒ་བའི་ཕྱིར་བསོད་ནམས་ཀྱི་ཚོགས་དང་སྙམ་བྱེད་ཀྱི་འཇིག་པ་བྲལ་དོགས་པའི་རྐྱེན་གྱི། ཡུལ་དང་ཡུལ་ཅན་རྣམས་ལ་དགའ་བའི་ཕྱིར་གཟུགས་མེད་སྐྱེ་མཆེད་མུ་བཞི་ཡང་། གནས་ལ་དགའ་ཞིང་ཡུལ་རྣམས་འདོད་པའི་རྒྱུ་དང་འབྲས་བུ་སྟེ། །སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱང་སྐྱེ་གནས་བཞི་རུ་འདུས་པ་སྟེ། །རྫུས་ཏེ་སྐྱེས་པ་དང་། །དྲོད་གཤེར་ལས་སྐྱེས་པ་དང་། །སྒོ་ང་ལས་སྐྱེས་པ་དང་། །མངལ་ལས་སྐྱེས་པ་དང་། །བར་དོ་འཁྱམས་པ་དང་ལྔར་བཞེད་པ་ཡིན། །མདོ་སྡེ་ལས་བརྒྱ་པའི་ལུང་ལས། །ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པའི་དོན་ཡང་འགྲོ་བ་རིགས་དྲུག་གང་དང་གང་དུ་སྐྱེ་བ་ཡིས། །ལས་དང་ལས་ཀྱི་རྣམ་པར་སྨིན་པ་དཀར་བ་དང་ནག་པའི་རྒྱུ་ཅི་ལྟར་ཡོད་པ་བཞིན་དུ་ནམ་ཡང་ཆུད་མི་ཟ་བར་རྒྱུ་རྐྱེན་འཛོམ་པའི་དུས་རིགས་དྲུག་སོ་སོའི་གནས་སུ་སྐྱེ་ཞིང་། །བདེ་བ་དང་སྡུག་བསྔལ་མྱོང་བ་སྟེ། །འབྲས་བུ་སྣ་ཚོགས་སུ་སྨིན་པར་འགྱུར་བའི་ཕྱིར་ན། ཁམས་གསུམ་པ་ཞེས་བྱ་བ་དེ། །རྒྱུ་མ་རིག་པ་ལས་བྱུང་། རྐྱེན་ལས་དགེ་སྡིག་གིས་

(༢༢༤)བསྐྱེད་པ་སྟེ། །ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པའི་མདོ་ལས། །ཅི་ལྟར་ཡིད་ལ་བྱེད་པ་སྣ་ཚོགས་ཡོད་ཀྱི་བར། །ལུས་ཅན་སྣ་ཚོགས་འབྱུང་བར་འགྱུར། །ཅི་ལྟར་ཡིད་ལ་མི་བྱེད་ཅིང་གནས་ལུགས་བདེན་པ་མཐོང་ལགས་ན། །ལུས་ཅན་འབྱུང་བར་གང་ན་འགྱུར། །ཞེས་གསུངས་པའི་དོན་ཡང་། །ཡིད་ལ་བྱེད་པ་ཐམས་ཅད་འཁོར་བའི་རྒྱུ་འབྲས་ཡིན། །ཡིད་ལ་མི་བྱེད་ཅིང་གནས་ལུགས་དོན་དམ་པའི་བདེན་པ་མཐོང་བ་སངས་རྒྱས་རྣམས་ཀྱི་previous hit དགོངས next hit་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ན་འཁོར་བ་དང་མྱ་ངན་ལས་འདས་པའི་ས་མཚམས་དེ་ཡིད་ལ་བྱེད་པའང་མི་བྱེད་པ་འདི་གཉིས་ཀྱི་བར་ན་ཡོད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ལས། །ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། དཀར་པོ་ཆོས་ལ་དམིགས་པའང་དེ་འདྲར་རྒྱལ་བས་གསུངས། །ཞེས་པའི་དོན་ནི། །བཟང་རྟོག་སྣ་ཚོགས་ཀྱི་སྒོ་ནས་ཡིད་ལ་བྱེད་ཅིང་དམིགས་པའི་དུ་ཤེས་ཀྱིས་བསོད་ནམས་ཀྱི་ཚོགས་རབ་འབྲིང་ཐ་མ་རྒྱ་ཆེན་པོ་བསགས་པ་དང་། མཐོ་རིས་གནས་གསུམ་དུ་སྐྱེ་བའི་རྒྱུ་ཡིན། །དེ་ཡང་འཇིག་རྟེན་ལས་མི་འདའ་བའི་ཕྱིར་ན་དུག་ཟོས་རྩད་སྲོག་དང་བྲལ་བར་བྱེད་པ་བཞིན་ནོ། །བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་སྲོག་དང་ཕྲལ་ནས་མཐོ་རིས་གནས་གསུམ་དུ་ལྟ་བུ། འབར་བྱེད་སའི་ཕྱིར་ན་ངན་སོང་དུ་མ་ལྷུང་ཡང་འཁོར་བ་ལས་མ་འདས་པའི་ཕྱིར་ན་ཡིད་ལ་བྱེད་པ་ལྟུང་བ་འབྱུང་བའི་རྒྱུ་ཡིན། །ཞེས་པའི་དོན་ཡང་འདི་ལ་previous hit དགོངས next hit་ཡིན། །ངན་པའི་རྟོག་པ་རྣམ་པ་སྣ་ཚོགས་པ་ཡིད་ལ་བྱེད་ཅིང་མི་དགེ་བ་རྒྱུན་ཆད་མེད་པར་སྒྲུབ་དེ། །ངན་སོང་གསུམ་དུ་སྡུག་བསྔལ་བསྐྱེད་པར་བྱེད་པའི་རྒྱུ་དང་རྐྱེན་དང་

(༢༢༥)སྲོག་ཡིན་ཏེ། །ཡིད་ལ་བྱེད་པ་དཀར་ནག་གཉིས་ཀྱིས་མཐོ་རིས་དང་ངན་སོང་གི་བདེ་སྡུག་གཉིས་སྒྲུབ་པ་ཡིན། །སྤྱིར་ཁམས་གསུམ་པའི་སེམས་ཅན་འདི་རྣམས་ཐམས་ཅད་དངོས་པོ་གཤིས་ཀྱི་གནས་ལུགས། ཀུན་གཞི་ཀུན་འབྱུང་བའི་གནས་དེ་མ་རྟོགས་པའི་དོན་གྱི་ནི་དང་པོ་སྡིག་པ་སྤུ་ཙམ་མ་བྱས་ཀྱང་ཁམས་སུམ་དུ་འཁོར་བ་རྒྱུད་དྲུག་ཏུ་འཁྱམས་ཤིང་སེམས་ཅན་སྤྱི་མཐུན་གྱི་ལས་དང་གང་ཟག་སྒོ་ཙན་གྱི་ལས་ཀྱིས་རྒྱ་ཆེ་བའི་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་རྟེན་དང་བརྟེན་པའི་ཚུལ་དུ་གནས་ཤིང་ཆགས་པ་དང་། །ནང་བཅུད་ཀྱི་སེམས་ཅན་རང་རང་གི་ལུས་སེམས་གཉིས། །རྟེན་དང་བརྟེན་པའི་ཚུལ་དུ་གནས་ཏེ། །དེ་ལྟར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུས་པ་ལས། །མཁའ་ལ་རླུང་རྟེན་དེ་ལ་ཆུ་ཡི་ཕུང་པོ་རྟེན། །དེ་ལ་ས་ཆེན་འདི་རྟེན་དེ་ལ་འགྲོ་བ་འདི་དག་བརྟེན། །སེམས་ཅན་ལས་ལ་སྤྱོད་པའི་རྒྱུ་ནི་འདི་འདྲ་སྟེ། །ཞེས་པ་དང་། རྟ་མགྲིན་རྣམ་པ་བཀོད་པའི་བཞེད་ཀྱིས་ཀྱང་ནི། །ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་དང་། ནང་བཅུད་ཀྱི་འགྲོ་བ་འདི་རྣམས་ཀྱང་། །སྟེང་ནས་མར་ལ་ཆགས་པར་འདོད་པ་སྟེ། །ཆུ་མར་ལ་བྲི་བའི་རླབས་ཀྱི་རིམ་པ་ལས། །ལྷ་གནས་མན་ཆོད་རིམ་གྱིས་ཆགས་པར་འདོད་པ་ཡིན། །དྲན་པ་ཉེ་བར་བཞག་པའི་དབང་དུ་བྱས་ན་སེམས་ཅན་སྤྱི་མཐུན་གྱི་ལས་ཀྱིས་འདོད་ཁམས་གནས་རིགས་ཉི་ཤུ་མན་ཆད་དེ་ཐམས་ཅད་རང་གི་རང་སྣང་གིས་ཕྱི་གནོད་ནང་བཅུད་བཟང་ངན་ཐམས་ཅད་ཀུན་དུས་གཅིག་ལ་ཆགས་པར་འདོད་པ་ཡིན། །འཇིག་རྟེན་བསྟན་པ་དང་བཞག་པའི་ལུགས་ཀྱིས། །དེ་ལ་སྣོད་ཀྱི་འཇིག་རྟེན་གྱིས། །གནས་པར་འདོད་པའི་འོག་དག་གི། །རླུང་གི་དཀྱིལ་འཁོར་རྔམས་སུ་ནི། །ས་ཡ་དྲུག་འབུམ་གྲངས་མེད་དོ། །ཆུ་རྔམས་འབུམ་ཕྲག་བཅུ་གཅིག་དང་། །སྟོང་

(༢༢༦)ཕྲག་གསུམ་དང་བརྒྱ་ཕྲག་ནི། །ཕྱེད་དང་ལྔ་རྣམས་ཁོ་ནའོ། །ཕྱིས་ནི་རྔམས་སུ་འབུམ་ཕྲག་བརྒྱད། །ལྷག་མ་དག་ནི་གསེར་དུ་འགྱུར། །དབུས་ཀྱི་རི་བོ་མཆོག་རབ་ནི། །དཔག་ཚད་འབུམ་དང་དྲུག་ཁྲི་སྟེ། །གླིང་བཞི་གླིང་ཕྲན་བཅས་པ་དང་། །ལྕགས་རི་མུ་ཁྱུད་གཅིག་གིས་བསྐོར། །ཚད་རྣམས་རྒྱས་པར་གསུངས་པ་ཡང་། །ཕྱི་སྣོད་ཀྱི་འཇིག་རྟེན་སྐད་པ་དེ། །ནང་བཅུད་ཀྱི་འགྲོ་བ་སེམས་ཅན་རྣམས། །འོད་གསལ་ལྷ་ཡི་རིགས་ལས་ནི། །རིམ་གྱིས་མར་ལ་འགྲོ་བར་བཞེད། །ནམ་མཁའ་ཞེས་པ་ནི་སྲིད་པ་འབྱུང་བའི་ནམ་མཁའ་སྟེ། །གང་དང་གང་གིས་ཀྱང་མ་བྱས་པར་རྒྱུ་དང་རྐྱེན་གྱིས་མ་སྐྱེད་ཅིང་། །སྟེང་འོག་ཕྱོགས་མཚམས་ཀུན་དུ་ཁྱབ་པ། དངོས་པོ་དང་མཚན་མར་མ་གྲུབ་ཅིང་རྟེན་གང་ལ་ཡང་མ་བཅས་པར་དེ་ནི་སྟོང་པ་ཉིད་ཕྱལ་ཆད་ཀྱི་ནམ་མཁའ་ཞེས་བྱ་བ་ཡིན། །རླུང་ཞེས་བྱ་བ་ནི་སྲིད་པ་འབྱུང་བའི་རླུང་། །དེ་ཡང་རྣམ་པ་བརྟེན་ཞིང་གཡོ་འགུལ་མེད་པའི་རླུང་དང་ཕྱོགས་ཀུན་ཏུ་ཁྱབ་ཅིང་རྒྱུ་བའི་རླུང་སྟེ་འོག་གི་ཕྱོགས་ན་གནས་པའི་རླུང་རྡོ་རྗེ་རྒྱ་གྲམ་དེ་བརྟེན་ཞིང་གཡོ་འགུལ་མེད་པ། རྔམས་སུ་དཔག་ཚད་ས་ཡ་དྲུག་འབུམ་གྲངས་པ། །མཐའ་སྐོར་དུ་ཚད་ཞལ་དུ་མེད་ཅིང་དཔག་ཏུ་མེད་པའོ། །དེའི་སྟེང་ན་ཆུ་ཡི་དཀྱིལ་འཁོར་ཆེན་པོ་རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་། །སྟོང་ཕྲག་གསུམ་དང་བརྒྱ་ཕྲག་དག །ཕྱེད་དང་ལྔ་རྣམས་ཁོ་ནའོ། །དབང་ཆེན་གསེར་གྱི་ས་གཞི་ལ་དཔག་ཚད་འབུམ་ཕྲག་བརྒྱད་དང་། ལྷག་མ་རྣམས་ནི་ཞེས་བྱ་བ་ནི་སའི་ཁམས་རྣམས་ཡིན། །ཀུན་ཏུ་གཡོ་བར་བྱེད་པའི་རླུང་གིས་རྒྱ་མཚོ་བསྲུབས་པའི་སྲིས་མ་ལྟ་བུ་སྟེ། །གསེར་དང་རིན་པོ་ཆེ་སྣ་ཚོགས་དང་ས་རྡོ་རྣམས་ཡིན་གསུངས་པ་ཡང་འདུག །རི་བོ་མཆོག་

(༢༢༧)རབ་ལ་དཔག་ཚད་འབུམ་དང་དྲུག་ཁྲི་ཡོད་པ་ལས། །དྲུག་ཁྲི་ཆུ་ལ་མར་ནུབ་ཅིང་འབུམ་ཡར་མངོན་པ་ཡིན་པར་འདོད་པ་ཡིན། །རི་རབ་ཀྱི་ཁོང་བསེང་ནས་དཔག་བསམ་གྱི་ཤིང་ལྗོན་པ་སྐྱེས་པ་སྟེ། །རྩ་བ་དབང་ཆེན་གསེར་གྱི་ས་གཞི་ལ་ཟུག་ཅིང་། །རྩེ་མོ་དང་ལོ་འདབ་རྣམས་སུམ་བཅུ་རྩ་གསུམ་ན་ཡར་ཐོན་པ་ཡིན་པར་བཞེད། །གླིང་བཞི་གླིང་ཕྲན་བརྒྱད་དང་། གསེར་གྱི་རི་བདུན་རོལ་པའི་མཚོ་བདུན་དང་། །ཕྱི་ལྕགས་རི་མུ་ཁྱུད་གཅིག་གིས་བསྐོར་བ་དེ་གླིང་བཞི་རི་རབ་དང་བཅས་པ་གཅིག་གཏན་ལ་ཕབ་པའི་ཕྱིར་ན། །ཉི་མ་དང་ཟླ་བ་གཟའ་དང་སྐར་མ་རྣམས་ཀྱིས་རི་རབ་ལ་བསྐོར་བའི་ཚུལ་དུ་ཡོད་པ་ཡིན། །རི་རབ་ཀྱི་ལོགས་བཞི་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་ནི་ཤར་ཤེལ་ལས་གྲུབ། །ལྷོ་བཻ་ཌཱུརྱ། ནུབ་པདྨ་ར་ག །བྱང་ཨིན་དྲ་ནི་ལའོ། །རིན་པོ་ཆེ་སྣ་བཞི་ཡི་འོད་རྒྱ་མཚོ་ལ་ཕོག་པས། །རྒྱ་མཚོའི་འོད་ཀྱིས་གླིང་བཞི་ན་ནམ་མཁའ་ལ་ཁ་དོག་བཞིར་སྣང་ཞིང་རི་རབ་ཀྱི་རྩེ་མོ་ན་ནམ་མཁའི་འོད། །འོད་འཁོར་ལོ་རྩིབས་བཞི་པ་ལྟ་བུར་སྣང་བའི་ཕྱིར་ན། །དབུས་ཀྱི་ནམ་མཁའ་ཁ་དོག་སྣ་ཚོགས་སུ་སྣང་བའི་དོན་ཡང་དེ་ཡིན། །འཇིག་རྟེན་བསྟན་བཞག་དང་། །རྟ་མགྲིན་གནམ་ས་བཀོད་པ་དང་གསུམ་ལས་ཡར་ཆགས་པ་དང་། །མར་ཆགས་པ་དང་གཉིས་སུ་བཞེད་པ་སྟེ། །ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གྱི་ཆགས་ལུགས་དང་། ཚེ་ཚད་ལུས་ཚད་བསོད་ནམས་ཀྱི་ཚད་ལ་སོགས་པ་རྣམས་རྒྱས་པར་ཤེས་པར་འདོད་ན། །རྟ་མགྲིན་གནམ་ས་བཀོད་པ་དང་། །འཇིག་རྟེན་བསྟན་བཞག་དང་། །ཁམས་གསུམ་པ་དགུ་དང་གསུམ་ལ་བསླབས་པར་བྱའོ། །གླིང་བཞི་རི་རབ་འཁོར་ཡུག་དང་བཅས་པ་གཅིག་ནས་གཉིས་སུ་བརྩིས་པའི་བྱེ་བ་ཕྲག་བརྒྱ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱ་བ་ཡིནདེ་སྤྲུལ་པའི་སྐུ་ཆེན་པོ་གཅིག་གི་ཞིང་ཁམས་ཡིན། །སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གཅིག་ནས་གཉིས་སུ་བརྩིས་པའི་བྱེ་བ་ཕྲག་བརྒྱ་སྟེ། །གཞི་སྙིང་པོ་མེ་ཏོག་འདྲ་བས་བརྒྱན་པའི་འཇིག་རྟེན་དང་ཞིང་ཁམས་

(༢༢༨)བྱ་བ་ཡིན། །དེ་ལོངས་སྤྱོད་རྫོགས་པའི་སྐུ་ཆུང་ངུན་གྱི་ཞིང་ཁམས་བྱ་བ་རྣམ་པར་སྣང་མཛད་རྒྱན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་བཞེད་པ་ཡིན། དེ་ལྟ་བུ་གཅིག་ནས་གཉིས་སུ་བརྩིས་པའི་བྱེ་བ་ཕྲག་བརྒྱ་དེ་ལོངས་སྤྱོད་རྫོགས་པའི་སྐུ་ཆེན་པོ་རྣམ་པར་སྣང་མཛད་གངས་ཆེན་མཚོ། །འཇམ་དཔལ་སྐུ་ཡི་ལྷ་ཚོགས་དང་ཐ་དད་མེད་པའི་ཞིང་ཁམས་ཡིན། །དེ་ལྟ་བུའི་རྟེན་དང་བརྟེན་པ་འདི་རྣམས་བསམ་གྱིས་མི་ཁྱབ་ཅིང་དཔག་ཏུ་མེད་པ་དེ་འཁོར་བ་དང་མྱ་ངན་ལས་འདས་པའི་ཞིང་ཁམས། །སངས་རྒྱས་རྣམས་ཀྱི་ཐུགས་རྗེ་དང་བྱིན་གྱིས་རླབས་དང་། །སེམས་ཅན་རང་རང་གི་སྤྱི་མཐུན་གྱི་ལས་ཀྱི་ཆགས་པ་སྟེ། །དེ་ལ་སེམས་ཅན་གྱི་གནས་འཇིག་རྟེན་གྱི་ཁམས་རྣམས་འཇིག་པ་དང་ཆགས་པ་དང་། །སྟོངས་པ་དང་གསུམ་ཡུན་རིང་ཐུང་མཉམ་པར་བཞེད་པ་ཡིན་པ་ལས། །ཁ་ཚོན་གཅིག་ཏུ་བཅད་དུ་མི་བཏུབ་པས། །འཇིག་རྟེན་བསྟན་པ་དང་འཇིག་རྟེན་བཞག་པ་དང་། །རྟ་མགྲིན་གནམ་ས་བཀོད་པ་དང་། །དྲན་པ་ཉེར་བཞག་དང་། ལས་རྒྱ་པ་དང་། །བཞི་ལ་མཐུན་མི་མཐུན་ཅུང་ཟད་ཙམ་རེ་ཡོད་པའི་ཕྱིར་ན་མདོ་སྡེ་དེ་རྣམས་ལ་ལྟ་རྟོག་ཞིབ་ཏུ་བྱས་ན། །ཐམས་ཅད་གོ་ཞིང་ཤེས་པར་འགྱུར་བ་ཡིན་པས་འདི་རུ་རྒྱས་པར་མ་བཀོད་དོ། །མདོ་ཙམ་བསྟན་པའོ། །དེ་དབང་པོ་ཐ་མའི་སེམས་ཅན་རྣམས་ཀྱིས་སྡིག་པ་སྤུ་ཙམ་མ་བྱས་ཀྱང་། །རང་གིས་རང་མ་རིག་ཅིང་ཁམས་གསུམ་འཁོར་བའི་གནས་སུ་འཁྱམས་པའི་འཁྱམས་ལུགས་བསྟན་པའོ། །རྒྱུད་ཀྱི་ནང་ནས་མ་རྟོགས་པ་དང་ཞེས་པའི་དོན་ནི་གཞི་ལམ་འབྲས་བུ་གསལ་བར་བྱས་པ་སྟེ། །ཕ་རོལ་ཏུ་ཕྱིན་པའི་ནང་ན་ཡང་བཅོམ་ལྡན་འདས་ཀྱི་ཞལ་ནས་ཀྱང་། དམྱལ་བ་ལ་སོགས་པའི་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ཀྱི་རྒྱུ་ཤེས་པར་བྱའོ། །ལམ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་

(༢༢༩)བྱའོ། །དེ་ལྟར་རྒྱུ་ལམ་འབྲས་བུ་ཤེས་ནས་རྒྱུ་ལས་བཟློག་པར་བྱའོ། །ལམ་ལས་ཀྱང་བཟློག་པར་བྱ། འབྲས་བུ་ལས་ཀྱང་བཟློག་པར་བྱའོ། །དེ་ལྟར་འགྲོ་བ་རིགས་དྲུག་གི་རྒྱུ་འབྲས་གང་ལ་ཡང་གནས་པར་བྱའོ། །ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། ཆོས་ཀྱི་ཕུང་པོ་དཔག་ཏུ་མེད་པར་གསུངས་པ་དེ་ཁམས་གསུམ་པའི་སེམས་ཅན་རྣམས་ཀྱི་ལས་དང་ཉོན་མོངས་པ་དང་། །ཉེ་བའི་ཉོན་མོངས་པ་དང་། ཞེན་པ་དང་འཛིན་པ་མཐའ་དག་ལས་བཟློག་པ་དང་། །སྟོང་པ་ཉིད་དུ་བཤིག་པའི་དོན་དུ་གསུངས་previous hit ་ཡིན། རྗེ་ཆེན་པོ་ནཱ་རོ་པའི་བཞེད་དགོངས next hit་ཀྱིས། །སེམས་དངོས་པོ་བཤིས་ཀྱི་གནས་ལུགས་ཀྱི་ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲིབས་ཤིང་གནས་པ་ལས། །དེ་ལ་དང་པོར་གཞི་རྟོགས། །ལམ་རྟོགས། འབྲས་བུ་རྟོགས་ནས་མངོན་པར་རྫོགས་པར་སངས་རྒྱས་པར་བཞེད་པ་ཡིན། རྗེ་ཆེན་པོ་མཻ་ཏྲི་ཡི་བཞེད་པས། རྒྱུ་སེམས་ཀྱི་གནས་ལུགས་གྲོལ། །ལམ་གྲོལ་འབྲས་བུ་གྲོལ་ནས། དེ་གསུམ་གཅིག་ཏུ་རྟོགས་ཤིང་སངས་རྒྱས་པར་བཞེད་པ་ཡིན། །རྗེ་དགས་པོ་ལྷ་རྗེ་ཡིས། །དངོས་པོ་གཤིས་ཀྱི་གནས་ལུགས་དང་མ་རིག་པ་གཉིས་ལྡན་གཅིག་སྐྱེས་པའི་ཕྱིར་ན། །གཞི་མ་སྤངས་ལྷུན་གྱིས་གྲུབ་པར་རྟོགས་ཤིང་། ལམ་སྣང་སྲིད་འཁོར་འདས་ཀྱི་ཆོས་སྤོང་ལེན་དང་དགག་སྒྲུབ་མེད་པར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྩལ་རྫོགས་ཤིང་འབྲས་བུ་སྤངས་པ་དང་ཐོས་པ་མེད་པར་གཞི་ལམ་འབྲས་གསུམ་དབྱེར་མེད་ཅིང་། དངོས་པོ་གཤིས་ཀྱི་གནས་ལུགས་རང་ས་ཟིན་ཞིང་། སྐུ་ལྔ་ཡོངས་སུ་རྫོགས་པའི་སངས་རྒྱས་དེ་རང་ཉིད་ཡིན་པར་བཞེད་པ་ཡིན། དེའི་ཕྱིར་ན། རྒྱ་འདའ་ཀ་ཡེ་ཤེས་ཀྱི་མདོ་ལས་ཀྱང་། རང་སེམས་རྟོགས་ན་སངས་རྒྱས་གཞན་ནས་མ་འཚོལ་ཅིག །ཞེས་པའི་དོན་ཡང་འདི་འདྲ་ཡི་དོན་ལ་previous hit དགོངས next hit

(༢༣༠)ཡིན། །དེ་ཡི་ཕྱིར་ན་མ་འོངས་པའི་གདུལ་བྱ་རྣམས་ཀྱིས་ཀྱང་། ཁམས་གསུམ་པའི་སེམས་ཅན་འབྱུང་བའི་རྒྱུ་དེ་རང་གི་སེམས་ཡིན་པའི་ཕྱིར་ན་དངོས་པོ་གཤིས་ཀྱི་གནས་ལུགས་རྟོགས་ནས་འཁོར་བའི་རྒྱུ་ཆོད། །ལམ་ལོག་པ་ཆོད། །ཉོན་མོངས་པ་བརྒྱད་ཁྲི་བཞིའི་སྟོང་ཆོད། །འབྲས་བུ་འཁོར་བའི་སྡུག་བསྔལ་སྣ་ཚོགས་ཆོད་ནས་ཕྱག་རྒྱ་ཆེན་པོ་ཆོས་སྐུ་དྲི་མ་མེད་པ་ཉག་གཅིག་ཏུ་རྟོགས་པ་མཐར་ཕྱིན་པ་ལ་འཁོར་བའི་སེམས་ཅན་དང་སྡུག་བསྔལ་གྱི་མིང་ཡང་མེད་པ་ཡིན་པའི་ཕྱིར་ན། །ཐམས་ཅད་ཆོས་སྐུ་འབའ་ཞིག་ཏུ་འཆར་ཞིང་། །གཟུགས་ཀྱི་སྐུ་རྣམ་པ་སྣ་ཚོགས་འགག་པ་མེད་པར་འབྱུང་བ་ནི་དཔེར་ན་ཉི་མ་དང་ཉི་མའི་འོད་ཟེར་ལྟ་བུ། །རྩོལ་བ་དང་སྒྲུབ་པ་མེད་པར་ཡུལ་དང་ཕྱོགས་མེད་པ་རང་བཞིན་ལྷུན་གྱིས་གྲུབ་པ་འབྱུང་བ་སྟེ། །གདུལ་བྱ་ཡོད་ན་གཟུགས་སྐུ་ཡང་ཡོད་པར་འགྱུར། །གདུལ་བྱ་འབྲེལ་བ་ཅན་མེད་ན་གཟུགས་སྐུ་འབྱུང་བར་ག་ན་འགྱུར། །རྟོགས་པ་ཞེས་བྱ་བའི་རྣམ་གྲངས་ནི། །ལྷན་ཅིག་སྐྱེས་པའི་མ་རིག་པ་རང་རིག་པའི་ཡེ་ཤེས་སུ་རྟོགས་པའི་ཕྱིར་ན་རྟོགས་པ་ཞེས་བྱའོ། །གཟུགས་མེད་པའི་ཁམས་ཆོས་ཀྱི་སྐུར་རྟོགས་པ་དང་། འདོད་པའི་ཁམས་སྤྲུལ་པའི་སྐུར་རྟོགས་པ་དང་། ཁམས་གསུམ་གྱི་ཕྱི་སྣོད་ནང་བཅུད་དང་བཅས་པ་ཐམས་ཅད་ངོ་བོ་ཉིད་ཀྱི་སྐུར་རྟོགས་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཕུང་པོ་ལྔ་རྒྱལ་བ་རིགས་ལྔར་རྟོགས་པ་དང་། འབྱུང་བ་ལྔ་ཡུམ་ལྔར་རྟོགས་པ་དང་། དུག་རྣམ་པ་ལྔ་ཡེ་ཤེས་རྣམ་པ་ལྔར་རྟོགས་པ་དང་། །དབང་པོ་ལྔ་སྐྱེ་མཆེད་དྲུག་རྐང་གྲངས་སུམ་བཅུར་དབྱེ་བ་དེ། །སེམས་དཔའ་བཅུ་དྲུག་དང་སེམས་མ་བཅུ་དྲུག་ཏུ་རྟོགས་པ་དང་། །རྟེན་འབྲེལ་བཅུ་གཉིས་སྐུ་གསུམ་གྱི་མཛད་པ་བཅུ་གཉིས་སུ་རྟོགས་པ་དང་། །བྱེད་པའི་སྐྱེས་བུ་བཅུ་གཉིས་ཏེ་མ་ཆགས་པདྨ་ཅན་ལ་སོགས་པ་ས་བཅུ་གཉིས་རིམ་པར་

(༢༣༡)རྟོགས་པ་དང་། །འཁོར་བའི་རྒྱུ་འབྲས་དྲུག་བཅུ་རྩ་བཞི་སྟེ། །སངས་རྒྱས་སྐུ་ལྔ་ཡི་རྣམ་འཕྲུལ་རྒྱལ་བའི་དཀྱིལ་འཁོར། གྲངས་ཅན་དང་གྲངས་མེད་དུ་རྟོགས་ཤིང་། །འཁོར་བ་དང་མྱ་ངན་གྱི་གྲོང་ཁྱེར་ཆེན་པོ་དེ་རྟོགས་པ་རབ་འབྱམ་ཐམས་ཅད་རང་རིག་པའི་ཡེ་ཤེས་ཀྱི་རང་བཞིན་ངོ་བོ་ཉིད་དུ་རྟོགས་ཤིང་འཆར་བ་དེ་ཡང་དཔལ་རྡོ་རྗེ་འཆང་གི་previous hit དགོངས next hit་ཡིན། །བྲམ་ཟེ་ཆེན་པོ་ས་ར་ཧ་དང་། །རྗེ་ཆེན་པོ་ཏཻ་ལོ་པ་དབྱེར་མེད་པའི་previous hit དགོངས next hit་གཅིག་ཏུ་འདུས་པ་ནི། པཎ་ཊི་ཏ་ཆེན་པོ་ན་རོ་པ་ཡིན། དེ་ཡི་སྙན་རྒྱུད་གདམ་ངག་ལ་སྐལ་བ་དང་ལྡན་པའི་གང་ཟག་གིས་དར་དྲག་ལ་ཡུན་རིང་དུ་བསྒོམ་ན་མི་ཚེ་གཅིག་ལ་ཁམས་གསུམ་འཁོར་བ་རང་བྱུང་གི་ཡེ་ཤེས་སུ་འཆར་ཞིང་རྒྱུ་ལས་མ་བྱུང་རྐྱེན་གྱིས་མ་རྐྱེད་པའི་རྟོགས་པ་རབ་འབྱམ་འཆར་དུ་བཏུབ་པ་ཡིན། དེ་ཡི་ཕྱིར་ན་འཇམ་དཔལ་མཚན་བརྗོད་ཀྱི་ལུང་ལས་ཀྱང་། སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོ་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཅེས་གསུངས་པའི་དོན་ཡང་འདི་ལྟ་བུ་ལ་previous hit དགོངས next hit་ཡིན། མ་རྟོགས་པའི་སེམས་ཅན་རྣམས་རང་བྱུང་ཡེ་ཤེས་རྟོགས་པ་རབ་འབྱམ་གྱི་ཁྲི་གདུགས་ཤར་བས་མ་རིག་པའི་མུན་པ་རྣམས་རང་སངས་པའི་དམར་ཁྲིད་ཆོས་ཀྱི་སྐུ་ཡི་བྱིན་རླབས་འགྲོ་བ་རིགས་རྣམ་པ་ལྔ་སངས་རྒྱས་སྐུ་ལྔར་རྟོགས་པའི་བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་སྒྲ་དང་དོན་ཤན་འབྱེད་པའི་བར་སྐབས་དང་པོ་ལགས་སོ། །ཁམས་གསུམ་པའི་སེམས་ཅན་རྣམས་དབང་པོ་ལྔས་བསྡུས་པའི་འཁྲུལ་སྣང་དྲུག་བཅུ་རྩ་བཞི་སོ་སོར་སྣང་ཞིང་འཁོར་བའི་རྒྱུ་འབྲས་ཟོ་ཆུ་ཡི་འཁོར་ལོ་ལྟ་བུར་རྒྱུན་མི་འཆད་པར་འཁོར་ཞིང་འཁྱམས་པའི་དུས་དེར་ནང་པ་སངས་རྒྱས་པའི་གྲུབ་མཐའ་

(༢༣༢)ཡང་མ་བྱུང་། །ཕྱི་པ་མུ་སྟེགས་པའི་གྲུབ་མཐའ་ཡང་མ་བྱུང་བའི་དུས་སུ་འཁོར་བ་འཁྲུལ་པ་རང་ལུགས་བྱ་བ་ཡིན། །ཤེས་རབ་སྡུད་པའི་ལུང་ལས་ཀྱང་། །མ་རིག་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད། །ཅེས་གསུངས་པའི་དོན་ཡང་དེ་ཡིན། །ཐ་མལ་པའི་སེམས་ཅན་འདི་རྣམས་ལ་previous hit དགོངས next hit་ཡིན། །དེ་ཡང་མུ་སྟེགས་ཀྱི་སྟོན་པས་འཁྲུལ་སྣང་དྲུག་བཅུ་རྩ་བཞི་འདི་རྣམས་ལ་བརྟགས་ནས་མུ་སྟེགས་ཀྱི་གྲུབ་མཐའ་ལོག་པ་སུམ་བརྒྱ་དྲུག་བཅུར་བརྒྱུར་ཞིང་། །གྲུབ་མཐའ་སུམ་བརྒྱ་དྲུག་བཅུར་འབྱུང་བ་ཡིན། །དེ་ཡང་བསྡུས་ན་གསུམ་དུ་འདུས་ཏེ། །རྟག་པར་ལྟ་བ་དང་ཆད་པར་ལྟ་བ་དང་། །གསང་བ་པ་དང་གསུམ་ཡིན། །དེ་ལ་རྒྱུད་ཀྱི་ནང་ནས་ལོག་པར་རྟོག་ཅིང་ཡང་དག་པའི་དོན་མ་རྟོགས་ནས། །དོན་དམ་འདི་ལ་ཐེ་ཙོམ་ཟ་ཞེས་པའི་ཕྱིར་ན། མུ་སྟེགས་ཀྱི་སྟོན་པས་སེམས་ཀྱི་གནས་ལུགས་ལ་བལྟས་པས་སེམས་ཀྱི་གནས་ལུགས་གཤིས་དེ་མི་འགྱུར་ཞིང་། །རྟག་ཅིང་བརྟན་ལ་ཐེར་ཟུག་ཅན་དུ་གོ་བའི་ཕྱིར་ན། །ཕྱི་སྣང་པ་ཐམས་ཅད་དང་། །སྣང་པའི་ཡུལ་ཐམས་ཅད་ཀྱང་རྟག་ཅིང་བརྟན་ལ་ཐེར་ཟུག་ཅན་དུ་ཐམས་ཅད་རྟག་པའི་གྲུབ་མཐའ་ཅན་དུ་གོ་བ་ཡིན། །སེམས་ཀྱི་གཤིས་ཅིའི་ངོ་བོར་ཡང་མ་གྲུབ་པ་སེམས་དང་སེམས་བྱུང་གི་ཆོས་གང་ཡང་མེད་པར་གོ་བའི་ཕྱིར་ན་ཕྱི་རོལ་སེམས་ཀྱི་ཡུལ་ཚོགས་དྲུག་གི་སྣང་བ་ལ་སོགས་པ་ཅི་ཡང་མེད་ཅིང་། ད་ལྟར་གྱི་ལུས་ངག་ཡིད་གསུམ་གྱི་སྣང་བ་སྣ་ཚོགས་སྐྱིད་སྡུག་ལ་སོགས་པ་འདི་རྣམས་ཐམས་ཅད་ཕྱ་དང་དབང་ཕྱུག་གིས་བསྒྲུབས་ཤིང་བྱས་པ་ཡིན། སྙམ་ཞིང་ནམ་འཆི་བའི་དུས་ན་མེ་དས་པའི་ཐལ་བ་རླུང་གིས་ཁྱེར་

(༢༣༣)བ་བཞིན་དུ་ཅི་ཡང་མེད་པར་འདོད་པ་བཞིན་དུ་མུ་སྟེགས་ཆད་པའི་ལྟ་བ་ཡིན། །སེམས་ཀྱི་གནས་ལུགས་ལས་རྟག་པ་དང་མི་རྟག་པ་དང་ཆ་གཉིས་ཅན་ཙམ་དུ་རེས་རྟག་པར་གོ། །རེས་མི་རྟག་པར་གོ་བའི་ཕྱིར་མུ་སྟེགས་གསང་བ་པ་ཞེས་བྱ། །རྟག་པ་དང་མི་རྟག་གཉི་གའི་བར་མ་སྤྱོད་ཙམ་དུ་བཞེད་པ་ཡིན། །དངོས་པོ་གཤིས་ཀྱི་གནས་ལགས་ལ་མཚན་ཉིད་འགག་པ་མེད་པ་སྣ་ཚོགས་སུ་འཕྲོ་བ་དེ་ལ་སོ་སོར་བསྟགས་པ་ཡིས་ཆ་རེ་རེ་ལ་གྲུབ་མཐའ་རེ་རེར་འཛིན་ཅིང་། དཀའ་ཐུབ་དཀའ་སྤྱད་སྣ་ཚོགས་དང་བརྟུལ་ཞུགས་དུ་མའི་སྒོ་ནས་སྒྲུབ་པ་དེ་རྒྱུ་མེད་རྐྱེན་མེད་པ་མ་ཡིན། ལམ་བཟང་པོ་དང་འབྲས་བུ་བཟང་པོ་ཐོབ་དུ་རེ་ནས་སྒྲུབ་པ་ཡིན་པའི་ཕྱིར་ན་མུ་སྟེགས་པ་ཡང་ལམ་འཚོལ་བ་ཡིན་ཏེ། །དེ་ལ་སྨད་པར་མི་བྱ་ཞིང་འཇུག་པར་ཡང་མི་བྱའོ། །རྣམ་པར་སྣང་མཛད་དབང་བསྐུར་བའི་རྒྱུད་ན། མུ་སྟེགས་ཅན་ལ་སྨད་མི་བྱ། །མུ་སྟེགས་ཅན་ལ་སྨོད་བྱས་ན། །རྣམ་པར་སྣང་མཛད་རིང་བའི་རྒྱུ། །ཞེས་གསུངས་པའི་ཕྱིར་ན། ཐ་མལ་པའི་སེམས་ཅན་པས་མུ་སྟེགས་པས་ཁྱད་པར་འཕགས་པ་ཡིན། མུ་སྟེགས་ཀྱི་གྲུབ་མཐའ་དང་ལུང་རྣམས་བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་ནང་ན་གསལ་བར་བྱས་ནས་ཡོད་པའི་ཕྱིར་ན་འདིར་རྒྱས་པར་མ་བཀོད་previous hit ་ལགས་སོ། །རྗེ་བཙུན་ཆེན་པོ་ཏཻ་ལོ་པའི་དགོངས next hit་པའི་དོན་དང་། ཏེ་པུ་པའི་སྙན་རྒྱུད་ཀྱི་དབང་དུ་བྱས་ན། མུ་ཞེས་བྱ་བ་ལོགས་ན་མེད། །མུ་སྟེགས་ཀྱང་རང་གི་རྣམ་པར་འཕྲུལ་པ། །དངོས་པོ་གཤིས་ཀྱི་གནས་ལུགས་ཀྱིས་མ་ཁྱབ་པ་མེད་པའི་ཕྱིར། །མུ་སྟེགས་བྱ་བ་ཚད་མེད་གཞལ་དུ་མེད་པའི་ཕྱིར་ན་ཆོས་ཀྱི་དབྱིངས་ཞེས་བྱ་བ་ཡིན། སྟེགས་ཞེས་བྱ་བ་གྲུབ་

(༢༣༤)མཐའི་བྱེ་བྲག་སྣ་ཚོགས་པར་སྣང་ཡང་བདག་གཞན་གྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཡུལ་དང་ཡུལ་ཅན། །འཁོར་བའི་རྟེན་འབྲེལ་དང་། འདུ་བྱེད་ཀྱི་ཚོགས་ཐམས་ཅད་བྱེ་བྲག་སྣ་ཚོགས་སུ་སྣང་བ་དེ་རང་བྱུང་ཡེ་ཤེས་སུ་མ་འདྲེས་ལ་ཡོངས་སུ་རྫོགས་པར་རྟོགས་ཤིང་། །དུ་མ་སྣ་ཚོགས་སུ་སྣང་བ་དེ་གཉིས་མེད་ལྷན་ཅིག་སྐྱེས་པའི་རོ་གཅིག་ཆེན་པོར་རྟོགས་ན། །མ་རྟོགས་ཤིང་ལོག་པར་རྟོག་པ། །མུ་སྟེགས་ཀྱི་གྲུབ་མཐའ་རྣམས་ཡང་དག་པ་ཆོས་ཀྱི་སྐུ་དྲི་མ་མེད་པ་ཉག་གཅིག་ཏུ་རྟོགས་པའི་ཕྱིར་ན། །རྟོགས་ཤིང་གོམས་འདྲིས་མཐར་ཕྱིན་ན། །ཡང་དག་པའི་དོན་ལ་ཐེ་ཙོམ་ཟ་བའི་དོན་མེད་པ་སྟེ། །དཔལ་ལྡན་དགས་པོ་ལྷ་རྗེ་ཡི་ཞལ་སྔ་ནས། །ལྷན་སྐྱེས་ཡེ་ཤེས་ཆོས་ཀྱི་སྐུ། །སྣང་སྲིད་འཁོར་འདས་མ་ལུས་པ། །རྟོགས་པ་རབ་འབྱམ་ཡེ་ཤེས་ཅན། །ཀུན་མཁྱེན་ཡེ་ཤེས་ཐམས་ཅད་གཟིགས། །དེ་ལྟ་བུའི་དོན་རྟོགས་ན། །མུ་སྟེགས་བྱ་བའི་མིང་ཡང་མེད། །གང་ཚེ་ཆགས་སྡང་ཡོད་ཀྱི་བར། །དེ་ཚེ་འཁོར་བའི་འདམ་ན་བྱིང་། །ཆགས་སྡང་རང་སར་གྲོལ་ལགས་ན། །དགྲ་དང་བྱ་བ་སྨོས་ཅི་དགོས། །གོམས་པ་སྒོམ་བྱེད་མཐར་ཕྱིན་ཞིང་། །འོད་གསལ་རྒྱུན་ཆད་མེད་ལགས་ན། །རྟོགས་ལྡན་རྣལ་འབྱོར་ཆེན་པོ་ཡིན། །ཞེས་གསུངས་པའི་ཕྱིར་ན་བཅོམ་ལྡན་འདས་ཀྱི་ལུང་ལས་ཀྱང་། ཕྱི་རོལ་མུ་སྟེགས་ལ་སོགས་པའི། །ལྟ་བ་ལོག་པ་ཐམས་ཅད་ཀྱི་ཡང་རྒྱུ་ཤེས་པར་བྱ། །ལམ་ཤེས་པར་བྱ། །འབྲས་བུ་ཤེས་པར་བྱ། །དེ་ལ་སྨོད་པར་མི་བྱ་ཞིང་། །མུ་སྟེགས་ཀྱི་རྒྱུ་ལས་ཟློག །རྐྱེན་ལས་ཀྱང་ཟློག །ལམ་ལས་ཀྱང་བཟློག །འབྲས་བུ་ལས་ཀྱང་ཟློག །དེ་ལ་གནས་པར་ཡང་མི་བྱ་སྤང་བར་ཡང་མི་བྱའོ། །ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་གསུངས་

(༢༣༥)པ་ནི། མྱུར་དུ་ཉེ་བའི་རྒྱུ་ནི་གསང་སྔགས་རྡོ་རྗེ་ཐེག་པ་ལ་མཆོག་གི་གྲུབ་previous hit ་ཐོབ་པའི་བྲམ་ཟེ་ཆེན་པོ་ས་ར་ཧ་ཡི་བཞེད་དགོངས next hit་ཀྱིས། །མུ་སྟེགས་ལ་སོགས་འཁོར་བ་སྤང་བྱར་མི་འདོད་ཅིང་། །མྱ་ངན་འདས་པ་སྒྲུབ་དུ་མེད་ཅིང་དབུ་མ་སེམས་ཙམ་བཞིན་དུ་མཐའ་དང་བྲལ་བར་ཡང་ཡིད་ལ་ཡི་བྱེད་པར་དངོས་པོ་བཤིས་ཀྱི་གནས་ལུགས་ངོ་བོ་རང་བཞིན་མཚན་ཉིད་གཤིས་འགྱུར་བ་མེད་པ། ཕྱོགས་མེད་དུ་རྟོགས་ཤིང་རྟོགས་པ་དང་མ་རྟོགས་པའི་ས་མཚམས་མེད་པར་བློ་ལས་འདས་པ་ན་ལོག་པར་རྟོག་པ་མུ་སྟེགས་ཀྱང་། །རྟོགས་པ་རབ་འབྱམ་མཐའ་ཡས་སུ་འཆར་བ་ཡིན་གསུང་། །དེ་ལྟ་བུའི་རྣལ་འབྱོར་པ་ལ་གྲུབ་མཐའི་བྱེ་བྲག་གང་ཡང་མ་མཆིས་ཤིང་ཕྲིན་ལས་སྣ་ཚོགས་ཤུགས་ལ་བྱུང་། རྩོལ་སྒྲུབ་མེད་པའི་སྤྱོད་པས་འགྲོ་བ་སེམས་ཅན་གྱི་དོན་མཛད་པའི་དུས་ཚོད་འདི་ཙམ་ན་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ཀྱི་མ་རིག་པའི་མུན་པ་སེལ་ནུས་ཤིང་རང་རིག་པའི་ཡེ་ཤེས་ཆོས་ཀྱི་སྐུར་བརྒྱུད་པ་ནས་བརྒྱུད་པར་བྱིན་གྱིས་རློབ་ནུས་པའི་དུས་ཚོད་ཡིན་གསུང་། །བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་གསལ་བྱེད་སྒྲོན་མ་ལས། །མུ་སྟེགས་ཀྱི་ལྟ་ལོག་སུམ་བརྒྱ་དྲུག་བཅུ་རང་བྱུང་གི་ཡེ་ཤེས་ཀྱི་རྟོགས་པ་རབ་འབྲིང་ཐ་མ་རྣམས་སུ་ངོ་སྤྲད་ཅིང་ཁྲིད་པའི་བར་སྐབས་ཏེ་གཉིས་པའོ།། །།ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་ལྔ་ཡོངས་སུ་རྫོགས་པའི་དཔལ་རྡོ་རྗེ་སེམས་དཔའ་ཡིས་འོད་ཟེར་བྱེ་བ་ཕྲག་བརྒྱ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་བཀྱེ་བ་ལས་སྤྲུལ་པའི་སྐུ་བྱེ་བ་ཕྲག་རྒྱ་བྱོན་པ་ཡིན། །འོད་ཟེར་ཆ་གཅིག་འཛམ་བུའི་གླིང་འདིར་འཕྲོས་པ་ལས་རྒྱལ་པོ་

(༢༣༦)ཟས་གཙང་མའི་སྲས་པོ་ཤཱཀྱ་ཐུབ་པ་ཞེས་པར་གྱུར་ན་ཡང་སེམས་ཅན་སྣང་བ་མ་དག་པའི་སྣང་བ་ལ་མཛད་པ་བཅུ་གཉིས་རྫོགས་པའི་ཚུལ་དུ་བསྟན་པ་ནི་ལུང་ལས་ཀྱང་། །རྫོགས་པའི་སངས་རྒྱས་སྔར་སངས་རྒྱས། །སྤྲུལ་པ་པོ་ཅིག་འདིར་སངས་རྒྱས། །ཞེས་གསུངས་པའི་དོན་ཡང་སེམས་ཅན་རྣམས་དང་མཛད་སྤྱོད་བསྟུན་པའོ། །སངས་རྒྱས་འཇིག་རྟེན་དུ་བྱོན་ལུགས་དང་། །ཆོས་ཀྱི་འཁོར་ལོ་དང་པོ་འདུལ་བ་ལུང་སྡེ་བཞི་ཕྲན་ཚེགས་དང་བཅས་པའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་ཡང་། །འདུལ་བ་རྒྱ་མཚོ་མཐའ་ཡས་ན་ས་མཚམས་ཕྱེ་ནས་ཡོད་པའི་ཕྱིར་ན་འདི་རུ་རྒྱས་པར་མ་བཤད་པ་ཡིན། །མདོ་སྡེ་དང་མངོན་པ་གཉིས་ཀྱི་སྒྲ་དང་དོན་གྱི་ས་མཚམས་འབྱེད་པ་མ་རིག་མུན་སེལ་རྒྱ་མཚོ་མཐའ་ཡས་ཀྱི་ནང་ན་གསལ་བར་བྱས་ནས་ཡོད་པའི་ཕྱིར་འདིར་རྒྱས་པར་མ་བཀོད་པ་ཡིན། །འདིར་ནི་སྡེ་སྣོད་གསུམ་གྱི་ས་གཅོད་ཙམ་ཞིག་དབྱེ་ཞིང་། །ཐེག་པ་གོང་མ་དྲུག་གི་སྒྲ་དང་དོན་རྒྱས་པར་དབྱེ་སྟེ། །མ་འོངས་དུས་ཀྱི་གདུལ་བྱ་ཡི་དེ་དང་དེ་ཡི་དོན་རྣམས་ཀྱི་ས་མཚམས་མཁྱེན་པར་མཛོད། །དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་དེ་ཡིས་སེམས་ཅན་རྣམས་ཀྱི་ཁམས་རྒྱུད་ལ་གཟིགས་པའི་དུས་ན་འགྲོ་བ་སེམས་ཅན་འདི་རྣམས་རྒྱུ་ཅི་ལས་བྱུང་། རྐྱེན་གང་གིས་བསྐྱེད་previous hit དགོངས་པའི་དུས་སུ། །སེམས་ཅན་གཅིག་གི་རྒྱུད་ལ་ཡང་རྣམ་པར་རྟོག་ next hit་བརྒྱད་ཁྲི་བཞི་སྟོང་སྟེ། །སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡང་རྣམ་པར་རྟོག་པ་བརྒྱད་ཁྲི་བཞི་སྟོང་། རྣམ་པར་རྟོག་པ་དེ་རྣམས་ཀྱིས་བསྐྱེད་པའི་ཉོན་མོངས་previous hit ་བརྒྱད་ཁྲི་བཞི་སྟོང་ཡོད་པར་དགོངས next hit་ནས། །དེའི་གཉེན་པོར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡིན། །འདོད་ཆགས་ཀྱི་གཉེན་པོར་འདུལ་བ་བརྒྱད་ཁྲི་བཞི་སྟོང་གསུངས་

(༢༣༧)པ་སྟེ། །ཞུ་བ་པོ་ཡིས་མ་ཞུས་པར་སངས་རྒྱས་ཀྱིས་བཀའ་ཐལ་བྱུང་དུ་གསུངས་པ་ནི་ཐ་མལ་པའི་སེམས་ཅན་རྣམས་དང་མུ་སྟེགས་པ་ལ་སོགས་པ་ནང་པའི་གྲུབ་མཐའ་ལ་མ་ཞུགས་པ་དང་གྲུབ་མཐའ་བློ་མ་སྒྱུར་བ་རྣམས་འདུལ་བའི་དོན་དུ་གསུངས་པ་ནི་གཞུང་རིང་པོ་བྱ་བ་ཡིན། །ཉོན་མོངས་པ་གཏི་མུག་གིས་གཙོ་བྱས་པ་ཉི་ཁྲི་ཆིག་སྟོང་གི་གཉེན་པོར། །མངོན་པ་ཉི་ཁྲི་ཆིག་སྟོང་གསུངས་པ་སྟེ། ཆོས་སྤྱི་དང་རང་གི་མཚན་ཉིད་གཏན་ལ་འབེབས་པའི་ཕྱིར་ན་གཞུང་བར་པ་བྱ་བ་ཡིན། །ཉོན་མོངས་པ་ཞེ་སྡང་གིས་གཙོ་བྱས་པ་ཉི་ཁྲི་གཅིག་སྟོང་གི་གཉེན་པོར་མདོ་སྡེ་ཉི་ཁྲི་གཅིག་སྟོང་གསུངས་པ་སྟེ། དེ་ལ་ཞུ་བ་པོ་རྣམས་ནི་སངས་རྒྱས་ཀྱི་སྤྲུལ་པ་རྣམས་དང་། །བྱང་ཆུབ་སེམས་དཔའ་རྣམས་དང་། སྤྲུལ་པའི་ཉན་ཐོས་རྣམས་དང་། ཚངས་པ་ལ་སོགས་འཇིག་རྟེན་སྐྱོང་བ་རྣམས་དང་། །ཐམས་ཅད་དང་ལྡན་པའི་འཁོར་རྣམས་ཀྱིས་ཞུས་ཤིང་སྒྲོ་གླེང་མཛད་པའི་ཕྱིར། །གནས་ཀྱང་ཕྱོགས་བཅུ་ཀུན་ཏུ་གསུངས་པ་སྟེ། །ཐེག་པ་ཆུང་ངུའི་མདོ་སྡེ་རྣམས་ཀྱིས་ལས་རྒྱུ་འབྲས་གཙོ་ཆེར་སྟོན་པ་དང་། །ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། །ཏིང་ངེ་འཛིན་གྱི་ཕུང་པོ་དང་། །ཤེས་རབ་ཀྱི་ཕུང་པོ་དང་། །རྣམ་པར་གྲོལ་བའི་ཕུང་པོ་དང་། །རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་དང་། །ཕུང་པོ་རྣམ་པ་ལྔ་གཙོ་ཆེར་སྟོན་པའི་ཕྱིར་ན་གཞུང་སིལ་བུ་ཞེས་བྱ་བ་ཡིན། །ཉོན་མོངས་དུག་གསུམ་ཆ་མཉམ་པའི་གཉེན་པོར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་སྟེ། །ང་རྒྱལ་དང་ཕྲག་དོག་གཉིས་ཀྱི་གཉེན་པོ་སྟེ། །སྔགས་ཀྱི་སྡེ་ཚན་རྣམས་ཡིན། །དེ་ཡང་གདུལ་བྱ་རབ་འབྲིང་ཐ་མ་གསུམ་གྱི་དོན་དུ་སྡེ་སྣོད་རེ་རེ་ལ་ཡང་གསུམ་གསུམ་དུ་འབྱེད་དེ།

(༢༣༨)འདུལ་བའི་འདུལ་བ་དང་། འདུལ་བའི་མངོན་པ་དང་། །འདུལ་བའི་མདོ་སྡེ་དང་། །མངོན་པའི་མངོན་པ་དང་། །མངོན་པའི་འདུལ་བ་དང་། མངོན་པའི་མདོ་སྡེའོ། །མདོ་སྡེའི་འདུལ་བ་དང་། །མདོ་སྡེའི་མངོན་པ་དང་། །མདོ་སྡེའི་མདོ་སྡེའོ། །སྡེ་སྣོད་གསུམ་པོ་འདི་ལ་ཡང་གྲངས་ཅན་དུ་གསུངས་པ་དང་། །གྲངས་མེད་དུ་གསུངས་པ་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་། །མིའི་ཡུལ་འཛམ་བུའི་གླིང་འདིར་སྟོན་པ་ཤཱཀྱ་ཐུབ་པས་གསུངས་པའི་རྣམ་གྲངས་ལས། །ཐུབ་པ་ཆེན་པོ་མངོན་པར་རྫོགས་པར་སངས་རྒྱས་ནས་ཁམས་གསུམ་པ་བྱིན་གྱིས་བརླབས་པའི་ཏིང་ངེ་འཛིན་མཛད་ཅིང་འོད་ཟེར་བཀྱེ་བའི་དུས་ན་བྱིན་གྱིས་རླབས་པའི་བཀའ་དང་པོ་དང་། །དེ་ནས་ཞལ་ནས་གསུངས་པའི་བཀའ། ཐེག་པ་ཆུང་ངུན་ཉན་ཐོས་ཀྱི་ཕུན་སུམ་ཚོགས་པ་ལྔ་ལས། །སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པ་ཡིན། །གནས་ཕུན་སུམ་ཚོགས་པ་ནི་བ་ར་ན་སེའི་གླིང་གི་ཕུགས་སམ། །རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་བྱིན་གྱི་ཀུན་དགའ་ར་བར་བཤད་པ་ཡིན། །བསྟན་པ་ཕུན་སུམ་ཚོགས་པ་ནི། །འདུལ་བ་ལུང་སྡེ་བཞི། །དྲང་དོན་དུ་སྟོན་པའི་ཕྱིར་མདོ་སྡེ་སྐྱེས་རབས་དང་། ལས་བརྒྱ་པ་དང་། དྲན་པ་ཉེ་བར་བཞག་པ་ལ་སོགས་པ་ནི་ཆོས་ཕུན་སུམ་ཚོགས་པའོ། །འཁོར་ཕུན་སུམ་ཚོགས་པ་ནི་དགེ་སློང་ཕ་དང་དགེ་སློང་མ་དང་། །དགེ་ཚུལ་ཕ་དང་དགེ་ཚུལ་མ་དང་། །དགེ་གཉེན་ཕ་དང་དགེ་གཉེན་མ་དང་བར་སློབ་མ་སྟེ་སོ་སོ་ཐར་བ་རིགས་བདུན་འཛིན་པའི་ཉན་ཐོས་ཀྱི་དགེ་འདུན་གྱི་ཚོགས་དང་བཅས་པའོ། །དུས་ཕུན་སུམ་ཚོགས་པ་ནི། །འཛམ་བུ་གླིང་པའི་མི་རྣམ་ཚེ་ལོ་ལྔ་བརྒྱ་ཕྲག་གསུམ་དང་པོའི་དུས་སུ་ཉན་ཐོས་ཀྱི་སྡེ་སྣོད་འབྱུང་བའོ། །སྡུད་པ་

(༢༣༩)པོ་དགྲ་བཅོམ་པ་འོད་སྲུངས་ཀྱིས་གཙོ་བོ་བྱས་པ། དགྲ་བཅོམ་པ་བཞི་བརྒྱ་དགུ་བཅུ་གོ་དགུས་པང་པོ་མཛད་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བསྡུས་པའོ། །འདུལ་བ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུང་ལས། ལྟུང་དང་ངེས་པར་འབྱུང་བ་དང་། །བཅའ་གཞི་དང་ནི་རབ་འབྱེད་དང་། །སྡོམ་ལ་གནས་ཤིང་ཁྲིམས་ལ་བརྩོན། །ལུས་ངག་ཡིད་ཀྱི་བསླབ་པ་རྣམས། །རྒྱལ་བས་ཅི་ལྟར་བྱས་པ་ལས། །མི་ཉམས་བསྲུང་བར་བྱེད་པ་ནི། །དྲང་སྲོང་ཆེན་པོ་མཆོག་ཅེས་བྱ། །དེ་ནི་དམ་པའི་ཆོས་འདུལ་བའི་ཁྲིམས་ཉན་ཐོས་ཀྱི་ཐེག་པའི་ས་མཚམས་འབྱེད་པ་སྟེ། །དམ་པའི་ཆོས་འདུལ་བའི་དབང་དུ་བྱས་ན་བོད་ལ་འགྱུར་བའི་བཀའ། རྒྱ་གར་གྱི་སྐད་ཅན་དབུ་ཞབས་ཚང་བ་ཉིས་བརྒྱ་ཙམ་འགྱུར་ཞིང་བཞུགས་པ་ལས། དེ་ཚོ་གཞུང་རེ་རེ་ལ་ཡང་འཆད་ན་ཕུན་སུམ་ཚོགས་པ་ལྔ་ལྔས་ཁོས་ཕུབ་དགོས་པ་ཡིན། འདུལ་བའི་བསྟན་བཅོས་ཀྱི་དབང་དུ་བྱས་ན། །རྒྱ་གར་ནས་བོད་ལ་འགྱུར་བ་ལ་འདུལ་བ་མདོ་རྩ་བར་འགྲེལ་བ། །དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གཙོ་ཆེར་སྟོན་པ་དགེ་ཚུལ་དགེ་འདུན་འོད་ཀྱིས་མཛད་པའི་བསྟན་བཅོས་འོད་ལྡན་སུམ་བརྒྱ་པ་དང་། །བསླབ་པའི་ཁོག་དང་། ཀ་རི་ཀ་ལྔ་བཅུ་པ་དང་། །དེ་ལ་སོགས་པ་འདུལ་བའི་བསྟན་བཅོས་མང་དུ་འགྱུར་བ་རྣམས་འདུལ་བ་ལུང་སྡེ་བཞི་ལ་བརྟེན་ནས་རྩིས་མགོ་རྣམ་པ་ལྔར་ཡང་འཆད་པ་ཡིན། །འདི་རྣམས་ཉན་ཐོས་ཀྱི་ཕྱི་ལུས་ངག་ཡིད་གསུམ་ཀྱི་སྒོ་ནས་སྤྱོད་ཅིང་སྡོམ་པའི་ཐེག་པའོ། །ནང་ཏིང་ངེ་འཛིན་གྱི་ཐེག་པའི་བྱེ་བྲག་ནི་ཕུང་པོ་ལྔ་དང་། །ཁམས་ལྔ། སྐྱེ་མཆེད་དྲུག་ལ་དབང་པོ་ལྔས་འབྲེལ་བ་དང་།

(༢༤༠)རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ཀྱིས་ཀུན་ལ་ཁྱབ་པ་དང་། བྱེད་པའི་སྐྱེས་བུ་བཅུ་གཉིས་ཀྱིས་བྱ་བ་སྣ་ཚོགས་སྒྲུབ་པ་སྟེ། དེ་ལ་ཉན་ཐོས་རྣམས་ཀྱིས་འཇིག་ཚོགས་ཀྱི་ལྟ་བ་སོ་སོར་བཤིག་ནས་རྐང་གྲངས་དྲུག་བཅུ་རྩ་བཞི་ལ་རེ་རེ་ལ་ཡང་ཡིད་ལ་བྱེད་པ་ཉི་ཤུ་རེའི་འཇིག་ཚོགས་ཀྱི་བྱེ་བྲག་སྣ་ཚོགས་པ་དང་། །ཡིད་ལ་བྱས་ཤིང་བསྒོམ་པ་ནི་གཟུགས་ལ་སོགས་པ་མི་རྟག་པར་ཡིད་ལ་བྱེད་ཅིང་བདག་མེད་པ་དང་། སྡུག་བསྔལ་བ་དང་། །ཟུག་རྔུ་དང་། །ཤུ་བ་དང་། ནད་དང་། །འགོ་བའི་ནད་དང་། །འཇིགས་པ་དང་། ཤིན་ཏུ་འཇིགས་པ་དང་། །དགྲ་དང་། །མི་གཙང་བ་དང་། མི་སྡུག་པའི་འདུ་ཤེས་དང་། །གནོད་པའི་འདུ་ཤེས་དང་། ཞི་བར་ཡིད་ལ་བྱེད་པ་དང་། །དབེན་པར་ཡིད་ལ་བྱེད་པ་དང་། སྟོང་པར་ཡིད་ལ་བྱེད་པ་དང་། །ཡིད་དུ་མི་འོང་བར་ཡིད་ལ་བྱེད་པ་དང་། མི་སྟན་པར་ཡིད་ལ་བྱེད་པ་དང་། སྡིག་པར་ཡིད་ལ་བྱེད་པ་དང་། །ཡིད་བརྟན་དུ་མི་རུང་བར་ཡིད་ལ་བྱེད་པ་དང་། ཉན་ཐོས་ཀྱི་ཏིང་ངེ་འཛིན་ཉི་ཤུ་སྡེ་གྲུབ་མཐའ་ཉི་ཤུར་བཞེད་པ་ཡིན། །འདིར་གོང་འོག་ནོར་ཡང་སྲིད་པས། །ལས་ཀརྨ་ཤ་ཏམ་དང་། འབུམ་གྱི་ཤུ་འདྲེས་སུ་ཤེས་པར་བྱའོ། །རྣམ་གྲངས་དྲུག་བཅུ་རྩ་བཞི་ལ་ཉི་ཤུ་རེར་ཕྱེ་ཞིང་བྱེ་བྲག་སོ་སོར་བཤིག་ནས་འཇིག་པའི་ཚོགས་སུ་འགོག་པར་བྱེད་དེ། །སྟོང་དང་ཉི་བརྒྱ་བརྒྱད་བཅུ་ལ། །དུས་རྒྱུན་དུ་སྐོས་བཟློག་བྱེད་ཅིང་གཏན་ལ་འབེབས་པར་བྱེད་པ་དེ་བྱེ་བྲག་པ་དང་འགོག་པ་བའི་གྲུབ་མཐའོ། །ཉན་ཐོས་མདོ་སྡེ་པའི་རིགས་རྣམས་ཀྱིས་རྣམ་པར་ཤེས་པ་རྡུལ་དང་རྫས་སུ་འདོད་ཅིང་། །རྡུལ་ཡང་ཁ་དོག་རྣམ་པ་ལྔར་དབྱེ་ཞིང་གཅིག་དང་དུ་མ་དང་བྲལ་བ་རྡོ་རྗེ་གཟིགས་མ་ཡིས་བཤིག་པར་བྱེད་པ། །འབུ་ཅན་གྱི་འདུ་ཤེས་དང་།

(༢༤༡)རྣམ་པར་བམ་པའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། །རྣམ་པར་བརྔོས་པའི་འདུ་ཤེས་དང་། །རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་མི་སྡུག་པའི་འདུ་ཤེས་དང་། མི་གཙང་བའི་འདུ་ཤེས་དང་། རྣམ་པར་འཐོར་བའི་འདུ་ཤེས་དང་། །ཡིད་དུ་མི་འོང་བའི་འདུ་ཤེས་དང་དགུ་སྟེ། །འདི་རྣམས་ཀྱང་ཉན་ཐོས་མདོ་སྡེ་པའི་ལྟ་བ་རེར་བཞེད། །ཉན་ཐོས་ཀྱི་ཐེག་པ་འདི་རྣམས་སངས་རྒྱས་ཀྱི་བསྟན་པའི་གཞི་འཛིན་པའི་ཕྱིར་ན་ལས་དང་པོ་བ་རྣམས་ཀྱིས་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་ཞིང་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་ནན་ཏན་དུ་བྱའོ། །འདུལ་བ་ལུང་ལས། །དམ་ཆོས་འདུལ་བ་འདི་ཡོད་ན་སངས་རྒྱས་བསྟན་འདི་ཡོད། །ཅེས་གསུངས་པའི་ཕྱིར་ན་འདུལ་བའི་སྡེ་སྣོད་ཀུན་ལ་བསླབ་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལུང་ལས་ཀྱང་། །ཡང་རྒྱུན་དུ་ཞུགས་པ་དང་། །ལན་གཅིག་ཕྱིར་འོང་བ་དང་། །ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་བཞི་ཡི་རྒྱུ་ཤེས་པར་བྱའོ། །ལམ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །རྒྱུ་ཤེས་ལམ་ཤེས་འབྲས་བུ་ཤེས་ནས་རྒྱུ་ལམ་འབྲས་བུ་ལ་བཟློག་ནས་དེ་ལ་གནས་པར་མི་བྱའོ། །ཞེས་གསུངས་པའི་ཕྱིར་ན་ཐེག་པ་གོང་ནས་གོང་དུ་ནར་སོན་པའི་བཞེད་པ་ཡིན། དེ་ལ་རྒྱུད་ཀྱི་ནང་ནས་འདུལ་བ་དང་གསུང་བ་ལས། འདུལ་བ་འཛིན་པའི་ཉན་ཐོས་རྣམས་ཀྱང་ཡང་དག་པའི་དོན་འདོད་པའི་ཆོས་ཡིན་པས། །དཔེར་ན་སའི་ཁམས་ཀྱི་ནང་ན་གསེར་ཡོད་པར་ཤེས་པ་ལས་གདན་ཡོད་ཆ་མེད་པའི་ཕྱིར། བཤིག་པ་དང་ས་རྐོ་བ་དང་དཀའ་ལས་མང་པོ་བྱས་ཀྱང་གསེར་མ་རྙེད་པ་བཞིན་དུ་རང་གི་ལུས་ངག་ཡིད་གསུམ་ལ་ཡང་དག་པའི་དོན་གནས་ཀྱང་ཅི་ལྟར་དུ་གནས་པའི་དོན་དེ་མ་

(༢༤༢)ཤེས་ནས་དཀའ་ཐུབ་མང་པོར་སྤྱད་ཀྱང་ཡང་དག་པའི་དོན་མ་རྟོགས་ནས་ཐེ་ཙོམ་ཟ་ཞིང་གོལ་སར་ལྷུང་བ་དེ་ཡིན། །དཔལ་རྡོ་རྗེ་འཆང་ཆེན་པོའི་previous hit དགོངས next hit། །བྲམ་ཟེ་ཆེན་པོ་ས་ར་ཧ་དང་། །རྗེ་ཆེན་པོ་ཏཻ་ལོ་པ་དབྱེར་མེད་པའི་ཐུགས་ཀྱི་སྲས་མཆོག་རྗེ་ཆེན་པོ་ནཱ་རོ་པའི་བཞེད་པས་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་གདོད་མ་ནས་དངོས་པོ་གཤིས་ཀྱི་གནས་ལུགས། །སངས་རྒྱས་དང་སེམས་ཅན་གྱི་རང་བཞིན་ངོ་བོ་ཉིད་ཀྱི་ད་ལྟར་གྱི་རང་གི་སེམས་འདི་ཡིན་པའི་ཕྱིར་ན། ཡིན་པ་ལ་ཡིན་པར་ངོ་སྤྲད་ཅིང་ཡིན་ལུགས་རང་ལ་ཤར་བའི་དུས་སུ་སེམས་ཅན་རྣམས་ཀྱི་ཕུང་པོ་ལྔ་ལ་སོགས་པ་དྲུག་བཅུ་རྩ་བཞིས་བསྡུས་པའི་འཇིག་ཚོགས་ཀྱི་ལྟ་བ་བཞིན་སོ་སོར་འབྱེད་པ་དང་བཀག་པ་དང་སྒྲུབ་པ་མི་དགོས་པར་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ་འགག་མེད་པར་རྟོགས་ཤིང་གོམས་ཤིང་འདྲིས་བ་མཐར་ཕྱིན་པའི་དུས་སུ་ཉན་ཐོས་ཀྱི་ཕུན་སུམ་ཚོགས་པ་ལྔའི་རྒྱུ་རྟོགས། །ལམ་རྟོགས། འབྲས་བུ་རྟོགས། ཉན་ཐོས་ལ་སོགས་པ་ཐེག་པ་ཆེ་ཆུང་གི་ས་འཚམས་སྤུ་ཙམ་ཡང་མེད་པར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་འཆར་བའི་དུས་སུ་ཡང་དག་དོན་གྱི་རྟོགས་པ་བྱ་བ་ཡིན། །འཇམ་དཔལ་མཚན་བརྗོད་ལས། །བདག་རིག་གཞན་རིག་ཐམས་ཅད་རིག་སོ་སོ་རང་རིག་མི་གཡོ་བ། །མཆོག་གི་དང་པོ་སྐུ་གསུམ་འཆང་། །ཞེས་གསུངས་པའི་དོན་ནི་རྒྱུད་ཚོད་འདི་དང་འདི་ཙམ་ལ་previous hit དགོངས next hit་ཡིན། །བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་ཕུན་སུམ་ཚོགས་པ་གསལ་བྱེད་སྒྲོན་མ་ལས། །ཉན་ཐོས་ཀྱི་ཐེག་པ་ཆོས་སྐུར་རྟོགས་པའི་བར་སྐབས་སྟེ་གསུམ་པའོ།། །།དེ་ལ་རང་རྒྱལ་གྱི་ཐེག་པ་བར་པ་ལས་ཕུན་སུམ་ཚོགས་པ་རྣམ་པ་ལྔར་མི་སྟོན་ཏེ། ཁ་ས་མུ་ཏྲའི་རྒྱུད་ལས་ནི། །སངས་རྒྱས་རྣམས་ཀྱང་མི་བཞུགས་ཤིང་། །ཉན་ཐོས་རྣམས་ཀྱང་ཟད་

(༢༤༣)པས་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །སྟོན་པ་མེད་པར་རང་ལ་འབྱུང་། །ཞེས་གསུངས་པའི་དོན་ལ། །རང་སངས་རྒྱས་ཞེས་བྱ་བ་དེ་རྒྱུན་ཞུགས་རྣམ་པ་བཞི་ཐོབ་པའི་འབྲས་བུ་ཡིན་པའི་ཕྱིར་ན་རང་གི་རིག་པའི་སྒོ་ནས་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་དྲུག་བཅུ་རྩ་བཞི་སྟེ། །རྟེན་འབྲེལ་བཅུ་གཉིས་ལ་བསྡུས་ནས་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་སྤྱོད་པ་སྟེ། ཁམས་གསུམ་འཁོར་བའི་རྒྱུ་འབྲས་གོ་ཞིང་རྟེན་འབྲེལ་བཅུ་གཉིས་ལུགས་ལས་བཟློག་པ་དེ་ཞི་བ་མྱ་ངན་ལས་འདས་པའི་རྒྱུ་འབྲས་སུ་གོ་ནས་མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་རྣམས་འགགས་པས་རྣམ་པར་ཤེས་པ་རྣམས་འགག །རྣམ་པར་ཤེས་པ་རྣམས་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་ཤི་འགག །རྒ་ཤི་འགགས་པས་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་དང་འཁོར་བའི་སྡུག་བསྔལ་ཐམས་ཅད་འགག་པར་གོ་ནས་ཕྱིའི་སྣང་བ་ཐམས་ཅད་ནང་དུ་བསྡུས་ནས་ཞི་བ་བསམ་གཏན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའོ། །དེ་ལ་ཨུ་པ་ལིས་ཞུས་པའི་མདོ་ལས་ཀྱང་། །བཅུ་དྲུག་ཆ་གྲངས་རབ་ཞི་བ། །ཡེ་ཤེས་ཡུལ་མེད་བཅུ་དྲུག་ལས། །རྒྱུན་དུ་སྙོམས་པར་ཞུགས་པ་ཡིས། ཡིད་བཞིན་བདེ་བ་མཆོག་གི་ས། །རང་རྒྱལ་ས་རུ་བཞེད་པ་ཡིན། །དེའི་དོན་ནི་ཕྱི་སྣོད་ནང་བཅུད་ཀྱིས་བསྡུས་པའི་འཇིག་རྟེན་གྱི་ཁམས་འདི་བརྒྱད་དམ་བཅུ་དྲུག་གི་མཐའ་དང་བྲལ་བར་བྱས་ནས། །དེའི་དབུས་སུ་

(༢༤༤)རང་གི་རྣམ་པར་ཤེས་པ་དེ་ཆ་ཕྲ་ཞིང་ཕྲ་བ་སེམས་ཙམ་དུ་ཡིད་ལ་བྱས་ཤིང་། །དེ་ཡང་སྟེང་འོག་ཕྱོགས་མཚམས་གར་ཡང་མི་གནས་པར་ཞི་བ་རབ་ཏུ་མི་གནས་པའི་ངང་ལ་རྒྱུན་དུ་གནས་ཤིང་མཐར་ཕྱིན་པ་ནི་རང་སངས་རྒྱས་ཀྱི་འབྲས་བུ་སྟེ། །ཕ་རོལ་ཏུ་ཕྱིན་པའི་ལུང་ལས་ཀྱང་། རང་སངས་རྒྱས་ཀྱི་ཐེག་པ་ནི་བར་མ་གཅོད་ཀྱི་ཐེག་པ་སྟེ། །འདུལ་བ་མདོ་སྡེ་གཉིས་ལ་བརྟེན་པར་བཞེད་པ་ཡིན། །མངོན་པ་མཛོད་ཀྱི་ནང་ནས་ཀྱང་། །ཕལ་ཆེར་རང་སངས་རྒྱས་ཀྱི་ཐེག་པ་སྟོན་པ་ཡིན། །བཅོམ་ལྡན་འདས་ཀྱི་ཞལ་ནས་ཀྱང་། །རང་རྒྱལ་རྣམས་ཀྱི་རྒྱུ་ལམ་འབྲས་བུ་ཤེས་པར་བྱ་ཞིང་། །དེ་ལ་གནས་པར་མི་བྱའོ། །གསུངས་པའི་དོན་ཡང་། ཐེག་པ་གོང་ནས་གོང་དུ་ནར་སོན་པ་ལ་previous hit དགོངས next hit་ཡིན། །དེ་ལ་དཔལ་ལྡན་དགས་པོ་ལྷ་རྗེའི་བཞེད་previous hit དགོངས་ཀྱིས་དབང་དུ་བྱས་ན། །བླ་ན་མེད་པའི་སངས་རྒྱས་སྒྲུབ་ next hit་ལ་མཁས་ལ་གྲུབ་པ་ཐོབ་པའི་རྒྱུད་པ་དགོས་པ་ཡིན། །བླ་མ་དེས་ཀྱང་གདུལ་བྱ་སྐལ་བ་དང་ལྡན་པ་ལ་གདམ་ངག་སྟོན་པ་ལས། སྲིད་པར་མི་འཁྲུལ་ཞི་བར་མི་གནས་ནས། །ཚོགས་གཉིས་ཡོངས་སུ་རྫོགས་པའི་འབྲས་བུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་དཔེར་ན་ཉི་མ་དང་ཉི་མའི་ཟེར་ལྟ་བུར་འདུ་བ་དང་འབྲལ་བ་མེད་པར་རྟོགས་ན། །རང་སངས་རྒྱས་ཀྱི་རྟེན་འབྲེལ་ལུགས་འབྱུང་དང་ལུགས་ལས་བཟློག་པ་དང་། །ཡེ་ཤེས་ཡུལ་མེད་བཅུ་དྲུག་གི་ཏིང་ངེ་འཛིན་ནང་དུ་བསྡུས་ཤིང་ཞི་བར་གནས་པའི་རྒྱུ་རྟོགས་ལམ་རྟོགས་འབྲས་བུ་རྟོགས་ཤིང་སྐྱེ་བ་གཅིག་གིས་མཆོག་གི་དངོས་གྲུབ་བརྙེས་པ་ཡིན་ཟེར། །བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་ཕུན་སུམ་ཚོགས་པ་གསལ་བྱེད་སྒྲོན་མ་ལས་རང་སངས་རྒྱས་ཀྱི་ཐེག་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་

(༢༤༥)སའི་བར་སྐབས་ཏེ་བཞི་པའོ།། །།ཐེག་པ་ཆེན་པོའི་མདོ་སྡེ་དང་། ཐེག་པ་ཆུང་ངུ་ཐུན་མོང་བའི་མདོ་སྡེ་དང་། དེ་གཉིས་ཀའི་ནང་ནས་རྣམ་པར་འབྱེད་པ་མངོན་པའི་སྡེ་སྣོད་དེ། །མདོར་བསྡུ་ན་དྲང་དོན་ངེས་དོན་གྱི་ཐེག་པ་བྱ་བ་ཡིན། དབུ་མ་དང་མདོ་སྡེ་དབྱེར་མེད་པའི་ཕུན་སུམ་ཚོགས་པ་ལྔ་ནི། སྟོན་པ་ཕུན་སུམ་ཚོགས་པ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་བསྒྱུར་བ། བླ་ན་མེད་པ། །བླ་དང་མི་རྣམས་ཀྱི་སྟོན་པ་ཤཱཀྱ་ཐུབ་པ་ཡིན། གནས་ཕུན་སུམ་ཚོགས་པ་ནི་བྱ་རྒོད་ཕུང་པོའི་རི་དང་། རྡོ་རྗེ་གདན་དང་། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ལ་སོགས་པ་རྣམས་ནི་གནས་ཕུན་སུམ་ཚོགས་པའོ། །འཁོར་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། རབ་ཏུ་བྱུང་བ་དང་། ཁྱེའུ་དང་བུ་མོའི་ཆ་བྱད་ཅན་རྣམས་དང་། དེ་བཞིན་གཤེགས་པའི་སྤྲུལ་པ་རྣམས་དང་། སྤྲུལ་པའི་ཉན་ཐོས་ཆེན་པོ་རྣམས་དང་། །ཚངས་པ་དང་བརྒྱ་བྱིན་དང་འཇིག་རྟེན་སྐྱོང་བ་ཆེན་པོ་རྣམས་ལ་སོགས་པ་ཐམས་ཅད་དང་ལྡན་པའི་འཁོར་ཕུན་སུམ་ཚོགས་པའོ། །དུས་ཕུན་སུམ་ཚོགས་པ་ནི། །བརྒྱ་ཕྲག་བཅུ་གཉིས་པའི་དུས་སུའོ། །བསྟན་པ་ཕུན་སུམ་ཚོགས་པ་ནི། དྲང་དོན་དང་ངེས་དོན་གྱི་མདོ་སྡེ་མངོན་པ་ལ་སོགས་པའོ། །བཀའ་བསྡུད་པ་པོ་ཀུན་དགའ་བོས་གཙོ་བྱས་པའི་དགྲ་བཅོམ་པ་ལྔ་བརྒྱའོ། །དེ་ལ་སྡེ་སྣོད་གསུམ་སོ་སོར་འབྱེད་ན། གླད་ཀྱི་དོན་ལ་ཕྱག་འཚལ་བ་དེ་ཡིས་སོ་སོར་འབྱེད་པ་ཡིན་གསུང་། དེ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་བ་གར་བྱུང་ཡང་མདོ་སྡེ་བཞི་

(༢༤༦)བཞེད་པ་ཡིན། །འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་བ་བྱུང་ཚད་མངོན་པར་བསྡུད་པ་ཡིན། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་བ་དང་། །དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་གླད་དུ་བྱུང་ཚད་འདུལ་བར་བཞེད་པ་ཡིན། དེའི་ཕྱིར་ན་སྡེ་སྣོད་གསུམ་སོ་སོར་འབྱེད་པའི་མདོ་ལས། །མངོན་པ་ཞེས་ནི་ཅི་ཕྱིར་བྱ། །མངོན་དུ་བྱ་ཕྱིར་ཡང་ནས་ཡང་། །ཟད་པར་དང་ནི་ཟིལ་གནོན་རྣམས། །སྤྱི་དང་རང་གི་མཚན་ཉིད་རྣམས། །རྟོགས་པར་བྱ་བ་མངོན་པ་ཡིན། །ཞེས་གསུངས་པའི་ཕྱིར་ན། །མངོན་པ་གོང་འོག་རྣམས་རྒྱས་པར་བསྟན་པའོ། །ཡང་ལུང་དེ་ཉིད་ལས། །མདོ་སྡེ་ཞེས་ནི་ཅི་ཕྱིར་བྱ། །གནས་རྣམས་དང་ནི་མཚན་ཉིད་དང་། །དྲང་དོན་དང་ནི་ངེས་དོན་སོགས། །ཆོས་སྟོན་སྟོན་ཕྱིར་མདོ་སྡེར་བཞེད། །དེ་ལ་མདོ་སྡེ་ཞེས་བྱ་བའི་དོན་ནི། །སྤྲུལ་པའི་སྐུའི་ཞལ་ནས་གསུངས་པ་དེ་ཡང་དོན་མདོར་བསྡུས་ལ་ཚིག་སྡེར་ལོངས་པའི་ཕྱིར་ན་མདོ་སྡེ་ཞེས་བྱ་བར་བརྟགས་པ་ཡིན། །དེ་ལ་ཐེག་པ་ཐུན་མོང་བ་སྡེ་སྣོད་གསུམ་སྟོན་པར་བྱེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྱོགས་རང་ཡིན་པ་ལས། །འབུམ་དང་ཉི་ཤུ་ལྔ་པ་དང་། ཁྲི་པ་ཁྲི་བརྒྱད་སྟོང་པ། །ཤེས་རབ་བརྒྱད་སྟོང་པ་དང་། སྡུད་པ་རབ་རྩལ་དང་། རྡོ་རྗེ་གཅོད་པ། སྒོ་ཉི་ཤུ་རྩ་ལྔ་པ། ཚུལ་ལྔ་བཅུ་པ། སྒོ་ལྔ་རྒྱ་པ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་ཉུང་ངུ་ཞེས་བྱ་བ་དང་། ཤེས་རབ་སྙིང་པོ་དང་། ཡི་གེ་གཅིག་མ་དང་། ཉི་མ་དང་། ཟླ་བ་དང་། ཀོའུ་ཤི་ཀའི་མདོ་ལ་སོགས་པའི་མདོ་སྣ་ཉི་ཤུ་ཙམ་བོད་ལ་འགྱུར་ནས་བཞུགས་པ་ཡིན། །དེ་རྣམས་ཀྱིས་དྲང་བའི་དོན་དུ་གསུངས་པ་རྣམས་དང་། དངོས་པོ་ཅན་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། །སྟོང་པ་ཉིད་བཅོ་བརྒྱད་དུ་བཤིག་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་དུ་གཏན་ལ་

(༢༤༧)ཕབ་ནས། །གཙོ་ཆེ་བར་མཐའ་བརྒྱད་དང་བྲལ་བའི་དབུ་མ་སྟོན་པ་ཡིན། །ཐེག་པ་ཆེན་པོའི་མདོ་སྡེ་ཆེ་གསུམ་གྱི་དབང་དུ་བྱས་ན་དཀོན་མཆོག་བརྩེགས་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་སྨོན་ལམ་འབུམ་སྟོན་པ་ཡིན། །སངས་རྒྱས་རྨད་ག་བཅད་ཕལ་པོ་ཆེ་ཡིས། །སངས་རྒྱས་ཀྱི་ཞིང་ཁམས་དང་གྲངས་དང་རྩིས་དང་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་འབུམ་སྟོན་པར་བཤད། །གཏན་ལ་ཕབ་པ་མྱ་ངན་ལས་འདས་པའི་མདོ་ལས། སངས་རྒྱས་previous hit དགོངས next hit་ཡོངས་སུ་མྱ་ངན་ལས་འདས་ཀར། ཞལ་ཆེམས་སུ་བཞག་པ་འབུམ་གསུངས་པ་ཡིན། །མདོ་སྡེ་ལང་ཀར་གཤེགས་པ་སྲིན་པོ་རྣམས་ལ་གསུངས་པ་ལས། །ཤའི་ཉེས་དམིགས་འབུམ་དུ་གསུངས་པ་ལས། བོད་ལ་ཉུང་ཟད་ཅིག་འགྱུར་བ་ཡིན་ནོ། །གཞན་རྣམས་སྲིན་པོའི་ཡུལ་ནས་མ་འགྱུར་ནས་བཞུགས་པ་ཡིན། དེ་ཡང་བྱང་ཆུབ་སེམས་དཔའི་སྡེ་་སྣོད་ཀྱི་ཤ་བཀག་པའི་དོན་དེ་ཡིན། །གདུལ་བྱ་སྲིན་པོ་ལ་previous hit དགོངས next hit་ཡིན། །ཐེག་པ་ཆེན་པོའི་མདོ་སྡེ་དང་། ཐེག་པ་ཆུང་ངུའི་མདོ་སྡེ་ལས་མངས་ཞེས་བྱ་བ་ཡོད་དེ། །བོད་ཨ་འགྱུར་བ་པོ་ཏི་བཞི་བཅུ་ཙམ་འགྱུར་ནས་ཡོད་པ་ལས། །ཆ་གཅིག་དྲང་དོན་ཆ་གཅིག་ངེས་དོན་གྱི་མདོ་སྡེར་གཏོགས་པ་ཡིན། ཆ་གཅིག་མངོན་པའི་སྡེ་སྣོད་ཡིན། ཆ་གཅིག་འདུལ་བའི་སྡེ་སྣོད་དུ་གཏོགས་པ་སྟེ། །འབུམ་སྡེ་ལྔ་ལ་སོགས་པ་མདོ་སྡེ་ཐམས་ཅད་ཀྱི་ནང་ནས་མདོ་སྡེ་རེ་རེ་ལ་ཡང་ལེའུ་གོང་འོག་ལ་སོགས་པ་སྡེ་སྣོད་གསུམ་སོ་སོར་འབྱེད་དགོས་པ་ཡང་ཡོད་པ་ཡིན། མདོ་མངས་པོ་ཏི་བཞི་བཅུ་ཙམ་བོད་ལ་འགྱུར་བ་ལས། །རྒྱ་གར་སྐད་ཕྱེད་སུམ་སྟོང་ལྷག་ཡོད་པ་ཡིན། དེ་རེ་རེ་ལ་ཡང་ཕུན་སུམ་ཚོགས་པ་ལྔ་ལྔར་གཏན་ལ་འབེབས་དགོས་

(༢༤༨)པར་བཤད། །དེ་ལ་མདོ་སྡེ་མངོན་པ་གཉིས་ཀྱི་བསྟན་བཅོས་ཀྱི་དབང་དུ་བྱས་ན། །ཀླུ་སྒྲུབ་ཡབ་སྲས། །ཐོགས་མེད་སྐུ་མཆེད། །ཟླ་བ་གྲགས་པ། །ཕྱོགས་ཀྱི་གླང་པོ། །འཇིག་རྟེན་རྒྱན་དྲུག་གི་བསྟན་བཅོས་ལས་བོད་ལ་ཡང་མང་དུ་འགྱུར་ནས་ཡོད་པ་ཡིན། པཎྜི་ཏ་བོ་དྷི་སཏྭ་བོད་ལ་དང་པོར་བྱོན་ནས་དམ་པའི་ཆོས་འདུལ་བ་བཀའ་དང་བསྟན་བཅོས་རྣམས་བསྒྱུར་བ་ཡིན། སྡེ་སྣོད་བཀའ་སྔ་འགྱུར་དང་པོར་སྔ་བ་སྟོན་པ་བོ་དྷི་སཏྭ། བསྟན་པ་འདུལ་བ་ལ་སོགས་པ་དྲང་དོན་རྣམས་བསྟན་པ་ཡིན། །སློབ་དཔོན་བི་མ་ལ་མི་ཏྲས་ཀྱང་མཚན་ཉིད་རྒྱུའི་ཐེག་པའི་བསྟན་བཅོས་མང་དུ་བསྒྱུར་བ་ཡིན། །ཇོ་བོ་རྗེ་ལ་སོགས་པའི་བསྟན་བཅོས་མང་དུ་བཞུགས་པ་ལས། སྡེ་སྣོད་སོ་སོའི་བཀའ་ལ་བསྟན་ནས་ཞི་བ་ལྷ་ལ་སོགས་པ་རྒྱ་གར་མཁས་པ་རྣམས་ཀྱི་བསྟན་བཅོས་རྣམས་ཀྱང་ཕྱི་རབས་ཀྱི་གདུལ་བྱ་ལ་previous hit དགོངས་ནས་བཀའ་ན་བཞུགས་ next hit་རྣམས་དོན་མི་གསལ་བ་གསལ་བར་བྱེད་ཅིང་སྒྲ་དང་ཚིག་རྣམས་གོང་འོག་ཏུ་འཐོར་ནས་ཡོད་པ་རྣམས་ལྷན་ཅིག་ཏུ་བསྒྲིགས་ནས་རྩིས་མགོ་རྣམ་པ་ལྔ་ཡིས་བསྟན་པ་ཡིན་ཏེ། །དེ་ལ་བསྟན་བཅོས་ཐམས་ཅད་ཀྱང་དོན་རྣམ་པ་ལྔས་བཤེད། །previous hit དགོངས next hit་འདུས་པ་དང་། ཚིག་གི་དོན་དང་། སྤྱིའི་དོན་དང་། ཡན་ལག་སྣ་ཚོགས་སུ་དབྱེ་བ་དང་། །རྒལ་རྟགས་དང་བཅས་པ་ལུང་དང་རིགས་པ་དུ་མ་ཡིས་རྒོལ་བ་ཚར་བཅད་ཅིང་སྒྲ་དོན་འབྲེལ་བར་སྙད་པའོ། །བསྟན་བཅོས་ཞེས་བྱ་བ་ནི་བཀའ་ཐམས་ཅད་འགྲེལ་བ་ཡིན་ལ། །འགྲེལ་པའི་དོན་ཉམས་སུ་བླང་བའི་རིམ་པ་ནི། །མན་ངག་ཅེས་བྱ་བ་སྟེ། །མན་ངག་ཅེས་བྱ་བའི་དོན་ཡང་དབུ་ཞབས་སུ་ཚིག་སྡེབ་སྦྱོར་ལེགས་ཤིང་གཞུང་འབྲེལ་ལ་དོན་གསལ་

(༢༤༩)ཞིང་གོ་བར་སྟོན་པའི་ཕྱིར་ན་རྩིས་མགོ་རྣམ་པ་ལྔ་ཡིས་སྟོན་པར་བཤད། །འཛམ་བུ་གླིང་གི་རྒྱན་དྲུག་ལ་སོགས་པའི་མཁས་ལ་གྲུབ་པ་ཐོབ་པའི་པཎྜི་ཏ་འདི་རྣམས་ཐུབ་པ་ཆེན་པོ་ཉིད་ཀྱི་རྣམ་པར་འཕྲུལ་པ་ཡིན། །བསྟན་བཅོས་འདི་རྣམས་ཉན་པ་དང་བཤད་པ་དང་སྒྲ་དང་དོན་གོ་ན། །སྡེ་སྣོད་གསུམ་གྱི་སྒྲ་དང་དོན་གོ་བ་ཡིན་པའི་ཕྱིར་ན། ལུང་ལས་ཀྱང་། །མདོ་སྡེ་མ་ལུས་ཀུན་ལྟ་ཞིང་། །བསྟན་བཅོས་མཐའ་དག་ཉན་པར་བྱ། །ཞེས་གསུངས་པའི་དོན་ནི་བཀའ་དང་བསྟན་བཅོས་གཉིས་ཀྱི་ས་མཚམས་འབྱེད་པ་ལ་previous hit དགོངས next hit་ཡིན། །སྡེ་སྣོད་གསུམ་སྡེ་སྣོད་དགུ་རུ་དབྱེ་བ་ཡང་མདོ་སྡེ་ཡན་ལག་བཅུ་གཉིས་ཀྱིས་རྒྱས་པར་སོ་སོར་དབྱེ་ཞིང་བཤད་པ་སྟེ། །རྫོགས་པ་ཆེན་པོ་ཀུན་བྱེད་རྒྱལ་པོའི་ལུང་ལས་ཀྱང་། སྤྲུལ་སྐུའི་བསྟན་པ་ཚིག་དང་ཡི་གེར་སྡེབས་ནས་སུ། །དོན་རྣམས་སོ་སོར་གོ་བར་བྱེད་ཅེས་གསུངས་པའི་དོན་ཡང་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དོན་དུ་དུས་གསུམ་དུ་སངས་རྒྱས་སྟོང་དང་རྩ་གཉིས་སྐལ་པ་བཟང་པོ་གཅིག་ལ་རྫོགས་པར་བྱོན་པ་ལས། །སངས་རྒྱས་རེ་རེ་ལ་ཡང་སྤྲུལ་པའི་སྐུ་བྱེ་བ་ཕྲག་བརྒྱ་རེ་རེ་བྱོན་པའི་བསྟན་པ་ཡང་། །རྒྱུ་མཚན་ཉིད་ཀྱི་ཐེག་པ་འདི་བསྟན་པར་གསུངས་ཏེ། སྤྲུལ་སྐུ་རྣམས་ཀྱི་བསྟན་པ་དེ་ཞལ་ནས་གསུངས་པའི་ཕྱིར་ན་སྡེ་སྣོད་གསུམ་གྱི་བཀའ་རྣམས་ལ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཐམས་ཅད་ཀྱི་གླད་དུ་སྨོས་པ་ཡིན། དེ་ལ་ཐེག་པ་ཆེན་པོའི་མདོ་སྡེ་འབུམ་ལ་སོགས་པ་འདི་རྣམས་དང་། མངོན་པའི་དབུ་མ་སེམས་ཙམ་པ་ལ་སོགས་པ་རྣམས་ཀྱིས་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་འདི་རྣམ་གྲངས་དྲུག་བཅུ་རྩ་བཞི་ཡང་སྟོང་པ་ཉིད་བཅོ་བརྒྱད་

(༢༥༠)དུ་བཤིག་ཅིང་། མཐའ་བརྒྱད་དང་བྲལ་བར་བཞེད་པ་ཡིན། དེ་ལ་ནང་སྟོང་པ་ཉིད་ཅེས་བྱ་བ་ནི་མིག་ནས་ཡིད་ཀྱི་བར་དུ་སྟེ། །མིག་ལ་སོགས་པའི་དབང་པོ་དྲུག་དང་། དེའི་རྟེན་ལུས་ཀྱི་ཕུང་པོ་ལྔ་ནི་ནང་ཞེས་བྱ་སྟེ། ཆོས་དང་གང་ཟག་བརྟག་པ་དང་། ཐེར་ཟུག་ཏུ་གནས་པའི་དངོས་པོ་རྡུལ་ཙམ་ཡང་མེད་པའི་ཕྱིར་ན་ནང་སྟོང་པ་ཉིད་ཅེས་བྱའོ། །ཕྱི་སྟོང་པ་ཉིད་ནི་གཟུགས་ནས་ཆོས་ཀྱི་བར་དུ་ཡུལ་དྲུག་སྟེ། རྣམ་པར་ཤེས་པ་མ་ཟིན་པས་བླུན་པོའི་རང་བཞིན་བེམ་པོ། །རྩི་ཤིང་དང་ནགས་ཚལ་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་དང་རྣམ་པར་ཤེས་པའི་ཡུལ་རྣམས་ནི་ཕྱི་ཞེས་བྱ་སྟེ། །བྱེད་པའི་སྐྱེས་བུ་བཅུ་གཉིས་ལ་སོགས་ཏེ་བྱ་བ་སྒྲུབ་པའི་གཉེན་པོ་ཐམས་ཅད་རྡུལ་ཙམ་གྱི་ཡང་འཛིན་པ་མེད་པ་ནི་ཕྱི་སྟོང་པ་ཉིད་ཅེས་བྱའོ། །ཕྱི་ནང་སྟོང་པ་ཉིད་ནི་སྐྱེ་མཆེད་བཅུ་གཉིས་ཏེ། །ལ་ལ་དག་འདི་སྙམ་དུ་ཕྱི་དང་ནང་གཉིས་ལ་དངོས་པོ་མེད་པར་བསྟན་ན། །འོན་ཀྱང་ཕྱི་དང་ནང་གཉིས་ཀ་འདུས་པའི་སྤྱི་ཁ་དང་། དངོས་པོ་གཅིག་ཡོད་དོ། །སྙམ་དུ་སེམས་ན་ཡང་དབང་པོ་དྲུག་དང་ཡུལ་དྲུག་དེ་དམིགས་ཤིང་བརྟེན་པས། །རྣམ་པར་ཤེས་པ་དྲུག་ཙམ་དུ་ཟད་དེ། དེ་དག་ལ་ཆོས་དང་གང་ཟག་གི་དངོས་པོ་རྡུལ་ཙམ་ཡང་མེད་པའི་ཕྱིར་ན་ཕྱི་ནང་སྟོང་པ་ཉིད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་གང་ཡིན་པ་སྟེ། །ལ་ལ་དག་འདི་སྙམ་དུ་ཕྱི་དང་ནང་དང་ཕྱི་ནང་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ནི། དངོས་པོ་མེད་པ་སྟེ། སྟོང་པར་བསྟན་ན་འོན་ཀྱང་ཆོས་དེ་དག་སྟོང་པའོ། །ཞེས་བྱ་བ་ཉིད་དངོས་པོ་ཞིག་ཏུ་ཡོད་དོ་སྙམ་དུ་སེམས་ན་ཡང་། །སྟོང་པའི་དངོས་པོ་ལྟ་གདན་ཡོད་དེ། མེད་ཅེས་བྱ་བས་ན། སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ།

(༢༥༡)ཆེན་པོ་སྟོང་པ་ཉིད་ནི་ཕྱོགས་བཅུ་སྟེ། །ཕྱི་སྣོད་ནང་བཅུད་ཀྱིས་བསྡུས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དངོས་པོ་མེད་ཅིང་། གདོད་མ་ནས་སྟོང་པ་ཉིད་ཡིན་པའི་ཕྱིར་ན་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ། །དོན་དམ་པ་སྟོང་པ་ཉིད་ནི་མི་རྟག་མི་འཇིག་པའི་མཚན་ཉིད་དེ། །ཆོས་ཀྱི་དབྱིངས་དང་མྱ་ངན་ལས་འདས་པའི་དོན་ཏེ། །འཕོ་འགྱུར་ཅི་ཡང་མེད་པའི་ཕྱིར་ན། །དོན་དམ་པ་སྟོང་པ་ཉིད་ཅེས་བྱའོ། །འདུས་བྱས་སྟོང་པ་ཉིད་ནི་ཁམས་གསུམ་སྟེ། །ཡང་ན་འདུས་བྱས་ཀྱི་མཚན་ཉིད་བཞི་སྟེ། །སྐྱེ་བ་དང་གནས་པ་དང་མི་རྟག་པ་དང་འཇིག་པ་དང་བཞི་ཡིན་སྟེ། །དེ་དག་ལ་དངོས་པོ་ཡོད་པར་འདོད་ན་ཡང་མ་ཡིན་ཏེ། །དངོས་པོ་མེད་པའི་ཕྱིར་རོ། །འདུས་བྱས་སྟོང་པ་ཉིད་ཅེས་བྱའོ། །འདུས་མ་བྱས་སྟོང་པ་ཉིད་ནི་སྐྱེ་བ་མེད་པ། འགག་པ་མེད་པ། གནས་པ་ལས་གཞན་དུ་འགྱུར་བ་མེད་པ་སྟེ། འདུས་མ་བྱས་སྟོང་པ་ཉིད་ཅེས་བྱའོ། །མཐའ་ལས་འདུས་པ་སྟོང་པ་ཉིད་ནི། མཐའ་ཐམས་ཅད་དང་བྲལ་བ་སྟེ། །ཡོད་པ་དང་མེད་པའི་མཐའ་ལས་འདས་པ། །ཞེས་བྱ་བ་དེ་ལ་དངོས་པོ་ཡོད་དམ་ཞེའམ། །ཡང་ན་སྔོན་དང་ད་ལྟར་དང་ཕྱི་མའི་མཐའ་ལ་དངོས་པོ་ཡོད་པར་རྟོགས་ན། །དེ་དག་ལ་དངོས་པོ་མེད་དོ་ཞེས་དངོས་པོ་མེད་པའི་ཕྱིར་ན་མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་བྱའོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི་དུས་གསུམ་སྟེ། དེའང་འཁོར་བའི་ཐོག་མ་ཞེས་བྱ་བའམ་ཐ་མ་ཞེས་བྱ་བའམ། །དུས་གསུམ་ལ་དངོས་པོ་ཞིག་ཡོད་ན་དངོས་པོ་ཅི་ཡང་མེད་པའི་ཕྱིར། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ། །དོར་བ་མེད་པ་སྟོང་པ་ཉིད་ནི་ཆོས་ཐམས་ཅད་བླང་

(༢༥༢)བར་བྱ་བ་དང་སྤང་བར་བྱ་བ་མེད་པ་སྟེ། དཔེར་ན་བུམ་པའི་ནང་ན་བླུགས་པས་ཆུ་དེ་ཕོ་ཡང་བུམ་པ་སྟོང་པ་ཉིད་དང་འདྲ་བ། །བླང་བ་དང་དོར་བ་མེད་པ། །དོན་དམ་པ་སྟོང་པ་ཉིད་ཡིན་པའི་ཕྱིར་ན་དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །རང་བཞིན་སྟོང་པ་ཉིད་ནི་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཉན་རང་བྱང་ཆུབ་སེམས་དཔའ་རྣམས་དང་། སངས་རྒྱས་རྣམས་ཀྱི་མཐུ་སྟོབས་ཀྱང་སྟོང་པ་ཉིད་ལ་བྱས་པ་སྟེ། རང་བཞིན་གྱིས་སྟོང་པ་ཉིད་ཡིན་པའི་ཕྱིར་རང་བཞིན་སྟོང་པ་ཉིད་ཅེས་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྟེན་འབྲེལ་བྱེད་པའི་སྐྱེས་བུ་བཅུ་གཉིས་འདུས་བྱས་དང་འདུས་མ་བྱས་ལ་སོགས་ཏེ། ཆོས་ཐམས་ཅད་ལ་དངོས་པོ་ཅི་ཡང་མེད་པའི་ཕྱིར་ན་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱའོ། །རང་གི་མཚན་ཉིད་སྟོང་པ་ཉིད། །གཟུགས་ནི་འཇིགས་པའི་མཚན་ཉིད། རྣམ་པར་ཤེས་པ་ནི་རྣམ་པར་རིག་པའི་མཚན་ཉིད་དོ། །ཞེས་པའི་བར་དག་སྟེ། དེ་ཡང་ས་ཕྲ་བ་དང་། ཆུ་གཤེར་བ་དང་། མེ་ཚ་བ་དང་། རླུང་ཡང་བ་དང་། ནམ་མཁའ་ལ་སོགས་ཏེ་དུས་གསུམ་དུ་དངོས་པོ་ཅན་དུ་མི་འགྱུར་ཞིང་། སྟོང་པ་ཉིད་ཡིན་པའི་ཕྱིར་ན་རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་བྱའོ། །མི་དམིགས་པ་སྟོང་པ་ཉིད་ནི། །སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་སྲ་ཞིང་བརྟན་པར་སྣང་ན་ཡང་དམིགས་པའི་ཡུལ་ཐམས་ཅད་དང་བྲལ་བའི་ཕྱིར་ན་མི་དམིགས་པ་སྟོང་པ་ཉིད་ཅེས་བྱའོ། །དངོས་པོ་མེད་པ་སྟོང་པ་ཉིད་ནི། ངོ་བོ་ཉིད་སྟོང་པ་ཉིད་དང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གསུམ་གྱི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་མ་རིག་པ་ནས་རྒ་ཤིའི་བར་དུ་གནས་པ་དང་འགོག་པའི་ཕྱིར་རོ། །ཆོས་ཐམས་ཅད་ལ་དངོས་པོ་ཡང་དག་པ་མེད་པས་ན་དངོས་པོ་མེད་པ་

(༢༥༣)སྟོང་པ་ཉིད་ཅེས་བྱའོ། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་འཛིན་པ་མེད་པའི་ཕྱིར་ན། །ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། །དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་གཉིས་གཅིག་ཏུ་བསྡུས་པ་ལས། དངོས་པོ་ཡོད་དོ་སྙམ་དུ་འགའ་ཞིག་རྟོག་ན། །དེ་གཉིས་འདུས་པ་ལ་ཡང་དངོས་པོ་མེད་པས་ན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ།། །།འདི་ལ་འགའ་ཞིག་རྒལ་ཞིང་རྩོད་པ་ཡང་ཡོད་དམ། ཆོས་ཐམས་ཅད་རྒྱུ་དང་རྐྱེན་གཞན་དང་གཞན་ཐ་དད་པ་མང་པོ་གཅིག་ལ་ཅིག་བརྟེན་ནས་སྐད་ཅིག་རེ་རེ་ལ་ཡང་སྐྱེ་ཞིང་འགག་པའི་ཕྱིར་ན་རྟག་པའི་དངོས་པོ་ཡང་ཡོད་པ་ཡིན་ལ། ཐམས་ཅད་ནས་ཐམས་ཅད་གཏན་ནས་ཅི་ཡང་མེད་པ་ཡང་མ་ཡིན་ཏེ། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་གནས་ཤིང་འགག་པའི་ཕྱིར་རོ། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་སུ་བསྡུས་ཤིང་། །སྟོང་པ་ཉིད་བཅོ་བརྒྱད་གཅིག་གིས་གཅིག་བཤིག་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་ཕབ་པ་ནི་སྟོང་པ་ཉིད་ཀྱི་གནས་ལུགས་ཡིན་ཏེ། །བཤིག་པའི་སྟོང་པ་ཉིད་ཅེས་བྱ་བ་ཡིན། །ཤེས་རབ་སྙིང་པོའི་ལུང་ལས་ཀྱང་། གཟུགས་སྡོང་པའོ། །སྟོང་པ་ཉིད་ཀྱང་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །སྟོང་པ་ཉིད་བཞི་སྦྲགས་སུ་བསྟན་ཅིང་། དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཡང་སྟོང་པའོ། །ཤ་རིའི་བུ་དེ་ལྟ་བས་ན་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །ཞེས་གསུང་པའི་དོན་ཡང་། རྣམ་གྲངས་དྲུག་བཅུ་རྩ་བཞི་དང་།

(༢༥༤)ལྡན་པའི་འཁོར་བའི་ཆོས་ཐམས་ཅད་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་འབེབས་པའི་ཕྱིར་ན། །ཕ་རོལ་ཏུ་ཕྱིན་པ་ཕྱོགས་རེ་བ་ཞེས་ཀྱང་བྱ། །དབུ་མ་སེམས་ཙམ་བདེན་པ་གཉིས་རྣམ་པར་རིག་བྱེད་དང་བྲལ་བའི་རྣམ་རིག་རབ་ཏུ་མི་གནས་པ་ཐལ་འགྱུར་གྱི་ལྟ་བ་ལ་སོགས་པ། སྡེ་སྣོད་ཀྱི་བཀའ་དང་བསྟན་བཅོས་གཉིས་ཀྱི་ལུང་དང་རིགས་པ་དུ་མ་ཡིས་སྟོང་པ་ཉིད་དུ་གཏན་ལ་འབེབས་ཤིང་མཁས་པ་རྣམས་ཀྱི་བཞེད་པ་དང་previous hit དགོངས next hit་གནམ་གྱི་སྐར་མ་འདྲ་ན་ཡང་། འདི་རྣམས་ཀྱི་དོན་མ་རྟོགས་ན་སྟོང་པ་ཉིད་གོལ་བའི་མཐའ་ལ་འབྱམས་བྱ་བ་ཡིན། འདི་ལྟ་བུའི་བཞེད་previous hit དགོངས་ཀྱིས། ཏིང་ངེ་འཛིན་གྲངས་མེད་ next hit་ལ། སྙོམས་པར་འཇུག་ཅིང་བདེན་པ་མཐོང་ན་ཡང་རྡུལ་དང་བྲལ་བའི་ཏིང་ངེ་འཛིན་ཙམ་ཡིན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་གྱིས་འཇིག་རྟེན་པའི་ལམ་གཏན་ལ་ཕབ་པ་ཡིན་ཏེ། དཀོན་མཆོག་བརྩེགས་པའི་ལུང་ལས། བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ནི། །ས་དང་གཉེན་པོའི་ཚུལ་བཞག་སྟེ། །མོས་པའི་ཕྱོགས་ཀྱི་རིམ་གྱིས་བསྒྲོད། །ཅེས་གསུངས་པས། བྱང་ཆུབ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བླ་ན་མེད་པའི་བྱང་ཆུབ་སྟེ། རྣམ་པ་གསུམ་དུ་བཞེད་པ་ཡིན་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱང་། ཐེག་པ་གསུམ་གྱི་གཞིའི་རྟེན་ལྟ་བུ་ཡིན། །ཟག་པ་ཟད་པ་ལམ་གྱི་བསྐྱེད་པའི་ཡེ་ཤེས་ཐོབ་པ་ལ་བྱའོ། དེའི་ཕྱོགས་ཀྱི་ཆོས་ནི་ཐོབ་པར་བྱ་བའི་རྒྱུ་དང་། ཐབས་ལྟ་བུ་སྟེ་གྲོགས་སུ་འགྱུར་བ་ལྟ་བུའོ། །ས་ནི་རྒྱུན་དུ་ཞུགས་པ་ནས་ས་དང་པོ་ལ་སོགས་བཅུའི་བར་དག་གོ། །གཉེན་པོ་ནི་ས་དེ་དག་གི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་

(༢༥༥)མི་དགེ་བའི་ཆོས་ཐམས་ཅད་ལས་བཟློག་ཅིང་སྤོང་བ་སྟེ། སྒྲ་ཟླ་ལྟ་བུའི་ཚུལ་ལ་མི་དགེ་བའི་ཚོགས་ཐམས་ཅད་སྤངས་ནས། །བྱང་ཆུབ་ཀྱེ་ཕྱོགས་ཀྱི་ཆོས་ཐམས་ཅད་སྤྱོད་པ་ནི་སྤངས་པ་ཕུན་སུམ་ཚོགས་པར་སྤངས་ནས་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ལ་སོགས་པ་ཚུར་ཐོབ་པར་བཞེད་པའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་དབང་དུ་བྱས་ན་བྱང་ཆུབ་སེམས་དཔའི་སྡོམ་པ་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡིན་པ་ལས། སྡོང་པོས་བརྒྱན་པའི་མདོ་ལས་ཀྱང་བླ་མ་མཁས་ཤིང་སྡོམ་ལ་གནས། །ནུས་དང་ལྡན་ལ་བླང་བར་བྱ། །ཞེས་གསུངས་པས། སེམས་བསྐྱེད་ལེན་པའི་སློབ་དཔོན་དེ་ཡང་། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་མཁས་ཤིང་། བྱང་ཆུབ་སེམས་ཀྱི་སེམས་ལ་དབང་ཐོབ་པ་དང་། ཐེག་པ་ཆེན་པོའི་སྟོབས་དང་ལྡན་པ་ཅིག་དགོས་པར་བཤད། ཞི་བ་ལྷའི་ཞལ་ནས་ཀྱང་། བྱང་ཆུབ་སེམས་ནི་མདོར་བསྡུས་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །སྨོན་པ་བྱང་ཆུབ་སེམས་དང་ནི། །འཇུག་པ་བྱང་ཆུབ་སེམས་ཉིད་དོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །ལམ་གྱི་བྱེ་བྲག་ཤེས་པ་ལྟར། །ཞེས་གསུངས་པའི་ཕྱིར་ན། །སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྐྱེ་བའི་རྒྱུ་བཞི་ཡིན་ཏེ། ཚད་མེད་པ་བཞི་ལ་བློ་སྦྱངས་ནས་བྱང་ཆུབ་ཀྱི་སེམས་སྐྱེ། །བསོད་ནམས་ཀྱི་ཚོགས་དངོས་སམ་ཡིད་ཀྱིས་རྒྱ་ཆེན་པོ་བསགས་ན་སེམས་བསྐྱེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མོས་གུས་སྐྱེས་ན་སེམས་བསྐྱེད། སེམས་བསྐྱེད་སྐྱེ་བའི་རྒྱུ་བཞི་ཡིན། །དེ་ལ་ཚད་མེད་པ་བཞི་ནི། །བྱམས་པ་ཚད་མེད་པ་དང་། སྙིང་རྗེ་ཚད་མེད་པ་དང་། དགའ་བ་ཚད་མེད་པ་དང་། བཏང་སྙོམས་ཚད་མེད་པའོ། །སེམས་བསྐྱེད་པའི་གསོལ་བ་བཏབ་པ་དང་། སེམས་བསྐྱེད་པ་དངོས་གཞི་ཆོ་ག་རྣམས་རྒྱས་པར་བྱའོ། །སྨོན་

(༢༥༦)པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་རྒྱུ་དང་འབྲས་བུ་ལ་དམ་བཅའ་བ་ཡིན་པའི་ཕྱིར་ན། ལྷག་པའི་བསམ་པ་རྒྱ་ཆེན་པོ་བྱ་བ་སྟེ། རྫོགས་པར་བྱེད་པའི་ཡན་ལག་བསྔོ་བ་ཡིན། འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནས་གཟུང་སྟེ། སངས་མ་རྒྱས་ཀྱི་བར་དུ་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་ཟུང་འཇུག་ཏུ་བསགས་ཤིང་མཐར་ཕྱིན་པར་བྱེད་པ་ལ་ཟེར་བ་ཡིན། དེའི་ཕྱིར་ན་དུས་རྒྱུན་དུ་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ། །བྱང་ཆུབ་སེམས་ཀྱི་ས་ལམ་བསྒྲོད་པ་ནི། དང་པོར་མོས་པའི་ལམ་ཡིན་པས་དད་པ་དང་མོ་གུས་རྒྱ་ཆེན་པོ་བསྐྱེད་ཅིང་ལུས་ངག་ཡིད་གསུམ་ལ་འཕངས་པ་མེད་པར་སེམས་ཅན་གྱི་དོན་དུ་གཏོང་དགོས་པར་བཤད། དེ་ལ་ཚོགས་ལམ་བཞི་གསུམ་བཅུ་གཉིས་ནི་དྲན་པ་ཉེ་བར་བཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། དེ་ལ་དྲན་པ་ཉེ་བར་བཞག་པ་བཞི་གང་ཞེ་ན་ལུས་དྲན་པ་ཉེ་བར་བཞག་པ་དང་། ཆོས་དྲན་པ་ཉེ་བར་བཞག་པ་དང་། ཚོར་བ་དྲན་པ་ཉེ་བར་བཞག་པ་དང་། སེམས་དྲན་པ་ཉེ་བར་བཞག་པ་དང་། ཡང་དག་པར་སྤོང་བ་ནི། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་འདུན་པ་བསྐྱེད་དོ། །སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་སྤང་བའི་ཕྱིར་འདུན་པ་བསྐྱེད་པའོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་བསྐྱེད་དོ། །དགེ་བའི་ཆོས་སྐྱེས་པ་རྣམས་ཕྱིར་ཞིང་འབྱུང་བ་དང་ཉམས་པར་མི་འགྱུར་བ་དང་། ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདུན་པ་བསྐྱེད་པ་སྟེ། ཡང་དག་པར་སྤོང་བ་བཞིའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི། འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་ལྡན་པའི་རྫུ་འཕྲུལ་

(༢༥༧)གྱི་རྐང་པ་དང་། སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སྤྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་སྟེ། ཚོགས་ལམ་བཞི་གསུམ་བཅུ་གཉིས་སོ། །སྦྱོགས་ལམ་ངེས་པར་འབྱེད་པ་ཆ་བཞི་ནི། དབང་པོ་ལྔ་གང་ཞེ་ན། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ། །སྟོབས་ལྔ་གང་ཞེ་ན། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་སོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ། །དེ་ལྟར་དུ་ཚོགས་སྦྱོར་གཉིས་ཀྱི་ལམ་ལ་རྒྱུན་ཆད་མེད་པར་གོམས་པར་བྱས་ཤིང་། ཚོགས་ལམ་བཅུ་གཉིས་མཐར་ཕྱིན་ན་སྦྱོར་ལམ་ངེས་པར་འབྱེད་པ་བཅུ་བཞི་རྫོགས་པར་བྱས་ན། འཇིག་རྟེན་གྱི་ལམ་ཟག་པ་དང་བཅས་པ་ཡོངས་སུ་རྫོགས་པའི་ཐབས་ལ་རྣམ་པར་ཐར་པའི་སྒོ་གསུམ་ལ་བསླབ་པ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་གསུམ་ལ་སྦྱངས་ན། དེ་ལ་བྱང་ཆུབ་ཀྱི་ཐེག་པ་ལས། སྒྲིབ་པ་མེད་པ་ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། བག་ཆགས་

(༢༥༨)ཀྱི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དང་རྣམ་པ་བཞི་སྤངས་ནས་སངས་རྒྱས་པར་བཞེད་པ་ཡིན། དེ་ལ་ཕུང་པོ་རྣམས་རྫོགས་ནས་ལམ་བསྒྲོད་པར་བཞེད་པ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བ་ཡེ་ཤེས་གཟིགས་པའི་ཕུང་པོ་བཞིའོ། །ཕུང་པོ་ལྔ་རྫོགས་ནས་བྱང་ཆུབ་ཀྱི་ལམ་བསྒྲོད་པར་བཞེད་པ་ཡིན། དེ་ལ་ཕ་རོལ་དུ་ཕྱིན་པ་བཅུས་ས་བཅུ་རྫོགས་པར་བཞེད་པ་ཡིན། དེ་ལྟར་དུ་རྫོགས་ན་ས་བཅུ་རྒྱུན་གྱི་ཐ་མ་ལ་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱིས་སངས་རྒྱ་བར་བཞེད་པ་ལས། བསྐལ་པ་གྲངས་མེད་པ་གསུམ་དུ་སྒྲིབ་པ་སྦྱངས། གྲངས་མེད་པ་གསུམ་དུ་ཚོགས་བསགས་པ་ལས་ས་བཅུ་ལམ་ལྔ་བསྒྲོད་དགོས་པར་གསུངས། ས་དང་པོའི་བདེན་པ་མཐོང་ནས། ས་བཅུ་པའི་བར་དུ་ཟུང་འཇུག་རབ་འབྲིང་ཐ་མ་བཅུའི་ལམ་བསྒྲོད་པར་བཞེད་པ་ལས། བསྐལ་པ་གྲངས་མེད་པ་གསུམ་གང་ཞེ་ན། མོས་པ་སྤྱོད་པའི་ས་ནས་ས་དང་པོའི་བར་བསྐལ་པ་གཅིག་མོས་པར་སྤྱོད་པ་ནས་ཚོགས་ལམ་དང་སྦྱོར་ལམ་ཡིན། །ས་དང་པོ་ནས་བརྒྱད་པའི་བར་བསྐལ་པ་གྲངས་མེད་པ་གཅིག་ཡིན། ས་བརྒྱད་པ་ནས་ས་བཅུ་རྒྱུན་གྱི་ཐ་མའི་བར་དུ་བསྐལ་པ་གྲངས་མེད་པ་གཅིག་ཡིན། དེ་ལ་དང་པོའི་སྐལ་པ་ནི་མི་ཚེ་དཔག་ཏུ་མེད་པ་ཐུབ་པ་ནས་རིམ་གྱིས་འགྲིབས་ཏེ། ཚེ་ལོ་བཅུ་པ་ལ་ཐུག་པ་ནི་བར་གྱི་བསྐལ་པ་གཅིག་ཡིན། དེ་ནས་ཡང་ཚེ་ལོ་བརྒྱད་ཁྲིར་གྱུར་ལ། །ཡང་སླར་རིམ་གྱིས་ཁྲིར་གྱུར་ནས་ཚེ་ལོ་བཅུར་གྱུར་པའི་བར་དེ་ནི་ཡར་སྐྱེ་བ་དང་མར་འགྲིབ་པའི་བར་གྱི་བསྐལ་པ་གཅིག་དང་། དང་པོ་མར་འགྲིབ་བའི་བསྐལ་པ་སྟེ། དེ་ལྟ་བུའི་བར་གྱི་སྐལ་པ་ཉི་ཤུ་ཆགས་སོ། །ཉི་ཤུ་གནས་སོ། །བསྐལ་པ་ཉི་ཤུ་འཇིག་གོ། །ཉི་ཤུ་སྟོངས་ཏེ། བར་གྱི་བསྐལ་པ་

(༢༥༩)བརྒྱད་བཅུ་ལ་བསྐལ་པ་ཆེན་པོ་གཅིག་ཅེས་བྱ་སྟེ། དེ་ལྟ་བུར་བགྲངས་པའི་མཐའ་ལས་འདས་པ་ནི་བསྐལ་པ་གྲངས་མེད་པ་གཅིག་སྟེ། མོས་པ་སྤྱོད་པའི་ས་དང་། ས་དང་པོ་མན་ཆོད་བསྐལ་པ་གྲངས་མེད་གཅིག །ས་བརྒྱད་པ་མན་ཆད་བསྐལ་པ་གྲངས་མེད་གཅིག །ས་བརྒྱད་པ་ནས་སངས་རྒྱས་ཀྱི་སའི་བར་གྱི་བསྐལ་པ་གྲངས་མེད་གཅིག །དེ་ལྟར་དུ་བསྐལ་པ་གྲངས་མེད་གསུམ་གྱིས་ས་ལམ་སྒྲོད་ནས། སྡེ་སྣོད་གཉིས་པའི་ལུགས་ཀྱིས་སངས་རྒྱས་སར་བཞེད་པ་ཡིན་པ་ལས། འདིར་ས་གཅོད་ཙམ་ཅིག་བྲིས་པ་ལགས། ཐེག་པ་ཆེན་པོའི་མདོ་སྡེ་ཐམས་ཅད་ལས་ཤེས་པར་བྱའོ། །ཐོས་པས་ཕྱིའི་སྒྲོ་འདོགས་གཅོད་པ་དང་། མདོ་སྡེ་དང་མངོན་པའི་བཀའ་དང་བསྟན་བཅོས་ཀྱི་འཇུག་སྒོ་ཤེས་པར་བྱའོ། །ལམ་ཤེས་པར་བྱའོ། །སྒྲ་དང་དོན་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའི་སྡོམ་པ་བླང་ཞིང་བསྡུ་བ་དང་། སྤངས་པ་དང་ཐོབ་པ་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའ་ལྟུང་བ་དང་ལམ་གྱི་ཡོན་ཏན་གྱི་བྱེ་བྲག་རྣམས་ལས་སྐྱོན་དང་ཡོན་ཏན་སོ་སོར་ཤེས་པར་བྱའོ། །ཚོགས་སྦྱོར་གཉིས་སུ་ཟག་བཅས་ཀྱི་ལམ་བསྒྲོད་པར་བྱའོ། །མཐོང་ལམ་དུ་དོན་དམ་པའི་བདེན་པ་མཐོང་ཞིང་སྒོམ་ལམ་དུ་སྒོམ་པས་ནང་གི་སྒྲོ་འདོགས་ཆོད་ཅིང་ས་བཅུ་རིམ་གྱིས་རྫོགས་པར་བྱའོ། །དེ་ལ་ཡང་མི་གནས་ཤིང་ཐེག་པ་གོང་ནས་གོང་དུ་ནར་སོན་པར་བྱེད་པ་ལས་རྡོ་རྗེ་ཐེག་པའི་ལམ་རྣམས་ཀྱང་རྫོགས་པར་བྱའོ། །བདེ་གཤེགས་བཀའ་ཡི་གཞུང་ལུགས་ལས། །རྒྱུ་མཚན་ཉིད་ཀྱི་ཐེག་པར་ཐོས་པས་ཕྱིའི་སྒྲོ་འདོགས་བཅད་ནས་སངས་རྒྱ་བར་བཞེད་པའི་ལུགས་ཡིན། རྗེ་ནཱ་རོ་པཎ་ཆེན་གྱི་previous hit དགོངས next hit་དང་བསྟུན་ན་ཐོས་པས་ཕྱིའི་སྒྲོ་འདོགས་བཅད་པ་ནི་ཐེག་པ་དགུའི་སྒྲ་དོན་ཤེས་ཤིང་དེའི་ས་མཚམས་སོ་སོར་འབྱེད་ཅིང་བསམ་པ་དང་། སྒོམ་པས་ནང་གི་སྒྲོ་

(༢༦༠)འདོགས་གཅོད་པ་དང་། ཐེག་པ་རིམ་པ་དགུའི་previous hit དགོངས next hit་གཅིག་ཏུ་བསྡུས་ནས་དར་དྲག་ལ་ཡུན་རིང་དུ་བསྒོམ་ཞིང་གྲུབ་རྟགས་སྣ་ཚོགས་དང་ཡོན་ཏན་གོང་ནས་གོང་དུ་འདོན་ཞིང་རྟོགས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས། སྤྲིན་མེད་པའི་ནམ་མཁའ་ལ་ཉི་མ་ཤར་བ་ལྟ་བུ་ཡིས་འཁོར་འདས་ལམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་སྒྲ་དང་དོན་སོ་སོར་རྟོགས་ན་མཁྱེན་པ་གཉིས་དང་ལྡན་པའི་སྒོམ་ཆེན་པར་བཞེད་པ་ཡིན། དེ་ལ་མདོ་སྡེ་དང་མངོན་པའི་བཀའ་དང་བསྟན་བཅོས་རྒྱ་ཆེ་བ་གྲངས་མེད་པ་རྣམས་ཀྱི་གཞི་དང་ལམ་དང་འབྲས་བུ་ལ་སོགས་པ་རྣམས་ཐམས་ཅད་ཀུན་གྱི་ངོ་བོ་བཤིས་མཚན་ཉིད་སོ་སོར་རྟོགས་ཤིང་གང་ཡང་སྒྲིབ་པ་མེད་པའི་ཕྱིར་ན་རྟོགས་པ་ཞེས་བྱའོ། །ཐམས་ཅད་རང་ལ་གསལ་ཞིང་མངོན་དུ་གྱུར་པ་ཞེས་ཀྱང་བྱའོ། །དེ་ལ་བདེ་བར་གཤེགས་པའི་བཀའི་གཞུང་ལུགས་དང་མི་འགལ་ཞིང་བླང་བྱའི་ཚོགས་ཐམས་ཅད་བླང་བར་རྟོགས་པ་དང་། སྤང་བྱའི་ཚོགས་ཐམས་ཅད་སྤང་བར་རྟོགས་པ་དང་། སྒྲུབ་བྱའི་ཚོགས་ཐམས་ཅད་སྒྲུབ་པར་རྟོགས་པ་དང་། ས་དང་ལམ་གྱི་རིམ་པ་རྣམས་ལ་མཐོ་བ་དང་དམའ་བའི་བྱེ་བྲག་རྣམས་སོ་སོར་རྟོགས་པ་དང་། རྒྱུ་དང་འབྲས་བུའི་ཆོས་ཐམས་ཅད་གང་ཡང་སྒྲིབ་པ་མེད་པར་ངོ་བོ་ཉིད་ཀྱི་རྒྱུ་འབྲས་མངོན་དུ་འཆགས་ན་རྟོགས་པའི་སྔ་ལྟས་ཡིན། འཁོར་བ་དང་མྱ་ངན་ལས་འདས་པའི་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་རང་གི་རྣམ་འཕྲུལ་དུ་རྟོགས་ཤིང་སྣང་བ་སྣ་ཚོགས་སུ་སྣང་བ་དེ་སྐྱེ་བ་དང་འགག་པ་མེད་པ་སྣང་སེམས་དབྱེར་མེད་དུ་རྟོགས་པ་དང་། སྒྲའི་བྱེ་བྲག་སྣ་ཚོགས་པ་ཐོས་ན་ཡང་གྲག་སྟོང་དབྱེར་མེད་དུ་རྟོགས་པ་དང་། སེམས་ལ་དྲན་རྟོགས་དང་ཏིང་ངེ་འཛིན་གྱི་བྱེ་བྲག་སྣ་ཚོགས་པ་ཡིད་ལ་བྱེད་པ་ན་ཡང་རིག་པ་དང་སྟོང་པ་དབྱེར་མེད་པར་རྟོགས་ཤིང་། ཆོས་ཀྱི་དབྱིངས་རབ་འབྱམ་གྱིས་ཁྱབ་ཚད་བློ་ལས་འདས་པ་ཆེན་པོ་ངོ་བོ་ཉིད་ཀྱི་སྐུར་རྟོགས་ཀྱང་ཕ་རོལ་ཏུ་ཕྱིན་པའི་ས་བཅུ་

(༢༦༡)དང་ལམ་ལྔ་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། སྟོང་པ་ཉིད་བཅོ་བརྒྱད་དང་རྣམ་པར་ཐར་པ་སྒོ་གསུམ་ལ་སོགས་པ་དབུ་མ་རབ་ཏུ་མི་གནས་ཀྱི་ལྟ་བ་དང་རྒྱུ་མཚན་ཉིད་ཀྱི་ཐེག་པའམ་ཆོས་ཀྱི་ཕུང་པོ་ཐམས་ཅད་བློ་ལས་འདས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྫོགས་པའི་ཕྱིར་ན་སྤྲུལ་སྐུ་ཐེག་པ་སྡེ་སྣོད་གསུམ་གྱི་རྒྱུ་རྟོགས་ལམ་རྟོགས་འབྲས་བུ་རྟོགས་པའི་དུས་ཚོད་ཡིན། དེ་ལྟར་རྟོགས་ཤིང་གོམས་འདྲིས་མཐར་ཕྱིན་ན་མཚན་ཉིད་ཀྱི་ཐེག་པ་ན་བཤད་པ་བཞིན་དུ་ཡོན་ཏན་གྱི་རིམ་པ་ཐམས་ཅད་ཀྱང་གོང་ནས་གོང་དུ་རྫོགས་ཤིང་། ཚེས་གསུམ་གྱི་ཟླ་བ་ཉ་རྒྱས་པ་བཞིན་དུ་རིམ་གྱིས་ཡོན་ཏན་གོང་ནས་གོང་དུ་རྫོགས་པའི་ཕྱིར་ན་བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་གྱི་ལུང་ནས་ཀྱང་སངས་རྒྱས་ཡོན་ཏན་ཐུག་པ་མེད་པས་ན། སྒོམ་དྲུག་བསག་སྦྱང་ཟད་པ་མེད་པར་གྱིས། ཞེས་གསུངས་པའི་ཕྱིར་ན། ཕྱག་རྒྱ་ཆེན་པོ་རྟོགས་ཀྱང་རྩལ་སྦྱོང་གི་དུས་སུ་སངས་རྒྱས་ཀྱི་བཀའ་རྣམས་ནས་ཅི་ལྟར་གསུངས་པ་བཞིན་དུ་རྒྱུན་ཆད་མེད་པར་སྒྲུབ་དགོས་པ་ཡིན། རྗེ་བཙུན་ཆེན་པོ་ཏཻ་ལོ་པའི་ཞལ་ནས་ཀྱང་། ལྷན་སྐྱེས་ཡེ་ཤེས་དོན་རྟོགས་ན། །རྟོགས་པའི་སྟ་རེ་རྣོན་པོ་ཡིས། །ཅིར་སྣང་ཆོད་ཅིག་ནཱ་རོ་པ། །ཞེས་གསུངས་པའི་ཕྱིར་ན་འཁྲུལ་པའི་སྣང་བ་སྤུ་ཙམ་ཡང་མེད་པར་མཉམ་གཞག་རྗེས་ཐོབ་མེད་ཅིང་། དུས་རྒྱུན་ཆད་མེད་པར་འཁྲུལ་པ་ཡེ་ཤེས་སུ་འཆར་བ་ཡིན། རྗེ་ཆེན་པོ་ཏཻ་ལོ་པའི་ཞལ་ནས། སྨྲ་བརྗོད་མེད་པའི་དོན་རྟོགས་ཀྱང་། །ཚོགས་གཉིས་ཤིང་རྟའི་འཁོར་ལོ་དང་། །འབྲལ་བར་མ་བྱེད་ནཱ་རོ་པ། །ཞེས་གསུངས་པའི་ཕྱིར་ན། སྣང་སྲིད་འཁོར་འདས་རྟོག་པའི་རྣམ་འཕྲུལ་ཡིན་པའི་ཕྱིར་ན། སྐྱེ་བ་མེད་པའི་དོན་རྟོགས། འགག་པ་མེད་པའི་རྩལ་སྦྱང་བྱ་བ་ཡིན་པའི་ཕྱིར་ན་

(༢༦༢)དུས་རྒྱུན་དུ་རྟོགས་པའི་དོན་དང་མ་བྲལ་བར་བྱའོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནས། ཅི་ལྟར་གསུངས་པ་བཞིན་དུ་སྤྱན་ལྔ་དང་མངོན་ཤེས་དྲུག་ལ་སོགས་པའི་ཡོན་ཏན་གྱི་ཆ་མི་འདུག་ན། རྟོགས་པར་འདོད་ཀྱང་རྟོགས་པ་ཡིན། གོ་བ་ཙམ་ཡིན་པར་ཤེས་པར་བྱའོ། །དཔེར་ན་ཉི་མའི་དཀྱིལ་འཁོར་མཁའ་ལ་ཤར་ལ་འོད་ཟེར་མེད་མི་སྲིད། མུན་པ་སེལ་བའི་བྱ་བ་མི་བྱེད་ན་ཉི་མ་མིན་པའི་རྟགས་ཡིན། ཕྱག་རྒྱ་ཆེན་པོའི་དོན་རྟོགས་པ་ན་ཟེར་ཞིང་ཆགས་སྡང་འདོད་སྲེད་མེ་འབར་བ་འདྲ་ན་སྟོང་པ་ཉིད་ཀྱི་ཆད་ལྟ་ཡིན། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམས་ལ་ཆགས་སྡང་དང་ཉོན་མོངས་པ་ཡོད་མི་སྲིད། རྟོགས་པ་རབ་འབྱམ་དེ་རྒྱལ་བ་སྲས་དང་བཅས་པའི་previous hit དགོངས next hit་ཡིན་པའི་ཕྱིར་ན་དངོས་པོ་གཤིས་ཀྱི་གནས་ལུགས་དང་ཤེས་བྱ་གཤིས་ཀྱི་གནས་ལུགས་གཉིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་ན་ཀུན་རིག་པ་བྱ་བ་ཡིན། བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་ཕུན་སུམ་ཚོགས་པ་གསལ་བྱེད་སྒྲོན་མ་ལས་མདོ་སྡེ་དང་མངོན་པའི་ཐེག་པའི་སྒྲ་དང་དོན་ཡེ་ཤེས་རོ་མཉམ་དུ་རྟོགས་པར་བྱེད་པའི་ཐབས་ཁྲིད་ཀྱི་རིམ་པ་ལྔ་པའོ།། །།སངས་རྒྱས་ཤཱཀྱ་ཐུབ་པ་སངས་རྒྱས་ནས་ཆུ་བོ་ཆེན་པོ་ནཻ་རཉྫ་ནའི་འགྲམ་དུ་བསམ་གཏན་མཛད་པའི་དུས་དེར། འོག་མིན་གྱི་གནས་སུ་ཐུབ་པ་ཆེན་པོ་རྣམ་པར་སྣང་མཛད་ལ་ཕྱི་རྒྱུད་སྡེ་གསུམ་མཉན་པར་བཞེད་པར་ཡིན། ཀྲི་ཡ་ཞེས་བགྱི་བ་མདོ་སྡེ་དང་སྔགས་གཉིས་ཀྱི་མཚམས་སུ་འབྱུང་བའི་དུས་དེར་ཀྲི་ཡ་ལ་ཡང་རྣམ་པ་གཉིས་སུ་ཕྱེ་བཀའ་དང་རྒྱུད་རྣམ་པ་གཉིས་ཡིན། །བཀའ་གཟུངས་སྔགས་འདི་རྣམས་ཏེ། མདོ་སྡེ་ལ་ཡང་གཏོགས། རྒྱུད་ལ་ཡང་གཏོགས་པ་ཡིན། དེའི་ཕྱིར་ན་ལུང་ལས་ཀྱང་ཀྲི་ཡ་མདོ་སྔགས་གཉིས་ཀྱི་མཚམས་སུ་འབྱུང་བ་སྟེ། སྟོན་པ་མཐུན་

(༢༦༣)ཡང་བསྟན་པ་མི་མཐུན་ནོ། །ཀྲི་ཡའི་རྒྱུད་སྡེ་རྣམས་བ་ར་ཎ་སིའི་བསིལ་ཁང་རང་ན་མ་ཏིའི་ཡང་ཐོག་ཏུ་ཆར་དུ་བབ་པར་བཞེད་པ་ཡིན། ཀྲི་ཡ་ཕུན་སུམ་ཚོགས་པ་ལྔ་ནི་དང་པོར་སྟོན་པ་ཀུན་རིག་རྣམ་པར་སྣང་མཛད་འོག་མིན་གྱི་གནས་ན་previous hit དགོངས next hit་ཆོས་ཉིད་ལ་བཞུགས་པའི་དུས་སུ། ཡུམ་ལ་སེ་དཀར་མོ་ལ་སོགས་པ་ཕྱག་རྒྱ་བཞིའི་ལྷ་མོ་བཞི་དང་། མཆོད་པའི་ལྷ་མོ་ལ་སོགས་པའི་སྐུར་གཞེངས་ནས་སྟོན་པ་ལ་གསོལ་བ་བཏབ་པ། ཐུགས་རྗེ་རྒྱུན་ཆད་མི་མཛད་པར། དྷུ་པེ་མ་ལ་སོགས་པ་བརྒྱད་ཀྱིས་མཆོད་བསྟོད་བསྐུལ་མ་མཛད་པས་ཀུན་གཟིག་རྣམ་པར་སྣང་མཛད་གཞེངས་ནས་རྒྱུད་གསུངས་སོ། །ཆོས་ཉིད་ངང་ལས་མ་བཞུགས་པར་འགྲོ་བའི་དོན་ལ་ལོངས་སྐུར་གཞེངས། ཐུགས་རྗེ་རྒྱུན་ཆད་མི་མཛད་པར། འགྲོ་བའི་དོན་སྔོན་གྱི་དམ་བཅས་དུས་ལ་བབ། ལྷ་མོ་རྣམས་ཀྱིས་རྒྱུད་གསུང་བར་བསྐུལ་ཞིང་གསོལ་བ་བཏབ་པ་ལས། ཀྲི་ཡའི་རྒྱུད་རྣམས་གསུངས་པ་ནི། སྟོན་པ་རིགས་ཀྱི་བདག་པོ་གསུམ་གྱི་གཙོ་བོ་རྣམ་པར་སྣང་མཛད་ཉིད་ལས་མི་གཞན་པའི་འཁོར་རྡོ་རྗེ་སེམས་དཔའ་དང་། སྣང་བ་མཐའ་ཡས་དང་། རིག་པ་ཁྱད་པར་ཅན་གྱི་འཁོར་རིགས་གསུམ་མགོན་པོ་དེ་ལ་སྟོན་པ་ཕུན་སུམ་ཚོགས་པ་ཀུན་རིག་རྣམ་པར་སྣང་མཛད། གནས་ཕུན་སུམ་ཚོགས་པ་འོག་མིན་སྟུག་པོ་བཀོད་པ། རིགས་བཞི་དང་རིགས་གསུམ་མགོན་པོ་དང་། ལྷ་མོའི་ཚོགས་རྣམས་སོ། །བསྟན་པ་ཕུན་སུམ་ཚོགས་པ་ཀྲི་ཡའི་བཀའ་དང་རྒྱུད་དུ་རྟོགས་ཚད། དུས་ནི་ལྔ་བརྒྱ་ཕྲག་གསུམ་པའོ། །དེ་འོག་མིན་གྱི་གནས་སུ་སངས་རྒྱས་དང་རིག་འཛིན་ལ་གསུངས་པའི་དུས་སུ་སྡུད་པ་པོ་གཙང་མ་ལག་ན་རྡོ་རྗེ་ཞི་བ་སེམས་དཔའི་ཆ་བྱད་ཅན། དེ་ལྟར་

(༢༦༤)ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་ཀྲི་ཡའི་རྒྱུད་ནི། མི་ཡུལ་དུ་སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པའོ། །གནས་ཕུན་སུམ་ཚོགས་པ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུའོ། །དུས་ཕུན་སུམ་ཚོགས་པ་ལྔ་བརྒྱ་ཕྲག་བཞི་པའོ། །འཁོར་ཕུན་སུམ་ཚོགས་པ་རིག་འཛིན་ཕོ་མོའོ། །སྡུད་པ་པོ་ཕུན་སུམ་ཚོགས་པ་ཕྱག་ན་རྡོ་རྗེའོ། །བསྟན་པ་ཀྲི་ཡའི་རྒྱུད་རྣམས་སོ། །དེའི་ཕྱིར་ན་སྡུད་པ་པོ་གཉིས་ཡིན་ཏེ། ཀྲི་ཡའི་རྒྱུད་རྣམས་ལག་ན་རྡོ་རྗེས་བསྡུས་ལ། གཟུངས་སྔགས་རྣམས་ཀུན་དགའ་བོས་བསྡུས་པའོ། །དེ་ལ་ཀྲི་ཡ་ཞེས་བགྱི་བའི་རྒྱུད་འདི་རྣམས་ལ་འཇུག་སྒོ་ལ་སོགས་པ་རྣམ་གྲངས་དགུ་ཡིས་བསྟན་པ་བསྟན་པ་རྒྱ་མཚོའི་གཞུང་ན་གསལ། དེ་ལ་ཐུབ་པ་ཆེན་པོའི་དབུ་ནས་གཙུག་གཏོར་གདུགས་དཀར་མོ་ཅན། དེའི་ཏོག་ལས་འདུས་པ་ཆེན་པོ་རིན་པོ་ཆེ་ཏོག་གི་གཟུངས་བྱོན་ནོ། །འདུས་པ་ཞེས་བྱ་བའི་དོན་ནི། སྡེ་སྣོད་གསུམ་དང་ཀྲི་ཡའི་རྒྱུད་རྣམས་འདུས་པའི་ཕྱིར་ཀུན་གྱི་རྩ་བར་བཞེད་པ་ཡིན། མིའི་ཡུལ་དུ་དམ་པའི་ཆོས་བྱོན་སྔ་བ་ཡང་ཏོག་དང་པང་ཀོང་ཕྱག་རྒྱ་པ་གཉིས་བྱོན་སྔ་བ་ཡིན་ནོ། །པང་ཀོང་ཕྱག་བརྒྱ་པ་འདི་ཡན་ལག་བཅུ་གཉིས་ཀྱི་རྩ་བར་བཞེད་པ་ཡིན། དེ་ལ་གཙུག་གཏོར་གདུགས་དཀར་ཅན་ཞེས་བྱ་བ་ནི་གཙུག་ཏོར་གྱི་རྒྱུད་ཀྱི་རྩ་བ་སྟེ། དེ་ལས་ཕྲོས་པས་གཙུག་གཏོར་རྣམ་པར་རྒྱལ་མ་དང་། གཙུག་གཏོར་རྣམ་པར་རྒྱལ་བ་ཕྱིར་བཟློག་པ་ཅན་གྱི་གཟུངས་དང་། གཙུག་གཏོར་དྲི་མ་མེད་པའི་གཟུངས་དང་། གཙུག་གཏོར་འཁོར་ལོས་བསྒྱུར་བའི་རྒྱུད་དོ། །ཨུཥྞི་ཥ་རྣམ་པ་བཞིའི་གཟུངས་བཞི་སྟེ་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་བྱོན་པ་ཡིན། གཟུངས་གྲ་ལྔ་དེ་རིགས་ཀྱི་ཡུམ་ལྔའི་སྤྲུལ་

(༢༦༥)པ་སྟེ། རིག་སྔགས་དང་གཟུངས་སྔགས་གཉིས་ཀར་གཏོགས་པ་ཡིན། ཕྱག་ན་རྡོ་རྗེའི་ཀྲི་ཡའི་རྒྱུད་ཀྱི་རྩ་བ་རྡོ་རྗེ་རྣམ་པར་འཇོམས་པའི་རྒྱུད་ལས་འཕྲོས་པ་གསང་བ་བསྟན་པ་དང་། ལེའུ་བདུན་པ་དང་ལེའུ་བཅུ་གསུམ་པ་དང་། ལེའུ་ཉི་ཤུ་རྩ་གཅིག་པའོ། །དེ་ལས་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཀྱི་རྒྱལ་པོ་འཕྲོས་པར་བཞེད་པ་ཡིན། དེ་ལས་འཕྲོས་པ་ཕྱག་ན་རྡོ་རྗེའི་སྐུའི་རྒྱུད་དང་། གསུང་གི་རྒྱུད། ཐུགས་ཀྱི་རྒྱུད་དང་། ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་ཐམས་ཅད་ལས་འཕྲོས་པར་བཞེད་པ་སྟེ། ལག་ན་རྡོ་རྗེ་རྩ་བའི་རྒྱུད་དང་། རྡོ་རྗེ་མེ་ལྕེའི་རྒྱུད་དང་། འཕགས་པ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་གཟུངས་དང་། །ལག་ན་རྡོ་རྗེ་འཇིག་རྟེན་གསུམ་འདུལ་བར་བྱེད་པའི་རྒྱུད་དང་། དེ་ལས་འཕྲོས་པ་འཕགས་པ་ལག་ན་རྡོ་རྗེ་རི་རབ་ཆེན་པོའི་ཟོམ་གྱི་ཁང་པ་བརྩེགས་པ་ཁྲོ་བོ་སྟོང་རྩ་གཉིས་ཀྱི་གཟུངས་དང་། །འཕགས་པ་རྡོ་རྗེ་རྒྱལ་པོ་ཐམས་ཅད་འཇོམས་པའི་གཟུངས་སོ། །དེ་ལས་འཕྲོས་པ་འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་ཅན་ཞེས་བྱ་བའི་གཟུངས་དང་། དེའི་ཆ་ལག་རྡོ་རྗེ་མཆུའི་སྙིང་པོ་ཅན་དང་། དེའི་ཕྲིན་ལས་སྒྲུབ་པ་འཕགས་པ་ལག་ན་རྡོ་རྗེ་མི་ཕམ་པ་སྟེ། མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས་དང་། ལག་ན་རྡོ་རྗེའི་ཐུགས་ཀྱི་སྤྲུལ་པ་མི་གཡོ་བ་རྩ་བའི་རྒྱུད་དང་། མི་གཡོ་བའི་རྟོག་པ་བདུན་པ་དང་། མི་གཡོ་བའི་སྟོབས་རྟུལ་ཕོད་པའི་རྟོག་པ་དང་། མི་གཡོ་བའི་རྣམ་པར་དག་པ་དང་། མི་གཡོ་བའི་བཤད་པའི་རྒྱུད་དང་། འདི་རྣམས་ཨུ་པ་ཡ་དང་ཀྲི་ཡ་གཉི་གར་གཏོགས་པ་ཡིན། ཕྱག་ན་རྡོ་རྗེའི་ཕྱག་མཚན་ལས་འཕྲོས་པ་ཕྱག་ན་རྡོ་རྗེ་མེ་ལྕེའི་རྒྱུད་དང་། རྡོ་རྗེ་ས་འོག་མེ་ལྕེ་འབར་བ་ཀླུའི་ཤིང་ས་བསྟན་པའི་རྒྱུད་དང་། འཕགས་པ་ལག་ན་

(༢༦༦)རྡོ་རྗེ་ས་འོག་གི་རྒྱུད་དང་། གོས་སྔོན་པོ་ཅན་གྱི་རྒྱུད་དང་། ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ་དང་། རྡོ་རྗེ་བདེ་འཁྲོས་ཀྱི་རྒྱུད་དང་། ཕྱག་ན་རྡོ་རྗེ་ཕྲིན་ལས་ཀྱི་རྒྱུད་ལས་འཕྲོས་པ་རྡོ་རྗེ་མཆུ་ཀླུའི་དམ་ཚིག་དང་། རྡོ་རྗེ་ལྕགས་མཆུ་ནག་པོ་དང་། ཕྱག་ན་རྡོ་རྗེའི་མཚན་བརྒྱ་རྩ་བརྒྱད་པ་དང་། ཕྱག་ན་རྡོ་རྗེ་ཀྲི་ཡ་ལ་གཏོགས་པའི་གཟུངས་དང་། རྒྱུད་འདི་རྣམས་ཕུན་སུམ་ཚོགས་པ་ལྔ་ལྔ་དང་ལྡན་ཞིང་གཅིག་རྒྱབ་གཅིག་གིས་སྐྱོང་བ་ཡིན་པར་ཤེས་པར་བྱའོ། །སྤྱན་རས་གཟིགས་པདྨ་ཅོད་པན་གྱི་རྒྱུད་ནི། ཐུགས་རྗེ་ཆེན་པོའི་རྒྱུད་ཀྱི་རྩ་བ་ཡིན། དེ་ལས་འཕྲོས་པ་ཟ་མ་ཏོག་བཀོད་པའི་རྒྱུད་དང་། སྤྱན་རས་གཟིགས་དབང་ཕྱུག་ཀྲི་ཡའི་རྒྱུད་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་དབྱེ་བ་ལས་ཞལ་བཅུ་གཅིག་ཕྱག་སྟོང་དང་ལྡན་པ་སྐུའི་རྒྱུད་དང་། དེ་ལས་འཕྲོས་པ་སྤྱན་རས་གཟིགས་དབང་ཕྱུག་པདྨ་ཡིད་བཞིན་ནོར་བུ་འཁོར་ལོས་བསྒྱུར་བ་ཞེས་བྱ་བའི་གཟུངས་དང་། སྤྱན་རས་གཟིགས་དབང་ཕྱུག་དབང་བསྐུར་བ་ཞེས་བྱ་བའི་གཟུངས་དང་། སྤྱན་རས་གཟིགས་དབང་ཕྱུག་ཁྱད་པར་ཅན་ཞེས་བྱ་བའི་གཟུངས་དང་། སྤྱན་རས་གཟིགས་དབང་ཕྱུག་ཐུགས་ཀྱི་རྒྱུད་ལ་སྤྱན་རས་གཟིགས་དབང་ཕྱུག་སྙིང་རྗེ་མི་ཤོལ་བ་ཞེས་བྱ་བའི་གཟུངས་དང་། དེ་ལས་འཕྲོས་པ་དོན་ཡོད་ཞགས་པའི་མདོ་དང་། ཐུགས་རྗེ་ཆེན་པོའི་གསུང་གི་སྙིང་པོ་དག་གི་དབང་ཕྱུག་དྲག་ཅིང་མི་ཟད་པའི་སྙིང་པོ་དང་། དེ་ལས་ཕྲོས་པ་ཡིད་བཞིན་ནོར་བུའི་གཟུངས་དང་། སྤྱན་རས་གཟིགས་དབང་ཕྱུག་གི་ཡུམ་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་ཞེས་བྱ་བའི་གཟུངས་དང་། དེ་ལས་འཕྲོས་པ་འཕགས་པ་ཐམས་ཅད་ཀྱི་ཡུམ་ཞེས་བྱ་བའི་གཟུངས་དང་། སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་ལས་འཕྲོས་པ་རྣམ་པར་སྣང་མཛད་རྒྱལ་པོའི་སྙིང་པོ་ཞེས་

(༢༦༧)བྱ་བའི་གཟུངས་དང་། སྤྱན་རས་གཟིགས་དབང་ཕྱུག་གི་གསུང་གི་རྒྱུད་ལས་འཕྲོས་པ་སྣང་བ་མཐའ་ཡས་རྗེས་སུ་དྲན་པའི་གཟུངས་དང་། སྤྱན་རས་གཟིགས་དབང་ཕྱུག་གི་ཡོན་ཏན་པདྨ་ཡིད་བཞིན་ནོར་བུའི་གཟུངས་དང་། དེ་ལས་ཕྲོས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་རྒྱས་པར་བསྟན་པའི་གཟུངས་དང་། དེའི་ཆ་ལག་མགྲིན་སྔོན་ཅན་གྱི་གཟུངས་དང་། སྤྱན་རས་གཟིགས་དབང་ཕྱུག་གི་ཕྲིན་ལས་ཀྱི་རྒྱུད་ལ་འོད་ཟེར་རྣམ་པར་འབྱེད་པའི་གཟུངས་དང་། ངན་སོང་ཐམས་ཅད་སྦྱོང་བའི་གཟུངས་དང་། སྤྱན་རས་གཟིགས་ལ་ལྷ་མོ་བརྒྱད་ཀྱིས་བསྟོད་པའི་གཟུངས་དང་། དེ་རྣམས་ནི་ཐུགས་རྗེ་ཆེན་པོའི་ཀྲི་ཡ་མ་གཏོགས་པའི་རྒྱུད་དང་གཟུངས་ཡིན་ཏེ། གཅིག་རྒྱབ་གཅིག་གིས་སྐྱོང་ཞིང་ཕུན་སུམ་ཚོགས་པ་ལྔ་ལྔ་དང་ལྡན་པར་ཤེས་པར་བྱའོ། །འཇམ་དཔལ་སྐུའི་ལྷ་ཚོགས་ཀྲི་ཡ་ལ་གཏོགས་པའི་རྒྱུད་དང་གཟུངས་དང་། འཇམ་དཔལ་རྩ་བའི་རྒྱུད་བསྡུས་པ་དང་། དེ་ལས་འཕྲོས་པ་རྩ་རྒྱུད་བར་པ་དང་། དེའི་ཕྱི་མ་རྩ་རྒྱུད་རྒྱས་པ་སྟེ། འཇམ་དཔལ་རྩ་བའི་རྒྱུད་གསུམ་ལས་འཕྲོས་པ། འཇམ་དཔལ་མཁའ་ལ་ཉི་ཤར་གྱི་གཟུངས་དང་། འཇམ་དཔལ་སྨྲ་བའི་སེང་གེའི་གཟུངས་དང་། འཇམ་དཔལ་སྨྲ་བའི་ཁྱུ་མཆོག་གི་གཟུངས་དང་། འཇམ་དཔལ་ཨ་ར་པ་ཙའི་གཟུངས་དང་། འཇམ་དཔལ་བ་གི་ཤ་རི་མུམ་གྱི་སྙིང་པོའི་གཟུངས་དང་། འཇམ་དཔལ་ཉིད་ཀྱི་ཞལ་ནས་གསུངས་པའི་གཟུངས་དང་། འཇམ་དཔལ་མ་རིག་མུན་པ་སེལ་བ་ཤེས་རབ་བསྐྱེད་པའི་གཟུངས་དང་། ལྷ་མོ་དབྱངས་ཅན་མའི་གཟུངས་དང་། དཀོན་མཆོག་བརྩེགས་པའི་ནང་ནས་འཇམ་དཔལ་གྱི་ཞིང་རྣམ་པར་བཀོད་པའི་མདོ་དང་། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་འཇམ་དཔལ་གྱི་རྟོགས་པ་བརྗོད་པའི་མདོ་དང་། མདོ་མངས་ཀྱི་སྡེ་ཚན་འཇམ་དཔལ་གྱི་སྡེ་ཚན་

(༢༦༨)བརྒྱ་རྩ་བརྒྱད་ཙམ་བཞུགས་པའོ། །འཇམ་དཔལ་ཟུར་ཕུད་ལྔ་པའི་བསྟོད་པ་དང་། འཇམ་དཔལ་དང་བྱམས་པ་ལི་ཙ་བྱི་དྲི་མ་མེད་པ་དང་། བྱང་ཆུབ་སེམས་དཔའི་ཚོགས་རྣམས་ཆོས་སྒྲོ་ཞིང་གླེང་བའི་མདོ་ལ་སོགས་པ་སྟེ། བོད་ལ་འགྱུར་བ་ཀྲྀ་ཡ་ལ་གཏོགས་པ་མང་དུ་བཞུགས་པར་འདུག་སྟེ། འདིར་རྒྱས་པར་མ་བྲིས་པའོ། །རྒྱུད་གཟུངས་མདོ་འདི་རྣམས་དེ་འཇམ་དཔལ་གྱི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་དང་། ཕྲིན་ལས་ཀྱི་ཕྲིན་ལས་ཏེ་བཀའ་ཉན་རྣམས་ཀྱི་རྒྱུད་ཞོར་ལ་སྟོན་པའོ། །དེ་ལ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པའི་མཛད་པ་བསམ་གྱིས་མི་ཁྱབ་པ་དཔག་ཏུ་མེད་པ་གཏིང་དཔག་དཀའ་བར་བཞུགས་ན་ཡང་། སེམས་ཅན་གདུལ་བྱ་རབ་དང་འབྲིང་དང་ཐ་མའི་མཐོང་ཚུལ་ལས་འཇམ་དཔལ་གྱི་རྒྱུད་དང་གཟུངས་ལ་སོགས་པ་མཛད་པ་ཕྲིན་ལས་དེ་ལྟར་དུ་བྱོན་པ་ཡིན། འཇམ་དཔལ་ཀྲི་ཡའི་ལྷ་ཚོགས་ཀྱི་གདུལ་བྱ་བྲམ་ཟེའི་རིགས་རྣམས་ཡིན། བྲམ་ཟེ་ཁྲུས་དང་གཙང་སྦྲ་ལ་རྒ་བའི་ཕྱིར་ན་ཀྲི་ཡའི་རྒྱུད་དང་གཟུངས་རྣམས་ཀྱིས་ཀྱང་ཁྲུས་ཀྱི་རིམ་པ་མང་པོ་དང་། ལུས་ངག་ཡིད་གསུམ་དང་ཕྱིའི་སྤྱོད་པ་སྣ་ཚོགས་ཀྱི་སྒོ་ནས་གཙང་ཞིང་དག་པར་བྱེད་དུས་གསུམ་གསོ་སྦྱོང་ལ་སོགས་བརྟེན་ཅིང་དཀའ་ཐུབ་རྐ་སྤྱད་དུ་མའི་སྒོ་ནས་བརྩོན་འགྲུས་བསྐྱེད་པ་དང་བཟའ་བ་ཟས་ཀྱི་བྱེ་བྲག་ལས། ཤ་དང་ཆང་དང་སྒོག་པ་ལ་སོགས་པ་མི་གཙང་བའི་ཟས་ཐམས་ཅད་སྤང་ཞིང་། དཀར་གསུམ་དང་མངར་གསུམ་འབྲུ་དང་འབྲས་ལ་སོགས་པ་དང་། ཀྲི་ཡའི་རྒྱུད་ནས་གསུངས་པའི་ཟས་ཀྱི་བྱེ་བྲག་རྣམས་ཟ་བར་བྱའོ། །ཀྲི་ཡ་སྒྲུབ་པར་བྱེད་པའི་གང་ཟག་ཀྱང་རབ་དགེ་སློང་གི་སྡོམ་པ་དང་ལྡན་ཞིང་། འབྲིས་གེ་ཚུལ། ཐ་མ་ཡང་དགེ་གཉེན། ཐ་མའི་ཐ་མ་དུས་གསུམ་གྱི་བསྙེན་གནས་ཀྱི་སྡོམ་པ་བསྲུང་བའི་གང་ཟག་དགོས་པར་

(༢༦༩)བཤད། དེ་ལ་འཇམ་དཔལ་གྱི་དབང་དུ་བྱས་པར་སོང་ན། །འཇམ་དཔལ་སེམས་དཔའི་ཆ་བྱད་ཅན་ཀྲི་ཡའི་འཇམ་དཔལ་འདི་ས་བཅུ་པའི་བྱང་ཆུབ་སེམས་དཔའི་ཆ་ལུགས་ཅན་དུ་བསྟན་པའོ། །འཇམ་དཔལ་སྤྲུལ་པའི་སྐུ་དང་། འཇམ་དཔལ་ལོངས་སྤྱོད་རྫོགས་པ་ཆེན་པོའི་སྐུ་དང་། སྐུ་གསུམ་གྱི་འཇམ་དཔལ་དེ་ཐེག་པ་གོང་མ་རྣམས་སུ་གདུལ་བྱ་དབང་པོ་རབ་ཀྱི་དོན་དུ་གསུངས་པ་ཡིན། རྒྱུད་ཀྱི་ནང་ནས་ཀྱང་རྡོ་རྗེ་ཐེག་པ་ངོ་བོ་གཅིག་ལ་ཡང་གདུལ་བྱ་དབང་པོ་ཐ་དད་པས། དམན་པ་རྣམས་ལ་བྱ་བའི་རྒྱུད། དེ་རྟག་རྣམས་ལ་སྤྱོད་པའི་རྒྱུད། །རབ་ཀྱི་འབྲིང་ལ་རྣལ་འབྱོར་རྒྱུད། །རབ་ཀྱི་རབ་ལ་ཆེན་པོ་སྟེ། །རྒྱུད་སྡེ་བཞི་རུ་བསྟན་པ་ཡང་། །རྒྱུད་གཅིག་ཏུ་ནི་འདུས་པ་ཡིན། །ཞེས་གསུངས་པའི་ཕྱིར་ན། འཇམ་དཔལ་རྩ་བའི་རྒྱུད་རྒྱས་བསྡུས་གསུམ་ལས། འཇམ་དཔལ་ཉིད་ཀྱི་སྐུ་ཆེ་བའི་ཡོན་ཏན་གླེང་གཞི་བསམ་གྱིས་མི་ཁྱབ་པ་སྟོན་པ་དང་། འཇམ་དཔལ་གྱི་སྒྲུབ་ལུགས་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་དང་། དཀྱིལ་འཁོར་རྒྱས་པ་དང་། བསྡུས་པ་དང་། དཔའ་བོ་གཅིག་པ་ལ་སོགས་ཏེ་མང་པོར་དབྱེ་ཞིང་སྟོན་པ་ལས་འཇམ་དཔལ་གྱི་མཚན་ཐོས་པ་ཙམ་གྱིས་ཀྱང་སྐྱེ་བ་གྲངས་མེད་པའི་མ་རིག་པའི་སྒྲིབ་པ་དག་ནས། ཤེས་རབ་སྣ་ཚོགས་བསྐྱེད་པར་གསུངས་ཏེ། ཤེས་རབ་ཀྱང་གཉིས་ཡིན་ཐུན་མོང་བ་འཇིག་རྟེན་པའི་ཤེས་བྱ་སྣ་ཚོགས་ལ་མཁས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་དྲི་མ་མེད་པ་ནམ་མཁའ་ལ་ཉི་མ་ཤར་བ་ལྟ་བུ་སྐྱེད་པའི་ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཕྲིན་ལས་སུ་བཞེད་པ་ཡིན། དཀོན་མཆོག་བརྩེགས་པའི་འཇམ་དཔལ་ཞིང་བཀོད་པའི་མདོ་ལས། འཇམ་དཔལ་ཕྱག་སྟོང་དང་ལྡན་པ་ཞལ་བཅུ་གཅིག་པ། ཕྱག་རེ་རེའི་ནང་ན་ལྷུང་བཟེད་རེ་རེའི་སངས་རྒྱས་འཁོར་དང་བཅས་པ་རེ་རེ་བཞུགས་པ། བ་སྤུའི་རྩ་

(༢༧༠)བ་རེ་རེ་ན་ཡང་སངས་རྒྱས་སྟོང་གི་ཞིང་ཁམས་རེ་རེ་ཡོད་པ། སྐུ་ཡིས་ཞིང་ཁམས་ཐམས་ཅད་ཁྱབ་ཅིང་ཞིང་ཁམས་ཐམས་ཅད་སྐུ་ལ་རྫོགས་པ། དེ་ལྟ་བུ་ཡ་མཚན་ཆེ་བ་གསུངས་ཤིང་འདུག་ན་ཡང་འཇམ་དཔལ་ཉིད་ལས་ལྷག་པ་མེད་པའི་ཕྱིར་ན་འཁོར་བ་དང་མྱ་ངན་ལས་འདས་པའི་ཞིང་ཁམས་ཐམས་ཅད་སྐུ་གསུང་ཐུགས་ལ་རྫོགས་པའི་ཕྱིར་ན། གཞན་པའི་ཞིང་ཁམས་དང་གཞལ་ཡས་ཀྱི་ཁང་པའི་ཚད་ནི་སྨོས་ཀྱང་ཅི་དགོས། ཚད་གཞལ་ཞིང་གཏིང་དཔག་ཤིན་ཏུ་དཀའོ། །འཇམ་དཔལ་ཀྲི་ཡའི་གཟུངས་དང་རྒྱུད་འདི་རྣམས་ལ་ཡང་ཕུན་སུམ་ཚོགས་པ་མ་འདྲེས་པ་ལྔ་ལྔར་ཤེས་པར་བྱའོ། །ཀྲི་ཡ་ལས་ལ་འཇུག་པའི་སྒོ་ལ་སོགས་ཏེ། རྣམ་གྲངས་དགུར་ཤེས་པར་བྱ་སྟེ། འཇུག་པ་ནི་ཁྲུས་དང་གཙང་སྦྲའི་སྒོ་ནས་འཇུག་པ་ལས། སུ་ནི་སི་ཏི་ཀ་ར་ནས། ལས་ལ་འཇུག་པའི་སྐབས་དག་ལ། ལུས་ལ་ས་ཁྲུས་བྱས་ནས་སུ། །ཆུ་ཆེན་རྙོག་མེད་ནང་དག་ཏུ། །ཅི་ལྟར་འདོད་པ་དག་ཏུ་བཀྲུ། །དམ་ཚིག་རིགས་གསུམ་གྱི་དབང་གིས་ན། །གསུམ་མམ་བདུན་ནམ་ཉི་ཤུ་དག །ཡང་དག་པར་ནི་བཀྲུ་བར་བྱ། །དེ་ལྟར་དུ་འཇུག་སྒོ་ནས་གཟུང་སྟེ། འབྲས་བུའི་བར་གྱི་རིམ་པ་རྣམས་བསྟན་པ་རྒྱ་མཚོའི་གཞུང་ན་ཡོད་པས་འདིར་ཞིབ་ཏུ་མི་འཚལ། འཇམ་དཔལ་ཀྲི་ཡའི་རྒྱུད་གཟུངས་ཀྱི་དབྱེ་བ་མདོར་བསྡུས་པའི་བར་སྐབས་ལགས་སོ། རྒྱས་པར་ཤེས་འདོད་ན་རྩ་བའི་རྒྱུད་ལ་སོགས་ཏེ། རྒྱུད་དང་གཞུང་རྣམས་ལ་བསླབ་པར་བྱའོ། །ཕྱག་ན་རྡོ་རྗེའི་ལྷ་ཚོགས་ཀྲི་ཡའི་རྒྱུད་ལ་གཏོགས་པ་རྣམས་ཀྱི་དབང་དུ་གྱིས་ན། གདུལ་བྱ་བྲམ་ཟེ་ལ་སོགས་ཏེ་གཙང་མའི་རིགས་རྣམས་previous hit དགོངས་ཏེ་ཀྲི་ཡའི་རྒྱུད་དང་གཟུངས་རྣམས་གསུངས་ next hit་ཡིན། ཕྱག་ན་རྡོ་རྗེའི་སྐུ་གསུང་ཐུགས་ཡོན་ཏན་

(༢༧༡)ཕྲིན་ལས་བསམ་གྱིས་མི་ཁྱབ་ཀྱང་། གདུལ་བྱ་རབ་འབྲིང་ཐ་མའི་སྣང་བ་ལ། ཕྱག་ན་རྡོ་རྗེ་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་པའི་སྐུ་དང་། སྤྲུལ་པའི་སྐུ་སྟེ་ཕྱག་ན་རྡོ་རྗེ་ཡེ་ཤེས་སེམས་དཔའི་ཆ་བྱད་ཅན། ལྕང་ལོ་ཅན་གྱི་ཕོ་བྲང་ན་བཞུགས་ཏེ། ཀྲི་ཡའི་ལྷ་ཚོགས་ཏེ་གདུལ་བྱ་ཐ་མ་ལ་དགོངས་པའོ། །དེ་ལ་ཕྱག་ན་རྡོ་རྗེས་རྩ་བའི་རྒྱུད་རྡོ་རྗེ་རྣམ་འཇོམས་ནས་གཟུང་སྟེ། རྒྱུད་དང་གཟུངས་ཐམས་ཅད་ལ་འཇུག་པའི་སྒོ་ནས་གཟུང་སྟེ་རྣམ་གྲངས་དགུ་དགུར་ཤེས་པར་བྱ་སྟེ། སྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་དང་། སྙིང་པོ་དང་། སྔགས་དང་། གཟུངས་རྣམས་ཀྱང་རིགས་མི་གཅིག་པ་དགུ་དགུར་ཤེས་པར་བྱའོ། །སུ་ནི་སི་ཏི་ཀ་ར་ནས་ལེགས་པར་གྲུབ་པའི་རྒྱུད་ནས། ལྷ་བདག་རྗེ་ཁོལ་ཚུལ་དུ་བསྒོམ། །དངོས་གྲུབ་ཕ་འབབས་ཚུལ་དུ་སྟེར། །ཞེས་གསུངས་པའི་ཕྱིར་ན་དམ་ཚིག་སེམས་དཔའ་འབངས་ཀྱི་ཚུལ་དུ་བསྒོམ། ཡེ་ཤེས་སེམས་དཔའ་རྗེའི་ཚུལ་དུ་སྤྱན་དྲངས་ནས། དངོས་གྲུབ་སྣ་ཚོགས་བཀའ་དྲིན་གྱི་ཚུལ་དུ་ཞུ་བ་ཡིན། དེའི་ཕྱིར་ན་ཕྱག་ན་རྡོ་རྗེ་རྡོ་རྗེ་འཛིན་པ་ལས། ཀྲི་ཡའི་ལྷ་རུ་བྱོན་པ་ལས། ཅི་ལྟར་ཞི་བའི་སྐུར་བསྟན་ཡང་། དགྲ་བཅོམ་འབུམ་དང་སེམས་དཔའ་འབུམ། རང་རྒྱལ་འབུམ་གྱི་འཁོར་གྱིས་བསྐོར། ཅི་ལྟར་རྒྱས་པའི་སྐུར་བསྟན་ཡང་། གནོད་སྦྱིན་ལྔ་ཡི་འཁོར་གྱིས་བསྐོར། །ཅི་ལྟར་དབང་གི་སྐུར་བསྟན་ཡང་། །ཁྱད་པར་རྣམ་བཞིའི་འཁོར་གྱིས་བསྐོར། །ཅི་ལྟར་དྲག་པོའི་སྐུར་བསྟན་ཡང་། །ལྷ་སྲིན་སྡེ་བརྒྱད་འཁོར་གྱིས་བསྐོར། །ཕྱག་ན་རྡོ་རྗེ་ཆེ་བ་འདོན་པའི་རྒྱུད་ཀྱི་གླེང་བཞི་ལས་གསུངས་པའི་ཕྱིར་ན། ཀྲི་ཡའི་ལུགས་ཀྱི་ཕྱག་ན་རྡོ་རྗེ་དང་། ཁྲོ་རྒྱལ་དང་རྣམ་འཇོམས་ལ་སོགས་

(༢༧༢)པ་འདི་རྣམས་ཀྱི་འཁོར་ན་ཀླུ་དང་གནོད་སྦྱིན་ལ་སོགས་པ་གཙང་མའི་ལྷ་ཚོགས་མང་པོ་ཡོད་པ་ཡིན་པའི་ཕྱིར་ན། ཁྲུས་དང་གཙང་སྦྲ་ལ་སོགས་པ་ཤིན་ཏུ་གལ་ཆེ་བ་ཡིན། རྒྱུད་དང་གདམ་ངག་ནས་གསུངས་པ་བཞིན་དུ་སྒྲུབ་པ་ཚུལ་བཞིན་དུ་བྱས་ན་གསང་སྔགས་ནང་པ་བས་ཀྲི་ཡ་གྲུབ་ཐག་ཉེ་བ་ཡིན། དེ་ལ་རྒྱུད་ཀྱི་ནང་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ནི་གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པའི། །བཅོམ་ལྡན་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཞེས་གསུངས་པའི་ཕྱིར་ན། རྒྱུད་སྡེ་ཐམས་ཅད་ཀྱི་བདག་པོ་ཡིད་ཕྱག་ན་རྡོ་རྗེ་ཡིན། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསང་བ་བསམ་གྱིས་མི་ཁྱབ་པ་དང་། གསུང་གསང་བ་བསམ་གྱིས་མི་ཁྱབ་པ་དང་། ཐུགས་གསང་བ་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་གསང་བ་གསུམ་གྱི་མཛོད་འཛིན་པ་ཡིན་པའི་ཕྱིར་ན། ཕྱག་ན་རྡོ་རྗེ་ཞེས་བྱའོ། །དེ་ལ་སངས་རྒྱས་ཀྱི་སྐུས་གར་ཁྱབ་པའི་སར་ཕྱག་ན་རྡོ་རྗེའི་སྐུས་ཁྱབ། སངས་རྒྱས་ཀྱི་གསུང་གིས་གར་ཁྱབ་པའི་སར་ཕྱག་ན་རྡོ་རྗེའི་གསུང་གིས་ཁྱབ། སངས་རྒྱས་ཀྱི་ཐུགས་ཀྱིས་གར་ཁྱབ་པའི་སར་ཕྱག་ན་རྡོ་རྗེའི་ཐུགས་ཀྱིས་ཁྱབ་པའི་ཕྱིར་ན། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཕྱག་ན་རྡོ་རྗེ་ལ་ལྐོག་ཏུ་མ་གྱུར་པའི་ཕྱིར་ན། སྐུ་གསུམ་གྱིས་བསྡུས་པའི་སངས་རྒྱས་རེ་རེ་ལ་དེ་དང་ཆ་མཐུན་པར་ཕྱག་ན་རྡོ་རྗེ་ཡང་རེ་རེ་འབྱུང་བར་བཤད། དེ་ལ་སོགས་པའི་གླེང་གཞི་མང་དུ་འདུག་སྟེ། འདིར་མ་སྤྲོས་པའོ། །ཕྱག་ན་རྡོ་རྗེ་ཀྲི་ཡ་ལ་གཏོགས་པའི་བར་སྐབས་ཅུང་ཟད་བཤད་པའོ། །སྤྱན་རས་གཟིགས་དབང་ཕྱུག་གི་མཛད་previous hit ་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་ཀྱང་འདིར་སྤྱན་རས་གཟིགས་དབང་ཕྱུག་

(༢༧༣)ཀྲི་ཡ་ལ་དགོངས next hit་པའི་ཕྱིར་ས་བཅུ་པའི་བྱང་ཆུབ་སེམས་དཔའི་བྱ་བྱད་ཅན། དེའི་རྒྱུ་དང་ཀྲི་ཡའི་གཟུངས་རྣམས་ལ་སྐྱེད་རིམ་གྱི་བྱེ་བྲག་དང་། རྫོགས་རིམ་གྱི་དབྱེ་བ་དང་། སྔགས་དང་གཟུངས་ལ་སོགས་པ་རིམ་པ་མི་གཅིག་པ་གྲངས་མེད་པ་གསུངས་པ་ལས། གདུལ་བྱ་གང་ཟག་གི་དབང་དུ་བྱས་ན་བྲམ་ཟེའི་རིགས་ཅན་གྱི་དོན་དུ་གསུངས་པ་ཡིན། ཁྲུས་དང་རྩང་སྦྲ་དང་སྤྱོད་པ་རྣམ་པར་དག་པའི་སྒོ་ནས་འཇུག་སྟེ། རྣམ་གྲངས་དགུ་ཡིས་སྟོན་པ་ནི་བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་ཨ་ནུ་ཨ་ཏིའི་གཞུང་ན་གསལ། དེ་ལྟར་རྒྱུད་དང་མན་ངག་བཞིན་དུ་སྒྲུབ་ན་སྔགས་ནང་པ་བས་གྲུབ་ཐག་ཉེ་བར་གསུངས་པ་ཡིན། སྤྱན་རས་གཟིགས་ཀྱི་རྒྱུད་དང་གཟུངས་འདི་རྣམས་ལ་ཡང་ཕུན་སུམ་ཚོགས་པ་རིགས་མི་གཅིག་པ་ལྔ་ལྔའི་སྒོ་ནས་སོ་སོར་བཤད་དགོས་པ་ཡིན། པདྨ་ཅོད་པན་གྱི་རྒྱུད་ནས། སྤྱན་རས་གཟིགས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒྲུབ་ལུགས་དང་། འབྱུང་བཞི་མང་པོ་སྟོན་པ་ཡིན། །ཟ་མ་ཏོག་བཀོད་པའི་མདོ་ལས། །སྤྱན་རས་གཟིགས་དབང་ཕྱུག་གི་སྐུའི་ཚད་དང་། །ཡོན་ཏན་དཔག་ཏུ་མེད་པ་སྟོན་པ་ལས། །ཐུགས་རྗེ་ཆེན་པོའི་བ་སྤུའི་རྩ་བ་གསེར་ཞེས་བྱ་བའི་ནང་ན་ཕར་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་ལོ་བཅུ་གཉིས་ཀྱི་བར་དུ་རྫུ་འཕྲུལ་དང་ཆོམ་འཕྲུལ་གྱིས་སོང་བ་ལས་གཏིང་མ་རྙེད་ཅིང་འཛམ་གླིང་བྱེ་བ་ཕྲག་བརྒྱ་ཡང་བ་སྤུའི་རྩ་བ་དེའི་ནང་ན་སྣང་བར་མཐོང་བས་ངོ་མཚར་བསྐྱེད་ནས་ཕྱིར་ལོག་སྟེ། ཤིན་ཏུ་ངོ་མཚར་ཆེ་བའི་ལོ་རྒྱུས་བསམ་གྱིས་མི་ཁྱབ་པ་བཤད་ཅིང་འདུག་སྟེ། འདིར་མ་སྤྲོས་པ་ལགས་སོ། །ཐུགས་རྗེ་ཆེན་པོའི་སྙིང་པོ་དང་གཟུངས་

(༢༧༤)འདི་རྣམས་ལ་ལན་གཅིག་བཟླས་པའི་བསོད་ནམས་ཀྱི་ཕུང་པོ་ཡང་། རྒྱ་མཚོ་ཆེན་པོ་འདི་རྣམས་ལས་སྐྲའི་ཉག་མ་རེ་རེས་ཐིགས་པ་གཏོར་བའི་གྲངས་ནི་སངས་རྒྱས་ཀྱིས་མཁྱེན་ཅིང་། གཟུངས་འདོན་པའི་བསོད་ནམས་ཀྱི་ཕུང་པོ་ནི་སངས་རྒྱས་ཀྱིས་མི་མཁྱེན་གསུང་། འདིར་སྤྱན་རས་གཟིགས་དབང་ཕྱུག་ཀྲི་ཡ་ལ་གཏོགས་པའི་རྒྱུད་གཟུངས་ཀྱི་དབྱེ་བ་ཅུང་ཟད་ཙམ་བྲིས་པ་ཡིན། ཐམས་ཅད་ཤེས་ཤིང་མཁས་པར་འདོད་ན་ཐུགས་རྗེ་ཆེན་པོའི་རྒྱུད་དང་གཟུངས་རྣམས་མཉན་པར་བྱ། བསླབ་པར་བྱ་ཤེས་པར་བྱའོ། །སྤྱན་རས་གཟིགས་དབང་ཕྱུག་གི་ཀྲི་ཡའི་རྒྱུད་གཟུངས་རྣམས་ཀྱི་ཅུང་ཟད་ཙམ་དབྱེ་བས་ས་གཅོད་ཙམ་བཀོད་པའི་བར་སྐབས་ལགས་སོ། བ་ར་ན་སིའི་བསིལ་ཁང་རཏྣ་མ་ཏིའི་ཡང་ཐོག་རྒྱལ་པོ་ཛའི་ཁང་ཐོག་ཀྲི་ཡའི་ཆོས་ཀྱི་ཆར་བབ་པ་ནི། དབྱར་ཟླ་ར་བའི་ཉའི་དུས་སུ་འུར་འུར་དང་ཆེམ་ཆེམ་ས་གཡོ་ལ་སོགས་པ་ལྟས་ཆེན་པོ་བཅོ་བརྒྱད་བྱུང་ནས། སྤྲུལ་པའི་པོ་ཏི་མང་པོ་ཆར་བཞིན་དུ་བབ་པ་ལས་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཀྱི་རྒྱལ་པོ་དང་། དཀྱིལ་འཁོར་ཐམས་ཅད་ཀྱི་སྤྱིའི་ཆོ་ག་གསང་བའི་རྒྱུད་དང་། སུ་སི་ཏི་ཀ་ར་ལེགས་པར་གྲུབ་པའི་རྒྱུད་དང་། ཕྱག་ན་རྡོ་རྗེ་རྩེ་མོའི་རྒྱུད་དང་། ཕྱག་ན་རྡོ་རྗེ་མེ་ལྕེ་ཕྲེང་བའི་རྒྱུད་དང་། དམ་ཚིག་གསུམ་བཀོད་པའི་རྒྱུད་དང་། རྟོགས་པའི་རྒྱུད་ཀྱི་རྒྱལ་པོ་དང་། རྡོ་རྗེ་ས་འོག་གི་རྒྱུད་དང་། ཉི་མ་ཁ་སྐེམས་ཀྱི་རྒྱུད་དང་། ཟླ་བ་ཆུ་འཛག་གི་རྒྱུད་དང་། འབྱུང་པོ་ཀུན་འདེབས་ཀྱི་རྒྱུད་དང་། ཀྲི་ཡ་དཔུང་བཟང་གི་རྒྱུད་དང་། པདྨ་ཅོད་པན་དང་། འཇམ་དཔལ་རྩ་བའི་རྒྱུད་གཉིས་འདིར་གཏོགས་པར་འདུག །གནོད་སྦྱིན་ནོར་བུ་བཟང་པོའི་རྟོག་པའི་རྒྱུད་ཀྱི་རྒྱལ་པོ་དང་།

(༢༧༥)ཀྲི་ཡ་རིག་པ་མཆོག་གི་རྒྱུད་ཀྱི་རྒྱལ་པོ་དང་། ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་ཀྱི་སྒྲུབ་ཐབས་དང་། ཀླུའི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ཇོ་བོ་སྔགས་ཀྱི་བདག་པོའི་མཆོད་རྟེན་ཁང་བུ་བརྩིགས་པ་ལ་སོགས་པ། རྗེ་དང་འབངས་ཀྱི་རྒྱུད་ཉི་ཤུ་ཙམ་བོད་ལ་འགྱུར་བ་ཡིན། ཀྲི་ཡའི་རྒྱུད་ལ་མང་པོ་ཆར་དུ་བབ་པར་འདུག་སྟེ། དེ་ཙམ་བས་བོད་ལ་མ་འགྱུར་བ་འདྲ། དེ་མིན་ཡང་རིགས་གསུམ་མགོན་པོའི་ཆ་མཉམ་པའི་གཟུངས་ཡེ་ཤེས་དང་འཇིག་རྟེན་པ་བརྒྱ་ཙམ་བོད་ལ་འགྱུར་བ་འདྲ་སྟེ། འདིར་མ་བཀོད་པ་ཡིན། གསེར་འོད་དམ་པའི་མདོ་སྡེ་འདི་མཆོག་དང་ཐུན་མོང་སྒྲུབ་པའི་རྒྱུད་ཡིན་ཏེ། ས་བཅུ་གོང་ནས་གོང་དུ་རྫོགས་པར་བྱེད་པའི་གཟུངས་སྔགས་དང་། སྐུ་གསུང་རྣམ་པར་འབྱེད་པ་སྟོན་པའི་ཕྱིར་ན་མཆོག་སྒྲུབ་པའི་གཟུངས་ཡིན། ལྷ་མོ་དཔལ་ལ་སོགས་པ་འཇིག་རྟེན་སྐྱོང་བ་རྣམས་ཀྱི་སྒྲུབ་ཐབས་སྟོན་པའི་ཕྱིར་ན་ཐུན་མོང་གི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་སྟོན་པ་ཡིན། དཀྱིལ་འཁོར་དང་གཟུངས་སྔགས་མང་པོར་སྟོན་ཞིང་ཤིན་ཏུ་གྲུབ་ཐག་ཉེ་བའི་ཕྱིར་ན་ཀྲི་ཡར་གཏོགས་པ་ཡིན། སྤྱིར་ཀྲི་ཡ་ལ་གཏོགས་པའི་བཀའ་དང་རྒྱུད་འདི་རྣམས་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་སྟེ། སྐྱེ་བ་འདིར་ཡང་ཕྲིན་ལས་བཞི་དང་དངོས་གྲུབ་བསམ་གྱིས་མི་ཁྱབ་པ་སྒྲུབ་པ་ཡིན། སྐལ་བ་དང་ལྡན་པའི་གདུལ་བྱས་རྒྱུན་ཆད་མེད་པར་བསྒྲུབས་བ། མི་ཚེ་བདུན་གྱིས་རིགས་གསུམ་རྡོ་རྗེ་འཛིན་པའི་པ་ནོན་པར་བཞེད་པ་ཡིན། རིགས་གསུམ་རྡོ་རྗེ་འཛིན་པའི་འབྲས་བུ་མཐར་ཕྱིན་ན་སྤྱན་ལྔ་དང་མངོན་པར་

(༢༧༦)ཤེས་པ་དྲུག་དང་རྡོ་རྗེ་འཛིན་པའི་འབྲས་བུ་ཐམས་ཅད་རྫོགས་པ་ཡིན། དེ་ལ་ཀྲི་ཡ་དག་པའི་རྣལ་འབྱོར་གྱི་རྒྱུ་ལ་བསླབ་པ་དང་། ལམ་ལ་བསླབ་པ་དང་། འབྲས་བུ་མཐར་ཕྱིན་པར་བྱ་བ་དང་། འཇུག་སྒོ་ལ་སོགས་པ་རྒྱུད་རྣམས་དང་བསྟན་བཅོས་རྣམས་དང་གདམ་ངག་རྣམས་ལས་ཅི་ལྟར་དུ་གསུངས་པའི་སྒྲ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །ཐེག་པ་གོང་ནས་གོང་དུ་ནར་སོན་པར་བྱ་བའི་ཕྱིར། དེར་ཡང་གནས་པར་མི་བྱ་ཞིང་ཐེག་པ་གོང་མ་རྣམས་ལ་འཇུག་པར་བྱའོ། །རྗེ་བཙུན་མཻ་ཏྲི་པའི་ཞལ་ནས་ཀྱང་། སངས་རྒྱས་ཆོས་ལ་བདག་པོ་མེད་པའི་ཕྱིར་ན། ཐེག་པ་སྒྲུབ་མཐའ་ལ་སོགས་ལ་གང་ལ་ཡང་ཁང་འཛིན་མི་བྱའོ། །ཅེས་གསུངས་པའི་ཕྱིར་ན། ཐེག་པ་མཐའ་དག་ལ་བསླབ་ཅིང་མཐོ་སྨན་གཉིས་ཀྱི་འདུ་ཤེས་ཀྱིས། ཐེག་པ་གང་ལའང་སྒྲོ་སྐུར་འདེབས་པར་མི་བྱའོ། །འདི་རྣམས་ཀྲྀ་ཡའི་རྒྱུད་དང་གཟུངས་རྣམས་ཀྱི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་དང་། རྒྱ་གར་གི་མཁས་ལ་སྒྲུབ་པ་ཐོབ་པའི་བཤེས་གཉེན་རྣམས་ཀྱི་རྒྱུད་འབྲེལ་དང་གདམ་ངག་དང་བསྟན་བཅོས་དང་། བོད་ཀྱི་མཁས་ལ་གྲུབ་པ་ཐོབ་པ་རྣམས་ཀྱིས་བསྟན་བཅོས་གདམ་ངག་རྣམས་རྩིས་མགོ་རྣམ་པ་ལྔ་ཡིས་སོ་སོར་ཕྱེ་ན་སྒྲ་དོན་དབྱེར་མེད་དུ་གང་ཟག་སྐལ་བ་དང་ལྡན་པ་ཅིག་སངས་རྒྱས་སྒྲུབ་པའི་ལམ་སྟེགས་སུ་མཚམས་སྦྱར་བའི་བར་སྐབས་ལགས་སོ། །ཆོས་སྐུ་རྡོ་རྗེ་འཆང་དང་། ལོངས་སྐུ་རིགས་ལྔ་ཡབ་ཡུམ་བཅུ་དང་། སྤྲུལ་སྐུ་ཐུབ་པ་སྟོང་ལ་སོགས་པའི་སྐུ་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་རྣམ་པར་འཕྲུལ་ཞིང་བྱིན་གྱིས་བརླབས་པའི་བཀའ་བཞིའི་བརྒྱུད་པ་རྣམས་ཀྱི་རྣམ་པར་འཕྲུལ་ཞིང་བྱིན་གྱིས་བརླབས་པའི་ཚུལ་བསྟན་

(༢༧༧)པའི་འཁོར་ལོ་སྡོམ་པའི་རྣམ་པར་འཕྲུལ་པ་རྗེ་ཏེ་ལོ་པ་དེའི་ཞབས་དྲུང་དུ་ཀ་བ་བཅུ་གཉིས་སྤྱད་ཅིང་དངོས་གྲུབ་ཐོབ་པའི་ཚུལ་བསྟན་པའི་རྡོ་རྗེ་སེམས་དཔའི་སྤྲུལ་པ་དང་ཐ་དད་མེད་པ་རྗེ་ན་རོ་པ་ཡིས་བཀའ་མཐའ་དག་གི་སྒྲ་དང་དོན་རྣམས་མཁྱེན་པར་མཛད་ཅིང་དེ་རྣམས་ཐམས་ཅད་ཀྱི་previous hit དགོངས next hit་གཅིག་ཏུ་རྟོགས་ཤིང་མཁྱེན་པ་རབ་འབྱམ་རྟོགས་པ་ཡེ་ཤེས་སུ་ཤར་ནས་ཕྱི་རབས་གདུལ་བྱའི་དོན་དུ་སྙན་རྒྱུད་གནད་ཀྱི་མན་ངག་བདེ་བར་གཤེགས་པའི་བཀའི་གཞུང་ལུགས་དང་། བླ་མ་བརྒྱུད་པའི་གདམ་ངག་དང་། རང་གི་རྟོགས་པའི་ཉམས་མྱོང་གསུམ་དུས་གཅིག་ཏུ་ཤར་ནས་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱུ་རུ་ར་ལག་མཐིལ་དུ་བཞག་པ་ལྟར་གསལ་བའི་ནཱ་རོ་བཀའ་རྒྱུད་ཀྱི་བཞེད་ལུགས་ཀྱིས་དབང་དུ་བྱས་ན། གདུལ་བྱ་རྣམས་ཀྱི་དངོས་པོ་གཤིས་ཀྱི་གནས་ལུགས་གདོད་མ་ནས་སངས་རྒྱས་ཆོས་ཀྱི་སྐུ་ཡིན་པ་ལ་ཡིན་པར་ངོ་མ་ཤེས་ཤིང་ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲིབས་ནས་འཁོར་བར་འཁྱམས་པ་ཡིན་པ་ལས། ལྷན་ཅིག་སྐྱེས་པའི་མ་རིག་པ་དེ་སྤངས་པས་ཀྱང་མི་ཐུབ། བཀག་པས་ཀྱང་མི་ཁེགས། བསྒྱུར་བས་ཀྱང་མི་འགྱུར། ཀྲི་ཡ་བའི་དབང་དུ་བྱས་ན་ཐབས་སྣ་ཚོགས་ཀྱིས་དག་པར་འདོད་པ་ཡིན་ཏེ། བཀྲུས་ཀྱང་དག་པར་མི་འགྱུར། ལྷན་ཅིག་སྐྱེས་པའི་མ་རིག་པ་དེ་རང་རིག་པའི་ཡེ་ཤེས་སུ་རྟོགས་པར་བྱའི། ཐབས་སུ་དབང་པོ་ཡང་རབ་ངོ་སྤྲོད་ཀྱི་གདམ་ངག །དབང་པོ་འབྲིང་དང་ཐ་མ་ལ་ཐབས་ཟབ་མོ་ལ་བརྟན་ནས། སྨིན་པ་དང་གྲོལ་བའི་བྱིན་གྱིས་བརླབས་ཀྱི་མན་ངག་བསྟན་པ་ཙམ་གྱིས་སྔར་འདྲིས་ཀྱི་མི་དང་ཕྲད་

(༢༧༨)པ་བཞིན་དུ་དངོས་པོ་གཤིས་ཀྱི་གནས་ལུགས་རང་གི་རང་ངོ་ཤེས་ཤིང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རང་ས་ཟིན་ན། ཀྲི་ཡ་ཐེག་པའི་འཇུག་སྒོ་དང་ས་ལམ་འབྲས་བུ་ལྟ་སྒོམ་སྤྱོད་པ་གནས་པ་དམ་ཚིག་རྣམ་གྲངས་དགུ་ཡིས་འཆད་པ་དེ་རྒྱུ་དག་ལམ་དག་འབྲས་བུ་དག་པའི་ཕྱིར་ན་དེ་རྣམས་གང་ཡང་བསྒྲོད་མི་དགོས་པར་བཞེད་པ་ཡིན། ཀྲི་ཡའི་གཞི་རྟོགས་ལམ་རྟོགས། གཞི་ལམ་འབྲས་བུ་གསུམ་དུས་གཅིག་ལ་རྟོགས་པའི་ཕྱིར་ན། ཀྲི་ཡ་ཐེག་པའི་སྒྲུབ་ཐབས་དང་། དཀའ་ཐུབ་དཀའ་སྤྱོད་པ་སྣ་ཚོགས་ཀྱི་སྒྲུབ་ཐབས་དང་། སྦྱང་བྱ་སྒྲིབ་པའི་ཚོགས་དང་། ཐོབ་དུ་རེ་བའི་དངོས་གྲུབ་རྣམས། །རེ་བ་དང་དོགས་པ་མེད་པར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་ན་མ་སྦྱངས་པར་སྒྲིབ་པའི་ཚོགས་རྣམས་དག་པ་ཡིན། མ་སྒྲོད་པར་ས་དང་ལམ་རྣམས་ནོན་པ་སྟེ། དཔེར་ན་ཁྱུང་ནམ་མཁའ་ལ་འཕུར་བའི་དུས་སུ་གླིང་བཞི་རི་རབ་དང་བཅས་པ་ཁོའི་འོག་ན་ཡོད་པ་ལས་གང་ལ་ཡང་ཉམ་མི་ང་ཞིང་། བག་མི་ཚ་བར་ནམ་མཁའི་དབྱིངས་ན་འཕང་གཅོད་པ་ལ། ལྟུང་བའི་དོགས་པ་མེད་པར་བྱ་གཞན་བཞིན་དུ་གཤོག་པ་རླབས་པ་དང་། རྩོལ་བ་དང་གྲུབ་པ་མི་དགོས་པ་ལྟར། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་ལ་ཡང་ཆོས་ཀྱི་དབྱིངས་ལ་མཐའ་དང་དབུས་མེད་པར་ལ། མཐའ་དང་དབུས་ཀྱི་འཛིན་པ་མེད་པར་རྟོགས་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་རྣམས་ལ་སྤང་བ་དང་བླང་བ་མེད་པར་རྟོགས་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རེ་བ་དང་དོགས་པ་མེད་པ་ནི་མཉམ་པ་ཉིད་ཀྱི་རྣལ་འབྱོར་བྱ་བ་ཡིན་ཏེ། དེ་ཡང་གོམས་འདྲིས་མཐར་ཕྱིན་པ་དང་

(༢༧༩)དབང་ཐོབ་དགོས་པར་བཤད། ན་རོ་བརྒྱུད་པའི་གདམ་ངག་ཟབ་མོའི་གནད་ཀྱི་སྐྱེ་བ་འདི་ཉིད་ལ་དེ་ལྟར་དུ་རྟོགས་པར་བཞེད་པ་ཡིན། དེ་ལྟར་དུ་རྟོགས་ན་མཐོང་བ་དང་ཐོས་པ་དང་དྲན་པའི་གདུལ་བྱ་རྣམས་ཀྱང་བྱིན་གྱིས་རློབ་ནུས་པ་ཡིན་གསུང་། བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་ཕུན་སུམ་ཚོགས་པ་གསལ་བྱེད་སྒྲོན་མ་ལས། ཀྲི་ཡའི་ཐེག་པ་དག་བྱ་དག་བྱེད་རྩིས་གདབ་མེད་པར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་རབ་སྐབས་ཏེ་དྲུག་པའོ།། ༈ །།རྒྱ་གར་སྐད་དུ། ཨུ་པ་ཡ། བོད་སྐད་དུ་སྤྱོད་པའི་རྒྱུད། རྒྱུད་སྡེ་འདི་ཀྲི་ཡའི་རྒྱུད་དང་ཡོ་གའི་རྒྱུད་གཉིས་ཀྱི་ཆ་མཉམ་པ་ལས་སྤྱོད་པའི་རྒྱུད་ཡིན་པའི་ཕྱིར་ན། དཔལ་ནམ་མཁའ་སྒོ་མངས་ཀྱི་རྒྱུད་ནས་ཀྱང་། གཉི་ག་སྤྱོད་ཀྱི་ཨུ་པ་ཡ། འདི་ཡིས་སྤྱོད་པ་ངེས་མ་མཆིས། ཀྲི་ཡ་སྤྱོད་ཅིང་ཡོ་ག་གྲུབ། འདི་ཡི་ཕུན་ཚོགས་ལྔ་དག་ཀྱང་། །གོང་འོག་གཉིས་དང་ཆ་མཐུན་ཏེ། །ཀྲི་ཡོག་གཉིས་ལ་བསླབ་པར་བྱའོ། །ཞེས་གསུངས་པའི་ཕྱིར་ན། སྟོན་པ་ཕུན་སུམ་ཚོགས་པ་དང་། དུས་ཕུན་སུམ་ཚོགས་པ་དང་། གནས་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་ཚོགས་པ་དང་། བསྟན་པ་ཕུན་སུམ་ཚོགས་པ་ལ་སོགས་ཏེ། ཕུན་སུམ་ཚོགས་པ་རྣམ་པ་ལྔ་རྒྱུད་གོང་འོག་གཉིས་ཀའི་ནང་ནས་གཏན་ལ་ཕབ་པར་བྱའོ། །དེ་ལ་བསྟན་པ་ཕུན་སུམ་ཚོགས་པའི་དབང་དུ་བྱས་ན། ཀྲི་ཡ་ཨུ་པ་ཡ་གཉིས་རྒྱུད་ཐུན་མོང་གི་རྩ་བ་ཨུ་པ་ཡའི་རྒྱུད་ལ། རྣམ་པར་སྣང་མཛད་ཆེན་པོ་མངོན་པར་བྱང་ཆུབ་པའི་རྩ་བའི་རྒྱུད་ཆེན་པོ་དང་། དེའི་རྒྱུད་ཕྱི་མ་དང་། ཕྱི་མའི་ཕྱི་མ་བཤད་རྒྱུད་དང་། དཔལ་ནམ་མཁའ་སྒོ་མངས་ཀྱི་རྒྱུད་དང་། ཨ་མོ་གྷ་པཱ་ཤ་འབྱུང་

(༢༨༠)བའི་རྒྱུད་དང་། ཡོ་ག་ཨུ་པ་ཐུན་མོང་གི་རྒྱུད་ནི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་དང་། དེའི་ཕྱི་མ་བཤད་རྒྱུད་གསང་བ་རྣལ་འབྱོར་རྡོ་རྗེ་རྩེ་མོའི་རྒྱུད་ཆེན་པོ་དང་། པདྨ་ཅོད་པན་གྱི་རྒྱུད་དང་། འཇམ་དཔལ་རྩ་བའི་རྒྱུད་དང་། རྡོ་རྗེ་རྣམ་པར་འཇོམས་པ་དང་། འདི་རྣམས་ཨུ་པ་ཡ་དང་ཐུན་མོང་གི་རྒྱུད་དང་། དེ་མིན་ཡང་ཀྲི་ཡ་དང་ཡོ་ག་གཉིས་ལ་གཏོགས་ཚད་ཀྱི་རྒྱུད་དང་མན་ངག་རྣམས་ཀྱི་ནང་ནས་སྤྱོད་པའི་རྒྱུད་འདི་རྣམས་སྟོན་པ་ཡིན་པའི་ཕྱིར་ན་ཀྲི་ཡོག་གཉིས་དང་སྤྱོད་པའི་རྒྱུད་ཐུན་མོང་ཡིན་པའི་ཕྱིར་ན། ཨུ་པ་ཡ་བྱ་བ་ནི་ཐུན་མོང་གི་རྒྱུད་ཅེས་བྱ་བ་ཡིན། ལོངས་སྤྱོད་རྫོགས་པའི་བསྟན་པ་བར་བའི་རྒྱུད་ཅེས་ཀྱང་བྱ། མ་ནིང་ལྟ་བུའི་རྒྱུད་ཅེས་ཀྱང་བྱ། དེའི་ཕྱིར་ན་ཨུ་པ་ཡ་སྤྱོད་པའི་རྒྱུད་ལ་མཁས་པར་འདོད་ན། ཀྲི་ཡ་དང་ཡོ་ག་གཉིས་ཀྱི་རྒྱུད་དང་། དེའི་བསྟན་བཅོས་དེའི་འབྲེལ་བ་རྣམས་ལ་མཁས་པར་བསླབས་ཅིང་། དེ་རྣམས་ཀྱི་ནང་ནས་སྤྱོད་པའི་རྒྱུད་རྣམས་སོ་སོར་འབྱེད་ཤེས་པར་བྱའོ། །ཨུ་པ་ཡའི་རྒྱུད་ཞེས་བྱ་བའི་དོན་ནི། རྣམ་པར་སྣང་མཛད་ཀུན་དུ་ཞལ་ཀྱིས་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་དང་བཅུར་ཀུན་མཁྱེན་ཀུན་རིག་ཀུན་ཏུ་གཟིགས་ནས་ལོངས་སྤྱོད་རྫོགས་པའི་སྐུ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སྤངས་པ་དང་ཐོབ་པ་མེད་པར་ངོ་བོ་ཉིད་ཀྱི་རྒྱན་དུ་རྫོགས་ཤིང་། ཕྱི་ནང་སྣོད་བཅུད་ཐམས་ཅད་ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱན་བཀོད་པ་ལྟ་བུར་རང་བཞིན་གྱིས་བཞུགས་པའི་དུས་སུ་ཉིད་ལས་མི་གཞན་པའི་འཁོར་སངས་རྒྱས་རིགས་རྣམ་པ་བཞི་དང་དེའི་ཡུམ་བཞི་དང་། དེའི་སྲས་ལོངས་སྤྱོད་རྫོགས་པའི་འཁོར་སྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་བཅུ་དྲུག་དང་། སེམས་མ་བཅུ་དྲུག་ལ་སོགས་ཏེ། འཁོར་

(༢༨༡)ཕུན་སུམ་ཚོགས་པས་བསྐོར་ནས་བཞུགས་པའི་དུས་སུ། ཀུན་རིག་རྒྱལ་པོས་ཅི་ཡང་མ་གསུངས་ཀྱང་གདུལ་བྱ་རབ་འབྲིང་ཐ་མ་གསུམ་གྱིས་རྒྱུད་སྡེ་རྣམ་པ་གསུམ་དུ་གོ་བ་ཡིན། དེའི་ཕྱིར་ན་རྫོགས་པ་ཆེན་པོ་ཀུན་བྱེད་རྒྱལ་པོའི་ལུང་ལས་ཀྱང་། ཆོས་ཀྱི་སྐུ་ནི་བྱིན་གྱིས་རླབས་ཀྱིས་རྟོགས། ལོངས་སྤྱོད་རྫོགས་པའི་སྐུ་ཡི་བསྟན་པ་བརྡ་ཡིས་མཚོན། ཞལ་ནས་གསུངས་པ་མ་ཡིན་ཏེ། །དབང་པོའི་བྱེ་བྲག་ཅི་བཞིན་དུ། །སོ་སོར་བརྡ་ཡིས་གོ་བར་ཟད། །ཅེས་གསུངས་པའི་ཕྱིར་ན། འདི་ལོངས་སྤྱོད་རྫོགས་པའི་བསྟན་པ་ཡིན་པའི་ཕྱིར་ན། གདུལ་བྱ་རྣམ་པ་གསུམ་གྱི་གོ་ལུགས་ཀྱིས་བྲམ་ཟེའི་རིགས་ཀྱི་བྱ་བའི་རྒྱུད་དུ་གོ། །ཀྲི་ཡ་དག་པའི་རྣལ་འབྱོར་བྱ་བ་ཡིན། གདུལ་བྱ་རྗེ་རིགས་དང་ཚུལ་མཐུན་པ་རྣམས་ཀྱིས་སྤྱོད་པའི་རྒྱུད་དུ་གོ་སྟེ། འཇུག་སྒོ་དང་སྐྱེད་རིམ་ཀྲི་ཡ་ལྟར་འཇུག་ཅིང་རྫོགས་རིམ་དང་ལྟ་བ་དང་རྟོགས་པ་དང་དབང་གི་རིམ་པ་རྣམས་ཡོ་ག་ལྟར་སྒྲུབས་ན་རིམས་བཞིན་རྣམ་པར་འབྱེད་པའི་འབྲས་བུར་སངས་རྒྱ་བར་བཞེད་པ་ཡིན། དེའི་ཕྱིར་ན་སེམས་ཅན་རྣམས་སྐྱེ་གནས་རྣམ་པ་བཞིར་སྐྱེས་ནས་ཕུང་པོ་ལྔ་དང་འབྱུང་བ་ལྔ། སྐྱེ་མཆེད་དྲུག་གིས་བསྡུས་པའི་དབང་པོ་ལྔ། རྟེན་འབྲེལ་བཅུ་གཉིས་ཀྱིས་ཀུན་ལ་ཁྱབ་ཅིང་བྱེད་པའི་སྐྱེས་བུ་བཅུ་གཉིས་ཀྱིས་བྱ་བ་སྣ་ཚོགས་སུ་བསྒྲུབ་ནས། སྐྱེ་གནས་རྣམ་པ་བཞི་ཡིས་བསྡུས་པའི་སེམས་ཅན་རྣམས་ཁམས་གསུམ་དུ་འཁོར་བ་ལས་སེམས་ཅན་རེ་རེ་ལ་ཡང་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱིས་བསྡུས་པའི་རྣམ་གྲངས་དྲུག་བཅུ་རྩ་བཞི་རེ་ཡོད་ཅིང་། མངོན་པར་བཞེན་པ་ལས་ཀྲི་ཡའི་རྒྱུད་ཀྱི་བཞེད་པ་ལས། བསྐལ་པ་གྲངས་མེད་པར་བསགས་པའི་སྒྲིབ་པ་རྣམས་

(༢༨༢)གཟུངས་སྔགས་ཀྱི་ཐབས་ཟབ་མོས་མི་ཚེ་བདུན་གྱིས་དག་པར་བྱེད་པའི་ཕྱིར་ལུས་ལྷར་དག་པར་བྱེད་པ་དང་། སེམས་ཏིང་ངེ་འཛིན་དུ་དག་པར་བྱེད་པ། ངག་སྔགས་སུ་དག་པར་བྱེད་པ་དང་། ཕྱི་རོལ་སྤྱོད་པ་སྣ་ཚོགས་ཀྱི་སྒོ་ནས་དག་པར་བྱེད་པ་སྟེ། བསྐྱེད་པའི་རིམ་པའི་དབང་དུ་བྱས་ན། སེམས་ཅན་རྣམས་ལ་སྒོ་ང་ལས་སྐྱེས་པ་ཡོད་པའི་ཕྱིར། དེ་དང་ཆ་མཐུན་པར་ཡི་དམ་གྱི་ལྷ་བསྒོམ་ཀྱང་། ལྷའི་ས་བོན་དང་འོད་ཀྱི་གོང་བུའི་འཕྲོ་འདུ་ལ་བརྟེན་ནས་ཆོ་ག་ཡན་ལག་རྣམ་པ་ལྔ་དང་ལྡན་པར་ལྷ་བསྐྱེད་པ་ཡིན། དེ་ལ་ལྟ་བའི་དབང་དུ་བྱས་ན། མཐའ་བཞི་དྲི་མ་དང་བྲལ་བར་བཞེད་པ་མིན་ཏེ། རྟོགས་ཚུལ་གྱི་དབང་དུ་བྱས་ན། ལྟ་བ་སྣང་བ་དང་སྟོང་པ་དབྱེར་མེད་པ་ཡིན། དེ་དག་པ་རྣམ་པ་གསུམ་གྱིས་ཕུང་པོ་ཁམས་དང་སྐྱེ་མཆེད་དྲུག་བཅུ་རྩ་བཞི་དེ་ཀྲི་ཡའི་ལྷ་ཚོགས་སུ་དག་པར་བྱས་ཤིང་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པ་ཐམས་ཅད་རིགས་གསུམ་མགོན་པོའི་ལྷ་ཚོགས་སུ་གོམས་ཤིང་བརྟེན་པར་བྱེད་པ་སྟེ། ཐ་མལ་པའི་སེམས་ཅན་གྱི་སྣང་བ་སྤུ་ཙམ་ཡང་མེད་པར་ཀྲི་ཡའི་ལྷ་ཚོགས་ཀྱི་དཀྱིལ་འཁོར་དུ་གོམས་ཤིང་བརྟེན་ན་དག་པའི་རྣལ་འབྱོར་ཆེན་པོའི་བྱ་བ་ཡིན། ཐེག་པ་གོང་ནས་གོང་དུ་ནར་སོན་པའི་ཕྱིར་ན། དཀོན་མཆོག་བརྩེགས་པའི་ལུང་ལས་ཀྱང་། སངས་རྒྱས་བསྟན་ལ་རིམ་གྱིས་འཇུག །རྒྱ་མཚོ་ཆེ་ལ་བགས་ཀྱིས་གཞོལ། །རི་བོ་ཆེ་ལ་ཐབས་ཀྱིས་འཛེག །གསུངས་པའི་ཕྱིར་ན། སངས་རྒྱས་ཀྱི་བསྟན་པ་ལ་རིམ་གྱིས་འཇུག་པ་ནི། དང་པོ་ཉན་ཐོས་ཀྱི་ཐེག་པ་ནས་ཐེག་པ་དགུ་རིམ་གྱིས་རྫོགས་ནས་སངས་རྒྱས་པར་བཞེད་པ་ཡིན་པ་ལས། ཐེག་པ་གོང་མ་རྣམས་འོག་མ་དང་ཆ་མི་བསྟུན་པར་གསུངས་

(༢༨༣)དཔེར་ན་རི་བོ་མཆོག་རབ་ལ་འཛེག་པ་ལས་ཡར་ལ་མི་ཐོན་པས། ཡར་ལ་མི་འཆོང་བ་བཞིན་དུ་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། སྔགས་ཀྱི་ཐེག་པ་གཉིས་ཚིག་སོ་སོར་སྣང་ཡང་དོན་གོང་ནས་གོང་དུ་རྫོགས་ཤིང་མཐུན་པའི་ཕྱིར་ན། ཉན་ཐོས་དང་རང་རྒྱལ་གྱི་ཐེག་པའི་ས་མཚམས་སློབ་དཔོན་ཡོད་པ་དང་མེད་པ་གཉིས་ཀྱིས་འབྱེད་པ་དང་། ཉན་ཐོས་ཀྱི་ཉོན་མོངས་པའི་སྒོ་རྣམས་བཅོམ་པ་སྟེ། རང་སངས་རྒྱས་རྟེན་འབྲེལ་བཅུ་གཉིས་ལུགས་ལས་ཟློག་ནས་ཉོན་མོངས་པ་དང་རྣམ་པར་རྟོག་པའི་ཚོགས་ཐམས་ཅད་བཤིག་ནས་རབ་ཏུ་མི་གནས་པར་འདོད་པ་སྟེ། ལུང་ལས་ཀྱང་། བཅུ་དྲུག་ཆ་གྲངས་རབ་ཞི་བ། །ཡིད་བཞིན་བདེ་བ་མཆོག་གི་ས། །ཉན་རང་གཉིས་ཀྱི་ཐེག་པའི་ས་མཚམས་ཡིན། །རང་རྒྱལ་དང་བྱང་ཆུབ་སེམས་དཔའི་ས་མཚམས་ནི། རང་སངས་རྒྱས་ཀྱིས་བདག་གཅིག་ཏུ་ཞི་བར་བྱའོ། །བདག་གཅིག་ཏུ་དུལ་བར་བྱའོ། །ཤིང་ཟད་པའི་མེ་བཞིན་དུ་བདག་གཅིག་པུ་མྱ་ངན་ལས་འདའ་བར་བྱའོ། །སྙམ་དུ་བསམ་པ་ཡིན། བྱང་ཆུབ་སེམས་དཔའི་འདོད་ཆེན་པའང་འདོད་ཆེན་མ་ཡིན་པའི་ལུགས་ཀྱིས་སེམས་བསྐྱེད་ལུགས་གཉིས་ཡོད་པ་ལས། སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་སྙམ་དུ་བསམ་ཞིང་འགྲོ་བའི་སྡུག་བསྔལ་ཁུར་དུ་འཁུར་བ་ན་སྨོན་པ་སེམས་བསྐྱེད་དེ། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ས་མཚམས་ཚད་མེད་པ་བཞི་དང་། བྱང་ཆུབ་ཀྱི་སེམས་ཀྱི་ས་མཚམས་འབྱེད་པ་ཡིན། སྔགས་མཚན་ཉིད་ཀྱི་ས་མཚམས་ནི་བྱང་ཆུབ་སེམས་དཔའི་ཐེག་པས་བྱང་ཆུབ་ཀྱི་སེམས་རྣམ་པ་གསུམ་གྱིས་ས་ལམ་བསྒྲོད་ཅིང་འབྲས་བུ་རྫོགས་པ་ཡིན་ལ། ཀྲི་ཡའི་ཐེག་པས་དང་པོ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྭ་བྷཱ་ཝའི་སྔགས་ཀྱིས་བཤིག་

(༢༨༤)ནས་རང་གི་རྣམ་པར་ཤེས་པ་ལྷ་ཚོགས་རྣམས་ཀྱི་ས་བོན་དང་འོད་ཀྱི་གོང་བུ་ལྟ་བུར་བསྒོམས་ནས། དེའི་འོད་ཟེར་གྱི་འགྲོ་འདུས་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་དག་ནས་གཞལ་ཡས་ཀྱི་ཁང་། ནང་བཅུད་ཀྱི་འགྲོ་བ་དག་ནས་རིགས་གསུམ་མགོན་པོའི་ལྷ་ཚོགས། རང་ཉིད་དེ་རྣམས་ཀྱི་གཙོ་བོ་རིགས་གསུམ་མགོན་པོའི་སྐུ་གསུང་ཐུགས་ལས་རྫོགས་པའི་སྐྱེད་རིམ་དང་ཏིང་ངེ་འཛིན་སེམས་དཔའི་བསྒོམ་པ་ནི། སྨོན་པ་བྱང་ཆུབ་ཀྱི་སེམས་སྔགས་སུ་ནར་སོན་པ་སེམས་དཔའ་གཉིས་ལྡན་གྱི་དཀྱིལ་འཁོར་ཏེ། དེ་ལྟར་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་རྫོགས་པའི་དུས་སུ་སེམས་ཅན་ཞེས་བྱ་བའི་མིང་ཡང་མེད་པར་སེམས་བསྐྱེད་བསྒོམས་པས་ཅི་ཞིག་བྱ། དེ་ལ་དཔལ་མཆོག་གི་རྒྱུད་ཀྱི་ནང་ན། རྟེན་དང་བརྟེན་པ་འདི་རྣམས་ལྷ་དང་གནས་སུ་དག་ན་ཁམས་གསུམ་དང་ནི་འཁོར་བ་སྟེ། འཇིག་རྟེན་གསུམ་གྱི་མིང་ཡང་མེད། །ཅེས་གསུངས་པའི་ཕྱིར་ན། ཉེ་བའི་རྒྱུ་དང་རིང་བའི་རྒྱུ་གཉིས་ཡིན་པ་ལས། ཀྲི་ཡའི་སེམས་གཉིས་ལྡན་ཉེ་བའི་རྒྱུ་ཡིན། ཡེ་ཤེས་སེམས་དཔའ་གཞུག་ཅིང་ཆོ་ག་རྣམ་གྲངས་དགུ་ཡིས་འབྲས་བུ་རིགས་གསུམ་རྡོ་རྗེ་འཛིན་པའི་ས་མ་ཐོབ་ཀྱི་བར་དུ་དཀའ་ཐུབ་དཀའ་སྤྱད་སྣ་ཚོགས་ཀྱི་སྒོ་ནས་ས་ལམ་རྫོགས་པར་བྱེད་པ་ནི་འཇུག་པ་བྱང་ཆུབ་ཀྱི་སེམས་ནར་སོན་པ་ཡིན། དོན་དམ་པ་བྱང་ཆུབ་ཀྱི་སེམས་ནར་སོན་པ་ནི་མཐའ་བཞིའི་དྲི་མ་དང་བྲལ་བ་དང་། སྟོང་པ་དབྱེར་མེད་པ་ཀྲི་ཡའི་ལུགས་ཀྱི་རྫོགས་རིམ་རྟོགས་ཤིང་མཐར་ཕྱིན་པ་ཡིན། དེའི་ཕྱིར་ན་རྒྱུད་སྡེ་བཞི་རྣམ་པར་འབྱེད་པའི་ལུང་ལས། ཀྲི་ཡ་མདོ་སྔགས་གཉིས་ཀྱི་མཚམས་སུ་འབྱུང་། སྟོན་པ་མཐུན་ཏེ་བསྟན་པ་མི་མཐུན་ནོ་གསུངས། ཀྲིའི་བཀའ་གཟུངས་འདི་རྣམས་ཀྱི་སྟོན་པ་

(༢༨༥)ནི་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པ་ཡིན། སྟོན་པ་མཐུན་ཏེ་བསྟན་པ་མི་མཐུན་པ་ནི། བྱང་ཆུབ་སེམས་དཔའི་ཐེག་པས་སེམས་གསུམ་དུ་བཞེད། ཀྲི་ཡའི་ཐེག་པས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་དཔའ་གསུམ་དང་ལྡན་པའི་སྐྱེད་རྫོགས་ཀྱི་དཀྱིལ་འཁོར་དུ་བཞེད་དེ། སྤྲུལ་སྐུའི་བསྟན་པའི་རྩེ་མོ་ཡང་ཡིན། ལོངས་སྐུའི་བསྟན་པའི་གཞི་འཛིན་པ་ཡིན་པའི་ཕྱིར་ན། ས་མཚམས་འབྱེད་ན་ཀྲི་ཡའི་འཇུག་སྒོ་དང་པོ་ལ་སྟོང་པ་ཉིད་ཀྱི་སྔགས་འབྱུང་བ་དང་། རྒྱུ་མཚན་ཉིད་ཀྱི་ཐེག་པའི་འཇུག་པ་བྱང་ཆུབ་ཀྱི་སེམས་གཉིས་ཀྱིས་འབྱེད་པ་ཡིན། དེའི་ཕྱིར་ན་མཚན་ཉིད་ཀྱི་ཐེག་པ་ལས་བཤད་པ་ལས་སེམས་གསུམ་ཞེས་བྱ། ཀྲི་ཡའི་ཐེག་པ་ལས་སེམས་དཔའ་གསུམ་ལྡན་གྱི་དཀྱིལ་འཁོར་ཆེན་པོར་དག་པར་བྱེད། དེའི་ཕྱིར་ན་ཉེ་བའི་རྒྱུ་དང་རིང་བའི་རྒྱུ་གཉིས་དོན་ལ་ངོ་བོ་གཅིག་པའི་ཕྱིར་ན་བྱང་ཆུབ་ཀྱི་སེམས་རྣམ་པ་གསུམ། མཚན་ཉིད་ཀྱི་ཐེག་པ་ན་སྦྱོང་ཐོན་པ་ལས། ཀྲི་ཡའི་ཐེག་པ་ན་སྒོམ་པའི་དོན་མེད། སྒོམས་ཀྱང་འགལ་བ་མེད། སྔགས་མཚན་ཉིད་ཀྱི་ཐེག་པ་སོ་སོར་འབྱེད་པའི་སྐབས། ཨུ་པ་ཡའི་ཐེག་པའི་དབང་དུ་བྱས་ན་གདུལ་བྱ་ཆ་མཐུན་གྱི་ཕྱིར་ན་མི་རིགས་བཞི་ལས། རྗེ་རིགས་འགྲོ་བ་སྐྱེ་གནས་བཞི་དང་བསྟུན་ན། བརྫུས་སྐྱེས་ཀྱི་ཚུལ་དུ་སྐྱེད་རྫོགས་རྣམ་གྲངས་དགུ་ལ་སོགས་རྒྱུད་སྡེ་གོང་འོག་གཉིས་དང་མཐུན་པར་རྫོགས་པར་བྱའོ། །སྐྱེད་རིམ་གྱི་དབང་དུ་བྱས་ན་ཀྲི་ཡ་དང་ཆ་མཐུན་པ་ཡིན། རྫོགས་རིམ་དང་དབང་བསྐུར་བའི་རིམ་པ་རྣམས་ཡོ་ག་དང་མཐུན་པ་སྟེ། སྐྱེད་

(༢༨༦)རྫོགས་གཉིས་སྤྱོད་པ་དང་གསུམ་ཆ་མཉམ་པར་སྒྲུབ་ཅིང་སྤྱོད་པའི་ཕྱིར་ན་སྤྱོད་པའི་རྒྱུད་ཅེས་བྱ་བ་ཡིན། རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། རིམ་གཉིས་མཉམ་པར་བཞག་ཅིང་སྤྱོད། ཞེན་འཛིན་དང་བྲལ་གོམས་འདྲིས་མཐར་ཕྱིན་ན། རྡོ་རྗེ་ཅན་གྱིས་ཆོས་འཆད་དོ། །ཞེས་གསུངས་པའི་ཕྱིར་ན་སྤྱོད་པའི་རྒྱུད་རྣམས་དང་། མཁས་ལ་གྲུབ་པ་ཐོབ་པའི་པཎྜི་ཏ་རྣམས་ཀྱིས། རྒྱུད་ཀྱི་འབྲེལ་བ་དང་། དེ་ལས་འཕྲོས་པ་བསྟན་བཅོས་དང་། དེ་རྣམས་ཀྱི་བཅུད་བསྡུས་པ་གདམ་ངག་རྣམས་ཀྱང་རྩིས་མགོ་རྣམ་པ་ལྔ་ཡིས་སྟོན་པ་ཡིན་ཏེ། དེ་རྣམས་ལ་དང་པོར་མཉན་ཅིང་མཁས་ལ་ཤེས་པར་བྱའོ། །དེ་ལ་ཨུ་པ་ཡའི་རྒྱུད་དང་བསྟན་བཅོས་གྲངས་མང་ན་ཡང་ཉམས་སུ་བླང་བའི་རིམ་པ་རྣམ་པ་དགུར་འདུས་པ་སྟེ། དང་པོར་ཨུ་པ་ཡའི་དཀྱིལ་འཁོར་དང་ལྷ་ཚོགས་གང་དང་གང་ལ་སྙོམས་པར་འཇུག་ན་ཡང་དང་པོར་བརྫུས་ཏེ་སྐྱེས་པའི་གདུལ་བྱ་རྣམས་དང་ཆ་མཐུན་དུ་ཕྱི་སྣོད་འཇིག་རྟེན་གྱི་ཁམས་དང་། ནང་བཅུད་ཀྱི་འགྲོ་བ་རྣམས་སྐད་ཅིག་ཙམ་གྱིས་ལྷ་དང་གཞལ་ཡས་ཁང་དུ་རྫོགས་པར་བསྒོམ་ཞིང་། དེའི་རྗེས་སུ་ས་བོན་དང་འོད་ཟེར་གྱི་འཕྲོ་འདུ་ལ་སོགས་པ་སེམས་དཔའ་གསུམ་ལྡན་གྱི་ཚུལ་དུ་རྫོགས་པར་བསྒོམ་པ་ནི་ཀྲི་ཡོག་གཉིས་དང་མཐུན། ཨུ་པ་ཡའི་སྤྱོད་པ་དང་ཏིང་ངེ་འཛིན་ཀྲི་ཡོག་གཉིས་ཀའི་སྒོ་ནས་འཇུག་པ་སྟེ། དམ་ཚིག་གི་བསྲུང་ལུགས་དང་ཏིང་ངེ་འཛིན་གྱི་རིམ་པ་རྣམས་དང་། དམིགས་པའི་ལྷ་དང་ཡེ་ཤེས་ནི། །དམ་ཚིག་སེམས་དཔའ་གཡོག་གི་ཚུལ། །ཡེ་ཤེས་སེམས་དཔའ་རྗེ་བཞིན་བཀུར། །ལྷ་བདག་གྲོགས་པོའི་ཚུལ་དུ་ཡིན། །མཆོད་པ་དང་བསྟོད་པ་བསྙེན་བཀུར་ཚུལ་དུ་འབུལ། མཆོག་

(༢༨༧)དང་ཐུན་མོང་ལ་སོགས་པ་བཀའ་དྲིན་གྱི་ཚུལ་དུ་ཞུ། བཟླས་པ་ཀྲི་ཕ་དག་དང་མཐུན་པ་ཡིན། བདག་གི་དོན་ལ་སྦྱོར་ལམ་རྣམ་པ་ལྔས་ས་ལམ་བསྒྲོད་བྱ་སྟེ། གཞན་གྱི་དོན་ལ་ཕྲིན་ལས་རྣམ་པ་བཞི་བསྒྲུབ་ཅིང་སྤྱོད་པ་ཡོ་ག་དང་མཐུན་པར་བྱ། དབང་བསྐུར་བ་ནི་ཡོ་གའི་ལུགས་བཞིན་དུ་དབང་སུམ་བཅུ་སོ་བདུན་རྒྱས་པར་བསྐུར་བའོ། །གནས་ནི་རིག་འཛིན་ལྔ་ལ་གནས་ཤིང་འབྲས་བུ་མཐར་ཕྱིན་པ་རིགས་བཞི་རྡོ་རྗེ་འཆང་གི་ས་རིགས་བཞི་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའ་སྣང་བ་མཐའ་ཡས་རིན་འབྱུང་དོན་གྲུབ་དེ་བཞི་ལ་ཟེར་བ་ཡིན། ལྟ་བ་ཡོ་ག་དག་དང་མཐུན་པ་སྟེ། ཨུ་པ་ཡ་ཞེས་བྱ་བའི་ཐེག་པ་ནི་ཡང་ན་རྒྱ་ཤིན་ཏུ་ཆེ་བ་ཡིན་ཏེ། སྤྱིར་རྒྱུད་སྡེ་གསུམ་ཀ་ལ་མ་སླབས་ཀྱི་བར་དུ་གོ་ཞིང་མཁས་པ་དེ་དཀའ་བ་ལགས། ལྟ་བ་རིག་པ་དང་སྟོང་པ་དབྱེར་མེད་པ། རིག་ཙམ་ཉིད་ན་སྟོང་། སྟོང་ཙམ་ཉིད་ན་རིག་སེམས་དང་སེམས་བྱུང་གི་ཆོས་ཐམས་ཅད་ཐབས་དང་ཤེས་རབ་དབྱེར་མེད་ཙམ་དུ་ལྟ་བ་སྟེ། སྒྲའི་བྱེ་བྲག་ཅི་ལྟར་དུ་གྲགས་ཀྱང་གྲག་སྟོང་དབྱེར་མེད་དུ་གོམས་པར་བྱེད་པའོ། །དེའི་ཕྱིར་ན་སྤྱོད་པའི་རྒྱུད་ཀྱི་སྐྱེད་རྫོགས་ཆ་མཉམ་པ་དབྱེར་མེད་པའི་ལྟ་བ་ལ་གོམས་ཤིང་འདྲིས་པར་བྱའོ། །ཨུ་པ་ཡའི་ཐེག་པ་ལ་བརྩོན་འགྲུས་དར་དྲག་ལ་ཡུན་རིང་བར་བར་མ་ཆད་པར་བསྒྲུབས་ན་མིའི་སྐྱེ་བ་རྣམ་པ་ལྔ་ཡིས་ས་ནོན་པར་བཞེད་པ་ཡིན། ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམ་གྲངས་དྲུག་བཅུ་རྩ་བཞི་དང་ལྡན་པ་དེ་ཨུ་པ་ཡའི་རྒྱུད་ཀྱི་བཞེད་ཀྱིས། སྐྱེད་རྫོགས་ཆ་མཉམ་དུ་སྤྱོད་ཅིང་གོམས་འདྲིས་མཐར་ཕྱིན་པར་བྱེད་པའི་ཕྱིར་ན་སྤྱོད་པའི་རྒྱུད་ཅེས་བྱ། ལོངས་

(༢༨༨)སྐུའི་བསྟན་པ་བར་པ་ལས་སྟོན་པ་ཡོངས་སུ་རྫོགས་པ་རྣམ་པར་སྣང་མཛད་ཀུན་ཏུ་ཞལ་འཁོར་སྨིན་པ་རྒྱ་མཚོ་བྱང་ཆུབ་སེམས་དཔའ་དང་སེམས་མ་ས་བཅུའི་རིག་འཛིན་གྱི་ཚོགས་རྣམས། ཨུ་པ་ཡའི་རྒྱུད་སྣ་ཚོགས་པ་དང་བསྟན་བཅོས་དང་། མན་ངག་རྒྱ་མཚོ་འདྲ་བ་ལས། འདིར་ས་མཚམས་ཅུང་ཟད་ཙམ་དབྱེ་བ་ནི་བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་གཞུང་ན་མི་གསལ་བ་རྣམས་འདིར་གསལ་བར་བྱེད་པ་ཡིན་པའི་ཕྱིར་ན། གཉིས་ཀའི་ནང་དུ་ཤེས་པར་བྱའོ། །རིམ་གྱིས་འཇུག་པའི་སྒོམ་ཆེན་པ་རྣམས་ཨུ་པ་ཡའི་སྒྲ་དང་དོན་རྣམས་རྟོགས་པར་བྱ་བའི་ཕྱིར། སྤྱོད་པའི་རྒྱུད་ཀྱི་ཁྲིད་ཀྱི་རིམ་པ་རྣལ་འབྱོར་རང་བྱུང་རྡོ་རྗེ་ཡིས་བཀོད་པ་ཡིན་པའི་ཕྱིར་ན། མ་འོངས་པའི་གདུལ་བྱ་རྣམས་ཀྱིས་ཀྱང་ཨུ་པ་ཡའི་ཐེག་པའི་རྒྱུ་ཤེས་པར་བྱའོ། །ལམ་ཤེས་པར་བྱ་སྟེ་འབྲས་བུ་ཤེས་པར་བྱའོ། །གཉི་ག་སྤྱོད་ཀྱི་གྲུབ་མཐའ་དང་ཐེག་པ་ཐམས་ཅད་ལ་སློབ་པར་བྱ་ཞིང་། ཐེག་པ་གོང་ནས་གོང་དུ་ནར་སོན་པའི་ཕྱིར་དེར་ཡང་གནས་པར་མི་བྱའོ། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ཡི་སྒྲ་དོན་གཅིག་ཏུ་རྟོགས་ཤིང་རིག་པའི་གནས་ལྔ་མཐར་ཕྱིན་པ་ནི་རྗེ་ན་རོ་previous hit ་སྟེ། དེའི་བཞེད་དགོངས next hit་ཀྱིས་སྐྱེ་བ་གཅིག་གིས་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ཀྱིས་རིག་འཛིན་གྱི་ས་ནོན་པར་འདོད་ན་དང་པོ་བསམས་བཞིན་དུ་སྲིད་པ་ཉེ་བར་བླངས་པའི་བླ་མ་མཁས་ལ་གྲུབ་པ་ཐོབ་པ་རྣམས་ལ་བརྟེན་ཞིང་། བདེ་བར་གཤེགས་པའི་བཀའ་རབ་འབྱམ་ལ་ཐོས་པས་ཕྱིའི་སྒྲོ་འདོགས་ཆོད་ཅིང་བསམ་པས་ཐེག་པའི་ས་མཚམས་སོ་སོར་ཕྱེད་ནས། ཐེག་པ་ལྔའི་སྒྲ་དོན་གཅིག་ཏུ་བསྡུས་ནས་བསྒོམ་པའི་དུས་སུ་དར་དྲག་ལ་ཡུན་རིང་དུ་བསྒོམ་ཞིང་། སྔགས་ཀྱི་ལུགས་ཀྱིས་

(༢༨༩)ལམ་ལྔ་རྫོགས་པར་བྱ་སྟེ། ཉམས་དང་རྟོགས་པ་སོ་སོར་ཕྱེད་ནས་ཆོས་རྣམས་ཀུན་གྱི་གནས་ལུགས་རྟོགས་པ་ནི་དངོས་པོ་གཤིས་ཀྱི་གནས་ལུགས་སེམས་དང་སེམས་བྱུང་གི་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་ཤིང་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྤྱོད་བྱ་སྤྱོད་པར་བྱ་བའི་ཆོས་ཐམས་ཅད་སོ་སོ་བྱེ་བྲག་མེད་པར་རྟོགས་ཤིང་འཁྲུལ་བའི་ཚོགས་ཐམས་ཅད་རང་བྱུང་ཡེ་ཤེས་སུ་རྟོགས་ན་དཔེར་ན་ཉི་མའི་དཀྱིལ་འཁོར་ནམ་མཁའ་ལ་ཤར་བའི་དུས་སུ་ཉི་མ་དང་། ཉི་མའི་འོད་ཟེར་ལྷན་ཅིག་སྐྱེས་ཤིང་རྩོལ་བ་དང་སྒྲུབ་པ་མེད་པར་འཛམ་བུ་གླིང་པའི་མུན་པ་སྣང་ཞིང་གསལ་བར་ཤར་བ་བཞིན་དུ་ཕྱག་རྒྱ་ཆེན་པོའི་དོན་རྟོགས་ནས་འཁོར་བའི་ཉོན་མོངས་པའི་ཚོགས་རྣམས་དང་སངས་རྒྱས་ཐོབ་དུ་རེ་བའི་འདོད་པ་རྣམས་གདོད་ལ་ནས་གཉིས་མེད་ལྷན་ཅིག་སྐྱེས་པ་ཡིན་པའི་ཕྱིར་ན། ཕྱག་རྒྱ་ཆེན་པོ་རྟོགས་ཤིང་རྩལ་རྫོགས་པའི་དུས་སུ་ཉོན་མོངས་པ་དང་འཁྲུལ་པའི་ཚོགས་ཐམས་ཅད་ཀྱང་མཉམ་ཉིད་ཡེ་ཤེས་ལྷུན་གྱིས་གྲུབ་པ་ཡིན་པའི་ཕྱིར་ན། སྤང་བླང་དང་དགག་སྒྲུབ་ཅི་ཡང་མི་དགོས་པ་ཡིན་གསུང་། དེའི་ཕྱིར་ན་རྗེ་བཙུན་ཆེན་པོ་ཏཻ་ལོ་པའི་གསུང་ནས་ཀྱང་། ཀྱེ་ཧོ་འདི་ནི་རང་རིག་སྟེ། ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །རང་གི་རང་རིག་མཚོན་ཏེ་ཤེས་པར་བྱའོ། །ཞེས་གསུངས་པ་ཙམ་གྱིས་རྗེ་ནཱ་རོ་པས་དཀའ་བ་བཅུ་གཉིས་སྤྱད་པའི་ཐ་མ་ལ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཀྱི་སྐུ་དྲི་མ་མེད་པ་ཉག་གཅིག་ཏུ་རྟོགས་པ་ལྟར། མ་འོངས་པའི་གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་ཡིན་ན་ཡང་། མཆོག་གི་དངོས་གྲུབ་ཐོབ་པའི་བླ་མ་རྣམས་ལ་བརྟེན་པ་ཙམ་གྱིས་རྟོགས་པ་དང་ཐོབ་པ་དུས་མཚུངས་ཀྱང་ཤེས་པ་ཡིན་པའི་ཕྱིར་ན། ཨུ་པ་ཡའི་ཐེག་པའི་གཞི་རྟོགས་

(༢༩༠)འཇུག་སྒོ་ལ་སོགས་པ་ལམ་རྟོགས། འབྲས་བུ་རྟོགས། རིགས་བཞི་རྣམ་པར་འབྱེད་པ་ལ་སོགས་པའི་གཞི་ལམ་འབྲས་བུ་དུས་མཚུངས་སུ་རྟོགས་ནས་སངས་རྒྱས་པ་ཡིན། སྤྱོད་པའི་རྒྱུད་དང་ཆ་མཐུན་པའི་རྟོགས་པའི་འབྲས་བུ་ཡིན། འཁོར་འདས་ཀྱི་ཆོས་ཐམས་ཅད་རྟོགས་ན་ནང་རྟོགས་ཀྱི་ཕྱི་རུ་ཤར་བ་ལོངས་སྐུའི་བསྟན་པའི་ནང་ནས་ཅི་ལྟར་གསུངས་པ་བཞིན་དུ་མཛད་པ་དང་ཕྲིན་ལས་རྩོལ་བ་དང་སྒྲུབ་པ་མེད་པར་མི་འབྱུང་ཁ་མེད་པ་ཡིན། དེའི་ཕྱིར་ན་དགས་པོ་ལྷ་རྗེའི་ཞལ་ནས་ཀྱང་། ལྟ་བ་རྟོགས་པ་དང་འབྲེལ་བ། སྒོམ་པ་ཉམས་མྱོང་དང་འབྲེལ་བ། སྤྱོད་པ་དུས་ཚོད་དང་འབྲེལ་བ། འབྲས་བུ་གཞན་དོན་འབྲེལ་བ། གསུངས་པའི་ཕྱིར་ན། སེམས་ཅན་རྣམས་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་སྣང་ན་རྟོགས་པའི་རྟགས་ཡིན། འདས་མ་འོངས་ད་ལྟར་བྱུང་བ་གསུམ་དུ་སེམས་ཅན་རྣམས་ལ་གནོད་པར་སྣང་ན་ཕྱག་རྒྱ་ཆེན་པོ་མ་རྟོགས་ཤིང་བདུད་ཀྱི་ལས་སུ་རིག་པར་བྱའོ། །བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་གཉི་ག་རྒྱུད་ཀྱི་ཕུན་སུམ་ཚོགས་པ་ལས། གསལ་བྱེད་སྒྲོན་མའི་དུ་མ་རོ་གཅིག་ཏུ་རྟོགས་པའི་བར་སྐབས་ཏེ་བདུན་པའོ།། །།ལོངས་སྤྱོད་རྫོགས་པའི་སྐུའི་བསྟན་པའི་ཡང་རྩེ། རྒྱ་སྐར་སྐད་དུ། ཡོ་ག་བོད་སྐད་དུ། རྣལ་འབྱོར་གྱི་རྒྱུད་ཅེས་གྲགས་པ་ལ། ཕུན་སུམ་ཚོགས་པ་རྣམ་པ་ལྔ་ཡིས་བསྟན་ཏེ། དེ་ལ་གནས་ཕུན་སུམ་ཚོགས་པ་འོག་མིན་གྱི་གནས་ཡིན། འོག་མིན་གྱི་གནས་ཀྱང་ལྔ་ཡིན་ཏེ། བརྟགས་པ་གནས་ཀྱི་འོག་མིན། གཟུགས་ཁམས་ལྷའི་ཡང་རྩེ། ལྷ་གནས་འོག་མིན་བྱ་བ་ཡིན། ཕྱི་རྒྱུད་སྡེ་གསུམ་གྱི་སྟོན་པ་རྣམ་པར་སྣང་མཛད་ཀུན་ཏུ་ཞལ་བཞུགས་པའི་གནས་འོག་མིན་སྟུག་

(༢༩༡)པོ་བཀོད་པ་བྱ་བ་ཡིན། འོག་མིན་གསུམ་པོ་འདིར་དུས་ལ་མ་བབ་པའི་ཕྱིར་ན། གནས་ཕུན་སུམ་ཚོགས་པ་འོག་མིན་གྱི་གནས་རྒྱན་སྟུག་པོ་བཀོད་པ་ཡིན། སྟོན་པ་ཕུན་སུམ་ཚོགས་པ་རྣམ་པར་སྣང་མཛད་ཀུན་ཏུ་ཞལ། འཁོར་ཕུན་སུམ་ཚོགས་པ་ཉིད་ལས་མི་གཞན་པའི་འཁོར་རིགས་བཞི་དང་རིགས་ཁྱད་པར་ཅན་གྱི་འཁོར་སེམས་དཔའ་དང་སེམས་མའི་འཁོར་སྤྲིན་ཕུང་གཏིབས་པ་ལྟ་བུ་སྟེ། བསྟན་པ་རྒྱ་མཚོའི་འཁོར་ཕུན་སུམ་ཚོགས་པའོ། །དུས་ཕུན་སུམ་ཚོགས་པ་དུས་ལྔ་བརྒྱ་ཕྲག་ལྔ་པའོ། །བསྟན་པ་ཕུན་སུམ་ཚོགས་པ་ཡོ་གའི་རྒྱུད་དང་རྒྱུད་ཕྱི་མ་དང་། ཕྱི་མའི་ཕྱི་མ་དང་། རྒྱུད་ཀྱི་རྩེ་མོ་དང་། ཕྲིན་ལས་བཀའ་ཉན་གྱི་རྒྱུད་ལ་སོགས་ཏེ་བསྟན་པ་ཕུན་སུམ་ཚོགས་པའོ། །ཡོ་གའི་རྒྱུད་ལ་རྒྱུད་བསམ་གྱིས་མི་ཁྱབ་པར་གསུངས་ནས་འདུག་པ་ལས། ཡོ་གའི་རྒྱུད་ཐམས་ཅད་ཀྱི་རྩ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་འདུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་དང་། དེ་ལས་འཕྲོས་པ་ཁ་ས་མུ་ལ་ཏྲན་ཏྲའི་རྒྱུད་དང་། རྣམ་པར་སྣང་མཛད་དབང་བསྐུར་བའི་རྒྱུད་དང་། དཔལ་མཆོག་དང་པོ་ཤེས་རབ་ཀྱི་དུམ་བུ་དང་། དཔལ་མཆོག་སྔགས་ཀྱི་དུམ་བུ་དང་། དཔལ་མཆོག་སྐུའི་རྒྱུད་སྐུའི་ལྷ་ཚོགས་དང་། དཀྱིལ་འཁོར་རྣམ་པར་སྟོན་པའི་རྒྱུད་དང་། ཡོ་ག་རྡོ་རྗེ་འབྱུང་བའི་རྒྱུད་དང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྒྱུད་དང་། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་སྟོན་པའི་རྒྱུད་དང་། སྒྲོལ་མ་ཀུལླེའི་རྟོག་པ་དང་། གར་མཁན་མཆོག་གི་ཆོ་ག་དང་། རབ་ཏུ་གནས་པ་མདོར་བསྡུས་པའི་རྒྱུད་དང་། རྡོ་རྗེ་བེ་ཅོན་གྱི་རྒྱུད་དང་། འཇིག་རྟེན་དབང་

(༢༩༢)ཕྱུག་གི་རྟོག་པ་དང་། འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་དང་། དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ཀྱི་རྒྱལ་པོ་དང་། བཤད་པའི་རྒྱུད་གསང་བ་རྣལ་འབྱོར་རྡོ་རྗེ་རྩེ་མོའི་རྒྱུད་ཆེན་པོ་དང་། རྣམ་པར་སྣང་མཛད་ཆེན་པོ་མངོན་པར་བྱང་ཆུབ་པའི་རྩ་བའི་རྒྱུད་ཆེན་པོ་དང་། དེའི་ཕྱི་མ་དང་། འཕགས་པ་མི་གཡོ་བའི་སྟོབས་རྟུལ་ཕོད་པའི་རྟོག་པ་དང་། མི་གཡོ་བའི་རྟོག་པའི་རྒྱལ་པོའི་རྒྱུད་དང་། དེ་ལ་སོགས་པ་བོད་ལ་འགྱུར་བ་ཡང་མང་དུ་འདུག་སྟེ། འདིར་མདོར་བསྡུས་པའོ། །ཡོ་གའི་བསྟན་པ་ཕུན་སུམ་ཚོགས་པའོ། །སྡུད་པ་པོ་ཕུན་སུམ་ཚོགས་པ་དཔལ་འབྱུང་ལག་ན་རྡོ་རྗེའོ། །འོག་མིན་གྱི་གནས་སུ་སྟོན་པ་རྣམ་པར་སྣང་མཛད་ཀྱིས་ལོངས་སྤྱོད་རྫོགས་པའི་འཁོར་རིགས་བཞི་དང་། སྤྲུལ་པའི་སྐུ་དང་། སེམས་དཔའ་དང་། སེམས་དཔས་མའི་ཚོགས་རྣམས་ལ་བསྟན་པ་ཕུན་སུམ་ཚོགས་པ་བརྡ་ཡིས་མཚོན་པའོ། །ལུང་ལས་ཀྱང་། ལོངས་སྐུའི་བསྟན་པ་བརྡ་ཡིས་མཚོན། །ཞེས་གསུངས་པའི་དོན་ཡང་དུས་འདི་ལ་previous hit དགོངས next hit་ཡིན། བར་དུ་འདོད་པའི་ཁམས་ལྷའི་ཡུལ་དགའ་ལྡན་དུ་རིག་འཛིན་གྲུབ་པ་རྣམས་ལ་བཤད། ཐ་མར་མིའི་ཡུལ་དུ་སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པ་རྒྱལ་ཆས་ཅན། ཤཱཀྱ་ཐུབ་པས་གསུངས། གནས་ཕུན་སུམ་ཚོགས་པ་མེ་རི་རྩེ་ལ་བཤད་འཁོར་ཕུན་སུམ་ཚོགས་པ་རིག་འཛིན་ཕོ་མོ་རྣམས་ཡིན། དུས་ཕུན་སུམ་ཚོགས་པ་ལྔ་བརྒྱ་ཕྲག་དྲུག་པའོ། །བསྟན་པ་ཕུན་སུམ་ཚོགས་པ་ཡོ་གའི་རྒྱུད་རྣམས་སོ། །སྡུད་པ་པོ་ཕུན་སུམ་ཚོགས་པ་ཀུན་དགའ་བོའོ། །ཀུན་དགའ་བོས་སྔགས་བསྡུ་བ་མི་རིགས་སྙམ་ན། ལུང་ལས། མང་དུ་ཐོས་པ་གསང་སྔགས་འཆང་། །ཀུན་དགའ་བོ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པའི་ཕྱིར་རོ། །

(༢༩༣)སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ་མདོ་སྔགས་གཉིས་གསུང་པར་མི་རིགས་སོ་སྙམ་ན། དེ་ལ་previous hit དགོངས next hit་འདུས་པའི་ལེའུ་བདུན་པའི་ནང་ནས། ལང་ཀའི་བདག་པོས་དྲིས་པ། གསང་བའི་བདག་པོ་སྤྲུལ་པའི་སྐུ་ཐུབ་པའི་དབང་པོ་འདི་སངས་རྒྱས་གང་གི་སྤྲུལ་པ་ལགས། ཞེས་དྲིས་པ་ལས། བཀའ་བསྩལ་བ། འདི་ནི་རྡོ་རྗེ་སེམས་དཔའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པའི་དུས་གསུམ་གྱི་སངས་རྒྱས་བརྗོད་ཀྱིས་མི་ལང་བའི་ནང་ནས་སྤྲུལ་པ་ཆ་གཅིག་ཏུ་ཟུང་ཞིག །ཅེས་ལུང་བསྟན་ཏོ། །ཆོས་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་སྣང་མཛད་ཀྱིས་སྨྲ་བའི་སེང་གེ་རྡོ་རྗེ་སེམས་དཔའ་ལ་བསྒོ་བ་སྒྱུ་འཕྲུལ་ནས། རིགས་ཀྱི་རིགས་ཏེ་རིགས་ཀྱི་གཙོ། ཐུགས་ཀྱི་ཐུགས་ཏེ་ཐུགས་ཀྱི་མཆོག །རྡོ་རྗེ་རིགས་གཙོ་སངས་རྒྱས་དཀྱིལ་འཁོར། །ཞེས་གསུང་པས། སྤྲུལ་པ་བཀྱེ་བ་ཆ་གཅིག་ཤཱཀྱ་ཐུབ་པ་ཡིན་པས་ན་སྔགས་གསུང་བར་རིགས་སོ། །ཡང་previous hit དགོངས next hit་འདུས་པ་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མི་འཇེད་འདི་ན་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བསྟན་ནས། ཐེག་པ་ཆེ་ཆུང་གི་ཆོས་དང་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་དང་། སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་པར་འགྱུར་རོ་ཞེས་ལུང་བསྟན་ཏོ། །འཇམ་དཔལ་མཚན་བརྗོད་ཀྱི་ལུང་ལས་ཀྱང་། ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །གསང་སྔགས་ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་ཅན་བདག་ཉིད་ཅན། །ཞེས་གསུངས་པས་སོ། །བར་དུ་ལྷ་གནས་གསུམ་དུ་གྲགས་ཏེ། གསང་སྔགས་ཀྱི་སྟོན་པ་ཡང་ཐུབ་པ་ཆེན་པོ་ཡིན་པའི་ཕྱིར་ན། ཡང་previous hit དགོངས་འདུས་ནས། ཐུབ་ next hit་ཆེན་པོ་གསང་བའི་བདག །བྱིས་པའི་སྤྱོད་པ་དེར་བོས་ནས། །སྤྲུལ་པ་རྡོ་རྗེ་འཛིན་

(༢༩༤)རྒྱལ་པོ། །ལྷ་གནས་གསུམ་དུ་གྲགས་ནས་ཀྱང་། གསང་སྔགས་གཏེར་གྱི་བདག་པོ་མཛད། །ཅེས་ལུང་བསྟན་ཏོ། །དེ་ནས་མིའི་ཡུལ་དུ་ཇི་ལྟར་དུ་བྱུང་བ་ནི། ཡང་previous hit དགོངས next hit་འདུས་པ་ནས། སྟོན་པ་ཐུབ་པའི་དབང་པོ་དེ། སྐྱེད་དགུ་ཚེ་ལོ་བརྒྱ་པའི་དུས་སུ་སྡེ་སྣོད་གསུམ་དང་ཀྲི་ཡོག་གསུངས་ནས། དེ་ནས་མྱ་ངན་ལས་འདའ་བར་previous hit དགོངས next hit་ཡིན། དེ་ལ་རྣལ་འབྱོར་གྱི་རྒྱུད་ཀྱི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་བཤད་པར་དམ་བཅའ་བ་ནི། འབྲེལ་དང་མ་ཚངས་མེད་པ་དང་། ཕུན་སུམ་ཚོགས་པ་རྒྱུད་ཅེས་གསུངས་པའི་ཕྱིར་ན། གླད་ཀྱི་དོན་དང་། མཇུག་གི་དོན་རྣམ་པ་གསུམ་ཡིན་ཏེ། གླད་ཀྱི་དོན་མཆོད་པར་བརྗོད་ཅིང་མཚན་སྦྱར་བ་དང་། མཚན་ཀླག་པ་དང་། མཚན་ལ་ཕྱག་འཚལ་བའོ། །དེ་ལ་དབང་པོ་ཡང་རབ་གླད་ཀྱི་དོན་ཐོས་པ་ཙམ་གྱིས་རྒྱུད་ཀྱི་སྒྲ་དང་དོན་གོ་བ་ཡིན། དབང་པོ་འབྲིང་དང་ཐ་མས་ཕུན་སུམ་ཚོགས་པ་རྣམ་པ་ལྔའི་རྒྱུད་ལས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མ་ཚང་བ་མེད་པར་རྒྱུད་ལས་རྒྱུད་དུ་འབྲེལ་བ་དབུ་ཞབས་སུ་སྒྲ་དང་དོན་མ་ཚང་བ་མེད་པའི་ཕྱིར་ན་རྒྱུད་ཅེས་བྱ་བ་ཡིན་ཡང་། ལུང་ལས། རྒྱུད་ཅེས་བྱ་བ་རྒྱུན་ཡིན་ཏེ། རྒྱུན་མི་འཆད་པས་རྒྱུད་ཅེས་བྱ། དེའི་ཕྱིར་ན་དངོས་པོ་གཤིས་ཀྱི་གནས་ལུགས་ཀུན་གཞི་རྒྱུ་རྒྱུད་ཡིན་པའི་ཕྱིར་ན། དུས་གསུམ་རྒྱུན་ཆད་མེད་པ་ཡིན། ཉོན་མོངས་པ་ཐབས་ཀྱི་རྒྱུད་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་རྒྱུན་ཆད་མ་མྱོང་བའི་ཕྱིར་ན་རྒྱུན་ཞེས་བྱ། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དྲ་བར་འབྲེལ་ཞིང་ཐམས་ཅད་ངོ་བོ་གཅིག་ལ་སྐུ་ལྔ་ཡོངས་སུ་རྫོགས་པའི་ཕྲིན་ལས་

(༢༩༥)རྒྱུན་མི་འཆད་པའི་ཕྱིར་ན་རྒྱུད་ཅེས་བྱ་བ་ཡིན། རྒྱུད་གང་དང་གང་འཆད་ན་ཡང་ཀུན་གཞི་རྒྱུའི་རྒྱུད་ལ་དངོས་པོ་གཤིས་ཀྱི་གནས་ལུགས་ཕུན་སུམ་ཚོགས་པ་རྣམ་པ་ལྔར་གཏན་ལ་ཕབ་ཅིང་། ལམ་ཉོན་མོངས་པ་ཐབས་ཀྱི་རྒྱུད་ལ་ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲིབས་ཤིང་། འགྲོ་བ་རིགས་དྲུག་གི་རྒྱུའི་རྒྱུད་དང་ལམ་དང་འབྲས་བུའི་རྒྱུད་ལ། འཁོར་བའི་སྐྱེ་རྒྱུད་ཀྱིས་ཕུན་སུམ་ཚོགས་པ་རྣམ་པ་ལྔས་གཏན་ལ་ཕབ་དགོས་པ་སྟེ། དེ་ལ་གྲུབ་མཐའ་ལས་བློ་བསྒྱུར་བ་དམ་པའི་ཆོས་ཀྱི་ཐབས་ཀྱི་རྒྱུད་ལ་གྲུབ་མཐའ་སྣ་ཚོགས་ཀྱི་ཕུན་སུམ་ཚོགས་པ་རྣམ་པ་ལྔས་གཏན་ལ་ཕབ་པར་བཞེད་པ་ལས། འདིར་རྣལ་འབྱོར་ཡོ་གའི་རྒྱུད་ཀྱི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་སོ་སོར་འབྱེད་པ་ལས། ཡོ་གའི་རྒྱུད་བོད་ལ་འགྱུར་བ་དང་མ་འགྱུར་བ་ལ་སོགས་པ་རྣམས་ཀྱང་ཕུན་སུམ་ཚོགས་པ་རྣམ་པ་ལྔ་ལྔར་རིགས་མི་གཅིག་པར་འཆད་དགོས་པ་ཡིན། དེ་རྒྱུད་ལ་བརྟེན་པའི་བསྟན་བཅོས་རྣམས་ནི་དཔེར་ན་རྒྱུད་ནི་གཟེ་མ་དང་འདྲ་བ་ཡིན། བསྟན་བཅོས་རྣམས་ནི་ལྡེ་མིག་དང་འདྲ་སྟེ། ལྡེ་མིག་གིས་གཟེ་མ་ཕྱེ་ནས་མཛོད་ཀྱི་ནང་ནས་དགོས་འདོད་སྣ་ཚོགས་པ་འབྱུང་བ་དང་འདྲ་བར། རྒྱུད་རྡོ་རྗེའི་ཚིག་སྦྲམ་གྱི་ནང་དུ་དཔལ་རྡོ་རྗེ་འཆང་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་མཛོད་ཆེན་པོ་བཞུགས་ཏེ། དེའི་ཕྱིར་ན་མཁས་ལ་གྲུབ་པ་ཐོབ་པ་རྣམས་ཀྱི་རྒྱུད་ཀྱི་འགྲེལ་པ་དང་གདམ་ངག་རྣམས་ཤིན་ཏུ་གལ་ཆེ་བའི་ཕྱིར་ན། འདིར་རྣལ་འབྱོར་ལ་གཏོགས་པའི་བསྟན་བཅོས་རྣམས་ཀྱང་རྩིས་མགོ་རྣམ་པ་ལྔ་ཡིས་འཆད་དགོས་པ་ཡིན་ཏེ་ཞོར་ལ་སྟོན་པའོ། །ཡོ་གའི་རྒྱུད་རྣམས་ཀྱི་དབང་དུ་བྱས་ན།

(༢༩༦)མི་ལ་རིགས་རྣམ་པ་བཞི་ཡོད་པ་ལས། ཡོ་གའི་གདུལ་བྱ་དེ་རྒྱལ་རིགས་སུ་བཞེད་པ་ཡིན། སེམས་ཅན་རྣམས་སྐྱེ་གནས་བཞིར་སྐྱེ་བ་ལས། ཡོ་གའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱང་དྲོད་གཤེར་ལས་སྐྱེ་བའི་ཚུལ་དུ་བསྐྱེད་པ་ནི། གདུལ་བྱ་དྲོད་གཤེར་ལས་སྐྱེ་བ་འདུལ་བའི་དོན་དུ་previous hit དགོངས next hit་ཡིན། ཡོ་གའི་ཐེག་པ་རྣམས་ལས་རྒྱུད་སྡེ་དཔག་ཏུ་མེད་པ་གསུངས་ན་ཡང་། འཇུག་སྒོ་ལ་སོགས་པ་རྣམ་པ་དགུས་གཏན་ལ་འབེབས་པ་ལས། རྡོ་རྗེ་རྩེ་མོའི་རྒྱུད་ལས་ཀྱང་། །དཀའ་ཐུབ་དཀའ་སྤྱད་འདིར་མི་དགོས། །ཁྲུས་དང་གཙང་སྦྲ་འདིར་མི་དགོས། །སངས་རྒྱས་ཐམས་ཅད་སེམས་དཔའ་ཆེ། །རྟག་ཏུ་སྦྱོར་བས་འགྲུབ་པར་འགྱུར། །ཞེས་གསུངས་པའི་དོན་ཡང་། ཕྱི་རྒྱུད་ཀྱི་ཐེག་པ་འོག་མ་གཉིས་ལ་ཁྲུས་དང་གཙང་སྦྲ་དང་དཀའ་ཐུབ་དང་དཀའ་སྤྱད་མང་པོའི་སྒོ་ནས་འཇུག་དགོས་པ་ལ། ཡོ་གའི་ཐེག་པ་ལས། དེ་རྣམས་གང་ཡང་མི་དགོས་པར་གདོད་མ་ནས་ཕྱི་ནང་སྣོད་བཅུད་ལྷ་དང་གཞལ་ཡས་ཁང་དུ་བསྒྱུར་ཞིང་། ཨེ་མ་སུམ་བཅུ་རྩ་བདུན་གྱི་དཀྱིལ་འཁོར་དུ་བསྒོམ་པ་ནི། ཆོས་ཉིད་སྟོང་པ་ལས་མངོན་པར་བྱང་ཆུབ་པ་དང་། གདན་ཉི་ཟླ་ལས་མངོན་པར་བྱང་ཆུབ་པ་དང་། གསུང་ཡིག་འབྲུ་ལས་མངོན་པར་བྱང་ཆུབ་པ་དང་། ཐུགས་ཕྱག་མཚན་ལས་མངོན་པར་བྱང་ཆུབ་པ་དང་། སྐུ་ཡོངས་སུ་རྫོགས་པ་ལས་མངོན་པར་བྱང་ཆུབ་པ་སྟེ། དྲོད་གཤེར་གྱི་ཚུལ་དུ་བསྐྱེད་པ་ནི། སངས་རྒྱས་ཐམས་ཅད་སེམས་དཔའ་ཆེ། །ཞེས་གསུངས་པའི་དོན་ཡང་དེ་ཡིན། བདག་ཏུ་སྦྱོར་བས་འགྲུབ་པར་འགྱུར། །ཞེས་གསུངས་པའི་དོན་ནི། ཕྱི་སྣོད་ནང་བཅུད་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་དུ་བསྒྱུར་ཞིང་། བདག་ཉིད་རྣམ་པར་

(༢༩༧)སྣང་མཛད་ཀུན་ཏུ་ཞལ་དུ་བསྒོམ་ཞིང་དཀྱིལ་འཁོར་གྱི་གཙོ་བོར་བརྟན་པར་གྱུར་ན། དེས་ཆོ་ག་གཞན་པ་ཅི་ཡང་མི་དགོས་གསུང་། ཡོ་གའི་འཇུག་སྒོ་དང་སྒོམ་པའོ། །དམ་ཚིག་ཁྱིམ་པ་དག་ལ་སླབ། །བྱ་བའི་དོན་ནི། ཡོ་ག་སྒྲུབ་པའི་གང་ཟག་དེ་ཉན་ཐོས་ཀྱི་ཐེག་པ་དང་སྡོམ་པ་གང་རུང་གཅིག་བླང་ཞིང་བསྲུང་བ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་བཟོད་ཡོ་ག་ལ་འཇུག་པར་གསུངས་པའི་ཕྱིར་ན། གཞི་ལྔ་གཟུང་ཞིང་བྱང་སེམས་བསྐྱེད། །ཅེས་གསུངས་པའི་དོན་ཡང་དེ་ཡིན། རིགས་ལྔ་སྤྱིའི་དམ་ཚིག་བསྲུང་བར་བྱ་བའི་དོན་ནི། སྔགས་ཀྱི་དམ་ཚིག་རྣམས་བསྲུང་བར་བྱའོ། །མཚན་མ་མེད་པའི་ཏིང་ངེ་འཛིན་ནི། །རྡོ་རྗེ་རྩེ་མོའི་རྒྱུད་ལས་ཀྱང་། །ཤེས་རབ་དབྱིངས་ཀྱི་རྗེས་འགྲོ་བ། །ཏིང་ངེ་འཛིན་ཞེས་རབ་ཏུ་གྲགས། །དོན་དམ་ཀུན་རྫོབ་དབྱེར་མེད་པའི། །རྫོགས་རིམ་རྒྱུན་དུ་བསྒོམ་པ་ལ་ཟེར་བ་ཡིན། མཚན་བཅས་ཏིང་ངེ་འཛིན་བསྒོམ་པ་ནི། སམ་ཀྲ་ཧ་རིའི་ཕྱི་རྒྱུད་ལས། ཡི་གེ་ཨ་ལས་རབ་འཇུག་པས། །ཡི་གེ་ཐམས་ཅད་བསྒོམ་པར་བྱ། །བདག་གི་ཁ་ནས་གཞན་གྱི་ཁར། །བསྒོམས་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུང་བའི་དོན་ནི། རང་གི་ཐུགས་ཀ་ནས་ཏིང་ངེ་འཛིན་སེམས་དཔའ་བསྒོམ་ཞིང་སྔགས་ཀྱི་བཟླས་པ་དང་འོད་ཟེར་གྱི་འཕྲོ་འདུ་བྱེད་པ་ལ་ཟེར་བ་ཡིན་ཡོ་ག་དག་གི་དམིགས་པ་ནི། མཉམ་པར་དམིགས་པར་དོན་རྟོགས་ཏེ། །རྡོ་རྗེ་རྩེ་མོའི་རྒྱུད་ལས་ཀྱང་། ཤིན་ཏུ་ཕྲ་མོའི་ཡིད་ཀྱིས་ནི། །སེམས་ནི་ཆོས་ཉིད་ནང་དུ་གཞུག །དེ་ལྟར་བཟླས་པ་བྱས་

(༢༩༨)ནས་ནི། །ཡིད་ཀྱི་རྡོ་རྗེའི་བཟླས་པའོ། །ཞེས་བྱ་བའི་དོན་རྡོ་རྗེའི་བཟླས་པ་ཕྲའུའི་ཏིང་ངེ་འཛིན་རྒྱུན་དུ་གནས་ཤིང་གོམས་པར་བྱེད་པ་ནི་བསམ་གཏན་གྱི་རིམ་པའོ། །སམ་ཀྲ་ཧ་རའི་རྒྱུད་ལས་ཀྱང་གཞན་ཡང་སྒྲུབ་པ་ཆེན་པོ་ནི། ཛཧཱུྃ་བཾ་ཧོཞེས་བརྗོད་དེ། ཡིད་ཀྱིས་ལེགས་པར་སྦྱར་བྱས་ནས། །ལུས་ལ་སངས་རྒྱས་ཀུན་བཞུག་གོ། །ཞེས་གསུངས་པའི་དོན་ཡང་། དམ་ཚིག་སེམས་དཔའ་དང་ཏིང་ངེ་འཛིན་གསལ་ཞིང་བརྟན་ན་ཡེ་ཤེས་སེམས་དཔའ་གཞུག་པའོ། །ཡོ་གའི་ཕྲིན་ལས་སྒྲུབ་པ་ནི། །ངན་སོང་སྦྱོང་བའི་རྒྱུད་ལས་ཀྱང་། །ལྷའི་བུའི་རྣམ་བཞི་ནི། །ཕྲིན་ལས་བཞི་ཡི་འབྲས་བུ་ཡང་། །ལས་ཀྱི་ཁ་སྐང་སྦྱིན་སྲེག་དང་། །དག་པ་རྒྱུན་གྱི་སྦྱིན་སྲེག་གོ། །ཕྲིན་ལས་རྣམ་པ་བཞིའི་སྦྱིན་སྲེག་བྱེད་ཅིང་བྱ་བ་སྣ་ཚོགས་སྒྲུབ་པར་བཤད། ཕྲིན་ལས་བཞིའི་དཀྱིལ་འཁོར་བྱ་བ་ནི། དཀྱིལ་འཁོར་རབ་དང་འབྲིང་དང་ཐ་མ་ལ་སོགས་པ་ཅི་འཛོམ་བྱའོ། །ཆེ་ཆུང་ཅི་ལྟར་འབྱོར་བ་ས་ཆ་དང་བསྟུན་ལ་བྱའོ། །ལས་བཞིའི་དཀྱིལ་འཁོར་སོ་སོར་རྫོགས་པར་བྲི། །དཀྱིལ་འཁོར་སྣ་ཚོགས་རྒྱུ་ལས་ཤེས་པར་བྱ། །ཡོ་ག་དག་གི་སྤྱོད་པ་ནི་མཉམ་པར་བཞག་པའི་སྤྱོད་པ་ཡིན་ཏེ། སྣང་སེམས་དབྱེར་མེད་ཀྱི་ཏིང་ངེ་འཛིན་དང་རྒྱུན་དུ་མ་བྲལ་བར་བྱའོ། །མཉམ་པར་བཞག་པའི་སྤྱོད་པ་ནི་རྡོ་རྗེ་རྩེ་མོའི་རྒྱུད་ལས་ཀྱང་། སེམས་ཅན་ཐམས་ཅད་ཡོངས་ཀྱིས་མཉམ། རྟག་ཏུ་སངས་རྒྱས་ཡིད་ལ་བྱེད། །རྟག་ཏུ་སངས་རྒྱས་མཆོད་པའི་གནས། །ཞེས་གསུངས་པའི་ཕྱིར། བཏང་སྙོམས་སུ་སྐད་ཅིག་ཀྱང་མི་གནས་པར་སངས་རྒྱས་རྣམས་མཆོད་པ་དང་། སེམས་ཅན་གྱི་དོན་བྱེད་པ་དང་། སེམས་ཅན་ལ་སྦྱིན་པ་རྒྱུན་དུ་བརྩོན་པར་བྱའོ། །ཡོ་ག་དག་གི་

(༢༩༩)དབང་བསྐུར་བ་ནི། ངན་སོང་སྦྱོང་བའི་རྒྱུད་ལས་ཀྱང་། །མོས་རྟེན་ལྡན་པར་དམ་བཅས་ནས། །ཐམས་ཅད་ཡིད་ཀྱིས་བསྐུར་བྱ་སྟེ། །བུམ་དབང་ལ་སོགས་མ་ཐོབ་པར། །བཅུ་པའི་དབང་རྣམས་མི་རྫོགས་ཕྱིར། །བཅུ་པོ་བདེ་བ་ཆེན་པོ་དང་། །རིག་པ་བུམ་པ་དྲན་པར་འཕྲེང་། །མཚོན་པར་བྱ་བའི་ཕྱག་རྒྱ་དང་། །ལས་དང་རིག་འཛིན་གཟུངས་སྔགས་དང་། །འཁོར་ལོ་རྒྱུར་བ་བདག་པོའི་དབང་། །སྣང་བ་བཀག་དང་སྦས་པ་གསང་། །བདེ་ཆེན་ཐུགས་དང་ཤེས་རབ་དབང་། །རིག་འཛིན་རིག་པ་འཛིན་པ་ནི། །རབ་འབྲིང་ཐ་མ་གསུམ་ཡང་རུང་། །དབང་བསྐུར་བ་ཡི་སློབ་དཔོན་དེ། །ཞེས་གསུངས་པའི་དོན་ནི། ཡོ་གའི་དབང་སུམ་བཅུ་རྩ་བདུན་ཏེ། འཁོར་ལོ་བསྒྱུར་བའི་རྒྱལ་པོ་ལྟ་བུའི་དབང་ཡིན་པའི་ཕྱིར་ན། གདུལ་བྱ་རྒྱལ་པོ་ལྟ་བུ། གདུལ་བྱ་རྒྱལ་རིགས་དང་ཆ་མཐུན་པ་ཡིན། དེའི་ཕྱིར་ན་དངོས་སུ་མིའམ་གསོན་པོ་ལ་དབང་བསྐུར་བ་ཡིན་ན་ཆོ་ག་ཐམས་ཅད་རྒྱས་པར་བྱའོ། །ཡོ་གའི་འབྲས་བུ་མཐར་ཕྱིན་པ་ནི་སམ་ཀྲ་ཧ་རའི་རྒྱུད་ནས་ཀྱང་། ཡེ་ཤེས་ཆེ་བསྟོད་ན་ཚོད་དང་། ཀུན་ཏུ་འགྲོ་བ་ཉིད་རྣམས་ཐོབ། །ས་ནི་སྟུག་པོ་བཀོད་པའོ། །ཞེས་གསུངས་པའི་དོན་ཡང་། ཡོ་གའི་སྔགས་པས་བར་མ་ཆད་པར་སྒྲུབས་ན། མིའི་སྐྱེ་བ་གསུམ་མམ་བཞིས་སྟུག་པོ་བཀོད་པའི་ས་ནོན་པའི་ཕྱིར་ན། ཡོ་གའི་ལྟ་བ་ནི་དོན་དམ་དང་ནི་ཀུན་རྫོབ་སྟེ། སམ་ཀྲ་ཧ་རའི་རྒྱུད་ནས་ཀྱང་། །ཆོས་རྣམས་རང་བཞིན་འོད་གསལ་བས། །ངོ་བོ་ཉིད་ཀྱིས་གདོད་ནས་དག །ཀུན་རྫོགས་དག་གི་ལྟ་བ་ནི། །རྡོ་རྗེ་འབྱུང་བའི་རྒྱུད་ནས་ཀྱང་། །ཁམས་གསུམ་མ་ལུས་འདི་དག་ཀུན། །དཀྱིལ་འཁོར་

(༣༠༠)ཆེན་པོ་ངོ་བོ་མིན། །དེ་ལ་ལྔ་སྟེ་རྟེན་སྣོད་ཀྱི། །བརྟེན་པ་དགུ་ཡི་དཀྱིལ་འཁོར་ཏེ། །སྒྲུབ་པ་ཐབས་ཀྱི་དཀྱིལ་འཁོར་ཡིན། །བསྒྲོད་པ་ལམ་གྱི་དཀྱིལ་འཁོར་ཡིན། །མཐར་ཕྱིན་འབྲས་བུའི་དཀྱིལ་འཁོར་རྫོགས། །ཞེས་གསུངས་པའི་དོན་ཡང་། དེའི་ཕྱིར་ན་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་དངོས་པོ་བཤིས་ཀྱི་གནས་ལུགས་རང་བཞིན་འོད་གསལ་བའི་དཀྱིལ་འཁོར་ཆེན་པོ་ཡིན་པ་ལ། མ་རིག་པའི་དབང་གིས་ཕྱི་སྣོད་ནང་བཅུད་ཀྱིས་བསྡུས་པའི་ཁམས་གསུམ་དུ་གྱུར་པ། དེ་འགྲོ་བ་རྒྱུའི་དཀྱིལ་འཁོར་བྱ་བ་ཡིན། དེ་ལ་ཡོ་གའི་རྒྱུད་ཀྱི་ཐབས་ཟབ་མོ་ཡིས་ཐབས་དང་ཤེས་རབ་ཀྱི་དཀྱིལ་འཁོར་དུ་བསྒྲོད་པ་ནི་ཐབས་ལམ་གྱི་དཀྱིལ་འཁོར་ཏེ། འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་རྣམ་པར་སྣང་མཛད་རྒྱན་སྟུག་པོ་བཀོད་པའི་དཀྱིལ་འཁོར་རྫོགས་པ་ནི་བདག་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ཏེ། དེ་དང་མི་གཞན་པ་དང་ལོངས་སྤྱོད་རྫོགས་པ་རིགས་བཞི་སེམས་དཔའ་དང་སེམས་མའི་ཚོགས་རྣམས་ཏེ། འདུ་འབྲལ་མེད་པར་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ཏེ། དེ་ཡང་ཡོ་ག་སྒྱུར་བའི་ལམ་པ་ཡིན་པའི་ཕྱིར་ན། ལུས་ལྷར་གྱུར། ངག་སྔགས་སུ་གྱུར། སེམས་ཏིང་ངེ་འཛིན་དུ་གྱུར་བ་སྟེ། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་གཞལ་ཡས་ཀྱི་ཁང་དུ་བསྒྱུར་ཞིང་། ནང་བཅུད་ཀྱི་འགྲོ་བ་ཐམས་ཅད་ནི་ཨེ་མ་སུམ་བཅུ་རྩ་བདུན་གྱི་དཀྱིལ་འཁོར་དུ་བསྒྱུར་ཏེ། སངས་རྒྱས་ཐམས་ཅད་སེམས་དཔའ་ཆེ། །ཞེས་གསུངས་པའི་ཕྱིར་ན། སངས་རྒྱས་ཐམས་ཅད་ཡེ་ཤེས་སེམས་དཔའི་ཚུལ་དུ་བདག་ལ་གཞུག །སེམས་དཔའ་གསུམ་ལྡན་གྱི་དཀྱིལ་འཁོར་རྫོགས་པ་ནི། ཡོ་གའི་དཀྱིལ་འཁོར་རྒྱས་པར་བསྒྱུར་བའོ། །ལག་པའི་སྒུལ་སྐྱོད་ཐམས་ཅད་ཕྱག་རྒྱར་བསྒྱུར་ཞིང་། ངག་གི་བརྗོད་བྱ་ཐམས་ཅད་མཆོད་པ་དང་བསྟོད་པར་བསྒྱུར་བ་དང་། རྐང་པའི་གཡོ་འགུལ་ཐམས་ཅད་རྡོ་རྗེའི་འགྲོས་སུ་

(༣༠༡)བསྒྱུར་ཞིང་། གོས་དང་རྒྱན་དང་ཆ་ལུགས་ཐམས་ཅད་ལོངས་སྤྱོད་རྫོགས་པའི་རྒྱན་ཕུན་སུམ་ཚོགས་པར་བསྒྱུར་བ་སྟེ། ས་གཞི་ཐམས་ཅད་དཀྱིལ་འཁོར་དུ་བསྒྱུར་བའི་ཕྱིར་ན་དཀྱིལ་འཁོར་ཐམས་ཅད་ཀྱི་ཕུབ་ཡོ་ག་ཡིན། སྔགས་ཀྱི་ཐེག་པ་གཞན་ཐམས་ཅད་ཀྱང་དཀྱིལ་འཁོར་གྱི་ཚངས་ཐིག་རྣམས་ཡོ་ག་ལ་ཚད་བླངས་པ་སྟེ། ཡོ་ག་སྔགས་ཀྱི་རྒྱ་མཚོ་ཡིན། ཕྱིའི་རྒྱུད་བྱ་བའི་དོན་ནི་སྤྱོད་པ་ཡངས་པ་སྟེ། རྒྱལ་པོ་དང་ཁྱིམ་བདག་རྣམས་ལ་སོགས་ཏེ། སྐྱེ་བ་ཐུན་མོང་བ་རྣམས་ལ་དབང་དུ་བསྡུས་པར་བསྐུར་བ་ནི། སུམ་བཅུ་རྩ་བདུན་འབྲིང་པོ་བསྡུས་པར་བསྐུར་བ་ལ་ལྔ་བཅུ་རྩ་བདུན་དང་། རྒྱས་པར་བསྐུར་བ་དབང་བརྒྱ་རྩ་བརྒྱད། གསོན་པོ་མ་ཤི་བ་རྣམས་ལ་ཡང་སྐུར་བ་ཡིན་ཏེ། གཤིན་པོ་རྣམས་ལ་ཡང་བསྐུར་བར་གསུངས་པ་ཡིན། དེའི་ཕྱིར་མ་འོངས་པའི་གདུལ་བྱ་རྣམས་ཀྱིས་ཀྱང་ཡོ་གའི་ཐིག་པའི་རྒྱུ་ཤེས་པར་བྱའོ། །ལམ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱ་སྟེ། སྒྲ་དོན་ཀུན་ལ་བསླབ་ཅིང་། ཡོ་གའི་དཀྱིལ་འཁོར་ཐམས་ཅད་རྒྱས་པར་བསྒོམ་ཞིང་གཏན་ལ་དབབ་པ་ཤེས་པར་བྱའོ། །ཐེག་པ་གོང་ནས་གོང་དུ་ནར་སོན་པར་བྱ་བའི་ཕྱིར་དེར་ཡང་གནས་པར་མི་བྱ་བར་ཐེག་པ་དགོང་མ་རྣམས་སུ་དབུགས་དབྱུང་བར་བྱའོ། །ལུང་ལས་ཀྱང་། ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །གསང་སྔགས་ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་ཅན་བདག་ཉིད་ཅན། །ཞེས་གསུངས་པའི་ཕྱིར་ན། ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །ཞེས་བྱ་བའི་དོན་ནི། རྒྱན་སྟུག་པོ་བཀོད་པ་ན་བཞུགས་པའི་རྣམ་པར་སྣང་མཛད་དེ་ཐུགས་ཆེན་པོ་བྱ་བ་དེ་ལ་ཟེར་བ་ཡིན།

(༣༠༢)མ་ཆགས་པདྨ་ཅན་གྱི་ས་ནས་བལྟས་ན་སྤྲུལ་པའི་སྐུ་འདྲ། བཅུ་གཅིག་ཀུན་ཏུ་འོད་ནས་གཞལ་ན་ལོངས་སྤྱོད་རྫོགས་པའི་སྐུ་འདྲ། དེའི་ཕྱིར་ན་ལོངས་སྐུ་ཆུང་ངུ་ཞེས་ཀྱང་བྱ། ཐུབ་པ་ཆེན་པོ་རྒྱལ་ཆས་ཅན་ཞེས་ཀྱང་བྱ། ལུང་ལས་ཀྱང་། སངས་རྒྱས་ཐམས་ཅད་སེམས་དཔའ་ཆེ། ཞེས་ཟེར་བའི་ཕྱིར་ན། ཨེ་མ་ངོ་མཚར་རྨད་དུ་བྱུང་བའི་སེམས་དཔའ་ཆེན་པོ་ཞེས་པ་ཡིན། དེ་རྣམས་མིང་ལ་ཐ་དད་ཡོད་ཀྱང་དོན་ལ་ངོ་བོ་གཅིག་པའི་ཕྱིར་ན་ཐུབ་པ་ཆེན་པོ་དེའི་རྣམ་པར་འཕྲུལ་པ་བྱེ་བ་ཕྲག་བརྒྱ་གླིང་བཞི་བྱེ་བ་ཕྲག་བརྒྱར་སྤྲུལ་བར་བཞེད་པ་སྟེ། དེ་ལ་འགའ་ཞིག་གིས་འདི་སྐད་ཟེར་བ་ཡང་ཡོད། དེ་ལྟར་དུ་ཡིན་ན་ཐུབ་པའི་སྐུ་བྱེ་བ་ཕྲག་བརྒྱ་དེས་དུས་གཅིག་ལ་འབྱོན། དུས་གཅིག་ལ་མྱ་ངན་ལས་འདས་ཤིང་བསྟན་པ་དང་ཕྲིན་ལས་མཉམ་པར་རིགས་ཟེར་བ་ཡང་ཡོད་ཟེར་བ་ལས། ལུང་ལས་ཀྱང་། གཟུགས་སྐུ་གདུལ་བྱའི་སྣང་བ་ཡིན། །སྒྲ་དང་སྒྲ་བརྙན་འབྱུང་བའི་གནས་དང་མཚུངས། །ཞེས་པའི་ཕྱིར་ན། གདུལ་བྱ་རྣམས་ཀྱི་ཚེ་རིང་ཐུང་དང་བསོད་ནམས་ཆེ་ཆུང་དང་མཐུན་པར་སྤྲུལ་པའི་སྐུ་རྣམས་ཀྱང་དེ་ལྟར་དུ་འབྱོན་ཞིང་སྣང་བ་ཡིན། དཔེར་ན་སྒྲ་བརྙན་གྱི་གནས་དང་རྐྱེན་བཟང་ངན་ཆེ་ཆུང་ལ་རག་པ་ལས་བཞིན་དུ། སྒྲ་ཆེ་བ་དང་། ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ་དང་། ལུང་མ་བསྟན་གྱི་སྒྲ་ལ་སོགས་པ་རྒྱུ་ལ་རག་ལས་པ་རྐྱེན་ལ་རག་ལས་པའོ། །དེ་བཞིན་དུ་སྤྲུལ་པའི་སྐུ་རྣམས་ཀྱང་གདུལ་བྱ་རྣམ་པ་སྣ་ཚོགས་པའི་དབང་གིས་ན་སྤྲུལ་པའི་སྐུ་རྣམས་ཀྱང་། དེ་བཞིན་དུ་བྱོན་པ་ལ་ངེས་པ་མེད་པའི་ཕྱིར་ན། གང་དང་གང་གིས་ཀྱང་ཁ་

(༣༠༣)ཚོན་དུ་བཅད་པ་ཤིན་ཏུ་དཀའ་བ་ཡིན། གསང་སྔགས་ཚུལ་ཆེན་ལས་བྱུང་བ། །ཞེས་བྱ་བའི་དོན་ནི། རྣམ་པར་སྣང་མཛད་གསང་སྔགས་ཀྱི་བདག་པོ་ཡིན་པའི་ཕྱིར་ན། ཐུབ་པ་བྱེ་བ་ཕྲག་བརྒྱ་ཡང་གསང་སྔགས་ལས་བྱུང་ཞིང་གསང་སྔགས་ལས་སྐྱེས་པའི་ཕྱིར་ན། ཕའི་མཛད་སྤྱོད་བུ་རྣམས་ཀྱིས་སྐྱོང་བའི་དཔེ་དང་འདྲ་བའོ། །གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །ཞེས་བྱ་བའི་དོན་ནི་གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་ཀུན་གཟིགས་རྒྱལ་པོ་ཡིན་པའི་ཕྱིར་ན་ཡོ་གའི་ཕུན་སུམ་ཚོགས་པ་ལྔ་ནས་ཅི་ལྟར་གསུངས་པར་བཞིན་དུ་ཤེས་པར་བྱའོ། །མཁས་ལ་གྲུབ་པ་ཐོབ་པའི་དགེ་བའི་བཤེས་གཉེན་འགའ་ཞིག་གི་བཞེད་ཀྱིས། མ་ཧཱ་ཡོ་ག་མན་ཆོད་ཤཱཀྱ་ཐུབ་པས་མི་ཡུལ་དུ་གསུངས་པའི་བཞེད་previous hit དགོངས་ཀྱང་ཡོད་དེ། དེའི་ཕྱིར་ན་ཡོ་ག་ཞེས་བྱ་བ་ནི་རིག་སྔགས་ཀྱི་ཆར་གཏོགས་ next hit་ཡིན། ཀྲི་ཡ་སྡེ་གསུམ་པོ་འདི་སྡེ་སྣོད་དང་ཆ་མཐུན་པ་ཏེ། ཀྲི་ཡ་ཉན་ཐོས་ཀྱི་ཐེག་པ་དང་ཆ་མཐུན་པ་ཡིན། ཨུ་པ་ཡ་རང་སངས་རྒྱས་ཀྱི་ཐེག་པ་དང་ཆ་མཐུན་པ་ཡིན། ཡོ་ག་བྱང་ཆུབ་སེམས་དཔའི་ཐེག་པ་དང་ཆ་མཐུན་པ་སྟེ། འཁོར་ལོ་སྒྱུར་བའི་རྒྱལ་པོ་ལྟ་བུའི་ཐེག་པ་ཡིན། རྒྱ་ཆེ་བ་གཏིང་ཟབ་པ་ཡོ་གའི་གཞལ་ཡས་ཀྱི་ཁང་དུ་དབང་བསྐུར་བའི་རིམ་པ་ཐམས་ཅད་ཀྱང་འཁོར་ལོ་སྒྱུར་བའི་རྒྱལ་པོ་དང་ཆ་མཐུན་པའོ། །ཐེག་པ་གོང་མ་དང་འོག་མ་རྣམས་ཀྱི་དཀྱིལ་འཁོར་རྣམས་ཀྱང་ཡོ་ག་ལས་རྣམ་པར་འཕྲོས་པ་སྟེ། དཔེ་བླང་བ་ལྟ་བུ་ཡིན། རྒྱལ་རིགས་ལ་སོགས་པ་བསོད་ནམས་

(༣༠༤)དང་ལྡན་པ་རྣམས་ཀྱིས་སྐྱེ་བ་འདི་དང་ཕྱི་མའི་ཤི་བ་དང་གསོན་པོ་གཉིས་ཀ་ལ་དབང་བསྐུར་ཞིང་སྒྲིབ་པ་སྦྱོང་བའི་རིམ་པ་མང་དུ་སྟོན་པའི་ཕྱིར་ན་ཚོགས་གཉིས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ཆེན་པོ་སྟེ། དེའི་ཕྱིར་ན་མ་འོངས་པའི་གདུལ་བྱ་རྣམས་ཀྱིས་ཀྱང་ཡོ་ག་ལ་གཏོགས་པའི་རྒྱུད་སྡེ་རྣམས་ཀྱི་འབྲེལ་ཚུལ་ཤེས་པ་དང་ཕུན་སུམ་ཚོགས་པ་རྣམ་པ་ལྔ་རྒྱུད་རེ་རེ་ལ་ཡང་རེ་རེ་ཡོད་པའི་ཕྱིར་ན་སོ་སོར་འབྱེད་ཤེས་པར་བྱའོ། །དཔལ་མཆོག་དང་པོའི་རྒྱུད་ནས་ཀྱང་། །རྡོ་རྗེ་དབྱིངས་ཏེ་འགྱུར་བ་མེད། །ཀུན་རིག་རྒྱལ་པོ་ཀུན་ཏུ་ཞལ། །ཕྱོགས་བཅུར་སྒྲིབ་པ་མེད་པར་གཟིགས། །སེམས་དཔའ་ཆེན་པོ་སྟུག་པོ་བཀོད། །ཅེས་གསུངས་པའི་ཕྱིར་ན། རྣམ་པར་སྣང་མཛད་འདི་ཕྱག་ན་རྡོ་རྗེ་ཡིན་པར་བཞེད་པའི་ལུང་ཡང་ཡོད། དེ་ཅིའི་ཕྱིར་ན། ཕྱག་ན་རྡོ་རྗེ་ལ་གསུམ་དུ་དབྱེ་སྟེ། རྒྱུའི་ཕྱག་ན་རྡོ་རྗེ་དང་། ལམ་གྱི་ཕྱག་ན་རྡོ་རྗེ་དང་། །འབྲས་བུའི་ཕྱག་ན་རྡོ་རྗེ་སྟེ། །དེ་ལ་གཞིའི་ཕྱག་ན་རྡོ་རྗེ་ནི། །འགྲོ་དྲུག་སེམས་ཅན་མ་ཡིན་ལ། །ལམ་གྱི་ཕྱག་ན་རྡོ་རྗེ་ནི་ས་བཅུ་པའི་བྱང་ཆུབ་སེམས་དཔའ་སྟེ། ཕྱག་ན་རྡོ་རྗེ་ཆེན་པོ་ནི་ཐེག་པ་དགུའི་ཞུ་བ་པོ་དང་། སྡུད་པ་པོ་དང་གསུང་བ་པོ་གསུམ་དབྱེར་མེད་པའི་ཕྱིར་ན་ཀུན་གཟིགས་ལ་པོ་བྱ་བ་སྟེ། མཚན་བརྗོད་ཀྱི་ལུང་ལས་ཀྱང་། ཀུན་མཁྱེན་ཀུན་རིག་དམ་པ་པོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཅེས་གསུངས་པའི་ཕྱིར་ན། ཀུན་རིག་རྒྱལ་པོ་ཕྱག་ན་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྒྱུད་གསང་བ་གསུམ་གྱི་མཛོད་འཛིན་པའི་ཕྱིར་ན་ཕྱག་ན་རྡོ་རྗེ་ཆེན་པོ་ཞེས་ཀྱང་བྱ།

(༣༠༥)རྡོ་རྗེ་སེམས་དཔའ་ཞེས་ཀྱང་བྱ། ལུང་ཐ་དད་པ་ནས་རིགས་མི་གཅིག་པ་གྲངས་མེད་པ་གསུངས་ཀྱང་ཀུན་རིག་རྒྱལ་པོ་དང་། ཤཱཀྱ་ཐུབ་པ་དང་། ཕྱག་ན་རྡོ་རྗེ་དང་གསུམ་ལ་ཐ་དད་མེད་པར་བཞེད་པ་ཡིན། དེའི་ཕྱིར་ན་སྟན་པ་བསྟོན་པ་གནས་དུས་དང་། །འཁོར་གྱི་བྱེ་བྲག་ཐམས་ཅད་ཀྱང་། །གདུལ་བྱ་དབང་པོ་ཐ་དད་ཕྱིར། །སྣ་ཚོགས་སྣང་ཡང་ངོ་བོ་གཅིག །ཅེས་རྫོགས་པ་ཆེན་པོ་རིན་ཆེན་སྤུངས་པའི་རྒྱུད་ལས་གསུངས་པའི་ཕྱིར་ན། ཡོ་ག་མཁན་རྣམས་ཀྱིས་དེ་ལྟར་དུ་མཁྱེན་པར་མཛོད། དམ་ཚིག་རྡོ་རྗེ་ཀླག་པ་ལས་ཀྱང་། ཐེག་པ་སོ་སོར་བདེན་པས་ཆོས་ལ་ཁ་འཛིན་མེད། གང་ལ་ཡང་སྒྲོ་སྐུར་མི་འདེབས་འཚལ། །ཞེས་གསུངས་པའི་ཕྱིར་ན། དེ་ཅིའི་ཕྱིར་ཞེ་ན། བཀའ་དང་བསྟན་བཅོས་ཐམས་ཅད་ལ་བཞེད་previous hit དགོངས་ཅི་ལྟར་དུ་སྣང་ན་ཡང་གང་དང་གང་ལ་སྒྲོ་དང་སྐུར་ next hit་བཏབ་མི་རུང་། སྐུར་པ་བཏབ་ན་མཚམས་མེད་པའི་ལས་ཡིན་པས། དེའི་ཕྱིར་ན་རིགས་ལྡན་སློབ་མ་རྣམས་ཀྱིས་མཁྱེན་པར་མཛོད། ཐེག་པ་དགུའི་སྒྲ་དོན་ཤེས་ཤིང་གྲུབ་མཐའ་རྣམས་ཀྱི་བྱེ་བྲག་རྣམས་ལ་ཕྱོགས་མེད་དུ་མཁས་པའི་པཎྜི་ཏ་ཆེན་པོ་ན་རོ་པ། རྗེ་ཆེན་པོ་ཏཻ་ལོ་པའི་བྱིན་རླབས་ཀྱིས་ངར་འཛིན་གྱི་ལྟ་བ་ཉི་ཤུ་རྩ་གཅིག་མ་འདྲེས་ལ་ཡོངས་སུ་རྫོགས་པར་ཕྱོགས་མེད་དུ་རྟོགས་པའི་རྗེ་ན་རོ་པའི་རྒྱུད་པའི་བཞེད་previous hit ་དང་དགོངས next hit་པའི་དབང་དུ་བྱས་ན། ཐེག་པ་བདུན་མན་ཆོད་ཀྱི་བཀའ་དང་རྒྱུད་ལུང་དང་བསྟན་བཅོས་མན་ངག་གི་བྱེ་བྲག་ཐམས་ཅད་ཀྱང་འོ་མའི་རྒྱ་མཚོ་དང་འདྲ་བ་ལས། འོ་མ་ལས་མར་འབྱུང་བར་ཤེས་ཀྱང་། མ་བསྲུབས་ཀྱི་བར་དུ་མར་དང་འོ་མ་སོ་སོར་མི་འབྱེད་

(༣༠༦)པའི་ཕྱིར་ན། དེ་ལ་ཡང་རྒྱུ་རྐྱེན་གཉིས་འཛོམ་ན་མར་འབྱུང་བ་ལྟར། བདེ་བར་གཤེགས་པའི་བཀའ་འོ་མ་ལྟ་བུ་ལས་བླ་མ་དམ་པའི་གདམ་ངག་གི་ཚད་མ་ནི་མཁྱེན་པ་གཉིས་དང་ལྡན་པའི་དགེ་བའི་བཤེས་གཉེན་མཁས་ལ་གྲུབ་པ་ཐོབ་པ་དང་། འོ་མ་བསྲུབས་པའི་མཁན་པོ་ལྟ་བུའོ། །དེའི་ཐེག་པ་དྲུག་གི་བཀའ་དང་བསྟན་བཅོས་རྣམས་ཀྱི་སྒྲ་དང་དོན་ཀུན་རྫོབ་དང་དོན་དམ་ཐབས་དང་ཤེས་རབ་ཟུང་འཇུག་གི་ཚུལ་དུ་བསྒྲུབས་ན། རྣལ་འབྱོར་པ་ཉམས་ཀྱིས་བསྒོམས་ནས་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་དབྱེར་མེད་ཅིང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མར་ལྟ་བུ་དེ་དངོས་པོ་གཤིས་ཀྱི་གནས་ལུགས་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་ངོ་བོ་ཉིད་རང་གིས་རང་རིག་ཅིང་རང་ས་ཟིན་པ། ཆོས་སྐུ་དྲི་མ་མེད་པ་ཉག་གཅིག་ཏུ་རྟོགས་པ་ནི་དངོས་པོ་བཤིས་ཀྱི་གནས་ལུགས་ཀྱི་གཞི་རྟོགས་བྱ་བ་ཡིན། དངོས་པོ་གཤིས་ཀྱི་གནས་ལུགས་ཀྱིས་མ་ཁྱབ་པ་མེད་པའི་ཕྱིར་ན། ས་ར་ཧའི་ཞལ་ནས་ཀྱང་། ཁྱབ་དང་རྡོ་རྗེ་སྐུ་ཉིད་དང་། མི་འགྱུར་དུས་ནི་ཐམས་ཅད་པའོ། །ཞེས་གསུངས་པའི་ཕྱིར་ན། དངོས་པོ་གཤིས་ཀྱི་གནས་ལུགས་ཞེས་བྱ་བ་ནི་ཐམས་ཅད་ཀུན་གྱི་འབྱུང་བཞི་ཡིན་པའི་ཕྱིར་ན། ཤེས་བྱ་གཤིས་ཀྱི་གནས་ལུགས་ནི། འཁོར་བ་དང་མྱ་ངན་ལས་འདས་པ་དང་། ཕྱི་རོལ་མུ་སྟེགས་པ་དང་། ལམ་གྱིས་བསྡུས་པའི་ཤེས་བྱ་སྣ་ཚོགས་གཤིས་ཀྱི་གནས་ལུགས་བྱ་བ་ཡིན། དེ་ལ་ཤེས་བྱ་གཤིས་ཀྱི་གནས་ལུགས་རྣམས་ཕྱོགས་མེད་དུ་ཤེས་པར་བྱེད་པ་ལ། ཤེས་བྱ་ཀུན་ལ་མ་རྨོངས་ཤིང་མཁས་པ་བྱ་བ་ཡིན། དེ་ལྟར་དུ་ཐམས་ཅད་ཤེས་ཤིང་། དེའི་དོན་མ་རྟོགས་ན་ཤེས་བྱ་བག་ཆགས་གཤིས་ཀྱི་གནས་ལུགས་བྱ་བ་ཡིན་ཏེ། ཡང་

(༣༠༧)དག་པའི་དོན་གྱི་སྒྲིབ་པར་བཤད་པ་ཡིན། དེ་ལ་བརྟེན་ནས་རིམ་གྱིས་རྟོགས་པར་འགྱུར་བའི་ཕྱིར་ན་བག་ཆགས་བཟང་པོ་ཡིན། ནཱ་རོ་བརྒྱུད་པའི་དབང་དུ་བྱས་ན། དངོས་པོ་གཤིས་ཀྱི་གནས་ལུགས་དང་། ཤེས་བྱ་གཤིས་ཀྱི་གནས་ལུགས་གཉིས་དཔག་བསམ་གྱི་ཤིང་ལྗོན་པའི་རྩ་བ་དང་སྡོང་པོ་དང་ཡལ་ག་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་ལ་སོགས་པ་རྣམས་ཤེས་བྱ་གཤིས་ཀྱི་གནས་ལུགས་ལྟ་བུ་སྟེ། དངོས་པོ་གཤིས་ཀྱི་གནས་ལུགས་རྩ་བ་དང་སྡོང་པོ་ལྟ་བུ་སྟེ། ཆོས་ཀྱི་སྐུ་དྲི་མ་མེད་པ་ཉག་གཅིག་ཏུ་རྟོགས་ཤིང་། ཤེས་བྱ་གཤིས་ཀྱི་གནས་ལུགས་སྣ་ཚོགས་སུ་སྣང་བ་དེ་དཔག་བསམ་གྱི་ཤིང་ལྗོན་པའི་ལོ་འདབ་འབྲས་བུ་ལྟར་ཁམས་གསུམ་པའི་སེམས་ཅན་རྣམས་ཀྱི་འཁྲུལ་བ་སྣ་ཚོགས་ཀྱི་རྒྱུ་དང་འབྲས་བུ་རྟོགས་པ་དང་། མུ་སྟེགས་པའི་ལྟ་ལོག་སུམ་བརྒྱ་དྲུག་བཅུའི་ཤེས་བྱ་སྣ་ཚོགས་རྟོགས་པ་དང་། ནང་པ་སངས་རྒྱས་པའི་རྒྱུ་མཚན་ཉིད་ཀྱི་ཐེག་པ་གསུམ་གྱི་ཤེས་བྱའི་བྱེ་བྲག་སྣ་ཚོགས་སོ་སོར་མ་ཡིན་ཐ་མི་དད་པར་རྟོགས་པ་དང་། ལོངས་སྐུའི་བསྟན་པ་གཉིས་ཀྲི་ཡོག་གསུམ་གྱི་ཕུན་སུམ་ཚོགས་པ་ལྔ་དང་། རྒྱུད་འགྲེལ་བསྟན་ཆོས་ལ་སོགས་པ་རྣམ་པར་དག་པར་བྱ་བ་དང་། སྤྱོད་པར་བྱེད་པ་དང་བསྒྱུར་བའི་ལམ་གྱི་དཀྱིལ་འཁོར་ཆེན་པོའི་ཤེས་བྱ་གཤིས་ཀྱི་གནས་ལུགས་རྣམས་ཀུན་གཟིགས་རང་རིག་ལ་སོ་སོར་སྣང་བའི་ཡེ་ཤེས་ལྔར་རྟོགས་པའི་ཐེག་པ་བདུན་གྱི་དངོས་པོ་གཤིས་ཀྱི་གནས་ལུགས་ཤེས་བྱ་གཤིས་ཀྱི་གནས་ལུགས་ངོ་བོ་དང་མཚན་ཉིད་རྣམས་ཕྱོགས་མེད་དུ་རྟོགས་པ་དེ་རྟོགས་པ་ནམ་མཁའ་དང་མཉམ་པ་སྟེ། མ་འདྲེས་དེ་ལྟ་བུར་རྟོགས་པའི་རྣལ་འབྱོར་པ་ལ་ཐེག་པ་ཆེ་

(༣༠༨)ཆུང་གི་བྱེ་བྲག་གམ་འཁོར་བ་དང་མྱ་ངན་ལས་འདས་པའི་ས་མཚམས་དང་། ཕྱི་པ་མུ་སྟེགས་པ་དང་། ནང་པ་སངས་རྒྱས་པའི་གྲུབ་མཐའི་བྱེ་བྲག་ལ་སོགས་པ་ཤེས་བྱ་གཤིས་ཀྱི་གནས་ལུགས་ཐམས་ཅད་ཆུ་རྣམས་རྒྱ་མཚོར་ཐིམ་པ་བཞིན་དུ་དངོས་པོ་གཤིས་ཀྱི་གནས་ལུགས་ལ་གཤིས་འགྱུར་བ་མེད་པ། ངོ་བོ་སྟོང་པ། རང་བཞིན་གསལ་བ། གར་ཡང་མ་ཁྱབ་པ་མེད་པ། མཚན་ཉིད་ཐོགས་པ་མེད་ཅིང་འགག་པ་མེད་པ། གནས་ལུགས་འཁོར་འདས་ཀུན་གྱི་འབྱུང་གཞི། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་ཤིང་གོམས་པ་དང་། དབང་ཐོབ་ན་ཡོ་ག་མན་ཆད་ཐེག་པ་དྲུག་ག་གྲུབ་མཐའ་དང་འགྲོ་བ་སེམས་ཅན་རྣམས་དང་མུ་སྟེགས་ལ་སོགས་པའི་རྒྱུ་འབྲས་དང་གྲུབ་མཐའ་རྣམས་ཀྱི་ངར་འཛིན་གྱི་ལྟ་བ་རྣམས་ལས་གྲོལ་བའི་དུས་ཚོད་དེ། རྟོགས་ཞེས་བྱ་བ་ནི་ཤེས་དང་ཤེས་བྱའི་ཚོགས་ཐམས་ཅད་ལ་མ་རྟོགས་པའམ་མ་རིག་པ་སྤུ་ཙམ་ཡང་མེད་པའི་ཕྱིར་ན་རྟོགས་ལྡན་ཞེས་བྱ་བ་ཡིན། སྒོམ་ཆེན་པ་རྣམས་རྒྱུད་ཚོད་འདི་ཙམ་དུ་ཕྱིན་ན་ཐེག་པ་དྲུག་གི་སྒྲ་དོན་རྟོགས་བྱའི་དུས་ཚོད་ཡིན། བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་ཕུན་སུམ་ཚོགས་པ་གསལ་བྱེད་སྒྲོན་མ་ཞེས་བྱ་བའི་འགྲེལ་པ་ལས། ཡོ་ག་ཐེག་པའི་རྒྱུ་རྟོགས་ལམ་རྟོགས་འབྲས་བུ་རྟོགས་སྒྲ་དོན་རྟོགས། ཐེག་པ་དྲུག་གི་གྲུབ་མཐའ་རྣམས་རང་བྱུང་གི་ཡེ་ཤེས་ཆོས་ཐམས་ཅད་མཉམ་པ་ཉིད་མཐའ་དང་དབུས་མེད་པར་རྟོགས་པའི་བར་སྐབས་ཏེ་བརྒྱད་པའོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཡིས་གསང་སྔགས་རྣལ་འབྱོར་ཆེན་པོ་གསུངས་པའི་ལུང་ཡང་ཡོད་པར་བཞེད་previous hit ་ལས། མདོ་དགོངས next hit་པའི་ལུང་ལས། ཆོས་སྐུ་ལོངས་སྐུ་རྣམ་སྣང་ཞིང་། །སྨྲ་བའི་སེང་གེ་རྡོ་རྗེ་སེམས་དཔའ་ལ་

(༣༠༩)བསྒོ་བ་སྒྱུ་འཕྲུལ་དང་ནི་གཉི་གའི་ལུང་ནས། རིགས་ཀྱི་རིགས་ཏེ་རིགས་ཀྱི་གཙོ། །ཐུགས་ཀྱི་རིགས་ཏེ་རིགས་ཀྱི་མཆོག །རྡོ་རྗེ་རིགས་མཆོག་དཀྱིལ་འཁོར་ཆེ། །ཞེས་གསུངས་པའི་ཕྱིར་ན། ཤཱཀྱ་ཐུབ་པས་གསང་སྔགས་རིག་སྔགས་ཐམས་ཅད་གསུངས་པར་བཞེད་དེ། སྐབས་འདིར་མི་སྤྲོ། སྡེ་སྣོད་གསུམ་དང་ཀྲི་ཡོག་གསུངས། །ཤཱཀྱ་ཐུབ་པས་མི་ཡུལ་དུ་ཚེ་ལོ་བརྒྱ་པའི་དུས་སུ་བྱོན་ནས། སྡེ་སྣོད་གསུམ་དང་ཀྲི་ཡོག་གསུངས། དེ་ནས་སྐུ་མྱ་ངན་ལས་འདའ་བར་previous hit དགོངས་ཏེ། ཡངས་ next hit་ཅན་དུ་འཁོར་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དབྱར་ཟླ་ངོ་གསུམ་ལ་ཚུལ་དུ་བཞུགས་ནས་སྟོན་ཟླ་གཉིས་པའི་ཡར་ངོ་ལས་འཁོར་རྣམས་ལ་གདམ་ངག་གསུམ་བཞག་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་སྒྲ་ཆེན་པོ་ཕྱོགས་བཅུར་བསྒྲགས་ནས་འཇིག་རྟེན་གསུམ་ན་ངའི་འཁོར་དུ་ཕྱོགས་པ་ཀུན་འདུས་ཤིག །ང་ཡོངས་སུ་མྱ་ངན་ལས་འདའ་བས་ངེས་པ་གཞག་པ་དག་ཡོད་དོ། །ཞེས་ཁམས་གསུམ་ལ་གཏོགས་པའི་དུས་དང་མུ་སྟེགས་ལ་སོགས་པའི་གནས་རྣམས་སུ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་འདའོ་སྒྲ་དུས་གཅིག་ལ་བསྒྲགས་ཀྱང་གདུལ་བྱའི་སྣང་ངོ་ལ་གསུངས་པ། འཁོར་གྱི་ནང་དུ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་རྣམས་སྤྱོད་ལ་སྐད་ཅིག་ཙམ་གྱིས་ཐམས་ཅད་འདིར་འདུས་ཤིག་ཅེས་གསུངས་སོ། །འདི་སྐད་དུ། རྒྱལ་བའི་ཞིང་གྱུར་རིགས་དྲུག་གང་དུ་ངེས་ཤིང་ཕྱོགས་པ་ཀུན་ཉོན་ཅིག །དེང་རྒྱལ་བས་བདུད་རྩི་གསུམ་འཇོག་གིས་དུག་གསུམ་འཇོམས་པར་འདོད་པ་ཀུན་འདུས་ཤིག །ཅེས་གསུང་ཆེན་པོ་བསྒྲགས་པས་རྫུ་འཕྲུལ་གྱི་སྟོབས་ཆེན་པོ་དང་ལྡན་པའི་ཉན་ཐོས་ཆེན་པོ་རྣམས་

(༣༡༠)དང་། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་སོགས་པ་རྣམས་རིག་འཛིན་གྱི་རྒྱལ་པོ་ཀུ་མ་ར་ཙ་ལ་སོགས་པ་རྣམས་ཀྱིས་སྐད་ཅིག་ལག་པ་རྐྱང་བསྐུམ་ཙམ་ལ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་ཐམས་ཅད་བསྡུས་པའོ།། །།དགའ་ཞིང་དད་པ་རྣམས་མི་སྡུག་བསྔལ་ཞིང་ཡིད་མི་བདེ་ཞིང་མྱ་ངན་དང་སྨྲེ་སྔགས་འདོན་པ་ཉ་སྐམ་ལ་སྐྱུར་བ་ལྟ་བུ་འབྱུང་། བདུད་པ་མུ་སྟེགས་དང་སངས་རྒྱས་ཀྱི་བསྟན་པ་ལ་དེའི་ཚེ་དེའི་དུས་ན་སངས་རྒྱས་ཀྱི་བསྟན་པ་ལ་མི་དད་ཅིང་མི་དགེ་བའི་ལོག་པར་ལྟ་བ་ཅན་རྣམས་ནི་ཤིན་ཏུ་དགའ་བ་དང་བདེ་བ་མེད་དུ་འོང་བའི་ཚོགས་སྣ་ཚོགས་བརྗོད་པ་དང་། དགའ་ཞིང་བདེ་བ་དགེ་སློང་བསམ་གཏན་གསུམ་པ་ལ་སྙོམས་པར་ཞུགས་པ་ལྟ་བུའི་བདེ་བ་རྒྱ་ཆེན་པོ་དང་ལྡན་པར་འགྱུར་རོ། །དེའི་ཚེ་དེའི་དུས་ན་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ཉན་ཐོས་ཀྱི་ཚོགས་ཀྱིས་བསྐོར་ཞིང་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་བཞུགས་སོ། །གཞན་ཡང་ཚངས་པ་དང་བརྒྱ་བྱིན་རིག་འཛིན་ཕོ་མོ་ལ་སོགས་པ་ཐམས་ཅད་དང་ལྡན་པའི་འཁོར་རྣམས་བཅོམ་ལྡན་འདས་ག་ལ་བ་དེར་འདུས་སོ། །དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་ཡང་སེང་གེའི་ཁྲི་ལ་སྐུ་དྲང་པོར་བསྲངས་ཏེ། རྡོ་རྗེ་སྐྱིལ་དཀྲུང་གིས་བཞུགས་ནས། previous hit དགོངས next hit་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ། འདི་སྐད་ཅེས་བཀའ་བསྩལ་ཏེ། ཀྱཻ་གྲོགས་པོ་དག་ཤེས་པར་གྱིས་ཤིག །ཆོས་ཐམས་ཅད་ནི་མི་རྟག་པའོ། །འབྱོར་པ་ཐམས་ཅད་ནི་ཟད་ཅིང་འབྲལ་བའི་ཆོས་ཅན་ནོ། །དངོས་པོ་ཐམས་ཅད་ནི་ངེས་པར་འཇིག་པའོ། །གང་ཟག་སྲོག་གི་དབང་པོ་ལ་སྐྱེ་ཤི་ཡོད་པའི་ཕྱིར་ན་ང་ཡོངས་སུ་མྱ་ངན་ལས་འདའ་བས། སུ་དག་ཐེ་ཙོམ་མ་ཆོད་པ་རྣམས་དྲི་བ་དྲིས་ཤིག །ཅེས་བཀའ་བསྩལ་པས། བཅོམ་ལྡན་འདས་ཀྱི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོས་འཁོར་རྣམས་ཀྱིས་རང་རང་གི་སྐད་དུ་ཞུ་བ་ཞུས་ལན་གྱི་ཚུལ་དུ་ཐམས་ཅད་ཀྱི་ཐེ་ཙོམ་བསལ་ལོ། །དེའི་ཚེ་དེའི་དུས་ན་འཁོར་དེ་རྣམས་ཀྱི་ནང་ནས་རིག་འཛིན་གྱི་རྒྱལ་པོ་ཀུ་མ་ར་ཙ་ཞེས་བྱ་བ་སྟན་ལས་

(༣༡༡)ལངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ལོ། །དཔུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་ཀྱིས་ཞུ་པ་མེད་པའི་སྤོབས་པ་དང་ལྡན་པར་གྱུར་རོ། བཅོམ་ལྡན་འདས་ཀྱི་ཞལ་ལ་སེང་གེའི་ལྟ་སྟངས་ཀྱིས་བལྟས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཁྱེད་ནི་ནམ་མཁའི་རང་བཞིན་ལས། །འདའ་དང་མི་འདའ་ཡོངས་མི་མངའ་། འཇིག་རྟེན་རྣམས་དང་མཐུན་འཇུག་ཏུ། །མྱ་ངན་འདའ་བས་འདུལ་བར་སྟོན། ཁྱེད་ནི་འཇིག་རྟེན་ཕ་མར་སྟོན། །ལྷ་མིའི་འཇིག་རྟེན་ཐམས་ཅད་ཀྱི། །མུན་པའི་དཀྱིལ་འཁོར་ཀུན་བསལ་ནས། །སེམས་ཀྱི་དཀྱིལ་འཁོར་གསལ་མཛད་པ། །ས་དང་རྣམ་ཐར་ལམ་བཅས་པས། །བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། འདྲེན་པའི་ཐེག་པ་རྣམ་གསུམ་ལས། །གང་དག་རིམ་པར་བཀོད་ལགས་ན། །མཉམ་པས་བླང་དོར་མི་སྤྱོད་པའི། །ངེས་ཤེས་གསལ་བ་མ་གསུངས་ན། །ཞེས་གསུང་པ་ལས། དེའི་ཚེ་དེའི་དུས་ན། སྟོན་པ་ཐུན་མོང་དུ་གྱུར་བ་སྤྲུལ་པའི་སྐུས། ཆོས་བསྟན་པ་ཐུན་མོང་དུ་གྱུར་པ་སྡེ་སྣོད་གསུམ་དང་ཀྲྀ་ཡོག་གསུམ་གསུངས་པའི་དུས་ཚོད་ཡིན་ཏེ། བསྟན་པ་ཁྱད་པར་འཕགས་པ་མཧཱ་ཡོ་ག་དང་། ཨ་ནུ་ཡོ་ག་དང་། ཨ་ཏི་ཡོ་ག་གསུམ་གསུང་བའི་དུས་ལས་བབ་པར་previous hit དགོངས་ནས་རྗེས་སུ་གནང་བའི་བཀའི་ཚུལ་དུ། མ་འོངས་པའི་དུས་སུ་ལུང་བསྟན་ next hit་ནི་རྗེས་སུ་སྣང་བའི་བཀའ་རྣམས་ཏེ། ལུང་བསྟན་པ་ནི། དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པས་འཕྲུལ་གྱི་སྤྱན་གྱིས་ཕྱོགས་བཅུར་རྣམ་པར་གཟིགས་ནས། དུས་གསུམ་བྱིན་གྱིས་བརློབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། ལྗགས་ཀྱི་དབང་པོ་བཀྲམ་སྟེ། ཞལ་གྱི་སྒོ་ནས་

(༣༡༢)འོད་ཟེར་བཀྱེ་ནས་བཀའ་བསྩལ་པ། ང་ནི་འདི་ནས་མི་སྣང་ནས། ལོ་ནི་བརྒྱ་དང་བཅུ་གཉིས་ན། །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །མི་ལ་སྐལ་ལྡན་རིགས་ཅན་གྱི། །སྔོན་དུ་བསྟན་པ་དར་བའི་གནས་གྱུར་པ། དྲག་ཤུལ་ཅན་ཞེས་བྱ་བའི་རྩིར། དྲེགས་ཕྱིར་ལེགས་པ་དམ་པའི་དུས། །ལང་གའི་བདག་པོ་ལ་སོགས་པ། །ལག་ན་རྡོ་རྗེ་སྣང་བར་འགྱུར། །ཞེས་གསུང་པའི་དོན་ཡང་། ཤཱཀྱ་ཐུབ་པ་ཉིད་མ་འོངས་པའི་དུས་སུ་ཕྱག་ན་རྡོ་རྗེར་སྤྲུལ་ནས། ཆོས་སྐུ་བསྟན་པ་མཧཱ་ཡོ་ག་དང་། ངོ་བོ་ཉིད་སྐུའི་བསྟན་པ་ཨ་ནུ་ཡོ་ག་སྟེ། རང་བཞིན་གྱི་སྐུའི་བསྟན་པ་ཨ་ཏི་ཡོ་ག་མི་ཡུལ་དུ་བྱུང་བར་ལུང་བསྟན་ཏོ། །གཏན་ལ་ཕབ་པའི་མདོ་སྡེ་ལས། སངས་རྒྱས་ཀྱི་ཞལ་ཆེམས་འབུམ་ཡོད་པ་སྟེ། མ་འོངས་པའི་དུས་སུ་ལུང་བསྟན་པ་ཡང་མང་དུ་ཡོད་པ་ཡིན། དེའི་ཕྱིར་ན་མྱ་ངན་ལས་འདས་པའི་མདོ་ལས་ཐམས་ཅད་ཤེས་པར་བྱའོ། །བྱིན་གྱིས་བརླབས་པའི་མདོ་དང་། བྱིན་གྱིས་བརླབས་པའི་བཀའ་དང་། ཞལ་ནས་གསུངས་པའི་བཀའ་སྡེ་དྲུག་སོ་སོར་འབྱེད་པའི་བར་སྐབས་ལགས་སོ། །བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པའི་བཀའ་དང་འཁོར་དུ་གྱུར་པའི་ཡེ་ཤེས་པ་དང་འཇིག་རྟེན་པ་ལ་སོགས་པ་རྣམས་ཀྱིས། ཆོས་འདི་རྣམས་བྲི་བ་དང་ཉན་པ་དང་། ཀློག་པ་དང་། སྒོམ་པ་དང་། འཆང་བ་ལ་སོགས་པ་རྣམས་ཀྱི་སྟོངས་གྲོགས་མཛོད་ཅིག། བར་ཆོད་སེལ་ཞིང་བསྟན་པ་ཡུན་དུ་གནས་པར་གྱུར་ཅིག །ཆོས་ནི་སྐལ་བ་དང་ལྡན་པ་མང་པོ་དང་འཕྲད་ཅིང་། སྨིན་པ་དང་གྲོལ་བའི་ཕྲིན་ལས་ཀྱིས་འགྲོ་བ་ཐམས་ཅད་མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་གྱུར་ཅིག །བཀྲ་ཤིས་དཔལ་འབར་འཛམ་

(༣༡༣)གླིང་རྒྱན་དུ་ཤོག །གསང་སྔགས་རྙིང་མའི་ལུགས་ཀྱི་མཧཱ་ཡོ་གའི་ཐེག་པ་སྒྲུབ་པ་བཀའ་བརྒྱད་ཏན་ཏྲ་བཅོ་བརྒྱད་ཀྱི་འབྲེལ་ཚུལ་འདི་གང་ནས་བྱུང་སྙམ་ན། དེ་ཡང་སྟོན་པ་ཕུན་སུམ་ཚོགས་པ་ཀུན་ཏུ་བཟང་པོ་ཡབ་ཡུམ་ཡིན། དེ་ཡང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དྲ་བར་འབྲེལ་ཞིང་རྒྱུན་མི་འཆད་པའི་བྱིན་རླབས་སྟེན་པ་ཕུན་སུམ་ཚོགས་པའོ། །གནས་ཕུན་སུམ་ཚོགས་པ་ནི། མ་ཆགས་པདྨ་ཅན་གྱི་འོག་མིན་གྱི་གནས། ལོངས་སྤྱོད་རྫོགས་སྐུ་ཆེན་པོའི་ཕོ་བྲང་དུ་ལུང་ཨ་ནུ་ཡོ་གའི་མདོ་བཅུ་ནས་འོག་མིན་གནས་འོག་མིན། རང་ན་མི་འདའ་བིང་ཀ་ལ། །ཞེས་གསུངས། གནས་ཕུན་སུམ་ཚོགས་པའོ། །སྟོན་པ་ཀུན་ཏུ་བཟང་པོས་ཡུམ་ཀུན་ཏུ་བཟང་མོ་ལ་གཉིས་སུ་མེད་པའི་སྦྱོར་བས་ཆོས་ཀྱི་སྐུར་ཐིམ་སྟེ། རྒྱུ་འཕྲུལ་བྱེ་བྲག་བཤད་པའི་རྒྱུད་ལས་ཀྱང་ཐབས་དང་ཤེས་རབ་གཉིས་མེད་པ། དེ་ནི་རྡོ་རྗེ་ཆགས་ཆེན་སྤྱོད། །རིག་མར་བཅས་ཏེ་ཞུ་བར་འགྱུར། །ཆོས་སྐུ་བྱང་ཆུབ་སེམས་སུ་གནས། །ཞེས་པ་དང་། དེ་ཡང་ལྷ་མོ་བཅུ་དྲུག་གི་གླུས། མཆོད་བསྟོད་བསྐུལ་བ་མཛད་པ་ཡིས། །སྟོང་པ་ཉིད་ཀྱི་ཏིང་འཛིན་སྤྲོས། །སྙིང་རྗེ་རྒྱུན་ཆད་མ་མཛད་པར། །འགྲོ་བའི་དོན་ལ་སྐུར་གཞེངས་ཤིག་ཅེས་བསྐུལ་བས། དཔལ་ཀུན་ཏུ་བཟང་པོས་ཡང་བསན་ཏེ། ཨ་ཤ་ཀ་གསུང་གི་ཕྱག་རྒྱ་ལས། ཕྱག་རྒྱ་ཆེན་པོ་སྐུར་གཞེངས་ནས། ལྷ་དང་ལྷ་མོ་རྣམས་ལ་འདོད་པའི་དོན་ངས་བཤད་ཀྱིས། ཉེན་ཅིག་ཅེས་སྣང་ནས་རྒྱུད་བྱིན་གྱིས་རླབས་ཀྱི་མཚོན་ནོ། །ལུང་ལས་ཀྱང་། ཆོས་སྐུའི་

(༣༡༤)བསྟན་པ་བྱིན་གྱིས་བརླབས་ཀྱིས་བསྟན། ཞེས་གསུངས་པའི་ཕྱིར་ན། ཚིག་གི་བཤད་པར་མི་བཞེད་དོ། །དེ་ལ་འཁོར་ཕུན་སུམ་ཚོགས་པ་ནི། དཔལ་ཀུན་ཏུ་བཟང་པོ་ཉིད་ལས་མི་གཞན་པའི་འཁོར་རྒྱལ་བ་རིགས་རྣམ་པ་ལྔ། ཡབ་ཡུམ་བཅུ་དང་། རིག་པ་ཁྱད་པར་ཅན་གྱི་འཁོར། སེམས་དཔའ་དང་སེམས་མ་དང་ཁྲོ་བོ་དང་ཁྲོ་མོ་དང་། སྤྲུལ་པ་དང་ཡང་སྤྲུལ་ལ་སོགས་པ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་སྟེ་འཁོར་ཕུན་སུམ་ཚོགས་པ་ལྷ་ཡབ་གཙོ་བོར་བྱས་པ་ཐབས་ཀྱི་རྒྱུད་དེ། ཡུམ་གཙོ་བོར་བྱས་པ་ཤེས་རབ་མའི་རྒྱུད་དང་། ཐབས་དང་ཤེས་རབ་འཛོམ་པ་ལས་ཐབས་ཤེས་རབ་གཉིས་སུ་མེད་པའི་སྤྱི་རྒྱུད་དོ། །བསྡུ་ན་དེ་གསུམ་དུ་འདུས་སོ། །ཕྱེ་ན་རིགས་ལྔ་པོ་དང་། སྤྱིར་གསུངས་པ་སྒྱུ་འཕྲུལ་སྡེ་བརྒྱད་དོ། །ལས་ཁ་ཚར་དང་སྦྱར་ན་རྒྱུད་ཀྱི་རྒྱལ་པོ་དྲུག་གོ། །་ཁ་ཚར་བའི་རྒྱབ་རྟེན་ཟླ་གསང་ཐིག་ལེ། སྐུ་སངས་རྒྱས་མཉམ་སྦྱོར། ཕྲིན་ལས་ཀརྨ་མ་མ་ལེ་གཟི་ལྡན་འབར་བ་མཚམས་ཀྱི་རྒྱུད་དོ། །ལས་བཞི་ནི་ཞི་བ་སྐལ་པ་མེ་ལྟར་འབར་བའི་རྒྱུད་དང་། རྒྱས་པ་ཡང་དག་ཚེ་དང་བདུད་རྩི་གསུམ་གྱི་རྒྱུད་དང་། པདྨ་དབང་གི་རྒྱུད་དང་། དྲག་པོ་ལས་མ་གཤིན་ཕུར་པ་དང་གསུམ་གྱི་རྒྱུད་དོ། །འཇིག་རྟེན་སྨོད་པའི་རྒྱུད་ལ་སོགས་ཏེ། སྒྲུབ་པ་བཀའ་བརྒྱད་ནི་མ་ཧཱ་ཡོ་གའི་བསྟན་པ་ཕུན་སུམ་ཚོགས་པའོ། །སྡུད་པ་པོ་ཕུན་སུམ་ཚོགས་པ་ནི་དཔའ་བཏུལ་ཕྱག་ན་རྡོ་རྗེའོ། །སྡུད་པ་པོ་ཕུན་སུམ་ཚོགས་པའོ། །དུས་ཕུན་སུམ་ཚོགས་པ་ནི་ལྔ་བརྒྱ་ཕྲག་བདུན་པའོ། །ཕུན་སུམ་ཚོགས་པ་རྣམ་པ་ལྔར་བཤད་པ་འདི་ཡང་འཛམ་བུ་གླིང་པའི་མི་རྣམས་དང་ཆ་བསྟུན་པའི་ཕྱིར་ན་བཤད་པ་ཡིན་ཏེ་།

(༣༡༥)མ་ཆགས་པདྨ་ཅན་གྱི་འོག་མིན་ན་འདི་རྣམས་གང་ཡང་སོ་སོར་འབྱེད་པ་མེད་པར་བཞེད་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། སྒྱུ་འཕྲུལ་གྱི་ལུང་ལས། རྒྱལ་བ་ལོངས་སྤྱོད་པའི་དཀྱིལ་འཁོར་རྣམས་གང་ཡང་སྒྲུབ་པ་མེད་པར། ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་མུ་མེད་པར་ཞལ་ཐ་ལེར་བཞུགས་པ་རྣམས་སངས་རྒྱས་ཉིད་ཀྱིས་སངས་རྒྱས་ཉིད་ལ་གསུང་གླེང་ངོ་། །ལོངས་སྐུ་ཉིད་ལ་ལོངས་སྐུ་ཉིད་ཀྱིས་གསུངས་ཏེ་མ་ཆགས་པདྨ་ཅན་གྱི་འོག་མིན་ན་སྤྲུལ་སྐུའི་ཚོགས་རྣམས་ཀྱང་མེད་ན་འགྲོ་བ་སེམས་ཅན་རྣམས་སྨོས་ཀྱང་ཅི་དགོས། དེའི་ཕྱིར་ཕུན་སུམ་ཚོགས་པ་ལྔ་ཞེས་བྱ་བ་སྟེ། མི་ཡུལ་དུ་བྱོན་པའི་བཤད་ལུགས་ཡིན། ཨ་ནུ་ཡོ་ག་ཞེས་བགྱི་བ་མཧཱ་ཡོ་ག་དང་ཨ་ཏི་ཡོ་ག་གཉིས་ཀྱི་བར་མ་རྒྱུད་ཡིན་ཏེ། ཐེག་པ་ཀུན་གྱི་སྤྱི་ལུང་ཡང་ཡིན། previous hit དགོངས next hit་འདུས་པ་ལ་སོགས་པ་ཨ་ནུ་ཡོ་གའི་མདོ་བཅུ་ཡང་ཞོར་ལ་གསུངས་པའོ། །མ་ཆགས་པདྨ་ཅན་དུ་ཕུན་སུམ་ཚོགས་པ་ལྔ་འབྱུང་བའི་ལུགས་སོ། །དེ་ནས་ཐུབ་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་ནས་དེ་ནས་ལོ་ནི་ཉི་ཤུའི་དུས་སུ་མིའི་ཡུལ་དུ་གསང་སྔགས་འབྱུང་བའི་ལུགས་ནི་རྒྱལ་པོ་ཛ་ཞེས་བྱ་བ་ལ་ཕྱག་ན་རྡོ་རྗེས་ལུང་བསྟན་ཏེ། ཟ་ཧོར་ཡུལ་གྱི་ཉེ་འཁོར་ན། །མཐུ་སྟོབས་ཞབས་བཅགས་མ་ལ་ཡ། །གནམ་ལྕགས་ཡོད་པའི་རྩེ་མོ་རུ། །རྩེ་ལ་རྩལ་གྱི་རྒྱལ་པོ་གནས། །ངོས་ལ་བྲག་དཀར་ཚུགས་ཀྱིས་བརྒྱན། །རྩི་སྨན་རྩ་བརྒྱད་ཚད་བར་འཁྲུངས། །ཤར་ན་ཤྲཱི་ཡ་ཨ་སུ་ར། ངོ་མཚར་རོལ་མོ་ཟླ་ཁམ་སྒོ། །ནང་ན་རིན་ཆེན་ཟུར་བརྒྱད་ལ། །ཉི་ཟླ་སྐར་མའི་རི་མོ་སྣང་། །སྤྱི་

(༣༡༦)བོར་ཀ་ལན་ཀ་ཏ་གནས། །གཉིས་སུ་མི་འཕུར་གཅིག་སྤུར་འགྲོ། །དོན་ལྡན་དེ་ཡིས་ཚང་བཅས་པས། །སྐལ་ལྡན་རྣམས་ཀྱིས་བསྒྲོད་ཅིང་ཐར། །སྐལ་མེད་རྣམས་ཀྱིས་ཡོངས་མི་ཐར། །དེ་ལྟ་བུ་ཡི་རིགས་གཅིག་ཡོད། །གནས་དེར་རྒྱལ་པོ་སོང་ལ་གཟིམས་། ཞེས་པའི་ལུང་བསྟན་བྱུང་། དེ་ནས་རྒྱལ་པོ་གཉིད་པའི་རྨི་ལམ་ན། རི་བོ་དེའི་རྩེ་མོ་ན་ཕྱག་ན་རྡོ་རྗེའི་ཕོ་བྲང་བཞུགས། སྐུའི་འོད་ཀྱིས་ཐམས་ཅད་བསྲེགས། གསུང་སྒྲ་འབྲུག་སྟོང་སྟོང་གསུམ་བསྒྲགས། །ཐུགས་ལ་རྡོ་རྗེ་ཉི་ཟླ་ཤར། །ཉི་འོད་རྒྱལ་པོའི་སྤྱི་བོར་ཐིམ། །ཟླ་འོད་རྒྱལ་པོ་རྐང་ལ་ཐིམ། །སྣང་སྲིད་ལྟོ་རུ་ཟོས་པ་རྨིས། །རྒྱལ་པོ་ནམ་ཕྱེད་གཉིད་པའི་རྨི་ལམ་ན། །སངས་རྒྱས་རྣམས་དང་ཆོས་ཀྱི་དོན། །ཉི་ཟླ་ཞོན་ནས་འགྲོ་བར་མཛད། །འཁོར་ལོས་སྣ་དྲངས་འགྲོ་བ་ཁ་ལོ་སྒྱུར། །དེ་ལྟ་བུ་ཡི་རྨི་ལམ་འབྱུང་། །རྒྱལ་པོ་ཐོ་རངས་གཉིད་པའི་རྨི་ལམ་ན། །ནམ་མཁའ་འོད་ཀྱིས་ཁེངས་པ་དང་། ཆོ་འཕྲུལ་སྒྲ་བརྙན་སྣ་ཚོགས་སྒྲོག །རིན་ཆེན་སྣ་ཚོགས་སྤྲིན་ལྟར་གཏིབས། །རིན་པོ་ཆེ་ཡི་ཆར་པ་འབབ། །སྣང་སྲིད་གསལ་བའི་གློག་སྟོང་འཁྲུག །རིན་ཆེན་སྣ་ཚོགས་བཏུས་པ་རྨིས། །དེའི་ནང་པར་དགའ་ཞིང་སྤྲོ་བ་སྐྱེས། །ཡང་སྲོད་ཅིག་གཉིད་པའི་རྨི་ལམ་ན། །སྣོད་བཅུད་འཇིག་རྟེན་ལྟོ་རུ་གྱུར། །རིན་ཆེན་སྒྲོན་མས་མུན་བསལ་ནས། །བདུད་རྩི་སྨན་གྱི་བཅུད་སྙིང་སྩལ། །འགྲོ་ཀུན་རྡོ་རྗེ་རྣལ་འབྱོར་དུ། །འཇིག་རྟེན་ཁྱབ་པར་སྒྲོག་པ་རྨིས། །རྒྱལ་པོ་ནམ་ཕྱེད་གཉིད་པའི་རྨི་ལམ་ན། །སྤྲིན་ནང་ཉི་མའི་འོད་བྱུང་ནས། དེ་ལས་རིན་ཆེན་སྒྲོམ་ཅིག་འབྱུང་། །རིན་ཆེན་སྨུག་པོའི་སྒྲོམ་ཆེན་ནས། །རིན་ཆེན་གསེར་གྱི་གླེགས་བམ་ལས།

(༣༡༧)བཻ་ཌཱུར་ཞུན་མའི་རྩེ་ཡིས་བྲིས། །དེ་ནི་སྐར་མདའ་བཞིན་དུ་བབ་པ་རྨིས། །རྒྱལ་པོ་ཐོ་རངས་གཉིད་པའི་རྨི་ལམ་ན། །གླེགས་བམ་མང་པོ་དེ་དག་ལ། །བྱང་ཆུབ་སེམས་དཔའི་རིག་འཛིན་ལྷ། །ཀུན་གྱིས་ཀློག་ཅིང་བསྐོར་བར་བྱེད། །དེ་ཡང་ནང་པར་གསངས་ཏེ་བསྡད། །སུ་ལ་ཡང་ནི་མ་བཟླས་སོ། །ཡང་ནུབ་གཅིག་གཉིད་པའི་རྨི་ལམ་ན། །འདི་སྐད་ཟེར་བའི་སྒྲ་དག་ནི། །ནམ་མཁའི་ཁམས་སུ་གྲགས་པ་བྱུང་། །ལས་དང་སྐལ་བ་རབ་ལྡན་པའི། །སྔོན་དུ་ལུང་བསྟན་རྒྱལ་པོ་ཛ། །བསོད་ནམས་ལྡན་པའི་སྐྱེས་བུ་ཁྱོད། །སྤྲུལ་པ་ལྟ་བུར་ལུང་བསྟན་ཅིང་། །ད་ལྟར་དུས་འདིར་མངོན་ཤེར་གྱིས། །ཐོབ་པའི་སྙིང་པོ་རྟོགས་པའི་ཕྱིར། །ངའི་ཆོ་འཕྲུལ་བྱིན་རླབས་ཀྱི། །བསྟན་པའི་སྙིང་པོ་དམ་པ་ཅེས། །སྐལ་ལྡན་ཁྱོད་ལ་བསྟན་པར་བྱ། །དེ་སྐད་སྒྲོག་པའི་རྨི་ལམ་བྱུང་། །རྒྱལ་པོ་ནམ་ཕྱེད་གཉིད་པའི་རྨི་ལམ་ན། །མ་ལ་ཡ་ཞེས་བྱ་བའི་རིགས། །དགོན་པ་ཆེན་པོའི་གནས་ཤིག་ན། ཡེ་ཤེས་སྙིང་པོ་དམ་པ་ཅན་རྣམས་ཀྱིས་གསང་བར་བྱ་བ་དམ་པ་ཅིག་ཡོད་ཀྱིས། དེ་ལ་ནན་ཏན་གྱིས་ལ་སེམས་ཀྱི་མེ་ལོང་ལྟོས། །མངོན་པར་གསལ་བར་རྟོགས་གྱུར་ན། །སངས་རྒྱས་པ་དང་སྐལ་བ་མཉམ། །དེ་ཡན་ཆོད་རྒྱལ་པོ་ཉིད་ལ་ལུང་བསྟན་པའོ། །དེ་ནས་ཕྱིས་བོད་ཀྱི་ཡུལ་དུ་དར་ཞིང་རྒྱས་པར་ལུང་བསྟན་པ་རྨིས་པ་ནི། བདེ་བ་ཅན་གྱི་ཞིང་ཁམས་སུ། བོད་ཀྱི་རྒྱལ་པོ་ཞེས་བྱ་བར། རིན་ཆེན་རིགས་ཏེ་བདེ་ཆེན་འགྲུབ། །དེ་ལྟ་བུ་ཡི་རྨི་ལམ་བྱུང་། །རྒྱལ་པོ་ཐོ་རངས་གཉིད་པའི་རྨི་ལམ་ན། །རྡོ་རྗེ་གསང་ཆེན་གསང་བ་ཡི། །དམ་པའི་མཛོད་གསུམ་གླེགས་བམ་དུ།

(༣༡༨)། རྫོགས་པར་བྲིས་པ་ཁྱོད་ལྟོས་ལ། །ལྷ་དང་ལྷ་མོའི་རིག་འཛིན་ལ། །རིམ་པར་བརྒྱུད་ལ་གྲགས་པར་གྱིས། །དེ་ལྟ་བུ་ཡི་རྨི་ལམ་བྱུང་། །ནང་པར་སད་ནས་དགྱེས་ནས་ཏེ། །འཁོར་ཐམས་ཅད་བསྡུས་ནས་རྨི་ལམ་བཤད་པ་ལས་ཁོང་ཉིད་རྟགས་དང་ལྡན་པ་ལ་ཤིན་ཏུ་དགྱེས་ཤིང་འཁོར་ཐམས་ཅད་ཀྱང་ངོ་མཚར་ཆེ་ཞིང་ཕྱག་མང་པོ་འཚལ་ལོ། །དེ་ནས་རྒྱལ་པོ་མ་ལ་ཡའི་རིར་བཞུད་དེ། རྩེ་མོར་ཕྱིན་ནས་བཟིམས་ནས་རྨི་ལམ་དང་ལྡན་པའི་ཆོ་འཕྲུལ་མཐོང་ནས་དགྱེས་ཏེ། སྐོར་བ་དང་མཆོད་པ་མང་པོ་བྱས་ནས་འདི་སྐད་ཅེས་གསུངས་སོ། །སྔོན་ཚེ་གོང་ནས་བསྒྲུབས་པའི་ས། །ལས་ཀྱིས་མཇལ་བའི་ས་ཕྱོགས་འདིར། །ནམ་ཞིག་གཏན་དུ་མི་འོང་ངོ་། ཨེ་མ་ངོ་མཚར་རྨད་ཀྱི་སྐུ། །འདྲེན་པ་མཆོག་གི་དཔལ་ཡང་གྲགས། །མོས་པའི་གཟུངས་སུ་ལྷ་མཆོག་འཛིན། །ཞེས་གསུངས་སོ། །རྒྱལ་པོས་བསམ་པ་བཏང་ནས། མ་ལ་ཡའི་རི་འདི་ནི། གྲུབ་རྟགས་འདི་དང་ལྡན་པས་ན། གསང་བདག་གི་ཕོ་བྲང་དངོས་ཡིན་བསམ་པའི་ངེས་ཤེས་སྐྱེས་ཏེ། རིག་འཛིན་གྲུབ་པའི་གནས་ཡིན་པའི་ཕྱིར་ན། གཅན་ཟན་གདུག་པ་ཅན་གྱི་ཚོགས་ཀྱིས་མི་འཚེ་ཞིང་བཀྲ་ཤིས་པ་ཡིན་པས་གནས་ཁྱད་པར་ཅན་དུ་གཏོགས། ཕྱག་ན་རྡོ་རྗེའི་གཟུངས་ལ་བརྟེན་ཏེ། ཟླ་བ་གསུམ་བསྒྲུབས་པ་ལས་པོ་ཏི་མང་པོ་མངོན་སུམ་དུ་བབ། དགྱེས་ཏེ་བལྟས་པ་ལས་སྒྲ་དང་དོན་མ་གོ་ནས་མ་དགྱེས་ནས་རྒྱལ་པོ་ངུས་པ་ལས། ཅུང་ཙམ་བསམས་ནས་དེས་མི་ཕན་previous hit དགོངས་ནས། ཨ་ཙ་ར་མཁས་ next hit་ཅིག་སྤྱན་འདྲེན་དུ་བཏང་བས། ཨོ་རྒྱན་དང་ཟ་ཧོར་ལ་སོགས་པ་ཡུལ་ཀུན་

(༣༡༩)དུ་བཏང་བ་ལས། ཨ་ཙ་ར་ཀུན་མཐུན་previous hit ་འདི་སྐད་གསུངས་སོ། །ཤེས་ན་ཏ་ཤིན་ཏུ་ལེགས་ཏེ། མ་ཤེས་ན་ཤིན་ཏུ་ངོ་ཚ་བར་དགོངས next hit་ནས། པཎྜི་ཏ་རྣམས་འོང་མ་ཉན་ནོ། རྒྱལ་པོས་ཡང་གསེར་ཡིག་བཏང་པས། འདིར་ཁྱེར་ལ་ཤོག་བསྒོ་བས། ཨ་ཙ་ར་རྣམས་གླང་པོ་ཆེ་ལ་བཀལ་ནས་ཀུན་སྤྱན་དྲངས་པ་ལས། བསྟན་བཅོས་དང་ཀྲི་ཡོག་མཁན་པོ་ཀུན་གྱིས་གཟིགས་པས་མ་མཁྱེན་ནས་རྒྱལ་པོའི་ཕྱག་ཏུ་ཕུལ་ལོ། །ཡང་རྒྱལ་པོ་ཐུགས་མུག་སྟེ་བཤུམས་སོ། །ཡང་ཅུང་ཞིག་ལོན་ནས་བསམས་པས། ང་ནི་སྒྲིབ་པ་མ་བྱང་ཞིང་ཚོགས་མ་རྫོགས་པས་ལན་སྙམ་previous hit དགོངས next hit་ཏེ། དེར་རྡོ་རྗེ་སེམས་དཔའ་ཟླ་བ་གསུམ་དུ་བསྒྲུབས་པས་དངོས་གྲུབ་ཕྲ་མོ་ཐོབ་སྟེ་གླེགས་བམ་བལྟས་པ་ལས། སྒྱུ་འཕྲུལ་བརྒྱ་བཅུ་པའི་ནང་ནས། རྡོ་རྗེ་སེམས་དཔའ་བསྒྲུབ་པའི་ལས་ཤེས་ཏེ། དེར་རྡོ་རྗེ་སེམས་དཔའ་ཟླ་བ་དགུ་བསྒྲུབས་པས། རྡོ་རྗེ་སེམས་དཔའི་ཞལ་དངོས་སུ་མཐོང་ནས། རྡོ་རྗེ་སེམས་དཔའི་ཞལ་ནས། ཁྱོད་དངོས་གྲུབ་ཅི་འདོད་གསུང་བ་ལས། རྒྱལ་པོས་བདག་ནི་གླེགས་བམ་འདི་རྣམས་ཀྱི་སྒྲ་དང་དོན་རྟོགས་པར་འཚལ་ལོ། །ཞེས་ཞུས་སོ། །དེར་རྡོ་རྗེ་སེམས་དཔས་ཆགས་ཤིང་དང་འཁོར་ལོ་ལག་ཏུ་གཏད་དེ་སྣང་བ་བྱིན་ནོ། །རྡོ་རྗེ་སེམས་དཔའ་ཉིད་ནམ་མཁར་ཐིམ་མོ། །དེ་ནས་རྒྱལ་པོས་སྤྲུལ་པའི་གླེགས་བམ་རྣམས་གཟིགས་ནས་ཡི་གེ་འབྲུ་གཅིག་ཀྱང་མ་ལུས་པར་མཁྱེན་ནོ། །དེ་ནུབ་ཤིན་ཏུ་དགྱེས་སོ། །དེ་ནས་རྒྱལ་པོས་རྡོ་རྗེ་སེམས་དཔར་བསྒོམས་ཏེ། རྡོ་རྗེ་གསོར་ཞིང་འདི་སྐད་ཅེས་བསྒྲགས་སོ། །ཧཱུྃ་ཧཱུྃ་ཧཱུྃ་རྡོ་རྗེ་འདུ་བར་འོས་པ་རྣམས། །རིགས་མང་བཞིན་པར་རིགས་མིན་འགྱུར། །སྐལ་པ་ཅན་རྣམས་རིམ་

(༣༢༠)པར་གནས། །ཐམས་ཅད་རྡོ་རྗེ་གསང་བར་རོལ། །ཨ་ཤ་ཀྲོ་ཏ་ཙ་ཏ་ཛ་ལ་རམ། །རཀ་ཤ་ཀྲོ་ཏ་ཛ་ལ་རམ། །ཞེས་བརྗོད་པས་འཇིག་རྟེན་བརྒྱ་ཁམས་ཀྱི་དྲེགས་པ་ཅན་རྣམ་འཁོར་དུ་འདུས་ཏེ། སྒྲིབ་པ་སྦྱངས་ཤིང་གསང་སྔགས་ཀྱི་སྣོད་རུ་རུང་བར་བྱས་སོ། །དེ་ནས་རང་རང་གི་ལག་ཆ་ལག་ཏུ་གཏད་ནས་གསང་མཚན་བཏགས། རྣལ་འབྱོར་པའི་གྲོགས་བྱ་བར་དམ་ལ་བཏགས་སོ། །བཀའ་ཕྲིན་ལས་འབྱུང་གསང་སྔགས་རྙིང་མའི་མཧཱ་ཡོ་ག་དང་། ཨ་ནུ་ཡོ་ག་གཉིས་མི་ཡུལ་དུ་བྱོན་པའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་ནི། སྟོན་པ་ཕུན་སུམ་ཚོགས་པ་ཕྱག་ན་རྡོ་རྗེ། གནས་ཕུན་སུམ་ཚོགས་པ་རི་མ་ལ་ཡའི་རྩེ་མོར། འཁོར་ཕུན་སུམ་ཚོགས་པ་རྒྱལ་པོ་ཛ་ལ་སོགས་པ་རྡོ་རྗེ་ཐེག་པའི་སྣོད་དང་ལྡན་པ་རྣམས་སོ། །དུས་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པའི་བསྟན་པ་དར་བའི་སྟེང་དུ། ལྔ་བརྒྱ་ཕྲག་བརྒྱད་པ་ཟེར་ཡང་ཐུབ་པ་ཆེན་པོ་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ཀྱི་དུས་སུ་བྱོན་པ་ཡིན། བསྟན་པ་ཕུན་སུམ་ཚོགས་པ་མཧཱ་ཡོ་ག་དང་ཨ་ནུ་ཡོ་ག་གཉིས་ལ་གཏོགས་ཚད་ཀྱི་རྒྱུད་སྡེ་རྣམས་བྱོན་པ་སྟེ། བསྟན་པ་ཕུན་སུམ་ཚོགས་པ་དང་། དེ་ལ་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པ་ཡིས་མཧཱ་ཡོ་གའི་རྒྱུད་སྡེ་རྣམས་ཀྱི་རྩ་བ་འཇམ་དཔལ་མཚན་བརྗོད་ཡིན། འཇམ་དཔལ་མཚན་བརྗོད་ལས་འཕྲོས་པ་སྒྱུ་འཕྲུལ་སྡེ་བརྒྱད་སྟེ། ཐུགས་རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲ་བ་དང་། སྐུ་རྣམ་པར་སྣང་མཛད་ཀྱི་སྒྱུ་འཕྲུལ་དྲ་བ་དང་། གསུང་ཟབ་གསང་ཐིག་ལེའི་སྒྱུ་འཕྲུལ་དྲ་བ་དང་། ཡོན་ཏན་ཕྲིན་ལས་ཀྱི་སྒྱུ་འཕྲུལ་དྲ་བ་སྟེ། ཡུམ་ལྔའི་སྒྱུ་འཕྲུལ་དྲ་བ་དང་། དེ་རྣམས་ལས་འཕྲོས་པ་ཏནྟྲ་བཅོ་བརྒྱད་ཀྱི་འབྲེལ་ཚུལ་ཏེ། འཇམ་དཔལ་སྐུའི་

(༣༢༡)ལྷ་ཚོགས་དང་། །ཡང་དག་ཐུགས་ཀྱི་ལྷ་ཚོགས་དང་། པདྨ་གསུང་གི་རྒྱུད་སྡེ་དང་། །ཆེ་མཆོག་ཡོན་ཏན་གྱི་རྒྱུད་སྡེ་དང་། ཕུར་པ་ཕྲིན་ལས་ཀྱི་རྒྱུད་རྣམས་དང་། །བདུད་རྩི་སྨན་གྱི་རྒྱུད་རྣམས་དང་། །མ་མོ་སྦོད་གཏོང་གི་རྒྱུད་རྣམས་དང་། །སྨོད་པ་དྲག་སྔགས་ཀྱི་རྒྱུད་སྡེ་རྣམས་ཏེ། །སྒྲུབ་པ་བཀའ་བརྒྱད་དུ་ཐམས་ཅད་འདུས་པ་ཡིན། །ཨ་ནུ་ཡོ་གའི་བསྟན་པ་ཕུན་སུམ་ཚོགས་པ་འདིར་མ་སྤྲོས་སོ། །དེ་ལ་གསང་སྔགས་རྙིང་མའི་བསྟན་པ་ཕུན་སུམ་ཚོགས་པ་ནི། རྒྱུད་ཐམས་ཅད་ཀྱི་ཕྲོས་པ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་དང་། དེའི་ཕྱི་མ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པར་རྟོག་པའི་དྲ་བ་བསལ་བ་དང་། དེའི་ཕྱི་མའི་ཕྱི་མ་བམ་པོ་ཕྱེད་པ་དང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་སྒྱུ་འཕྲུལ་བརྒྱ་བཅུ་པ་དང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་རྡོ་རྗེ་སེམས་དཔའི་མཚན་ཡང་དག་པར་བརྗོད་པ་དང་། གསང་བའི་སྙིང་པོ་སུམ་བཅུ་པ་དང་། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་གསལ་བར་བྱེད་པ་ཐེག་པ་ཆེན་པོའི་རྒྱུད་དང་། འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་དང་། རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བའི་རྒྱུད་ཆེན་པོ་དང་། ཁྲོ་བོ་སྟོབས་ཀྱི་རྣལ་འབྱོར་སྒྲུབ་པའི་རྒྱུད་དང་། ཧེ་རུ་ཀ་གལ་པོ་དང་། སྙིང་ཐིག་བཀོལ་བ་འུག་པའི་གདོང་པ་ཅན་གྱི་རྒྱུད་དང་། གླང་པོ་རབ་འགོག་གི་རྒྱུད་དང་། །སྒྱུ་འཕྲུལ་གྱི་རྒྱུད་བསྟན་པའོ། །དེ་ལ་འཇམ་དཔལ་སྐུའི་ལྷ་ཚོགས་ཀྱི་བསྟན་པ་ནི་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་བདེ་བའི་མཆོག་དང་། སངས་རྒྱས་མཉམ་པར་སྦྱོར་བའི་ཕྱི་མའི་ཕྱི་ལ་རྟོགས་པ་བསྡུས་པ་དང་། ཟླ་གསང་ཐིག་ལེའི་རྒྱུད་ སྒྱུ་འཕྲུལ་ལེའུ་ལག །སྒྱུ་འཕྲུལ་དྲ་བ་བླ་མ་ཆེན་པོ་དང་། སྒྱུ་འཕྲུལ་རྒྱས་པ་དང་། ལྷ་མོ་སྒྱུ་འཕྲུལ་དྲ་བ་ཆེན་མོ་ཞེས་བྱ་བ་དང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ།

(༣༢༢)ཆེན་པོ་དང་། དཔལ་སྙིང་རྗེ་རོལ་བའི་རྒྱུད་ཆེན་པོ་དང་། རྟ་མཆོག་རོལ་བའི་རྒྱུད་ཆེན་པོ་དང་། ཕྱག་རྒྱ་གསང་ཆེན་གྱི་རྒྱུད་དོ། །དམ་ཚིག་གི་བསྟན་པ་ཕུན་པ་ཕུན་སུམ་ཚོགས་པ་ནི། དམ་ཚིག་གི་ཆེན་པོའི་རྒྱལ་པོ་དམ་ཚིག་བཀོད་པའི་རྒྱུད་དང་། དམ་ཚིག་ཤེལ་ཕྲེང་བཀོད་པའི་རྒྱུད་ཕྱི་མ་དང་། དམ་ཚིག་ལུ་གུ་རྒྱུད་བཀོད་པའི་ཕྱི་མའི་ཕྱི་མ་དང་། དམ་ཚིག་རྡོ་རྗེ་ཀླག་པ་བཀོད་པའི་ཞབས་བསྡུ་བའི་རྒྱུད་དོ། །སྤྱོད་པ་ཐམས་ཅད་ཀྱི་རྒྱལ་པོ་མཚོན་པ་དོན་ལྡན་གྱི་རྒྱུད་དང་། ཕྲིན་ལས་ཀྱི་རྒྱལ་པོ་སྐབས་སྦྱོར་བདུན་པའི་རྒྱུད་དང་། ཁྲོ་བོ་སྤུན་དྷ་ར་ཡི་ཏན་ཏྲ་རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཀྱི་རྒྱུད་དོ། །ཁྲོ་བོ་རྣམས་ཀྱི་རྒྱུད་ཀྱི་སྡེ་ཚན་ནོ། །པདྨ་གསུང་གི་ལྷ་ཚོགས་ཀྱི་བསྟན་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་previous hit དགོངས next hit་བླ་ན་མེད་པའི་གསང་བ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་འདུས་པ་ཁྲོ་བོ་ཆེན་པོ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་དང་། དབང་ཆེན་མཁའ་འགྲོ་མ་ཐམས་ཅད་འདུས་པའི་རྒྱུད་རྡོ་རྗེ་དྲ་བ་པདྨ་ཅན་དང་། རྟ་མཆོག་པདྨོ་དབྱེ་བའི་རྒྱུད་ཆེན་པོ་དང་། རྟ་མགྲིན་དཔའ་བོ་གཅིག་པ་དང་། དེའི་རྒྱུད་ཕྱི་མ་སྟོང་གསུམ་ཟ་བྱེད་དང་། ཁྲོ་བོ་ཆེན་པོ་རྟ་མགྲིན་གྱི་རྒྱུད་ཐམས་ཅད་ཀྱི་བླ་མར་གྱུར་བ་ཆེ་བ་འདུས་པ་དང་། དབང་གི་རྒྱལ་པོ་ཁྲོ་བོ་ཆེན་པོ་རྟ་མགྲིན་གྱི་རྒྱུད་རྟ་དབུ་ལྔ་པ་དང་། ཕྲིན་ལས་ཀྱི་རྒྱུད་རྟ་མཆོག་ཁྲག་འཐུང་རོལ་བ་དང་། པདྨ་དབང་གི་ཕྲིན་ལས་ཀྱི་རྒྱུད་ལ་ནཱ་ག་ཧེ་ལ་དེ་བའི་རྒྱུད་དང་། གཟའ་གདོང་ལག་སྦྲེལ་གྱི་རྒྱུད་དང་། ལྕེ་སྤྱང་ནག་མོ་གསང་བའི་རྒྱུད་དང་།

(༣༢༣)ཀླུའི་དམ་ཚིག་གི་རྒྱུད་དང་། པདྨ་དབང་དང་པདྨ་དབང་ཡོངས་སུ་རྫོགས་པའི་རྒྱུད་དང་། དབང་ཆེན་པདྨ་འཁྱིལ་བའི་རྒྱུད་དངོས་གྲུབ་ཆེན་པོ་བདུད་རྩི་ཐིགས་པའོ། ཕུར་པ་ཕྲིན་ལས་ཀྱི་བསྟན་པ་ཕུན་སུམ་ཚོགས་པ་ནི། ཕུར་པ་ཀཱི་ལ་ཡ་བཅུ་གཉིས་འབྱུང་བའི་མདོ་ཆེན་པོ་དང་། རྡོ་རྗེ་ཕུར་པ་རྩེ་མོའི་རྒྱུད་ཆེན་པོ་དང་། རྡོ་རྗེ་ཕུར་པ་ཀཱི་ལ་ཡ་བཅུ་གཉིས་ཀྱི་རྒྱུད་དང་། ཕུར་པ་ཆོས་ཐམས་ཅད་མྱ་ངན་འདས་པའི་རྒྱུད་ཆེན་པོ་དང་། རྡོ་རྗེ་ཕུར་པ་ཉི་མའི་འོད་ཟེར་གྱི་རྒྱུད་དང་། ཕུར་པ་ཁྲག་འཐུང་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ་དང་། དེའི་ཕྱི་མ་དྲག་པོ་བརྒྱུད་པའི་ཕྲེང་བ་དང་། རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་ཕུར་པ་ཞེས་བྱ་བ། དྲག་པོ་ལས་ཀྱི་རྟོག་པ་ཆེན་པོ་ཞེས་བྱ་བ་དང་། ཕུར་པ་རྡོ་རྗེ་ཕོད་པ་ཞེས་བྱ་བའི་རྒྱུད་དོ། །འཇམ་དཔལ་གཤིས་རྗེ་ནག་པོ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆགས་བྱེད་ཐམས་ཅད་འདུས་པའི་རྩ་བའི་རྒྱུད་ཆེན་པོ་དང་། དེའི་རྒྱུད་ཕྱི་མ་དང་། གཤིས་རྗེ་ནག་པོའི་འཁོར་ལོ་ལས་ཐམས་ཅད་བསྒྲུབ་པར་བྱེད་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དང་། འཇམ་དཔལ་གྱི་རྟོག་པ་ལས་དམ་རྫས་སྨན་དུ་བསྒྱུར་ཏེ་སྟོན་པ་ཆོ་གའི་རྒྱུད་དང་། གཤིན་རྗེ་གཤེད་འཁྲུལ་འཁོར་མེ་ལོང་རྒྱལ་མཚན་ཕྲིན་ལས་གྲུབ་པའི་རྒྱུད་དང་། འཇམ་དཔལ་གཤིན་རྗེ་གཤེད་འཁོར་ལོ་རྟོགས་པའི་རྒྱུད་དང་། འཇམ་དཔལ་གཤིན་རྗེ་བཤེད་ནག་པོ་བཀའི་འཁོར་ལོ་རིན་པོ་ཆེའི་དོན་བཀོད་པའི་རྒྱུད་ཆེན་པོ་དང་། གནོད་སྦྱིན་གསང་བ་རོ་ལངས་གསང་བ་གཤིན་རྗེ་དམར་པོའི་རྒྱུད་དང་། གཤིན་རྗེ་ཟློག་བྱེད་འཆར་ཁ་ནག་པོ་རྩ་བའི་རྒྱུད། དེའི་ཕྱི་མ་གཤིན་རྗེ་

(༣༢༤)ཆུ་ཏྲི་སྔོན་མོའི་རྒྱུད་དང་། གཤིན་རྗེ་གཤེད་ཟླ་གསང་ཐིག་ལེ་བཞི་པ་དང་། ཟླ་གསང་ནག་པོའི་རྒྱུད་བསད་གསོ་གཉིས་ཀྱི་ཕྲིན་ལས་སུ་བྱུང་བའི་རྒྱུད་ཆེན་པོ། འཕགས་པ་འཇམ་དཔལ་གསང་བའི་རྒྱུད་ཆེན་པོ་དང་། དེའི་ཕྱི་མ་དང་། ཕྱི་མའི་ཕྱི་མ་དང་། འཇམ་དཔལ་གཤིན་རྗེ་བཤེད་ཉི་མ་བཞི་པ་གསང་བའི་འཁོར་ལོ་ནག་པོའི་རྒྱུད་དང་། འཇམ་དཔལ་གཤིན་རྗེ་གཤེད་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ཆེན་པོ་དང་། དེའི་ཕྱི་མ་དང་། འཇམ་དཔལ་ཚེ་བདག་ནག་པོའི་དྲག་སྔགས་མངོན་དུ་ཕྱུང་བའི་རྒྱུད་དང་། གཤིན་རྗེ་གཤེད་ནག་པོ་བླ་མཚོའི་རྒྱུད་དང་། གཤིན་རྗེ་གཤེད་བླ་སྔགས་དམར་པོའི་རྒྱུད་དང་། འཕགས་པ་འཇམ་དཔལ་ཁྲོ་བོ་རིན་པོ་ཆེ་གསང་བའི་རྒྱུད་དང་། གཤིན་རྗེ་སྒྲ་ནག་པོའི་འཁོར་ལོ་ལས་ཐམས་ཅད་འགྲུབ་པར་བྱེད་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཏེ། གཤིན་རྗེ་གཤེད་ཀྱི་བསྟན་པ་ཕུན་སུམ་ཚོགས་པ་འདི་རྣམས་ལ་ལྷ་མོ་ནག་མོ་སྟོབས་ཀྱི་སྲོག་རྒྱུད་དང་། མ་མོ་ལྕགས་ཁང་ནག་མོའི་སྲོག་རྒྱུད་དང་། ལྕགས་ཁང་ཏག་མོའི་སྲོག་རྒྱུད་དང་། མ་མོ་ཙིཏྟ་གསང་བའི་རྒྱུད་དང་། སྡིག་པ་སྙིང་འབྱིན་གྱི་རྒྱུད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་previous hit དགོངས next hit་ཁྲོ་བོ་འདུས་པ་སྤྱི་དྲིལ་གྱི་རྒྱུད་དང་། སྡིག་པ་སྟོབས་ཆེན་གསང་བའི་རྒྱུད་དང་། ནག་པོ་འཆི་བདག་སྲོག་གི་འཁོར་ལོ་དེ་བ་ས་ཏའི་རྒྱུད་དང་། གཤིན་རྗེ་ཟློག་བྱེད་འཆར་ཁ་ནག་པོ་ཞེས་བྱ་བའི་རྒྱུད་དང་། འཇམ་དཔལ་མེ་རུ་ཙེ་བཞིའི་རྩ་བའི་རྒྱུད་ཆེན་པོ་དང་། གཤིན་རྗེ་མེ་རུ་ཙེའི་སྔགས་རྒྱུད་བསྟན་པ་དང་། སྔགས་རྒྱུད་ཀྱི་ཕྱི་མའི་ཕྱི་མ་དང་། གཤིན་རྗེ་གཤེད་ ཕུམ་གསུམ་ཚོགས་པ་རེགས་མི་ཅིག་པ་ལྔ་ལྔ་དང་། རྒྱུད་ཀྱི་འགྲེལ་པ་དང་། བསྟན་ཆོས་གདམ་ངག་དང་བཅས་པ་རིགས་མི་ཅིག་པ་ལྔ་ལྔ་སྟེ། གྲངས་མེད་པར་བྱའོ། དཔལ་ལྷ་མོ་ཆེན་མོ་ལས་མཁན་གྱི་ཚོགས་རྣམས་དང་གཤིན་རྗེ་བཀའ་ཉན་ཕྲིན་ལས་ཀྱི་རྒྱུད་རྣམས་ལ།

(༣༢༥)དམར་པོ་ཤེན་པ་སྲོག་གི་འཁོར་ལོའི་རྒྱུད་དང་། གནོད་སྦྱིན་དམར་པོ་མ་ར་ཡ་ཁྲག་སྐྱུག་གི་རྒྱུད་དང་། གཤིན་རྗེ་ཁྲོ་བོ་ར་ཙའི་རྒྱུད་དེ། གཤིན་རྗེ་ལས་མཁན་གྱི་རྒྱུད་འདི་རྣམས་ཀྱང་རིགས་མི་གཅིག་པའི་ཕུན་སུམ་ཚོགས་པ་ལྔ་ལྔར་ཤེས་པར་བྱའོ། །བདུད་རྩི་སྨན་གྱི་བསྟན་པ་ཕུན་སུམ་ཚོགས་པ་ནི། འཕགས་པ་ཐབས་ཀྱི་ཞགས་པ་པད་མ་ཕྲེང་གི་དོན་བསྡུས་པའི་རྒྱུད་དང་། འཕགས་པ་ཐབས་ཀྱི་ཞགས་པ་པདྨ་ཕྲེང་དང་། རྒྱུད་ཀྱི་རྒྱལ་པོ་ལས་ཀྱི་ཕྲེང་བ་དང་། ཀརྨ་མཱ་ལེ་དང་། ཐམས་ཅད་བདུད་རྩི་ལྔའི་རང་བཞིན་དངོས་གྲུབ་ཆེན་པོ་ཉེ་བའི་སྙིང་པོ་མཆོག་བམ་་པོ་བརྒྱད་པ་དང་། བདུད་རྩི་དུམ་བུ་གསུམ་པ་དང་། །རྡོ་རྗེ་བདུད་རྩིའི་རྒྱུད་དང་། །བདུད་རྩི་རྣམ་ལྔའི་འོད་ཀྱི་རྒྱུད་ཀྱི་རྒྱལ་པོ་དང་། བདུད་རྩིའི་བརྒྱུད་ཀྱི་བར་ཆད་བསྲུང་བར་བྱེད་པ་ལས་རྡོ་རྗེ་བདུད་རྩི་ཐིག་ལེའི་རྒྱུད་དང་། ཕུར་པ་དྲག་པོ་རྩེགས་པའི་རྒྱུད་དང་། ཕུར་པ་ཉི་མའི་འོད་ཟེར་གྱི་རྒྱུད་དང་། རྡོ་རྗེ་ཅོད་པའི་རྒྱུད་དང་། རྡོ་རྗེ་རྣོན་པོའི་རྒྱུད་དང་། གཏོར་མའི་རྒྱུད་ཆེན་པོ་དང་། ཚོགས་ཀྱི་རྒྱུད་ཆེན་པོ་དང་། ལྷག་མའི་རྒྱུད་དཔལ་འབར་ཁྲོ་མོ་དང་། ཀློག་གི་མདོ་ཆུང་དང་། ཧེ་རུ་ཀ་གནམ་ཞལ་དང་། ལྷ་མོ་གནས་སྐར་མའི་རྒྱུད་དེ། བདུད་རྩི་སྨན་གྱི་ཕུན་སུམ་ཚོགས་པ་འདི་རྣམས་ལ་ཡང་། ཕུན་སུམ་ཚོགས་པ་རིགས་མི་གཅིག་པ་ལྔ་ལྔར་ཤེས་པར་བྱའོ། །ཨ་ནུ་ཡོ་གར་གཏོགས་པའི་ཡེ་ཤེས་ཀྱི་མ་མོ་དང་། ཡེ་ཤེས་འཇིག་རྟེན་པའི་བསྟན་པ་ཕུན་སུམ་ཚོགས་པ་ལ་དེ་བཞིན་གཤེགས་པ་དཔལ་རིན་པོ་ཆེ་ལས་བྱུང་བ་ཁམས་གསུམ་གྱི་བདག་མོར་སྣང་བའི་རྒྱུད། མ་མོ་

(༣༢༦)དངོས་གྲུབ་ཀྱི་གཏན་ཚིགས་ཀྱི་རྒྱུད་དང་། དེའི་ཕྱི་མ་དང་། ཕྱི་མའི་ཕྱི་མ་དང་། རྒྱུད་ཀྱི་རྩེ་མོ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་མ་མོར་གཏན་ལ་ཕབ་པའི་སྲིད་པའི་རྒྱུད་ལུང་ཆེན་མ་དང་། དེའི་ཕྱི་མ་དང་། ཕྱི་མའི་ཕྱི་མ་དང་། སྲིད་པ་རྒྱུད་ལུང་གི་རྒྱུད་ལེའུ་བརྒྱ་བཅུ་པ་དང་། འཕགས་པ་རྡོ་རྗེ་མཁའ་འགྲོ་མ་ནག་མོ་ཆེན་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་དང་། དེའི་ཕྱི་མ་དང་། དཔལ་ལྷ་མོ་ནག་མོ་དྲག་པོ་ལྷའི་རྒྱུད་གསང་བ་ཞེས་བྱ་བ་དང་། དཔལ་རལ་པ་གཅིག་མའི་རྒྱུད་དང་། དེའི་ཕྱི་མ་དང་། དཔལ་ལྷ་མོ་རྩ་བའི་རྒྱུད་དང་། དེའི་བཤད་རྒྱུད་མེ་ལྕེ་འབར་མ་དང་། ཐོད་པ་ནག་པོ་བསྟོད་པའི་རྒྱུད་དང་། དབང་ཕྱུག་ནག་མོ་བསྟོད་པའི་རྒྱུད་དང་། དེའི་ཕྱི་མ་དང་ཕྱི་མའི་ཕྱི་མ་དང་། དབང་ཕྱུག་ནག་མོ་སྔགས་རྒྱུད་ལེའུ་བཅུ་གཉིས་པ་དང་། མ་མོ་སྲོག་ལེགས་ཀྱི་མ་མོའི་རྒྱུད་དང་། མ་མོ་སྲོག་ལས་ཀྱི་རྐྱལ་བུའི་རྒྱུད་དང་། ཨཱརྱ་རེ་མན་ཏིའི་རྒྱུད་དང་། བདུད་མོ་ལངྐ་ནག་མོའི་རྒྱུད་དང་། དེའི་ཕྱི་མ་ལེའུ་བཅུ་གསུམ་པ་དང་། མ་མོ་རེལ་པ་གཅིག་མ་ཟ་བྱེད་ཅང་རྒྱལ་ནག་མོའི་རྒྱུད་ཅེས་བྱ་བ་དང་། དཔལ་ལྷ་མོ་ལྟ་སྤྱོད་གཉིས་ཀྱི་རྒྱུད་དང་། གཅེར་བུ་བོང་ཞོན་གྱི་རྒྱུད་ལ་སོགས་ཏེ། དཔལ་ལྷ་མོའི་བསྟན་པ་ཕུན་སུམ་ཚོགས་པ་འདི་རྣམས་ལ་ཡང་ཕུན་སུམ་ཚོགས་པ་རིགས་མི་གཅིག་པ་ལྔ་ལྔར་ཤེས་པར་བྱའོ། །གསང་སྔགས་སྙིང་པོའི་མཧཱ་ཡོ་གའི་བཀའ་ཉན་མགོན་པོ་ནག་པོའི་བསྟན་པ་ཕུན་སུམ་ཚོགས་པ་ལ། དཔལ་མགོན་པོའི་དུར་ཁྲོད་ཆེན་པོའི་རྒྱུད་དང་། དྲི་གུག་བརྩེགས་

(༣༢༧)པའི་རྒྱུད་དང་། བེང་ཆེན་བརྩེགས་པའི་རྒྱུད་དང་། མགོན་པོ་ཐམས་ཅད་ཀྱི་སྤྱི་རྒྱུད་དང་། རིན་པོ་ཆེ་དཔུང་རྒྱན་གྱི་རྒྱུད་དང་། གཙུག་ཏོར་ལྗང་གུའི་རྒྱུད་དང་། ནག་པོ་ཆེན་པ་གྲོང་ཁྱེར་སུམ་བརྩེགས་འཇིག་པར་བྱེད་པ་མ་མོའི་ཚོགས་དང་བཅས་པའི་རྒྱུད་དང་། སྲས་མཆོག་ནག་པོའི་རྒྱུད་སྟེ། རྒྱུད་འདི་རྣམས་ལ་ཡང་ཕུན་སུམ་ཚོགས་པ་ལྔ་ལྔར་ཤེས་པར་བྱའོ། །མགོན་པོ་བེར་ནག་ཅན་སྐོར་གསུམ་འདི་རྒྱུད་འདི་རྣམས་ཀུན་ནས་སྟོན་ཏེ། བེར་ནག་ཅན་ནི་མགོན་པོ་ཀུན་གྱི་རྩ་བ་ཡིན། རྒྱས་པར་བྱེད་ན་སྒྲུབ་ཐབས་རྒྱས་པ་བསྡུས་པ། སྒྲུབ་ཐབས་སྟོང་ལྷག་ཙམ་སྟོན་པར་འདུག །དཔལ་མ་མགོན་ལྕམ་དྲལ་གྱི་ཚོགས་རྣམས་ཀྱིས་ཀྱང་། བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་ཆོས་འདི་རྣམས་ཉན་པ་དང་། བཤད་པ་དང་། སྒོམ་པ་དང་། ཀློག་པ་དང་། འབྲི་བ་དང་། འཆང་བ་ཐམས་ཅད་ཀྱིས་དོན་རྟོགས་ཤིང་། འགྲོ་དོན་རྒྱ་ཆེན་པོ་མཛད་པ་རྣམས་ཀྱི་སྟོངས་གྲོགས་དམ་པ་མཛོད་ཅིག །ལྷ་དང་བཅས་པའི་འཇིག་རྟེན་གྱི་ཡུལ་དུ་ཆོས་འདི་དར་ཞིང་རྒྱས་པའི་ཕྲིན་ལས་ཐམས་ཅད་བསྒྲུབས་ཤག །བསམས་བཞིན་དུ་སྲིད་པ་ཉེ་བར་བླངས་པའི་སྤྲུལ་པའི་སྐུ་མང་པོ་འཇིག་རྟེན་དུ་འབྱོན་ཞིང་། བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་སྒྲ་དོན་མ་ལུས་པར་རྟོགས་ཤིང་བརྒྱུད་པ་ནས་བརྒྱུད་པར་སྨིན་པ་དང་གྲོལ་བའི་ཕྲིན་ལས་རྒྱ་མཚོ་མཐའ་ཡས་ལྟ་བུ་འབྱུང་བར་གྱུར་ཅིག །དང་དམོད་པ་དྲག་སྔགས་ཀྱི་བསྟན་པ་ཕུན་སུམ་ཚོགས་པ་ལ། དྲེགས་པ་དགུའི་ལྷ་ཚོགས་རྣམས་ཀྱི་རྒྱུད་དགུ་ཡིས་

(༣༢༨)གཙོ་བོ་བྱས་པ། བོད་ལ་སྟོང་ལྷག་ཙམ་འགྱུར་བར་འདུག་སྟེ། འདིར་རྒྱས་པར་མ་བྲིས་པ་ལགས་སོ། །བཀའ་ཉན་ལས་མཁན་དྲེགས་བྱེད་རྫུ་འཕྲུལ་དང་ལྡན་པ་རྣམས་ཀྱིས་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། འཛིན་པའི་བརྒྱུད་པ་གདུལ་བྱ་སྣང་དང་ལྡན་པ་རྣམས་ཀྱི་ཕྱི་མའི་མུ་མཐར་ཐུག་གི་བར་དུ་བསྟན་པ་བསྲུང་ཞིང་བར་ཆོད་སོལ་ཅིག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །དེ་ལྟར་དུ་ཨ་ནུ་ཡོ་ག་མཧཱ་ཡོ་ག་གཉིས་ཀྱི་བསྟན་པ། རྡོ་རྗེ་སེམས་དཔའི་སྤྲུལ་པ་ལུང་བསྟན་རྡོ་རྗེའི་ཐུགས་སུ་ཆུད་ནས། རྒྱུད་དང་ལུང་རྣམས་ཀྱི་རྡོ་རྗེའི་མཛོད་སྒོ་ཕྱེ་ནས། བཀའ་དང་ལུང་རྣམས་དབང་པོ་རབ་འབྲིང་ཐ་མ་གསུམ་གྱི་སྣོད་དང་སྦྱར་ཏེ་བསྒྲགས་པའོ། །དེ་ལ་རྒྱུད་ལུང་རྣམ་པ་གསུམ་སྟེ། བདེ་བར་གཤེགས་པའི་previous hit དགོངས next hit་བརྒྱུད་པ་སྟེ། །ཆོས་ཀྱི་སྐུ་ནི་བྱིན་གྱིས་བརླབས་ཀྱིས་བསྟན། །ཞེས་བྱ་བའི་དོན་ཡང་དེ་ཡིན། རིག་འཛིན་རིག་པས་བརྒྱུད་པ་དང་། །ལྷ་དང་མི་སྙན་ཁུངས་རྣ་བ་ནས་རྣ་བར་བརྒྱུད་པའོ། །དེ་ལ་རྒྱ་གར་གྱི་ཡུལ་དུ་རིགས་ལྔའི་སྤྲུལ་པ་དང་ཐ་དད་མེད་པའི་མཁས་ལ་གྲུབ་པ་ཐོབ་པ་གནམ་གྱི་སྐར་མ་ཙམ་བྱོན་ནས་ཐམས་ཅད་སྨིན་ཅིང་གྲོལ་བར་མཛད་ནས། རྡོ་རྗེ་སེམས་དཔའི་ས་ལ་བཀོད་པའོ། །མཐོང་ཐོས་དྲན་པའི་འགྲོ་བ་རྣམས་རིག་འཛིན་གྱི་ས་ལ་འགོད་ནུས་པའི་རྒྱུད་དང་ལུང་ཨེ་མ་ཧོ་ཨེ་མ་ཧོ། །སྤུར་རྒྱལ་བོད་ཀྱི་ཡུལ་དུ་ཕྱག་ན་རྡོ་རྗེས་ཀྱང་འབྱུང་བར་ལུང་བསྟན་པ། བདེ་བ་ཅན་གྱི་ཞིང་ཁམས་སུ་བོད་ཀྱི་རྒྱལ་པོ་ཞེས་བྱ་བར། རིན་ཆེན་

(༣༢༩)རིགས་ཏེ་བདེ་ཆེན་འགྲུབ། །ཅེས་བྱ་བའི་ལུང་བསྟན་རྒྱལ་པོ་ཛའི་དུས་སུ་བྱུང་བ་སྟེ། ཡུལ་མ་ག་ཏའི་བྱང་ཕྱོགས་སྤྱན་རས་གཟིགས་ཀྱི་ཞིང་ཁམས། གངས་རིའི་ཁྲོད་འདིར་རིགས་གསུམ་མགོན་པོའི་སྤྲུལ་པ་རྒྱལ་པོ་གསུམ་པོ་དེའི་བར་དུ། རྒྱལ་པོ་ཆུང་བ་ཡང་མང་དུ་བྱོན་པ་སྟེ། དེ་ལ་མེས་སྲོང་བཙན་སྒམ་པོའི་དུས་སུ་སློབ་དཔོན་བོ་དྷི་སཏྭ་བྱོན་ནས། རྒྱུ་མཚན་ཉིད་ཀྱི་ཆོས་འདུལ་བས་ཐོག་དྲངས་ནས། བཀའ་དང་བསྟན་བཅོས་དཔག་ཏུ་མེད་པ་བསྒྱུར་ནས་དར་ཞིང་རྒྱས་པར་མཛད། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ། བཻ་རོ་ཙ་ན། གནུབས་སངས་རྒྱས་རིན་པོ་ཆེ་རྣམ་གཉིས་ཀྱིས་ཐོག་དྲངས་ནས་རྒྱ་གར་དུ་བཞུད་ཅིང་། རྒྱ་གར་གྱི་མཁས་ལ་གྲུབ་པ་ཐོབ་པའི་སྤྲུལ་པའི་སྐུ་རྣམས་ལ་གཏུགས་ནས། མཧཱ་ཡོ་ག་དང་། ཨ་ནུ་ཡོ་གའི་རྒྱུད་དང་ལུང་རྣམས་བོད་ཀྱི་ཡུལ་དུ་གདན་དྲངས་ནས་དར་ཞིང་རྒྱས་པར་མཛད་པ་སྟེ། དེའི་རྗེས་སུ་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲ་གདན་དྲངས་ནས། སྔགས་མཚན་ཉིད་ཀྱི་ཆོས་རྣམས་དར་ཞིང་རྒྱས་པར་མཛད་པའོ། །དེ་ལ་གསང་སྔགས་རྙིང་མའི་ཨ་ནུ་ཨ་ཏི་གཉིས་ལ་ཡང་སྔ་འགྱུར། བར་འགྱུར། ཕྱི་འགྱུར་གསུམ་བོད་ལ་འགྱུར་བ་མང་དུ་ཡོད་པ་ལས། ཁྲི་མངའ་བདག་ལྡེ་བཙན་གྱི་རིང་ལ་སློབ་དཔོན་པདྨ་སམ་བྷ་ཝ་བྱོན་ནས། གསང་སྔགས་རྒྱུད་སྡེ་བཞིའི་ལུང་དང་རྒྱུད་དང་མན་ངག་གསུམ་ལས། གནམ་གྱི་སྐར་མ་ཙམ་དཔལ་ཀུན་ཏུ་བཟང་པོ་དང་། རྡོ་རྗེ་འཆང་དང་། པདྨ་དབང་གི་ལྷ་ཚོགས་དང་། ཡུམ་ལྔ་ལ་སོགས་པ་ལོངས་སྤྱོད་

(༣༣༠)རྫོགས་པའི་དཀྱིལ་འཁོར་རྣམས་དང་ཐ་དད་མེད་པར་བཞུགས་ཤིང་། བརྒྱུད་པ་གཞན་ལ་མི་རེ་བར་རྒྱལ་བ་ཐམས་ཅད་དང་previous hit དགོངས next hit་བསྟུན་ཞིང་། རྫུ་འཕྲུལ་དང་སྟོབས་དང་ལྡན་པའི་འོག་མིན་གྱི་གནས་དང་། མཁའ་སྤྱོད་ལ་སོགས་ཏེ་ཨོ་རྒྱན་གྱི་གནས་སུ་སྐུ་འཁྲུངས་ཤིང་། རྡོ་རྗེ་ཕག་མོ་དང་མཁའ་འགྲོའི་ཚོགས་རྣམས་དང་བསྒྲོ་གླེང་མཛད་པ་ཡིས་གསང་སྔགས་སྙིང་པོ་གཙོ་ཆེར་བསྟན་ཏེ། གསང་སྔགས་གསར་མའི་མཧཱ་ཡོ་གའི་རྒྱུད་རྣམས་ཀྱང་གསར་རྙིང་གཉིས་སུ་མེད་པར་བོད་ཀྱི་ཡུལ་དུ་དར་ཞིང་རྒྱས་པར་མཛད་པའོ། །སློབ་དཔོན་པདྨ་ཡན་ཆོད་བོ་དྷི་སཏྭ་མན་ཆོད་དུ་སྤྲུལ་པའི་སྐུ་ལྟ་བུའི་པཎྜི་ཏ་མང་པོ་བྱོན་པར་འདུག་ལོ་ཙ་བ་ཡང་བཻ་རོ་ཙ་ན། ཀ་ཅོག་རྣམ་གཉིས། ལྷ་རྗེ་གནུབས་ལ་སོགས་པ་སྤྲུལ་པའི་སྐུ་ལྟ་བུའི་ལོ་ཙ་བ་གྲངས་མེད་པར་གྱུར་བ་སྣང་། ཡིག་མཁན་ཐུ་མི་ཆུང་བ་སམྦྷོ་ཊ་ཡིས་མགོ་བྱས་པའི་ཡིག་མཁན་སྤྲུལ་པའི་སྐུ་ལྟ་བུ་ཡང་མང་དུ་བྱོན་ཞིང་། རྒྱལ་པོ་ལྷ་སྲས་མེས་དབོན་རྣམ་གསུམ་གྱི་བསོད་ནམས་ལས། གསང་སྔགས་རྙིང་མའི་བཀའ་ཐེག་པ་རིམ་པ་དགུ་པོ་འདི། རྒྱལ་ཁྲིམས་དང་ཆོས་ཁྲིམས་གཉིས་གཅིག་ཏུ་སྡེབས་ནས་དབུ་ཞབས་སུ་ཚངས་པར་རྫོགས་པར་བསྒྱུར་ཞིང་། དེའི་སྒྲ་དོན་རྣམས་རྒྱལ་པོས་དབུ་མཛད། མཁས་ཤིང་གྲུབ་ལ་རྟོགས་ནས་གྲུབ་པ་ཐོབ་པའི་དགེ་བའི་བཤེས་གཉེན་གནམ་གྱི་སྐར་མ་ཙམ་བྱོན་ཞིང་བསྟན་པ་རྒྱ་མཚོ་འཛམ་བུའི་གླིང་དུ་དར་བར་མཛད་པའོ། །དེ་ལ་ལོངས་སྐུའི་བསྟན་པ་ཕྱི་རྒྱུད་གསུམ་འདི་

(༣༣༡)འོ་མ་ལྟ་བུ། ཆོས་སྐུ་བསྟན་པའི་རྙིང་མའི་མཧཱ་ཡོ་ག་འདི་རྣམས་མར་ལྟ་བུའོ། །དེའི་ཕྱིར་ན་བོད་ཀྱི་ཡུལ་དུ་བསྐྱེད་རྫགས་གཉིས་ལ་དབང་ཐོབ་པ་རིག་འཛིན་གྱི་ས་ནོན་པའི་སྔགས་པ་ཕྲིན་ལས་རྣམ་པ་བཞི་ལ་མངའ་བརྙེས་ཤིང་། རྣམ་པར་སྣང་བྱེད་ཀྱི་ཏིང་ངེ་འཛིན་རྩལ་རྫོགས་པའི་དུས་གསུམ་རྒྱུན་ཆད་མེད་པར་རྡོ་རྗེ་འཛིན་པ་གནམ་གྱི་སྐར་མ་ཙམ་བྱོན་ཏེ། དེ་ལ་མཧཱ་ཡོ་གའི་རྒྱུད་ཡིན་ན་ཡང་། འོག་མིན་གྱི་གནས་དང་ལྷའི་ཡུལ་ལ་སོགས་པ། མི་ཡུལ་དུ་མ་བྱོན་པ་ལ་ཡང་གྲངས་མེད་པ་བཞུགས་པར་བཤད། མི་ཡུལ་རྒྱ་གར་གྱི་ཡུལ་དུ་བྱོན་ནས་བོད་ལ་མ་འགྱུར་བའི་རྒྱུད་སྡེ་ཡང་ཤིན་ཏུ་མང་བ་ཡོད་གསུང་བ་གདའ། པདྨ་སམྦྷ་ཡིས། བོད་ཀྱི་ཡུལ་དུ་མཧཱ་ཡོ་གའི་རྒྱུད་དང་མན་ངག་རྒྱ་མཚོ་ཙམ་གཏེར་དུ་སྦས་ནས་ད་ལྟར་མངོན་དུ་མ་གྱུར་ཞིང་ས་འོག་ན་བཞུགས་པར་གསུངས་པ་སྟེ། པདྨ་སམ་བྷ་ཝ་འདི་གང་ཟག་རང་རྒྱུད་པར་ས་ཚོད་རྩིས་ན་ཚེ་དབང་གི་དངོས་གྲུབ་ཐོབ་པ་སྟེ། པདྨ་སམ་བྷ་ཝ་བའི་རྒྱུད་ཚོད་གང་གིས་འཛིན། དཔལ་ཀུན་ཏུ་བཟང་པོ་དང་སྣང་བ་མཐའ་ཡས་ཐ་དད་མེད་པ་བོད་ཀྱི་ཡུལ་དུ་བྱོན་པ་ནི་པདྨ་སམྦྷ་ཝ་ལགས། དེའི་ཕྱིར་ན་ཕྱག་ན་རྡོ་རྗེས་བོད་ཀྱི་ཡུལ་དུ་ལུང་བསྟན་པའི་གསུང་ལས་ཀྱང་། བདེ་བ་ཅན་གྱི་ཞིང་ཁམས་ན། བོད་ཀྱི་རྒྱལ་པོ་སྤྲུལ་པའི་སྐུ་གསུམ་པོ་ཡང་སློབ་དཔོན་པདྨ་སམྦྷ་ཝ་ལ་previous hit དགོངས next hit་ཡིན།

(༣༣༢)ཏེ་མཆི། རྒྱལ་པོ་དང་བློན་པོ་གཉིས་ཀ་སྔགས་ཕྱི་ནང་གི་ས་མཚམས་འབྱེད་པ་ནི་མ་ཧཱ་ཡོ་གའི་སྟོན་པ་ཆོས་ཀྱི་སྐུ་ཡིན་ལ། སྟོན་པའི་ས་མཚམས་འབྱེད་པ་དང་། བསྟན་པའི་ས་མཚམས་འབྱེད་པའོ། །དེ་ལ་དང་པོར་སྟོན་པའི་ས་མཚམས་འབྱེད་པ་ནི་ཆོས་ཀྱི་སྐུས་ལོངས་སྤྱོད་རྫོགས་པའི་སྐུ་རྣམས་ལ་བྱིན་གྱིས་བརླབས་ཀྱིས་བསྟན་པའོ། །ཀྲི་ཡོག་གསུམ་གྱི་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། སྤྲུལ་པའི་སྐུ་དང་སེམས་དཔའ་དང་སེམས་མ་རྣམས་ལ་བརྡ་ཡིས་མཚོན་པའོ། ཆོས་ཀྱི་སྐུའི་བསྟན་པ་མཧཱ་ཡོ་ག་སྟེ། ཕུང་པོ་ཁམས་དང་སྐྱེ་མཆེད་དྲུག་བཅུ་རྩ་བཞི་ལ་སོགས་པ་སྟེ། མ་ཡེངས་རང་སར་དག་ནས་ལྷ་དང་རྟོགས་པ་དབྱེར་མེད་དཀྱིལ་འཁོར་ཆེན་པོར་བཞེད་པ་སྟེ། ཀྲི་ཡོག་གསུམ་གྱི་ཕུང་པོ་ཁམས་དང་སྐྱེ་མཆེད་དྲུག་བཅུ་རྩ་བཞི་ལ་སོགས་པ་དེ་དག་པ་དང་། སྤྱོད་པ་དང་། ཡོ་ག་བས་བསྒྱུར་ཞིང་ཡུམ་ཡང་ཕྱག་མཚན་དུ་སྦས་ནས་དཀྱིལ་འཁོར་ཆེན་པོར་བསྒྱུར་བར་འདོད་པ་སྟེ། ས་མཚམས་དེ་ལྟར་དུ་བཞེད་པ་ཡིན། དེ་མ་མཧཱ་ཡོ་གའི་དབང་དུ་བྱས་ན། རྒྱ་གར་དང་བོད་ཀྱི་མཁས་ལ་གྲུབ་པའི་ལོ་པཎ་རྣམས་ཀྱིས་རྒྱུད་འགྲེལ་དང་བསྟན་བཅོས་བསྙེན་པ་དང་སྒྲུབ་པ། ལས་སྦྱོར་ལ་སོགས་གནམ་གྱི་སྐར་མ་ཙམ་གསུངས་ཀྱང་། ཐབས་དང་ཤེས་རབ་དགྱེས་སྤྲིན་ན། བྱང་ཆུབ་སེམས་ཚོགས་འཁོར་ལོ་བསྒྱུར། ཞེས་གསུངས་པའི་ཕྱིར་ན། ཐབས་ཤེས་རབ་སྒོ་ནས་འཇུག་པར་བྱའོ། །མཧཱ་ཡོ་གའི་དམ་ཚིག་ནི། །བླ་མེད་མིན་ཡང་བླ་མ་བཀུར། །ཞེས་གསུངས་པའི་ཕྱིར་ན། རྩ་བ་རྒྱུད་པའི་བླ་མ་རྣམས་དཔལ་ཀུན་ཏུ་བཟང་པོ་དང་དབྱེར་མེད་པར་སྐུར་

(༣༣༣)ཞིང་སྒོམ་པར་གསུངས་པ་ཡིན། མཧཱ་ཡོ་གར་ངེས་པའི་གཏན་ཚིགས་བསྟན་པ་ནི། ཐབས་དང་ཤེས་རབ་གཉིས་མེད་རྫོགས། །རིགས་དང་མཁས་པའི་རྗེས་འབྲངས་ནས། །བྱེ་བྲག་བསྡུས་པ་ཀུན་མཁྱེན་གསུང་། །ཞེས་རྒྱུད་ནས་གསུངས་པའི་དོན་ཡང་། སྤྱིར་བླ་མ་བརྒྱུད་པ། མཁས་པ་རིག་འཛིན་གྱི་ས་ནོན་པ། དེ་ལྟ་བུའི་རྗེས་སུ་འབྲངས་ནས། །བྱེ་བྲག་བསྡུས་པ་ཀུན་ཁྱབ་གསུང་ཟེར་བའི་དོན་ནི། བྱེ་བྲག་ནི་བསྐྱེད་པའི་རིམ་པ་བློ་ཆེ་ཆུང་གི་རིམ་པ་ལས་འབྱུང་བ་རིམ་བརྩེགས་རྒྱས་པར་བསྒོམ་པ་དང་། སྐད་ཅིག་དྲན་རྫོགས་ཀྱི་དཀྱིལ་འཁོར་རྒྱས་པར་བསྒོམ་པ་དང་། ཧེ་རུ་ཀ་ཕྱག་རྒྱ་གཅིག་པ་བློ་ཆུང་བ་རྣམས་ཀྱི་བརྟན་པ་བསྒོམ་པའོ། །ཀུན་ཁྱབ་གསུང་བྱ་བ་ནི། ཆོས་ཀྱི་དབྱིངས་རབ་འབྱམ་གྱིས་བསྡུས་པའི་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་གཞལ་ཡས་ཀྱི་ཁང་། འགྲོ་བ་ཐམས་ཅད་དཀྱིལ་འཁོར་གྱི་ལྷར་བསྒོམ་པ་ལ་སྒོམ་ཡིན། གསུམ་བྱ་བ་ནི་ཁམས་གསུམ་སེམས་ཅན་རྣམས་ཀྱི་ལུས་ངག་ཡིད་གསུམ་མམ། སེམས་དཔའ་གསུམ་ལྡན་དུ་བསྒོམ་པ་ལ་ཟེར་བ་ཡིན། མཧཱ་ཡོ་གའི་བསམ་པ་ནི། རིམ་གྱིས་འཇུག་གམ་གཅིག་ཅར་དུ། །བློའི་ཤེས་རབ་ཆེ་ཆུང་གིས། །ཡང་ན་རིམ་གྱིས་བསྒོམ་པར་བྱ། །ཡང་ན་གཅིག་ཅར་བསྒོམ་བྱ་སྟེ། །མཧཱ་ཡོ་གའི་དམིགས་པ་ནི། །བདག་ཉིད་ཆེན་པོར་དམིགས་པ་སྟེ། །ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །ཞེས་གསུངས་པའི་དོན་ནི། སྒྱུ་འཕྲུལ་གྱི་དཀྱིལ་འཁོར་ཞི་བ་བཞི་བཅུ་ཞེ་གཉིས། འབར་བ་ལྔ་བཅུ་ང་བརྒྱད། ཞི་ཁྲོ་གང་བསྒོམ་ན་ཡང་། བདག་ཉིད་བཛྲ་ཧེ་རུ་ཀ །ཡབ་

(༣༣༤)ཡུམ་དུ་རྫོགས་ཤིང་བསྟེན་པ་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ་སྟེ། དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་ཡིན་པའི་ཕྱིར་ན། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །གསུང་བའི་དོན་ཡང་དེ་ཡིན་ཡང་ལུང་ལས། །དཀྱིལ་འཁོར་དབུས་འགྱུར་མཐའ་མི་འགྱུར། །ཞེས་གསུང་པའི་ཕྱིར་ན། རིགས་ལྔ་ཡབ་ཡུམ་བཅུ་གང་དང་གང་གིས་གཙོ་བོ་བྱེད་previous hit ་ལ་དགོངས next hit་ཏེ། སྒྲུབ་པ་བཀའ་བརྒྱད་དང་། ཏནྟྲ་བཅོ་བརྒྱད་ཀྱི་ལྷ་ཚོགས་རྣམས་སོ་སོར་དཀྱིལ་འཁོར་གྱི་མཚན་བཏགས་པའོ། །མཧཱ་ཡོ་གའི་བཟླས་པ་བྱ་བ་ནི། །རྒྱུ་འཕྲུལ་དང་ནི་རྒྱས་པ་ལས། །རྣམ་གསུམ་ཚུལ་གྱིས་མ་འཁྲུལ་བར། །སྔགས་བཟླས་ཆོ་ག་བར་མ་ཆད། །འདྲིས་གོམས་བསྟན་པ་མཆོག་གིས་བྱ། །དེའི་དོན་ནི་དོན་དམ་པ་ཡིད་ཀྱིས་བཟླས་པ་དང་། སྤྲོ་བསྡུའི་བཟླས་པའོ། ཡེ་ཤེས་རྔམ་གློག་རྒྱུད་ལས་ཀྱང་། །སྐྱོན་བཅུ་སྤངས་ཏེ་བཟླས་པ་བྱ། །མཧཱ་ཡོ་གའི་སྦྱོར་བ་ནི། །དབྱིབས་དང་ཁ་དོག་མཚན་ལྡན་པར། །སྦྱོར་བའི་ཚོགས་རྣམས་རྫོགས་པར་བྱེད། །ཅེས་གསུང་པའི་དོན་ནི། སྦྱོར་བ་དང་སྒྲོལ་བ་ལ་སོགས་པ་རིམ་པ་རྣམས་གཞུང་བཞིན་དུ་ཤེས་པར་བྱའོ། །འགལ་ན་ཚོགས་ཀྱི་མཆོད་པ་སྟེ། །དམ་ཚིག་དང་ལྡན་པའི་སྔགས་པས་གནས་སུ་སྟོབས་པར་བྱའོ། །མཧཱ་ཡོ་གའི་སྤྱོད་པ་བརྟུལ་ཞུགས་ཆེན་པོ་སྟེ། སྒྱུ་འཕྲུལ་རྒྱས་པའི་རྒྱུད་ལས་ཀྱང་། །སེམས་ཅན་རྟོག་པ་བཟློག་ཕྱིར་དམན། །ཕྱི་ནང་སྤྱོད་པ་སྣ་ཚོགས་ཀྱིས། །དངོས་གྲུབ་ཐམས་ཅད་བརྟེན་པར་བྱ། །ཞེས་གསུང་པའི་དོན་ནི། ཉིན་མཚན་སྤྱོད་ལམ་ཐམས་ཅད་དུ་ཞི་བ་དང་ཁྲོ་བོའི་བསྐྱེད་རྫོགས་ཀྱིས་ཏིང་ངེ་འཛིན་དང་མ་བྲལ་བར་བརྟུལ་ཞུགས་ཀྱི་སྤྱོད་པ་བྱེད་པ་སྟེ། ཐ་མལ་པར་སྐད་ཅིག་

(༣༣༥)ཀྱང་གནས་པར་མི་བྱའོ། །བསྐུར་བ་དབང་གི་རིམ་པ་ནི། །དབུ་རྒྱན་ཅོད་པན་ཕྲེང་བ་སོགས། །དབང་བཞི་ཡོངས་སུ་རྫོགས་པར་བསྐུར། །ཞེས་གསུང་པའི་དོན་ཡང་། དབང་བསྐུར་གྱི་ཆོ་ག་ལས་ཤེས་པར་བྱའོ། །མཧཱ་ཡོ་གའི་གནས་པ་ནི། རིག་འཛིན་དག་ནི་རྣམ་བཞི་སྟེ། །དཔེར་ན་མངལ་དང་སྒོ་ང་བཞིན། །མངོན་དུ་འབྱུང་བར་མི་འགྱུར་ཀྱང་། །རྩལ་ཆེན་འབྱུང་བར་འགྱུར་པ་བཞིན། །རྣམ་རྟོག་གཟུགས་འདི་བོར་མ་ཐག །རིགས་མཆོག་དམ་པ་འཛིན་པར་འགྱུར། །ཞེས་གསུངས་པའི་དོན་ཡང་། མཧཱ་ཡོ་གའི་དཀྱིལ་འཁོར་བསྐྱེད་རྫོགས་གོམས་ཤིང་བརྟན་པའི་གང་ཟག་རྣམས། ད་ལྟར་ཚེ་འདི་ཉིད་ལ་སངས་རྒྱས་དང་རིག་འཛིན་དུ་མི་སྣང་ཡང་། ལུས་འདི་བོར་མ་ཐག་ཏུ་ཁྱུང་གི་སྒོ་ང་ཆག་མ་ཐོག་ལ་ཁྱུང་གི་ཕྲུ་གུ་ཉམས་རྩལ་མ་དང་མཉམ་པ་དང་། སེང་གེའི་ཕྲུ་གུ་བཙས་མ་ཐག་ཏུ་མཐུ་སྟོབས་མ་དང་མཉམ་པ་ལྟར། རྡོ་རྗེ་ཐེག་པའི་རྣལ་འབྱོར་པ་ཡང་སྐད་ཅིག་ལག་པ་རྐྱང་བསྐུམ་ལ་ལུས་བོར་མ་ཐག་ཏུ་རིག་འཛིན་གྱི་ས་ནོན་ནོ། །དཔེར་ན་མངལ་དང་སྒོ་བཞིན། །ཞེས་པའི་དོན་ཡང་དེ་ཡིན། མཧཱ་ཡོ་གའི་ཚེའི་དབང་སྒྲུབ་པ་ནི། །གསང་བ་སྙིང་པོའི་རྒྱུད་ལས་ཀྱང་། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །མི་དང་ལྷ་དང་ཚངས་པ་སོགས། །འགྲོ་བ་ཀུན་གྱི་ཚེ་དབང་འགྲུབ། །མཧཱ་ཡོ་གའི་ལུགས་ཀྱི་ཚེ་སྒྲུབ་པའི་ཐབས་སོ། །མཧཱ་ཡོ་གའི་ཕྱག་རྒྱ་ནི། །རང་ལུས་རྒྱལ་བའི་དཀྱིལ་འཁོར་ཆེ། །མཚན་དང་དཔེ་བཞི་མངོན་རྫོགས་དྲུག །ཕྱག་ཆེན་རིགས་སུ་གྲགས་པ་ཡིན།

(༣༣༦)ཞེས་གསུངས་པའི་དོན་ནི། མཚན་ཉིད་རྒྱུའི་ཐེག་པ་དང་། །ཡོ་ག་མན་ཆོད་ཀྱིས་ཕྲིན་ལས་པ་དང་ལུགས་སུ་བླུགས་པ་དང་། མཆོད་རྟེན་ལ་སོགས་པ་འདི་རྣམས་ལ་ལྷར་འདོད་པ་ཡིན་ཏེ། དེ་དང་མི་འདྲ་བར་མཧཱ་ཡོ་ག་བས་རང་གི་ལུས་ངག་ཡིད་གསུམ་ཕྱི་སྣོད་ནང་བཅུད་ཀྱིས་བསྡུས་པ་འདི་རྣམས། གདོད་མ་ནས་ལྷའི་དཀྱིལ་འཁོར་དུ་ལྷ་དང་རྟོགས་པ་དབྱེར་མེད་དུ་བྲང་སྤྲད་ནས། གོམས་ཤིང་བརྟེན་པའི་དུས་སུ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་རྫོགས་པ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་རང་སྣང་དང་གཞན་སྣང་གཉིས་ཀར་རྒྱལ་བ། མ་ཧཱ་ཡོ་གའི་ལྷུན་གྲུབ་ནི། །མི་འགྱུར་རྡོ་རྗེའི་རྒྱུད་ལས་ཀྱང་། །རང་རིག་ཡེ་ཤེས་རྒྱུད་དོན་ཕྱིར། །རང་གི་རིག་པས་མངོན་བྱས་པས། །རིག་འཛིན་མཆོག་གི་དངོས་གྲུབ་ཐོབ། །ཅེས་བྱའོ། །མ་ཧཱ་ཡོ་གའི་ས་ཆེན་ནི། །སྒྱུ་འཕྲུལ་ལེ་ལྷག་ལས། མ་ཆགས་པདྨ་ཅན་གྱིས་ས། །བླ་མེད་ལོངས་སྐུའི་ས་ཆེན་ཏེ། །ཐབས་དང་ཤེས་རབ་དབྱེར་མེད་རྫོགས། །འོག་མིན་བདེ་ཆེན་ཕོ་བྲང་ཡིན། །མཧཱ་ཡོ་གའི་ལྟ་བ་ཡིན། །སྒྱུ་འཕྲུལ་དག་ནི་རྒྱས་པ་ལས། །ཐབས་ཀྱི་ལྟ་སྤྱོད་ཆེན་པོ་ནི། །བླ་མེད་ཐེག་པ་ལས་འཕགས་པས། །དོན་དམ་དུ་ནི་སྐོར་བདུན་ནོ། །ཀུན་རྫོགས་དུ་ནི་མཉམ་རྫོགས་སོ། །ཡང་དག་སྐྱེས་མཆོག་དམ་པ་ཡིས། དོན་དམ་ཀུན་རྫོབ་དབྱེར་མེད་པར། །ཡང་དག་དོན་དུ་རབ་ཏུ་རྟོགས། །ཞེས་གསུངས་པའི་དོན་ནི་སྐུ་ལྔ་ཡེ་ཤེས་དབྱིངས་དང་ཡེ་ཤེས་གཉིས། དེ་ལྟར་བཞེད་པ་ཡང་ཡོད། ཀྲི་ཡོག་གསུམ་གྱི་ལྟ་བ་དབྱེར་མེད་གསུམ་ལས་ཁྱད་པར་དུ་འཕགས་ཤིང་། མཧཱ་ཡོ་གའི་previous hit དགོངས next hit་ལྷན་ཅིག་སྐྱེས་པ་ཆོས་ཐམས་ཅད་མཉམ་པ་ཉིད་ཡང་དག་པ་འབའ་ཞིག་ལ་ཟེར་བ་ཡིན། མཧཱ་ཡོ་གའི་ཐེག་

(༣༣༧)ཅེས་གསུངས་པའི་དོན་དེ་ཡིན། པ་ནི། ཐེག་པ་བདུན་གྱི་འབྲས་བུ་སྟེ། །ཡོངས་སུ་རྣལ་འབྱོར་ལམ་སྟེགས་ཙམ། །ཞེས་གསུང་པའི་ཕྱིར་ན། ཐེག་པ་དྲུག་གི་ལྟ་བ་སོ་སོར་འཛིན་པ་དྲུག་སྟེ། མཧཱ་ཡོ་གར་གཅིག་ཏུ་རྟོགས་པའི་ཕྱིར་ན། དོན་དམ་ནི་སྐོར་བདུན་ནོ། མཧཱ་ཡོ་གའི་གདུལ་བྱ་རྣམས་ནི་མངལ་སྐྱེས་རྣམས་ཀྱི་གཙོ་བོ་བྱས་པ་ཡིན་ཏེ། རྣལ་འབྱོར་ཆེན་པོའི་ལྷ་ཚོགས་རྣམས་ཀྱང་མངལ་སྐྱེས་ཀྱི་ཚུལ་དུ་བཞུགས་པས་ན། དེ་ལ་previous hit དགོངས་ནས་སེམས་དཔའ་གསུམ་ལྡན་གྱི་དཀྱིལ་འཁོར་བསྒོམ་ next hit་ཡང་། འབྱུང་བ་རིམ་བརྩེགས་སུ་བསྒོམ་པ་ཡང་། ཕུང་པོ་ལྔ་འབྱུང་བ་ལྔ་རང་སར་རྟོགས་པའི་བརྡ་སྟེ། དེའི་སྟེང་དུ་ཉི་ཟླ་པདྨ་འཇིག་རྟེན་གྱི་ལྷ་ཆེན་ཡབ་ཡུམ་གྱི་གདན་རྣམས་རྫོགས་པར་བསྒོམ་པ་ནི། འདོད་ཆགས་ལ་སོགས་པ་དུག་ལྔ་ལམ་དུ་སློང་བའི་བརྡ་ཡིན། གདན་དེ་རྣམས་ཀྱི་སྟེང་དུ་ཧེ་རུ་ཀ་ཡབ་ཡུམ་རྫོགས་པར་བསྒོམ་ཞིང་། ཞི་ཁྲོ་ལྷ་བརྒྱ་ལ་སོགས་པ་མ་ལ་སྐྱེས་སུ་བུ་དང་ཚ་བོ་ཡང་ཚའི་ཚུལ་དང་། རྒྱས་པར་སྤྲོ་བ་སྟེ། སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་ཀྱང་། མངལ་སྐྱེས་ཀྱི་ཚུལ་དུ་བསྒོམ་པ་ནི། དེའི་ཕྱིར་ན་ཡོ་ག་བས་མངོན་པར་བྱང་ཆུབ་པ་རྣམ་པ་ལྔར་བཞེད་པ་ཡིན། དེའི་ཕྱིར་ན། ཐེག་པ་མ་འདྲེས་སོ་སོར་སྣང་། །ཞེས་པའི་ཕྱིར་ན། སྔགས་ཕྱི་ནང་འདྲེས་ན་འབྲོག་ཡུལ་འཆོལ་པའི་བཤད་པ་བྱ་བ་ཡིན་པའི་ཕྱིར་ན་མཁས་པ་རྣམས་ཀྱིས་མཁྱེན་པར་མཛོད། མ་འོངས་དུས་ཀྱི་གདུལ་བྱ་རྣམས་ཀྱིས་ཀྱང་། གསང་སྔགས་རྙིང་མའི་མཧཱ་ཡོ་གའི་རྒྱུ་ཤེས། ལམ་ཤེས། འབྲས་བུ་ཤེས་ཤིང་། ཕུན་སུམ་ཚོགས་

(༣༣༨)པ་རྣམ་པ་ལྔའི་གྲུབ་མཐའ་སོ་སོར་ཕྱེད་ནས་དེ་ལ་གནས་པར་མི་བྱའོ། །དེ་ཡན་ཆོད་མཧཱ་ཡོ་ག་བསྟན་པ་སྤྱི་གཞུང་གི་བཞེད་པའོ།། །།ད་ནི་རྗེ་ཆེན་པོ་ཏཻ་ལོ་པའི་previous hit དགོངས་པས། བྱིན་གྱིས་བརླབས་པའི་མཁས་ལ་གྲུབ་ next hit་ཐོབ་པའི་རྗེ་ཆེན་པོ་ནཱ་རོ་བརྒྱུད་པའི་བཞེད་previous hit དགོངས་ཀྱིས། ཀུན་གཞི་དངོས་པོ་གཤིས་ཀྱི་གནས་ལུགས་ཆུ་གཙང་མ་དང་གསེར་ལྟ་བུའི་དྲི་མ་མེད་ next hit་དེ། རང་སེམས་ཆོས་སྐུ་བློ་ལས་འདས་པའི་ཡེ་ཤེས་ཆོས་ཀྱི་སྐུ་རབ་འབྱམ་མཐའ་དང་དབུས་མེད་པའི་དོན་རྟོགས་ན་ཕུང་པོ་ལྔ་དང་འབྱུང་བ་ལྔ་རྟེན་འབྲེལ་བཅུ་གཉིས་ཁམས་དང་འབྱེད་པའི་སྐྱེས་བུ་བཅུ་གཉིས་ལ་སོགས་པ་གྲངས་ཅན་དྲུག་བཅུ་རྩ་བཞི་དང་། གྲངས་མེད་ཚད་ལས་འདས་པ་རྣམས་དུ་མ་རོ་གཅིག་ཏུ་རྟོགས་ཤིང་དེ་ལ་གོམས་པ་དང་འདྲིས་པ་དང་། རོ་གཅིག་ཆེན་པོའི་དོན་དབང་ཐོབ་ན། མཧཱ་ཡོ་ག་ཡན་ཆོད། །ཐེག་པ་བདུན་གྱི་རྒྱུ་རྟོགས། ལམ་རྟོགས་འབྲས་བུ་རྟོགས། གྲུབ་མཐའ་དང་ཕུན་སུམ་ཚོགས་པ་རྣམས་ཀྱང་མ་འདྲེས་ལ་ཡོངས་སུ་རྫོགས་པར་སྒྲ་དང་དོན་ངོ་བོ་གཅིག་ལ་མཚན་ཉིད་སོ་སོར་རྟོགས་པའི་ཕྱིར་ན། གསང་སྔགས་ཀུན་བདག་ཀུན་ཏུ་བཟང་། །ཀུན་བཟང་རྒྱལ་པོ་ཡབ་ཡུམ་དང་། །རྟོགས་ལྡན་རྒྱལ་པོ་ཐ་དད་མེད། །ཞེས་ས་ར་ཧ་ཡིས་གསུངས་པའི་ཕྱིར་ན། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རྟོགས་ན། དཔལ་ཀུན་ཏུ་བཟང་པོ་དང་ཐ་དད་མེད་པ་ཡིན། དེའི་ཕྱིར་ན་རྗེ་ནཱ་རོ་པ་མན་ཆོད་དང་རང་བྱུང་རྡོ་རྗེ་ཡན་ཆད་དུ། ངར་འཛིན་གྱི་ལྟ་བ་ཉི་ཤུ་རྩ་གཅིག་དུ་མ་རོ་གཅིག་ཆེན་པོར་རྟོགས་པ་རྒྱུན་མི་འཆད་པའི་བར་སྐབས་

(༣༣༩)ལགས་སོ།། །།གསང་སྔགས་གསར་མའི་མཧཱ་ཡོ་གའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ། འོག་མིན་གྱི་གནས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ན། དཔལ་དྲུག་པ་རྡོ་རྗེ་འཆང་ཡུམ་རྡོ་རྗེ་ཕག་མོ་དབྱེར་མེད་པ་ཡབ་ཡུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་། གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་མཁའ་དང་གསང་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྙོམས་པར་ཞུགས་ཤིང་བཞུགས་པའི་དུས་སུ་རིགས་བཞིའི་མཁའ་འགྲོ་མ་ལ་སོགས་ཏེ། དཔའ་བོ་མཁའ་འགྲོ་རྣམས་ཀྱིས་རྡོ་རྗེའི་གླུས་བསྐུལ་ཞིང་། ཕྱི་ནང་གསང་གསུམ་གྱི་མཆོད་པ་ཕུལ་ནས། རྡོ་རྗེ་ཐེག་པའི་གསང་བའི་མཛོད། གསུང་རབས་ཞུས་པའི་དུས་སུ་དཔལ་དྲུག་པ་རྡོ་རྗེ་འཆང་ཡབ་ཡུམ་ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུར་ཉི་མའི་དཀྱིལ་འཁོར་མཁའ་ལ་ཤར་བ་བཞིན་དུ་གཞེངས་ནས། མཧཱ་ཡོ་གའི་རྒྱུད་རྣམས་གསུངས་པ་སྟེ། དེ་ལ་སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་། བདེ་མཆོག་འཁོར་ལོའི་རྒྱུད་ལས་ཀྱང་། །རིགས་ལྔ་ལ་ནི་ཀུན་སྤྱོད་པ། །རིགས་གཅིག་ཏུ་ནི་རྣམ་པར་བརྟགས། །ཞེས་གསུང་པའི་ཕྱིར་ན། ལྔ་བསྡུས་སྤྱི་བོ་གཅིག་གིས་བསྣན། །ཞེས་པའི་ཕྱིར་ན། རིགས་ལྔ་ཡབ་ཡུམ་བཅུ་ངོ་བོ་གཅིག་ཏུ་རྫོགས་པ་ནི་རྡོ་རྗེ་འཆང་། རྫོགས་པ་ཆེན་པོ་ཀུན་བྱེད་རྒྱལ་པོའི་ལུང་ལས་མ་ཧཱ་རྡོ་རྗེ་འཆང་འདོད་པ་ཞེས་གསུངས་པའི་ཕྱིར་ན། མཧཱ་ཡོ་གའི་འབྲས་བུ་མཐར་ཐུག་པ་དེ་རྡོ་རྗེ་འཆང་དུ་འདོད་པའི་ཕྱིར་ན་སྟོན་པ་ཕུན་སུམ་ཚོགས་པ་དཔལ་རྡོ་རྗེ་འཆང་། གནས་ཕུན་སུམ་ཚོགས་པ་འོག་མིན་གྱི་གནས། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཏེ། previous hit དགོངས next hit་འདུས་པའི་མདོ་ལས་ཀྱང་། གསང་ཆེན་རིགས་གཅིག་བརྟག་པར་བཞུགས། གསུངས་པའི་ཕྱིར་ན།

(༣༤༠)རྡོ་རྗེ་འཆང་གི་གནས་བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཏེ། དོན་དམ་པར་ན། གནས་ཕུན་སུམ་ཚོགས་པ་རྡོ་རྗེ་བཙུན་མོའི་བྷ་ག་ཆོས་ཀྱི་དབྱིངས་བདེ་བ་ཆེན་པོའི་གནས་སུ་ཞེས་པ་སྟེ། གནས་ཕུན་སུམ་ཚོགས་པའོ། །འཁོར་ཕུན་སུམ་ཚོགས་པ་ཉིད་ལས་མི་གཞན་པའི་རིགས་ལྔ་ཡབ་ཡུམ་བཅུ་དང་། དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཏེ། འཁོར་ཕུན་སུམ་ཚོགས་པའོ། །བསྟན་པ་ཕུན་སུམ་ཚོགས་པ་རྒྱུད་མ་རྒྱུད་ཀྱི་རྒྱུད་སྡེ་རྣམས་སོ། །དུས་ཕུན་སུམ་ཚོགས་པ་གསང་སྔགས་བརྡ་ཡིས་མཚོན་པའི་དུས་སུའོ། །སྡུད་པ་ཕུན་སུམ་ཚོགས་པ་ཕྱག་ན་རྡོ་རྗེ་དང་ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་དབྱེར་མེད་པས་བསྡུས་པའོ། །དེ་ལྟར་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སར་ཕུན་སུམ་ཚོགས་པ་རྣམ་པ་ལྔར་རང་བཞིན་གྱིས་ལྷུན་གྱིས་གྲུབ་པར་ངོ་བོ་གཅིག་ཏུ་བཞུགས་པའོ། །མིའི་ཡུལ་དུ་དཔལ་རྡོ་རྗེ་འཆང་ལ་སོགས་པ་སངས་རྒྱས་རྣམས་ཀྱི་རྣམ་པར་འཕྲུལ་པ་འཛམ་བུའི་གླིང་དུ་བྱོན་ནས། སེམས་ཅན་གདུལ་བྱ་རྣམས་ཀྱི་སྣང་ངོ་དང་བསྟུན་ནས་བསྐལ་པ་གྲངས་མེད་པ་གསུམ་དུ་ཚོགས་བསགས་པ་དང་། སྒྲིབ་པ་སྦྱང་བ་དང་། མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་ནས། མཚན་ཉིད་དགུའི་ཐེག་པ་གསུམ་ཀྲི་ཡ་ཡོ་གའི་ཐེག་པ་གསུམ་ལ་སོགས་པ་གསུངས་ནས། ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་ནས། དེའི་ཚེ་དེའི་དུས་ན་ཆོས་ཀྱི་གཎྜི་ཆེན་པོ་བརྡུངས་ན། ཐམས་ཅད་དང་ལྡན་པའི་འཁོར་བསྡུས་ནས། བཅོམ་ལྡན་འདས་ཀྱིས་མྱ་ངན་ལས་འདས་པའི་མདོར་ཞལ་ཆེམས་འབུམ་གསུངས་

(༣༤༡)ནས། མྱ་ངན་འདའ་མདོ་ཉིད་ལས་མ་འོངས་པའི་དུས་སུ་ལུང་བསྟན་པ། ང་ནི་མྱ་ངན་འདས་འོག་ཏུ། ལོ་ནི་བཞི་བརྒྱ་ལོན་པ་ན། ལྷོ་ཕྱོགས་བེ་ཏའི་ཚལ་དུ་ནི། དགེ་སློང་ཀླུ་ཞེས་བྱ་བ་འབྱུང་། །ཞེས་གདུལ་བྱ་རིམ་གྱིས་འཇུག་པ་རྣམས་འདུལ་བར་ལུང་བསྟན་ནོ། །ཡང་མདོ་སྡེ་གསུམ་བཀོད་པའི་རྒྱལ་པོ་ལས། བཅོམ་ལྡན་འདས་ཀྱིས་དབང་པོ་ཡང་རབ་གསང་སྔགས་རྡོ་རྗེ་ཐེག་པའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་ཡིས། སྐད་ཅིག་མ་ཉི་ཤུ་རྩ་གཅིག་གམ། མི་ཚེ་གཅིག་གིས་སངས་རྒྱས་པའི་དོན་དུ། ང་ནི་མྱ་ངན་འདས་འོག་ན། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །འཛམ་གླིང་རྒྱ་གར་ཤར་ཕྱོགས་སུ། །ས་ར་ཧ་ཞེས་བྱ་བ་འབྱུང་། །ཞེས་ལུང་བསྟན་ནས་ཐུབ་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་སོ།། །།དེ་ལ་མ་ཧཱ་ཡོ་གའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་མི་ཡུལ་དུ་བྱོན་པ་ནི། བྲམ་ཟེ་ཆེན་པོ་ས་ར་ཧ། མཚན་རིགས་མི་གཅིག་པ་བཅུ་དྲུག་བརྟགས་ནས། མཧཱ་ཡོ་གའི་རྡོ་རྗེ་ཐེག་པ་བརྡ་ཡིས་མཚོན་ནས་མི་ཡུལ་དུ་བྱུང་བ་ནི། རྗེ་ཆེན་པོ་ཏཻ་ལོ་ལོ་པ་ཡང་ས་ར་ཧ་དང་ཐ་དད་མེད། རྫོགས་པ་ཆེན་པོ་ལ་ཡང་བྲམ་ཟེ་མཛོད་དུ་བཏགས་ནས། བྲམ་ཟེའི་སྐོར་མང་དུ་གསུངས་པ་ཡིན། ཁྲོ་བོ་གནམ་ལྕགས་ཨུར་ལོའི་རྒྱུད་ནས་ཀྱང་། ཧཱུྃ་ཡོངས་སུ་དག་པའི་དཀྱིལ་འཁོར་དུ། ཕྱོགས་བཅུ་སངས་རྒྱས་ཁྲོ་བོ་གཞེངས། །དྲག་པོས་འདུལ་ལ་ཁྲོ་བོ་བཅུ། །ཞི་བས་འདུལ་ལ་སེམས་དཔའ་བརྒྱད། །ཐེག་པ་དམན་ལ་མཆོག་བརྒྱད་དེ། །ཚེ་འདིར་སྒྲུབ་པའི་གང་ཟག་ལ། །རྣལ་འབྱོར་ཆེན་པོ་བརྒྱད་དུ་

(༣༤༢)སྤྲུལ། །ཞེས་གསུང་པའི་ཕྱིར་ན། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་པར་འཕྲུལ་པ་ཤཱཀྱ་ཐུབ་པ་ཡིན་ན། ཤཱཀྱ་ཐུབ་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྣམ་པར་འཕྲུལ་པ། རྣམ་པར་ཤེས་པའི་ཚོགས་བརྒྱད་ལྟ་བུ་སྟེ། རྣམ་པར་དག་ཅིང་ཡོངས་སུ་རྫོགས་པ་ལས། ས་ར་ཧ་ཡིས་གཙོ་མཛད་པའི་གྲུབ་ཆེན་བརྒྱད་དུ་བྱོན་པ་ཡིན། རྣམ་པར་འཕྲུལ་པ་ལྟ་བུར་གྲུབ་ཆེན་བདུན། རྗེ་ཆེན་པོ་ཏཻ་ལོ་པ་ལ་སོགས་པ་རྣམས་ལུང་བསྟན་དུས་ལ་བབ་པའི་དུས་སུ་བྱོན་ནས། གསང་སྔགས་གསར་མའི་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་མི་ཡུལ་དུ་བྱོན་པ་སྟེ། དེ་ནས་གསང་སྔགས་གསར་མའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་མི་ཡུལ་དུ་བྱོན་པ་ནི་རྡོ་རྗེ་གདན་གྱི་ནུབ་ཕྱོགས། ཨོ་རྒྱན་མཁའ་འགྲོའི་གནས་ཡིན་ལ། རང་བཞིན་ལྷུན་གྱིས་གྲུབ་པའི་གནས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཡིན། གཟུགས་སྐུ་མཁའ་འགྲོའི་ཚོགས་ནི་ནུབ་ཕྱོགས་ཨོ་རྒྱན་ཏེ། དག་སྣང་ཕྱོགས་མེད་དུ་ཤར་བའི་ཨོ་རྒྱན་དང་གསུམ་ཡིན་པ་ལས། ནུབ་ཕྱོགས་ཨུ་རྒྱན་བདེ་མཆོག་འཁོར་ལོ་ཡབ་ཡུམ་བཞུགས་པའི་གནས་ཡིན་ནོ། །གནས་ཕུན་སུམ་ཚོགས་པའོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། །བདེ་མཆོག་འཁོར་ལོ་ཡབ་ཡུམ་སྟེ། །འཁོར་ཕུན་སུམ་ཚོགས་པ་ནི་རིགས་བཞི་བདེ་མཆོག་ཡབ་ཡུམ་དང་། དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱིས་བསྐོར་ནས་བཞུགས་པ་ནི་འཁོར་ཕུན་སུམ་ཚོགས་པའོ། །བསྟན་པ་ཕུན་སུམ་ཚོགས་པ་ནི། །ཕའི་རྒྱུད་དང་མའི་རྒྱུད་སྐོར་གསུམ་ཆ་ལག་དང་བཅས་པ་བརྡ་ཡིས་མཚོན་ཏེ་གསུངས་ནས་བསྟན་

(༣༤༣)པ་ཕུན་སུམ་ཚོགས་པའོ། དེའི་ཕྱིར་ན་འཁོར་ལོ་བདེ་མཆོག་གི་ཞལ་ནས་ཀྱང་། སངས་རྒྱས་ཀུན་གྱི་བདག་ཉིད་གཙོ། །ང་ནི་རང་བྱུང་སངས་རྒྱས་ཏེ། །ཆོས་ཀྱང་རང་བྱུང་ཉིད་ཡིན་ཏེ། །བཤད་པ་པོ་ང་ཆོས་ཀྱང་ང་། །ཚོགས་ཀྱི་ནང་ན་ཉན་པ་ང་། །འཇིག་རྟེན་འདས་པ་སྒྲུབ་བྱད་ང་། །ཞུ་བ་པོ་ཡང་ང་ཉིད་ཡིན། །སངས་རྒྱས་སྐུ་གསུམ་ང་ཡི་འཁོར། །གསང་སྔགས་རྒྱལ་པོ་དོན་གྱི་མཆོག །གསང་སྔགས་མཆོག་རྣམས་ཁྱོད་ལ་གཏད། །ཅེས་གསུང་ནས་ཐབས་དང་ཤེས་རབ་ཀྱི་རྒྱུད་མན་ངག་དང་བཅས་པ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བསྐྱེད་པར་བྱེད་པའི་ཡུམ་རྡོ་རྗེ་རྣལ་འབྱོར་མ་ལ་གཏད་ནས་འཁོར་ལོ་བདེ་མཆོག་འཁོར་ལོ་ཚོགས་ཆེན་གྱི་ས་ལ་བཞུགས། དེ་ནས་ནུབ་ཕྱོགས་ཨོ་རྒྱན་གྱི་གནས་ན་གསང་སྔགས་ཀྱི་མཛོད་རྒྱ་མཚོ་ཙམ་ཆོས་སྐུ་རྡོ་རྗེ་ཕག་མོའི་གཙོ་བོ་མཛད་ནས་ལོངས་སྐུ་སྤྲུལ་སྐུའི་མཁའ་འགྲོ་གསུམ་གྱི་ཚོགས་དང་བཅས་ཏེ་བཞུགས་པ་ལས་རྗེ་ཆེན་པོ་ས་ར་ཧའི་རྣམ་པར་འཕྲུལ་པ་གྲུབ་ཆེན་བརྒྱད་ཀྱིས་རྒྱུད་སྡེ་རྣམས་མི་ཡུལ་དུ་བསྒྱུར་བ་སྟེ། ཕ་རྒྱུད་མ་རྒྱུད་ཀྱི་རྒྱུད་རེ་རེ་ལ་ཡང་གླེང་གཞི་རིགས་མི་གཅིག་པ་རེ་རེར་ཡོད་པ་ཡིན་ཏེ། ཚིག་ལ་ཐ་དད་ཡོད་ཀྱང་དོན་ལ་ངོ་བོ་གཅིག་པའོ། །དེ་ལ་དྲང་དོན་གྱི་སྒོ་ནས་གདུལ་བྱ་མི་རྣམས་དང་ཁམས་རྒྱུད་བསྟུན་ནས་བྱོན་པ་ནི། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་གནྡྷོ་ལའི་གཙུག་ལག་གི་ཁང་ནང་། དྷརྨ་གྷ་ཛ་ཆོས་ཀྱི་མཛོད་ནས་མཁའ་འགྲོ་མ་གསུམ་བཞུགས་ཏེ། ཕྱི་སྤྲུལ་སྐུ་ཟ་བྱེད་ལས་ཀྱི་མཁའ་འགྲོ་མའི་ཚུལ་དུ་གནས་ཏེ།

(༣༤༤)སྣོད་དང་མི་ལྡན་པ་རྣམས་ཚར་གཅོད་པར་བྱེད། ནང་ལོངས་སྐུ་ལས་ཀྱི་མཁའ་འགྲོ་མ་དཀོར་མཛོད་རྣམ་པ་གསུམ་དུ་རྒྱུད་ཐམས་ཅད་དང་ཡིད་བཞིན་ནོར་བུ་རྣམ་པ་གསུམ་ནི་བཞུགས། མི་ཕྱེད་པའི་ལྕགས་རྣམ་པ་གསུམ་དུ་བཅུག །རྒྱ་དང་འབོས་དང་ལྕགས་རིས་ནི་བསྐོར། རྒྱུད་ཐམས་ཅད་ཀྱི་བདག་མོ་མཛོད། གསང་བ་ཆོས་སྐུ་དྲི་མེད་མཁའ་འགྲོ་མ་ནི་བརྗོད་དུ་མེད་པའི་གནས་ན་བཞུགས། གཉིས་སུ་མེད་པའི་ཚུལ་དུ་བཞུགས་སོ། །དེའི་ཚེ་དེའི་དུས་ན་འཁོར་ལོ་བདེ་མཆོག་དངོས་སུ་རྗེ་ཏཻ་ལོ་པར་སྤྲུལ་ནས་བྱོན་པ་སྟེ། དེ་ལ་རྗེ་ཏཻ་ལོ་པ་ཡིན་ན་ཡང་། སྣང་བ་དག་པ་རྣམས་ལ་སྐུ་ལྔ་ཡོངས་སུ་རྫོགས་པའི་ཧེ་རུ་ཀར་བསྟན་པ་སྟེ། ཆོས་ཀྱི་དབྱིངས་རབ་འབྱམ་བདེ་བ་ཆེན་པོའི་གནས་ཨོ་རྒྱན་དག་པའི་སྣང་བ་ཤར་ནས། ཏཻ་ལོ་པ་ཉིད་དཔལ་རྡོ་རྗེ་འཆང་ཡབ་ཡུམ་གྱི་ངོ་བོར་བཞུགས་ནས་བརྡ་ཡིས་མཚོན་ནས་གསུངས་པ་ནི། ང་ལུས་ཀྱཻ་རྡོ་རྗེ་ཡིན། ངག་ནི་མཧཱ་མ་ཡ་ཡིན། །སེམས་ནི་འཁོར་ལོ་བདེ་མཆོག་ཡིན། དབང་པོ་གསང་བ་འདུས་པ་ཡིན། །ཡན་ལག་སྒྲ་རྒྱུད་ནག་པོ་ལ། །ཉིང་ལག་རྡོ་རྗེ་འཇིགས་བྱེད་ཡིན། །རྩ་གནས་རྡོ་རྗེ་གདན་བཞི་ལ། །རླུང་གནས་རྡོ་རྗེ་ཕྲེང་བ་ཡིན། །ཐིག་ལེ་གསང་བ་མཛོད་འཛིན་ཡིན། །གཙུག་གཏོར་སངས་རྒྱས་ཐོད་པ་ཡིན། །ཐམས་ཅད་བདག་ཉིད་དུས་འཁོར་ལོ། །བདེ་ཆེན་སངས་རྒྱས་མཉམ་སྦྱོར་ཡིན། །བ་སྤུ་དུས་གསུམ་སངས་རྒྱས་ཀྱི། །སྐུ་གསུང་ཐུགས་དང་དབྱེར་མེདཡིན། །ཞེས་གསུངས་པའི་ཕྱིར་ན། གསང་སྔགས་གསར་མའི་ཕ་རྒྱུད་མ་རྒྱུད་ལྷ་ཚོགས་

(༣༤༥)རྣམས་རྗེ་ཏཻ་ལོ་པ་རྡོ་རྗེ་འཆང་དང་དབྱེར་མེད་པ་དེ་ཡིས། དབང་པོ་ཡང་རབ་རྣམས་ལ་དཀྱིལ་འཁོར་ཆེན་པོར་བསྟན་ཞིང་། རྒྱུད་སྡེ་ཐམས་ཅད་བཤད་པར་བཞེད་པ་སྟེ། མཧཱ་ཡོ་ག་མི་ཡུལ་དུ་བྱོན་པའི་ཕུན་སུམ་ཚོགས་པ་བཞིའི་དུས་ཕུན་སུམ་ཚོགས་པ་ནི། འཛམ་བུ་གླིང་པའི་མི་རྣམས་ཚེ་ལོ་བརྒྱ་པ་ཁམས་དངས་ཤིང་། དགུ་བཅུ་ལྷག་ཙམ་ཐུབ་པའི་དུས་སུ་གསུངས་པ་ནི་དུས་ཕུན་ཕུན་སུམ་ཚོགས་པའོ། །དེ་ལ་ཏཻ་ལོ་པའི་གླེང་གཞི་ཡིན་ན། ཡོན་ཏན་རྣམ་པ་བཞིའི་གླེང་གཞི་ཡོད་དེ། བདེ་མཆོག་འཁོར་ལོ་ཉིད་ཡིན་པའི་ཡོན་ཏན་དང་། བདེ་མཆོག་གི་སྤྲུལ་པ་ཡིན་པའི་ཡོན་ཏན་དང་། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བསྡུས་ཏེ་བསྟན་པའི་ཡོན་ཏན་དང་། མི་རང་རྒྱུད་པར་བསྟན་པའི་ཡོན་ཏན་དང་བཞིའོ། །དེ་ལ་སྣང་བ་མ་དག་པ་རྣམས་ལ་མི་རང་རྒྱུད་པའི་ཚུལ་དུ་བྱུང་བ་ནི། ཡུལ་ཤར་ཕྱོགས་ཟ་ཧོར་གྱི་གྲོང་ཁྱེར་བྱེ་བྲག་འཛ་གོ་ན། ཡབ་བྲམ་ཟེ་གསལ་བ། ཡུམ་བྲམ་ཟེ་གསལ་ལྡན་མ། སྲིང་མོ་བྲམ་ཟེ་གསལ་སྒྲོན་མ། མིང་པོ་བྲམ་ཟེ་གསལ་འོད་བྱ་བ་ཡིན། བྱུང་བའི་དུས་སུ་ཁང་པ་འོད་ཀྱིས་གང་། །ངོ་མཚར་ཅན་གྱི་ལྟས་སྣ་ཚོགས་བྱུང་ནས། །བྲམ་ཟེ་མཚན་མཁན་ལ་བསྟན་པས། །འདི་ནི་ལྷ་ཀླུ་གནོད་སྦྱིན་དང་། །སངས་རྒྱས་གང་ཡིན་མ་འཚལ་བས་སྐྱེས་བུ་ངོ་མཚན་ཅན་གྱི་མཆོག །དེ་ཕྱིར་འདི་ནི་ལེགས་པར་སྐྱོངས། །ཞེས་ཟེར་ནས་ཤིན་ཏུ་གཅེས་པར་སྐྱོང་ཞིང་ཡོད་ཙ་ན། བུད་མེད་མི་སྡུག་པའི་མཚན་སུམ་བཅུ་རྩ་གཉིས་དང་ལྡན་པ་ཅིག་

(༣༤༦)བྱུང་ནས་ནང་དུ་བྱུང་བ་ལ་འདི་སུ་ཡིན། ཕྱིར་ན་བུད་བྱས་པ་ལས། བུད་མེད་དེ་ཕྱིར་སོང་ནས། གཅེས་པར་སྐྱངས་ཀྱང་མི་འཆི་བའི། ས་ཕྱོགས་དེ་ནི་ཡོད་མ་ཡིན། །ཟེར་ཞིང་ཐལ་བ་ལས། བྲམ་ཟེ་ཡབ་ཡུམ་གཉིས་ན་རེ། །རྒྱུག་ལ་དྲིས་དང་། བྱིས་པ་འདི་འཆི་བ་ཡིན་ནམ། མིན་དྲིས་དང་། མཁའ་འགྲོ་མ་ཡིན་སྲིད་པས། ཞེས་ཟེར་བ་ལས། དེ་ནས་འདས་ནས་དྲིས་པ་ལས། བུད་མེད་དེའི་ཞལ་ནས། མ་ཧེ་སྐྱོང་ཞིང་ཡི་གེ་སློབས། མཁའ་འགྲོ་མ་ཡི་ལུང་བསྟན་འབྱུང་། །ཞེས་གསུང་སྐད། ཁྱིམ་དུ་འོངས་ནས་བཟླས་པ་ལས། དེ་སྔོན་དུ་ཡང་ཅི་ཟེར་བདེན་པར་བྱུང་བའི་ཕྱིར་ན། འདི་ཡང་བདེན་ཟེར་ནས་ཤིང་ཤ་པའི་ནགས་ཚལ་དུ་མ་ཧེ་སྐྱོང་ཞིང་ཡི་གེ་སློབ་ཏུ་བཅུག་པའི་དུས་སུ། ཉིན་གཅིག་གི་དུས་ན། སྔར་གྱི་བུད་མེད་སྐྱུག་བྲོ་བ་དེ་བྱུང་ནས། བྲམ་ཟེ་གསལ་འོད་ལ་དྲིས་པ། ཁྱོད་ཀྱི་ཡུལ་གང་ཡིན། ཡབ་གང་ཡིན། ཡུམ་གང་ཡིན། ཁྱེད་རང་གང་ཡིན། ཟེར་བ་ལ། བུ་ཚ་ན་རེ། ཡུལ་ནི་ཤར་ཕྱོགས་འཛ་གོ་ཡིན། །ཡབ་ནི་བྲམ་ཟེ་གསལ་བ་ཡིན། །ཡུམ་ནི་བྲམ་ཟེ་གསལ་ལྡན་མ། །སྲིང་མོ་བྲམ་ཟེ་གསལ་སྒྲོན་མ། །ང་རང་བྲམ་ཟེ་གསལ་འོད་ཡིན། །ཤིང་ནི་ཤ་པའི་སྡོང་པོ་ཡིན། །མ་ཧེ་ནོར་ཕྱིར་སྐྱོང་བ་ཡིན། ཡི་གེ་བསླབས་ནས་དམ་ཆོས་བྱེད་བྱས་པ་ལས། རྒན་མོ་དེའི་ཞལ་ནས། དེ་རྣམས་ཐམས་ཅད་ནོར་བ་ཡིན། ཟེར་སྐད། འོ་ན་མ་ནོར་བ་གང་ཡིན་ཞུས་པ་ལས། ཡུལ་ནི་ནུབ་ཕྱོགས་ཨོ་རྒྱན་ཡིན། །ཡབ་ནི་བདེ་མཆོག་འཁོར་ལོ་ཡིན།

(༣༤༧)ཡུམ་ནི་རྡོ་རྗེ་རྣལ་འབྱོར་མ། །སྲིང་མོ་ང་ནི་བདེ་སྟེར་མ། །མིང་པོ་པཉྩ་པ་ན་ཡིན། བྱང་ཆུབ་ཤིང་གི་ནགས་ཚལ་དུ། །ཉམས་མྱོང་མ་ཧེ་སྐྱོང་འདོད་ན། །སྙན་རྒྱུད་ཡི་གེ་དང་བྲལ་བ། །དྲི་མེད་མཁའ་འགྲོ་མ་ལ་ཡོད། །ཅེས་གསུང་པ་ལས། དེ་ངས་མི་ལོན་བྱས་པ་ལ། །ལུང་བསྟན་དམ་ཚིག་ལྡན་པ་ཡི། །གྲུབ་ཐོབ་ཁྱོད་ཀྱིས་བླངས་ན་ལོན། །ཞེས་གསུང་ནས། ཤེལ་གྱི་སྐས་དང་། རིན་པོ་ཆེའི་ཟམ་པ་དང་། །བྱི་གཟུངས་གསུམ་བསྐུར་ནས། སྐས་དང་ཟམ་པས་རྒྱ་དང་འོབས་འཇོམས། བྱི་ཟུངས་འབྲས་བུས་སྒོ་ལྕགས་འབྱེད་གསུང་ནས་བྲམ་ཟེ་གསལ་འོད་ཨོ་རྒྱན་དུ་ཕྱིན་ནས་གནྡྷོ་ལའི་གཙུག་ལག་ཁང་གི་སྒོར་ཕྱིན་ཙ་ན། ཕྱི་ཟ་བྱེད་ལས་ཀྱི་མཁའ་འགྲོ་མ་བྱུང་ནས། ང་ནི་ཟ་བྱེད་ལས་ཀྱི་མཁའ་འགྲོ་མ། ཤ་ལ་དགའ་ཞིང་ཁྲག་ལ་རྔམ། ཟེར་ནས་བྱུང་བ་ལས། ཏཻ་ལོ་པས་ལྟ་སྟངས་གསུམ་བྱས་ཏེ། ལུས་འཇིགས་པའི་ལྟ་སྟངས་དང་། ངག་རྔམ་པའི་ལྟ་སྟངས་དང་། སེམས་སྐྲག་པའི་ལྟ་སྟངས་བྱས་ནས། ཆེར་འཇིགས། མཁའ་འགྲོ་དུ་མས་ཀྱང་། ང་ཡི་བ་སྤུའི་རྩེ་མི་གཡོ། །གསུངས་པས་མཁའ་འགྲོ་མ་རྣམས་བརྒྱལ་ནས། བརྒྱལ་སངས་པ་དང་། ཐལ་མོ་སྦྱར་ཏེ་མར་མེ་ལ་ནི་སྦྲང་མ་བཞིན། །བདག་འཇོམས་སྒོ་མ་ག་ལ་ཡོད། །བདག་ནི་འབངས་ལྟར་དབང་ཆུང་བས། །རྒྱལ་མོ་དག་ལ་མ་དྲིས་ན། །བདག་གི་ཤ་ཟ་ཁྲག་འཐུང་བས། །དམ་previous hit ་བདག་ལ་ཉེར་དགོངས next hit་མཛོད།

(༣༤༨)དེ་ནས་རྒྱལ་མོ་ལ་དྲིས་པས། །ནང་དུ་ཐང་དང་རང་གིས་ཟ་ཟེར་ནས། །གཞལ་ཡས་ཁང་གི་ནང་དུ་ཕྱིན་དུས་སུ། །རྗེ་ཆེན་པོ་ཏཻ་ལོ་པས་རྡོ་རྗེ་ཕག་མོ་ལ་ཕྱག་དང་གུས་པ་མ་བྱས་པས་མཁའ་འགྲོར་གྱི་མཁའ་འགྲོ་མ་རྣམས་ན་རེ། འདི་ནི་དུས་གསུམ་སངས་རྒྱས་ཀྱི། །ཡུམ་གྱུར་རྡོ་རྗེ་ཕག་མོ་ལ། །མ་གུས་ཚུལ་ཅན་ཅིས་མི་གཞོམ། །གསུང་བ་ལ། རྡོ་རྗེ་ཕག་མོ་ཉིད་ཀྱི་ཞལ་ནས། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡབ་གཅིག་བདེ་མཆོག་འཁོར་ལོ་སྟེ། །མཁའ་ལ་རྡོ་རྗེ་ཆར་ཆེན་སོགས། །ཐོག་དང་སེར་དྲག་ཆར་ཕབ་ཀྱང་། །གཞོམ་པར་མི་ནུས་ཆོས་བྱིན་ཅིག །གསུང་ནས། ལོངས་སྐུ་སྤྲུལ་སྐུའི་མཁའ་འགྲོ་མ་རྣམས་ཀྱིས་རྒྱུད་ཐམས་ཅད་སྣང་བའོ། །དེ་ནས་ཏཻ་ལོ་པའི་ཞལ་ནས། །ནམ་མཁའ་ལ་ནི་བྱ་བཞིན་དུ། །ཐོགས་མེད་ཤེས་རབ་བཟང་པོ་འགྲོ། །ཞེས་གསུང་པས། མཁའ་འགྲོ་རྣམས་ཀྱི་ཞལ་ནས། །དམ་པ་ཁྱེད་ནི་གང་དུ་བཞུད། །བདག་ཅག་དོན་དུ་བཞུགས་སུ་གསོལ། །ཞེས་གསོལ་བ་བཏབ་པ་ལས། ཡང་ཏཻ་ལོ་པས། ན་རོ་རི་རི་ཀ་སོ་རི། །དེ་གསུམ་དོན་དུ་རྣལ་འབྱོར་བདག །གཙུག་གི་ནོར་བུའི་དགོན་པར་འགྲོ། །ཞེས་གསུང་སྐད། དེ་ནས་བདེ་མཆོག་རྩ་བའི་རྒྱུད་དང་ལེའུ་ལྔ་བཅུ་རྩ་བཞི་པས་ཐོག་དྲངས་ནས། བདེ་མཆོག་གི་རྒྱུད་ཐམས་ཅད་མི་ཡུལ་དུ་གདན་དྲངས་ནས་དར་བར་མཛད་པའོ། །ཕ་རྒྱུད་མ་རྒྱུད་ཐམས་ཅད་ཀྱང་ཨོ་རྒྱན་ནས་གདན་དྲངས་ཤིང་། །མཁའ་འགྲོ་མའི་ཚོགས་རྣམས་ལ་དབང་བསྒྱུར་བ་སོགས་འཁོར་ལོ་བདེ་མཆོག་གི་སྤྲུལ་པ་རྗེ་ཏཻ་ལོ་པ་ཡིན།

(༣༤༩)རྗེ་ཆེན་པོ་ཏཻ་ལོ་པ་ལ་མིའི་བླ་མ་ཡོད་དམ་མེད་ཅེས་དྲིས་པ་ལས། མིའི་བླ་མ་མེད་པར་གསུངས་པ་ནི། །ཏཻ་ལོ་པའི་ཞལ་ནས། གནས་ནི་མྱ་ངན་མེད་པ་ཡིན། །མཁན་པོ་མ་དང་ཞང་པོ་ཡིན། །ང་རང་དགེ་སློང་ཀ་ལ་པ། ངས་ནི་བསྐལ་པ་བྱེ་བ་རུ། །ཨཱརྱ་དེ་ཝ་ཀླུ་སྒྲུབ་དང་། །སངས་རྒྱས་དག་དང་ང་གཏམ་བྱས། །ས་ར་ཧ་ནི་ཆེན་པོས་ཀྱང་། །རྟོགས་པས་ང་ལ་འདྲན་དུ་མེད། །ངས་ནི་ཞིང་ཁམས་བརྒྱར་ཡང་ཕྱིན། སངས་རྒྱས་བརྒྱ་ཡི་ཞལ་ཡང་མཐོང་། །ཐམས་ཅད་ཀུན་གྱི་བདག་ཉིད་གཙོ། །ཞེས་གསུང་ནས། ཚོགས་མཆོད་ཅིག་གི་དུས་སུ་དཔལ་འཁོར་ལོ་བདེ་མཆོག་གི་སྐུར་བསྟན་པའི་བ་སྤུའི་རྩ་བ་ཐམས་ཅད་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བཞུགས་པར་བསྟན་པའོ། །དེའི་ཕྱིར་ན། སྐུ་གསུང་ཐུགས་ཀྱིས་ས་བླ་ས་འོག་ས་སྟེང་ལ་སོགས་ཏེ། ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པར་མ་ཁྱབ་པ་མེད་པའི་ཕྱིར་ན། གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་ལ་གསང་སྔགས་བླ་ན་མེད་པའི་རྒྱུད་དང་གདམ་ངག་རྣམས་གྲངས་མེད་ཅིང་ཚད་ལས་འདས་པ་བཞུགས་པའི་ཕྱིར་ན། འོ་ཀོལ་མིའི་ཡུལ་དུ་འགྱུར་བ་ནི། དཔེར་ན་རྒྱ་མཚོ་ཆེན་པོ་ལས་ཆུའི་ཐིགས་པ་གཅིག་ཙམ་བླངས་པ་བཞིན་དུ། ས་ར་ཧའི་རྣམ་པར་འཕྲུལ་པ་གྲུབ་ཐོབ་རྣམས་ཀྱིས་རྒྱུད་སྡེ་གདན་དྲངས་པ་རྣམས་ཀྱང་དེ་དང་མཚུངས་པའོ། །དེ་ལ་གསང་སྔགས་གསར་པའི་རྒྱ་གར་དུ་འགྱུར་བ་གྲངས་མེད་པ་ཡོད་ཀྱང་། འོད་ལ་ཉུང་ཟད་ཅིག་འགྱུར་བ་ཡིན། །སྐུ་སངས་རྒྱས་མཉམ་སྦྱོར་ལས་མཁའ་འགྲོ་མ་བདེ་བའི་མཆོག་

(༣༥༠)བདེ་མཆོག་འཁོར་ལོའི་རྒྱུད་ཀྱི་རྩ་བ་ཡིན། རྒྱ་མཚོ་ལྟར་ཟབ་ཅིང་གཏིང་དཔག་དཀའ་བ་བདེ་མཆོག་འཁོར་ལོའི་རྒྱུད་དང་། ནམ་མཁའ་ལྟར་རྒྱ་ཆེ་ཞིང་མཐའ་ཡས་པ་དཔལ་གསང་བ་འདུས་པའི་རྒྱུད་རྣམས་དང་། ཉི་ཟླ་ལྟར་གྲགས་པ་དགྱེས་པ་རྡོ་རྗེའི་རྒྱུད་དང་། ནོར་བུ་རིན་པོ་ཆེ་ལྟ་བུ་མཧཱ་མ་ཡའི་གདམ་ངག་དང་། ཀུན་ལ་ཁྱབ་པ་དུས་ཀྱི་འཁོར་ལོའི་རྒྱུད་དང་། བཀའ་བསྲུངས་གཉན་ཞིང་རིན་པོ་ཆེ་བཅལ་དུ་བཀྲམ་པ་ལྟ་བུ་རྡོ་རྗེ་གདན་བཞིའི་རྒྱུད་དང་། ཀུན་གྱི་ཡང་རྩེ་ཟབ་མོའི་previous hit དགོངས next hit་འདྲན་ཟླ་མེད་པ་སངས་རྒྱས་ཐོད་པའི་རྒྱུད་དེ། དེ་རྣམས་ཐམས་ཅད་ཀྱང་དཔེར་ན་མི་གཅིག་གི་ལུས་པོ་ལྟ་བུ་ལ་ཕྱི་དང་ནང་དང་གསང་བ་གསུམ་གྱི་གནས་ཉི་ཤུ་རྩ་བཞིའི་རྟེན་དང་བརྟེན་པ་སྟོན་པའི་ཕྱིར་ན། འཁོར་ལོ་བདེ་མཆོག་བདེ་བའི་མཆོག །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །ཞེས་གསུང་པའི་དོན་དང་། རྒྱུད་སྡེ་འདི་རྣམས་ལ་previous hit དགོངས next hit་ཡིན།། །།རྣལ་འབྱོར་ཆེན་པོ་བླ་ན་མེད་པ་གསར་རྙིང་གཉིས་ཀྱི་སྟོན་པ་མིང་གཉིས་ལ་དོན་གཅིག་པ་ནི་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་ཐ་དད་མེད་པ་ཡིན། དེ་གཉིས་ཀྱི་བསྟན་པ་རྒྱུད་ཐམས་ཅད་ཀྱི་རྩ་རྒྱུད། མིང་གཉིས་ལ་དོན་གཅིག་པའི་རྩ་རྒྱུད་ནི། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་གསུངས་པ་དང་། གསང་བ་མཆོག་གི་ཀུན་བདག་རྒྱལ་པོ་ཞེས་གསུང་པ་ནི་མིང་གཉིས་ལ་དོན་གཅིག་པ་ལས། རྣལ་འབྱོར་བླ་ན་མེད་པ་གསར་རྙིང་གཉིས་ལ་གཏོགས་ཚད་རྩ་རྒྱུད་འདི་ལས་འཕྲོས་པ་སྟེ། དོན་རྡོ་རྗེ་རིགས་ཀྱི་གནས་ལུགས་ལྔ་མ་རིག་པའི་དུས་སུ་སེམས་ཅན་

(༣༥༡)ཐམས་ཅད་ལ་ཁྱབ་པར་གནས་པ་རྣམས་ཀྱི་དོན་དུ། ཐབས་དང་ཤེས་རབ་དབྱེར་མེད་རང་སྐུ་བཞི་ངོ་སྤྲོད་ཀྱི་གནད་སྟོན་པའི་རྒྱུད་ལས། རྩ་བའི་རྒྱུད་གསུམ། བཛྲ་ཨ་ར་ལི། རི་གི་ཨ་ར་ལི། དེ་ཁོ་ན་ཉིད་ཀྱི་སྒྲོན་མ་དང་གསུམ་སྟེ། དེ་གསུམ་ལས་འཕྲོས་པ་ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད། ཡེ་ཤེས་སྙིང་པོ་ཐིག་ལེའི་རྒྱུད། །ཕྱག་རྒྱ་ཆེན་པོ་ཡེ་ཤེས་ཐིག་ལེའི་རྒྱུད་དང་གསུམ་འཕྲོས་པ་སྟེ། ཐབས་དང་ཤེས་རབ་གཉིས་མེད་དུ་སྦྱོར་བ་ཡིས། །ཕ་རྒྱུད་ལ་གཏོགས་ཚད་རྣམས་ཀྱིས་རླུང་སེམས་གཉིས་གཙོ་ཆེར་ངོ་སྤྲོད་ཅིང་གཏན་ལ་ཕབ་པ་དང་། མ་རྒྱུད་ལ་གཏོགས་ཚད་ཀྱི་རྒྱུད་སྡེ་རྣམས་ཀྱིས། ལུས་དང་རྩ་དང་བྱང་ཆུབ་ཀྱི་སེམས་གསུམ་གཙོ་ཆེར་བསྟན་ཏོ། དེ་ལྔ་ཐབས་དང་ཤེས་རབ་དབྱེར་མེད་དུ་སྦྱོར་བའི་རྒྱུད་ལས། རྒྱུད་དྲུག་དང་སྡོམ་བཞི་སོ་སོར་འབྱེ་བར་མ་འདུས་པ་དང་། མ་རྫོགས་པ་གང་ཡང་མེད་པའི་ཕྱིར་ན། བདེ་མཆོག་དགྱེས་རྡོར་ཞེས་བགྱི་བ་འདི་ཡང་སྒྲ་མི་མཐུན་ཡང་དོན་གཅིག་པ་སྟེ། ཟླ་གསང་ཐིག་ལེའི་རྒྱུད་ནས་གདུལ་བྱ་གདུག་པ་ཅན་གྱི་རྐྱེན་གྱིས་བསྐུལ་ནས། དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ། ཐབས་དང་ཤེས་རབ་དབྱེར་མེད་དྲག་ཏུ་སྦྱོར་བའི་དགའ་བ་བཞི་དགའ་བ་གཅིག་ཏུ་རྫོགས་པ་ལས། བདེ་མཆོག་བདེ་བའི་མཆོག་གི་རིགས་རྣམས་སུ་རྣམ་པར་འཕྲུལ་པ་སྟེ། དེ་བདེ་ཞིང་དགྱེས་པར་དགྱེས་རྡོར་རིགས་ལྔའི་དཀྱིལ་འཁོར་དུ་རྣམ་པར་འཕྲུལ་བའི་ཕྱིར་ན། དགྱེས་རྡོར་ལ་གཏོགས་ཚད་ཐམས་ཅད་ཀྱི་རྩ་བའི་རྒྱུད་ཟླ་

(༣༥༢)གསང་ཡེ་ཤེས་ཀྱི་ཐིག་ལེ་ཡིན་ཞིང་། དེ་ལས་འཕྲོས་པ་ཡིན་པ་ཐམས་ཅད་ཀུན་གྱིས་མཁྱེན་པར་མཛོད། བདེ་མཆོག་ལ་གཏོགས་ཚད་ཀྱི་རྒྱུད་ལུང་མན་ངག་ཐམས་ཅད་སྐུ་སངས་རྒྱས་མཉམ་སྦྱོར་རྩ་བའི་རྒྱུད་དང་། དེའི་རྒྱུད་ཕྱི་མ་རྟོག་པ་བསྡུས་པའི་ལེའུ་གཅིག་ལས་གླེང་གཞི་དང་བཅས་པར། བདེ་མཆོག་རིགས་ལྔ་གདུལ་བྱ་གདུག་པ་ཅན་གྱིས་བསྐུལ་ནས་རྣམ་པར་འཕྲུལ་པ་སྟོན་པ་སྟེ། བདེ་དགྱེས་ཐ་དད་མེད་པ་ལས་མ་གཏོགས་མ་འཕྲོས་པའི་རྒྱུད་གཞན་ན་མེད་པ་ཀུན་གྱིས་མཁྱེན་པར་མཛོད། གདུལ་བྱའི་རྐྱེན་གྱིས་བསྐུལ་ནས། ཀུན་ཏུ་བཟང་པོ་ཡབ་ཡུམ་ཞེས་ཀྱང་བྱ། །རྡོ་རྗེ་ཡི་དང་རྡོ་རྗེ་ཆོས་ཞེས་ཀྱང་བྱ། དོན་གཅིག་ལ་མིང་གཉིས་སུ་འདོགས་པ་ཐབས་དང་ཤེས་རབ་གཉིས་མེད་དུ་སྦྱོར་བ་ལས། རིགས་ལྔ་ཡབ་ཡུམ་ཞི་ཁྲོ་རབ་འབྱམ་ཕྱོགས་མེད་དུ་འཕྲུལ་ཞིང་། དེ་རྣམས་ཀྱི་རྒྱུད་ལུང་མན་ངག་རྣམས་མ་འདྲེས་ལ་ཡོངས་སུ་རྫོགས་པར་སོ་སོར་གྲངས་མཐའ་ཡས་པར་previous hit དགོངས next hit་ལུང་བསྟན་པའི་ཕྱིར་ན། གསང་བ་ཐམས་ཅད་གསང་སྔགས་ཐམས་ཅད་ཀྱི་རྩ་རྒྱུད་དུར་ཁྲོད་གསང་བ་ཁུ་བྱུག་རོལ་པ་ཡིན་པ་ལས། གཅིག་ལས་གཅིག་འཕྲོས་ཐམས་ཅད་འཕྲོས་པར་བཏགས་པ་སྟེ། དུར་ཁྲོད་གསང་བ་ཁུ་བྱུག་རོལ་པའི་རྒྱུད་མ་ཐོས་པ་དང་མ་མཐོང་བའི་གསར་རྙིང་གཉིས་ཉན་བཤད་སྒོམ་གསུམ་བྱེད་པའི་སྔགས་པ་སྙིང་རེ་རྗེ། སྙིང་རྗེ་མི་རྗེ་དེ་རྗེ་ཡིན། །སྔགས་འཆང་རང་བྱུང་རྡོ་རྗེ་བསོད་ནམས་ཅན་གྱི་བྱིན་རླབས་ལ། རྒྱ་ནག་ཏོང་ཀུན་རྒྱ་མཚོའི་འགྲམ་དུ་ཕྱིན་པའི་དུས་སུ། འཇམ་དཔལ་ལ་སོགས་ཞི་ཁྲོ་རབ་འབྱམ་

(༣༥༣)རྒྱུད་ལུང་མན་ངག་ཡེ་ཤེས་ཡི་གེའི་ཚོགས་རྣམས་རླུང་སེམས་ཉམས་ཀྱི་འདུས་ཚུལ་ལས། སྒྲིབ་པ་མེད་པར་ཅུང་ཟད་གསལ་བའི་དུས་སུ། ཕུན་སུམ་ཚོགས་པ་རྒྱ་མཚོ་མཐའ་ཡས་ལ་སོགས། བསྟན་པ་རྒྱ་མཚོ་མཐའ་ཡས་མང་བ་ཞིག་དེ་ན་རྒྱས་པར་མཛད་པ་སྟེ། རྣལ་འབྱོར་ཉམས་ལ་ཅི་ཡང་འཆར། །དབྱར་གྱི་ས་ལ་ཅི་ཡང་སྐྱེ། །གསུངས་པའི་ཕྱིར་ན། ཁམས་འདུས་པ་ཉམས་ཀྱི་སྣང་ཚུལ་ལས་རིགས་དྲུག་གི་སྣང་བ་ཅི་ཡང་འཆར། ཐོག་མ་མེད་པའི་དུས་ཀྱི་བག་ཆགས་འཁྲུལ་སྣང་ནག་པོའི་ཉམས་ཀྱི་བྱེ་བྲག་སྣ་ཚོགས་ཡིན། དེ་ལ་འཇིགས་དང་སྐྲག་མི་དགོས། །ཡུན་རིང་མི་རྟག་ཡལ་བར་འགྱུར། །ཞི་ཁྲོ་རབ་འབྱམ་རྒྱལ་བ་སྲས་བཅས་ཚོགས། །ཐ་དད་དུ་མར་མཐོང་སྙམ་བྱེད། །རབ་འབྱམ་བཀའི་འཁོར་ལོ་ཤེས་ཤིང་ཐོས་སྙམ་བྱེད། དེ་འདྲའི་ཉམས་སྣང་དཔག་ཏུ་མེད་པ་བྱུང་ལགས་ཀྱང་། ཐོག་མ་མེད་པའི་བག་ཆགས་ཉམས་སྣང་སྟེ། ཡུན་མི་རིང་བར་མི་བརྟན་འགྱུར། །དེ་ཕྱིར་དེ་ལ་ཡིད་ཆེས་རློམ་སེམས་བྱེད་མི་རུང་། །རྣལ་འབྱོར་སྔགས་འཆང་རྣམས་ཀྱིས་མཁྱེན་པར་མཛོད། །ཐབས་དང་ཤེས་རབ་དབྱེར་མེད་སྐུ་བཞི་ངོ་སྤྲོད་གནད་དང་མི་ལྡན་པར། ཕ་རྒྱུད་ཇི་ལྟར་བཤད་སྒོམ་ཡང་། །ཕོ་ཏེའུ་ཕོ་རང་དཔེ་དང་འདྲ། །མ་རྒྱུད་ཇི་ལྟར་བཤད་སྒོམ་ཡང་། །མོ་ཏིའུ་མོ་རེང་དཔེ་དང་མཚུངས། །སྔར་གྱི་གཞུང་དུ་བཀོད་པའི་རྒྱུད་ལུང་རྣམས་ཀྱི་དབྱེ་བ་ལས། །ཅུང་ཟད་གོང་འོག་ནོར་བར་འདུག་པ་དེ། གསུང་རབ་བཀའ་ལུང་དཔེ་

(༣༥༤)ཡིས་མ་མཚོན་པའི་སྐྱོན་ཡིན་པའི་ཕྱིར་ན། བྱང་བུ་འདི་གཙོ་ཆེ་བ་ཡིན་པས་ཀུན་གྱིས་མཁྱེན་པར་མཛོད། སངས་རྒྱས་མཉམ་སྦྱོར་གྱི་རྩ་བ་ཡན་ལག་གི་རྒྱུད་ལས་འཕྲོས་པ་ནི། དཔལ་བདེ་མཆོག་གི་རྩ་རྒྱུད་ཆེན་པོ་ངེས་པར་བརྗོད་པ་རྒྱུད་བླ་མ་སྟེ། མཁའ་འགྲོ་ཀུན་སྤྱོད་ན་བདེ་མཆོག་ལ་སོགས་ཤེས་རབ་མའི་རྒྱུད་ཐམས་ཅད་ཀྱི་དབྱེ་བ་སྦས་ཤིང་མངོན་དུ་ཕྱུང་ནས་བཞུགས་པ་སྟེ། ཤེས་རབ་མ་ཡི་གསང་བ་ཆེ། །ངེས་བརྗོད་བླ་མར་བཤད་པ་ཡིན། །གསུངས་པའི་ཕྱིར་ན་མ་རྒྱུད་ཐམས་ཅད་ཀྱི་ཡང་རྩ་རྒྱུད་ཨ་བྷི་དྷ་ན་ཡིན་པར་གསུངས་པ་ལས་བདེ་མཆོག་གི་རྒྱུད་རྣམས་ནི་འབུམ་ཕྲག་གཅིག་ལས་བཏུས་པོ་སྡོམ་པ་འབུམ་ཅིག་ལས་བཏུས་གསུང་བའི་ཕྱིར་ན། ངེས་བརྗོད་བླ་མ་ལས་བདེ་མཆོག་གི་རྒྱུད་མན་ངག་ཐམས་ཅད་སྤྲོས་པའོ། །ཅིའི་ཕྱིར་ན། ཀུན་སྤྱོད་ཀྱི་རྒྱུད་དང་ཞུ་གཏུག་མཛོད་དང་། སྒྲིབ་པ་མེད་པ་དེ་ན་གསལ་བ་དེ། བྱང་སུ་གཅིག་པ་འདི་གྱ་གསུམ་པ་དང་གྱ་བཞི་པ་གཉིས་ཀྱི་བར་དུ་བརྒྱ་གསུམ་པ་འོག་མ་གྱ་བཞི་པ་གོང་མ་ཡིན་པར་ཤེས་པར་མཛོད། བྱང་སུ་གཅིག་པ་ནི་མེད་ན་ཅུང་ཟད་ཙམ་གྱི་ནོར་འཁྲུལ་གོང་འོག་འཆུག་པ་ཡིན་པ་བསྟན་པ་རྒྱ་མཚོ་དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་བདེ་བའི་མཆོག་དང་། སངས་རྒྱས་མཉམ་སྦྱོར་ཕྱི་མའི་ཕྱི་མ་རྟོག་པ་བསྡུས་པ་དང་། དེ་ལས་འཕྲོས་པ་བདེ་མཆོག་ལེའུ་ལྔ་བཅུ་རྩ་གཅིག་པ་འདི་བདེ་མཆོག་ཡབ་ཡུམ། དབང་ཕྱུག་ཆེན་པོ་ཡབ་ཡུམ་རྫས་དང་ཏིང་ངེ་འཛིན་སྔགས་ལ་བརྟེན་ནས་ཕྲིན་ལས་རབ་འབྱམ་སྒྲུབ་པའི་ཐུན་མོང་གི་དངོས་གྲུབ་པའི་

(༣༥༥)རྒྱུད་ཡིན་པ་ཀུན་གྱིས་མཁྱེན་པར་མཛོད། ཅིའི་ཕྱིར་ན། དབུ་ཞབས་ཀྱི་བར་དུ་མཆོག་གི་དངོས་གྲུབ་འདི་ལྟར་སྒྲུབ་བྱ་མེད་ཅིང་། ཐུན་མོང་གི་ཕྲིན་ལས་སྒྲུབ་པ་གཅིག་པུ་སྟོན་པ། བདེ་མཆོག་ཉན་བཤད་བྱེད་པ་རྣམས་ཀྱིས་མཁྱེན་ནམ་མི་མཁྱེན། དབུ་ན་འདི་སྐད་བདག་གིས་ཐོས་པ་མེད་ཅིང་། ཕྱི་མ་ལས་ཀྱང་ཕྱི་མ་སྡེ། གསུངས་པ་དང་། རྫོགས་སོ་ན་ལེའུ་འབུམ་པ་ལས་བཏུས་ཤིང་སྔགས་ཀྱི་བསྟན་བཅོས་གསུངས་པའི་ཕྱིར་ན། བདེ་མཆོག་རྩ་བའི་རྒྱུད་དུ་མི་འདོགས་པར་རྒྱུད་འཐད་དམ་མི་འཐད། དེའི་ཕྱིར་ན་རྡོ་རྗེ་འཆང་གི་རྒྱུད་རྣམས་སུ་གཅིག་རྒྱབ་གཅིག་གིས་སྐྱོང་། རྒྱུད་རྒྱུད་ཀྱིས་བཤད་པར་གསུངས་པ་མི་ཤེས་པར་གང་ཟག་གི་རང་དྲན་བྱེད་པ་རྣམས་བདག་གཞན་མང་པོའི་མགོ་སྐོར་བྱེད་ཅིང་། རྨོངས་པའི་ནང་ནས་རྨོངས་པ་ཡིན་པ་བདེ་མཆོག་ཉན་བཤད་སྒོམ་གསུམ་བྱེད་པ་རྣམས་ཀུན་གྱིས་བདེ་མཆོག་གི་རྒྱུད་ལུང་མན་ངག་ཀུན་ཤེས་ནས་རང་བཟོ་མ་བྱེད། རྒྱུད་ལུང་previous hit དགོངས next hit་ཐུགས་སུ་ཆུད་པར་མཛོད། བདེ་མཆོག་རྒྱུད་ལུང་བོད་ལ་འགྱུར་ཚད་རྣམས་ཀྱི་ནང་ན་ནི། རི་སྟེངས་པར་ཉིར་ཨཱ་ལི་ཀཱ་ལི་སྦྱོར། གསུང་བ་མ་གཏོགས་པ། འཁོར་ལོ་བཅོལ་ཐིག་རིམ་པ་ལྔ། །ལོངས་སྤྱོད་རྫོགས་པའི་གཞལ་ཡས་ཀྱི་ཁང་སོར་དང་ཚད་ལ་གཞལ་བ་དང་། མེ་ཆུ་གོ་ཟློག་ལ་སོགས་པ་རྣམས་རྒྱུད་དུ་མ་གསུངས་ཅི་འདྲ་ཡིན། དེའི་ཕྱིར་ན་རྒྱུད་རྒྱུད་ཀྱིས་བཤད། ལུང་ལུང་གིས་གཟེར་གདབ། མན་ངག་མན་ངག་གིས་ངོ་སྤྲོད་པ་མེད་པར། དམ་དུམ་རྩ་རྩི་

(༣༥༦)གོང་བཞིན་ཤེས་པ་ལ་རང་ཤེས་རང་དྲན་རང་གར་འཇུག་པ་རྣམས་ངལ་བ་དོན་མེད་མཁས་ཤིང་སྒྲུབ་པ་རྣམས་འབྲས་བུ་མེད་པར་སྡུག་བསྔལ་གྱི་རྒྱུ་ཡིན་པ། བདེ་མཆོག་མཁན་རྣམས་ཤེས་དང་མི་ཤེས་དེ་ཤེས་མཛོད། རྣལ་འབྱོར་མའི་རྒྱུད་ཀྱི་རྩ་བ་བླ་ན་མེད་པ་དཀྱིལ་འཁོར་གྱི་ཚོགས་ཕྱག་རྒྱ་ཆེན་པོ་རྩ་བའི་རྒྱུད་འདི་ལ་གནས་པ་དེ་ཁོ་ན་ཉིད་ཀྱི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་དང་། ངེས་པར་འབྱུང་བའི་རྒྱུད་བླ་མ་ཆེན་པོ་དང་། བདེ་མཆོག་སྡོམ་པ་འབྱུང་བ་དང་། ཁྲག་འཐུང་མངོན་པར་འབྱུང་བ་དང་། བདེ་མཆོག་ནམ་མཁའ་དང་མཉམ་པའི་རྒྱུད་དང་། རྣལ་འབྱོར་མ་ཀུན་ཏུ་སྤྱོད་པ་དང་། ཕག་མོ་མངོན་པར་འབྱུང་བ་དང་། སྒྱུ་འཕྲུལ་ཆེན་མོ་དང་། ཐམས་ཅད་གསང་བ་ཞེས་བྱ་བའི་རྒྱུད་དང་། གསང་ཆེན་མཆོག་དང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་དང་། སྤྱིའི་རྒྱུད་དཔལ་རྡོ་རྗེ་མཁའ་འགྲོ་མའི་རྒྱུད་དང་། ཀུན་གྱི་བཤད་རྒྱུད་ཁ་སྦྱོར་ཐིག་ལེ་རྩ་བའི་རྒྱུད་དང་། གསང་བ་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོ་དང་། དཔལ་སྟོབས་པོ་ཆེའི་རྒྱུད་དང་། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་དང་། དཔལ་རྡོ་རྗེ་མཁའ་འགྲོ་མ་གསང་བ་རྒྱུད་ཀྱི་རྒྱལ་པོ་དང་། དཔལ་ཡེ་ཤེས་ཕྲེང་བ་རྒྱུད་ཀྱི་རྒྱལ་པོ་དང་། དཔལ་ཡེ་ཤེས་འབར་བ་རྒྱུད་ཀྱི་རྒྱལ་པོ་དང་། དཔལ་ཟླ་བའི་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ་དང་། དཔལ་ཉི་མ་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོ་དང་། དཔལ་ཡེ་ཤེས་རྒྱལ་པོའི་རྒྱུད་དང་། དཔལ་མཁའ་འགྲོ་མ་དག་པའི་རྒྱུད་དང་། དཔལ་མཁའ་འགྲོ་མ་གསང་བའི་རྒྱུད་དང་། དཔལ་ཆགས་པའི་རྒྱལ་པོའི་རྒྱུད་དང་། དཔལ་གསང་བ་གཅོད་པའི་རྒྱུད་དང་། དཔལ་གསང་

(༣༥༧)བ་བསམ་གྱིས་མི་ཁྱབ་པའི་རྒྱུད་དང་། ཅི་བཞིན་རྙེད་པ་ནམ་མཁའ་ལྟ་བུའི་རྒྱུད་དང་། སྐུ་གསུང་ཐུགས་ཀྱི་རྒྱུད་དང་། རིན་ཆེན་ཕྲེང་བའི་རྒྱུད་དང་། དམ་ཚིག་ཆེན་པོའི་རྒྱུད། དཔལ་རིན་པོ་ཆེ་འབར་བའི་རྒྱུད་དང་། དཔལ་གསང་བ་བདུད་རྩིའི་རྒྱུད་དང་། དཔལ་གསང་བ་མེ་འབར་གྱི་རྒྱུད་དང་། རྣལ་འབྱོར་མ་བཞིའི་ཁ་སྦྱོར་གྱི་རྒྱུད་དང་། དཔལ་དུར་ཁྲོད་རྒྱན་གྱི་རྒྱུད་དང་། དཔལ་མེའི་ཕྲེང་བའི་རྒྱུད་དང་། དཔལ་ཡེ་ཤེས་གནས་ཀྱི་རྒྱུད་དང་། དཔལ་རྡོ་རྗེ་འཇིགས་བྱེད་རྣམ་པར་འཇོམས་པའི་རྒྱུད་དང་། དཔལ་རྡོ་རྗེ་ཕྲེང་བ་འོད་ཟེར་གྱི་རྒྱུད་དང་། རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་ཕྲེང་བ་དང་། དཔལ་སངས་རྒྱས་ཐོད་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། རྒྱུད་རྣམས་ཀུན་གྱི་ཡང་རྩེ། འདྲན་ཟླ་མེད་པའི་འཁོར་ལོ་བདེ་མཆོག་ལས། བོད་ལ་ཡང་རྒྱུད་སྡེ་མང་པོ་འགྱུར་བ་དང་། དེའི་ནང་ནས་དཀྱིལ་འཁོར་གྲངས་མེད་པ་སྟོན་པར་སྣང་སྟེ། མཁས་ལ་གྲུབ་པ་ཐོབ་པའི་པཎྜི་ཏ་རྣམས་ཀྱིས་དཀྱིལ་འཁོར་འགའ་དང་འགའ་ཞིག་ཙམ་རྒྱས་པ་དང་བསྡུས་པར་བསྟན་པ་མ་གཏོགས་པ་གཏེར་དུ་བཅུག་པ་བཞིན་རྒྱུད་རྣམས་ཀྱི་ནང་ན་སོ་སོར་བཞུགས་ནས་ཡོད་པ་ཡིན། ཟབ་མོ་གནད་ཀྱི་མན་ངག་ལས། མ་རྒྱུད་ཐམས་ཅད་ཀྱི་སྙིང་པོའི་བཅུད་བསྡུས་པ་རྗེ་ཏཻ་ལོ་པས་དབུ་མཛད་གྲུབ་ཐོབ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། རྗེ་ཆེན་པོ་ནཱ་རོ་པ་ཡིས་ཐབས་དང་ཤེས་རབ་དབྱེར་མེད་པའི་གདམ་ངག་ལ། ནམ་མཁའ་ལ་སྐར་མའི་ཚོགས་བཀྲ་བ་ལྟར་རྒྱུད་སྡེ་ཐམས་ཅད་ཀྱི་བཅུད་ཕྱུང་ནས་རྗེ་ལྷོ་བྲག་པ་དང་ཏེ་ཕུ་གསང་སྔགས་ཀྱི་སྡོང་པོ་

(༣༥༨)གཉིས་ཀྱིས་བདེ་ལ་ཐུགས་རྗེས་གཟིགས་ནས་དར་བར་བྱས་ཏེ། ཏེ་ཕུ་གསང་སྔགས་ཀྱི་མཛོད་ཐམས་ཅད་རས་ཆུང་པས་དར་བར་མཛད་པའོ། །དཔལ་དགྱེས་པ་རྡོ་རྗེ་ལས། མཁའ་འགྲོ་མའི་གནས་ན་མང་པོར་བཞུགས་པ་ལས། བོད་ཀྱི་ཡུལ་དུ་འགྱུར་བ་ལ་དགྱེས་པ་རྡོ་རྗེ་རྩ་བའི་རྒྱུད་རྡོ་རྗེའི་སྐུ་གསུང་ཐུགས་གསང་བའི་མཛོད་ལེའུ་བདུན་པ་དང་། བརྟག་པ་གཉིས་པ་དང་། མཁའ་འགྲོ་ལ་རྡོ་རྗེ་གུར་གྱི་རྒྱུད་ཀྱི་རྒྱལ་པོ་དེ་གསུམ་འགྱུར་བའོ། །ཀུན་གྱི་སྤྱི་རྒྱུད། སམ་སྦུ་ཊི་དང་བཞིར་བཞེད་པ་ཡོང་ཡོད། རྒྱ་གར་སྐད་དུ་སམ་སུ་བྱ་བར་མཚན་གསོལ་བ་དང་། བོད་སྐད་དུ། གསང་བ་ཆེན་པོ་ཁ་སྦྱོར་ཐིག་ལེའི་རྒྱུད་ཅེས་བྱ་བ་དང་། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ན་མ་རྒྱུད་ཀུན་གྱི་བཤད་རྒྱུད་བརྟག་པ་འབུམ་ལྔར་མཚན་གསོལ་བ་དང་། དཔལ་ཡང་དག་ཁ་སྦྱོར་ཐིག་ལེའི་རྒྱུད། ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་རྣམས་ཀྱི་སྤྱི་རྒྱུད་སྤྱི་ཆིངས། བརྟག་པ་འབུམ་ལྔ་ལས་བརྟག་པའི་བྱེ་བྲག་མང་དུ་མ་ཚང་བ་སྟེ། མ་ཚང་བ་ཁ་སྐོང་བའི་རྒྱུད་གསང་ཆེན་ཁ་སྦྱོར་ཐིག་ལེའི་རྒྱུད་དང་འདི་གཉིས་གཅིག་ཡིན་པར་previous hit དགོངས next hit་ལུང་བསྟན་པ་སྟེ། ཐབས་དང་ཤེས་རབ་དབྱེར་མེད་ཡེ་ཤེས་རྒྱ་མཚོ་ཀྱཻ་རྡོ་རྗེ་རང་བྱུང་སྐུ་ལྔ་ངོ་སྤྲོད་ཀྱི་གནད་དང་ལྡན་པ་རྣམས་ཀྱིས་མཁྱེན་པར་མཛོད། ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྩ་རྒྱུད་ཀྱི་རྩ་རྒྱུད་ལས་འཕྲོས་པ། རྩ་བའི་རྒྱུད་བཞི་པ་ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད། ལེགས་དགྱེས་བཅོམ་ལྡན་འདས་མས་གླེང་སློང་ཞིང་རྡོ་རྗེ་འཆང་ལ་ཞུས་པའི་སྐབས་ན།

(༣༥༩)ཐབས་དང་ཤེས་རབ་དབྱེར་མེད་ཡེ་ཤེས་རྒྱ་མཚོ་ཀྱཻ་རྡོ་རྗེ་འབུམ་ལྔའི་བདག་ཉིད། བདག་ལ་གསུངས་ཞེས་པ་ལ་སོགས་པ་མང་དུ་ཞུས་པ་དང་། ཡང་ཕྱག་རྒྱ་ཆེན་པོ་ཐིག་ལེ་དེ་ཉིད་ཀྱི་རྒྱུད་ན་གསུངས་པའི་རྒྱུད་རྣམས་སྡོམས་པ། དེ་ཁོ་ན་ཉིད་ཀྱི་སྒྲོན་མ་དང་། ཨ་ར་ལི་དང་། རི་གི་ཨ་ར་ལམ། ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྩ་རྒྱུད། སྐུ་གསུང་ཐུགས་ཀྱི་རྒྱུད་གསུམ་དང་previous hit དགོངས next hit་ལུང་བསྟན་པ་དེ། རི་གི་ཨ་ར་ལི་ལས་ཐབས་དང་ཤེས་རབ་དབྱེར་མེད་ཡེ་ཤེས་རྒྱ་མཚོ་ཀྱཻ་རྡོ་རྗེ་འབུམ་བདུན་དུ་ཡང་གསུངས་པ་སྟེ། རྒྱུད་སྡེ་གསུམ་ལས་འཕྲོས་པ་ཕྱག་རྒྱ་ཆེན་པོ་ཐིག་ལེ་དང་། ཡེ་ཤེས་སྙིང་པོ་ཐིག་ལེ་གསུམ་དུ་རྒྱུད་དེ་ཉིད་དུ་previous hit དགོངས next hit་ལུང་བསྟན་པ་སྟེ། སྡོམ་དང་སྡོམ་པ་རྒྱ་མཚོ་དང་། མཚན་དང་གསང་འདུས་རྡོ་རྗེ་འཇིགས་བྱེད་དེ། ཀུན་གྱི་བཤད་རྒྱུད་བརྟག་པ་འབུམ་ལྔ་སྟེ། གསུང་བའི་ཕྱིར་ན། རྒྱུད་དྲུག་པོ་ལ་སོགས་པ་འདི་ཕ་རྒྱུད་མ་རྒྱུད་གང་ལ་ཡང་སོ་སོར་མི་རྟོགས་ཤིང་། ཕ་རྒྱུད་མ་རྒྱུད་ཐམས་ཅད་གཉིས་མེད་དུ་སྦྱོར་བའི་སྤྱི་རྒྱུད་ཆེན་པོ་སྟེ། རྡོ་རྗེ་རིགས་ཀྱི་གནས་ལུགས་ལྔ་ཡུལ་དང་ཡུལ་ཅན་གཅིག་ཏུ་སྦྱོར་ཞིང་སྟོན་པའི་ཕྱིར་ན། སྦྱོར་དྲུག་རྣལ་འབྱོར་མའི་རྒྱུད། རིགས་ཆེན་འབྱེད་པའི་རྒྱུད་དུ་བདག་གིས་རྒྱས་པར་བཤད། གསུང་བའི་ཕྱིར་ན། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ན་རིགས་ཅན་འབྱེད་པ་ཉིས་བརྒྱ་གསུང་བ་དེ། ཚིག་བཞི་པ་རེ་རེ་ལས་ཕྱག་རྒྱ་བཞི་དགའ་བ་བཞི་དང་རྒྱུད་རེ་རེ་སོ་སོར་འབྱེད་པའི་རྒྱུད་དེ། སངས་རྒྱས་སེམས་ཅན་གཉིས་ཀའི་རིགས་ཐམས་ཅད་སོ་སོར་འབྱེད་

(༣༦༠)པ་སྟེ། འདི་ཡང་ཐབས་དང་ཤེས་རབ་དབྱེར་མེད་ཀྱི་སྐུ་བཞི་ངོ་སྤྲོད་ཀྱི་གནད་སོ་སོར་འབྱེད་པའི་རྒྱུད་ཆེན་པོ་སྟེ། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་ལུང་མན་ངག་ཐམས་ཅད་འདི་ཡིས་སོ་སོར་འབྱེད་ཅིང་གཅིག་ཏུ་ངོ་སྤྲོད་པའི་ཕྱིར་ན། རིགས་ཅན་འབྱེད་པ་དང་སྦྱོར་ས་དྲུག་ཟེར་བ་ནི་འཁོར་ལོ་ལྔ། སུམ་མདོ་མེའི་འཁོར་ལོ་དང་དྲུག །འཁོར་ལོ་ལྔ་གཅིག་ཏུ་རྫོགས་པ་རིགས་ལྔ་རྡོ་རྗེ་འཆང་དུ་རྫོགས་པའི་གནད་དང་མི་ལྡན་པའི་གསང་སྔགས་ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་རྣམས་བཤད་པ་དང་སྒོམ་པ་འབྱེད་པ་རྣམས་རྨོངས་པའི་ནང་ནས་རྨོངས་པ་ཡིན་ནམ་མིན། དེའི་ཕྱིར་ན་མཁྱེན་པ་གཉིས་དང་ལྡན་པའི་དགེ་བའི་བཤེས་གཉེན་རྣམས་previous hit དགོངས next hit་མཛད་པར་ཞུ། དགྱེས་པ་རྡོ་རྗེ་ཕྲིན་ལས་ཀྱི་རྒྱུད། འཕགས་པ་གདན་བཞི་པ་རྩ་བའི་རྒྱུད་དང་། དེའི་ཕྱི་མ་མནྟྲ་ཨང་ས་དང་། བཤད་པའི་རྒྱུད་ལེའུ་བརྒྱད་བཅུ་པ་དང་། གདན་བཞིའི་དཀྱིལ་འཁོར་ཆོ་གའི་རྒྱུད་དང་། དེ་རྣམས་གདན་བཞིའི་རྒྱུད་དོ། །previous hit དགོངས next hit་ལུང་བསྟན་གྱི་རྒྱུད་དང་། ལྷ་མོ་བཞིས་ཞུས་པ་ཞེས་བྱ་བའི་རྒྱུད། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་དང་། ཡེ་ཤེས་སྙིང་པོ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་དང་། རྡོ་རྗེ་ཨ་ར་ལིའི་རྒྱུད་དང་། འཕགས་པ་སྟོབས་པོ་ཆེའི་རྒྱུད་སྡེ་འདི་རྣམས་རྡོ་རྗེ་ཕག་མོ་རྩ་བའི་རྒྱུད་ཕག་མོ་མངོན་པར་འབྱུང་བ་ལ་རིགས་ལྔའི་མཁའ་འགྲོ་མ་ལྔའི་རྒྱུད་དང་། གནས་ཉི་ཤུ་རྩ་བཞིའི་མཁའ་འགྲོ་མ་རྣམས་ཀྱི་རྒྱུད་ཉི་ཤུ་རྩ་བཞི། རྗེ་ཏཻ་ལོ་པ་མཁའ་འགྲོ་མའི་གནས་སུ་བཞུད་ནས་གདན་དྲངས་པ་སྟེ། ཡུམ་གཙོ་ཆེར་སྟོན་པའི་རྒྱུད་རྣམས་སོ། །རྒྱུད་འདི་རྣམས་

(༣༦༡)ཀྱིས་ཐབས་ལམ་གྱི་གདམ་ངག་རྣམས་གཙོ་ཆེར་སྟོན་པ་ཡིན། དཔལ་བདེ་མཆོག་འཁོར་ལོའི་ཕྲིན་ལས་ཀྱི་རྒྱུད་དཔལ་མགོན་པོ་ཕྱག་བཞི་པ་ཡིན་ཏེ། སྤུ་གྲི་གླད་གཟེར་གྱི་རྒྱུད་དང་། ལས་གསང་བའི་རྒྱུད་དང་། ཡེ་ཤེས་མགོན་པོའི་སྐྱེ་རྒྱུད་དེ། །ཡེ་ཤེས་མགོན་པོ་ལ་རྒྱུད་གསུམ་འགྱུར་བར་སྣང་། འཇིག་རྟེན་པའི་རྒྱུད་ལ་ཐོད་པ་ནག་པོ་ལ་སོགས་པ་མང་པོ་སྣང་སྟེ་འདིར་མ་སྤྲོས་པའོ། །འདི་ཡན་ཆོད་བདེ་མཆོག་དགྱེས་རྡོར་གདན་གཞིའི་བསྟན་པ་ཕུན་སུམ་ཚོགས་པའོ།། །།ཐབས་དང་ཤེས་རབ་དབྱེར་མེད་ཀུན་ལ་ཁྱབ་པ་དཔལ་དུས་ཀྱི་འཁོར་ལོ་ཡིན་ཏེ། དུས་ཀྱི་འཁོར་ལོ་ཚེག་བར་བདུན་པ་དང་། དཔལ་དུས་ཀྱི་འཁོར་ལོ་ཚེག་བར་བཅུ་བདུན་པ་སྟེ། དུས་ཀྱི་འཁོར་ལོའི་རྒྱུད་འདི་རྣམས་ཐབས་དང་ཤེས་རབ་དབྱེར་མེད་ཀུན་ལ་ཁྱབ་པའི་རྒྱུད་དོ། །འཁོར་བ་དང་མྱ་ངན་ལས་འདས་པའི་རྩ་རླུང་བྱང་ཆུབ་སེམས་ཀྱི་དུས་དང་དུས་ཚོད་ཅི་ལྟར་དུ་རྒྱུད་གཏན་ལ་ཕབ་པ་སྟེ། འདིའི་ཤོ་ལོ་ཀ་གཅིག་གི་ནང་ན་ཡང་རྒྱུད་སྡེ་བཞིའི་གདམ་ངག་གནས་པ་ཡིན་གསུང་། བཤད་ན་ཡང་ཐམས་ཅད་ཀུན་གྱི་དོན་རྣམས་འབྱེད་པ་ག་ན་ཡོང་། དེ་ཅིའི་ཕྱིར་ན་དུས་དང་མཚམས་གོ་ཞིང་ཤེས་ནས། སྐད་ཅིག་མ་ཉི་ཤུ་རྩ་གཅིག་ལ་མཆོག་གི་དངོས་གྲུབ་ཐོབ་པའི་དུས་ཡོད་པ་ཤེས། ཟླ་བ་དྲུག་གམ་ལོ་བདུན་གྱིས་མཆོག་གི་དངོས་གྲུབ་ཐོབ་པའི་དུས་ཡིན་ཡང་ཤེས། །མི་ཚེ་གཅིག་གིས་མཆོག་གི་དངོས་གྲུབ་ཐོབ་པའི་དུས་ཡིན་ཡང་ཤེས་སོ། །དེའི་ཕྱིར་ན།

(༣༦༢)ཡེ་ཤེས་ཀྱི་རྩ་དང་ཡེ་ཤེས་ཀྱི་རླུང་དང་། ཡེ་ཤེས་གནས་ལུགས་ཀྱི་སེམས་གསུམ་དུས་མཚུངས་པ་མི་ཚེ་གཅིག་ལ་ཉུང་ཟད་གཅིག་དུས་མཚུངས་ཡང་ཤེས། དེ་ཡང་མི་རྟག་ཅིང་སྐད་ཅིག་ལ་འཁོར་བར་འགྱུར་བའི་ཕྱིར་ན། ཡེ་ཤེས་དེ་ངོས་གཟུང་བར་བྱ་བའི་ཕྱིར་ཕྱི་ནང་གི་རྩེས་འདི་རྣམས་བྱུང་བ་ཡིན། དེ་མ་གཏོགས་པ་རླུང་སེམས་ཀྱི་འདུས་ཚུལ་ཐམས་ཅད་འཁོར་བའི་ལུས་ཚུལ་ཡིན་པ་ལས་ཅི་ལྟར་དུ་རྩིས་ཀྱང་ཉ་ཆུ་ནང་ན་གནས་པ་ལ་སྐམ་པ་དང་གཤེར་བའི་ས་མཚམས་མེད། མཁས་ལ་གྲུབ་པ་ཐོབ་པ་རྣམས་ཀྱིས་དེ་ལྟར་མཁྱེན་པར་མཛོད། སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱལ་པོ་དང་། དེའི་ཕྱི་མ་གསང་བ་ཐམས་ཅད་སྟོན་པ་ཡེ་ཤེས་ཀྱིས་བྱིན་གྱིས་རློབ་པ་ཞེས་བྱ་བའི་རྒྱུད་དང་། དེའི་ཕྱི་མ་དང་། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྒྲ་ནག་པོའི་རྒྱུད་ཀྱི་རྒྱལ་པོ་དང་། །སྒྲ་ནག་ལ་གཏོགས་པའི་རྒྱུད་དྲུག་དང་། རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པ་བདུན་པ་དང་། དེའི་ཕྱི་མ་སྟེ། འདི་རྣམས་ཕ་རྒྱུད་ཀྱི་བསྟན་པ་ཕུན་སུམ་ཚོགས་པའོ། །ཕ་རྒྱུད་འདི་རྣམས་དེ་ཤཱཀྱ་ཐུབ་པ་ཞལ་བཞུགས་པའི་དུས་སུ། ཨིནྟྲ་བོ་དྷི་རྣམ་གསུམ་བྱུང་བ་ལས། ཨིནྟྲ་བོ་དྷི་ཕྱི་ཏིའི་དུས་སུ་བཅོམ་ལྡན་འདས་ཀྱིས་རྒྱུ་མཚན་ཉིད་ཀྱི་ཐེག་པ་བསྟན་པ་ལས། རྒྱལ་པོ་མ་དད་ནས། ལུམྦིའི་ཚལ་ནི་ཉམས་དགའ་བར། ཝ་ནི་སེང་གེར་གྱུར་ཀྱང་སླའི། །འདོད་པ་སྤངས་པའི་སངས་རྒྱས་ནི། །གཽ་ཏ་མ་ནམ་ཡང་མི་འདོད་དོ།

(༣༦༣)ཟེར་བ་ལས། ཤཱཀྱ་ཐུབ་པས་སྐད་ཅིག་ཙམ་གྱིས་ཁོང་བདག་ཞེ་སྡང་རྡོ་རྗེ་ཡབ་ཡུམ་དུ་བསྒྱུར་ཞིང་། འཁོར་དགེ་སློང་གི་དགེ་འདུན་རྣམས་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་བསྒྱུར་ནས། རྒྱལ་པོ་ལ་གསང་བ་འདུས་པའི་རྒྱུད་བཤད། དབང་བསྐུར་ནས་རྒྱལ་པོ་འཁོར་བཅས་མཁའ་སྤྱོད་དུ་གཤེགས་གསུངས་པའི་ཕྱིར་ན། སྔོན་བྱུང་དེ་ལྟར་བྱུང་ཞིང་ཕུན་སུམ་ཚོགས་པ་ལྔ་ཡང་དེ་ལྟར་དུ་འཆད་དགོས་པ་ཡིན། ཕྱིས་ཨོ་རྒྱན་ནས་གདན་དྲངས་ཤིང་མི་ཡུལ་དུ་བྱོན་པ་ཡིན་ཟེར་ཡང་མི་འགལ། །གསང་སྔགས་གསར་མ་ཞེས་བགྱི་བ་ལས། ཕ་རྒྱུད་མ་རྒྱུད་གཉིས་ལས། བོད་དུ་འགྱུར་བ་འདི་ཙམ་ཞིག་ལགས། འདི་བས་མང་བ་ག་ན་བཞུགས་ཀྱང་ཤེས། དེ་ལ་གསར་མ་དང་རྙིང་མ་གཉིས་ཞེས་སོ་སོར་གསུངས་པ་ལས། བདེ་གཤེགས་བཀའི་གཞུང་ལུགས་དང་སྦྱར་ན། གསར་རྙིང་གང་ལྟར་དུ་བྱུང་ན་ཡང་། རྩ་བ་རིགས་ལྔར་འདུས་པར་བཞེད་པ་ལས། འཇམ་དཔལ་སྐུའི་ལྷ་ཚོགས་ལས་ཐམས་ཅད་འཕྲོས་པར་བཞེད་པ་སྟེ། དེ་ལྟར་དུ་བྱས་ན་བདེ་དགྱེས་ཀུན་ཡང་སྐུའི་ལྷ་ཚོགས་དང་། ཟླ་གསང་གསུང་གི་ལྷ་ཚོགས་ལས་འཕྲོས་པར་བཞེད་པ་སྟེ། སྔགས་ཀྱི་ཐེག་པ་མཐུན་ཕྱོགས་སྡེབས་བྱ་བ་ཡིན། གསང་སྔགས་གསར་རྙིང་གཉིས་གདུལ་བྱ་སོ་སོ་ལ་previous hit དགོངས་ནས། སྟོན་ next hit་སོ་སོ་ནས་འཁོར་རིགས་མི་གཅིག་པ་སོ་སོ་ལ་བསྟན་པ་སོ་སོར་རླབས་པ་ཡིན་པའི་ཕྱིར་ན། རྙིང་མའི་མ་ཧཱ་ཡོ་ག་ནི་སྟོན་པ་ཀུན་ཏུ་

(༣༦༤)བཟང་པོའི་ཏནྟྲ་བཅོ་བརྒྱད་ཀྱི་འབྲེལ་ཚུལ་བསྟན་པ་རྒྱ་མཚོ་ལྟ་བུ་མཐའ་ཡས་པ་མུ་མེད་པ་བསམ་གྱིས་མི་ཁྱབ་པའི་གསང་བའི་མཛོད་ཆེན་པོ་ཡོ་ག་མན་ཆོད་ཐེག་པ་དྲུག་གི་གདུལ་བྱ་རྣམས་ཚོགས་རྫོགས་པ། སྒྲིབ་པ་བྱང་བ། རིག་འཛིན་གྱི་ས་ནོན་པའི་གདུལ་བྱ་རབ་རྣམས་ཀྱི་དོན་དུ་མཧཱ་ཡོ་ག་མི་ཡུལ་དུ་བྱོན་པ་སྟེ། ཡ་ཐོག་དང་པོའོ།། །།མི་རྣམས་ཚེ་རིང་བ་ལོངས་སྤྱོད་དང་ལྡན་པ། སངས་རྒྱས་འཇིག་རྟེན་ནས་གཤེགས་པའི་ཤུལ་དྲང་པོ་ལ་བྱོན་པ་ཡིན་པའི་ཕྱིར་ན། ཕྱི་ནང་གི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་འདུལ་བའི་དུས་ཚོད་ཡིན། གསང་སྔགས་གསར་རྙིང་གཉིས་ཀྱི་ས་མཚམས་སྟོན་པ་ནི། ཀུན་ཏུ་བཟང་པོ་དང་རྡོ་རྗེ་འཆང་གཉིས་ཀྱིས་འབྱེད་པ་ཡིན། གནས་ཀྱི་ས་མཚམས་མ་ཆགས་པདྨ་ཅན་དང་ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་ས་འབྱེད་པ་སྟེ། ཧེ་རུ་ཀ་རྣམས་ཀྱི་དབང་དུ་བྱས་ན་གསུམ་ཡིན་ཏེ། རྙིང་མའི་ཧེ་རུ་ཀ་རྣམས་ནི་འཇིགས་པ་དང་གཏུམ་པའི་ཧེ་རུ་ཀར་བཞེད་པ་སྟེ། གསར་མའི་མཧཱ་ཡོ་གའི་ཧེ་རུ་ཀ་རྣམས་ནི་སྒེག་པའི་ཆ་ལུགས་ཅན་བྱ་བ་ཡིན། ཧེ་རུ་ཀའི་ས་མཚམས་འབྱེད་པའོ། །ཧེ་རུ་ཀའི་རྒྱན་གྱི་ས་མཚམས་འབྱེད་པ་ནི། དུར་གྲོད་ཀྱི་ཆས་བརྒྱད་དང་ལྡན་པ་རྣམས་ནི། རྙིང་མའི་ཧེ་རུ་ཀ་ཡིན་ལ། རུས་པའི་རྒྱན་དྲུག་ལ་སོགས་པ་མཛེས་པའི་རྒྱན་གྱིས་བརྒྱན་པ་རྣམས་ནི་གསར་མའི་ཧེ་རུ་ཀ་ཡིན། རྡོ་རྗེའི་གཤོག་པ་ཡོད་ཚད་ཀྱི་ཧེ་རུ་ཀ་རྣམས་ནི་རྙིང་མའི་ཧེ་

(༣༦༥)རུ་ཀ་སྟེ། འཁོར་ལོ་ལ་སོགས་ཕྱག་མཚན་ལྷའི་གཤོག་པ་དང་མི་ལྡན་པའི་མཧཱ་ཡོ་ག་གསར་མའི་ཧེ་རུ་ཀའོ། །གསར་རྙིང་གཉིས་ཀྱི་བསྟན་པ་མི་ཡུལ་དུ་བྱོན་པའི་ས་མཚམས་ནི། མངལ་ཡ་དང་ཨོ་རྒྱན་གཉིས་ཀྱིས་གནས་སོ་སོར་འབྱེད། ཕྱག་ན་རྡོ་རྗེ་དང་འཁོར་ལོ་བདེ་མཆོག་གཉིས་ཀྱིས་སྟོན་པ་སོ་སོར་འབྱེད། རྒྱལ་པོ་ཛ་དང་། རྗེ་ཆེན་པོ་ས་ར་ཧ་དང་། ཏཻ་ལོ་པ་དང་། ཀླུ་སྒྲུབ་ལ་སོགས་པ་ཡིས་འཁོར་ཕུན་སུམ་ཚོགས་པ་སོ་སོར་འབྱེད། རིག་འཛིན་གྱི་བརྒྱུད་པ་དང་རྡོ་རྗེ་ཕག་མོ་ལ་སོགས་པ་མཁའ་འགྲོ་མ་རྣམས་ལ་བརྒྱུད་པས་བརྒྱུད་པ་སོ་སོར་འབྱེད་པའོ། །དུས་སོ་སོར་འབྱེད་པ་ནི། རྙིང་མའི་མཧཱ་ཡོ་ག་རྣམས་ཤཱཀྱ་ཐུབ་པ་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ཀྱི་བསྟན་པ་བྱུང་བ་ཡིན་ལ། གསར་མའི་མཧཱ་ཡོ་གའི་བསྟན་པ་ནི། ཐུབ་པ་ཆེན་པོ་འདས་ནས་ལོ་བརྒྱ་དང་བཅུ་གཉིས་ཟེར་ཡང་བརྒྱ་དང་ཉི་ཤུ་ལྷག་ཙམ་ན་བྱོན་པའི་ཕྱིར་ན་དུས་སོ་སོར་འབྱེད་པའོ། །འབྲས་བུ་ཐོབ་ཚུལ་སོ་སོར་འབྱེད་པ་ནི། རྙིང་མ་བས་བཅུ་དྲུག་ཟླ་བས་ཚེས་གྲུབ་ནས། །ལོ་སྟོང་དྲུག་བརྒྱས་མ་ཆགས་པདྨ་ཅན་གྱི་ས་ནོན་པར་བཞེད་པ་སྟེ། གསང་སྔགས་གསར་མའི་འབྲས་བུའི་འཆར་ཚུལ་ནི། །དབང་པོ་ཡང་རབ་སྐད་ཅིག་མ་ཉི་ཤུ་རྩ་གཅིག་གིས་དོན་དམ་པའི་བདེན་པ་མཐོང་ནས། །མི་ཚེ་གཅིག་གིས་གྲུབ་ཆེན་བརྒྱད་དམ། ཏཻ་ལོ་པ་ལ་སོགས་པ་ལྟ་བུར། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་གནོན་པ་སྟེ། །མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས་ཀྱང་། །རྡོ་རྗེ་ཐེག་

(༣༦༦)པ་བླ་ན་མེད། །རྡོ་རྗེ་ཕག་མོས་བྱིན་རླབས་ཤིང་། །མཁའ་འགྲོ་རྣམས་ཀྱིས་ལུང་བསྟན་ནས། །ཚེ་འདིར་གྲུབ་པ་མངོན་བྱས་ཏེ། །ཞེས་གསུངས་པའི་ཕྱིར་ན། འབྲས་བུའི་ཐོབ་ཚུལ་ས་མཚམས་འབྱེད་པ་སྟེ། གསར་རྙིང་གཉིས་ཀྱི་ས་མཚམས་མ་འདྲེས་ཤིང་སོ་སོར་ཡོད་ལགས། མཧཱ་ཡོ་གའི་ལུགས་ཀྱིས་རང་དོན་དང་གཞན་དོན་ཏ་ན་དང་འགའ་ནས་སྒྲུབ་པ་ལས། རྙིང་མའི་མཧཱ་ཡོ་གས་ཏ་ན་དང་འགའ་གཉི་ག་དངོས་གྲུབ་སྒྲུབ་པ་ཡིན། གསར་མའི་རྒྱུད་ནས་གཉི་ག་གསུངས་པར་སྣང་སྟེ་ཏ་ན་མངོན་དུ་མ་བྱུང་བར་འདུག། སྡོམ་པ་རྒྱ་མཚོའི་རྒྱུད་ལས་ཀྱང་། ལས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་ཏེ། སྦྱོར་བ་གསུམ་དུ་གསུངས་པ་ལས། ཕྱི་ཚོགས་ཀྱི་མཆོད་པ། །ནང་ཚོགས་ཀྱི་མཆོད་པ་དང་། གསང་བའི་ཚོགས་ཀྱི་མཆོད་པ་གསུམ་དུས་གཅིག་ལ་སྦྱོར་ཞིང་བསྐོར་བ་ཡིས་དངོས་གྲུབ་ཐམས་ཅད་སྒྲུབ་པར་གསུངས། རྗེ་ཏཻ་ལོ་པའི་ལུགས་ཀྱིས། ཤིན་ཏུ་ཟབ་ལ་རྒྱ་ཆེ་བ་ཕྲ་ཞིང་ལྟ་དཀའ་བའི་གདམ་ངག་གྲངས་མེད་པ་སྟེ། སྔགས་གསར་རྙིང་གཉིས་ཀྱི་ཏ་ན་དང་འགའ་ན་གཉིས་ཀྱིས་མཚམས་འབྱེད་པའོ། །སྔགས་རྙིང་མའི་ལུགས་ཀྱི་མཧཱ་ཡོ་གའི་ལུགས་ཀྱི་ཚོགས་ལམ་དང་སྦྱོར་ལམ་གཉིས་ཀྱིས་ལམ་བསྒྲོད་ཅིང་། བསྙེན་པ་དང་སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་གསུམ་གྱིས་ཚེ་དབང་བསྒྲུབས་ནས། མ་ཆགས་པདྨ་ཅན་དུ་སངས་རྒྱ་བར་བཞེད་པ་ཡིན། གསང་སྔགས་གསར་མ་བ་ཡིས་ཕ་རྒྱུད་ཐམས་ཅད་རིམ་པ་ལྔ། མ་རྒྱུད་ཐམས་ཅད་ཕྱག་རྒྱ་བཞིས་བཞིས་ཐབས་དང་ཤེས་རབ་གཉིས་མེད་

(༣༦༧)དུ་སྦྱར་ནས། ས་ལམ་བསྒྲོད་ཅིང་ཡི་གེ་འཁོར་ལོ་ཚགས་ཆེན་གྱི་ས་སངས་རྒྱ་བར་བཞེད་པ་སྟེ། གསར་རྙིང་གཉིས་ཀྱི་ལམ་བསྒྲོད་ཚུལ་སོར་འབྱེད་པའོ། །གསང་སྔགས་གསར་མའི་དབང་དུ་བྱས་ན། རྙིང་མའི་མཧཱ་ཡོ་ག་མན་ཆོད་ཐེག་པ་ཕྱེད་དང་བདུན་དུ་ཕྱི་རྒྱུད་སྟེ། གསུམ་མན་ཆོད་དུ་སྨིན་པ་རྒྱ་མཚོའི་ལམ་བསྒྲོད། རྙིང་མའི་མ་ཧཱ་ཡོ་ག་མན་ཆོད་དུ་གྲོལ་བ་རྒྱ་མཚོའི་ལུང་ཆེན་ཐོབ་པ་ཡིས། གསར་མའི་མཧཱ་ཡོ་ག་ནི། དེ་ལྟར་དུ་ཡོན་ཏན་རྫོགས་པའི་སྐྱེས་བུ་སྐལ་བ་དང་ལྡན་པ་འགའ་ཞིག་གི་ཤེས་བྱའི་སྒྲིབ་པ་ཆ་ཕྲའུ་སེལ་བའི་ཆེད་དུ། རང་བྱིན་གྱིས་བརླབས་པའི་ཕྱིར་ན། ཤིན་ཏུ་ཕྲ་ཞིང་མན་ངག་ཟབ་པ་སྟེ། བདེ་མཆོག་ཧེ་རུ་ཀ་ངེས་པར་འབྱུང་བ་ལས་ཀྱང་། ཐབས་མང་ཐབས་མྱུར་ཐབས་ཟས་ཐབས་ཆེ་དཀའ་བ་མེད་པའི་ཕྱིར་ན། སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུང་པའི་ཕྱིར། རླུང་སེམས་ཀྱི་ལུས་ཚུལ་རེ་རེ་ལ་བརྟེན་ནས། དཀར་བ་དང་ནག་པ་དང་མཆོག་གི་དངོས་གྲུབ་ཐོབ་པ་ལ་སོགས་པ་འབྲས་བུ་གྲངས་མེད་པ་འགྲུབ་པའི་ཕྱིར་ན། དུས་ཀྱི་འཁོར་ལོ་སྣ་ཚོགས་འགྲུབ། ཟེར་བའི་དོན་ཡང་འདི་ལྟ་བུ་ལ་previous hit དགོངས next hit་ཡིན། དེའི་ཕྱིར་ན་གསར་མའི་བླ་ན་མེད་པའི་རྒྱུད་རྣམས་ཀྱི་ནི་ཕྱིའི་དཀྱིལ་འཁོར་དང་། ཕྱག་རྒྱ་དང་། སྤྱོད་པ་སྣ་ཚོགས་གཙོ་ཆེར་མི་སྟོན་ཏེ། །རང་གི་ལུས་ངག་ཡིད་གསུམ་ལ་ནང་གི་དཀྱིལ་འཁོར་དང་། གསང་བའི་དཀྱིལ་འཁོར་དང་། དེ་ཁོ་ན་ཉིད་ཀྱི་དཀྱིལ་འཁོར་ཏེ། དཀྱིལ་འཁོར་གསུམ་གཙོ་ཆེར་སྟོན་

(༣༦༨)པའོ། །དེའི་ཕྱིར་ན་མཧཱ་མ་ཡའི་རྒྱུད་ལས་ཀྱང་། །སྔགས་དང་དབྱིབས་དང་ཆོས་བདག་མེད། །འདི་དག་རྣལ་འབྱོར་གསུམ་ཡིན་ཏེ། །སྲིད་པ་གསུམ་གྱིས་གོས་མི་འགྱུར། །ཞེས་གསུང་པའི་ཕྱིར་ན། རླུང་སེམས་དུས་ཀྱི་འཁོར་ལོ་ལྟར། །ཡེ་ཤེས་གནས་སུ་འདུས་ལགས་ན། སྐད་ཅིག་མ་ཉི་ཤུ་རྩ་གཅིག་གིས་དབང་པོ་ཡང་རབ་མཆོག་གི་དངོས་གྲུབ་ཐོབ་པར་བཞེད་པའོ། །ཐེག་པ་བདུན་གྱི་ལྟ་སྒོམ་སྤྱོད་པ་འབྲས་བུ་རྣམས་ལུས་སེམས་རླུང་གི་དཀྱིལ་འཁོར་དུ་སོ་སོར་འབྱེད་ཅིང་དུས་དང་དུས་ཀྱི་འཁོར་ལོ་ཤེས་པར་ཟབ་མོ་མཁའ་འགྲོའི་སྲོག་སྙིང་རྣམས། ཡིག་ནག་ཀློག་ཅིང་སྒྲ་ཕྱིར་འབྲངས་ནས། གདུལ་བྱ་མི་ཤེས་རྨོངས་པ་རྣམས་ལ་རླུང་སེམས་ཁྲིད་རྣམས་བྱེད་པ་ཡང་། དཔེར་ན་ཕག་རྒོད་ཐུར་ལ་ཞོན་པ་དང་། རལ་གྲི་ཟས་སུ་ཟ་བ་འདྲ། །དངོས་གྲུབ་མི་ཐོབ་ཅིང་སྡུག་བསྔལ་སྣ་ཚོགས་འབྱུང་བའི་ཕྱིར་ན་རླུང་སེམས་གཏུམ་མོའི་གདམ་ངག་ཀྱང་། ལུས་ཅན་ཀུན་གྱི་སྤྱོད་ཡུལ་མ་ཡིན་གསུང་། མཧཱ་ཡོ་ག་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། མ་ཧཱའི་རྣལ་འབྱོར་དང་། མཧཱ་ཡོ་གའི་རྣལ་འབྱོར་ཆེན་པོ་དང་། མཧཱ་ཡོ་གའི་ཨ་ནུ་ཡོ་ག་སྟེ། གསང་སྔགས་གསར་མའི་ཕ་རྒྱུད་མ་རྒྱུད་འདི་རྣམས་ཏེ། མཧཱ་ཡོ་གའི་ཨ་ནུ་ཡོ་ག་ཙམ་ཡིན་པའི་ཕྱིར་ན། གྲུབ་ཆེན་བརྒྱད་ལྟ་བུར་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་གྲངས་ཅན་དྲུག་བཅུ་རྩ་བཞི་དང་། གྲངས་མེད་ཚད་ལས་འདས་པ་དེ། རླུང་སེམས་གཉིས་ཀྱི་དཀྱིལ་འཁོར་དུ་ཡིན་ལུགས་ཤེས་པ་ཙམ་གྱིས་གྲོལ་ཞིང་གཉིས་སུ་མེད་པར་སྦྱོར་བ་ཙམ་གྱིས་གྲོལ་ཞིང་རྟོགས་པ་ཡིན་པའི་

(༣༦༩)ཕྱིར་ན། ལམ་ཤིན་ཏུ་ཉེ་བར་གསུངས་པ་ཡིན། དེའི་ཕྱིར་ན་མཁས་ལ་གྲུབ་པ་ཐོབ་པར་འདོད་ན། གསང་སྔགས་གསར་མའི་རྣལ་འབྱོར་པ་རྣམས་ཡིན་ན་ཡང་། ཕ་རྒྱུད་མ་རྒྱུད་འདི་རྣམས་གཅིག་རྒྱབ་གཅིག་གིས་སྐྱོང་བ་དང་། དེའི་དོན་རྣམས་གསལ་བར་བྱེད་པ་མཁས་ལ་གྲུབ་པ་ཐོབ་པའི་གདམ་ངག་རྣམས་ཡིན་པའི་ཕྱིར་ན། རྒྱུད་སྡེ་ཐམས་ཅད་ཀྱི་སྒྲ་ཤེས་པར་བྱའོ། །དོན་ཤེས་པར་བྱ་སྟེ། ཀུན་གཞི་ཀུན་གྱི་རྒྱུད་རྣམས་ཤེས་པར་བྱ་ཞིང་། བསྒྲོད་བྱ་ལམ་གྱི་རྒྱུད་རྣམས་ལ་མཁས་པར་བསླབས་ཤིང་། ཐོབ་བྱ་འབྲས་བུའི་རྒྱུད་རྣམས་གོ་བར་བྱའོ། །རྒྱུད་ཆུང་ཉི་ཤུ་ཙམ་རེའི་སྒྲ་དང་དོན་གོ་བ་ཡང་དཔེར་ན་འཛམ་བུ་གླིང་གི་སའི་དཀྱིལ་འཁོར་ནས་ཕུལ་ཁམས་ཙམ་རེ་ཤེས་ཤིང་དེ་ལ་དབང་བསྒྱུར་བ་དང་འདྲ་སྟེ། དེ་ཡང་དབྱེ་ན་གཉིས་ཡིན། བསླབས་ནས་ཤེས་བྱ་གཏན་ལ་ཕབ་ནས་ཤེས་པ་དང་། བསྒོམས་ནས་དེ་བཞིན་གཤེགས་པ་ལྔའི་ཕོ་བྲང་དུ་རླུང་སེམས་འདུས་པའི་སྟོབས་ཀྱིས་རྩའི་མདུད་པ་ཕྱོགས་རེ་ཙམ་གྲོལ་བའི་དབང་གིས་བཀའ་དང་བསྟན་བཅོས་རྣམས་ལ་ཅུང་ཟད་ཙམ་རེ་གོ་ཞིང་རྟོགས་པ་འབྱུང་སྟེ། ཕྱོགས་མེད་གོ་ཞིང་རྟོགས་པ་མ་ཡིན་པའི་ཕྱིར་ན། མ་འོངས་པའི་གདུལ་བྱ་རྣམས་ཀྱང་། བདེ་གཤེགས་བཀའ་ལ་ལུང་ཆེན་མ་ཐོབ་ཀྱི་བར་དུ་རྨོངས་པ་རང་མགོ་མི་སྐོར་ཞིང་ཞིང་། བདེ་བར་གཤེགས་པའི་བཀའ་རྣམས་ལ་སྒྲོ་དང་སྐུར་པ་མི་གདབ་འཚལ། དཔལ་འཁོར་ལོ་བདེ་མཆོག་གི་སྐུ་གསུང་ཐུགས་ཀྱི་ངོ་བོ། །རྗེ་ཏཻ་ལོ་པ་ལས་དཔལ་རྡོ་རྗེ་སེམས་དཔའ་དང་ཐ་དད་མེད་པའི་པཎ་

(༣༧༠)ཆེན་ནཱ་རོ་པས། དཀའ་བ་བཅུ་གཉིས་སུ་སྤྱད་ནས་གསང་སྔགས་གསར་མའི་ཕ་རྒྱུད་མ་རྒྱུད། ཟབ་མོ་གདམ་ངག་དང་བཅས་པ་རྣམས་ལྷན་སྐྱེས་ཡེ་ཤེས་ཆོས་སྐུ་བྱིན་རླབས་ཀྱིས་རྩལ་ཆེན་རྫོགས་པར་མཛད་ནས་སྒྲ་དང་དོན་རྣམས་སྣང་སྲིད་བླ་མེད་རྒྱུད་ཀྱི་ཕུང་པོར་གསུངས་པ་ཡིན། རྗེ་ཆེན་པོ་ནཱ་རོ་པ་ཡང་རྗེ་མར་པ་ལོ་ཙའི་དོན་དུ་བྱོན་པ་སྟེ། རྗེ་ཏཻ་ལོ་པའི་ཞལ་ནས་ཀྱང་། མར་པ་བོ་དྷི་མ་རིག་མིག་གི་མུན་པ་སོལ། གསུང་ནས་ལུང་བསྟན་པ་ཡིན། རྗེ་མར་པ་ལོ་ཙ་ཡང་། ནཱ་རོ་དང་མཻ་ཏྲི་ཀུ་ཀུ་རི་གསུམ་གྱིས་བྱིན་གྱིས་བརླབས་ཤིང་། གསར་མའི་མཧཱ་ཡོ་གའི་ཕ་རྒྱུད་མ་རྒྱུད་རྣམས་ཀྱི་སྒྲ་དང་དོན་འགྲེལ་པ་དང་གདམ་ངག་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་པ་སྟེ། རྗེ་མར་པའི་ཞལ་ནས་ཀྱང་། སྐུ་སྙན་པ་ཅན་གྱི་རྗེ་བཙུན་ལ། ལོ་དྲུག་ཟླ་བ་བདུན་དུ་བསྟེན། །ཕ་རྒྱུད་གསང་བ་འདུས་པ་དང་། །རྒྱ་མཚོ་ལྟར་ཟབ་བདེ་མཆོག་དང་། །ཟབ་མོར་གྲགས་པའི་དགྱེས་རྡོར་མཉན། །མ་རྒྱུད་མཧཱ་མ་ཡ་དང་། ཡང་སྙིང་བདེ་མཆོག་སྙན་རྒྱུད་ཞུས། གསུངས་པ་དང་། ཡང་ལམ་ན་ཚུར་བྱོན་པའི་མགུར་གྱི་ནང་ན། གདན་བཞི་དང་དུས་འཁོར་གྱིས་སྣ་དྲངས་པའི། རྒྱུད་སྡེ་ཟད་པ་མེད་པ་ཤེས་གསུངས་པའི་ཕྱིར་ན། གསང་སྔགས་གསར་མའི་རྒྱུད་དང་གདམ་ངག་རྣམས་རྗེ་མར་པས་བོད་ཀྱི་ཡུལ་དུ་དར་ཞིང་རྒྱས་པར་མཛད་ནས། དེའི་སྙིང་པོའི་དོན་རྗེ་བཙུན་མི་ལས་བསྒྲུབས་པས་གྲུབ་ཐོབ་གནམ་གྱི་སྐར་མ་ཙམ་བཏོན་པ། དེ་ལ་རྗེ་ཆེན་པོ་ཏེ་ཕུ་པས་བྱང་ཆུབ་

(༣༧༡)སེམས་དཔའ་རྡོ་རྗེ་ཆོས་ཀྱི་སྤྲུལ་པ་སྟེ། གཞན་སྣང་དུ་འཕོ་བ་གྲོང་འཇུག་མཛད་ནས། རྗེ་བཙུན་ནཱ་རོ་པས་བྱིན་གྱིས་བརླབས་ནས་ཆོས་ཀྱི་དབྱིངས་རབ་འབྱམ་དག་སྣང་བདེ་བ་ཆེན་པོའི་ཨོ་རྒྱན་དུ་ཤར་ནས། གྲུབ་ཆེན་བརྒྱད་དང་། གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་ལྔ་དང་། གྲུབ་ཐོབ་བརྒྱད་བཅུ་རྩ་བཞིས་བྱིན་གྱིས་བརླབས་ཤིང་། གདམ་ངག་གི་བཅུད་འཐུངས་པ་སྟེ། གསང་སྔགས་ཀྱི་སྡོང་པོར་ཡོངས་སུ་གྲགས་པ་དེ་ལ། རྗེ་ཆེན་པོ་རས་ཆུང་པ་ཡིས་མཉེས་པ་གསུམ་གྱིས་མཉེས་པར་མཛད་ནས། རྒྱུད་དང་གདམ་ངག་གི་མཛོད་ཐམས་ཅད་བྱིན་གྱིས་བརླབས་ཤིང་གནང་ནས། བོད་ཀྱི་ཡུལ་དུ་བྱོན་པའི་ཐུགས་ཀྱི་སྲས་མཆོག་ཟངས་རི་འགྲོ་མགོན་རས་པ་སྟེ། དེ་ཡིས་སྨིན་པ་དང་གྲོལ་བར་མཛད་ཅིང་། རྒྱུད་དང་མན་ངག་སྙན་རྒྱུད་ཀྱི་ཚོགས་རྣམས་བུམ་པ་གང་བྱོའི་ཚུལ་དུ་ཐུགས་སུ་ཆུད་པ་ནི། འགྲོ་མགོན་གྲུ་གུ་རས་ཆེན་སྟེ། མར་པ་ལྷོ་བྲག་པའི་previous hit དགོངས next hit་མཐའ་ཡས་རྒྱ་མཚོ་ལྟ་བུ་དེ། རྗེ་དུས་གསུམ་མཁྱེན་པའི་ཐུགས་སུ་ཆུད་ཅིང་གྲུབ་པ་ཐོབ་པའི་ཕྱིར་ན། བརྒྱུད་པ་ཡང་གཉིས་ཀྱི་བྱིན་རླབས་དང་། རྒྱུད་སྡེ་དང་གདམ་ངག་གི་རྐང་ཐབས་དཔེར་ན། ཆུ་བོ་ཆེན་པོ་སོ་སོར་འབབ་ཀྱང་། རྒྱ་མཚོ་ལ་ཐིགས་པའི་དུས་སུ་ཆུར་རོ་གཅིག་པ་བཞིན་དུ་རྒྱུད་པ་ཡང་གཉིས་ཀྱི་རྐང་དང་། བྱིན་རླབས་སྙན་རྒྱུད་ཀྱི་གདམ་ངག་ཐམས་ཅད་འགྲོ་བའི་མགོན་པོ་སངས་རྒྱས་རས་པ་ཆེན་པོའི་སྐུ་གསུང་ཐུགས་རྒྱ་མཚོ་ལྟ་བུ་ལ་འདུས་ཤིང་རྫོགས་པ་སྟེ། དེའི་སྒྲ་དང་དོན། གདམ་ངག་དང་གནད། མཁྱེན་པ་དང་ཡེ་ཤེས་

(༣༧༢)བླ་མ་རིན་པོ་ཆེའི་སྐུ་གསུང་ཐུགས་ལ་རྫོགས་པར་བྱོན་པ་སྟེ། དཔེར་ན་མར་མེ་གཅིག་གིས་གཅིག་གཏམས་ཀྱི་ཚུལ་དུ་ལུང་བསྟན་མཁའ་འགྲོ་གསང་བའི་མཛོད་རྣམས་སྐལ་ལྡན་སྐྱེས་བུ་དམ་ཚིག་དང་ལྡན་པ་རྣམས་ཀྱིས་ཡིན་ལུགས་ཤེས་པ་དང་། ཉན་ཅིང་བསྒོམས་པ་ཙམ་གྱིས་དངོས་གྲུབ་སྣ་ཚོགས་མྱུར་དུ་ཐོབ་པ་སྟེ། རྗེ་ཏེ་ཕུ་པའི་ཞལ་ནས་ཀྱང་། །སངས་རྒྱས་ཆོས་རྣམས་ཕྱིའི་རྒྱ་མཚོ་འདྲ། །ཐབས་དང་ཤེས་རབ་གཉིས་མེད་སྦྱོར། །གདམ་ངག་ནི་འཆི་མེད་བདུད་རྩི་འདྲ། །གང་ཞིག་རེག་དང་འཐུངས་ཙམ་གྱིས། །འཆི་མེད་རྡོ་རྗེ་ཚེ་ཐོབ་འགྱུར། །ཞེས་གསུངས་པའི་ཕྱིར་ན། མཁས་ལ་གྲུབ་པ་ཐོབ་པའི་ཟབ་མོ་གནད་ཀྱི་རྒྱ་མཚོ་ལས། རང་བྱུང་རྣལ་འབྱོར་རྡོ་རྗེ་ཡིས་ཕྱོགས་མེད་དུ་གོ་ཞིང་ཕྱོགས་རིས་མེད་པར་སྒྲུབས། ཕྱོགས་མེད་པའི་དོན་རྟོགས་ནས། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལ་སྒྲ་དོན་མ་འདྲེས་ངོ་བོ་གཅིག་ལ་སོ་སོར་རྟོགས་པའི་ཕྱིར་ན། ཕྱག་རྒྱ་ཆེན་པོ་མཧཱ་མུ་དྲ་ཆོས་དབྱིངས་ཡེ་ཤེས་ལྔ་དང་ལྡན་ཞིང་། འགྲོ་དྲུག་ཡོངས་ཀྱི་མ་རིག་པའི་མུན་པ་སེལ་བར་མཛད་པ། རྟོགས་པ་རབ་འབྱམ་སྤྲིན་མེད་པའི་ནམ་མཁའ་ལ་ཉི་མ་དང་ཟླ་བ་ཤར་བ་འདྲའོ། །མ་འོངས་པའི་དུས་ཀྱི་གདུལ་བྱ་རྣམས་ཀྱིས་ཀྱང་། རྗེ་ནཱ་རོ་བརྒྱུད་པའི་ལུགས་ཀྱིས། ཨ་ནུ་མན་ཆོད་ཐེག་པ་བརྒྱད་ཀྱི་རྒྱུ་རྟོགས་པར་བྱའོ། །ལམ་རྟོགས་པར་བྱ་སྟེ། འབྲས་བུ་རྟོགས་ཤིང་ཡོངས་སུ་རྫོགས་ནས་རྣལ་འབྱོར་བླ་ན་མེད་པའི་previous hit དགོངས next hit་ཡོངས་སུ་རྫོགས་པ་ཡིན་པའི་ཕྱིར་ན། གདུལ་བྱ་ཀུན་གྱིས་དེ་ལྟར་མཁྱེན་

(༣༧༣)པར་མཛོད། ནང་པ་སངས་རྒྱས་པའི་གྲུབ་མཐའ་ཐེག་previous hit ་བརྒྱད་བཞེད་དགོངས next hit་སོ་སོར་སྣང་ན་ཡང་། བརྒྱུད་པ་ཡང་གཉིས་ཀྱིས་བྱིན་གྱིས་བརླབས་previous hit ། རྗེ་གྲུ་གུ་རས་ཆེན་གྱི་བཞེད་དགོངས next hit་ཀྱིས། ཕུང་པོ་ཁམས་དང་རྟེན་འབྲེལ་སོགས། །གྲངས་ཅན་དྲུག་བཅུ་རྩ་བཞི་དང་། གྲངས་མེད་ཚད་ལས་འདས་པ་རྣམས། །སངས་རྒྱས་ལྔ་ཡི་ཕོ་བྲང་དུ། །ཐབས་དང་ཤེས་རབ་གཉིས་མེད་སྦྱོར། །གཡོ་བ་རླུང་གི་ལྕགས་གིས་བསྐུལ། །ཀུན་མཁྱེན་དུས་ཀྱི་འཁོར་ལོ་ཡིས། །དུས་དང་དུས་གནད་གཏན་ལ་ཕབ་ནས། ཐེག་པ་དགུའི་དམར་ཁྲིད། ཨེ་མ་ངོ་མཚར་མི་ཆེའམ། མ་འོངས་པའི་གདུལ་བྱ་རྣམས་ཀྱང་། འདི་ལྟ་བུའི་རྒྱུད་དང་རྒྱུད་དུ་འབྲེལ་བའི་ཐེག་པ་དགུ་འམ་དམར་ཁྲིད་གོ་ཞིང་བསྒོམས་ནས། རྟོགས་པ་མཐར་ཕྱིན་པའི་དུས་སུ། མཁྱེན་པ་གཉིས་དང་ལྡན་པའི་སྒོམ་ཆེན་བྱ་བ་ཡིན། སྐལ་བ་དང་ལྡན་པ་རྣམས་ལ་ཟབ་མོ་སྔགས་ཀྱི་སྒོམ་ཁྲིད་མཛད་ནས་རྟོགས་ལྡན་དཔག་ཏུ་མེད་པ་འབྱུང་བར་གསུངས། དེའི་ཕྱིར་ན། སངས་རྒྱས་ལྔའི་ཕོ་བྲང་དུ་རླུང་སེམས་མཆོག་ཏུ་འདུས་ལགས་ཤིང་། དེ་བཞིན་གཤེགས་པ་ལྔ་ཡིས་བྱིན་གྱིས་རླབས་ནས། ཐམས་ཅད་དག་པའི་སྣང་བ་ཕྱིན་པའི་ཕྱིར་ན། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུས་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་བླ་ན་མེད་པའི་རྒྱུད་དུ་གསུངས་ཤིང་ངོ་སྤྲོད་པར་བཤད། དེའི་ཕྱིར་ན་རྡོ་རྗེ་ཕག་མོ་རྣལ་འབྱོར་སྤྱོད་པའི་རྒྱུད་ལས་ཀྱང་། མགྲིན་པ་ལོངས་སྤྱོད་འཁོར་ལོར། ཨཱ་ལི་ཀཱ་ལི་མཉམ་སྦྱོར་ཞིང་། །རྩ་མདུད་པདྨ་ཁ་འབྱེད་པས་

(༣༧༤)མི་ཟད་གསུང་ལ་རང་དབང་ཐོབ། །ཅེས་གསུང་པའི་ཕྱིར་ན། དཔལ་དུས་ཀྱི་འཁོར་ལོ་ཚེག་བར་བདུན་པའི་བཞེད་ཀྱིས། ཐབས་ཤེས་རབ་ཆ་མཉམ་པའི་རླུང་སེམས་འདུས་ན། གསུང་གི་དངོས་གྲུབ་ཐོབ་པར་བཤད། དེའི་ཕྱིར་ན་ཉི་མ་དང་ཟླ་བ་གཟས་ཟིན་པ་གཏན་ལ་ཕབ་པ་སྟེ། དོན་འདི་འདྲ་བ་གཅིག་ལ་previous hit དགོངས next hit་ཡིན། །བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་ཕུན་སུམ་ཚོགས་པ་གསལ་བྱེད་སྒྲོན་མ་ལས་ཐེག་པ་བདུན་གྱི་previous hit དགོངས next hit་སོ་སོར་རྟོགས་པའི་བར་སྐབས་ཏེ་ས་མཚམས་དགུ་པའོ།། །།དམ་པའི་ཆོས་འདི་ཉན་པ་དང་བཤད་པ་དང་སྒོམ་ཞིང་རྟོགས་ནས་གཞན་དོན་རྒྱ་ཆེན་པོ་མཛད་པའི་སྒོམ་ཆེན་པ་རྣམས་ཀྱི། དཔའ་བོ་མཁའ་འགྲོ་དང་ཆོས་སྐྱོང་བསྲུངས་མ་རྣམས་ཀྱིས་ཀྱང་བར་ཆོད་སོམ་ཞིག །སྟོངས་གྲོགས་མཛོད་ཅིག །དངོས་གྲུབ་སྟེར་ཞིང་བསྟན་པ་མུན་དུ་རྒྱས་པར་མཛོད་ཅིག །མཧཱ་ཡོ་གའི་བཀའ་བསྲུངས་དཔལ་མ་མགོན་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱིས། བསྟན་པ་རྒྱ་མཚོ་མཐའ་ཡས་འདི་འཛམ་བུའི་གླིང་དུ་ཡུན་རིང་དུ་དར་བར་མཛོད་ཅིག །བདག་པོ་མཛོད་ཅིག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །།ཨ་ནུ་ཡོ་ག་ཞེས་བྱ་བ་ནི། ཐེག་པ་རིམ་པ་དགུའི་སྤྱི་ལུང་ཡིན་པའི་ཕྱིར་ན། ཐེག་པ་རིམ་པ་དགུའི་ཕུན་སུམ་ཚོགས་པ་དང་སྦྱོར་དགོས་པའི་ཕྱིར་ན། ཨ་ནུ་ཡོ་ག་ཉིད་ལ་ཕུན་སུམ་ཚོགས་པ་རྣམ་པ་ལྔའི་རང་གར་ཐོབ་སྐལ་མེད་བྱ་བའི་ལུང་

(༣༧༥)ཡང་ཡོད་གསུངས་ཏེ། ཨ་ནུ་ཡོ་ག་ཉིད་ལ་ཡང་ཕུན་སུམ་ཚོགས་པ་རྣམ་པ་ལྔ་དབུ་ཞབས་སུ་རྫོགས་པའི་ཐོབ་སྐལ་ཡོད་པ་ཡང་མི་འགལ། ཀུན་བཟངས་དྲུག་པ་རྡོ་རྗེ་འཆང་། འོག་མིན་ཆོས་ཀྱི་དབྱིངས་ན་བཞུགས། །རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གསུམ། །དབྱིངས་དང་ཡེ་ཤེས་རོ་མཉམ་ཞིང་། །འཆར་ནུབ་མེད་པའི་ལྷ་ཚོགས་ལ། །འདུ་འབྲལ་མེད་པར་ཕྱག་འཚལ་ལོ། །ཨ་ནུ་ཡོ་ག་འོག་མིན་དུ་བྱུང་བའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་ནི། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་ལྷུན་གྱིས་གྲུབ་པའི་མཐའ་དང་དབུས་མེད་པ་དངོས་པོ་གཤིས་ཀྱི་གནས་ལུགས་ལ། འཁོར་འདས་ཐམས་ཅད་ཡོངས་སུ་རྫོགས་པའི་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ། སྲས་དང་དཀྱིལ་འཁོར་རྣམ་པ་གསུམ་རང་བཞིན་ལྷུན་གྱིས་གྲུབ་པར་བཞུགས་པ་ལས། ཨོཾ་མུམ་ཞེས་བྱ་བ་ནི་དཀྱིལ་འཁོར་གསུམ་སྟེ། ཡི་གེ་གསུམ་པོ་འདི་རང་བཞིན་ངོ་བོ་མཚན་ཉིད་ཡོངས་སུ་རྫོགས་པའི་ཡི་གེ་ཆོས་ཀྱི་དབྱིངས་དང་མཉམ་པར་མ་ཁྱབ་པ་མེད་པའི་ཕྱིར་ན། གྲངས་ཅན་གྱི་ཡི་གེ་དང་གྲངས་མེད་ཀྱི་ཡི་གེ་འཁོར་འདས་ཀྱི་ས་བོན་དུ་གནས་པའི་ཕྱིར་ན། རྗོད་དུ་ཡོད་པའི་ཡི་གེ་དང་རྗོད་དུ་མེད་པའི་ཡི་གེ་རྣམ་པ་སྣ་ཚོགས་སུ་ཤར་ཞིང་། དཔེར་ན་ས་བོན་ལ་མྱུ་གུས་ཁྱབ་པའམ། ཆུ་ལ་རླན་གྱིས་ཁྱབ་པ་བཞིན་དུ་ཐམས་ཅད་རང་བཞིན་གྱིས་ངོ་བོ་མཚན་ཉིད་དུ་བཞུགས་པ་ལས། སྟོན་པ་བསྟན་པ་གང་གི་ཡང་ཐ་སྙད་མི་འདོགས་པ་ནི་ཨ་ནུ་ཡོ་གའི་ཆོས་ཀྱི་དབྱིངས་

(༣༧༦)ཀྱི་གཞལ་ཡས་ན། དཀྱིལ་འཁོར་གསུམ་ལྡན་གྱི་ཀུན་ཏུ་བཟང་པོ་ཡབ་ཡུམ་སྲས་བཅས་དབྱེར་མེད་དུ་བཞུགས་པ་ལས། སྟོན་པ་དང་བསྟན་པ་བཀའ་དང་རྒྱུད་ལུང་དང་མན་ངག་དབྱིངས་དང་ཡེ་ཤེས་རོ་མཉམ་པར་གང་དང་གང་ཐ་དད་མེད་པར་བཞུགས་པ་ནི། ཨ་ནུ་སྔོན་བྱུང་འོག་མིན་གྱི་ཕུན་སུམ་ཚོགས་པ་ལྔའོ།། །།ཕྱིས་འབྱུང་ལྷ་མིའི་ཕུལ་དུ་བྱུང་བའི་ལུགས་ནི། ཐུབ་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་ནས། རྒྱལ་པོ་ཛ་ལུང་བསྟན་པའི་ལུགས་བཞིན་དུ། སིང་ག་ལའི་གླིང་དུ་ལུང་གི་རྒྱུད་ཐམས་ཅད་ཆར་དུ་བབ་པ་སྟེ། གཞན་དུ་རྒྱལ་པོ་ཛའི་ལོ་རྒྱུས་བཞིན་དུ་ཤེས་པར་བྱའོ། །དེ་ལ་མདོ་previous hit དགོངས next hit་འདུས་པ་ལུང་ཐམས་ཅད་ཀྱི་རྩ་བ་ཡིན། དེ་ལས་འཕྲོས་པ་ལུང་གི་རྒྱུད་ཀྱི་ཕྱི་མ་དང་། དེའི་ཕྱི་མ་དང་འབྲེལ་ཚུལ་ཐམས་ཅད་སོ་སོར་ཤེས་ཤིང་། ཕུན་སུམ་ཚོགས་པ་སོ་སོར་འབྱེད་ཤེས་པར་བྱའོ། །རྒྱུད་ལུང་མན་ངག་གསུམ་དང་སྦྱར་ཏེ། ཁུངས་ཀྱི་བཤད་པ་དང་དཔེ་དང་སྦྱར་ཏེ་བཤད་པའོ། །ཚིག་གི་དོན་ལ་གཉིས་ཏེ། མཚན་སྦྱར་བ་དང་། འབྲུ་བསྣོན་པའོ། །དང་པོ་ནི་དཀྱུས་སུ་བལྟའོ། །གཉིས་པ་སྣོད་སྒོ་དང་སྦྱར་བ་ནི། ལེའུ་གཅིག་པ་ལས། གང་ལ་སྤྱན་རས་གཟིགས་དབང་གིས། མཐར་ཐུག་མེད་པའི་འགྲོ་གང་དག་འདི་ན་གནོད་གཞི་ཁོ་ནར་གཟིགས། ཞེན་ཆགས་ཅན་དང་ལོག་སྲེད་ཅན། རིགས་རྒྱུད་ཅན་དང་བློ་གྲོས་ཅན། །ཐམས་ཅད་ཆ་བཞིར་སྣང་བས་ན། །འདོད་ཁྲིད་སྦྱོར་དང་ངེས་པར་སྣང་། །ཞེས་པས། དེ་ལ་གདུལ་བྱ་བློ་གྲོས་ཅན་ལ་སྟོན་པ་ཆོས་ཀྱི་

(༣༧༧)སྐུས་དོན་དམ་ངེས་པའི་ཚིག་ཏུ་གསུངས་པ་དང་། མཚན་གཏན་ཚིགས་དང་སྦྱར་ཏེ་བཤད་པ་གཉིས་ཐུན་མོང་དུ་སྟོན་ཏེ། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཞེས་བྱ་བ་ནི་དཀྱིལ་འཁོར་གསུམ་དབྱེར་མེད་པའི་དེ་བཞིན་མ་བཅོས་པའི་དེ་བཞིན་ཉིད་ཅི་ལྟ་བ་བཞིན་ནར་སོན་པས་ན་གཤེགས་པ། ཕྱོགས་བཅུ་དུས་བཞིས་བསྡུས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གསུམ་དབྱེར་མེད་པའི་རང་བཞིན་previous hit དགོངས next hit་འདུས་པ་སྔགས་ཀྱི་དེ་ཁོ་ན་ཉིད་ལས་མི་འདའ་བའི་ཕྱིར་ཐུགས་སོ། །མི་འདའ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཞེས་བྱའོ། །གསང་བའི་ཡེ་ཤེས་ཞེས་བྱ་བ་ནི། དཀྱིལ་འཁོར་གསུམ་དབྱེར་མེད་པའི་སེམས་ཉིད་གསང་སྔགས་ཀྱི་ངོ་བོ་དེ། ས་དང་ས་ལ་གནས་པ་རྣམས་ཀྱི་ཡུལ་མིན་པས་གསང་བ་ཡང་ཡིན་ལ། དེ་ཉིད་རང་གསལ་བས་ཡེ་ཤེས་སོ། །ལེའུ་རེ་དྲུག་པ་ལས། གང་གི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་གསལ་བའི་ཡེ་ཤེས་ཞེས་བྱའོ། །དོན་གྱི་སྙིང་པོ་ཞེས་བྱ་བ་ནི། ཤེས་གྲུབ་ཐམས་ཅད་ཀྱི་བཅུད་འདུས་པའི་རང་བཞིན་previous hit དགོངས next hit་འདུས་པའི་རྒྱུད་ལེའུ་རེ་དྲུག་པ་ལས་མེད་པ་ལས་ཐམས་ཅད་འབྱུང་བའི་ཕྱིར་དོན་གྱི་སྙིང་པོ་ཞེས་བྱའོ། །ཞེས་རྡོ་རྗེ་བཀོད་པའི་རྒྱུད་ནི། སེམས་ཉིད་སྣང་སྟོང་དབྱེར་མེད་དམ། སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུ་ལ་ཐམས་ཅད་ལྷུན་གྱིས་གྲུབ་པས། རྡོ་རྗེ་བཀོད་པའི་རྒྱུད་ཀྱིས་ཡན་ལག་དྲུག་ཚང་འབྲེལ་དུ་གནས་པའོ། །དེ་ཡང་རེ་དྲུག་པ་ལས། གང་གི་ཡོངས་སུ་བཀོད་པའི་ཕྱིར། རྡོ་རྗེ་བཀོད་པའི་རྒྱུད་ཅེས་ཀྱང་བྱའོ། །རྣལ་འབྱོར་གྲུབ་པའི་ལུང་ཞེས་པ་ནི། དཀྱིལ་འཁོར་

(༣༧༨)གསུམ་དབྱེར་མེད་པའི་དོན་རྣལ་འབྱོར་མ་ལ་ཕྱིན་ཅི་མ་ལོག་པར་འབྱོར་བས་ལྔའམ་བཅུར་གྲུབ་པའི་དོན་སྒྲོ་སྐུར་དང་བྲལ་བར་སྟོན་པའོ། །ལེའུ་རེ་དྲུག་པ་ལས། འདི་ལྟར་ངེས་པར་རྣལ་འབྱོར་དུ་ལུང་སྟོན་པའི་ཕྱིར་རྣལ་འབྱོར་རྫོགས་པའི་ལུང་ཞེས་ཀྱང་བྱའོ། །ཀུན་འདུས་རིག་པའི་མདོ་ཞེས་པ་ནི། ཤེས་བྱ་ཀུན་འདུས་འདི་ཉིད་ཐམས་ཅད་ཀྱི་དོན་རིག་པས་རང་བཞིན་previous hit དགོངས next hit་འདུས་པའི་རྒྱུད་འདིར་འདུས་པའོ། །དཔེའུ་རེ་དྲུག་པ་ལས། འདིར་ཀུན་ནས་བསྡུ་བའི་ཕྱིར་ཀུན་འདུས་རིག་པའི་མདོ་ཞེས་བྱའོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བ་ནི། ཤེས་རབ་དང་སྙིང་རྗེ་ཆེ་བས་སམ་ཡང་ན་ཆེན་པོ་བཞི་དང་ལྡན་པ་སྟེ། ཚིག་དང་ཡི་གེའི་རྒྱུད་འདིས་མངོན་དུ་རྟོགས་པར་བྱེད་པའི་ངོ་བོ་ཡིན་པའོ། །ལེའུ་རེ་དྲུག་པ་ལས། དམ་པ་རྣམས་ཀྱི་མངོན་པར་ཆུད་པའི་ཕྱིར། ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་ཀྱང་བྱའོ། །ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ཞེས་བྱ་བ་ནི། ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་དང་རང་བཞིན་གྱི་རྒྱུད་ལ་ཆོས་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པར་གསལ་བའོ། །ལེའུ་རེ་དྲུག་པ་ལས་གང་ལ་མ་འདྲེས་པར་བཀོད་པའི་ཕྱིར། ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ཞེས་ཀྱང་བྱའོ། །ཞེས་བྱ་བའི་མདོ་ཞེས་པས་སྟོན་པ་ཆོས་ཀྱི་དོན་དམ་ངེས་པའི་ཚིག་ཏུ་གསུངས་པས། གདུལ་བྱའི་བློ་ལ་ལྡན་པའི་དོན་གོ་བར་བྱེད་པ་ཞེས་བྱ་བའི་མདོའོ། །འོག་མ་རྣམས་ལ་ཡང་དེ་བཞིན་ནོ། །གདུལ་བྱ་

(༣༧༩)ལོག་སྲེད་ཅན་ལ་སྟོན་པ་སྤྲུལ་སྐུས་ཀྲི་ཡ་བརྒྱུད་པའི་ཚིག་ཏུ་བསྟན་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ནི་རྟག་ལྟ་དང་ཆད་ལྟ་རང་ཡིན་བྱས་པས་རྒྱུད་ནས་བེམས་ཀྱི་དེ་ཁོ་ན་ཉིད་ངོ་བོ་མི་འགྱུར་བ་དང་མི་དམིགས་པ་རྟོགས་པར་བྱེད་དོ། །དེ་ཡང་འདི་ཉིད་ལ་ངེས་པར་རྟག་ན་རྟག་པ་ཉིད་རྟག་ཆེན་དེ་ཉིད་གཉན་པོ་མེད། །ངེས་པར་ཆད་ན་འཆད་པ་མེད། བྱང་ཆུབ་ཉིད་དེ་ལོགས་རྒྱུན་ཆད། །ཅེས་སོ། །གསང་བའི་ཡེ་ཤེས་ནི། རྟག་ཆད་གཉིས་པོ་དེ་བཞིན་གྱི་ཡུལ་ཡིན་པར་བསྟན་པས། རྒྱུད་ནས་སེམས་རང་བྱུང་གི་ཡེ་ཤེས་རྟོགས་པར་བྱེད་དོ། །དོན་གྱི་སྙིང་པོ་འདི་ལྟ་བ་རྟག་ཆད་དུ་ལྟ་བ་དང་། སྤྱོད་པ་ཕྱིན་ཅི་ལོག་དེ་ཤེས་བྱའི་དོན་གྱི་སྙིང་པོ་ཡིན་ཞེས་པས། རྒྱུད་ནས་ཐུན་མོང་གི་རྟག་ཆད་དང་། ཡང་དག་པའི་མཛད་སྤྱོད་རྟོགས་པར་བྱེད་དོ། །རྡོ་རྗེ་བཀོད་པའི་རྒྱུད་ནི། །སྒྲིབ་པ་འཇོམས་པའི་གཉེན་པོ་ཡེ་ཤེས་རྡོ་རྗེ་ལོག་ལྟ་ཡང་དྲུག་ཏུ་བཀོད་པའི་ཚང་འབྲེལ་དུ་གནས་པས་རྒྱུན་བརྟན་པས། རྒྱུད་ནས་ལོག་སྲེད་ཅན་གྱི་ལྟ་བ་ཕྱིན་ཅི་མ་ལོག་པར་རྟོགས་པར་བྱེད་དོ། །རྣལ་འབྱོར་གྲུབ་པའི་ལུང་ནི་དེ་ལ་རྣལ་འབྱོར་བདག་ཏུ་འཛིན་པའི་ཏིང་ངེ་འཛིན་ནོ། །དེ་གྲུབ་པས་དེ་ནི་བཀའ་ལུང་མ་ནོར་བ་ཡིན་ཞེས་བལྟས་པས། རྒྱུད་ནས་སེམས་ཉིད་ཆེན་པོར་རྟོགས་པར་བྱེད་དོ། །ཀུན་འདུས་རིག་པའི་མདོ་ནི། ལྟ་ལོག་སུམ་བརྒྱ་དྲུག་བརྒྱ་ལ་སོགས་པ་ཀུན་རྟག་ཆད་གཉིས་སུ་འདུས་པ་ནི་མ་ནོར་བའི་

(༣༨༠)དོན་རིག་པར་བྱེད་པའི་མདོ་ཞེས་བསྟན་པས། རྒྱུད་ནས་ཐམས་ཅད་མཁྱེན་པའི་ལྟ་བ་རྟོགས་པར་བྱེད་དོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ནི། ཐེག་པ་ཆེན་པོ་ནི་རྟག་པར་ལྟ་བའི་རིག་པ་ལྔས་རྟག་པར་གྲུབ་པ་མངོན་པར་རྟོགས་ན་མཐོ་རིས་སུ་འདེགས་པར་བྱེད་དོ། །ཞེས་བསྟན་པས། རྒྱུད་ནས་རང་བྱུང་གི་ཡེ་ཤེས་གཉེན་པོ་མེད་པའི་དོན་ཁོ་ནས་འགྲུབ་པར་རྟོགས་པར་བྱེད་དོ། །ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ནི། ལོག་ལྟའི་ཆོས་ཀྱི་རྣམ་གྲངས་སུ་རྣམ་པར་བཀོད་པ་འདི་ཡིན་ཞེས་བསྟན་པས། རྒྱུད་ནས་དེ་ཁོ་ན་ཉིད་མ་འདྲེས་ཡོངས་རྫོགས་ཀྱི་དོན་གོ་བར་བྱེད་པའོ། །ཞེན་ཆགས་ཅན་གྱི་དོན་འདོད་པ་རང་རྐྱེན་གྱི་ཚིག་ཏུ་བསྟན་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ནི་རང་བཞིན་གྱིས་དེ་བཞིན་གཤེགས་པ་ཡབ་ཡུམ་གྱི་རྩ་ས་ཡ་ཕྲག་བཅུ་གསུམ་གྱི་བཅུད་འདུས་པའི་ཐུགས་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ། གསང་བའི་ཡེ་ཤེས་ནི་སྣོད་མིན་པ་ལ་གསང་བ་སྟེ། དེ་བཅུ་གཅིག་ལོན་པའི་ཟོང་འཚོལ་བ་མ་ནིང་བདེ་བས་གཏན་ནས་འཕོངས་པ། དགེ་སློང་སེར་སྣས་བཅིངས་པ་དྲུག་བཅུ་ལོན་པའི་ཟོང་ཟད་བཞིའི་ཡུལ་མིན་པའོ། །རང་གསལ་བས་ཡེ་ཤེས་སོ། །དོན་གྱི་སྙིང་པོ་ནི་ཡབ་ཡུམ་གྱི་རྩ་ས་ཡ་དྲུག་བཅུ་རྩ་གཉིས་ཀྱི་ཁུ་བ་ཡེ་ཤེས་ཀྱི་རོ་དང་ལྡན་པ་རྡོ་རྗེ་པདྨའི་རྩར་འདུས་པ་ནི་ཤེས་བྱ་དང་སྒྲུབ་བྱའི་དོན་གྱི་སྙིང་པོ་ཡིན་པའོ། །རྡོ་རྗེ་བཀོད་པའི་རྒྱུད་ནི་རྡོ་རྗེ་ནི་གཉིས་མེད་ཀྱི་ཡེ་ཤེས་ཆེན་པོའོ། །དེ་ལ་

(༣༨༡)ཡེ་ཤེས་ཐམས་ཅད་ལྷུན་གྱིས་གྲུབ་པས་བཀོད་པའོ། །ཡང་ན་རྡོ་རྗེ་ནི་རྣམ་རྟོག་འཇོམས་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྡོ་རྗེ་བཀོད་པ་ནི་ཡེ་ཤེས་ལྔའམ་ཡེ་ཤེས་བཞི་བཅུ་རྩ་གཉིས་བཀོད་པའོ། །ཡན་ལག་དྲུག་ཚང་འབྲེལ་དུ་གནས་པས་རྒྱུད་དོ། །རྣལ་འབྱོར་སྒྲུབ་པའི་ལུང་ནི་གསང་སྔགས་པའི་རྣལ་འབྱོར་ལྔའམ་བཅུ་ལ་སོགས་པ་གྲུབ་པའོ། །གྲུབ་པ་ནི་འདོད་ཆགས་ཆེ་བའི་ཐབས་ཀྱིས་གྲུབ་པར་བྱེད་པའོ། །ལུང་ནི་ཚིག་ཏུ་མ་བརྗོད་ཀྱང་གསང་སྔགས་ཀྱི་རྒྱ་མཚོ་ལྟ་བུ་ཐབས་ཀྱིས་བརྗོད་པ་དང་འདྲ་བར་སྣང་བར་བྱེད་པས་གསང་བའི་སྐུའི་གསུང་སེང་གེ་ལྟ་བུའོ། །ཀུན་འདུས་རིག་པའི་མདོ་ནི། རྡོ་རྗེ་པདྨའི་རྩར་ཉི་ཟླ་གཉིས་མེད་དུ་འདྲེས་པའི་ཐིག་ལེ་ཆེན་པོའོ། །ཡབ་ཡུམ་གྱི་རྩ་ས་ཡ་ཕྲག་བཅུ་གསུམ་གྱི་བཅུད་ཀུན་འདུས་པའོ། །དེ་འབྱེད་པ་སྡོམ་པའི་ཐབས་དང་སའི་རླུང་རྒྱུ་བའི་དུས་དང་། བླ་མའི་previous hit དགོངས next hit་དང་། སློབ་བུ་བསོད་ནམས་ཀྱི་ལས་བསགས་པའི་སྟོབས་དང་། གཟུངས་མ་མཚན་དང་ལྡན་པ་འཛོམ་པས་གསང་སྔགས་ཀྱི་དོན་རིག་པར་བྱེད་པའི་མདོའོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ནི། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་མངོན་པར་རྟོགས་པའོ། །ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ནི་ཆགས་པ་དེ་ཐབས་ཀྱིས་མ་ཟིན་ན། འཁོར་བའི་ཆོས་རྟེན་འབྲེལ་བཅུ་གཉིས་ལ་སོགས་པའོ། །ཐབས་ཀྱིས་ཟིན་ན་གསང་སྔགས་ཀྱི་ལམ་ལྔ་དང་བཅུ་ལ་སོགས་པའི་ཆོས་སོ། །སངས་རྒྱས་ཀྱི་གསུང་དང་སྐུ་ལྔ་ཡེ་ཤེས་ལྔ་ལ་སོགས་འབྲས་བུའི་ཆོས་རྣམས་སོ། །རྡོ་རྗེ་དང་

(༣༨༢)པདྨའི་རྩགས་རྣམ་པར་བཀོད་པའོ། །རིགས་རྒྱུད་ཅན་ལ་ལོངས་སྐུས་ལྡེམ་previous hit དགོངས་སྦྱོར་བའི་ཚིག་ཏུ་བཤད་ན། །དེ་བཞིན་གཤེགས་ next hit་ཐམས་ཅད་ཀྱི་ཐུགས་ཞེས་པ་ནི། མཚམས་མེད་པ་ལྔའམ་མི་དགེ་བ་བཅུ་ལ་སོགས་previous hit ་དེའི་དགོངས next hit་གཞི་ནི། དམ་ཚིག་ཏིང་ངེ་འཛིན་ཤེས་རབ་དང་། སྙིང་རྗེ་བྱང་ཆུབ་སེམས་དང་ལྷ་ལ་previous hit དགོངས་པའོ། །གསང་བའི་ཡེ་ཤེས་ནི་ཕྱིན་ཅི་ལོག་བྱང་ཆུབ་ཀྱི་ལམ་དུ་སྟོན་ next hit་དེ་དག་གཞན་གྱིས་མིན་པའོ། །དོན་གྱི་སྙིང་པོ་ནི་ཤེས་བྱའི་སྙིང་པོ་ཁོ་ན་ལྡེམ་དགོངས་དོན་དེ་ཡིན་པའོ། །རྡོ་རྗེ་བཀོད་པའི་རྒྱུད་ནི། རང་བྱུང་གི་ཡེ་ཤེས་རྡོ་རྗེ་ལ་ཡེ་ཤེས་སུ་མ་བཀོད་པའོ། །རྒྱུད་ནི་ཚང་འབྲེལ་དུ་གནས་previous hit ་ལ་དགོངས next hit་པའོ། །རྣལ་འབྱོར་གྲུབ་པའི་ལུང་ནི། རང་བཞིན་གྱིས་མི་གཡོ་བ་ལ་དགོངས་ནས་བྱིང་རྒོད་ཉིད་ཏིང་ངེ་འཛིན་རྣལ་མ་ལ་སྦྱོར་རོ། །དེར་ཆོས་ཐམས་ཅད་ཀྱི་འབྲས་བུ་གྲུབ་པས་ལུང་ངོ། །ཀུན་འདུས་རིག་པའི་མདོ་ཞེས་པས་ནི་ངོ་བོ་གཅིག་པ་ལ་ཆོས་ཉིད་ཡིན་པར་སྟོན་པའོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་previous hit ་ནི་དེ་ལྟར་ལྡམ་དགོངས next hit་སུ་བསྟན་པས་གསང་སྔགས་རྡོ་རྗེ་ཐེག་པ་ཆེན་པོའི་དོན་དེ་ཐུགས་པ་ཆུད་པ་ལ་མངོན་པར་རྟོགས་པ་ཞེས་བྱའོ། །ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་previous hit ་འདི་མ་འདྲེས་ཡོངས་རྫོགས་ལ་དགོངས next hit་ནས་དེ་ཁོ་ན་ཉིད་ལ་ཆོས་ཇི་སྙེད་ཡོད་དོ། །ཞེས་བསྟན་པའོ། །ལེའུ་དང་སྦྱར་ཏེ་བཤད་ན་འགྲེལ་ཆེན་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ནི་ལེའུ་དང་པོ་དང་བདུན་པ་ཡིན། གསང་བའི་

(༣༨༣)ཡེ་ཤེས་གཉིས་པ་ནས་དྲུག་པའི་བར་དང་བརྒྱད་པ་དང་དགུ་པ་ཡིན། དོན་གྱི་སྙིང་པོ་བཅོ་ལྔ་པ་ཡིན། རྡོ་རྗེ་བཀོད་པའི་རྒྱུད་བཅུ་དྲུག་པ་ནས་བཅུ་དགུ་པའི་བར་སོ་གཉིས་པ་ནས་ཞེ་གཉིས་པའི་བར་ཡིན། རྣལ་འབྱོར་གྲུབ་པའི་ལུང་ནི་བཅུ་ནས་བཅུ་བཞིའི་བར་དང་། ཉི་ཤུ་པ་ནས་སོ་གཅིག་བར་ཡིན། ཀུན་འདུས་རིག་པའི་མདོ་ནི་རེ་དྲུག་པ་ནས་དོན་ལྔའི་བར་ཡིན། ཐེག་པ་ཆེན་པོ་མངོན་པར་རྟོག་པ་ནི་ཞེ་གསུམ་ཞེ་བཞི་པ་ཡིན། ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ནི་ཞེ་ལྔ་པ་ནས་རེ་ལྔ་པའི་བར་རོ། བྱུང་ཚུལ་དང་སྦྱར་ཏེ་བཤད་ན། ལུང་བསྟན་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྨོངས་པའི་གདུང་བ་སེལ་ལོ། །གསང་བའི་ཡེ་ཤེས་ནི་བྱིན་རླབས་ལས་སྣང་བའོ། །དོན་གྱི་སྙིང་པོ་ནི་སྙིང་པོ་བྱང་ཆུབ་ཉིད་དུ་ངེས་པའོ། །རྡོ་རྗེ་བཀོད་པའི་རྒྱུད་ནི་སྒྲོལ་མ་བཀོད་པ་དང་previous hit དགོངས next hit་ངེས་འགྲེལ་གཉིས་སོ། །རྣལ་འབྱོར་གྲུབ་པའི་ལུང་ནི་ངེས་པ་རྙེད་པ་དང་གདུལ་བྱ་སྐབས་ལ་བབ་པའོ། །ཀུན་འདུས་རིག་པའི་མདོ་ནི། གང་གི་ཆེད་དུ་མཛད་པ་དང་། ལས་རྒྱུན་གཅོད་པ་གཉིས་སོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ནི་བརྒྱུད་པ་ཐབས་གྲངས་དང་ལུང་ཆེན་ངེས་པར་བསྟན་པ་གཉིས་སོ། །ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ནི། previous hit དགོངས next hit་རྣམ་པར་བསྒྲོད་པའོ། །མཚན་ཆེ་བ་དང་སྦྱར་ཏེ་བཤད་པ་ནི་འགྲེལ་ཆེན་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བའི་

(༣༨༤)ཡེ་ཤེས་ནི་ཐེག་པའི་ཡང་རྩེ་ཡིན་པའི་ཆེ་བ་རི་རྒྱལ་ལྷུན་པོ་ལྟ་བུའོ། །དོན་གྱི་སྙིང་པོ་མན་ངག་གི་རྩ་བ་ཡིན་པས་རྒྱལ་པོ་བཀའ་གསང་ཐོབ་པའི་མི་ལྟ་བུའོ། །རྡོ་རྗེ་བཀོད་པའི་རྒྱུད་ནི་རྒྱུད་ཀྱི་རྒྱལ་པོ་ཡིན་པས་ཆེ་བ་མ་ལྟ་བུའོ། །རྣལ་འབྱོར་གྲུབ་པའི་ལུང་ནི་ལུང་གི་སྤྱི་འགྲེལ་ཡིན་པས་ཆེ་བ་ནམ་མཁའ་སྣང་སྲིད་ཀྱི་གོ་འབྱེད་པ་ལྟ་བུའོ། །ཀུན་འདུས་རིག་པའི་མདོ་ནི་དོན་ཐམས་ཅད་ཀྱི་མཇུག་བསྡུད་ཡིན་པས་ཆེ་བ་མགྲོན་པོ་བྱེས་ལམ་བགྲོད་ནས་མཐའ་རང་གི་ཁྱིམ་དུ་འོང་བ་ལྟ་བུའོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ནི་ཆོས་ཐམས་ཅད་ཀྱི་མེ་ལོང་ཡིན་པས་ཆེ་བ་མེ་ལོང་གསལ་བའི་སྙིང་པོ་ལྟ་བུའོ། །ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ནི་བསྟན་པའི་འབྱུང་གནས་ཡིན་པར་ཆེ་བ་འབྱུང་བ་ནམ་མཁའ་ལྟ་བུའོ། །མཚན་རྒྱུད་ལུང་མན་ངག་གསུམ་དང་སྦྱར་ཏེ་བཤད་པ་ནི་འགྲེལ་ཆེན་ལས་དང་པོ་དང་གཉིས་པ་ནི་མན་ངག་གི་མཚན། བཞི་པ་དང་ལྔ་པ་ནི་ལུང་གི་མཚན། གསུམ་པ་དང་དྲུག་པ་བདུན་པ་ལུང་གི་མཚན། མཚན་ཁུངས་ཀྱི་བཤད་པ་ནི་ལུང་བསྟན་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ནི་མདོ་ཆེན་འདི་ཉིད་ལས་དང་གང་དུ་མེད་པའི་རྒྱལ་བ་རྣམས་ཅི་བཞིན་དེ་བཞིན་ཉིད་ལ་བཞུགས། དེ་བཞིན་ཉིད་དུ་ཐམས་ཅད་ཀྱང་གཉིས་མེད་དེ་བཞིན་དེ་ཉིད་ཅེས་སོ། །ཐམས་ཅད་ནི་ཐམས་ཅད་ཐམས་ཅད་ཆོས་སོ་མཆོག །དེ་བཞིན་ཉིད་ལ་གཞན་མ་ཡིན། །ཐུགས་ནི་གཅིག་དང་དུ་མའི་ངོ་བོ་ཉིད་

(༣༨༥)ལས་གྲོལ་ཏེ། ཆོས་རྣམས་ཀྱི་ཆོས་ཉིད་མ་བཅོས་མ་སླད་ཡེ་ནས་སྙིང་པོ་བྱང་ཆུབ་ཉིད་དུ་གནས་པའོ། །གཡོ་བ་ནི་ཐམས་ཅད་ཀྱི་རང་བཞིན་གང་ལགས་དེ་ནི་གང་གིས་ཀྱང་མ་མཐོང་མི་རྟོགས་སྤྱོད་ཡུལ་དུ་མ་གྱུར་སྨྲར་མེད་པ་བརྗོད་པ་ལས་འདས་པ་བསམ་དུ་མེད་པ་བསམ་གྱིས་མི་ཁྱབ་པ། རྟག་པར་དཀའ་ཞིང་བསྟན་པར་དཀའ་བའི་ཕྱིར་ལགས། །ཞེས་སོ། །ཡེ་ཤེས་ནི་སངས་རྒྱས་སེམས་ཅན་ལ་སོགས་པ་ཐམས་ཅད་མ་ལུས་ལུས་པ་མེད། རང་རིག་མ་རིག་རྟོགས་པ་ཉིད། ཀུན་ཀྱང་རང་བྱུང་ཡེ་ཤེས་ཉིད། །དོན་གྱི་ནི་ཡེ་ནས་མ་བཅོས་དེ་བཞིན་ཉིད། སྙིང་པོ་ནི་ཆོས་སོ། །ཆོས་ཀྱི་སྙིང་པོ་ནི་མེད་པ་ལས་བྱུང་སྙིང་པོ་ཉིད། རྡོ་རྗེ་བཀོད་པ་ནི་ཟབ་མོ་སངས་རྒྱས་བཅུ་སྤྱོད་ཡུལ་ཡིན། རྡོ་རྗེ་ཀུན་བཀོད་དེ་བཞིན་ཉིད་དོ། །རྣལ་འབྱོར་གྲུབ་པའི་ལུང་ནི། མཐའ་ཐུག་པ་མེད་པའི་སེམས་ཅན་རྣམས་བྱང་ཆུབ་སྙིང་པོ་དེ་ལུང་སྟོན། ཀུན་འདུས་རིག་པའི་མདོ་ནི། ཐམས་ཅད་ཀུན་འདུས་རིག་པའི་མདོ། །ཐེག་པ་ཆེན་པོ་ནི་ཅི་ཡང་མི་སེམས་མི་གཡོ་ཞིང་། མི་ལྡོག་རྣམ་པར་མི་གཡེང་བ། །ཀུན་ལ་ཁྱབ་ཁྱབ་པར་གདལ་བའི་དབྱིངས། ཀུན་ཤོང་བྱར་མེད་ཐེག་པའི་མཆོག། མངོན་པར་རྟོགས་པ་ནི་བསམ་གྱིས་མི་ཁྱབ་ཆོས་འདི་རྣམས། དེ་བཞིན་དུ་མདོ་གཅིག་པའོ། །ཡང་དཔེར་ན་ཀུན་ཏུ་རྒྱུ་བའི་མི། འདོད་པའི་ཡུལ་དུ་གང་འགྲོ་བ། །ཡུལ་གྱི་རྣམ་པ་བསམ་ཡས་ཀྱང་། །བསྒྲོད་ཡུལ་གནས་པ་གཅིག་ལས་མེད། །ཐོབ་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ནི། །དེ་བཞིན་བསམ་གྱིས་མི་ཁྱབ་

(༣༨༦)པའི། མདོ་དོན་གཅིག་ཏུ་འདུས་པར་གསུངས། །ཞེས་སོ། །མཚན་དཔེ་དང་སྦྱར་ཏེ་བཤད་པ་ནི་ལྕགས་འགྲེལ་ཆེན་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས་ནི་དཔེར་ན་ནམ་མཁའ་ལྟ་བུའོ། །དོན་གྱི་སྙིང་པོ་ནི་ཉི་མའི་སྙིང་པོ་ལྟ་བུའོ། །རྡོ་རྗེ་བཀོད་པ་ནི་གསེར་མིག་རིན་པོ་ཆེས་སྤྲས་པ་ལྟ་བུའོ། །རྒྱུད་ནི་གོང་མའི་ཤུགས་ལས་འབྱུང་བ་སྟེ། རྒྱ་ནག་ན་དར་འཐག་པ་ལྟ་བུའོ། །རྣལ་འབྱོར་གྲུབ་པའི་ལུང་ནི་རྒྱལ་བློན་སྤུན་རྒྱུད་ལྡན་པ་ལྟ་བུའོ། །ཀུན་འདུས་རིག་པའི་མདོ་ནི། རྒྱ་མཚོ་ཆེན་པོ་ལྟ་བུའོ། །ཐེག་པ་ཆེན་པོ་ནི་གཞོན་པ་མཆོག་ཏུ་གྱུར་པ་ལྟ་བུའོ། །མངོན་པར་རྟོགས་པ་མེ་ལོང་དང་སེང་གེ་ལྟ་བུའོ། །ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ནི་པདྨའི་འདབ་མ་ལྟ་བུའོ། །བཞི་པ་རྒལ་ལན་ལ་གསུམ་སྟེ། མཚན་རྒྱུད་དོན་ཡིན་མིན་གྱི་རྒལ་ལན་དང་། མཚན་རྒྱུད་དོན་འདུས་མ་འདུས་ཀྱི་རྒལ་ལན་དང་། བྱེ་བྲག་དུ་བྲུལ་ཤའི་མཚན་གྱི་རྒལ་ལན་ནོ། །དང་པོ་ནི། ཡིན་མིན་ན། ཡིན་ན་གླེང་གཞི་གླེང་སླང་དགོས་མེད་དུ་ཐལ་འདོད་ན་གླེང་གཞི་གླེང་སླངས་བཤད་པས་གསལ་མིན་ན་དབང་པོ་རབ་ཀྱིས་མཚན་ཐོས་པས་རྒྱུད་དོན་མི་རྟོགས་པར་ཐལ། འདོད་ན་རབ་ལ་མཚན་བསྟན་ཞེས་པས་གོ་བར་བཤད་པས་གསལ་ལོ། །དེས་པར་བྱ་ན་མཚན་རྒྱུད་དོན་ཡིན་ཏེ། བློ་རབ་ལ་གླེང་གཞི་གླེང་སླངས་ཁོངས་སུ་འདུས་པས་དགོས་མེད་དུ་མི་འགྱུར་ལ། འབྲིང་དང་ཐ་མ་རྒྱུད་སྤྱིའི་དོན་ཙམ་ངོས་ཟིན་ཀྱང་བྱེ་བྲག་གསལ་བར་མ་རྟོགས་

(༣༨༧)པས་གླེང་གཞི་གླེང་སླང་དགོས་མེད་དུ་མི་འགྲོའོ། །གཉིས་པ་འདུས་མ་འདུས་ན། འདུས་ན་བསྟན་པ་སྤྱི་དང་སྦྱར་ན། རྒྱུད་ནི་དོན་དངོས་པོ་བཅུ་དང་སྦྱར་བ་མེད་པས་གསལ། མ་འདུས་ན་རྒྱུད་ཡིན་པའི་དམ་བཅའ་བུད་དོ། །ངེས་པར་བྱ་ན་འདུས་ཏེ། འདུས་ལུགས་ནམ། རྒྱུད་དོན་བྱུང་ཚུལ་བཅུ་གཉིས་སུ་གནས་པས་མཚན་ཡང་བྱུང་ཚུལ་བཅུ་གཉིས་དང་སྦྱར་ཏེ་བཤད་པས་དེའི་ཁོངས་སུ་དངོས་པོ་བཅུ་འམ་འདུས་སོ། །གསུམ་previous hit ་འབྲུ་ཤའི་སྐད་ཀྱིས་བརྒལ་བ་ནི། འབྲུ་ཤའི་སྐད་བྱུང་བས་དགོངས next hit་འདུས་འདི་འབྲུ་ཤའི་བསྟན་པར་ཐལ་ཟེར་ན། མ་ཡིན་ཏེ། གལ་ཏེ་སྐད་སྨོས་པ་ཙམ་གྱིས་འབྲུ་ཤའི་བསྟན་པར་འགྲོ་ན། མདོ་སྡེ་ཡང་འབྲུ་ཤའི་བསྟན་པར་ཐལ་དེ་ཅི་ཞེ་ན། རྒྱ་ཆེ་རོལ་པ་ན་འབྲུ་ཤའི་ཡི་གེ་སྨོས་པའི་ཕྱིར་རོ། །དེ་སངས་རྒྱས་ཀྱི་མཁྱེན་ཆ་ནས་སྨོས་པས་བསྟན་པར་མི་འགྲོ་ཞེ་ན། འདིར་ཡང་ལོ་ཙ་བའི་མཁྱེན་ཆ་ནས་སྨོས་པས་འབྲུ་ཤའི་བསྟན་པར་མི་འགྱུར་བས་སྐྱོན་ལས་གྲོལ་ལོ། །ཕྱག་འཚལ་བ་ལ་བཞི་སྟེ། དགོངས་པའི་དོན་ལ་སོགས་བཞིགས་ཀྱང་རུང་སྟེ། འདིར་གང་གིས་འཚལ་གང་ལ། ཚུལ་ཅི་ལྟར། དགོས་ཆེད་ཅིའི་ཕྱིར་འཚལ་བའོ། །དང་པོ་ནི། བྱིན་རླབས་བྱུང་བའི་དབང་དུ་གསང་བདག་གིས་འཚལ། ལུང་བསྟན་བརྒྱུད་པའི་དབང་དུ་སྲིན་པོས་འཚལ། གང་ལ་བྱིན་རླབས་བྱུང་བའི་དབང་དུ་རྡོ་རྗེ་འཆང་ཆེན་པོ་ལ། ལུང་བསྟན་བརྒྱུད་པའི་དབང་དུ་གསང་བདག་ལ་འཚལ་ལོ། །དེ་འབྲས་བུ་དཀྱུས་ལྟ་བུར་རོ། །ཚུལ་ནི་སྟོན་པའི་ཐུགས་བསྡུད་པ་པོའི་

(༣༨༨)ཐུགས་གཉིས་སུ་མེད་པར་འཚལ་ལོ། །དགོས་ཆེད་ནི་གཉིས་ཏེ། རྒྱུད་ཀྱི་སྟོན་པ་ཉིད་སྟོན་པ་གཞན་ལས་ཁྱད་པར་དུ་གྱུར་པ་ལ་ངོམ་པའི་ཕྱིར་དང་། བསྟན་པ་གསུངས་པའི་ཚེ་བཀའ་དྲིན་དྲན་པའི་སྒོ་ནས་སྟོན་པ་ལ་མཆོད་པར་བརྗོད་པའི་ཕྱིར་རོ། །དགོས་ཆེད་དེ་རྒལ་ལན་དུའམ་དོན་གྱིས་འགྲོ། གཞུང་ལ་བཞི་ལས། གླེང་གཞི། གླེང་བསླང་། རྒྱུད་དོན། བསྟོད་པའོ། །དང་པོ་ལ་གསུམ་སྟེ། མདོ་རྒྱས་བསྡུས་པའོ། །དང་པོ་ནི། འདི་སྐད་འགྲོ་བ་ཅེས་པ་ལ་ཕྱི་ནང་གསང་པ་གསུམ་དུ་འགྲེལ་པས་བཀྲལ་ལོ། །ཐོས་ཞེས་པ་ལ་ཐོས་པ་དང་ལྡན་པའོ། །ཐོས་ཚུལ་ཏེ། དང་པོ་འདི་ན་སྐད་གསང་བདག་གིས་ཐོས་ཏེ། གཞན་མ་རྒྱུད་པར་བསྟན་པས། སྡུད་པ་པོ་ཚད་མའི་སྐྱེས་བུར་བསྟན་པའོ། །བདག་གིས་འདི་སྐད་ཐོས་དེ་མ་ཕྲི་མ་བསྣན་པར་བསྟན་པ་བཀའ་སྒྲོ་བསྐུར་དང་བྲལ་བར་བསྟན་པ་དང་། བདག་གིས་འདི་སྐད་ཐོས་ཀྱི་གཞན་གྱིས་གཞན་སྐད་ཀྱང་ཐོས་བྱས་པས་རྒྱ་མ་ཆད་པར་བསྟན་པ་དང་། བདག་གིས་ཐོས་ནི་ཐོས་ཏེ། ཁོང་དུ་ནི་མ་ཆུད་ཅེས་པས་སྟོན་པ་པོ་དང་སྡུད་པ་པོ་ལ་ཁྱད་པར་ཡོད་པ་ལྟར་བསྟན་པའོ། །གདམས་པ་ལ་གསུམ་སྟེ། དུས་གཅིག་ཏུ་ཐོབ་ཀྱི། ཡང་ཡང་བྱུང་བ་ནི་མ་ཡིན་ཞེས་པས། བཀའ་བཀྱོན་པའི་སྒྲས་ལན་གཅིག་ཐོས་པ་ལ་ནན་ཏན་བསྐྱེད་ཅིག་པའོ། །བདག་གི་ཞེས་པས་སྐད་ཅིག་གིས་ཐོས་པས་ཁོང་དུ་ཆུད་པས་སྡུད་པ་པོ་ཤེས་རབ་མཆོག་ཏུ་གྱུར་པའི་སྒྲས། མ་འོངས་པའི་རྣལ་འབྱོར་བློ་མཆོག་ཏུ་གྱུར་པ་རྣམས་ཀྱིས་འབོད་ཅིག་

(༣༨༩)པའོ། །དུས་འདི་རུ་དུས་ལ་བབ་པའི་དུས་སུ། དུས་ལ་བབ་པའི་དུས་སུ། འདི་སྐད་ཐོས་ལ་གཞན་དུ་སྐད་ཀྱང་ཐོས་བྱས་པས། སྡུད་པ་པོ་ཐོས་པ་རྒྱ་ཆེ་བས་མ་འོངས་པའི་རྣལ་འབྱོར་པ་རྣམས་ཐོས་རྒྱ་བསྐྱེད་ཅིག་པར་གདམས་པའོ། །རྒྱས་པར་བསྟན་པ་ལ་གཉིས་ཏེ། བྱིན་རླབས་བྱུང་བ་དང་ལུང་བསྟན་བརྒྱུད་པའོ། །བྱིན་རླབས་བྱུང་བ་ནི། འོག་མིན་དུ་ཕུན་སུམ་ཚོགས་པ་དྲུག་དང་ལྡན་ནས་གསུངས་པ་ཡིན་ཏེ། དཀྱུས་ཀྱི་སྐབས་ནས་ངོས་གཟུང་ངོ་། །ཐུན་མོང་བཅུ་བཞི་ལ་ཉེ་བར་རྒྱས་པར་དེ་ལ་གསུམ་སྟེ། སྟོན་པ་དང་། འཁོར་དང་། སྡུད་པའོ། །སྟོན་པ་ལ་གསུམ་སྟེ། ཆོས་སྐུ་དང་། ལོངས་སྐུ། སྤྲུལ་སྐུའོ། །ཆོས་སྐུ་ཐོག་མར་བསྟན་པ་ནི། གསང་སྔགས་བཤད་ཚུལ་ཉེས་པའི་སྐྱོན་ཡོན་དང་བྲལ་བར་བྱ་བའི་ཕྱིར་རོ། །བརྒྱད་པ་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། གསང་སྔགས་ཁྱད་པར་མེད་པར་བཤད་ན། རྡོ་རྗེ་ཐེག་པ་ན་བབས་ཀྱིས་བཤད་པའི་སྐྱོན་ཡོད་པས་ཁྱད་པར་ཕྱེ་ལ་བཤད། གསང་སྔགས་ཕྱི་ནང་ཁྱད་པར་མེད་པར་བཤད་ན་བསྙེན་སྒྲུབ་ཀྱི་དོན་ལས་གོལ་བའི་སྐྱོན་ཡོད་པས་ཁྱད་པར་ཕྱེད་ལ་བཤད། མངོན་པར་རྟོགས་པའི་གོ་རིམས་སྡེབ་མ་ཤེས་ན་བདུད་རྩི་རོ་མཉམ་ལྟ་བུའི་སྐྱོན་ཡོད་པས་མངོན་རྟོགས་སྡེབས་ལ་བཤད། ཏོག་གེ་བའི་གེགས་སེལ་མ་ཤེས་ན་འཛངས་པ་ལྕེ་ལྡུམ་གྱི་བཤད་པའི་སྐྱོན་ཡོད་པས་གེགས་བསལ་མི་མཐུན་པའི་ཚིག་དོན་སྡེབ་མ་ཤེས་ན། ཤེས་རབ་ལོང་བའི་སྐྱོན་ཡོད་པས་བསྡེབས་ལ་བཤད། ཕྱི་

(༣༩༠)དང་ཁྱད་པར་གྱི་དགོས་ཆེད་མེད་ན་དོན་མེད་འཆལ་བའི་སྐྱོན་ཡོད་པས་དགོས་ཆེད་དང་སྦྱར་ལ་བཤད། འབྲེལ་ཚུལ་གཉིས་དང་མ་འབྲེལ་ན། སྨྱོན་པའི་ཚིག་ལྟ་བུའི་སྐྱོན་ཡོད་པས་འབྲེལ་ཚུལ་དང་སྦྱར་ལ་བཤད། གོང་འོག་གི་འཁྲུལ་སྡེབ་མ་ཤེས་ན་རིན་པོ་ཆེ་བཙར་འཚོལ་བ་ལྟ་བུའི་སྐྱོན་ཡོད་པས། འཁྲུལ་སྡེབས་ལ་བཤད་པས་ཆོས་སྐུ་མངོན་ལ་བཤད་དོ། །འགྲེལ་པ་ན་འཁྲུགས་མེད་དོ། །ཆོས་སྐུའི་གནས་སྐབས་ན་སེམས་ཀྱི་རང་བཞིན་ཡེ་ནས་སངས་རྒྱས། ཞེས་པ་ལ། སངས་རྒྱས་ཡིན་མིན། ཡིན་ན་ལམ་ལ་དགོས་ཆེད་མེད་པར་ཐལ། །མ་ཡིན་ན་སངས་རྒྱས་ཞེས་པ་དང་འགལ་ལོ། །དེ་གསལ་བ་ནི་གཞི་དང་ལམ་གསུམ་ལམ་ཏིང་ངེ་འཛིན་གསུམ། འབྲྲས་བུ་མཁྱེན་པ་གསུམ། ཐ་མི་དད་པས་སངས་རྒྱས་སུ་འགལ་བ་མེད་དོ། །ཡང་ན་རང་བཞིན་ལ་previous hit དགོངས next hit་ཡིན་ནོ། །དེ་ངོ་ཤེས་པར་བྱེད་པས་ལམ་དགོས་མེད་དུ་མི་འགྱུར་རོ། །ལོངས་སྐུའི་སྐབས་ན་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་ཞེས་པ་ལས། འདི་ལོངས་སྐུ་འདས་པ་ཡིན་ནམ། འོན་ཏེ་སྤྲུལ་སྐུ་ལོངས་སྐུའི་ཆ་ལུགས་ཅན་འདས་པ་ཡིན་ནམ། སྤྲུལ་སྐུ་དངོས་འདས་པ་ཡིན་ནམ། དང་པོ་ལྟར་ན་ཡེ་ཤེས་ཀྱི་སྐུ་ལ་སྐྱེ་འཇིག་མི་སྲ་བས་ཀྱང་མི་འཐད། སྨིན་པ་རྒྱ་མཚོ་འདྲ་བས་འདུས་པའི་འཁོར་མིན་པས་ཀྱང་མི་འཐད་དོ། །གཉིས་པ་མཛད་པ་འདས་ན་ལོངས་སྐུའི་མཛད་པའི་རྗེས་ལ་གསང་བདག་གི་ཆོས་སྟོན་ན། །ཆོས་སྐུ་དང་དུས་མཉམ་དུ་འཆད་དམ། སྤྲུལ་

(༣༩༡)སྐུ་དང་ཡང་དུས་མཉམ་དུ་འཆད། དེ་གཉིས་ལ་འདས་པ་བྱུང་བས་རིགས་པས་ཀྱང་མི་འཐད། གསུང་བ་སྤྲུལ་སྐུ་ལོངས་སྐུའི་ཆ་ལུགས་ཅན་སྐྱོན་བཞི་སྟེ། སྤྲུལ་སྐུའི་གླེང་གཞི་ཆ་བརྒྱད་ལྡབས་པ་དང་། ལོངས་སྐུའི་གླེང་གཞི་འཆད་པར་འགྱུར་བ་དང་། བཅུ་པ་ལས་ཞིང་ཁམས་འདིར་འཁོད་པའི་སེམས་ཅན་ཆེན་པོ་རྣམས་ནི་རིག་འཛིན་ཆེན་པོ་འབའ་ཞིག་གོ། །ཚེའི་ཚད་ཀྱང་དེ་དག་གི་རིག་པ་འཛིན་པའི་ཚེ་ཉིད་དོ། །ཞེས་པས། འཁོར་སྨིན་པ་རྒྱ་མཚོ་ཡིན་པས་ཀྱང་མི་འཐད་དོ། །ཡང་ལེའུ་དང་པོ་ཞིང་ཁམས་ཀྱི་རྒྱན་རྡོ་རྗེ་ཕུང་པོ་ལ་སོགས་པ་ལེའུ་བདུན་པར་མ་སྨོས་པས་ཀྱང་། འདི་ལོ་སྐུ་དངོས་པོ་བཞི་པ་སྤྲུལ་སྐུ་འདས་ན་སྐབས་འཆོལ་བར་འགྱུར་ཞེ་ན། ལོངས་སྐུའི་གླེང་གཞི་འཆད་པ་ལ་སྤྲུལ་སྐུ་འདས་པ་ལ་དགོས་ཆེད་མེད་པའི་ཕྱིར་རོ། །ངེས་པར་གང་ལ་གཟུང་ན། ཆོས་སྐུའི་ཞིང་ཁམས་ནམ་མཁའ་ལྟ་བུ། ལོངས་སྐུའི་ཞིང་ཁམས་ཉི་ཟླ་ལྟ་བུ། སྤྲུལ་སྐུའི་ཞིང་ཁམས་ཆུ་ཟླ་ལྟ་བུ་ཡིན་པས་ལོངས་སྐུའི་ཁོངས་ན། སྤྲུལ་སྐུ་ཡོད་པས་དེ་འདས་སོ། །གསང་བའི་བདག་པོ་རང་གི་སྟོན་པ་ལ་ཉན་ཅིང་རང་གི་ཉེ་འཁོར་ལ་ཆོས་སྟོན་པའི་དུས་ན། སྤྲུལ་སྐུ་གསང་སྔགས་ཕྱིས་འབྱུང་བར་ལུང་བསྟན་ནས། འདས་པའི་འཁོར་གདུང་བས་ཟིན་པ་དེ་དག་ལ་ཆོས་བསྟན་པས། སྤྲུལ་སྐུ་འདས་པ་སྐབས་འཚོལ་བར་མི་འགྱུར་ལ། སྟོན་པ་གསང་བདག་གི་

(༣༩༢)ཆེ་བ་འདོན་པར་འགྱུར་བར་སྨོས་སོ། །དེའང་གང་གིས་ཤེས་ན། ལེའུ་དྲུག་པ་ལས། ཁོ་བོས་ནི་འདས་པའི་གདུང་བ་ཇི་སྙེད་པ་ཡང་བསལ། ད་ལྟའི་མི་འཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིའི་གདུང་བ་ཡང་བསལ། མ་འོངས་པའི་གདུང་བ་ཇི་སྙེད་པ་ཡང་སེལ་བར་འགྱུར་རོ། །ཞེས་པས་མངོན་ནོ། །སྤྲུལ་སྐུའི་སྐབས་སུ་ཤཱཀ་ཐུབ་ཀྱི་གླེང་གཞི་ནས་སེམས་ཀྱི་དཀྱིལ་འཁོར་བོད་གསལ་བ་གསང་སྔགས་ཀྱི་ངོ་བོ་དེ་གཅེས་པས། མི་ཡུལ་དུ་ཤཱཀ་ཐུབ་ཀྱིས་གསང་སྔགས་ཀྱི་བསྟན་པ་གསུངས་སམ་མ་གསུངས། གསུངས་ན་ལེའུ་གཉིས་པ་ནས། ངེས་པའི་ཐེག་ཆེན་ཡོངས་མ་གསུངས། །ཞེས་པ་དང་། ལེའུ་ཞེ་གསུམ་པ་ལས། ང་ནི་འདི་ནས་མི་སྣང་ནས། དྲག་ཤུལ་ཅན་གྱིས་འབྱིན་ལུང་བསྟན། ཞེས། ཕྱིས་འབྱུང་བར་ལུང་བསྟན་པ་དང་འགལ་ལོ། །མ་གསུངས་ན། ལེའུ་དང་པོ་ནས། གསང་སྔགས་ཀྱི་ངོ་བོ་ཞེས་པ་དང་། གཉིས་པ་ནས་བྱུང་ཚུལ་བཅུ་གཉིས་ཤཱཀ་ཐུབ་ཀྱིས་གསུངས་པ་དང་། གསང་སྔགས་གསུམ་པ་ལ་བསླབ་པར་བྱའོ། །ཞེས་པ་དང་། ངེས་པར་གང་ལ་གཟུང་ན་ཐུན་མོང་མ་ཡིན་པའི་འཁོར་ལ་གསང་སྔགས་གསུངས་ལ། ཐུན་མོང་བ་ལ་མ་གསུངས་པས། ལུང་གསུངས་མ་གསུངས་གཉིས་ཀ་དང་མི་འགལ་ལོ། །དེ་ཡང་འགྲེལ་པ་ལུང་བསྟན་ལས། འདིར་སྡུད་པ་པོ་གསང་བདག་ཡིན་པ་དང་། བསྟན་སེམས་ཀྱི་དང་ལ་འོད་གསལ་བ་གཉིས་ཀ་སྤྲུལ་པས་གསང་སྔགས་མ་གསུངས་པས་འགལ་ལོ། །ཞེ་

(༣༩༣)ན། བདེན་ཏེ། ཐུན་མོང་གི་འཁོར་ལ་དངོས་སུ་མ་གསུངས་ཀྱང་། ཁྱད་པར་གྱི་འཁོར་གྱི་དབང་དུ་གསུངས་པས་མི་འགལ་ལོ། །ཞེས་སོ། །ཡོངས་སུ་འདས་ནས་མི་འོང་པ་ནི་ལེའུ་གཉིས་པར་འདའ་བ་དང་། དངོས་སུ་འབྱུང་བས་འདིར་མ་གསུངས་སོ། །ཡང་དག་པའི་ཞིང་ན་བཞུགས་པའི་སྤྲུལ་སྐུ་ལ་འདས་ནས་འབྱུང་བ་ནི། ཞིང་ཁམས་དག་པས་འཁོར་ཡང་དག་པ་སྤྲུལ་སྐུར་ངོས་འཛིན་ཡང་འདའ་བ་ལྟར་བསྟན་པས་གདུལ་བྱ་ལམ་ལ་བསྐུལ་བའི་དགོས་ཆེད་ཡོད་པའི་ཕྱིར་རོ། །མ་དག་པའི་གླེང་གཞི་ཞེས་ཀྱང་འདོགས་སོ། །ལུང་སྟན་གྱི་གླེང་གཞིའི་མཇུག་བསྡུད་དུ་བཤད། ཡང་མཁྱེན་པ་ངོ་བོ་ཉིད་ཀྱི་གླེང་གཞིར་འདོགས་ས་དེའི་སྐབས་ན། དུད་འགྲོའི་རིགས་དང་ཡི་དགས་ཀྱི་རིགས་དང་། དམྱལ་བའི་རིགས་ལ་སོགས་པ། དེད་དཔོན་ཐ་དད་པའི་སྐྱེས་བུ་ཞེས་པའི་སྐབས་སུ། ངན་སོང་གསུམ་ལ་སྔགས་ཉན་པའི་སྐལ་བ་ཡོད་དམ་མེད། ཡོད་ན་མི་ཁོམ་པའི་གནས་མ་ཡིན་པར་ཐལ། འདོད་ན་མི་ཁོམ་པའི་གནས་སུ་བཤད་པས་བསལ་ལོ། །མེད་ན་གཞུང་དང་འགལ་ལོ། །ངེས་པར་ཐུན་མོང་མ་ཡིན་གྱི་འཁོར་ལ་ཡོད། ཐུན་མོང་འཁོར་ལ་མེད་པས་ལུང་གཉིས་ཀ་དང་མི་འགལ་ལོ། །ཡང་ན་ངན་སོང་གསུམ་གྱི་འཁོར་ལ་ཐུན་མོང་ཡིན་པ་ལ་ཆོས་ཚུལ་ཕྲ་མོ་རྣམ་པ་གསུམ་ཙམ་ཐོབ་པའི་སྐལ་བ་ཡོད་ལ། དེ་ཡང་དུད་འགྲོ་ལ་རིག་པ་ཕྲ་མོ། །ཡི་དགས་ལ་བསྔོས་པས་ཚིམ་པ། དམྱལ་བ་

(༣༩༤)ལ་ཚེ་སྔ་ཕྱི་དྲན་པ་དང་། གསུམ་པ་དེས་བརྒྱུད་ནས་བསྟན་པ་ལ་འཇུག་པ་ཡོད་དོ། །འདི་ལ་ཡོངས་སུ་འདའ་བ་མེད་པ་ནི་ཞིང་ཁམས་མ་དག་པས། འཁོར་ཡང་མ་དག་པས་སྤྲུལ་སྐུར་ངོས་མ་ཟིན་པས་འདའ་བས་མི་འདུལ་བའི་ཕྱིར་རོ། །གཉིས་པ་འཁོར་རྒྱས་པར་བཤད་པ་ལ། བརྒྱ་ཕྲག་བཅུ་གཉིས་བྱུང་བ་ནི། ཡོན་ཏན་གྱི་རྩལ་མ་འགགས་པའི་ཆ་ན་བཅུ་གཉིས་སུ་བརྟགས་ཀྱང་ངོ་བོ་རྣལ་འབྱོར་ལྔར་འདུས་སོ། །སྟོན་པ་གསུམ་ལ་འཁོར་རྣལ་འབྱོར་ལྔ་བྱུང་བ་ནི། ས་ལམ་མས་སྦྱངས་པ་དང་སྦྱར་ན། ཚོགས་སྦྱོར་མཐོང་ལམ་གསུམ་སྤྲུལ་སྐུའི་འཁོར་ལོ་། སྒོམ་ལམ་ལོངས་སྐུའི་འཁོར་ལོ། །མཐར་ལམ་ཆོས་སྐུའི་འཁོར་རོ། །དེ་ལ་གཞི་གསུམ་པ་སྔགས་ཀྱི་ངོ་བོ་ཉིད་ལ་འཇུག་ན། གོང་དུ་གཞི་ལྔའི་གསུམ་པ་མཐོང་ལམ་ཡིན་པས། ཨ་ནུ་བའི་ལུགས་ཀྱིས་ཟག་བཅས་སུ་ཆོས་ཉིད་རང་གི་མཚན་ཉིད་མ་མཐོང་བར་ཐལ། །འདོད་ཐོག་ཟེར་ན་ལེའུ་ལྔ་པ་ལས། མངོན་སུམ་གསལ་བར་རྟོགས་མ་ཐག་འགྲོ་བའི་ལུས་ལ་སངས་རྒྱས་ཡིན། ཞེས་པ་དང་འགལ། མཐོང་ན་གཞི་གསུམ་པ་སྔགས་ཀྱི་ངོ་བོ་ཉིད་ལ་འཇུག་པ་དང་འགལ་ལོ། །དེ་ལ་བཞེད་ལུགས་མང་སྟེ། དེ་ཡང་ལུང་བསྟན་ལས་གསང་སྔགས་ཀྱི་ངོ་བོ་ཉིད་ལ་འཇུག་སྟེ། འོག་མ་ནི་སྤྱིའི་མཚན་ཉིད་ལ་འཇུག་ལ་གོང་མ་ནི་བཞུགས་ཟིན་པས་ངེས་པར་མཐོང་ལམ་གཟུང་། ཞེས་སོ། །འཁོར་དེ་དག་རང་རྒྱུད་པ་ཡིན་ནམ།

(༣༩༥)སྤྲུལ་པ་བ་ཡིན། ཞེ་ན། རང་རྒྱུད་པ་ཡིན་ན་ཚོགས་སྦྱོར་གཉིས་ཀྱང་ཆོས་སྐུའི་འཁོར་དུ་ཐལ། དེ་ཅིས་ཏེ་ཡིན་ན་སྐུ་གསུང་སྤྱིའི་འཁོར་དུ་སྨོན་ནས་འདུག་པའི་ཕྱིར་རོ། །འདོད་ཐོག་ཟེར་ན་ཡེ་ཤེས་རྒྱ་མཚོ་འཁོར་དུ་བཤད་པས་འགལ་ལོ། །སྤྲུལ་པ་ཡིན་ནོ། །ལེའུ་དང་པོ་ནས་བདུན་པས་ཕྱོགས་པ་དང་། དད་པས་ཞེས་པ་ལ་སོགས་ཀྱིས་འགལ་ལོ། །ངེས་པར་དངོས་སུ་བཀོད་པ་ཚོ་སྤྲུལ་པ་བ་ཡིན་ལ། རྗེས་སུ་མཐུན་པ་རྒྱུད་མ་སྦྱངས་པ་ཡང་ཡོད་པས། གཉིས་ལྟར་དུ་འགལ་བ་མེད་དོ། །གསུམ་པ་སྡུད་པ་ནི། གནས་དང་སྟོན་པ་འཁོར་དང་། དུས་ལ་སོགས་པ་བཤད་པ་དེ་དག་སྤྲུལ་སྐུ་གཙོ་ཆེར་གསུངས་ལ། སྐུ་གཉིས་མ་གསུངས་པས་འགལ་ལོ་ཞེ་ན། ཉི་ཟླའི་དཀྱིལ་འཁོར་ནུབ་པ་ལྟར་ཡོངས་སུ་འདའ་འོ། །ཞེས་པས། །མཛད་པ་སྤྲུལ་སྐུ་གཙོ་ཆེ་བའི་ངོས་ནས་བཞག་གོ། །ལེའུ་དང་པོའི་ཀ་ཏིག་གོ།། །།ལུང་བསྟན་བརྒྱད་པའི་གླེང་གཞི་གཙོ་ཆེར་སྟོན་པ་ལ་གསུམ་སྟེ། རྒྱུ་དང་། རྐྱེན་དང་། ངོ་བོའོ། །རྒྱུའི་ལེའུ་གཉིས་པ་ལ་གཉིས་ཏེ། དྲིས་པ་དང་། ལན་ནོ། ལན་ལ་ལྔ་ལས། དང་པོར་སྔགས་བྱུང་ཚུལ། བཅུ་གཉིས་སུ་ཕྱིས་བྱུང་བར་ལུང་བསྟན་པས་དོན་བསྡུས་པ་ལས། གདམ་ངག་ལུང་བསྟན་རྩ་བའི་རྒྱུད། །ཅེས་པས། རྩ་རྒྱུད་བཤད་རྒྱུད་གཉིས་ཀྱི་འདོད་ལུགས་ལ་ཡང་། ཁྱེར་ན་གཉིས་པ་རྩ་བའི་རྒྱུད་ཡིན་ལ། གསུམ་

(༣༩༦)པ་མན་ཆད་བཤད་པའི་རྒྱུད་ཡིན། དྲུག་བཅུ་རྩ་དྲུག་པ་མན་ཆད་དེ་མ་ཚང་བ་ཁ་བསྐོང་བའི་རྒྱུད་ཡིན་གསུང་། ལུང་བསྟན་ལས། རྒྱུད་འདིའི་རྣམ་གཞག་ཏུ་རུང་སྟེ། སྔ་མར་མ་ཚང་ཕྱི་མར་མ་ལུས། ཕྱི་མའི་ཕྱི་མས་དོན་རྟོགས་འགྱུར། །ཞེས་སྣང་བས། ལེའུ་དང་པོ་དང་གཉིས་པས་གླེང་གཞི་དང་། གླེང་སླང་བསྟན་པས། བསྟན་གྱི་རྩ་བ་ལུགས་བྱུང་ཚུལ་བཅུ་གཉིས་སུ་སྟོན་པའི་ཐུབ་པའི་དབང་པོས་གསུངས་པ། རྩ་བའི་རྒྱུད་དུ་རྣམ་པར་གཞག་གོ། བྱུང་ཚུལ་དེ་ཉིད་དོན་མ་རྟོགས་པ་ནི་སྔ་མ་ཉིད་ཀྱི་དོན་འཆད་པས། ཕྱི་མའམ་སླད་མའོ། །དེ་དག་གསུམ་པ་ནས་དྲུག་བཅུ་རྩ་ལྔའི་བར་དུ་རྣམ་པར་གཞག་གོ། དེ་དག་ཏུ་མ་གསུངས་པའི་མཚན་གྱི་ཁྱད་པར་དང་། བསླབ་པའི་མཐའ་བཅུ་ལ་སོགས་པ་འདིར་བཤད་དེ། དྲུག་བཅུ་རྩ་དྲུག་པ་ནས་དོན་ལྔའི་བར་གྱིས་ཕྱི་མའི་ཕྱི་མ་རྣམ་པར་གཞག་གོ། །དེ་ལྟར་གང་གིས་ཤེས་ན། དོན་གྱི་ཤུགས་དང་དམ་པའི་ཞལ་དང་། རྒྱུད་གཞན་ཀུན་དེ་ལྟར་གནས་པས་སོ། །འདིར་གསལ་བར་མི་མངོན་པ་ནི་བླ་མ་ལ་རག་ལུས་པའི་ཕྱིར། previous hit དགོངས next hit་ཀུན་འདུས་གསང་ཆེན་འདི། །མ་ཐས་གཟུ་ལུམས་རང་བཤད་པ། །རབ་འབྱམ་བསྟན་པ་ཀུན་བཙལ་ཡང་། །དམ་པ་མཐོང་བར་མི་འགྱུར་རོ། །ཞེས་སོ། །ཅི་ལྟར་ཉི་མས་ཁྱབ་པར་གནས་ཀྱང་། ལོང་པའི་ཡུལ་མིན་པ་ལྟར། རྒྱུད་ཀྱི་དོན་དེ་ལྟར་གནས་ཀྱང་མན་ངག་དང་ལུང་དུ་མི་ལྡན་པས། རྙེད་པར་མི་འགྱུར་རོ།

(༣༩༧)ཞེས་སོ། །ལེའུ་གཉིས་པ་ཁོ་ན་རྩ་བརྒྱད་དུ་བཞག་ན་མི་འཐད་དེ། །ལེའུ་ཞེ་བཞི་པ་ལས། རྡོ་རྗེ་འཆང་ཆེན་པོས་ཨོཾ་ཧཱུྃ་མུམ་ཞེས་གསུངས་ནས། རབ་ཏུ་མི་གསུང་ཞེས་སོ། །བསྟན་པ་ཡི་གེ་འབྲུ་གསུམ་དུ་གསུངས་ནས། ལུང་བསྟན་ལས། ཨོཾ་ཧཱུྃ་མུམ་ཞེས་བྱ་བ་ནི། དཀྱིལ་འཁོར་རྣམ་པ་གསུམ་སྟེ། དེ་ཉིད་བརྗོད་བྱའོ། །ཞེས་སོ། །འགྲེལ་ཆེན་ལས། ཐེག་པ་ལུགས་མ་འཁྱར་བའི་རྩ་བའི་དོན་ཆེན་པོ་བཤད་པ་ནི། ཨོཾ་ཧཱུྃ་མུམ་ཞེས་བཤད་པ་དང་། མཚན་དང་ཆེ་བའི་ཡོན་ཏན་ཅི་ལྟར་བསྟན་ཀྱང་། ཡི་གེ་གསུམ་བཤད་པ་བཞིན་དཀྱིལ་འཁོར་གསུམ་གྱི་དོན་གྱི་ངོ་བོ་བརྡས་བསྟན་དེར་འདུས་པས། ཞེས་གསུངས་པས་སོ། །རིགས་པས་ཀྱང་། གནས་འོག་མིན་དུ། སྟོན་པ་རྡོ་རྗེ་འཆང་ཆེན་པོས། འཁོར་ལོངས་སྐུ་དང་། སྡུད་པ་པོ་གསང་བའི་བདག་པོ་ལ། དུས་སྔོན་འབྱུང་དུ་བསྟན་པ། ཡི་གེ་འབྲུ་གསུམ་དུ་གསུངས་པ་དེ་བཤད་རྒྱུད་དུ་འགྱུར་ལ། གནས་མི་ཡུལ། སྟོན་པ་ཤཱཀ་ཐུབ་ཀྱིས་འཁོར་རྣམ་བཞི་ལ། སྡུད་པ་པོ་ཀུན་ཏུ་རཱ་ཛས་བསྡུས་ནས་དུས་ཕྱིས་གསུངས་པ་དེ་རྒྱུད་དུ་འགྱུར་རོ། །དེ་ནི་ཤིན་དུ་འགལ་བས། རིགས་པ་མ་ཡིན་ནོ། །ངེས་པར་བྱ་ན་དོན་གྱི་རྩ་རྒྱུད་བཤད་རྒྱུད། ཚིག་གི་རྩ་བཤད་འདྲ་བ་ལས་བརྟགས་པའི་རྩ་བཤད་གསུམ་ལས། དང་པོ་ནི། འོག་མིན་དུ་ཡི་གེ་འབྲུ་གསུམ་དུ་གསུངས་པ། རྩ་རྒྱུད་ལ། ཨ་ནུ་ཡོ་ག་ལ་སོགས་བསྟན་པ་

(༣༩༨)ཕལ་གྱི་བཤད་རྒྱུད་དེ། ཁྱད་པར་དུ་ཡི་གེའི་རྒྱུད་འདི་ཉིད་དོ། །གཉིས་པ་ནི། རྡོ་རྗེ་བཀོད་པ་ཀུན་འདུས་རྩ་རྒྱུད་ལ། འདི་ཉིད་བཤད་རྒྱུད་དེ། དེ་ཡང་ལུང་བསྟན་ལས། རྩ་བའི་རྒྱུད་དབང་གི་ལེའུ་ལས། །ཞེས་སོ། །གསུང་བ་ནི་ཡང་ཁྱེད་བཞེད་པ་ཡིན་ནོ། །འདི་དང་པོ་ལ། ངེས་པར་གཞག་པ་ཡིན། དཀའ་སྤྱོད་ལས། འདི་དག་ཤཱཀྱ་ཐུབ་པས་མ་ལ་ཡར་བརྗོད་པ་མ་ཡིན་ཏེ། གསང་བདག་གིས་ལོ་རྒྱུས་སུ་བརྗོད་པ་ཡིན་པའི་ཕྱིར། སྤྲུལ་པ་སྟོན་པ་ཐལ་བར་མི་འགྱུར་བར་གྲུབ་ཟིན་ཏོ། །འོ་ན་རྩ་རྒྱུད་ལ་བཤད་རྒྱུད་དུ་མ་བྱུང་བ་ལ། རྩ་རྒྱུད་གཅིག་པོ་འདི་ལ་བཤད་རྒྱུད་དུ་མ་བྱུང་བ་མི་རིགས་སོ་ཞེ་ན། ཕྱི་རྒྱུད་གཞན་གྱི་ལུགས་ཀྱིས་དེ་ལྟར་ཡིན་ཀྱང་། ཨ་ནུ་ཡོ་གའི་རྒྱུད་སྡེའི་རྒྱུད་ཕལ་ཆེར་འདིར་འདུས་པ་ཡིན་པས། སངས་རྒྱས་ཀུན་གྱི་previous hit དགོངས next hit་འདུས་པའི་མདོ་ཞེས་པས་འགལ་བ་མེད་དོ། །གདམ་ངག་གསུམ་གྱི་དྲིས་ལན་ན། །སྔགས་གསུམ་ལ་བསླབ་པར་བྱའོ། །ཞེས་པས་ནི། དེ་དག་ལ་གསུམ་ཡིན་པས་ཐུན་མོང་གི་འཁོར་གྱིས་སྔགས་ཀྱི་དོན་རྟོགས་པར་འགྱུར་རོ། །དཀྱིལ་འཁོར་གསུམ་ཕྱིས་འབྱུང་བར་ལུང་བསྟན་པས་འགལ་བ་མེད་པའང་ཡིན་ལ། མདོ་སྔགས་མཐུན་པའི་གསང་སྔགས་རིག་སྔགས་གཟུངས་སྔགས་གསུམ་ཡིན་པས། དེ་ལ་སློབས་ཤིག་པའོ། །དབྱར་གྱི་ངོ་གསུམ་འདས་ནས། །ཞེས་སླད་ནས་དང་། འོག་ནས་ཡོངས་སུ་མྱ་ངན་ལས་འདས་

(༣༩༩)ནས། ཞེས་ལུང་བསྟན་ནས་སྟོན་ཟླ་ར་བའི་ཉ་ལ་འདས་པར་བཤད་པ་དང་། མདོ་སྡེ་ནས་རྟ་པ་ཆོ་འཕྲུལ་གྱི་ཟླ་བ་ལ་འདས་པར་བཤད་པ་གཉིས་འགལ་ལོ། །ཞེ་ན། མི་འགལ་ཏེ། སྟོན་ཟླ་ར་བའི་ཉ་ལ་འཁོར་བསྡུས་ནས། གདམ་ངག་གསུངས་པ་ཡིན་ལ། འདས་པ་ནི་རྟ་ལ་འདས་པ་ཡིན་ནོ། །ཡང་རྒྱ་གར་ན་སྟོན་ཟླ་དགུན་ཟླ་དབྱར་ཟླ་བཞི་བཞི་ལས། དཔྱིད་ཟླ་མེད་པར་དོན་མཐུན་ནོ། །ལེའུ་གཉིས་པའི་ཀ་ཏིག་གོ།། །།ལེའུ་གསུམ་པ་རྒྱུད་དངོས་ཀྱི་སྐབས་སུ་གསུངས་པ། དྲང་དོན་དུ་ལྟུང་བ་བཏོན་ནས་དྲུག་པར་ངེས་དོན་དུ་ལན་བཏབ་པས་འགལ་ལོ། །ཞེ་ན། མི་འགལ་ཏེ། ཤཱཀ་ཐུབ་དྲང་དོན་གྱི་སྟོན་པ་གཙོ་ཆེ་བས། དེ་འདས་པ་ལ་གདུང་བ་སྟོན་པ་ཡིན་པས་དྲང་དོན་དུ་འོང་ལ་དྲུག་པར་ངེས་དོན་གྱི་སྟོན་པ་གསང་བདག་གིས་ལན་བཏབ་པས་འགལ་བ་མེད་དོ། །ལེའུ་དྲུག་པར་གདུང་བའི་ཚིག་མང་ལ། དྲུག་པར་སེལ་བའི་ཚིག་ཉུང་བར་བྱུང་བ་ནི་གདུང་བ་འདོན་པ་དམ་པའི་རིགས་ཅན་གྱི་བྱང་ཆུབ་སེམས་དཔའ་ཡིན་པས་མང་ལ། དྲུག་པ་སེལ་བ་ཉུང་བ་ནི། གསང་བདག་རྒྱལ་བ་ཡིན་པས་ཉུང་སྟེ། previous hit དགོངས next hit་ལ་ཁྱད་པར་ཡོད་པའོ། །ལེའུ་གསུམ་པའི་ཀ་ཏིག་གོ།། །།ལེའུ་བཞི་པ་གླེང་གཞི་རྐྱེན་གྱི་སྐབས་སུ། ལེའུ་གསུམ་པར་དམ་པས་གདུང་བ་བསྟོན་པ་དེ། ལེའུ་བཞི་པར་རྒྱལ་

(༤༠༠)བ་རྒྱ་མཚོས་གསན་པའི་ཚེ། གསང་བདག་གིས་གསན་ནམ་མ་བསན། གསན་ན་བསྐུལ་བ་འགལ། མ་གསན་ན་གསང་བདག་མིན་པར་ཐལ། ཞེ་ན། གསན་ཀྱང་གདུལ་བྱའི་དོན་མྱུར་དུ་མཛོད་ཅིག་པ་ལ་འགལ་བ་མེད་དོ། །ཐོག་མ་ཐ་མ་མེད་བར་དུ། དམ་པའི་དགོན་གནས་ཆེན་པོ་དེ། །ཞེས་པས། བསྟན་པ་ཞིག་པའི་དུས་ན་ཡང་རི་བོ་མ་ལ་ཡ་ཡོད་པར་ཐལ། འདོད་ཐོག་ཟེར། རྟག་པའི་དངོས་པོ་མི་སྲིད་པས་འགལ་ལོ། །ཞིག་ནས་ཆགས་པའི་དུས་ན་ཡང་། དེ་ལྟ་བུ་གཅིག་ཆགས་པས་དེ་ལ་previous hit དགོངས next hit་ཡིན། གསང་བདག་སྟོན་འཁོར་གང་ན་བཞུགས་པ་དེ་ཉིད་མངལ་ཡའོ། དེ་བས་ན་འགལ་བ་མེད་དོ། །ལེའུ་བཞི་པའི་ཀ་ཏིག་གོ།། །།ལེའུ་ལྔ་པ་ལ་གཉིས་ཏེ། གླེང་གཞི་དང་། གླེང་བསླང་ངོ། །དང་པོ་ལ། ངོ་བོ་དང་བྱེ་བྲག་སྟོན་པའི་དྲི་ལན་ནོ། །ངོ་བོ་ལ་ཕུན་སུམ་ཚོགས་པ་དྲུག་གོ། །བྱེ་བྲག་ལ་དྲུག་སྟེ། དྲིས་ལན་ནོ། །ཐོག་མ་མེད་པའི་དུས་ཀྱི་ཚེ། །ང་ཡི་ཡིད་བཞིན་ནོར་བུ་སྟོར། །ཞེས་པ་ལ། གསང་བདག་ལ་ཐུགས་རྒྱུད་ཡེ་ཤེས་སུ་སྣང་བ་དང་། །ལམ་རྒྱུད་འཕགས་པར་སྣང་བ་དང་། །གནོད་སྦྱིན་ཕྱག་ན་རྡོ་རྗེ་གསུམ་ལམ་རྒྱུད་ནི་དང་པོའོ། །དེ་ཡང་ལེའུ་ཞེ་དགུ་པ་ལས། བཅོམ་ལྡན་འདས་ཀྱི་ཐུགས་དང་འབྲེལ་ཞིང་ཐུགས་ལས་སྐྱེས་པ། །དེ་ཁོ་ན་ཉིད་དང་འབྲེལ་ཞིང་། །དེ་ཁོ་ན་ཉིད་ལས་སྐྱེས་པའོ། །ཞེས་

(༤༠༡)མངོན་ནོ། །ལུང་བསྟན་ལས། གསང་བའི་བདག་པོ། །ཞེས་པ་ནི། སྐུ་གསུང་ཐུགས་ཀྱི་བདག་ཉིད་དེ། དུས་གསུམ་རྒྱལ་བ་ཀུན་གྱི་བདག་པོ་ཉིད་ཡིན་པས་ཞེས་སོ། །དེ་ལ་ཐོག་མར་གསང་བདག་གིས་མ་རིག་པ་འགལ་ཞེ་ན། །གདུལ་བྱ་རྣམས་ཀྱི་མ་རིག་པ་དེ་ངོ་ཤེས་པར་བྱ་བའི་ཕྱིར། གསང་བདག་གིས་མ་རིག་ལྟར་བསྟན་ཏེ། མ་རིག་པ་དེ་བཙལ་བའི་ཐབས་བསྟན་པའོ། །གཉིས་པ་གླེང་སླང་ལ་གསུམ་སྟེ། ཐབས་བཅུ་གཅིག་སྒོ་ནས་དོན་བྱེད་པས་འདུན་ཅིག་པ་ནི་སྟོན་པས་འདུན་གསུངས་པའོ། །འཁོར་གྱིས་ཞུས་པ་ལ་གསུམ་སྟེ། ཞུ་བ་དངོས་དང་། དམ་པ་རྣམས་དང་མཐུན་མཛོད་ལ། །ཞེས་པ་ནས་སྒྲོལ་བ་མཛོད་ཅེས་པའི་བར་ལ། ལེའུ་དྲུག་པས་ལན་བཏབ་པ་དང་། བྱུང་ཚུལ་བཅུ་གཉིས་སུ་དྲིས་ཤིང་ལན་བཏབ་པ་གཉིས་ཀ་ལུང་བསྟན་ལྟར་ལས། བྱུང་ཚུལ་བཅུ་གཉིས་ལྟར་ནན་ཏན་བྱའོ། །ལེའུ་ལྔ་པའི་ཀ་ཏིག་གོ།། །།གཞུང་གི་གསུམ་པ་རྒྱུད་དོན་བྱུང་བ་བཅུ་གཉིས་ལས། རྨོངས་པ་གདུང་སེམས་ཀྱི་བྱུང་ཚུལ་མ་རིག་མུན་སེལ་གྱི་ལྟ་བ་མ་དང་བུ་ཕྲད་པ་ལྟ་བུར་བཤད། སྒྲོན་མ་བཀོད་པའི་བྱུང་ཚུལ་ཡེ་ཤེས་རང་གསལ་ནམ་མཁའ་ལ་ཉི་མ་ཤར་བ་ལྟ་བུ། བཤད་ལུགས་དཔག་ཏུ་མེད་པ་ཅིག་ཡོད་ཀྱང་ཕུན་སུམ་ཚོགས་པ་རྣམ་པ་ལྔའི་སྤྱི་དང་རང་གི་མཚན་ཉིད་ཕྱོགས་མེད་དུ་རྟོགས་པར་བྱའོ། །དཀྱིལ་འཁོར་གསུམ་ལྡན་དབྱིངས་དང་ཡེ་ཤེས་རོ་མཉམ་པར་གང་གིས་

(༤༠༢)རྟོགས་པ་དེ་ཨ་ནུ་ཡོ་གའི་སྒྲ་དོན་ལ་མཁས་པ་མཁས་སོ། །དེ་ལྟར་དུ་མ་རྟོགས་ན་ཨ་ནུ་ཡོ་གའི་ལུང་དང་བསྟན་བཅོས་དཔག་ཏུ་མེད་པ་ཤེས་ཀྱང་། ཐ་སྙད་ཚིག་གི་འཁྲུལ་རྟོག་ཡིན་པར་ཤེས་པར་བྱའོ། །ད་ནི་སྟོན་པ་དང་གདུལ་བྱ་གཉིས་གནས་སྐབས་བློ་བུར་དུ་བབ་པ་མ་ཏྲམ་རུ་ཏྲ་གསུམ་གྱི་གླེང་གཞི་བསྟན་པར་བགྱིའོ། དེ་ལ་བྱུང་ཚུལ་དྲུག་ལ་གདུལ་བྱ་སྐབས་ལ་བབ་པ་ལ་གཉིས་ཏེ། དང་པོ་དེ་ནས་ཅེས་པས་རྒྱུད་གནས་ལུགས་ཀྱི་ས་བཅད་ན་ལྔ་པ་སོང་ནས། དྲུག་པ་སྟོན་པ་དེ་ནས་ཁྱད་པར་རྩལ་འཕང་གི་དབང་དུ་ལམ་འབྲས་གཉིས་ལས། ལམ་ལ་དྲུག་ལས་སྒོམ་ལམ་སོང་ནས་མཐར་ལམ་སྟོན་པས་དེ་ནས་དྲིས་ལན་གྱིས་ས་བཅད་ན། དམ་པའི་གསང་ལུང་ཅི་ལྟར་བྱུང་གི་ལན་ནོ། །ལེའུ་ས་བཅད་བཅུ་དགུ་པ་སོང་ནས་ཉི་ཤུ་པ་སྟོན་པ་དེ་ནས་སོ། །རྒྱས་པ་ལ་གཉིས་ཏེ། གདུལ་བྱ་དང་འདུལ་བྱེད་ལས་གདུལ་བྱ་ལ་གསུམ་ལས། ཉེར་གཉིས་པ་ནས། ཨེ་མ་ཧོ། །སྔོན་དཔལ་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཅེས་པའི་སྐབས་སུ་ཤཱཀྱ་ཐུབ་བྱུང་བའི་དུས་ན། རུ་ཏྲ་མ་ལ་རུ་ཏྲ་བྱུང་བའི་དུས་སུ་ཤཱཀྱ་ཐུབ་མེད་པས་མི་མཚུངས། ཤེ་ན། ལ་ལ་ནི་ཤཱཀྱ་ཐུབ་དངོས་ཀྱིས་བཏུལ་བ་ཡིན་ཏེ། དེའི་བསྟན་པ་ལ་ཉན་ཐོས་ཀྱིས་མ་ཐུལ་བས་དུས་མཚུངས་སོ། །ཡང་ན་ཤཱཀྱ་ཐུབ་ཀྱིས་སེམས་བསྐྱེད་པའི་ཤཱཀྱ་ཐུབ་ཆེན་པོ་བྱ་བ་ཅིག་རྒྱ་ཆེ་རོལ་པ་ནས་གསུངས་པ་དེ་དང་དུས་མཚུངས་སོ། །ཡང་དེའི་ཚེ་དེའི་དུས་ན། གང་ཐུབ་དཀའ་གཞོན་ནུ་ཞེས་པ་ནས། རྡོ་རྗེ་འཛིན་པ་ཉིད་དུ་འགྱུར། །ཞེས་པའི་བར་དུ། གསང་སྔགས་ཉེ་ལམ་

(༤༠༣)ཡིན་པ་ལ་རུ་ཏྲ་སྐྱེ་བ་ཉི་ཤུའི་བར་དུ་ལུས་བླངས། བསྐལ་པ་གྲངས་མེད་པ་ལྟས་ནས་ཐ་མ་སྲིན་པོར་ལུས་བླངས་ཙམ་ནའང་། ད་རུང་དན་ཕག་སངས་མ་རྒྱས་ཏེ། ཐར་ལམ་ཡིན་པས་རིང་ལམ་པར་འགྱུར། ཞེ་ན། འདི་ལ་དོན་གཉིས་ཏེ། ངེས་དོན་ཏུ་སྙིང་པོ་བྱང་ཆུབ་ཏུ་སྦྱར་ཟིན་པས་གསང་སྔགས་རིང་ལམ་མོ། །འོ་ན་དཀྱུས་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དྲང་དོན་དུ་སྨོས་པ་ཡིན་ཏེ། གདུལ་བྱ་རུ་ཏྲའི་ལས་དང་སྟོན་པའི་ཐུགས་རྗེ་འཛོམ་པས་དྲང་དོན་དུ་སྨོས་སོ། །བདུད་འདུལ་བ་ལ་ལེའུ་བཞི་ཡོད། བསྐུལ་བ་ལ་ཉེར་གསུམ་པས་སྟོན་ཏེ། དཔེར་ན་སྡེ་པ་ཆེན་པོ་ལ་སྙ་འགོམས་ཆེ་བ་ཅིག་བྱུང་། སྡེ་པ་གཞན་གྱིས་དི་ཚར་མ་བཅད་ན། དཀོན་མཆོག་སྤྱིའི་བསྟན་པ་ལ་གནོད་པས་དམག་དྲོངས་ཤིག་པར་བསྐུལ་པ་ལྟར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་སྟོང་པ་ཉིད་ཀྱི་ངང་ལས་མ་གཡོས་པར་ཐུབ་དཀའ་གཞོན་ནུ་ལ་ཐུལ་གཅིག་པར་བསྐུལ་བའོ། །ལེའུ་ཉི་ཤུ་གཉིས་པར་རིགས་ལྔར་གཞེངས་ལ་ཆོ་འཕྲུལ་བསྐུལ་བའི་ཆོས་སྐུ་ལས་གཟུགས་སྐུར་གཞེངས་པའི་ཏིང་ངེ་འཛིན་གསུམ་ནི། མཁའ་ལྟར་ལས་ཕུལ་པའི་ཏིང་ངེ་འཛིན་ནི་ཆོས་ཉིད་སྟོང་པའི་ངང་ལས། རིག་པ་སྒྱུ་མ་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུལ་དུ་བཞུགས་པ་ལ། གཞེངས་པར་བསྐུལ་བ་ནི། ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ཏོ། །རྒྱུའི་ཏིང་ངེ་འཛིན་ནི་དེ་ལས་གསུང་ཡི་གེ་ཐུགས་ཕྱག་མཚན་དེ་ཆོས་ཉིད་སྟོང་པ་ཉིད་སྒྱུ་མ་ལྟ་བུའི་སྐུར་སྣང་སྟེ། དེ་ཅིར་ཡང་སྣང་བས་ན་ལོངས་སྐུ་དང་སྤྲུལ་སྐུ་དང་ཞི་ཁྲོ་མ་དེས་སོ། །དེ་དཔེར་ན་ནམ་མཁའ་

(༤༠༤)ལ་འཇའ་ཚོན་སྣང་བ་ལྟར་བྱུང་ཡང་། གང་མ་ངེས་པའི་ཡེ་ཤེས་ཀྱི་སྣང་བ་ཞེས་བྱའོ། །སྤྲེའུ་ལྟར་མས་འཛེག་པའི་ཏིང་ངེ་འཛིན་ནི་སྐྱེད་རིམ་སྒོམ་སྒྲུབ་གསུམ་ཡིན་ནོ། །དེ་ལྟར་བསྐུལ་བ་བཞིན་གཞེངས་ཏེ། དེ་ནས་བདུད་འདུལ་བར་བཀའ་བསྒོས་པ་བཞི་པས་སྟོན་ཏེ། གནས་པས་སྡེ་པ་ཐམས་ཅད་བསོགས་ཏེ་དམག་དྲོངས་བྱས་པ་ལྟ་བུའོ། །དེ་ནས་བཀའ་གྲོས་བཅད་པ་ཉེར་ལྔ་པས་སྟོན་ཏེ། དེ་ཞི་བས་མི་ཐུལ་བས་དམག་འདྲེན་པར་གྲོས་ཐག་བཅད་previous hit ་བཞིན། ཞེ་རྒྱས་ཀྱིས་མི་ཐུལ། དབང་དྲག་གིས་ཐུལ་བར་རིག་ནས། ལོག་ལྟ་བརྒྱད་འདུལ་བ་ལ་དགོངས next hit་ཏེ། སྐུ་ལྔ་ཀས་བཀའ་གྲོས་བཅད་པའོ། །ལེའུ་ཉེར་ལྔ་པར་སངས་རྒྱས་སྙིང་རྗེ་རོལ་པའི་ཚོགས་ཀྱིས་གསོལ་བའམ། སངས་རྒྱས་རྡོ་རྗེའི་གདུང་དང་སྡེའི་ཚོགས་ཀྱིས་མགྲིན་གཅིག་པ་བགྲོས་པ་རིགས་ལྔ་བཀའ་བགྲོས་པ་དང་། ཡང་རྣམ་གྲོལ་སྤྱོད་པའི་ཚོགས་ཀྱིས་གསོལ་བའི་མདོ་དང་། ངོ་བོ་ཉིད་མེད་པའི་ཚོགས་ཀྱིས་ཅེས་སྐུ་ལྔའི་བཀའ་གྲོས་བཅད་པ་གཉིས་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་གཉིས་རིགས་ལྔ་ལ་སོགས་པ་ཉོན་མོངས་པ་ལོག་ལྟ་ལྔ་འདུལ་བར་བཤད་ལ། སྐུ་ལྔ་པོས་ནི་ལོག་ལྟ་གཞན་འདུལ་བར་བཅད་པས་མི་འགལ་ལོ། །ཡང་ན་རིགས་ལྔ་དང་སྐུ་ལྔ་ཐ་དད་མེད་པས། དོན་ལ་སྐུ་ལྔས་བཅད་པ་ཁོ་ན་འགྲོ་བས་མི་འགལ་ལོ། །ལས་ཀྱི་སྐོས་གདབ་པ་ལེའུ་ཉེར་དྲུག་པས་སྟོན་ཏེ། དེ་ཡང་སྡེ་པས་དམག་འདྲེན་པ་ལས་དམག་བསགས་པ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། དན་ཕག་ཕྱག་རྡོར་དུ་གནས་གྱུར་པ་ལ་ཐུལ་གཅིག་པར་བསྐུལ་བས། ཞལ་གྱིས་བཞེས་ནས་ཐམས་ཅད་ལ་བསྐུལ་བ་སྟེ། རྟ་མགྲིན་

(༤༠༥)པོ་ལ་བཏང་བ་དང་། རྒྱལ་བ་ཐམས་ཅད་ཁམས་གསུམ་ཡོངས་གྲོལ་གྱི་previous hit དགོངས next hit་མཛོད་ཅིག་པར་བསྐུལ་བ་མཛད་དོ། །ལེའུ་ཉེར་བདུན་པའི་སྐབས་སུ། རང་གི་རུ་ཏྲ་ལྔའི་ས་བོན་མངོན་དུ་བྱུང་སྟེ་ཅེས་པའི་སྐབས་སུ། ལམ་སྲོང་ནས་ཁོང་དོན་དུ་ལྔ་བཤད་དེ། བཏགས་པ་རྒྱུད་ཀྱི་རུ་ཏྲ་དང་། སྤྲུལ་པ་དང་འདོད་པ་སྐྱོང་བའི་རུ་གཉིས་དང་། ཏིང་ངེ་འཛིན་ཡེ་ཤེས་སུ་ལངས་པའི་རུ་ཏྲ་དང་། རིག་པ་རྣལ་དུ་འཇོག་པའི་རུ་ཏྲ་དང་། མ་བཅོས་ལྷུན་གྱིས་གྲུབ་པའི་རུ་ཏྲ་དང་ལྔའོ། །དེ་ལ་དང་པོ་རྟག་པ་རང་རྒྱུད་ཀྱི་རུ་ཏྲ་མོས་པ་རྗེས་སུ་འཇོག་པའི་ཤེས་པ་སྐྱེས་བུ་ཡུལ་གྱི་འདོད་པས་གདུངས་པ་ལྟ་བུ་ལ་གསུམ་སྟེ། ལོག་པའི་དབང་གིས་ཉོན་མོངས་པ་ལ་བཏགས་པ། རྟོག་པའི་དབང་གིས་གཟུང་འཛིན་ལ་བཏགས་པ། ཞན་པའི་དབང་གིས་འདོད་ཡོན་ལ་བཏགས་པའོ། །དེ་ཡང་ཕྱི་ལྟར་ཐར་པ་ནག་པོ། ནང་ལྟར་བདག་འཛིན་རྟག་པ་གསུམ་དང་ལྡན་པའི་སློབ་བུ་ཆོས་ལ་མོས་པ་ཡོད་པའོ། །དེ་ལེའུ་ཉི་ཤུ་རྩ་གཅིག་དང་སྦྱོར། གཉིས་པ་སྤྲུལ་པ་འདོད་པ་སྐྱོང་བའི་རུ་ཏྲ་བསམ་ཡིད་དང་འཐད་པའི་ཤེས་པ། སྣ་ཚོགས་མེ་ཏོག་གི་གླིང་ལ་ཕྱིན་པ་ལྟ་བུ་ལ་གསུམ་སྟེ། སྨོན་ལམ་ཐུགས་རྗེའི་དབང་གིས་རྒྱལ་བ་གང་སྤྲུལ་པ་ལས་ཀྱི་དབང་གིས་གདུལ་བྱ་གང་གིས་ངོ་ལ་སྤྲུལ་པ་ལས་དང་ཐུགས་རྗེ་འཛོམ་ནས་ཚུལ་ཅི་ལྟར་སྤྲུལ་བའོ། །དང་པོ་ཐུབ་དཀའ་དང་དན་ཕག་གནས་གྱུར་པ་རྡོ་རྗེ་སེམས་དཔའ་དང་གསང་བདག་ཏུ་གནས་ནང་ལྟ་བུའི་ཉམས་ཅན་ནོ། །གསུམ་པ་ཏིང་ངེ་འཛིན་ཡེ་ཤེས་སུ་ལངས་པའི་རུ་ཏྲ་སྣ་ཚོགས་ཉམས་དང་ལྡན་པའི་ཤེས་པ། སྣ་ཚོགས་རིན་པོ་ཆེ་གླིང་ལ་ཕྱིན་པ་ལྟ་བུ་ལ་

(༤༠༦)གསུམ་སྟེ། འདུལ་བྱེད་དྲག་པོའི་དབང་གིས་སེམས་གདུངས་ཐག་བཅད་དེ་ཏིང་ངེ་འཛིན་ཡེ་ཤེས་སུ་ལངས་པ་ནི། ལེའུ་ཉེར་བདུན་པ་དང་སྦྱར་ཏེ་ཕྱག་རྒྱས་རོལ་ཏེ་ཕྱག་རྒྱས་སྦྱངས་ཤེས་སོ། །འགྱོད་པ་དྲག་པོའི་དབང་གིས་སྔོན་གྱི་ལས་དྲན་ཏེ། ཏིང་ངེ་འཛིན་ལངས་པ་ནི་ཉེར་བརྒྱད་པ་དང་ཉེར་དགུ་པ་དང་སོ་གཅིག་པའི་དོན་གྱིས་སྟོན། དབང་དང་གདམ་ངག་དྲག་པོའི་དབང་གིས་རིག་པའི་ཉམས་རྙེད་དེ་ཏིང་ངེ་འཛིན་ལས་ལངས་པ་དེ་ནི་སོ་གཅིག་པའི་སྨད་ཀྱིས་སྟོན། དེ་འང་ཕྱི་ལྟར་།།།རུ་ཏྲ་བསྒྲལ་ཏེ་མཐོང་ལམ་སྐྱེས་པའོ། །ནང་ལྟར་ལམ་ས་ལ་མཐོང་ལམ་སྐྱེས་པའོ། །བཞི་པ་རིག་པ་རྣལ་དུ་འཇོག་པའི་རུ་ཏྲ་གསལ་ཕྱོགས་དང་བྲལ་བའི་ཤེས་པ་སྐྱེས་བུ་རང་གི་མཚན་དཔེ་ལྟ་བ་ལྟ་བུ་ལ་གསུམ་སྟེ། རང་བཞིན་མ་བཅོས་པར་རིག་པ་རྣལ་དུ་འཇོག་པ་དང་། གནས་སྐབས་མི་འགྱུར་བར་རིག་པ་རྣལ་དུ་འཇོག་པ་དང་། མཚན་ཉིད་མ་བཅོས་པར་རིག་པ་རྣལ་དུ་འཇོག་པའི་རུ་ཏྲ་དང་གསུམ་མོ། །དེ་ནི་སྒོམ་ལམ་དང་མཐར་ལམ་ལ་གནས་པའི་རྣལ་འབྱོར་རོ། །ལྔ་པ་རང་བཞིན་ལྷུན་གྱིས་གྲུབ་པའི་རུ་ཏྲ་དེ་ཁོ་ན་ཉིད་ཀྱི་ཤེས་པ་ནམ་མཁའ་ལྟ་བུ་ལའང་གསུམ་སྟེ། གནས་ཚུལ་མ་བཅོས་པར་ལྷུན་གྱིས་གྲུབ་པའི་རུ་ཏྲ་དང་། སྣང་ཚུལ་མ་བཅོས་པར་ལྷུན་གྱིས་གྲུབ་པའི་རུ་ཏྲ་དང་། བདག་གཞན་གྱི་མཛད་སྤྱོད་མ་བཅོས་པར་ལྷུན་གྱིས་གྲུབ་པའི་རུ་ཏྲའོ། །དེ་ཡང་ཕྱི་ལྟར་རུ་ཏྲ་སངས་རྒྱས། ནང་ལྟར་ལམ་པ་སངས་རྒྱས་པ་ལ་བྱའོ། །ཡང་པོ་གཅིག་པ་ནས་དེ་བཞིན་གཤེགས་པ་ཐལ་བའི་དབང་པོ་དང་སྦྱར་རོ། །སངས་རྒྱས་རུ་ཏྲར་བཞག་པ་དང་འགལ་ལོ། །སྙམ་པ་ལ་སངས་རྒྱས་མཉམ་སྦྱོར་

(༤༠༧)ལས། རྡོ་རྗེ་རུ་ཏྲ་བཞེད་པ་ཆེ། །མཁུར་བ་དབུགས་ཀྱི་རླུང་འབྱིན་པ། ཞེས་བཤད་པས་མི་འགལ་ལོ། ཐུལ་བ་ཉེར་བདུན་པས་སྟོན་ཏེ་དམག་དྲངས་པ་མི་བསད་པ་ཡུལ་ཕྲོགས་པ་དེ་བཞིན་དུ་རྡོ་རྗེ་སྲིན་པོས་གདུལ་ལོ། །དེ་ཡང་ཕྱག་ན་རྡོ་རྗེས་གཞོན་ནུ་རྨེ་བརྩེགས་སྣ་ནས་བཏོན་ཏེ་དེ་འབོས་ལྔར་བསྐྱུར་ཏེ། རུ་ཏྲའི་འཁོར་མོའི་ལྷུམས་སུ་ཀེའུ་རི་ལ་སོགས་པ་བཞག །ཆུང་མའི་ལྷུམས་སུ་རྡོ་རྗེ་སྲིན་ཕྲུག་ལ་སོགས་པ་བཞག་ནས་རུ་ཏྲ་བཏུལ་ལོ། ཉེར་བདུན་པ་ལས་ཕྱག་རྒྱས་རོལ་ཏེ་ཕྱག་རྒྱས་སྦྱངས་ཅེས་པས་དངོས་སུ་ཤ་རུ་ལ་སོགས་པ་རོལ་ནས་བསྒྲལ་བའི་རྗེས་སུ། ད་ཡོང་ཅི་མཛད་མྱུར་དུ་མཛོད། །མྱུར་དུ་མཛད་ན་ཡུན་དུ་བདེའོ། །ཞེས་པས་འགལ་ལོ། །ཞེ་ན། གོང་མ་ནི་ཕུང་པོ་དངོས་སུ་བསྒྲལ་བ་ཡིན། འོག་མ་ནི་སྒྲིབ་པ་ཕྲ་བའང་མྱུར་དུ་སྦྱོངས་ཤིག་པ་ཡིན་པས་མི་འགལ་ལོ། །ལེའུ་ཉེར་བདུན་པའི་རྡོ་རྗེ་གཞོན་ནུ་རྨེ་བ་བརྩེགས་པ་ནི་དངོས་སུ་རུ་ཏྲ་ལ་བྱ་སྟེ། དང་པོ་ནལ་བུ་ཡིན་ཏེ་ཕ་མེད་པས་རྐྱང་རྨེ། སྨད་འཚོང་མའི་བུ་ཡིན་པས་ཀྱང་རྨེ། སྐྱེས་མ་ཐག་ཏུ་མ་ཤི་བས་ཀྱང་རྨེ་དེའི་ཕྱིར་རྨེ་བརྩེགས་སུ་བཞག་གོ། །ཡང་ན་སྲས་རྡོ་རྗེ་གཞོན་ནུ་ལ་བཞག་པ་དང་། དེའི་སྲས་རྡོ་རྗེ་སྲིན་ཕྲུག་ལ་བཞག་པའོ། །དེ་ལྟར་བསྟན་པའི་རུ་ཏྲ་དེ་རང་རྒྱུད་པ་ཡིན་ནམ་སྤྲུལ་པ་བ་ཡིན། སྤྲུལ་པ་བ་ཡིན་ན་ལུང་རིག་པ་མན་ངག་གསུམ་དང་འགལ་ཏེ། ལེའུ་ཉི་ཤུ་པའི་མཚན་དང་འགལ་བ་དང་གཅིག །ལེའུ་ཉེར་བཞི་པ་ལས་འདས་པའི་དུས་ན་སྔོན་བྱུང་ལྟར། ད་ལྟར་དུས་འདི་ཉིད་དུ་བྱུང་བ་དང་གཉིས་

(༤༠༨)ཉེར་དགུ་པ་ལས་དང་པོ་བཀའ་བསྒོ་ལོག་པས་ཉེས། ཞེས་པ་ལ་སོགས་པ་དང་། སོ་གཅིག་པ་ལས་ད་ལྟར་སྐལ་བ་བཟང་པོ་འདིའི་ཡུན་དུ་གནས་ནས་རྣལ་འབྱོར་ཡོངས་ཀྱི་མགོན་པོ་དགེ་གཉེན་ལེགས་ལྡན་ནག་པོ་ཞེས་པ་ལ་སོགས་པ་ཆོས་སྐྱོང་དུ་ཁས་བླངས་པ་དང་འགལ་ལོ། །གསང་སྔགས་ཀྱི་རྩ་བའི་དམ་ཉམས་ཡིན་པ་དང་། ཐེག་་པ་ཐུན་མོང་བའི་སྡོམ་པ་ལ་སོགས་པ་ཉམས་པ་དང་། མཚམས་མེད་པ་ལྔ་ལ་སོགས་པ་བྱས་པས་ངན་སོང་གི་སྡུག་བསྔལ་མྱོང་བ་བཤད་པས་བཀའ་སྤྱི་དང་འགལ་ལོ། །མན་ངག་གི་ནི་འགྲེལ་ཆེན་ལས། དེའི་རྩལ་གྱིས་དགེ་བའི་མྱུ་གུ་རྒྱུན་བཅད་དེ། ཐམས་ཅད་ལམ་དུ་དྲངས་ཏེ་ལྷུང་བ་དང་བཅས་པ་རྣམས་སྒྲ་ཅི་བཞིན་ནོ། །ཞེས་སོ། །རིག་པ་ནི་གདུལ་བྱ་རང་རྒྱུད་པ་མེད་པས་སྤྲུལ་པ་ལ་དོན་མེད་པར་ཐལ་བ་དང་། སྤྲུལ་པའི་མཛད་པ་ནོར་བ་དང་། སྔར་སྔགས་ལ་སྤྱད་ཀྱང་རུ་ཏྲ་རང་རྒྱུད་པ་མིན་ཏེ། སྔགས་ལ་སྤྱོད་པ་ཀུན་བཀའ་བསྒོ་ལོག་པ་ལ་འབྱུང་བས་སྡིགས་རི་བཀུར་བའི་དགོས་ཆེད་ཡོད་ཅེ་ན། དེ་མི་འཐད་དེ་སྔར་སྔགས་ཀྱི་བསྟན་པ་དང་། དེ་ཉམས་སུ་ལེན་པའི་ལམ་པ་ཡོད་ཀྱང་དེ་བཀའ་བསྒོ་ལོག་ནས་རུ་ཏྲ་མ་བྱུང་ན་ད་ཡང་མི་འབྱུང་སྟེ། རྒྱུ་རྐྱེན་ལ་ཁྱད་པར་མེད་པའི་ཕྱིར་རོ། །འོ་ན་ཁྱོད་སེམས་ཅན་སྔར་སངས་མ་རྒྱས་པས་ད་ཡང་སངས་མི་རྒྱ་བར་ཐལ། དེ་ཅིས་ན་རྒྱུ་རྐྱེན་ལ་ཁྱད་པར་མེད་པའི་ཕྱིར་རོ། །ཟེར་ན། དེ་ལྟར་བསྟན་པའང་བྱུང་སྟེ། ཉམས་སུ་བླངས་པས་སངས་རྒྱས་ཀྱང་བྱུང་སྟེ་ཡང་བྱུང་བས་དེས་མགོ་མི་ཚུགས་སོ། །གལ་ཏེ་རང་རྒྱུད་པ་ཡིན་ན་ཡང་གསུམ་དང་འགལ་ཏེ། ལུང་ནི་ལེའུ་ཉེར་གཅིག་པ་ནས་འགྲོ་བའི་དོན་དུ་སྔོན་བྱུང་བ་

(༤༠༩)ཞེས་པ་དང་། ཉེར་གཅིག་པ་ནས་གསང་བ་མཆོག་ནི་བདག་ཡིན་པས་ཤེས་པ་དང་། སུམ་བཅུ་པ་ལས་བཅོམ་ལྡན་འདས་ཐམས་ཅད་མཆོག་ནི་བདག་ཡིན་ཏེ། ཞེས་བཀའ་འདི་དང་འགལ་ལོ། །ཐུན་མོང་བ་རྣམས་ནི་བཅོམ་ལྡན་འདས་ཀྱིས་ནི་འཆི་བདག་གི་བདུད་བཅོམ་ཞིང་འདུལ་བའི་ཚེ། འཁོར་ཉན་ཐོས་ལ་གསུངས་པ་དེའི་ཚེ་དེའི་དུས་ན་བདུད་སྡིག་ཅན་ངེས་པར་གཞན་དུ་མ་རྟོགས་ཤིག །དེ་ནི་ང་ཉིད་ཡིན་ནོ་ཞེས་གསུངས་པས་བཀའ་སྤྱི་དང་མི་འགལ་ལོ། །མན་ངག་ལུང་བསྟན་ལས་ཇི་སྐད་དུ་བཤད་པའི་མཐུ་འདི་དག་རང་རྒྱུད་པ་ལ་ཡོད་པ་མ་ཡིན་གྱི། སྤྲུལ་པ་ཡིན་པ་སོམ་ཉི་མི་ཟའོ། །ཞེས་སོ། །རིག་པ་ནི་དེ་བཞིན་གཤེགས་པ་བས་རང་རྒྱུད་པ་མཐུ་ཆེ་བར་ཐལ། ཅིས་ན་ཤཱཀྱ་ཐུབ་པ་དང་རྟ་མགྲིན་གྱིས་མ་ཐུལ་བར་བཤད་པའི་ཕྱིར་རོ། །ཡང་ན་སྡིག་པ་གང་ཆེ་བ་ནས་སངས་རྒྱ་བར་ཐལ། ཅེས་ན་སངས་རྒྱས་ཐལ་བའི་དབང་པོའི་དབྱངས་སུ་ལུང་བསྟན་པའི་ཕྱིར་རོ། །འོ་ན་ཅི་ལྟར་ན། རིམ་དང་གཅིག་ཅར་བ་གཉིས་སུ་སྐྱོན་བསལ་ཏེ། ཅིག་ཅར་ནི་སྤྲུལ་པ་ཡང་ཡིན་ལ། རང་རྒྱུད་པ་ཡང་ཡིན་བྱའོ། །དེ་ལ་སྐྱོན་སྔ་མ་གཉིས་མི་འོང་ངམ་ཞེ་ན། སྤྲུལ་པ་དང་རང་རྒྱུད་པ་གཉིས་ཀ་ཁས་བླངས་པས་སྔ་མའི་སྐྱོན་གཉིས་ཀ་སེལ་ལོ། །རིམ་གྱིས་གསལ་བ་ནི་སྤྲུལ་པར་མངོན་པའི་སྐྱོན་དེ་རྣམས་དཀྱུས་རང་འཐད་དུ་བཤད་ལ། རང་རྒྱུད་པས་འབྲས་བུ་དཀྱུས་ལ་བཤད་པས་སྤྲུལ་པར་མངོན་ནོ། །དེས་འདྲེ་སྟེ་རང་རྒྱུད་པའི་འབྲས་བུ་དྲང་ཐད་དུ་འཐད་ལ། སྤྲུལ་པའི་འབྲས་བུ་ལྟར་སྣང་དུ་བཤད་པས་རང་རྒྱུད་པར་མངོན་ནོ། །དང་པོ་ལྟར་མི་འགལ་ཏེ་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ན། རྣམ་སྨིན་འདི་ལྟར་མྱོང་བར་བསྟན་པའི་དོན་དུ་མ་དག་པའི་སྐྱེ་

(༤༡༠)རྒྱུད་བླངས་པ་ལྟར་སྣང་ངོ་། །ལེའུ་ཉེར་བཞི་པའི་འདས་པའི་དུས་ན་སྔོན་བྱུང་ལྟར། ད་ལྟར་དུས་འདི་ཉིད་དུ་བྱུང་ཞེས་པ་དེ། སྤྲུལ་ནས་བྱུང་བ་ལྟར་བསྟན་ནོ། །སོ་གཅིག་པའི་ཆོས་སྲུངས་ནི། དངོས་སུ་གྲུབ་ནས་ཕན་གནོད་བྱེད་པ་མ་ཡིན་ཏེ། ཕན་གནོད་བྱེད་པ་ལྟར་བསྟན་ཏེ་འགལ་བ་མེད་དོ། །གཉིས་པ་ཉེར་གཉིས་པ་ལ་སོགས་པ་དང་མི་འགལ་ཏེ། ཤཱཀ་ཐུབ་དང་རྟ་མགྲིན་གྱིས་མ་ཐུལ་བ་ནི་མི་ཡིན་ཏེ། དབང་དག་གི་ཆེ་བ་དབྱུང་བའི་དོན་གྱི་ཕྱིར་མ་ཐུལ་བ་ལྟར་བསྟན་པའོ། །རྒྱལ་བའི་ཞལ་མཐོང་ཡང་རུ་ཏྲས་འགྲན་ཟླར་མཐོང་གི་རྒྱལ་བར་ངོ་མ་ཤེས་སོ། །སོ་གཅིག་པའི་ཐམས་ཅད་མཆོག་ནི་བདག་ལགས་ཏེ་ཞེས་པ་ནི། རྒྱལ་བས་སྤྱོད་པའི་ཚིག་ཡིན་ཏེ། ཞིང་ཁམས་སུ་གྲགས་པའི་ལད་མོ་འདས་པ་ཡིན་ཏེ། དཔེར་ན་སེམས་བསྐྱེད་འབོགས་པའི་ཚེ་སློབ་དཔོན་གྱིས་ཚིག་དེ་སློབ་མས་ལད་མོ་བཟླས་པས་བཞིན་ནོ། །བྱུང་ཚུལ་དྲུག་པའི་དཀའ་བ་ཅུང་ཟད་ཙམ་དཀྲོལ་བའོ། །ལེའུ་བཅུ་གཅིག་པ་ལམ་པས་རྙེད་པར་དཀའ་བ་ལ་གཉིས། དྲིས་པ་དང་། ལན་ནོ། །དེ་ལ་བཞི་ལས། རྒྱལ་ཚབ་སྐྱེས་བུས་ལམ་ལྔ་ཕྲག་གཉིས་སུ་བགྲོད་པའི་དང་པོའི་སྐབས་སུ་རྩལ་ཆེན་རྫོགས་པའི་སྐབས་སུ་སེམས་གསུམ་བསྐྱེད་ཅིང་མཐའ་དྲུག་ཆུབ་ཅེས་པ་ལ། ལས་དང་པོ་དང་དབུགས་ཆེན་འབྱིན་པའི་སྐབས་སུ་བསླབ་པའི་མཐའ་བཅུ་གཅིག་ནས། རྩལ་ཆེན་འབྱིན་པ་འདིར་དྲུག་ལས་མ་ཆུབ་པས་ངན་དུ་སོང་ངམ་ཞེ་ན། མ་སོང་སྟེ། མདོ་ལས་འབྱུང་བ་previous hit དགོངས་འདུས་ཀྱི་ལུང་ལས། །བསླབ་ next hit་བཅུའི་སྒྲ་གཅིག་ལས། །ཟག་བཅས་བཞི་དང་བར་ཆད་མེད། །ཟག་མེད་ལམ་ལྔར་བསླབ་པ་དང་།

(༤༡༡)། སློབ་པའི་ལུགས་དང་ལོབས་པ་དང་། །ནུས་མཐུ་དང་ནི་ངོ་བོ་དང་། །བསླབ་བྱ་ཡུལ་གྱི་ཁྱད་པར་འགྱུར། །ཞེས་པས་ལྔ་སྟེ། དང་པོ་སློབ་ལུགས་ཀྱི་ཁྱད་པར་ནི། ཟག་བཅས་སུ་ཚིག་དང་ཡི་གེ་ལ་བརྟེན་ནས་སློབ་བར་ཆད་མེད་པ་ནི་ཚིག་ཡི་གེ་དང་རིག་པ་གཉིས་ཀ་ལ་བརྟེན་ནས་སློབ། ཟག་མེད་ནི་ཆོས་ཉིད་མངོན་སུམ་དུ་རྟོགས་པ་ལ་བརྟེན་ནས་སློབ་པའོ། །ལོབས་པའི་ཁྱད་པར་ནི། ཟག་བཅས་སུ་མི་ཟད་པའི་ཆོས་ཉིད་རྟོགས་པ་མི་གསལ། བར་ཆད་མེད་པ་དེ་བསལ། ཟག་མེད་རྟོགས་པ་དེ་གསལ་བའོ། །ནུས་མཐུའི་ཁྱད་པར་ནི་ཟག་བཅས་རང་གི་སྒྲིབ་པ་དག་ཅིང་དེ་རང་གི་འབྲས་བུ་ཐོབ། བར་ཆོད་མེད་པའང་དེ་བཞིན་ནོ། །ཟག་མེད་ཀྱང་། དེ་བཞིན་ནོ། །ངོ་བོའི་ཁྱད་པར་ནི་ཟག་བཅས་བཞི་དང་བར་ཆོད་མེད་པའི་བསླབ་བྱའི་ངོ་བོ་ཟག་བཅས་ཡིན། ཟག་མེད་ཀྱི་བསླབ་བྱའི་ངོ་བོ་ནི་ཟག་མེད་དོ། །བསླབ་བྱའི་ཡུལ་ནི། ཟག་པ་དང་བཅས་པའི་གང་ཟག་ཆོས་མིག་ཅན་ནམ་མཁའ་ལྟ་དགོས་ཀྱི་དྲོད་ཅན་ལ་སློབ། བར་ཆད་མེད་པ་ནི་རིག་འཛིན་ལ་སློབ་པའོ། །ཟག་མེད་ནི་རྒྱལ་བ་ལ་སློབ་པའོ། །དེས་ན་ལས་དང་པོ་པའི་སྐབས་སུ་སྨོན་པ་ཙམ་གྱི་སློབ་པའི་མཐའ་བཅུ་ལས་མ་ཆུབ། དེས་འགྲེ་རྩལ་ཆེན་རྫོགས་པ་རང་གི་བསླབ་པའི་མཐའ་བཅུ་པའོ། །ཆོས་ཀྱི་རྒྱལ་པོ་གང་དེའི་ཅེས་པ་ནི་རྒྱལ་བ་མར་མེ་མཛད། གདུང་ཚོབ་དགའ་ལྡན་ཐེག་ཆེན་སྟོན་ཞེས་པ་ནི། །དེའི་གདུང་ཚོབ་ནི་དམ་པ་ཏོག་དཀར་པོའོ། །ལྷ་ལ་དགའ་ལྡན་གྱི་གནས་ན་ཐེག་པ་

(༤༡༢)ཆེན་པོའི་ཆོས་སྟོན། མིའི་གནས་སུ་བཅུ་པའི་དུས་ནས་ཚེ་ལོ་བརྒྱ་པའི་དུས་སོ། །དུས་ནི་ཚེ་ལོ་བཅུ་པའི་དུས་སུ་ལམ་ལྔ་ཕྲག་གཉིས་བྱུང་བ་ནི་ལྡབས་སམ་སྙམ་པ་ལ་འདོད་ལུགས་ལྔ་སྟེ། གོང་མ་རྒྱུ་མཚན་ཉིད་དང་། འོག་མ་གསང་སྔགས་སུ་རུང་ངམ། ཡང་གོང་མ་ཕྱི་རྒྱུད་ལ་འོག་མ་ནང་པར་རུང་ངམ། ཡང་གོང་མ་རང་དོན་ལ་འོག་མ་གཞན་དོན་དུ་རུང་ངམ། ཡང་གོང་མ་ནི་སྔོན་བྱུང་ལ། འོག་མ་རྗེས་འཇུག་ཏུ་རུང་ངམ། ཡང་གོང་མ་གྲོལ་ལམ་ལ་འོག་མ་ཐབས་ལམ་དུ་རུང་ངམ་གསུང་ངོ་། །དེ་དག་ལ་འཐད་པའི་མུ་ལྔ། མི་འཐད་པའི་མུ་ལྔ་ལས། སྔ་མ་མཚན་ཉིད་དུ་བྱས་ན་དབང་བསྒྱུར་ཐབས་ཀྱི་ཐེག་པ་སྟོན། ཞེས་པ་དང་། འབྲས་བུ་ཉིད་ལས་ལམ་ཤེས་པས་འགལ་ལོ། །གོང་མ་ཕྱི་པར་བྱས་ནའང་དབང་བསྐུར་ཐབས་ཀྱི་ཐེག་པ་སྟོན་ཞེས་པས་འོག་མ་ནང་པར་འཐད་ཀྱང་གོང་མ་ཕྱི་པར་མི་འཐད་དོ། །གོང་མ་བདག་དོན་འོག་མ་གཞན་དོན་ན་ཡང་གོང་མ་ལས་གཞན་དག་སྨིན་པར་བྱ་བའི་ཕྱིར། ཞེས་པས་མི་འཐད་དོ། །ཡང་གོང་མ་གཞན་དོན་འོག་མ་རང་དོན་ན་ཡང་གོང་འོག་འཆོལ་པའི་སྐྱོན་དུ་འགྱུར་ཏེ་མི་འཐད་དོ། །བཞི་པ་གཉིས་ཀ་སྔོན་བྱུང་ཡིན་པས་འོག་མ་རྗེས་འཇུག་ཏུ་མི་འཐད་དོ། །ལྔ་པ་གྲོལ་ལམ་ནས་བགྲོད་ནས་ཐབས་ལམ་ནས་བགྲོད་ནའང་། གསང་སྔགས་ཉེ་ལམ་མིན་པར་འགྱུར་བས་མི་འཐད་དོ། །འཐད་པ་ལྔ་ནི་རྒྱུད་འཁྲུགས་པ་ཡིན་པས། གཞན་དོན་བདག་དོན་དུ་བྱ་བ་དང་བདག་དོན་བྱས་ན། སྐྱོན་སྔ་མ་གཉིས་མི་འོང་ངམ་ཞེ་ན། རྗེ་ཡང་

(༤༡༣)ཁྱེད་ནི་བདག་དོན་དུ་བསྒོད་པ་ལ་གཞན་དོན་བྱེད་པ་མི་འགལ་ཏེ། ཆོས་ཉན་བཤད་བྱེད་པའི་དྲི་བ་བཞིན་ནོ་གསུང་། གཉིས་པ་ས་བཅད་ཀྱིས་གསེར་གཟོང་གི་སྔོན་བྱུང་དང་། རྗེས་འཇུག་གི་དབང་དུ་བསྟན་ནོ། །གསུམ་པ་ནི། གོང་མ་གྲོལ་ལམ། འོག་མ་ཐབས་ལམ་སྟེ། དེ་ཅིས་ན་སངས་རྒྱས་གསུམ་ཁྲི་སུམ་སྟོང་ལས་སོགས་ལ་ཐེ་ཚོོམ་བཅད་ཀྱང་ངེས་པ་མ་རྙེད་དོ། །ཞེས་པས་སོ། །ཐབས་ལམ་ནི་དབང་བསྐུར་བའི་ལྟས་ལྔ་འོག་མས་བཤད་པས་ཤེས་སོ། །འོ་ན་གསང་སྔགས་ཉེ་ལམ་མ་ཡིན་པར་འགྱུར། །ཞེ་ན། ལམ་གཉིས་ཀ་ནས་བསྒྲོད་པའི་ཕྱིར་རོ། །ཞེ་ན། མ་ཡིན་ཏེ། མ་འོངས་པའི་གདུལ་བྱ་དྲང་ཕྱིར་གསུངས་པ་ལས། དོན་ལ་གང་ནས་བསྒྲོད་ཀྱང་ངོ་བོ་གཅིག་ཏུ་བསྒྲོད་པའོ། །བཞི་པ་བདེ་མཆོག་རྡོ་རྗེ་ལས་ལམ་གྱི་རིམ་པ་དང་སྦྱར་ཏེ། རིམ་གྱིས་པ་དང་ཐུགས་རྗེའི་རིམ་པ་དང་སྦྱར་ཏེ་གཅིག་ཅར་དུ་གསུངས་པ་ཡང་ཡོད། ཡང་ཐེག་པ་ཐུན་མོང་པའི་ལམ་དང་འོག་མ་མདོ་ཁྱད་པར་དུ་འཐད་དམ་གསུང་། ལམ་ལྔ་ཕྲག་གཉིས་པ་ལྡབས་པའི་དགོས་པ་སེལ་བ་ལ་སྤྱིར་མང་ན་ཡང་། སྔ་མ་ཐེག་པ་ཐུན་མོང་ལམ་ནས་བསྒྲོད་ཕྱི་མ་མདོ་ཁྱད་པར་གྱི་ལམ་ནས་བསྒྲོད་པ་ཡིན་ཏེ། དེ་ཡང་ལེའུ་བཅུ་གཉིས་པ་རྒྱབ་རྟེན་དུ་བཞག་ནས་སྔ་མ་ཐུན་མོང་དུ་གསལ་ཏེ། བཅུ་གཉིས་པ་ལས་ཨེ་མ་ནོ་བདག་ཅག་རྣམས་ཀྱིས་སྔོན་ཐོས་པ་ལྟར་ན་སྔོན་གྱི་བྱང་ཆུབ་དམ་པ་རྣམས་ནི་བྱང་ཆུབ་ནི་བློ་ངོ་ཉོན་མོངས་པ་ནི་དོར་རོ་ཞེས་སོ། །ཕྱི་མའི་ནང་ནས་ཉེ་ལམ་འདི། །ཐབས་ཀྱི་ནང་

(༤༡༤)ནས་དམ་པ་ནི། །སྔོན་དུ་མ་ཐོས་སྐལ་བ་ཆུང་། །ཞེས་པ། ཡང་ཕྱོགས་གཅིག་ནས་ལམ་ཚོགས་སྦྱོར་གཉིས་ཉན་རང་གི་ཐེག་པ་དང་སྦྱར། མཐོང་ལམ་བྱང་སེམས་ཐེག་པ་དང་སྦྱར་སྒོམ་ལམ་ཕྱི་རྒྱུད་སྡེ་གསུམ་དང་སྦྱར། མཐར་ལམ་མཧཱ་དང་སྦྱར། མཧཱའི་རྒྱལ་ཚབ་བྱེད་དོ། །གཞན་དོན་དུ་ཡང་གདུང་འཚོབ་དགའ་ལྡན་ཐེག་ཆེན་སྟོན། མི་གནས་བཅུ་དུས་ཆོ་འཕྲུལ་སྣང་། །ཞེས་སོ། །དེ་ལ་དང་པོ་ཐུན་མོང་ནས་སྒྲོད་ནས་མཧཱ་ཡོ་གའི་རྩལ་ཆེན་རྫོགས་པའི་རྣལ་འབྱོར་དུ་གྱུར་ཏེ་སྤྲུལ་སྐུའི་རྒྱལ་ཚབ་བྱེད་དོ། །དེ་རིམ་གྱིས་པའི་སེམས་ལ་ཉམས་གསུམ་སྐྱེ་སྟེ། ཐོབ་པ་དང་གོམས་པ་བརྟན་པའོ། །དེར་མཐར་ལམ་རང་གི་བསླབ་པའི་མཐའ་དྲུག་ཆུབ་སྟེ། དམ་ཚིག་དང་ཐོས་པ་དང་། སྒྲོ་སྐུར་བ་དང་། ཕུལ་དུ་དབྱུང་བ་དང་། ལ་དོར་བ་དང་། ཉམས་སུ་བླང་བའོ། །ད་རུང་བཞི་མ་ཆུབ་བོ། །དེ་ནས་མདོའི་ཁྱད་པར་གྱི་ལམ་ལ་འཇུག་སྟེ། ལས་དང་པོ་པའི་རིགས་ཀྱི་བུ་དེ་དག་ནི་ཞེས་པས་ཨ་ནུ་ཡོ་ག་ལ་འཇུག་པའི་ལས་དང་པོ་པའོ། །མི་བུ་རིགས་ལྔར་སྐྱེ་བ་བླངས་པའོ། །བསྐལ་པ་དཔག་ཏུ་མེད་པ་བརྗོད་པ་ལས་འདས་པའི་དུས་ཞེས་པ་བར་ཆོད་པ་ནི་འགལ་ལོ་སྙམ་པ་ལ། མཐར་ལམ་གྱི་མཉམ་བཞག་ཐུན་གཅིག་ཡིན་པ་སྟེ། ལེའུ་བཅོ་ལྔ་པ་ལས། བསྐལ་པ་དང་བསྐལ་པ་ཚད་མེད་པས་སོ། །ཞེས་སོ། །དེ་ནས་ཨ་ནུའི་ལམ་ལ་བསྒྲོད་པའོ། །ཁྱེའུ་ལྔས་ཨ་ནུའི་ལམ་རྩལ་ཆེན་རྫོགས་པར་འགྱུར་ཏེ། ཨ་ནུའི་རྒྱལ་ཚབ་བྱེད་དོ། །དེས་བློ་དངོས་པོ་གཉིས་མེད་ཀྱི་གསང་སྔགས་མ་རྙེད་དེ།

(༤༡༥)མཉམ་པ་ལ་འཇོག་དགོས་པའི་ཕྱིར་རོ། །དེ་ལྟར་ལྔ་ཕྲག་གཉིས་མས་སྦྱངས་པའི་དུས་ནས་རྩལ་ཆེན་རྫོགས་པ་ཐོབ་ནས། ཨ་ནུ་ལ་འཇུག་པ་དེ་འདུ་བྱེད་ལས་ཀྱི་སྒྲིབ་པ་སྦྱོང་བ་འགལ་ཞེ་ན། མི་འགལ་ཏེ། གཞི་ནས་སེམས་བསྐྱེད་པ་དང་། ལམ་ནས་སྐྱེ་བ་དང་འབྲས་བུ་ལ་སྐྱེ་བ་ནས་ཨ་ནུའི་མཐར་ལམ་དུ་སྐྱེ་བའོ། །འོ་ན་ལྔ་ཕྲག་འོག་མའི་ལམ་བཞི་པོ་མི་དགོས་པར་འགྱུར་ཞེས་པ་ལ། ཁྱད་པར་ཨ་ནུ་ལ་འཇུག་པ་དེ་སྐལ་པ་དཔག་ཏུ་མེད་པ་ནས་སངས་རྒྱས་ལྔ་ལ་སེམས་བསྐྱེད། རྣམ་པར་སྣང་མཛད་ཀྱི་བུ་ལྔར་སྐྱེས། ལམ་ལྔ་བསྒྲོད་དེ། དང་པོ་ལ་ལས་ཀྱི་སྒྲིབ་པ་སྦྱོང་བ་ལ་སོགས་བསྟན་ཀྱང་ཁྱེའུ་ལྔ་པོ་སྤྲུལ་པ་ཡིན་པར་དང་པོ་ཚོགས་ལམ་ནས་སངས་རྒྱས་སུམ་ཁྲི་སུམ་སྟོང་གི་ཞལ་མཐོང་བས་མངོན་ནོ། །ལམ་ལྔ་ཕྲག་གཉིས་པ་ཕྱི་རབས་ཀྱི་དོན་དུ་འབྱུང་ངོ་། །དེར་གསང་སྔགས་རྡོ་རྗེ་ཐེག་པ་ལས་ཞུགས་པ་དང་། དབང་ཐོབ་ངེས་པ་རྙེད་དེ། ལེའུ་བཅུ་གཉིས་པ་དང་བཅུ་གསུམ་པས་སྟོན་ནོ། །ལྟ་བ་རྟོགས་པའི་ཐབས་ཞུས་པ་ནི། བདག་ཅག་བློ་གྲོས་ངེས་པར་ཆུབ་པའི་དམ་པའི་previous hit དགོངས next hit་བསྟན་དུ་གསོལ་ཞེས་སོ། །དེ་ལེའུ་བཅུ་གསུམ་པ་ནས་སྐྱེས་བུ་དམ་པ་རྣམས་ལེགས་སོ་ངེས་སོ། །འདི་ལྟ་སྟེ། previous hit དགོངས next hit་གསང་བ་དེ་ཁོ་ན་དེ་ནི་བརྗོད་པ་ཐམས་ཅད་དང་བྲལ་བ། མཐའ་དང་དབུས་མི་དམིགས་པ་ཞེས་སོ། །གསང་སྔགས་བསྟན་པས་ལྟ་བ་རྟོགས་པ་ནི་ཡང་དག་པའི་ངེས་previous hit ་ཡོངས་སུ་རྙེད་དོ། །ཞེས་སོ། །སངས་རྒྱས་དང་མཉམ་དགོངས next hit་འདུས་ལས། དང་པོ་ཉིད་ཏུ་གྲོལ། དེ་ཉིད་ཆེན་པོར་ལྷུན་གྱིས་གྲུབ། །ཅེས་པས། མདོ་དོན་གཅིག་ཏུ་བསྡུ་བ་

(༤༡༦)རྫོགས་སོ། །དོན་མན་ངག་གི་སྒྲུབ་པ་ནི། དོན་གྱི་སྔོན་བྱུང་དང་རྗེས་འཇུག་གཉིས་ཀར་འགྲོ་སྟེ། སྔོན་བྱུང་དུ་ཡང་བདུན་པ་སེམས་དཔའི་རྣལ་འབྱོར་ནས། རྩལ་ཆེན་རྫོགས་པ་ཕྱིར་འགྲོ་ལ། རྗེས་འཇུག་ཏུའང་ལམ་ལྔའི་དབང་ཡིན་ནོ། །ལེའུ་གོང་དུ་བྱུང་བ་ནི་རྒྱུད་འཁྲུལ་པ་ཡིན་ཏེ། དོན་གྱི་དབང་བསྐུར་ནས་ངེས་པར་རྙེད་པའོ། །ལེའུ་བཅུ་གཅིག་པ་ནས། དེ་ནས་རྒྱལ་ཚབ་སྐྱེས་བུ་དེ་དང་ཆོས་ཀྱི་རྒྱལ་པོ་གང་དེ་ཡི། ཞེས་པ་དང་གཅིག །ཡང་རིགས་ཀྱི་བུ་དེ་དག །རྒྱལ་ཚབ་སྐྱེས་བུར་གྱུར་པ་ན། །ཞེས་པ་དང་གཉིས། བཅུ་གཉིས་པ་ནས། ཆོས་ཀྱི་རྒྱལ་པོ། རྒྱལ་ཚབ་སྐྱེས་བུ་དམ་པ་ཞེས་བྱ་བར་འགྱུར་རོ། །ཞེས་པ་དང་གསུམ་པོ་དེ་ལྡབས་སོ་ཞེ་ན། མ་ལྡབས་ཏེ། ཕྱོགས་གཅིག་ནས་སྐུ་གསུམ་དང་སྦྱར་ཏེ། དང་པོ་སྤྲུལ་སྐུའི་རྒྱལ་ཚབ། གཉིས་པ་ལོངས་སྐུའི་རྒྱལ་ཚབ། གསུམ་པ་ཆོས་སྐུའི་རྒྱལ་ཚབ་ཡིན་ནོ། །ཕྱོགས་གཅིག་ཏུ་ཐེག་པ་དང་སྦྱར་ཏེ། དང་པོ་མཧཱ་རྒྱལ་ཚབ། བར་པ་ཨ་ནུའི་རྒྱལ་ཚབ། ཐ་མ་ཨ་ཏིའི་རྒྱལ་ཚབ་བྱེད་དོ། །ཕྱོགས་གཅིག་ཏུ་དེ་རྒྱུ་མཚན་ཉིད་ཀྱི་སྤྲུལ་སྐུའི་རྒྱལ་ཚབ་ཡིན་པར་ཕྱི་རྒྱུད་གསུམ་གྱི་ཐ་མས་མ་ཧཱ་ཡོ་གའི་རྒྱལ་ཚབ་བྱེད་དོ། །ལེའུ་བཅུ་གཅིག་པ་དང་བཅུ་གཉིས་པའི་ཀ་ཏིག་གོ།། །།ལེའུ་བཅུ་གསུམ་པའི་སྟོད་རྒྱལ་ཚབ་སྐྱེས་བུར་གྱུར་ཟིན་པའི་རྗེས་ལ་སྐྱེས་བུ་གསང་སྔགས་པའི་བདག་པོ་སྐྱེས་བུ་དམ་པ་དེ་དག་དམ་པ་རྣམས་ཀྱི་ཞིང་དུ་ཅི་ལྟར་གྲགས་པ་ལགས་ཞེས་དྲིས་པ་ནི། རྒྱུ་མཚན་ལྔས་གྲགས་ཏེ། རྒྱལ་བའི་རྒྱུད་དུ་བྱུང་བ་དང་། །མཚན་དཔེ་དང་ལྡན་པ་དང་། ཆོས་ཤེས་པ་དང་། འཁོར་དང་ལྡན་པ་དང་། དབང་བཅུ་ཐོབ་པ་སྟེ་ལྔ་པོ་དེས་རྒྱལ་ཚབ་ཏུ་གྲགས་སོ། །ཐབས་

(༤༡༧)གང་གི་ཐབས་དབང་གི་གྲགས་སོ། །ངེས་ཚིག་ཅིའི་ཕྱིར་རྒྱལ་ཚབ་ཡིན་ན། སྐུ་གསུམ་མམ་ཐེག་པ་གསུམ་གྱི་རྒྱལ་ཚབ་བྱེད་པའི་ཕྱིར་རྒྱལ་ཚབ་ཡིན་ནོ། །དབང་ནི་འགྲེལ་ཆེན་གྱིས་རྟགས་ཡན་ཆད་སྔོན་བྱུང་། དོན་མན་ཆད་རྗེས་འཇུག་ཏུ་བཤད་དོ། །བླ་མ་རྣམས་སྔོན་བྱུང་ཁོ་ནར་བཞེད་དོ། །ལུང་བསྟན་གྱི་སྔོན་བྱུང་རྗེས་འཇུག ཁོ་ནས་བཀར་བཀྲོལ་ཏེ། སྔོན་བྱུང་རྒྱལ་བའི་མཛད་སྤྱོད་ཀྱི་སྒོ་ནས་གདུལ་བྱ་སྤྲོ་བ་བསྐྱེད་པའི་དབང་དང་རྗེས་འཇུག་ཉམས་ལེན་ཐབས་ཀྱི་སྒོ་ནས་གདུལ་བྱ་ཆུད་མི་ཟ་བར་བསྐུལ་བའི་ཐབས་སོ། །དང་པོ་ནི། ཁུངས་དང་གྲགས་པ་ཆུ་བོ་ལ་སོགས་པ་བཅུ་པོ་ཉིད་དོ། །ཇི་ལྟར་རྒྱལ་བ་སྲས་དང་བཅས་པ་ལ། །མཛེས་པའི་ཡོན་ཏན་རྫོགས་པ་ཡིས། །དབང་བསྐུར་ཁུངས་སུ་ཡིད་ཆེས་ནས། །དམ་པ་བརྒྱུད་པའི་མན་ངག་གི། རྗེས་འཇུག་དུའང་ཤེས་པར་བྱ། །ཞེས་པས། འདི་ལྟར་ཁུངས་ཀྱི་གོ་བ་ནི། །དཔེར་ན་རྒྱལ་པོ་རིགས་རྒྱུདདང་ལྡན་པ་ལ། འབངས་ཀྱིས་རྒྱལ་སྲིད་སྟབས་པས་ཀུན་གྱིས་བསྐུར་གནས་སུ་གྱུར་པ་བཞིན། སྐྱེས་བུ་ལྔ་འཆད་པའི་ཆོས་ལྔ་དང་ལྡན་པ་ལ། ལྷའི་སྟོན་པ་མངའ་ཕུལ་ནས་མཛད་པ་མཐར་ཕྱུང་ནས་སངས་རྒྱས་པ་ཡིན་ནོ། །དེ་རྗེས་འཇུག་གི་དབང་གི་དུས་སུ་ལོ་རྒྱུས་རྙེད་པས་ཡིད་ཆེས་པའི་ཕྱིར་ཁུངས་ཡིན་ནོ། །རྒྱལ་ཚབ་དམ་པར་དབང་བསྐུར་བའི་རིམ་པ་ནི། །ཐེག་པ་དགུ་གཅིག་ལ་གཅིག་བརྟེན་དུ་དབང་བསྐུར་ཞིང་ཡོངས་སུ་རྫོགས་པར་གྱུར་ན་རྒྱལ་བ་སྲས་དང་བཅས་པའི་དཀྱིལ་འཁོར་གཟུགས་སྐུ་གདུལ་བྱའི་གྲངས་དང་མཉམ་པ་རྒྱུན་ཆད་མེད་པར་ཕྱོགས་མེད་དུ་འབྱོན་པར་འགྱུར་རོ། །ཕྱི་སྣོད་ནང་བཅུད་འཁོར་

(༤༡༨)བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དབང་བསྐུར་བའི་རྟེན་དང་། དབང་གི་རྒྱུ་དང་། དབང་གི་རྫས་དང་། དབང་གི་ས་དང་། ལམ་དང་འབྲས་བུར་མ་གྱུར་པ་གང་ཡང་མེད་པ་ཡིན་པའི་ཕྱིར་ན། ཐེག་པ་དགུའི་ཆོས་ཀྱི་འཁོར་ལོ་དབང་གི་སྦྱོར་དངོས་རྗེས་གསུམ་དུ་ཤེས་པར་བྱའོ། །དེ་ནས་ཞེས་པའི་སྐབས་སུ་རྒྱུད་ནས་ལུགས་ཀྱི་བྱུང་ཚུལ་གྱིས་ས་བཅད། ནང་ཚན་བསྟན་པ་སོང་ནས་ལས་རྒྱུད་གཅོད་པས་དེ་ནས་ཁྱད་པར་རྩལ་འཕང་དུ་དབང་དུ་ལམ་འབྲས་ལས་འབྲས་བུ་དེ་ལ་བདག་གཞན་གཉིས་ལས་གཞན་དོན་ལ་ལྔ་ལས། རྒྱུད་གཅོད་པ་སྟོན་པས་དེ་ནས་དྲིས་ལན་གྱིས་ས་བཅད་ན། previous hit དགོངས next hit་ཚིག་གསུམ་བསྒྲོ་བ་མཛོད་ཀྱི་ལན་ནོ། །གདུལ་བྱ་གདུལ་ཐབས་སྤྱིར་བསྟན་པའི་སྐབས་སུ། གདུལ་བྱ་ནི་གསུམ་ཞེས་པས་འདོད་ཡོན་ཏན་ལྔ་དངོས་སམ། བག་ཆགས་ཀྱི་ཚུལ་དུ་ཞེན་པའམ་བསྐྱེད་པའི་རྒྱུ་འཚོ་བའི་རྐྱེན་བརྟེན་པའི་གནས་ལ་དངོས་སམ་བག་ཆགས་ཀྱི་ཚུལ་དུ་ཞེན་པའོ། །ངེས་པར་འབྱུང་བ་ནི་དེའི་སྟེང་དུ་ངེས་པར་འབྱུང་བའི་བསམ་རྒྱུད་དང་ལྡན་པའོ། །གདུལ་དཀའ་དྲག་པོ་ནི་ཐེག་པ་གཉིས་ཀྱིས་མ་ཐུལ་དུག་གསུམ་རགས་པར་སྨིན་པའོ། །ཐེག་པ་གསུམ་ནི་འཁོར་ལོ་རྒྱུན་དང་དོན་དམ་ངེས། ཆོ་འཕྲུལ་མངོན་པར་འབྱུང་བ་གསུམ། །ཞེས་པས། འཁོར་ལོ་རྒྱུན་ནི། འབྱུང་བ་ལྔ་རྒྱུན་དུ་འབྱུང་ཞིང་རྒྱུན་དུ་འཁོར་ལ། དེས་མཚམས་བཅད་དུ་དོན་བྱེད་པའོ། །དོན་དམ་ངེས་པའི་ཐེག་པ་ནི། ཆོས་ཉིད་ངེས་པའི་དོན་ཕྱོགས་འགའ་འམ་ཅི་ལྟ་བ་བཞིན་བསྟན་ནས་གདུལ་བྱའི་བློ་དང་འཚམ་པར་དོན་བྱེད་པའོ། །ཆོ་འཕྲུལ་མངོན་བྱུང་གི་སེམས་ཉིད་དམ། ཐུགས་རྗེའི་ཆོ་འཕྲུལ་ཕྱི་ནང་གི་སྐལ་བ་ཟུང་

(༤༡༩)གསུམ། ཡ་དྲུག་ཏུ་སྣང་ནས་དེས་འདུལ་བའོ། །འདུལ་ཐབས་ནི། རང་བཞིན་ཤུགས་དང་གཉེན་པོ་ཐབས་ལ་རྒྱུད་གཅོད་པ་འགའ་ཞིག་གོ། །ཞེས་པས། རང་བཞིན་ཤུགས་ནི། གདུལ་བྱ་དེ་གདུལ་བ་དང་། རྩོལ་རྟོག་མེད་པར་ཤུགས་ཀྱིས་འདུལ་བའོ། །གཉེན་པོ་ཐབས་ནི། ཐབས་སམ་གཉེན་པོའི་སྒོ་ནས་གདུལ་བྱ་རང་ཡན་དུ་མི་གཏོང་བར་འདུལ་བའོ། །ལས་རྒྱུན་གཅོད་པ་ནི་འདུལ་ཐབས་དྲག་པོས་གདུལ་བྱ་རང་དབང་མེད་པར་འདུལ་ཞིང་གཅོད་པའོ། །བྱེ་བྲག་ལ་འཁོར་ལོ་རྒྱུན་གྱི་ཐེག་པས་དོན་མཛད་པ་ནི། ཡེ་ནས་སངས་རྒྱས་གྲགས་པ་ལྔ། །ཞེས་པའི་གོ་བ་ནི་འགྲེལ་པ་ཀུན་ན་གསལ་ལོ། །སངས་རྒྱས་ལྔ་པོ་ནི་རྒྱུད་དག་པ་ཡིན་ནམ། ཡེ་ཅི་བཞིན་པ་ཡིན། རྒྱུད་དག་ན་ཐོས་བསམ་གྱིས་རྒྱུད་སྦྱངས་ནས་དག་གམ་མ་སྦྱངས་པར་དག །སྦྱངས་ན་སྦྱོང་བའི་རྩོལ་རྟོག་དང་བཅས་པའི་ཕྱིར་རྟོག་བཅས་སུ་ཐལ། འདོད་ཐོག་ཟེར་ན་བེམས་པོ་ལྟར་སྣང་བས་བསལ། མ་སྦྱངས་པར་དག་ན་སེམས་ཅན་ཐམས་ཅད་སྔོན་ཉིད་དུ་འགྲོ་བར་ཐལ། ཅིས་ན་རྒྱུད་མ་སྦྱངས་པའི་དག་པའི་ཕྱིར་རོ། །འདོད་ཐོག་ཟེར་ན་མངོན་སུམ་གྱིས་བསལ་ལོ། །ཡེ་ཇི་བཞིན་པ་ཡིན་ན་གདུལ་བྱ་དང་འདུལ་བྱེད་ལ་ཁྱད་པར་མེད་པར་ཐལ། ཅིའི་ཕྱིར་ན་འདུལ་བྱེད་གཉིས་ཀ་ཡེ་ཇི་བཞིན་པ་ཡིན་པའི་ཕྱིར་རོ། །འདོད་ཐོག་ཟེར་ན་གཉིས་སུ་ཕྱེ་བས་གསལ་ལོ། །ངེས་པར་ན་རྒྱུད་དག་པའི་སངས་རྒྱས་ཀྱི་མཛད་པ་སྣང་བ་ཡིན་ནོ། །འཁོར་ལོ་རྒྱུན་གྱི་ཐེག་པ་འདི་ལ་གདུལ་བྱ་དང་། ཐེག་པ་དང་། འདུལ་ཐབས་གསུམ་པོ་རེ་རེ་ལ་ཡང་བརྒལ་བ་དང་ལན་ཏེ། དང་པོ་འདོད་ཞེན་གྱི་གདུལ་བྱ་

(༤༢༠)ནི་བརྟེན་པའི་གནས་བསྐྱེད་པའི་རྒྱུ་འཚོ་བའི་ཟས་གསུམ་ལས་འདོད་ཅིང་ཞེན་པ་ཡིན་ནམ་མ་ཡིན། ཡིན་ན་གདུལ་བྱ་སེམས་ཅན་ཡིན་པས་གཟུགས་མེད་ཀྱི་ཁམས་ན་དེ་དག་ཡོད་པར་ཐལ། ཅི་ཡིས་ན། གནས་དང་། ཟས་དང་། གྲོགས་དང་གསུམ་ལ་ཞེན་ཅིང་ཆགས་པ་དང་བཅས་པའི་ཕྱིར་རོ། །འདོད་ཐོག་ཟེར་ན་གཟུགས་མེད་ཡིན་པས་གསལ་ལོ། །ཞེན་པ་མིན་ན་གཞུང་ནས། བསྐྱེད་དང་འཚོ་དང་། སྟེན་པ་ཡིས། །རྒྱུ་དང་རྐྱེན་དང་གནས་པའོ། །ཞེས་པས་གསལ་ལོ། །ངེས་པར་ན་འདོད་ཡོན་ལྔ་ལ་མངོན་པར་ཞེན་པ་དངོས་སམ་བག་ཆགས་ཀྱི་ཚུལ་དུ་ཞེན་པའོ། །གཉིས་པ་ཐེག་པ་ནི། འཁོར་ལོ་རྒྱན་འདི་ཐེག་པ་རྟག་པ་བ་ཡིན་ནམ་མཚན་ཉིད་པ་ཡིན། དང་པོ་ལྟར་ན་དོན་བྱེད་མི་ནུས་པར་ཐལ། ཅི་ཡིས་ན་བརྟགས་པ་བར་འདོད་པའི་ཕྱིར་རོ། །འདོད་ཐོག་ཟེར་ན་ཕྱི་གཅོད་ནས་ཚིམ་བྱེད་བདེ་བའི་དོན་བྱེད་པ་ལ་སོགས་པ་བཤད་པས་འགལ་ལོ། །མཚན་ཉིད་པ་ཡིན་ན། འབྱུང་བ་ལྔ་ལ་སྤྱད་པས་གདུལ་བྱ་མཐར་ཐུག་ཏུ་གྲོལ་བར་ཐལ། འདོད་ཐོག་ཟེར་ན། མངོན་སུམ་གྱིས་བསལ། ངེས་པར་ན་ངོ་བོ་ནས་མཚན་ཉིད་པ་ཡིན་ཏེ། ཀུན་བྱེད་ལས། སྟོན་པའི་སྐུར་འབྱུང་ནས་ཚིག་དང་ཡི་གེར་མི་སྟོན་ཏེ། བདག་དུ་མི་རྟོག་གཞན་མི་རྟོག །མཉམ་པའི་ཆོས་ཉིད་སྐུར་སྟོན་པ། །ཞེས་སོ། །ཡང་ན་མཐར་ཐུག་མི་གྲོལ་ཡང་དོན་བྱེད་ནུས་པའི་ཕྱིར་མཚན་ཉིད་པའོ། །འདུལ་ཐབས་ཀྱི་ངོས་ནས་རང་བཞིན་ཤུགས་ཀྱིས་འདུལ་ཐབས་འདིས་དོན་བྱེད་དངོས་སུ་ནུས་སམ་མི་ནུས་

(༤༢༡)ནུས་ན་རང་བཞིན་ཤུགས་མ་ཡིན་པར་ཐལ། འདོད་ཐོག་ཟེར་ན་རང་བཞིན་ཤུགས་ཞེས་པས་གསལ་མི་ནུས་ན་དོན་བྱེད་ནུས་པ་མངོན་སུམ་གྱིས་བསལ་ལོ། །ངེས་པར་ན་དོན་མཛད་པའི་རྩོལ་རྟོག་མེད་པར་རང་བཞིན་ཤུགས་ཀྱིས་འབྱུང་བས་འགལ་བ་མེད་དོ། །དེ་ཡང་གཞུང་ལས། མི་རྟོག་ངང་གིས་ཀུན་འབྱུང་བ། །ཞེས་སོ། །དོན་དམ་ངེས་པའི་ཐེག་པ་ལ་གསུམ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིགས། །དབང་བསྐུར་ཐབས་ཀྱི་ཐེག་པའོ། །ཞེས་པས། ཀུན་འབྱུང་འདྲེན་པ་ནི་སྤྲུལ་པའི་སྐུ་ཀུན་ཏུ་འཛིན་དུ་བྱུང་ནས་དེས་མཚན་ཉིད་དེ་གསུམ་གསུངས། གདུལ་བྱ་ཕལ་མོ་ཆེ་ཀུན་ཐར་པའི་ལམ་ལ་བཀོད་འདྲེན་པའོ། །དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ནི། ཕྱི་ནང་གི་དམ་ཚིག་བསྲུང་དཀའ་ཐུབ་ཅིང་། ཕྱིའི་གཞུང་ཇི་ལྟ་བ་བཞིན་དུ་དོན་བྱེད་པའོ། །དབང་བསྒྱུར་ཐབས་ནི་རིག་པ་ལ་རང་དབང་བསྒྱུར་ཞིང་ཉོན་མོངས་པ་ལ་སྤྱད་ཀྱང་མི་འཆི་ཞིང་གྲོལ་བའོ། །ཀུན་འབྱུང་འདྲེན་པ་ནི་མཚན་ཉིད་སྡེ་གསུམ། དཀའ་ཐུབ་རིག །ཕྱི་པ་གསུམ། དབང་བསྒྱུར་ཐབས་ནང་པ་གསུམ་མོ། །དེ་དག་བཀོལ་མདོ་བཞི་འམ་ལྔ་ནས་འཇུག་པ་ནི་ཁུངས་དང་འགྲེལ་པ་ནས་གསལ་བ་བཞིན་ཏོ། །དེ་ལ་མ་ཧཱའི་འབྲས་བུ་རྩལ་ཆེན་རྫོགས་པ་ནི་ཞེས་པས། ཐར་ལམ་པ་ཡིན་པས། མ་ཧཱའི་མཐར་ཐུག་ཡིན་པ་འགལ་ཞེ་ན། མི་འགལ་ཏེ། ཐེག་པ་གནས་སྐབས་དང་སྦྱར་བ་ཡིན་ལ། མཐར་ཐུག་པདྨ་ཅན་ཡིན་པས་སོ། །ཨ་ནུའི་མཐར་ཐུག་ཡི་གེ་འཁོར་ལོ་ཚོགས་ཆེན་ཡིན། ཨ་ཏིའི་མཐར་ཐུག་ཀུན་ཏུ་བཟང་པོ་དབྱེ་བ་མེད་

(༤༢༢)པའོ། །འདིར་སྨོས་པ་འདི་དག་ནི་གནས་སྐབས་སོ། །འདི་གདུལ་བྱ་ཐེག་པ་འདུལ་ཐབས་གསུམ་རེ་རེ་ལ་བརྒལ་ལན་ནི། གདུལ་བྱ་ནི་ངེས་པར་འབྱུང་བ་ཞེས་པས། འདི་མཐར་ཐུག་གསང་སྔགས་སུ་ངེས་པར་འབྱུང་ངམ་མི་འབྱུང་། འབྱུང་ན་རང་རྒྱལ་གྱི་འབྲས་བུ་ལས་མི་ཐོབ་པར་བཤད་པ་དང་འགལ་ལོ། །མི་འབྱུང་ན་ངེས་པར་འབྱུང་ཞེས་པ་དང་འགལ་ལོ། །ངེས་པར་ན། གནས་སྐབས་སུ་རང་རྒྱལ་གྱི་འབྲས་བུ་ལ་སྦྱོར་ལ། ལམ་བརྒྱུད་ནས་མཐར་ཐུག་གསང་སྔགས་ཀྱི་འབྲས་བུ་ལ་སྦྱོར་རོ། །གཉིས་པ་ནི། དོན་དམ་ངེས་པའི་ཐེག་པ་འདིས་ངེས་དོན་ཅི་ལྟ་བ་བཞིན་སྟོན་ནམ་མི་སྟོན། སྟོན་ན་ཐེག་པ་འོག་མ་བས་ཀྱང་གསང་སྔགས་ངེས་དོན་སྟོན་པར་ཐལ། འདོད་ཐོག་ཟེར་ན་ས་དང་རྣམ་ཐར་བདེ་བར་བསྐྲུན། །ཞེས་པ་ལ་སོགས་པས་གསལ་ལོ། །ངེས་པར་ན་ཕྱོགས་འགའ་འམ་ཇི་ལྟ་བ་བཞིན་སྟོན་པའི་སྒོ་ནས་འགལ་བ་མེད་དོ། །གསུམ་པ་འདུལ་ཐབས་འདི་གཉེན་པོ་ཐབས་ཀྱི་འདུལ་ཐབས་ཡིན་ནམ་མིན། ཡིན་ན་ཨ་ཏི་རྫོགས་ཆེན་ཡང་གཉེན་པོས་འདུལ་བར་ཐལ་ལོ། །འདོད་ཐོག་ཟེར་ན། རྩལ་མེད་རྫོགས་བྲལ་ཞེས་བཤད་པས་གསལ་ལོ། །མ་ཡིན་ན་གཉེན་པོས་བཏགས་ཞེས་པས་འགལ་ལོ། །ངེས་པར་ན་ཐེག་པ་བརྒྱད་གཙོ་ཆེ་བའི་ངོས་ནས་སྨོས་སོ། །ཡང་ན་ཨ་ཏི་ལ་ཐབས་དང་གཉེན་པོས་དོན་བྱེད་པས་བཀག་པ་མེད་དེ། ཨ་ཏི་ལ་ཕྱོགས་སུ་ལྷུང་བ་དང་རྒྱར་ཆད་པ་མེད་པའི་ཕྱིར་རོ། །ཆོ་འཕྲུལ་སྔོན་འབྱུང་གིས་དོན་འབྱེད་པའི་སྐབས་སུ། ནམ་མཁའ་ཁྲོ་བོ་ཟ་བྱེད་ཆེ། །ཞེས་པ་ནི། སྣོད་བཅུད་ཐམས་ཅད་སྟོང་པ་ཉིད་དུ་བཅོམ་པའི་ངོས་ནས་སྨོས་སོ། །དེ་བཞིན་དུ་བསྒྲལ་བའི་མཆོག་ཅེས་པས།

(༤༢༣)དེ་ཉིད་རང་འཐད་ཡིན་ནམ་མིན། ཡིན་ན་དོན་དམ་ངེས་པས་ཆོ་འཕྲུལ་སྔོན་བྱུང་དང་ཁྱད་པར་མེད་པར་ཐལ། ཅིས་ན་དེ་བཞིན་ཉིད་དུ་བསྒྲལ་བའི་ཕྱིར་རོ། །འདོད་ཐོག་ཟེར་ན། ཐ་མའི་ཐ་མ་ཡིན་པས་བཤད་པས་བསལ་ལོ། །མིན་ན་དེ་ཉིད་དང་འགལ་ལོ། །ངེས་པར་ན་ཕྱི་ནང་སྣོད་བཅུད་ཐམས་ཅད་སྟོངས་པའི་དུས་ན་དེ་བཞིན་ཉིད་previous hit དགོངས next hit་སྤྲོས་བྲལ་དང་མཐུན་པའི་ངོས་ནས་སྨོས་སོ། །སྲིད་ཞི་འཚེ་བྲལ་སྐལ་བ་ཡིས། །ཞེས་པ་ལ་སོགས་པ་ནི་ཕྱི་ནང་གི་སྐལ་བ་ཟུང་གསུམ་ཡ་དྲུག་གིས་འཇིགས་པར་བྱེད་པ་ལ་མུ་གེའི་སྐལ་པ་ཚེ་ལོ་སུམ་བཅུ་པ་ལ་ལུང་བསྟན་པ་ལོ་བདུན་དུ་བཤད། བླ་མ་རྣམས་ལོ་བདུན་ཟླ་བདུན་ཞག་བདུན་དུ་འབྱུང་བར་གསུངས། ནད་ཀྱི་བསྐལ་པ་ནི་ཚེ་ལོ་ཉི་ཤུ་པའི་དུས་སུ་འབྱུང་སྟེ། འགྲེལ་པས་ཟླ་བ་བདུན། བླ་མ་རྣམས་ལོ་བདུན་ཟླ་བ་བདུན་དུ་གསུངས། མཚོན་གྱི་བསྐལ་པ་ནི་སྐྱེ་དགུ་ཚེ་ལོ་ཉི་ཤུ་པའི་དུས་སུ་འབྱུང་སྟེ། འགྲེལ་པས་ཞག་བདུན། བླ་མ་རྣམས་ལོ་བདུན་ཞག་བདུན་གསུང་། དེ་ཡང་བསྐལ་པ་ཐོར་བུ་དང་གནས་སྐབས་ཚང་ཚུལ་ཙམ་རེ་འབྱུང་། རྫོགས་པ་ནི་སངས་རྒྱས་སྟོང་རྩ་གཉིས་གྲངས་དང་མཐུན་པ་བྱུང་ནས་སྟོངས་པར་འགྱུར་གསུང་ངོ། །འཇིག་ཆགས་སྟོངས་གནས་བཞི་ཡུན་མཉམ་མོ། །ཡང་སྣོད་འཇིག་པ་ནི། ལྷག་མཐོང་མེའི་ཏིང་ངེ་འཛིན་ཡིས། །ཞེས་པ་ལ་སོགས་པ་ནི། མེའི་ཡིས་བསམ་གཏན་དང་པོ་མན་ཆད་འཇིག །གཉིས་པ་ཆུ་ཡིས་འཇིག །གསུམ་པ་མན་ཆད་རླུང་གིས་འཇིག་གོ། །བཞི་པ་ནས་འཇིག་པའི་གཉེན་པོ་ཡོད་དམ་མེད། ཡོད་ན། བཞི་པ་

(༤༢༤)གནས་མེད་མི་གཡོའི་ཕྱིར། །ཞེས་པ་དང་འགལ། མེད་ན་རྟག་པའི་དངོས་པོ་སྲིད་པར་ཐལ་ལོ། །འདོད་ཐོག་ཟེར་ན། ཤེས་རབ་ནམ་མཁའ་སྐལ་པ་ཡིས། །མཚན་མའི་རྒས་རྒུད་ཐམས་ཅད་སྟོངས། ཞེས་པས་གསལ་ལོ། །ངེས་པར་ན་ཕྱི་སྣོད་མེད་པས་འཇིག་པ་མེད་ཀྱང་། ནང་ཏིང་ངེ་འཛིན་ལ་བདག་འཛིན་ཡོད་པས་འཇིག་གོ། ཡང་གདུལ་བྱ་འདུལ་ཐབས་གསུམ་གྱི་རྒལ་ལ་ནི། གདུལ་དཀའ་དྲག་པོ་ཞེས་པས། ཐེག་པ་གཉིས་ཀྱིས་མ་ཐུལ་ཞིང་དུག་གསུམ་རགས་པར་སྨིན་པས་གདུལ་དཀའ་དྲག་པོ་ཡིན་ནམ་མ་ཡིན། ཡིན་ན་འབྱུང་བ་བཞིས་མ་ཐུལ་བར་ཐལ། ཅིས་ན་འབྱུང་བཞིས་མ་ཐུལ་བའི་ཕྱིར་རོ། །འདོད་ཐོག་ཟེར་ན། ལྷག་མཐོང་མེའི་སྐལ་བ་ལ་སོགས་ཀྱིས་ཐུལ་བར་བཤད་པས་གསལ་ལོ། །མིན་ན་དོན་དམ་ངེས་པ་དང་། འཁོར་ལོ་རྒྱུན་གཉིས་ཀྱིས་དོན་ཡི་བྱེད་པར་ཐལ། ཅིས་ན་ཐེག་པ་གཉིས་ཀྱིས་དོན་མི་བྱེད་པའི་ཕྱིར་རོ། །འདོད་ཐོག་ཟེར་ན་འདས་ནས་ནུབ་པོ། །ཞེས་པ་ལ། མ་འདས་མ་ནུབ་དེ་ཉིད་ནི། །དུས་དེར་ཤུགས་ཀྱིས་འདུལ་བར་བྱེད། །ཅེས་པས་བསལ་ལོ། །ངེས་པར་ན། གདུལ་བྱ་ཉོན་མོངས་པ་རང་རྒྱུད་པར་སྣང་བས་འདུལ་བྱེད་ཀྱི་ཐེག་པས་རང་དབང་མེད་པར་འདུལ་བས་གོང་མ་གཉིས་ཀྱིས་མ་ཐུལ་བ་སྐད་དུ་སྨོས་སོ། །ཐེག་པའི་ངོས་ནས་ཆོ་འཕྲུལ་མངོན་བྱུང་ཞེས་པས། སངས་རྒྱས་ཀྱི་ཐུགས་རྗེ་ཡིན་ནམ་མིན། ཡིན་ན་ཐུགས་རྗེའི་མཛད་པ་ནོར་བར་ཐལ། ཅིས་ན་ཐུགས་རྗེའི་ལུགས་ཀྱི་ཕན་འདོགས་པ་ཡིན་པ་ལ་འདིར་གནོད་པས་སྡུག་བསྔལ་ལ་སྦྱར་བ་འདི་ཐུགས་རྗེར་འདོད་པའི་ཕྱིར་རོ། །འདོད་ཐོག་ཟེར་ན། འདི་ཀུན་གསང་བ་དམ་པའི་དབྱིངས་ལས་མ་གཡོས་

(༤༢༥)པའི་ཕྱིར་རོ། །སྟོང་པ་ཁོ་ན་དབྱིངས་ཉིད་ལས། །སྟོང་པའི་ཆོས་རྣམས་སྣང་བར་ཟད། །ཅེས་པས་གསལ་ལོ། །མ་ཡིན་ན་གོང་མས་སོལ་ལོ། །ངེས་པར་ན་ཅི་ལྟར་མཛད་ཀྱང་རྒྱལ་བའི་མཛད་པ་ལས་གཡོས་པ་མེད་པས་མི་འགལ་ལོ། །གསུམ་པ་གདུལ་ཐབས་ཀྱིས་གདུལ་བྱའི་ལས་རྒྱུན་ཆོད་དམ་མ་ཆོད། ཆོད་ན་འཁོར་བ་དོང་སྤྲུགས་པར་ཐལ། མ་ཆོད་ན། དོན་བྱས་པ་དོན་མེད་དུ་ཐལ། །འདོད་ཐོག་ཟེར་ན་ལས་ངན་དག་པས་རྒྱུན་བཅད་ནས། །ཞེས་པ་ལ་སོགས་ཀྱིས་གསལ་ལོ། །ངེས་པར་ཆོད་ན་ཆོད་ལུགས་ཡོད་དོ། །ལ་ལ་ན་རེ། གཅིག་འགའ་མཐར་ཐུག་ཏུ་ཆོད་པའང་ཡོད་སྲིད་པས་མི་འགེགས་སོ། །ལ་ལ་གནས་སྐབས་སུ་ཆོད་དོ། །ལེའུ་ཆོ་འཕྲུལ་མངོན་བྱུང་བྱུང་ཚུལ་ནི་ལས་རྒྱུན་གཅོད་པར་བཤད་པ་འདི་གཞུང་ཐེག་པ་གཉིས་པ་གཙོ་ཆེ་བ་ལ་འདིར་ཐ་མ་ཁོ་ན་སྨོས་པ་འགལ་ལོ་ཞེ་ན། མི་འགལ་ཏེ། གསང་སྔགས་ཀྱི་ངོས་ནས་ཉོན་མོངས་པ་རགས་པ་འདུལ་བ་གཙོ་ཆེ་བ་དང་། ཐེག་པ་གཉིས་པོའང་ཐུགས་རྗེའི་ཆོ་འཕྲུལ་འགྲོ་བ་དང་། དྲང་དོན་གྱིས་མ་ཐུལ་བ་ལ་ངེས་དོན་གྱི་བསྟན་པས་འདུལ་བས་མཚོན། ཐ་མ་སྨོས་པས་སྐྱོན་མེད་དོ། །ལེའུ་ཞེ་བཞི་པའི་བྱུང་ཚུལ་བཅུ་གཅིག་པའི་དཀའ་བ་ཅུང་ཟད་བཀོད་པ་ལགས་སོ། །ཨ་ནུ་ཡོ་གའི་ཐེག་པའི་དབང་དུ་བྱས་ན། ཐེག་པ་རིམ་པ་དགུའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་ཨ་ནུ་ཡོ་ག་ཡོས་འབྱེད་པ་ཡིན་པའི་ཕྱིར་ན། ཨ་ནུ་ཡོ་ག་ལ་མ་འདུས་པ་གང་ཡང་མེད་པ་ཡིན། དེའི་ཕྱིར་ན་ཨ་ནུ་ཡོ་གའི་རྒྱུད་ཐམས་ཅད་ཀྱི་རྩ་བ་མདོ་previous hit དགོངས next hit

(༤༢༦)འདུས་པ་ཡིན་པའི་ཕྱིར་ན་རྒྱུད་ཀྱི་ལུང་གི་བྱུང་ཚུལ། ཅུང་ཟད་ཙམ་དབྱེ་བ་ལགས་ཏེ། དེ་ལ་ཨ་ནུ་ཡོ་གའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་ལ། ཨ་ནུ་ཡོ་གའི་བསྟན་པ་ཕུན་སུམ་ཚོགས་པ་བོད་ལ་འགྱུར་བའི་དབང་དུ་བྱས་ན། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་previous hit དགོངས next hit་གཅིག་ཏུ་འདུས་པ་མདོ་ཆེན་པོ་རྩ་བའི་རྒྱུད་ལས་འཕྲོས་པ་མདོ་བཅུ་སྟེ། བྱང་ཆུབ་སེམས་ལུང་རྣལ་འབྱོར་ཆེན་པོའི་རྒྱུད་དང་། རྨ་བྱ་འཇིང་བསྣོལ་གྱི་རྒྱུད་ལས་སྐུ་གདུང་རིང་བསྲེལ་རྒྱས་པར་བསྟན་པའི་རྒྱུད་དང་། དབང་བསྒྱུར་བླ་མ་རིན་པོ་ཆེའི་རྒྱུད་དང་། བྱང་ཆུབ་སེམས་དཔའ་ཡེ་ཤེས་ལས་རྨ་བྱའི་རྒྱལ་པོའི་རྒྱུད་དང་། ཡེ་ཤེས་གསལ་བ་འཁོར་ལོའི་རྒྱུད་དང་། བཤད་པ་བཏུས་པ་ལས་མཐའི་ཆུ་བོ་ཆེན་པོའི་རྒྱུད་དང་། ཡེ་ཤེས་བླ་མ་ཆེན་པོའི་རྒྱུད་དང་། ལྷ་མོ་འོད་ཟེར་ཅན་གྱི་ལུང་གི་རྒྱུད་དང་། རྨ་བྱ་འཇིང་བསྣོལ་གྱི་རྒྱུད་དང་། རྒྱུད་ཐམས་ཅད་སྙིང་པོ་འཁོར་བ་དོང་སྤྲུགས་ཀྱི་ལུང་དང་། ཀུན་འདུས་རིག་པའི་མདོ་དང་། དུར་ཁྲོད་ཁྲག་འཐུང་ཁུ་བྱུག་རོལ་པའི་རྒྱུད་དང་། ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་རྒྱུད་དང་། དེའི་ཕྱི་མ་དང་། རྒྱུད་ཀྱི་རྒྱལ་པོ་དབང་རྒྱུད་ཆེན་པོའི་རྒྱུད་དང་ཏིང་ངེ་འཛིན་མཆོག་གི་རྒྱུད་དང་། རྡོ་རྗེ་ལུང་འཇོག་གི་རྒྱུད་ཆེན་པོ་དང་། ལུང་མཆོག་གསང་བའི་རྒྱུད་དང་། ཡེ་ཤེས་འཁོར་ལོའི་ལུང་གི་རྒྱུད་སྡེ། ཕུར་པ་མྱ་ངན་ལས་འདས་པའི་རྒྱུད་ལ་སོགས་པ་ཕུར་པའི་རྒྱུད་མང་རབ་ཀྱི་ཨ་ནུ་ཡོ་ག་ལ་རྟོགས་པ་ལགས། རྟ་མཆོག་རོལ་པའི་རྒྱུད་ལ་སོགས་པ་པདྨ་དབང་གི་རྒྱུད་མང་རབ་ཀྱང་ཨ་ནུ་ཡོ་ག་ལ་གཏོགས་པ་ལགས། བདུད་རྩི་བམ་བརྒྱད་ལ་སོགས་པ་བདུད་རྩིའི་རྒྱུད་མང་རབ་ཀྱང་ཨ་ནུ་ཡོ་ག་ལ་གཏོགས་པ་ལགས། ཆེ་མཆོག་ཡོན་ཏན་གྱི་རྒྱུད་མང་རབ་ཀྱང་ཨ་ནུ་ལ་གཏོགས་པ་ལགས་སོ། །ཁྲོ་བོ་སུན་དྷ་རི་ཀའི་རྒྱུད་ལ་སོགས་པ་སྒྱུ་འཕྲུལ་གྱི་རྒྱུད་ཀྱང་མང་རབ་ཨ་ནུ་ལ་གཏོགས་པ་ལགས་སོ། །སྤྱོད་པ་ཐབས་ཀྱི་རྒྱུད་

(༤༢༧)ཀྱི་རྒྱལ་པོ་བརྩོན་པ་དོན་ལྡན་ལ་སོགས་པ་དམ་ཚིག་གི་རྒྱུད་མང་རབ་ཀྱང་ཨ་ནུ་ལ་གཏོགས་པ་ཡིན། དྲེགས་པ་ཀུན་འདུས་ཀྱི་རྒྱུད་ཀྱང་ཨ་ནུ་ལ་གཏོགས་པ་ཡིན། མ་མོ་སྲིད་པའི་རྒྱུད་ལུང་ལ་སོགས་པའི་དབྱིངས་ཀྱི་མ་མོའི་རྒྱུད་རྣམས་ཀྱང་ཨ་ནུ་ལ་གཏོགས་པ་ཡིན། ཨ་ནུ་ཡོ་གའི་བསྟན་བསྲུངས་རུ་ཏྲ་མགོན་པོའི་སྐྱེ་རྒྱུད་སྟེ། ཨ་ནུ་ཡོ་ག་ཤིན་ཏུ་རྒྱ་ཆེ་བའི་ཕྱིར་ན། བཅོས་མ་ཕྲ་མེན་གྱི་ས། ཉན་རང་གི་ས་དང་། རིགས་ཆེན་འབྱེད་པ་བྱང་ཆུབ་སེམས་དཔའི་ས་དང་། དབུགས་འབྱིན་པ་ཕྱི་རྒྱུད་གསུམ་དང་། མཧཱ་ཡོ་ག་ཡན་ཆོད་ཀྱི་ས་དང་། ལུང་ཆེན་ཐོབ་པ་ཨ་ནུ་ཡོ་གའི་ས་དང་། རྩལ་ཆེན་རྫོགས་པ་ཨ་ཏི་ཡོ་གའི་ས་ཏེ། ས་ལྔ་པོ་འདི་ཐེག་པ་དགུའི་སྤྱི་ཆིངས་ཐེག་པ་དགུ་ལས་འདིར་མ་འདུས་པ་དང་མ་རྫོགས་པ་གང་ཡང་མེད་པ་ལས། རྙིང་མ་ཞེས་བྱའི་རྣམ་གྲངས་ནི་སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ་ཡིན་པ་ལས། འདུལ་བ་ལུང་སྡེ་བཞི་ཕྲན་ཚེགས་དང་བཅས་པ་དང་པོར་གསུངས་པའི་ཕྱིར་ན་རྙིང་མའི་རྙིང་མ་དང་པོ་ཡིན། རང་རྒྱལ་གྱི་ཐེག་པ་རྙིང་མའི་བར་པ་ཡིན། བྱང་ཆུབ་སེམས་དཔའི་ཐེག་པ་སྤྲུལ་སྐུའི་ཐེག་པ་ཡིན། རྙིང་མའི་གསར་མ་སྟེ་ཐ་མར་གསུངས་པ་ལོངས་སྐུའི་བསྟན་པ་ཐེག་པ་གསུམ་ལ་བྱ་བའི་རྒྱུད་རྙིང་མའི་རྙིང་མ་སྟེ་དང་པོར་གསུངས་པ་དེའོ། །སྤྱོད་པའི་རྒྱུད་རྙིང་མའི་བར་པ་ཡིན། རྣལ་འབྱོར་གྱི་རྒྱུད་ཕྱི་རྒྱུད་ཐ་མར་གསུངས་པའོ། །ཆོས་སྐུའི་བསྟན་པ་མ་ཧཱ་ཡོ་ག་རྙིང་མ་ལ་གཏོགས་ཚད་རྣམས་ཐུབ་པ་ཆེན་པོ་previous hit དགོངས next hit་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་གཉིས་ན་བྱུང་བའི་ཕྱིར་ན། གསང་སྔགས་ནང་པའི་རྙིང་པ་དང་ཨ་ནུ་ཡོ་ག་ངོ་བོ་ཉིད་ཀྱི་

(༤༢༨)བསྟན་པ་སྟེ། བར་དུ་བྱུང་བ་ཡིན་ཏེ་ཡང་ན་དུས་མཉམ་དུ་བྱུང་བར་བཞེད་པ་ཡོད་པའི་ཕྱིར་ན། ལུང་རྙིང་མ་བར་པ་ཡིན། །རྫོགས་པ་ཆེན་པོ་རང་བཞིན་གྱི་སྐུའི་བསྟན་པ་ཡིན་པ་ལས་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེའི་རིང་ལ་བྱུང་བའི་ཕྱིར་ན་རྙིང་མའི་ཐ་མའམ། རྙིང་མའི་གསར་མ་ཞེས་ཐ་སྙད་འདོགས་ཀྱང་མི་འགལ། དེའི་ཕྱིར་ན་སྐུ་ལྔའི་བསྟན་པ་ཐེག་པ་དགུ་ལས་གསུམ་གསུམ་དུ་དབྱེ་བ་ནི་གཅིག་རྒྱབ་གཅིག་གིས་སྐྱོང་བའི་ཚུལ་དུ་བྱུང་བ་ནི་རྙིང་མའི་ཐེག་པ་དགུ་གཞི་ལམ་འབྲས་བུར་རྫོགས་ཤིང་། གང་ཡང་མ་ཚང་བ་མེད་པའོ། །དེ་ལ་གསར་མ་དང་རྙིང་མའི་ཞེས་པར་ཐ་སྙད་སོ་སོར་འདོགས་པ་ལས། གསར་རྙིང་གི་ས་མཚམས་དེ་ཐེག་པ་གཞན་པ་གང་ལ་ཡང་ཡོད་པ་མ་ཡིན། མ་ཧཱ་ཡོ་ག་ལས་སོ་སོར་འབྱེད་པ་ཡིན་པའི་ཕྱིར་ན། གསར་མ་ལས་ཕ་རྒྱུད་མ་རྒྱུད་གཉིས་ལས་གྲངས་ཅན་གཅིག་མི་ཡུལ་དུ་བྱོན་པ་སྟེ། དེ་ལ་གསར་རྙིང་གཉིས་ཕུན་སུམ་ཚོགས་པ་རྣམ་པ་ལྔ་སོ་སོར་ངོ་བོ་ཉིད་ཀྱིས་ཕྱེ་ནས་ཡོད་པའི་ཕྱིར་ན། གཅིག་ཏུ་འདྲེན་མི་ཉན་པའི་ཕྱིར་ན། མ་ཧཱ་ཡོ་ག་གསར་རྙིང་གི་ནང་དུ་ཐམས་ཅད་སོ་སོར་ཕྱེ་ནས་ཡོད་པའི་ཕྱིར་ན་དེ་རུ་གོ་ཞིང་ཤེས་པར་མཛོད། །མ་ཧཱ་ཡོ་ག་གསར་རྙིང་གཉིས་ཀྱི་ལས་བྱང་ཕྲིན་ལས་ཀྱི་སྐོར་སོ་སོར་དབྱེ་བ། གསང་སྔགས་རྙིང་མ་ལས་མདོས་དང་བསྐང་བ་དང་སྦྱོར་བ་དང་སྒྲོལ་བ་ལ་སོགས་གར་བྱུང་ཡང་། རྙིང་མའི་ཕྲིན་ལས་ཀྱི་ཆ་ལག་ཡིན་པར་ཤེས་པར་བྱའོ། །གསང་སྔགས་གསར་མ་ལས། ཚོགས་དང་ཚོགས་ཀྱི་འཁོར་ལོ་དང་ཕྱག་རྒྱ་བཞི་དང་ལྡན་པའི་སྦྱོར་བའི་ཆོ་ག་གདམ་ངག་ཟབ་ལ་རྒྱ་ཆེ་བ་རྣམས་ཡོད་པ་ཡིན། གསང་སྔགས་གསར་

(༤༢༩)རྙིང་གཉིས་ཆ་ལག་དང་དམ་རྫས་ལྷ་སྐོར་ཐམས་ཅད་འདྲ་བ་ལས་ཕུར་པ་འདི་རྙིང་མའི་ལག་ཆ་ཡིན། གསར་མའི་སྤུ་གྲི་གླད་གཟེར་གྱི་རྒྱུད་ན། བསྐང་བ་དང་མདོས་ཀྱི་ལེའུ་གཅིག་ཡོད་དེ་མིན། གསར་མའི་རྒྱུད་ཐམས་ཅད་ན་བསྐང་མདོས་ཅན་མི་སྣང་། དེའི་ཕྱིར་ན་མ་འོངས་པའི་སྒོམ་ཆེན་པ་དང་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་གསང་སྔགས་ཕྱི་ནང་གི་ས་མཚམས་ཤེས་པར་བྱའོ། །གསང་སྔགས་གསར་རྙིང་གི་ཁྱད་པར་ས་མཚམས་ཤེས་པར་བྱ་སྟེ། རྒྱུད་དང་མན་ངག་འབྲེལ་ཚུལ་སོ་སོར་ཤེས་པར་བྱ་ཞིང་མ་འཁྲུལ་བར་སྒྲུབས་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་རྒྱ་ཆེན་པོ་མྱུར་དུ་ཐོབ་པར་འགྱུར་རོ། །ལུང་ཆེན་ཨ་ནུ་ཡོ་ག་ལ་ཐེག་པ་དགུའི་འབྲེལ་ཚུལ་དང་གསང་སྔགས་གསར་རྙིང་གི་ས་མཚམས་མདོར་བསྡུས་པའི་ས་མཚམས་ལགས་སོ། །ཨ་ནུ་ཡོ་ག་ལ་གསུམ་དུ་དབྱེ་སྟེ། ཨ་ནུ་ཡོ་གའི་མ་ཧཱ་ཡོ་ག་དང་། ཨ་ནུ་ཡོ་གའི་ཨ་ནུ་ཡོ་ག་དང་། ཨ་ནུ་ཡོ་གའི་ཨ་ཏི་ཡོ་ག་སྟེ། ཨ་ནུ་ཡོ་གའི་མ་ཧཱ་ཡོ་གའི་ས་ནི་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཡིན། ཨ་ནུའི་ཨ་ནུའི་ས་ནི་ཡེ་ཤེས་བླ་མ་འོད་ཅེས་ཀྱང་། བཅུ་བཞི་རྡོ་རྗེ་རྒྱལ་པོ་རང་གི་ངོ་བོའི་ས་ཡིན། ཨ་ནུའི་ཨ་ཏི་ཡོ་ག་ནི། རྫོགས་པ་ཆེན་པོ་ལ་སྒྲོལ་ཤན་འབྱེད་ཀྱི་ཐེག་པ་མན་ཆོད་ཡིན་ཏེ། ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་བཅོ་ལྔ་མན་ཆོད་དུ་བཞེད་པ་ཡིན། རྫོགས་པ་ཆེན་པོ་རང་བཞིན་ལྷུན་གྱིས་གྲུབ་པར། ས་དང་ལམ་དང་འབྲས་བུ་དང་ཐེག་པ་ཐམས་ཅད་རང་བཞིན་ལྷུན་གྱིས་གྲུབ་པའི་རྫོགས་པ་དང་ས་བཅོ་ལྔ་ཡང་ས་གཅིག་ཏུ་རྫོགས་པ་སྟེ། རྫོགས་པ་ཆེན་པོ་ས་གཅིག་བྱ་བ་ནི་ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་

(༤༣༠)ས་འདིར་ཡེ་ནས་མ་འདུས་པའམ་མ་རྫོགས་པ་གང་ཡང་མེད་པའི་ཕྱིར་ན། ས་ལམ་བསྒྲོད་དུ་མེད། འབྲས་བུ་ལ་ཐོབ་དུ་མེད། རྟོགས་ན་ནི་སྐུ་ལྔ་ཡོངས་སུ་རྫོགས་པའི་སངས་རྒྱས་ཡིན་ལ། མ་རྟོགས་ན་ནི་གནས་ལུགས་ཡེ་ནས་ལྷུན་གྱིས་གྲུབ་ཀྱང་ད་རུང་ཁམས་གསུམ་འཁོར་བ་ལས་མི་གཡོ་མི་འདའ་མི་འཕགས་པའི་ཕྱིར་ན། གཞི་ལ་ཡེ་ནས་རྫོགས་ཀྱང་མངོན་སུམ་དུ་མ་གྱུར་པའི་ཕྱིར་ན་ཁ་འབྱམ་ལྷུན་གྲུབ་བྱ་བ་ཡིན་པས། དེ་རྫོགས་པ་ཆེན་པོའི་གོ་སར་བཞེད་པ་ཡིན། བྱེ་བྲག་ལྷུན་གྲུབ་བྱ་བ་ནི། །འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཐད་ཀ་ཐ་སོར་ལྷུན་གྱིས་གྲུབ་པའི་སྒྲ་དང་དོན་རེ་རེ་སོ་སོར་འཇུག་པའི་ཕྱིར་ན་ལྷུན་གྲུབ་ཀྱིས་མ་ཁྱབ་པ་གང་ཡང་མེད་པ་ཡིན། དེའི་ཕྱིར་ན་བྱེ་བྲག་ལྷུན་གྲུབ་ཅེས་བྱ་བ་ནི་ཐེག་པ་དགུ་ཁའི་རྒྱུ་འབྲས་སུ་འཇུག་པའི་ཕྱིར་ན། འབྲས་བུ་ཡོངས་སུ་རྫོགས་པའི་ལྷུན་གྲུབ་ཏུ་མ་རྫོགས་པ་མེད་པའི་ཕྱིར་ན། རྫོགས་པ་ཆེན་པོ་རྟོགས་པ་མཐའ་དབུས་མེད་པ་ལས་མ་བྱུང་བ་དང་མ་རྫོགས་པ་དང་མ་རྟོགས་པ་གང་ཡང་མེད་པའི་ཕྱིར། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་སངས་རྒྱས་སེམས་ཅན་གང་གི་ཡང་ཐ་སྙད་མི་འདོགས་ཤིང་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ན་ཐེག་པའི་རིམ་པ་དང་གྲུབ་མཐའི་བྱེ་བྲག་རྣམས་མ་རྟོགས་པ་དང་འཁྲུལ་པ་དཀར་ནག་ཁྲའོ་གསུམ་གྱི་སྣང་བ་སྣ་ཚོགས་སུ་ཤར་བ་སྟེ། ངར་འཛིན་པའི་ལྟ་བ་དང་། ཁས་ལེན་སྣ་ཚོགས་ཡོད་ཀྱི་བར་དུ་ཅི་ལྟར་དུ་བཤད་ཀྱང་རྫོགས་པ་ཆེན་པོའི་དོན་མ་རྟོགས་པར་ཤེས་པར་བྱའོ། །ཨ་ནུ་ཡོ་ག་འདི་ཐེག་པ་ཐམས་ཅད་ཀྱི་སྤྱི་ལུང་ཡིན་པའི་ཕྱིར་ན། ཐེག་པ་དང་གྲུབ་མཐའ་ཐམས་ཅད་ཨ་ནུ་ཡོ་གར་ཤན་ཕྱེ་ཞིང་གཏན་ལ་ཕབ་པ་ཡིན་པའི་ཕྱིར་ན་

(༤༣༡)ཨ་ནུ་ཡོ་གའི་ཐེག་པའི་ཕུན་སུམ་ཚོགས་པ་རྣམ་པ་ལྔའི་སོ་སོར་འབྱེད་པ་འདི་ཡིན་ནོ། །ཐེག་པ་ཐམས་ཅད་སོ་སོར་གོ་ཞིང་ཡོངས་སུ་རྫོགས་ཤིང་ཕྱོགས་མེད་དུ་རྟོགས་པར་བྱའོ། །ལུང་ཆེན་པོ་ཨ་ནུ་ཡོ་ག་ནི་རྒྱ་མཚོ་ཆེན་པོ་དང་འདྲ་བ་ལས། ཐེག་པ་དང་གྲུབ་མཐའ་གཞན་པ་ཐམས་ཅད་ཆུ་བོ་དང་ཆུ་བྲན་བཞིན་སོ་སོར་ཤེས་པར་བྱ་སྟེ། ཨ་ནུ་ཡོ་གར་ཐེག་པ་ཐམས་ཅད་འདུས་སོ། །ཨ་ནུ་ཡོ་གའི་འབྲས་བུ་ཡོངས་སུ་རྫོགས་པ་ནི་རྫོགས་པ་ཆེན་པོ་སྟེ། མིང་དང་ཐ་སྙད་སྤང་བྱ་དང་བླང་བྱའི་འབྲས་བུ་སྣ་ཚོགས་ཀྱི་ཐོབ་བྱ་གང་ཡང་མེད་པ་སྟེ། དངོས་པོ་གཤིས་ཀྱི་གནས་ལུགས་ཞེས་ཀྱང་བྱ། གནས་ཕྱི་མོ་ཞེས་ཀྱང་བྱ་སྟེ། ཀུན་ཏུ་བཟང་པོ་རང་ས་ཟིན་ཞིང་རང་ངོ་ཤེས་ཤིང་རྟོགས་པ་རབ་འབྱམས་སྐུ་ལྔ་ཡོངས་སུ་རྫོགས་པའི་སངས་རྒྱས། འབྲས་བུ་ཡོངས་སུ་རྫོགས་པ་ལྷུན་གྱིས་གྲུབ་པ་ཡིན་ཏེ། འདི་གང་གི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ན། ཐེག་པ་འོག་མ་རྣམས་ཀྱིས་སྒྲོ་དང་སྐུར་པ་འདེབས་ཤིང་ཤིན་ཏུ་སྐྲག་ནས་འབྲོས་པར་བྱེད་པ་སྟེ། འཇམ་དཔལ་མཚན་རྗོད་ཀྱི་ལུང་ལས་ཀྱང་། སྟོང་ཉིད་སེང་གེའི་སྒྲ་སྒྲོག་པ། མུ་སྟེགས་རི་དགས་ངན་འཇིགས་བྱེད། །ཅེས་གསུང་པའི་དོན་ཀྱང་འདི་ལྟ་བུ་ལ་previous hit དགོངས next hit་ཡིན་གང་ཟག་དབང་པོ་ཡང་རབ་གཅིག་ཅར་བ་དོན་ལ་སྦྱང་བ་གཅིག་ཅར་བ་རྣམས་ཀྱིས་ནི། རྫོགས་པ་ཆེན་པོ་རྒྱ་མཚོ་ཀློང་ལ་སོགས་པ་རྣམས་མཐོང་བའམ་ཐོས་པ་ཙམ་གྱིས་ཀྱང་རྟོགས་པ་དང་གྲོལ་བ་དུས་མཚུངས་པའི་ཕྱིར་ན་ལུང་ལས་ཀྱང་། ཀུན་དུ་ལྟ་བ་མཆོག་ཏུ་དགའ། །གཟི་བརྗིད་ཕྲེང་བ་ལྟ་ན་སྡུག །འོད་བཟངས་འབར་བ་དཔལ་གྱི་བེའུ། །ཞེས་གསུངས་པའི་དོན་ཡང་དབང་པོ་ཡང་རབ་སྐྱེས་བུ་སྐལ་བ་དང་ལྡན་པ་གཅིག་ཅར་བ་རྣམས་ལ་

(༤༣༢)previous hit དགོངས next hit་ཡིན། འོག་མིན་བདེ་བ་ཅན་གྱི་ཕྲོང་ནས། སྐུ་ལྔ་ཡོངས་སུ་རྫོགས་པའི་རྡོ་རྗེ་འཆང་། འཁོར་ལོ་བདེ་མཆོག་རྗེ་ཏཻ་ལོ་པ་དང་ཐ་དད་མེད་པར་བཞུགས་པ་ཡིས་བྱིན་གྱིས་བརླབས་པ་རྗེ་བཙུན་ཆེན་པོ་ནཱ་རོ་པ་ཡི་ཐུགས་གཉིས་སུ་མེད་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་བརྒྱུད་པ། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་འཛམ་བུའི་གླིང་དུ་རྒྱུན་ཆད་མེད་པར་བྱོན་པ་རྣམས་ཀྱི་previous hit དགོངས next hit་དང་རྟོགས་པ་རབ་འབྱམ་མཐའ་ཡས་པ་ཡོངས་སུ་རྫོགས་པ་མཐར་ཕྱིན་ཞིང་སྐལ་བ་དང་ལྡན་པ་གནམ་གྱི་སྐར་མ་ཙམ་སྨིན་ཅིང་གྲོལ་བར་མཛད་པ་ནི། གྲུབ་མཐའ་དང་ཐེག་པ་འགྲོ་བ་དྲུག་གི་ངར་འཛིན་པའི་ལྟ་བ་ཉི་ཤུ་རྩ་གཅིག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་ཤིང་། ལྷུན་རྫོགས་བདེ་བ་ཆེན་པོར་སངས་རྒྱས་ཏེ། ཐེག་པ་གཞན་གྱི་ལུགས་བཞིན་དུ་ས་ལམ་རིམ་གྱིས་བསྒྲོད་པ་དང་། སངས་རྒྱས་གཞན་ནས་ཐོབ་པར་འདོད་པ་དང་། ཁམས་གསུམ་འཁོར་བ་ལས་རྒལ་བར་འདོད་པ་མ་ཡིན་ཏེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་ནས་ཁམས་གསུམ་སྐུ་གསུམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་སྟེ། ཀུན་གཞི་ལྷན་ཅིག་སྐྱེས་པའི་མ་རིག་པ་བག་ཆགས་དང་བཅས་པ་དེ་རང་རིག་པའི་ཡེ་ཤེས་ལྷན་ཅིག་སྐྱེས་པར་རྟོགས་པ་དང་། གཏི་མུག་གི་ཡུལ་དུ་ཡུལ་ཅན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ཞེ་སྡང་དང་ཞེ་སྡང་གི་ཡུལ་ཅན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། འདོད་ཆགས་དང་འདོད་ཆགས་ཀྱི་ཡུལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ང་རྒྱལ་དང་ང་རྒྱལ་གྱི་ཡུལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ཕྲག་དོག་དང་ཕྲག་དོག་གི་ཡུལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ཕུང་པོ་ལྔ་དང་འབྱུང་བ་ལྔ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། དབང་

(༤༣༣)པོ་ལྔ་དང་དབང་པོའི་ཡུལ་ལྔ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། སྐྱེ་མཆེད་དྲུག་དང་ཁམས་དྲུག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། རྟེན་འབྲེལ་བཅུ་གཉིས་དང་བྱེད་པའི་སྐྱེས་བུ་བཅུ་གཉིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། དགེ་བ་བཅུ་དང་མི་དགེ་བ་བཅུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། འདུས་བྱས་དང་འདུས་མ་བྱས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། དོན་དམ་དང་ཀུན་རྫོབ་གཉིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ཐབས་དང་ཤེས་རབ་གཉིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། དམིགས་པ་དང་མི་དམིགས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། སྐྱེ་བ་དང་འགག་པ་གཉིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ཕྱི་རོལ་མུ་སྟེགས་ཀྱི་གྲུབ་མཐའ་དང་ནང་པ་སངས་རྒྱས་པའི་གྲུབ་མཐའ་གཉིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ཐེག་པ་དགུའི་ཞེ་འདོད་རབ་འབྲིང་ཐ་མ་དགུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ཟག་བཅས་དང་ཟག་པ་མེད་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ཚོགས་ལམ་དང་སྦྱོར་ལམ་གཉིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། མཐོང་ལམ་སྒོམ་ལམ་གཉིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ཟུང་འཇུག་ཅེས་བྱ་བའི་ཟུང་ཞེས་བྱ་བ་ནི་གཉིས་ཡིན་ཏེ། འཇུག་ཅེས་བྱ་བ་ནི་བློས་རིག་པའི་ཤེས་པས་གཅིག་ཏུ་འཇུག་པ་སྟེ། འདི་ཡང་དུས་ནམ་ཞིག་སོ་སོར་འབྱེད་པའི་དུས་ཚོད་ཡིན་པའི་ཕྱིར་ན། དོན་དམ་མཐར་ཐུག་མ་ཡིན། རྗེ་ནཱ་རོ་པའི་བཞེད་ཀྱིས། སློབ་པའི་ཟུང་འཇུག་མི་སློབ་པའི་ཟུང་འཇུག་གཉིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ས་བཅུ་དང་ལམ་ལྔ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། སེམས་ཙམ་དབུ་མ་རབ་ཏུ་མི་གནས་པ་གསུམ་

(༤༣༤)ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། གསང་སྔགས་ཀྱི་དམ་ཚིག་དང་བྱང་ཆུབ་སེམས་དཔའི་བསླབ་པ་ཉན་ཐོས་ཀྱི་འདུལ་ཁྲིམས་གསུམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ལོངས་སྐུའི་བསྟན་པ་ཕྱི་རྒྱུད་གསུམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ཆོས་སྐུའི་བསྟན་པ་མ་ཧཱ་ཡོ་ག་གསར་རྙིང་གཉིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། བསྐྱེད་རྫོགས་གཉིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ཨ་ནུའི་བསྟན་པ་དཀྱིལ་འཁོར་གསུམ་དབྱིངས་དང་ཡེ་ཤེས་རོ་མཉམ་པར་འདོད་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ཨ་ནུའི་ངོ་བོ་ཉིད་ཀྱི་སྐུའི་བསྟན་པ་ལུང་དང་མན་ངག་རྒྱུད་སྡེ་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། རང་བཞིན་གྱི་སྐུའི་བསྟན་པ་རྫོགས་པ་ཆེན་པོ་ལྷུན་གྲུབ་གསུམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། བཅུ་གཅིག་ཀུན་ཏུ་འོད་ནས་ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་སའི་བར་འབྲས་བུ་གྲུབ་པའི་ས་དྲུག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ཁམས་གསུམ་འཁོར་བའི་འདོད་ཁམས་གནས་རིས་ཉི་ཤུའི་འདོད་སྲེད་དང་། གཟུགས་ཁམས་གནས་རིས་བཅུ་བདུན་གྱི་ང་རྒྱལ་དང་། གཟུགས་མེད་སྐྱེ་མཆེད་མུ་བཞིའི་ཡིད་ལུས་དང་། ཁམས་གསུམ་པའི་བདེ་སྡུག་རྣམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ངན་སོང་དང་མཐོ་རིས་ཀྱི་འགྲོ་བ་རིགས་དྲུག་དང་། མུ་སྟེགས་རྟག་ཆད་གཉིས། བྱེ་བྲག་གསང་བ་པ་གསུམ་སྟེ་དགུ་ནང་པ་སངས་རྒྱས་པའི་གྲུབ་མཐའ་ཐེག་པ་རིམ་པ་དགུ་དང་བཅོ་བརྒྱད་རྫོགས་པ་ཆེན་པོའི་ལྷུན་གྲུབ་གསུམ་སྟེ། ངར་འཛིན་པའི་ལྟ་བ་ཉི་ཤུ་རྩ་གཅིག་དང་། འཁོར་འདས་ལམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་ནི། རྟོགས་པ་རབ་འབྱམས་མཐའ་དང་དབུས་མེད་པ་ཞེས་བྱ་སྟེ། བྲམ་ཟེ་ཆེན་པོ་ས་ར་ཧའི་ཞལ་ནས་ཀྱང་། འཁོར་

(༤༣༥)འདས་ལམ་གྱི་ཆོས་རྣམས་ཀུན། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་བཞིན། །རང་གི་རང་རིག་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་གསུངས་པའི་ཕྱིར་ན། རྒྱ་གར་ན་སྒྲ་ཐང་ལོག་སྐད་དུ་ཡོད་པ་ལས། མ་ཧཱ་མུ་དྲ་ཟེར་བོད་ཀྱིས་དྲང་པོར་ཟླ་བདེ་བ་ལ་previous hit དགོངས་ནས་ཕྱག་རྒྱ་ཆེན་པོར་བཏགས་ next hit་སྟེ། དོན་དམ་པར་ན་ཕྱག་རྒྱ་ཆེན་པོ་བྱ་བ་ཡིན། རྒྱ་ནི་ངར་འཛིན་གྱི་ལྟ་བ་ཉི་ཤུ་རྩ་གཅིག་སྟེ། རྒྱ་ཉི་ཤུ་རྩ་གཅིག་གིས་འཐུམས་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་མ་རྟོགས་པའི་ཕྱིར་ན། ཕྱག་ཅེས་བྱ་བ་ནི་ཆོས་ཅན་དང་ཆོས་ཉིད་སྣང་སྲིད་འཁོར་འདས་ཐམས་ཅད་ལྷན་ཅིག་སྐྱེས་པ་རང་གི་ཡེ་ཤེས་སུ་རྟོགས་པ་མཐའ་ཡས་རབ་འབྱམ་སྐུ་ལྔ་ཡོངས་སུ་རྫོགས་པའི་སངས་རྒྱས་སུ་རང་བཞིན་ལྷུན་གྱིས་གྲུབ་པར་ཕྱོགས་པའི་ཕྱིར་ན། ཆེན་པོ་འདི་ལས་གོང་ན་ཡོད་རེ་ཀན། ནཱ་རོ་བརྒྱུད་པས་བྱིན་རླབས་ཤིང་། །རྣལ་འབྱོར་རང་བྱུང་རྡོ་རྗེ་ཡིས། །ངར་འཛིན་ལྟ་བ་ཉི་ཤུ་གཅིག །ལྷན་སྐྱེས་རང་བྱུང་ཡེ་ཤེས་སུ། །རྟོགས་པ་རབ་འབྱམ་རྩལ་རྫོགས་ནས། །མ་འོངས་གདུལ་བྱ་སྣོད་ལྡན་གྱི། །མ་རིག་མུན་པ་སེལ་བའི་ཕྱིར། །ཡང་དག་དོན་གྱི་འོག་མིན་ན། །རྟོགས་པ་རབ་འབྱམ་རྣལ་འབྱོར་བཞུགས། །འཁོར་འདས་ལམ་གྱིས་བསྡུས་པའི་ཆོས། །མ་རྟོགས་པ་ནི་གང་ཡང་མེད། །སྒོམ་ཆེན་རྣམས་ཀྱིས་མཁྱེན་པར་མཛོད། །ཨ་ནུ་ཡོ་གའི་ཕུན་སུམ་ཚོགས་པ་ལྔར་ཐེག་པ་རིམ་པ་དགུའི་ལུང་ཐམས་ཅད་འདུས་ཤིང་རྟོགས་པའི་བར་སྐབས་ལགས་སོ།། །།ཡང་དག་དོན་གྱི་འོག་མིན་ན། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན་ཡེ་ནས་སངས་རྒྱས་པའི་

(༤༣༦)བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། །འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དངོས་པོ་གཤིས་ཀྱི་གནས་ལུགས་ལ་ངོ་བོ་མཚན་ཉིད་ལྔ་ལྡན་དུ། སྟོན་པ། བསྟན་པ། གནས་དང་། འཁོར་དང་། དུས་ཕུན་སུམ་ཚོགས་པ་རྣམ་པ་ལྔ་རང་བཞིན་ངོ་བོ་ཉིད་ཀྱིས་རྫོགས་པར་བཞུགས་པ་ནི། རྒྱུ་དང་འབྲས་བུ་ངོ་བོ་ན་ཏུ་རྫོགས་པའི་རྫོགས་པ་ཆེན་པོའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ། ཆོས་ཀྱི་དབྱིངས་མཐའ་ཡས་པར་མཐའ་དང་དབུས་མེད་པར་བཞུགས་པའོ། །དེ་ལྟ་བུར་བཞུགས་པ་ལ་སྟོན་པ་བསྟན་པ་གང་ཡང་ཐ་སྙད་མེད་པར་འཁོར་དང་གནས་གང་གི་ཡང་ས་འཚམས་མེད་པའི་ཕྱིར་ཀུན་བཟང་རྒྱལ་པོ་དབྱིངས་ན་བཞུགས། ངོ་བོ་ཉིད་ཀྱིས་ལྷུན་རྫོགས་ཤིང་། །ཀུན་དང་ཕྱག་རྒྱ་གང་ཡང་མེད་ཅེས། ཀུན་བཟང་རོལ་པའི་རྒྱུད་ལས་གསུངས་པ་ཡང་གནས་སྐབས་འདི་རུ་previous hit དགོངས next hit་ཡིན། ཀུན་བྱེད་རྒྱལ་པོའི་ལུང་ལས་ཀྱང་། བྱང་ཆུབ་སེམས་ཀྱི་ཡེ་ཤེས་ནི། །སྟོན་པ་དམ་པའི་སྐུར་བྱུང་ནས། །ཚིག་དང་ཡི་གེ་མི་སྟོན་ཏེ། །རང་གི་རང་བཞིན་སྟོན་པར་བྱེད། །བདག་ཏུ་མི་རྟོག་གཞན་མི་རྟོག །མི་རྟོག་མཉམ་པའི་previous hit དགོངས next hit་ཅན། །ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །དེ་རྟོགས་སངས་རྒྱས་ཀུན་དང་མཉམ། །ཞེས་གསུངས་པའི་ཕྱིར་ན། འབྱུང་བ་བཞི་པོ་ཀུན་ཡང་དེས་འགྲེའོ། །དེའི་ཕྱིར་ན་འབྱུང་བ་ལྔ་ཡིས་ཁྱབ་ཚད་ཀྱང་ཀུན་ཏུ་བཟང་མོར་བཤད་པ་ཡིན། རྩོལ་བའི་ཆོས་ཀྱིས་རྩོལ་མེད་གྲུབ། །སྒྲ་དང་དྲི་དང་རོ་དང་རེག །འགྲོ་དྲུག་ལོངས་སྤྱོད་རྫོགས་པར་སྟོན། །ཀུན་ཏུ་བཟང་པོ་རང་གིས་རང་ལ་རོལ་བའི་རྒྱུད་ལས་གསུངས་པ་ཡང་། ཕུང་པོ་ཁམས་དང་སྐྱེ་མཆེད་རྟེན་ཅིང་འབྲེལ་པར་འབྱུང་བ་གྲངས་ཅན་དྲུག་བཅུ་

(༤༣༧)རྩ་བཞི་དང་། གྲངས་མེད་ཚད་ལས་འདས་པ་རྣམས་ཀུན་ཏུ་བཟང་པོ་རང་གི་ངོ་བོ་སྟེ། གདོད་ནས་རང་བཞིན་གྱིས་རྫོགས་པའི་ཕྱིར་ན། རྒྱ་མཚོ་ཀློང་གི་རྒྱུད་ལས་ཀྱང་། སྐུ་རྫོགས་གསུང་རྫོགས་ཐུགས་ཀྱང་རྫོགས། །འཁོར་བ་རྫོགས་ཤིང་འདགས་རྫོགས། །ཐམས་ཅད་རྫོགས་ཕྱིར་ལྷུན་གྲུབ་པས། །ཞེས་གསུངས་པའི་ཕྱིར་ན། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀུན་ཏུ་བཟང་པོ་ལ་མ་རྫོགས་པ་གང་ཡང་མེད་པའི་ཕྱིར་ན། ཉི་མ་ལ་ཉི་མའི་འོད་ཟེར་རྫོགས་པ་བཞིན་དུ་ཕུན་སུམ་ཚོགས་པ་ལྔ་ངོ་བོ་ཉིད་ཀྱིས་རྫོགས་ཤིང་། རང་བཞིན་དུ་གནས་པའི་ཕྱིར་ན། །ཡང་དག་དོན་གྱི་འོག་མིན་དུ། །ཀུན་བཟང་རྒྱལ་པོ་ལྷུན་བཞུགས་པས། །ཚིག་དང་ཡི་གེ་མི་སྟོན་ཡང་། །ཆོས་དབྱིངས་རབ་འབྱམ་བྱིན་གྱིས་རློབ། ཅེས་གསུང་པའི་ཕྱིར་ན། ཀུན་ཏུ་བཟང་པོ་རང་བཞིན་གྱིས་ཕུན་སུམ་ཚོགས་པར་བཞུགས་པའི་དུས་ཚོད་ལགས་སོ། །ཐུགས་རྗེའི་འབྲེལ་པས་བྱང་ཆུབ་སེམས་ཀྱིས་བྱིན་གྱིས་བརླབས་ཀྱི། ལྷ་དང་མིའི་ཡུལ་དུ་བྱོན་པའི་གླེང་གཞི་ནི། དེ་ནས་རྒྱུད་ཅི་ལྟར་དུ་བྱོན་པའི་ཁུངས་བསྟན་པ་ལས། བདེ་བར་གཤེགས་པའི་previous hit དགོངས next hit་བྱིན་གྱིས་རླབས་ཀྱི་ཁ་ས་མུ་ཏྲའི་རྒྱུད་ལས་ཀྱང་། མི་དང་ལྷའི་ཡུལ་དུ་རྒྱུ་འབྲས་ཀྱི་ཐེག་པ་ནི་བརྟན་ཅིང་མཐར་ཕྱིན་ཏོ། །རྒྱུ་འབྲས་ལས་འདས་པའི་ཐེག་པ་མ་བྱུང་བའི་དོན་དུ་སུམ་བཅུ་རྩ་གསུམ་ལྷའི་ཡུལ་དུ་ལྷ་དེ་ཝ་བཟང་སྐྱོང་ལ་བུ་གསུམ་ཡོད་པའི་ཆེ་བ་ལྷའི་བུ་ཀུན་དགའ་སྙིང་པོ་བྱ་བར་སྐུ་འཁྲུངས་ནས། དེ་ལ་བཟང་སྐྱོང་དུ་མཚན་བཏགས་སོ། །དེ་ཆུང་ཆུང་ནས་ཤེས་བྱ་ཀུན་ལ་མཁས་ཤིང་རིག་པ་

(༤༣༨)ཁྱད་པར་དུ་འཕགས་པ་ཅིག་བྱུང་། ལྷའི་བུ་དེ་གཅིག་པུར་འདུག་པ་ལ་དགའ་ཞིང་། ལྷའི་བུ་གཞན་རྣམས་རང་རང་གི་རྫིང་བུར་འདུ་རྫི་དང་རྩེད་མོ་ལ་འགྲོ་ན་ཡང་། །ལྷའི་བུ་བཟང་སྐྱོང་སངས་རྒྱས་ཀྱི་སྐུ་གཟུགས་ཆོས་ཀྱི་གཙུག་ལག་ལྟ་བར་བྱེད། དེ་ལྟ་བུའི་ཁྱད་པར་དུ་འཕགས་པའི་ཁྱེའུ་ཅིག་བྱུང་བ་དེ་ནུབ་མོ་ཉལ་བའི་སྲོད་ཀྱི་རྨི་ལམ་ན་ལྷའི་དབང་པོ་བརྒྱ་བྱིན་གྱིས་སྣ་དྲངས་ནས་ལྷ་རྣམས་ཀྱིས་རིན་པོ་ཆེའི་ཁྲི་ལ་ལྷའི་བུ་བཟང་སྐྱོང་བཞག་ནས་བསྐོར་བ་བྱས་མདུན་དུ་བདར་ཏེ་ཁོའི་སྤྱི་བོའི་གཙུག་ཏུ་ཐིམ་པ་རྨིས་སོ། །ཡང་ནམ་ཕྱེད་ན་ནམ་མཁའ་ལ་ཉི་ཟླ་ཤར་བ་དང་། ཉི་ཟླ་གཉིས་པོ་ཉི་མའི་འཁོར་ལོ་གཅིག་ཏུ་གྱུར་ནས་རྣམ་པར་རྒྱལ་བའི་ཁང་བཟངས་ཀྱི་སྲོག་ཤིང་གི་རྩེ་མོ་ལ་བབས་ཏེ། ལྷའི་བུ་ཡིས་བླངས་ནས་འོད་ཟེར་ཕྱོགས་བཅུར་ཁྱབ་པ་རྨིས། ཡང་ཐོ་རངས་ཀྱི་རྨི་ལམ་ན། ལྷ་མཆོག་མཧཱ་དེ་ཝ་དེ་འཇིག་རྟེན་ན་དབང་ཆེ་བར་གྲགས་པ་དེ་ལྷའི་བུ་ཡིས་ཟོས་པ་རྨིས་སོ། །ནང་པར་བརྒྱ་བྱིན་ལ་ཇི་ལྟར་རྨིས་པ་རྣམས་བཟླས་པས། བརྒྱ་བྱིན་གྱིས་མ་ཤེས་ནས། བཛྲ་སཏྭ་ས་མ་ཡ་ཞེས་བརྗོད་དེ། །སྤྲུལ་པའི་ལྷའི་དབང་པོ་ཅིག་སྤྱན་དྲངས་ཏེ། རྨི་ལམ་བཟང་ངན་དེ་ལ་དྲིས་པས། སྲོད་ཀྱི་རྨི་ལམ་དེ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་previous hit དགོངས next hit་ཐུགས་སུ་ཆུད་པའི་རྟགས་ཡིན། ནམ་གུང་གི་རྨི་ལམ་དེ་ནི་རྒྱུ་འབྲས་ལས་འདས་པའི་ཆོས་ཀྱི་ཐེག་པ་ཐུགས་ལ་འཆར་བ་སྟེ། ཉི་མའི་འོད་ལྟར་དྲོ་ཞིང་གསལ་བའི་རྟགས་ཡིན། ཐོ་རངས་ཀྱི་རྨི་ལམ་དེ་དུག་གསུམ་རྩད་ནས་བཅད་དེ། མངོན་པར་རྫོགས་པར་སངས་རྒྱས་པའི་རྟགས་ཡིན་གསུང་སྟེ། མཚན་མ་བཟང་བར་ལུང་བསྟན། དེར་ལྷའི་བུ་ཤིན་ཏུ་དགྱེས་ནས་

(༤༣༩)ཞལ་ཕྱོགས་བཞིར་གཟིགས་ཤིང་བསྐུལ་བ་སངས་རྒྱས་ཐམས་ཅད་ལ་གསོལ་བ་བཏབ་པ་ནི། ཁྱེད་ནི་སྐུ་གསུམ་རྡོ་རྗེའི་བདག །རྩོལ་མེད་ཐེག་པ་མཐར་ཕྱུང་ནས། །ཐུགས་རྗེ་ཆེན་པོ་བྷཱུ་ཏ་ཧ། གདུལ་བྱ་མཆོག་ལྡན་ཡོད་པས་ནི། རྩོལ་མེད་ཀུན་རྫོགས་བཤད་དུ་གསོལ། །ཞེས་བསྐུལ་བས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ནམ་མཁའ་ལ་སྤྲིན་བཞིན་དུ་འདུས་ནས། previous hit དགོངས next hit་གཅིག་ཏུ་བསྟུན་ནས་དཔལ་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་བཀའ་བསྒོའོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེའི་རང་བཞིན་ཁྱོད་ཡིན་པས། །སངས་རྒྱས་ཀུན་གྱི་མཛད་པར་ཤར། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་རང་བཞིན་ཁྱོད་ཡིན་པས། །ཡེ་ཤེས་ཐམས་ཅད་གསལ་བར་མཛོད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་ངོ་བོ་ཁྱོད་ཡིན་པས། །རྨད་བྱུང་རོལ་པའི་སྐུ་རུ་ཤར། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་བདག་ཉིད་རིག་པའི་གསུངས། །རྨད་བྱུང་རོལ་པའི་གསུང་དུ་ཤར། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །ཐུགས་རྗེའི་རང་བཞིན་ཁྱོད་ཡིན་པས། །ཡོན་ཏན་ཕྲིན་ལས་ལ་སོགས་པ། །ཚིག་གཅིག་དོན་དུ་ཀུན་རྫོགས་བདག །རིན་ཆེན་འཕྲུལ་གྱི་སྙིང་པོའི་སྒོ། །སྐལ་ལྡན་རྣམས་ལ་བསྟན་དུ་གསོལ། །རྡོ་རྗེ་སེམས་དཔའ་ལ་བསྐུལ་ཞིང་གསོལ་བ་བཏབ་སོ། །ཡང་འདི་སྐད་ཞེས་བསྐུལ་ལོ། །རིན་ཆེན་འཕྲུལ་གྱི་ཐབས་ལྡན་པས། གསང་མཛོད་མཐུན་པའི་སྒོ་དེ་ནས། རྩོལ་མེད་དབྱིག་དང་ལྡན་པར་མཛོད། །ཅེས་བསྐུལ་ལོ། །བྱང་ཆུབ་སེམས་ཀྱི་དངོས་པོ་ལས། །ཐ་སྙད་བརྗོད་དུ་མ་མཆིས་ཀྱང་། །མ་རྟོགས་བླ་ཡི་ཚིག་སྒོ་ནས། །གསུང་གི་སྒྲོན་མ་གསལ་བར་མཛོད། ཅེས་རྡོ་རྗེ་སེམས་དཔའ་ལ་བསྟོད་ནས། དཔལ་རྡོ་རྗེ་སེམས་དཔས་སྐད་ཅིག་མའི་ཏིང་ངེ་འཛིན་གྱིས་ཕྱག་ན་རྡོ་རྗེ་དངོས་སུ་སྤྲུལ་ནས། རིན་པོ་ཆེ་འོད་རང་བཞིན་གྱིས་འབར་བ་ཕྱག་ཏུ་གཏད་ནས་འདི་སྐད་ཅེས་བསྒོའོ། །དབྱེར་མེད་ཡེ་ཤེས་གསང་བའི་

(༤༤༠)དོན། །བྱར་མེད་མ་བཙལ་ཡེ་སངས་རྒྱས། །རང་བཞིན་ལྷུན་གྲུབ་རྫོགས་པ་ཆེ། །འདུས་པའི་ཚོགས་ལ་ཁྱོད་ཀྱིས་སྟོན། །ཞེས་ལུང་བསྟན་ནོ། །དེ་ནས་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསུངས་སོ། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། ཚིག་གི་སྤྱོད་ཡུལ་མ་ཡིན་པས། །ཚིག་ཚོགས་དག་གིས་བཀྲོལ་པར་ཤིན་ཏུ་དཀའ། །མ་རྟོགས་བློ་ལ་ཚིག་སྒོ་ནས། །མཚོན་ནས་རྟོགས་པར་བྱ་བའི་ཕྱིར། །ཇི་ལྟར་རྣམ་རིག་རྣམ་པར་གྲོལ། །ཞེས་ཞལ་གྱིས་བཞེས་ནས་དམ་བཅས་སོ། །ཕྱག་ན་རྡོ་རྗེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་previous hit དགོངས next hit་དང་མི་འགལ་བར་བྱ་བའི་ཕྱིར། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་རིགས་ལྔར་འདུས་ལ། རིགས་ལྔའི་previous hit དགོངས next hit་ཉམས་སུ་བླང་བའི་ཕྱིར་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རྡོ་རྗེས་རྣམ་པར་གནོན་པའི་ཞིང་ཁམས་ན། བདེ་བར་གཤེགས་པ་རྡོ་རྗེ་གསང་བའི་བྲག་སྟེངས་ན་བཞུགས་ནས། མི་ཕྱེད་པའི་འཁོར་ན་གསང་སྔགས་ཀྱི་དེ་ཁོ་ན་ཉིད་དུས་གསུམ་དུ་སྟོན་ཞིང་བཞུགས་པ་ལ་ཞུས་པ། སེམས་ཉིད་རྡོ་རྗེ་ལྟ་བུ་ལ། །སྐྱེ་དང་འགག་པ་ཇི་ལྟར་བྱུང་། །ཞེས་ཞུས་པ། རྡོ་རྗེ་སེམས་དཔས་བཀའ་སྩལ་པ། སེམས་ཉིད་མི་འགྱུར་རྡོ་རྗེ་ལ། །སྐྱེ་འགག་ཡོད་པ་ཡོང་མ་ཡིན། །རྣམ་རྟོག་སྐྱེ་དང་འགག་པར་སྣང་། །ཞེས་གསུངས་པས་ཐེ་ཙོམ་བསལ་ལོ། །ལྷོ་ཕྱོགས་རིན་ཆེན་ཞིང་སྣང་བའི་ཞིང་ཁམས་ན། །བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་རིན་པོ་ཆེའི་རང་བཞིན་གྱི་འོད་འབར་བའི་གདན་ལ་བཞུགས་ནས་མི་ཕྱེད་པའི་འཁོར་རྣམས་ལ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཞིང་བཞུགས་པ་ལ་ཞུས་པ། བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །རྒྱུ་རྐྱེན་རྩོལ་བས་མ་སྒྲུབས་པར།

(༤༤༡)ཡོན་ཏན་འབྲས་བུ་ཇི་ལྟར་འཆར། །ཞེས་ཞུས་པས་བཀའ་བསྩལ་པ། ཨུ་དུམ་ཝ་རའི་འབྲས་བུ་ལྟར། །རྒྱུ་འབྲས་མཐར་ཕྱིན་གཞི་ན་རྫོགས། །ཐམས་ཅད་རང་བྱུང་སྙིང་པོའི་མཆོག་གསང་བའི་ཐབས་ཀྱིས་རྟོགས་གྱུར་ན། །ཉི་མའི་འོད་ལྟར་འབྲས་བུ་རང་ལ་གྲུབ། །ཅེས་ཐེ་ཚོམ་བཅད་དོ། ཡང་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་པདྨོ་ཅན་ཞེས་བྱ་བ། བཅོམ་ལྡན་འདས་སྣང་བ་མཐའ་ཡས་པདྨོ་དྲི་མ་མེད་པའི་གདན་ལ་བཞུགས་ནས། བདག་གཞན་དབྱེར་མེད་པའི་འཁོར་རྣམས་ལ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཞིང་བཞུགས་པ་ལ་འདི་སྐད་ཅེས་ཞུས་སོ། །སེམས་ཉིད་པདྨ་ལྟ་བུར་དྲི་མེད་ལ། །གཟུང་འཛིན་དྲི་མ་ཇི་ལྟར་བྱུང་ཞེས་ཞུས་པས། བཀའ་བསྩལ་པ། པདྨ་འདམ་ལ་གནས་བཞིན་དུ། །འདམ་གྱི་སྐྱོན་གྱིས་གོས་པ་མེད། །བྱང་ཆུབ་སེམས་ཀྱི་ངོ་བོ་ནི། །འཁོར་བའི་རྟོག་པར་མི་འགྱུར་ཏེ། །མ་རྟོགས་བློ་ལ་འཁོར་བ་བྱུང་། ཞེས་ཐེ་ཚོམ་བཅད་དོ། །བྱང་ཕྱོགས་དོན་ཡོད་གྲུབ་པ་ཞེས་བྱ་བའི་ཞིང་ཁམས་ན། བདེ་བར་གཤེགས་པ་དོན་ཡོད་གྲུབ་པ་རྡོ་རྗེ་རྒྱ་གྲམ་གྱི་གདན་ལ་བཞུགས་པ་ལ་འདི་སྐད་ཅེས་ཞུས་སོ། །རྩལ་མེད་སེམས་ཀྱི་རང་བཞིན་ལ། །འགྲོ་དོན་མཛད་པ་ཇི་ལྟར་བྱུང་། །ཞེས་ཞུས་པས་བཀའ་བསྩལ་པ། རང་བྱུང་ཡེ་ཤེས་རྟོགས་གྱུར་ན། །མཛད་པ་བྱིན་རླབས་རང་ལ་འཆར། །ཞེས་གསུངས་པས་ཐེ་ཚོམ་བསལ་ལོ། །དབུས་ཀྱི་ཕྱོགས་ན་མཐའ་དང་དབུས་མེད་པ་ཞེས་བྱ་བའི་ཞིང་ཁམས་ན། བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་འཁོར་ལོའི་གདན་ལ་བཞུགས་ནས། previous hit དགོངས next hit་ཆོས་ཉིད་

(༤༤༢)ལས་མི་གཡོ་བར། ཉིད་ལས་མི་གཞན་པའི་འཁོར་རྣམས་ལ་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཅིང་བཞུགས་པ་ལས། ཐུགས་ལས་སྤྲུལ་པའི་ཕྱག་ན་རྡོ་རྗེས་ཞུ་བ་སྤོབས་ནས། འཛུམ་པའི་མདངས་ཀྱིས་ཞབས་དྲུང་དུ་བསྡད་པ་ལས། རྣམ་པར་སྣང་མཛད་ཉིད་ཀྱིས་དངོས་སུ་བཀའ་བསྩལ་བ། འདུས་པའི་འཁོར་ཚོགས་ཁྱེད་རྣམས་ཀྱིས། །རྒྱལ་བ་ཀུན་གྱི་ཐུགས་ཀྱི་བཅུད། །ཡེ་ཤེས་གསང་དོན་རྟོགས་པར་ཤོག །དོན་དེ་ངེས་པར་མ་རྟོགས་ན། །བིམ་པ་ར་ཡི་འབྲས་བུ་བཞིན། ཞེས་གསུངས་པ་ལས། དེའི་ཚེ་དེའི་དུས་ན་ཕྱག་ན་རྡོ་རྗེ་སྟན་ལས་ལངས་ནས། སེང་གེའི་ལྟ་སྟངས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཁྱེད་ནི་གསུང་གི་ཡི་གེ་སྟེ། །བདག་ཅག་ཡེ་ཤེས་གསང་སྔགས་དོན་མ་རྟོགས་པས། བིམ་པ་རའི་འབྲུ་བཞིན་དུ། སྨིན་ཡང་འབྲས་བུ་མི་འབྱུང་བས། །ཡེ་ཤེས་གསང་དོན་རྟོགས་པར་འཚལ། །ཐུགས་རྗེའི་བདག་པོ་ཁྱོད་ཀྱིས་གསུངས། །དེང་དུས་བདག་ཅག་རྣམས་ཀྱིས་མ་རིག་པས། །ཡེ་ཤེས་གསང་དོན་བསྟན་དུ་གསོལ། །ཞེས་ཞུས་པས་བཀའ་སྩལ་བ། ཡེ་ཤེས་གསང་བའི་ངོ་བོ་ནི། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །ནམ་མཁའ་བཞིན་དུ་སྐུ་ལ་ཁྱབ། །མ་རིག་ཡེ་ཤེས་ཐ་དད་མེད། །མ་རྟོགས་རྟོགས་པའི་ངོ་བོར་གཅིག །ཡེ་ཤེས་གསང་བའི་མཚན་ཉིད་ནི། །རང་གི་འོད་གསལ་རྣམ་པར་དག །རྣམ་རྟོག་ཡེ་ཤེས་ཉིད་དུ་གསལ། །གཞིར་བཞག་རང་ལུགས་རང་བཞིན་མཛོད། །རང་བྱུང་མ་རྩལ་གདོད་ནས་དག །ཡེ་ཤེས་གསང་བའི་དམ་པ་ཡིན། །སྣ་ཚོགས་སྣང་ལ་དངོས་སུ་མེད། །མི་དམིགས་མ་སྐྱེས་ལྷུན་གྲུབ་འདི། རྟོགས་ཤིང་ཡེ་ཤེས་རང་བྱུང་ལྟ་

(༤༤༣)བ་ཡིན། །ཞེས་གསུངས་པས་ཐེ་ཚོམ་བསལ་ནས། ལྟ་བ་རྟོགས་པའི་གདེང་དང་ལྡན་ནོ། །དེ་ནས་སྤྱོད་པའི་ཐབས་དང་ཤེས་རབ་previous hit དགོངས next hit་ཀློང་དུ་ཕེབས། དེའི་ཕྱིར་ན་རྒྱལ་བ་རིགས་ལྔའི་previous hit དགོངས next hit་ཕྱག་ན་རྡོ་རྗེའི་ཐུགས་ལ་ཤར་ནས། དེ་ནས་ཕྱག་ན་རྡོ་རྗེ་ལྷའི་གནས་གསུམ་དུ་ཕེབས་ཏེ། སྤྲུལ་པ་གྲངས་མེད་པ་སྐྱེ་ནས་སྐྱེ་མཆེད་མུ་བཞིའི་གནས་སུ། མཚན་དཔེ་རྣམ་གསུམ་མུན་པ་ཆུ་དང་ཉི་མ་ལྟ་བུས་བསྟན། ལུས་མེད་ཡིད་ལ་དབང་པོའི་སེམས་ཀྱིས་ཐེ་ཚོམ་བསལ་ལོ། །དེ་ཡང་མདོ་བཅུའི་ལུང་ལས། གཟུགས་མེད་ཆོས་ནི་དངོས་མ་གྲུབ། །ཡིད་ཡུལ་ཆོས་ལ་བཞི་རུ་ལྟ། །གཟུང་འཛིན་མེད་པས་རིག་པའི་ཆོས། །སྟོན་པ་སྐུ་དང་གསུང་དོར་ཏེ། །མི་གནས་མཚན་མའི་ཡུལ་འདས་ཐུགས། །ཞེས་གོ་ཞིང་རྟོགས་པས་ཡིད་ཆེས་སོ། །དེ་ནས་གཟུགས་ཁམས་གནས་རིས་བཅུ་བདུན་དུ་སྤྲུལ་ཏེ། བྲག་ཅི་ལྟར་བཤད་པས་གཟུགས་ཁམས་ཀྱི་ལྷ་ལ་འདི་སྐད་ཅེས་གསུངས་སོ། །མར་མེ་པདྨ་འབབ་ཆུ་སོགས། །དོན་དང་ཚིག་ལ་སྐབས་ཀྱིས་སྦྱོར། །ཞེས་གསུངས་པས། ངོ་བོ་གཉིས་མེད་དུ་རྟོགས་པས་པདྨ་ལྟར་བརྟན། མཚན་ཉིད་གསལ་བ་མར་མེ་ལྟ་བུ། དངོས་པོ་གཤིས་ཀྱི་གནས་ལུགས་རྒྱུན་མི་འཆད་པ་ཆུ་རྒྱུན་ལྟ་བུ། དེ་ཡང་གཟུགས་ཀྱི་ཁམས་ཀྱི་གནས་ནི་ཆགས་པའི་གནས། ང་རྒྱལ་ཞིང་ཆགས་པས་མངོན་པར་འགྲུབ་པ། གཟུགས་ལ་ང་རྒྱལ་མི་ཡིས་སྟོན་པས་བསྟན་པ་གསུམ་དུ་སྟོན། ལྟུང་བར་ཆགས་མེད་གསུང་དུ་བསྟན། །ཞེས་པས་ལྷ་ཚངས་པ་ཆེན་པོ་ལ་སོགས་པ་བསམ་གཏན་བཞི་ལ་ལྷ་བཅུ། གཙང་མ་རིགས་ཀྱི་ལྷ་ལྔ་ནི། །འདིར་

(༤༤༤)ནི་འདོད་ལྷ་མི་དགེ་དག་བསམ་གཏན་དང་པོས་ག་ན་མེད། །ཅེས་པས། དྲི་རོ་རེག་བྱ་མེད་པས་གཉིས་མེད་འདོད་ཆགས་མེད། མི་དགེ་བཅུ་མེད་གཟུགས་ནི་འཇའ་ཚོན་ལྟར། སྐྱེ་ཡང་གཞལ་ཡས་ཁང་དུ་མཉམ་པར་སྐྱེ། ཤི་བའི་ཚེ་ཡང་འཇའ་ཚོན་ཡལ་བཞིན་འགྲོ། ཞེས་མི་སྣང་བ་ཙམ་གྱི་ལྷུན་གྲུབ་གསུམ་དུ་གོ་ཞིང་གདེང་རྙེད་དོ། །རྫོགས་པ་ཆེན་པོའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ། གཟུགས་མེད་ཁམས་དང་། གཟུགས་ཁམས་གནས་རིས་བཅུ་བདུན་དུ་བྱོན་པའི་བར་སྐབས་ལགས་སོ།། །།དེ་ནས་འདོད་ཁམས་ཀྱི་ལྷ་དྲུག་ལ། སུམ་བཅུ་རྩ་གསུམ་གྱི་གནས། རི་རབ་ཀྱི་སྟེང་ལྕོག་ཆེན་པོ་བཞིའི་ན་རོལ་ནས། ཚལ་ཆེན་པོ་བརྒྱད་ཀྱི་དབུས་ནས། གྲོང་ཁྱེར་ཆེན་པོ་ལྟ་ན་སྡུག་ཅེས་བྱ་བ། དེའི་དབུས་ན་རྣམ་པར་རྒྱལ་བའི་ཁང་བཟངས་ཀྱི་འོག་གི་གཞི་ནི་གསེར་ལས་བྱས་པ། ལོགས་དང་ཟུགས་རྣམས་ཀྱི་རྩིག་པ་རིན་པོ་ཆེ་སྣ་ཚོགས་ལས་བྱས་པ། གློ་འབུར་དང་དབུ་རྩེ་རིམ་པ་གསུམ་དང་ལྡན་པ། དེའི་རྩེ་མོ་ན་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ཡོད་པ། ལྷ་དེ་བ་བཟང་སྐྱོང་གི་བུ་ཀུན་དགའ་སྙིང་པོ་ལས་ཅན་དུ་གཟིགས་ནས། ཐུགས་ཀྱི་སྤྲུལ་པ་ཕྱག་ན་རྡོ་རྗེ་ནི། སྲོག་ཤིང་གི་རྩེ་ན་ཡར་ཤིང་ཏ་ལ་བདུན་སྲིད་ཙམ་ན། previous hit དགོངས next hit་མི་གཡོ་བར་གསལ་ཞིང་ཕྱག་གསེར་གྱི་ཁ་དོག་ཅན་ལས་འོད་ཟེར་ཕྲོས་ནས་ཀུན་དགའ་སྙིང་པོ་རྒྱལ་བྱེད་ཀྱི་ཚལ་ཀུན་དགའ་ར་བ་ན་བསམ་གཏན་ལ་ལངས་ནས་འོད་ཀྱི་སྐས་ལ་འཛེགས་ཏེ། སྲོག་ཤིང་གི་རྩེ་མོ་གསེར་གྱི་འཁོར་ལོའི་ག་ན་ལ་བཞུགས་ཏེ། རིན་པོ་ཆེ་

(༤༤༥)རང་བཞིན་གྱིས་འོད་འབར་བའི་གདུགས་ཕུབ་ནས་གདུགས་ཕུབ་ནས། ལྟ་བའི་ས་ནི་ཁ་ས་མུ་ཏྲའི་རྒྱུད་ལས། ངོ་བོ་མ་གྲུབ་ཀུན་གྱི་དངོས། །མཚན་ཉིད་མི་འདྲ་རྟག་པར་དཀའ། །རྣམ་པ་ཅིར་ཡང་མ་འགགས་ཤར། །ཞེས་པས་ལྷུན་གྲུབ་གསུམ་རྒྱས་པར་བསྟན་ཞིང་ངོ་སྤྲད་དོ། །རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར་ནས། །གདམ་ངག་འཕྲུལ་གྱི་ལུང་དགུ་ཕོག །ཐིག་ལེ་ཆེན་པོའི་དབང་བསྐུར་ནས། །སེམས་ཉིད་འགྱུར་མེད་ཀྱི་གདམ་ངག་བྱིན། །མི་འགྱུར་བརྟན་པའི་དབང་བསྐུར་ནས། །སྤྱོད་ལམ་རིག་པའི་གདམ་ངག་བྱིན། །རྡོ་རྗེ་ལུང་གི་དབང་བསྐུར་ནས། །ཡེ་ཤེས་ངོས་གཟུང་གི་གདམ་ངག་བྱིན། །ལྷུན་གྲུབ་གསུམ་གྱི་དབང་བསྐུར་ནས། །སྐུ་གསུམ་ཐུག་ཕྲད་ཀྱི་གདམ་ངག་བྱིན། །གཉིས་མེད་འབྲེལ་བའི་དབང་བསྐུར་ནས། །ཕྱག་རྒྱ་ཆེན་པོའི་གདམ་ངག་བྱིན། །རྡོ་རྗེ་ཐུགས་ཀྱི་དབང་བསྐུར་ནས། །རྒྱལ་ཚབ་བསྐོ་བའི་གདམ་ངག་བྱིན། །དབང་དང་འབྲེལ་བའི་གདམ་ངག་བདུན་བྱིན། གཞན་ཡང་སྣང་བ་མཐའ་དག་གནང་སྟེ། རྒྱུད་སྡེ་དྲུག་བཅུ་ལྷ་ཡུལ་དུ་བཤད་དོ། །དེ་ནས་རྒྱལ་ཐབས་ཀྱིས་མི་ཡུལ་དུ་བསྟན་པ་སྒྲོགས་ཤིག །ཅེས་ལུང་བསྟན་ཏོ། །ཕྱག་ན་རྡོ་རྗེའི་ཞལ་ནས། ཡེ་ཤེས་རྩོལ་མེད་གསལ་བའི་ཐེག་པ་འདི། །ལྷ་གནས་གསུམ་དུ་གྲགས་གྱུར་ན། །ཡང་སྤྲུལ་གང་ཟག་ཐུགས་ཀྱིས་ནི། །འཛམ་གླིང་དབུས་སུ་རྒྱས་པར་བྱོས། ཞེས་ལུང་བསྟན་ཏོ། །འདོད་པའི་ཁམས་ཀྱི་ལྷ་ལ་དཔེ་གསུམ་གྱིས་བསྟན་ཏེ། རྒྱ་མཚོ་ཉི་མ་རིན་ཆེན་གཏེར། །ཞེས་པས། ངོ་བོ་གཉིས་མེད་རྒྱ་མཚོའི་དབྱིངས་ལྟར་མི་གཡོ་བར་བཤད། མཚན་

(༤༤༦)ཉིད་རང་རིག་ཉི་མ་ཤར་བ་ལྟར་བཏང་སྙོམས་ཆེན་པོས་ཀུན་ལ་ཁྱབ་པར་བཤད། རྣམ་པ་སྣ་ཚོགས་རྒྱུ་མ་རྩལ་བ་ནོར་བུ་རིན་པོ་ཆེ་ལྟ་བུར་དགོས་འདོད་ཐམས་ཅད་འབྱུང་བར་བསྟན། དེར་འདོད་པའི་ཁམས་ཀྱི་ལྷ་རྣམས་ཀྱི་ཐམས་ཅད་རྫོགས་པ་ཆེན་པོར་རྟོགས་ཏེ། སྤྱོད་པ་ཉམས་སུ་ལེན་དགོས་པ་སངས་རྒྱས་དང་མཉམ་མོ། །རྫོགས་པ་ཆེན་པོའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་ནི། འདོད་ཁམས་གསུམ་བཅུ་རྩ་གསུམ་བྱུང་བའི་དུས་ཀྱི་བར་ལགས་སོ། །དེ་ནས་རྫོགས་པ་ཆེན་པོ་ནས་ཕུན་སུམ་ཚོགས་པ་ལྔ་ནི། །འཛམ་བུའི་གླིང་དུ་བྱོན་པའི་གླེང་གཞི་ནི། རྒྱ་གར་གྱི་ཡུལ་འཛམ་བུའི་གླིང་གི་དབུས། རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །ཡུལ་རྒྱ་ཕུག་དྷ་ན་ཀོ་ཤའི་གླིང་། མཚོ་ཀུ་ཀྲ་ཀའི་འགྲམ་མངའ་བདག་རྒྱལ་པོ་དྷ་ན་ཏ་ལོ་ཞེས་བྱ་བ་ཡོད། དེའི་སྲས་ཐུ་བོ་ར་ཛ་ཧ་སྟི་བྱ་བ་ལ། སྲས་མོ་པ་ར་མི་ཏ་ཞེས་བྱ་བ་དང་། ཚ་མོ་བདེ་བྱེད་པ་ར་ནི་ཞེས་བྱ་བ་ཡོད་པ་ལས། སྲས་མོ་དེ་previous hit དགོངས next hit་ངེས་པའི་སེམས་ལྷག་པར་ཆེ་བས་དད་པ་དང་། བརྩོན་འགྲུས་ཀྱི་གོ་ཆ་དང་མི་འབྲལ་བས། སྐུ་རབ་ཏུ་བྱུང་ནས་དགེ་སློང་གི་ཁྲིམས་ཉི་བརྒྱ་ལྔ་བཅུ་བསྲུང་ཞིང་འཁོར་དགེ་སློང་མ་ལྔ་བརྒྱས་བསྐོར་ཏེ་གནས་པ་ལས། དེའི་དུས་ན། སྟོན་ཟླ་ཉའི་ཐོ་རངས་ཁ་གཉིད་དུ་སོང་བའི་རྨི་ལམ་ན། ཉི་མ་ཅིག་ཤར་ཏེ། རྐང་མཐིལ་ནས། ཡར་ཁོང་དུ་ཐིམ་ཞིང་། འོད་ཀྱིས་ལུས་ཐམས་ཅད་ཁྱབ་པར་རྨིས་སོ། །དེ་ལ་སེམས་དགའ་ཞིང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་སོ། །སྲས་མོ་མཚོ་ཀུ་ཀྲ་ཀའི་འགྲམ་དུ་ཁྲུས་ལ་ཕྱིན་ནས། ཁྲུས་བྱས་ཏེ་ཆོས་

(༤༤༧)སྤྱོད་རྫོགས་པར་བྱས་ནས། ཁ་ཤར་དུ་བལྟས་ཏེ་འདུག་ཙམ་ན། བྱ་ངང་པ་ལྔ་ཡང་བབས་ནས་ཁྲུས་བྱས་ནས་ཕྱིར་ནམ་མཁའ་ལ་འཕུར་ཏེ་སླར་ལོག་ནས། གཅིག་ཡར་བྱུང་ནས་སྲས་མོའི་ཐུགས་ཀར་ཆགས་ཏེ། གསེར་གྱི་གཤོག་པ་ཅན་དེས་མཆུ་ལན་གསུམ་གཏུགས་ནས། ཐུགས་ཀར་གསེར་གྱི་རྡོ་རྗེ་རྩེ་དགུ་པ་འོད་འབར་བ་ཅིག་བཞག་གོ། །དེར་སྲས་མོ་ཡ་མཚན་སྐྱེས་ཏེ། ཡབ་དང་འཁོར་ཐམས་ཅད་ལ་རྨི་ལམ་དེ་བཤད་པས། ཐམས་ཅད་ཤིན་ཏུ་དགའ་ནས། ཡབ་རྒྱལ་པོའི་ཞལ་ནས། སངས་རྒྱས་ཀྱི་བསྟན་པ་ཅིག་འབྱུང་ངེས་པར་འདུག་གསུངས་ཏེ། བསྲུང་བ་དང་རིམ་གྲོ་ཆེར་མཛད་དོ། །དེ་ནས་ཟླ་བ་ལྔ་ནས་སྲས་མོའི་ཐུགས་ཀ་ནས། ཕྱག་ན་རྡོ་རྗེ་བསྣམས་པའི་སྐྱེས་བུ་ཅིག་བྱོན་ཏེ། ཞལ་ནས། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། ཞེས་སྒྲོགས་པའི་ཞལ་མདངས་དང་ལྡན་པ་ཅིག་བྱོན་ནོ། །བྲམ་ཟེ་མཚན་མཁན་ལ་མཚན་བལྟས་པས། བྲམ་ཟེ་ན་རེ། སྲས་འདི་ནི་ཐོག་མ་ནས་ཀྱང་རྒྱལ་པོ་ཡབ་སྲས་འཁོར་དང་བཅས་པ་དགྱེས་ཤིང་མདངས་དང་ལྡན་པ་དང་། ཕྱག་ན་ཡང་རྡོ་རྗེ་བསྣམས་ཤིང་ངག་དུ་ཡང་། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ཞེས་སྒྲོགས་པའི་ཕྱིར་ན། མཚན་ཡང་དགའ་རབ་རྡོ་རྗེ་ཞེས་ཐོགས་ཤིག །ཅེས་བྲམ་ཟེ་གསུང་ངོ་། །སྲས་དེའི་བོངས་དང་ན་ཚོད་ཤིན་ཏུ་རྒྱས་ནས། གཞོན་ནུ་རོལ་རྩེད་ལ་སོགས་པ་ཐམས་ཅད་མཐར་ཕྱིན་པར་བྱས་ནས་རྒྱལ་ས་གཟུང་བ་དང་། རྒྱལ་ཁྲིམས་ཀུན་བསྲུངས་ནས། ཐུགས་རང་རྡོལ་དུ་བྱུང་ནས་ཆོས་བཤད་པར་བརྩམས་པ་ལ། རྒྱལ་པོའི་ཐུགས་ལ། ཐོ་ཅོ་དང་རང་གར་སོང་གྱིས་དོགས་ནས་ཐ་མལ་

(༤༤༨)པའི་སྐྱེ་བོ་ཀུན་གྱིས་མཐོང་བར། ལྷ་མོ་རེ་མ་ཏིའི་རྐང་འགྱོགས་གྲུབ་པའི་ལྕགས་ཀྱི་དྲེལ་རྟ་རྐང་གསུམ་ཞོན་པ་ཅིག་བང་ཆེན་དུ་བཏང་ནས། རི་རབ་ཀྱི་རྩེ་མོ་ནས་ནམ་མཁའི་མཐོངས་ནས། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་མཚན་དང་དཔེ་བྱད་དང་ལྡན་པ་ཅིག་སྤྱན་དྲངས་ནས། དེ་ལ་རིན་པོ་ཆེ་དགུ་བརྩེགས་ཀྱི་གདན་བཏིང་ནས་བཞུགས་སུ་གསོལ་ཏེ། །མཆོད་པ་དང་བསྟོད་པ་བྱས་ནས་ཆོས་ཞུས་སོ། །དེ་ནས་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར་ནས་མན་ངག་འཕྲུལ་གྱི་ལུང་དགུ་ཕོག །ཐིག་ལེ་ཆེན་པོའི་དབང་བསྐུར་ནས། །སེམས་ཉིད་འགྱུར་མེད་ཀྱི་མན་ངག་བྱིན། །མི་འགྱུར་བརྟན་པའི་དབང་བསྐུར་ནས། །སྤྱོད་ལམ་ལྷུག་པའི་མན་ངག་བྱིན། །རྡོ་རྗེ་ལུས་ཀྱི་དབང་བསྐུར་ནས། །ཡེ་ཤེས་གཟུངས་ཀྱི་མན་ངག་བྱིན། །ལྷུན་གྲུབ་གསུམ་གྱི་དབང་བསྐུར་ནས། །སྐུ་གསུམ་ཐུག་ཕྲད་ཀྱི་གདམ་ངག་བྱིན། །དབྱེར་མེད་རང་གྲོལ་གྱི་དབང་བསྐུར་ནས། །ཕྱག་རྒྱ་ཆེན་པོའི་གདམ་ངག་བྱིན། །རྡོ་རྗེ་ལུང་བསྟན་གྱི་དབང་བསྐུར་ནས། །རྒྱལ་ཚབ་སྐྱེས་བུའི་ལུང་བསྟན་གནང་། །དབང་དང་འབྲེལ་བའི་གདམ་ངག་བདུན་ཕོག་ནས། །གདམ་ངག་མཐའ་དག་རྒྱུད་སྡེ་དྲུག་བཅུ་བཤད། སྣང་བ་བྱིན། དབང་རྟགས་གསེར་གྱི་ཕྱག་ཤིང་ལག་ཏུ་གཏད་དེ། དགའ་རབ་རྡོ་རྗེ་ད་ནི་རྒྱལ་ཐབས་སུ་བཞག་སྟེ། བསྟན་པ་སྒྲོགས་ཤིག་པར་ལུང་བསྟན་ཏོ། །བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་དེས་ལུང་འདི་ལྟར་བསྒྲགས་ཏེ། སྐུ་སྤྲུལ་ཐུགས་རྡོ་རྗེའི་སྐུ་ཡིས་ཟིལ་གྱིས་གནོན། གསུང་ནི་རིག་པའི་གསུང་གིས་བསྟན་པ་རྒྱས་པར་སྒྲོགས། ཀུན་ཀྱང་རང་བྱུང་ང་ཡི་ཐུགས་སུ་མ་ཆུད་མེད། རྣམ་པ་མཚན་ཉིད་རང་བཞིན་གསུམ། །

(༤༤༩)མ་བཅོས་བདེ་བ་ལྷུན་གྱིས་གྲུབ། །previous hit དགོངས next hit་འབྱུང་བ་ལྔ་ལ་རག་མ་ལུས། །སྐུ་གསུང་ཐུགས་ལ་རྟན་མི་བཅད། །ཅི་ལའང་རིག་པ་བློ་ཡིས་མ་སླད་ན། །རང་བཞིན་ཐོག་ཏུ་ཕེབས་པ་ཡིན། །ཞེས་གསུངས་ནས་ཆོས་ཀྱི་དབྱིངས་སུ་ཐིམ་མོ། །དེ་ལ་མངོན་པར་ཤེས་པ་ལྔ་དང་ལྡན་པའི་དགའ་རབ་རྡོ་རྗེ་ཉམས་མྱོང་གི་ལུང་ལས། བདག་ནི་དགའ་རབ་རྡོ་རྗེ་སྟེ། །མངོན་པར་ཤེས་པ་ལྔ་དང་ལྡན། །མངོན་ཤེས་ཤའི་སྤྱན་གྱིས་སྟོང་གསུམ་གཟིགས། །ལྷའི་སྤྱན་གྱིས་དམྱལ་བའི་སྡུག་བསྔལ་ཡན་ཆད་ནས། །དགའ་ལྡན་ལྷ་ཡུལ་མན་ཆད་ཀྱི། །འཆི་འཕོ་སྐྱེ་བ་ཐམས་ཅད་མཐོང་། །མངོན་ཤེས་ཤེས་རབ་སྤྱན་དང་ལྡན། །ཆོས་དབྱིངས་སྐྱེ་འགག་མེད་པར་རྟོགས། །ཐམས་ཅད་གདོད་ནས་ཡེ་སངས་རྒྱས་པར་མཁྱེན། །མངོན་ཤེས་སངས་རྒྱས་སྤྱན་གྱིས་ནི། །ལྷུན་གྲུབ་གསུམ་གྱི་གདེང་དང་ལྡན། །སངས་རྒྱས་ས་གསུམ་དུས་གཅིག་མནོན། །སྐྱེ་ཤི་མེད་པའི་ཆོས་སྐུར་རྟོགས། །སེམས་ལ་སྐྱེ་འགག་མེད་པས་ནམ་མཁའ་འདྲ། །སེམས་ཀྱི་རང་བཞིན་སངས་རྒྱས་ཏེ། །སེམས་ཉིད་མ་བཅོས་བཞག་པས་སྒོམ་པ་ཡིན། །དཔེར་ན་ནམ་མཁའི་མཐོངས་དག་ནས། །ནམ་མཁའ་ཡི་ནི་ཆོ་འཕྲུལ་བྱུང་། །རང་བྱུང་རང་བཞིན་ནམ་མཁའ་ཉིད་ཀྱི་དབྱིངས། །སེམས་ཀྱི་ཀློང་ནས་སེམས་ཀྱི་བྱུང་ཚོར་སྣ་ཚོགས་བྱུང་། །རང་བྱུང་རང་ཞི་བྱར་མེད་སྒོམ་པ་སྟེ། །དེ་སྐད་ཅེས་གསུངས་པས། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གསང་སྔགས་གསང་བའི་སྣོད་དུ་རུང་བ་ཐམས་ཅད་འདུས་སོ། །རྫོགས་པ་ཆེན་པོ་མི་ཡུལ་དུ་བྱོན་པའི་ཕུན་སུམ་ཚོགས་པ་ལྔ་ནི། སྟོན་པ་ཕུན་སུམ་ཚོགས་པ་ནི་སྤྲུལ་པའི་སྐུ་ཕྱག་ན་རྡོ་རྗེའོ། །གནས་ཕུན་སུམ་ཚོགས་པ་ནི། རྡོ་རྗེ་གདན་གྱི་བྱང་

(༤༥༠)ཕྱོགས་རྒྱ་ཕུག་དྷ་ན་ཀོ་ཤའི་གླིང་། མཚོ་ཀུ་ཀྲ་ཀའི་འགྲམ་མོ། །བསྟན་པ་ཕུན་སུམ་ཚོགས་པ་ནི་རྫོགས་པ་ཆེན་པོའི་རྒྱུད་སྡེ་གྲངས་མེད་པའོ། །འཁོར་ཕུན་སུམ་ཚོགས་པ་དགའ་རབ་རྡོ་རྗེ་དང་ར་ཙ་ཧ་སྟི་ལ་སོགས་པ་གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་སོ། །དུས་ཕུན་སུམ་ཚོགས་པ་ནི་ཡ་ཐོག་དང་པོའི་དུས་སོ། །དེ་ནི་མི་ཡུལ་དུ་བྱོན་པའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་ཡིན། བསྐལ་པ་གྲངས་མེད་པ་ནས་སྒྲིབ་པ་སྦྱངས་ཤིང་འཕགས་པ་འཇམ་དཔལ་ལ་གྲུབ་པ་བརྙེས་པ། མཁྱེན་པ་གསལ་བར་གྱུར་པ་འཇམ་དཔལ་བཤེས་གཉེན་ལ་རྡོ་རྗེ་གདན་དུ་བཤད་དོ། །དེ་ནས་འཇམ་དཔལ་བཤེས་གཉེན་གྱིས་མཆོག་གི་དངོས་གྲུབ་ཐོབ་ནས། བདག་ཉིད་ཀྱི་རྟོགས་པའི་previous hit དགོངས next hit་བཏང་བ། བདག་ནི་འཇམ་དཔལ་བཤེས་གཉེན་ཏེ། །སྒྲིབ་པ་རྣམ་གཉིས་སྔོན་ནས་སྦྱངས། ཐམས་ཅད་མཁྱེན་པའི་ཡེ་ཤེས་གསལ། །གཤིན་རྗེ་གཤེད་ཀྱི་དངོས་གྲུབ་ཐོབ། །འཁོར་འདས་གཉིས་མེད་མཉམ་པའི་དོན་རྟོགས་པས། །འབྱུང་ལྔ་རིགས་ཀྱི་ཡུམ་ལྔར་མཉམ། །ཡུམ་ལྔ་རིགས་ཀྱི་ཡབ་ལྔར་མཉམ། སེམས་ཉིད་ཀུན་བཟང་རྡོ་རྗེ་སེམས་དཔར་མཉམ། །དེ་ལྟར་རྟོགས་པས་མཉམ་པ་ཆེན་པོ་སྟེ། །མཉམ་པའི་དོན་ལ་མ་ཡེངས་སྒོམ་པ་ཡིན། །ཞེས་འཇམ་དཔལ་བཤེས་གཉེན་གྱིས་གསུངས་སོ། །དེ་ཡན་ཆད་ཡང་དག་དོན་གྱི་འོག་མིན་དང་། །ལྷ་རིས་གསུམ་དང་མིའི་ཡུལ་དུ་རྫོགས་པ་ཆེན་པོ་བྱོན་ལུགས་ཀྱི། །ཕུན་སུམ་ཚོགས་པ་ལྔ་ལྔའི་རིམ་པ་བསྟན་པའོ། །རྫོགས་པ་ཆེན་པོ་རང་བཞིན་གྱི་སྐུའི་བསྟན་པ་ཕུན་སུམ་ཚོགས་པ་ནི། ཡང་དག་དོན་གྱི་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། དཔལ་ཀུན་ཏུ་བཟང་པོ་རང་བཞིན་གྱི་ཕུན་སུམ་ཚོགས་པར་བཞུགས་པ་ལས་

(༤༥༡)དཔལ་རྡོ་རྗེ་སེམས་དཔས་ནམ་མཁའི་དབྱིངས་ནས་མཉན། བཤད་ཅིང་གོ་བ་མ་ཡིན་ཏེ། བྱིན་གྱིས་བརླབས་ཀྱི་གོ་བར་ཟད། །རྡོ་རྗེ་སེམས་དཔས་ནམ་མཁའི་དབྱིངས་ནས་བཤད། །ཕྱག་ན་རྡོ་རྗེས་གཟུགས་མེད་ཁམས་ནས་མཉན། །བཤད་ཅིང་གོ་བ་མ་ཡིན་ཏེ། །བྱིན་གྱིས་བརླབས་ཀྱིས་གོ་བར་ཟད། ཕྱག་ན་རྡོ་རྗེས་ལྷ་ཡུལ་གསུམ་ནས་བཤད། །དགའ་རབ་རྡོ་རྗེས་རི་རབ་རྩེ་ནས་མཉན། །བཤད་པས་གོ་བ་མ་ཡིན་ཏེ། །བྱིན་གྱི་རླབས་ཀྱིས་གོ་བར་ཟད། །དགའ་རབ་རྡོ་རྗེས་རིའི་རྩེ་ནས་བཤད། །འཇམ་དཔལ་བཤེས་གཉེན་རྒྱ་མཚོའི་གླིང་ནས་མཉན། །བཤད་པས་གོ་བ་མ་ཡིན་ཏེ། །བྱིན་གྱིས་བརླབས་ཀྱིས་གོ་བར་ཟད། །འཇམ་དཔལ་བཤེས་གཉེན་རྒྱ་མཚོའི་གླིང་ནས་བཤད། །ཀླུ་རྒྱལ་འཇོག་པོས་རྒྱ་མཚོའི་གཏིང་ནས་མཉན། །བཤད་པས་གོ་བ་མ་ཡིན་ཏེ། །བྱིན་གྱིས་བརླབས་ཀྱིས་གོ་བར་ཟད། །ཀླུ་རྒྱལ་འཇོག་པོ་ལ་སོགས་པས། །ཀླུའི་ཡུལ་དང་། རྒྱ་གར་མི་ཡུལ་དུ་ཐེག་པ་བརྒྱད་ལ་རྒྱུད་སྦྱང་བའི་ལས་ཅན་སྐལ་བ་དང་ལྡན་པ་གནམ་གྱི་སྐར་མ་ཙམ། མཆོག་གི་དངོས་གྲུབ་ཐོབ་ཅིང་། རྡོ་རྗེ་སེམས་དཔའ་དང་previous hit དགོངས next hit་མཉམ་པར་གྱུར་ཏོ། ། དེ་ཡན་ཆད་བདེ་བར་གཤེགས་པས་བྱིན་གྱིས་བརླབས་པའི་བརྒྱུད་པ་དང་། རིག་འཛིན་རྡོ་རྗེ་འཛིན་པའི་བརྒྱུད་པའོ། །ནུབ་བདེ་བ་ཅན་དང་ཐ་དད་མེད་པའི་སྐུ་རྒྱལ་བོད་ཀྱི་ཡུལ་དུ་རྫོགས་པ་ཆེན་པོའི་སྟོན་པ་བྱོན་པ་ནི། སློབ་དཔོན་པདྨ་སམྦྷ་ཝ་དང་། བཻ་རོ་ཙ་ན་དང་། བི་མ་ལ་མི་ཏྲ་དང་། གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་དང་། གནུབས་པདྨ་དབང་རྒྱལ། ནམ་མཁའི་སྙིང་པོ་ལ་སོགས་པ་རྣམས་ཀྱིས་རྒྱ་གར་ནས་གདན་

(༤༥༢)དྲངས་ནས། འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་དར་ཞིང་རྒྱས་པར་མཛད་པའོ། །གཞན་ཡང་པཎྜི་ཏ་མང་པོ་དང་། ལོ་ཙ་བ་དཔག་ཏུ་མེད་པ་བྱོན་ནས་རྫོགས་པ་ཆེན་པོའི་བསྟན་པ་དར་ཞིང་རྒྱས་པར་མཛད་དོ། །རྗེ་ཁྲི་སྲོང་ལྡེ་བཙན་གྱིས་དབུ་མཛད་པའི་རྒྱལ་བུ་གཡུ་སྒྲ་སྙིང་པོ་ལ་སོགས་པའི་སྐལ་བ་དང་ལྡན་པ་གནམ་གྱི་སྐར་མ་ཙམ་མཆོག་གི་དངོས་གྲུབ་ཐོབ་ཅིང་ཐམས་ཅད་རིག་འཛིན་གྱི་སར་གཤེགས་སོ། །རྒྱུ་འབྲས་ལས་འདས་པའི་ཐེག་པ། ཐེག་པ་དགུའི་ཡང་རྩེ་རྫོགས་པ་ཆེན་པོ་ལ་ཡང་དབྱེ་ན་རྣམ་པ་གསུམ་དུ་འབྱེད་དོ། །རྫོགས་པ་ཆེན་པོ་ཨ་ནུ་དང་ཆ་མཐུན་པ་དང་། རྫོགས་པ་ཆེན་པོ་ལ་སྒྲོལ་ཤན་འབྱེད་ཀྱི་ཐེག་པ་དང་། རང་བཞིན་ལྷུན་གྱིས་གྲུབ་པའི་རྫོགས་པ་ཆེན་པོ་ཐེག་པ་ཀུན་ལས་འདས་པའི་རྒྱ་མཚོ་ཀློང་ཆེན་རབ་འབྱམ་དཔལ་ཀུན་ཏུ་བཟང་པོའི་previous hit དགོངས next hit། གཞི་ཅི་བཞིན་པ་ནམ་མཁའ་ལྟར་རྒྱ་ཆེ་ཞིང་མཐའ་ཡས་པས། ཉི་ཟླ་ལྟར་མདངས་གསལ་ཞིང་སྒྲིབ་པ་མེད་པའི་རང་བྱུང་གི་ཡེ་ཤེས། ཀུན་གསལ་ཆེན་པོའི་རྫོགས་པ་ཆེན་པོ་སྟེ། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་བོད་སྐད་དུ། ཤིན་ཏུ་རྣལ་འབྱོར་གྱི་བསྟན་པ་ལ་ཡང་རྒྱུད་དང་མན་ངག་གཉིས་ཡིན་པ་ལས། འདིར་བསྟན་པ་ཕུན་སུམ་ཚོགས་པ་རྒྱུད་དང་མན་ངག་གཉིས་ཀའི་བསྟན་པ་ལས། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོའི་རྒྱུད་དང་། རྫོགས་པ་ཆེན་པོ་ངེས་དོན་འདུས་པའི་རྒྱུད། ལྟ་བ་ཐམས་ཅད་ཀྱི་སྙིང་པོ་རིན་པོ་ཆེ་རྣམ་པར་བཀོད་པ་དང་། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ཅེས་བྱ་བ་དང་། །རྫོགས་པ་ཆེན་པོ་མ་

(༤༥༣)རིག་མུན་པ་སེལ་བར་བྱེད་པའི་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་དང་། རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པའི་ཆོས་སྐུ་སྐྱེ་མེད་རིག་པའི་རྒྱུད་དང་། རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པའི་རྒྱུད་རིན་པོ་ཆེ་གཏེར་གྱི་འབྱུང་གནས་ཀྱི་རྒྱུད་དང་། མན་ངག་རྒྱ་མཚོ་ཀློང་དང་། མན་ངག་རིག་པའི་གནད་དགུ་དང་། །མན་ངག་བྱང་ཆུབ་ཀྱི་སེམས་ཀྱི་ཡང་ཐིག་ལེ་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བའི་རྒྱུད་དང་། སྤྱི་གཅོད་ཀྱི་མན་ངག་དང་། མན་ངག་རྩ་བ་བསྡུས་པའི་རྒྱུད་དང་། མན་ངག་ཉག་གཅིག་དགོངས་པའི་རྒྱུད་དང་། མན་ངག་ཡི་གེ་མེད་པའི་རྒྱུད་དང་། མན་ངག་མཐའ་དགུ་སེལ་བའི་རྒྱུད་དང་། དྲི་མེད་རྣམ་པར་དག་པའི་རྒྱུད་དང་། མན་ངག་འགྱུར་མེད་རྡོ་རྗེའི་རྒྱུད་དང་། མན་ངག་བསམ་གཏན་ཅོག་བུའི་རྒྱུད་དང་། མན་ངག་ཐུགས་ཀྱི་ཡང་གཏེར་གྱི་རྒྱུད་དང་། མན་ངག་འཕྲུལ་གྱི་ཡང་གཏེར་གྱི་རྒྱུད་དང་། མུ་ཏིག་ཕྲེང་བ་ཐམས་ཅད་ཀྱི་རྒྱུད་དང་། ཀློང་ཆེན་རབ་འབྱམ་ལས་ལྟ་བ་མཐར་ཐུག་པ་སྟོན་པར་བྱེད་པ་ལས། ཀློང་ཆེན་རབ་འབྱམ་གཞི་གསུངས་པ་ལས། རྫོགས་པ་ཆེན་པོ་ཐམས་ཅད་ཀྱི་ལྟ་བ་མཐར་ཐུག་པ་སྟོན་པ་ནི་ཀློང་ཆེན་གོང་མའོ། །ཀློང་ཆེན་འོག་མ་དང་བར་མའི་སྡེ་ཚན་ལ་རྫོགས་པ་ཆེན་པོ་སྤྱི་གཅིག་དང་། རྩེ་མོ་བྱུང་རྒྱལ་དང་། ཡིད་བཞིན་ནོར་བུ་དང་། ཀློང་ཡངས་རྒྱ་མཚོ་བདེ་འབྱམ་དང་། བྱང་ཆུབ་ཀྱི་སེམས་སྒོམ་པ་དོན་དྲུག་པ་དང་། སྤྱི་བཅིངས་སྔགས་ཀྱི་ལུང་དང་། ཡེ་ཤེས་གསང་བའི་སྒྲོན་མ་དང་། རིན་པོ་ཆེ་མན་ངག་གི་རྒྱུད་དང་། རྫོགས་ཆེན་ངེས་དོན་འདུས་པའི་མན་ངག་གི་

(༤༥༤)ཡང་སྙིང་ཀུན་ཏུ་བཟང་པོའི་ཡེ་ཤེས་ཀློང་གི་རྒྱུད་དང་། རིན་པོ་ཆེ་གསེར་གྱི་ཡང་ཞུན་གྱི་རྒྱུད་དང་། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་དང་། རྫོགས་པ་ཆེན་པོ་ས་གཅིག་པའོ། །ལྟ་བ་ཀློང་ཆེན་རབ་འབྱམས་སངས་རྒྱས་ཀྱི་previous hit དགོངས next hit་གཞི་ཅི་བཞིན་པའི་མན་ངག་རྣམས་སོ། །རྫོགས་པ་ཆེན་པོ་ཀུན་བྱེད་རྒྱལ་པོ་དང་། དེ་ལས་འཕྲོས་པ་རྩལ་ཆེན་སྤྲུལ་པ་དང་། སེམས་སྒོམ་ཐིག་ལེ་དྲུག་པ་དང་། །ཁྱུང་ཆེན་ལྡིང་བ་དང་། རིག་པའི་ཁུ་བྱུག་དང་། རྡོ་རྗེ་སེམས་དཔའི་ལྟ་བ་ནམ་མཁའ་ཆེ་དང་། བྱང་ཆུབ་ཀྱི་སེམས་བསྒོམ་པ་རྡོ་རྗེ་ལ་གསེར་ཞུན་དང་། ལྟ་བ་ནམ་མཁའི་རྒྱལ་པོ་དང་། རིན་པོ་ཆེ་ཕྲ་བཀོད་དང་། རྗེ་ཙན་དམ་པ་དང་། བྱང་ཆུབ་ཀྱི་སེམས་སྤྲོས་པ་མེད་པའི་ཏིང་ངེ་འཛིན་དང་། རིན་པོ་ཆེ་ཀུན་འདུས་སྲོག་གི་འཁོར་ལོའོ། །རྫོགས་པ་ཆེན་པོ་ཐམས་ཅད་ཀུན་གྱི་རྩ་བ། རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་བཀྲ་ཤིས་མི་འགྱུར་གསལ་བར་གནས་པའི་རྒྱུད་དང་། ཡོན་ཏན་རྫོགས་པ་རྣམ་པར་རོལ་བའི་རྒྱུད་དང་། ཀུན་ལ་འཇུག་པ་རྣམ་དག་རྟོག་པའི་རྒྱུད་དང་། ཐིག་ལེ་རྒྱ་མཚོ་གནས་ལ་འཇུག་པའི་རྒྱུད་དང་། རིན་ཆེན་བཀོད་པ་རྣམ་པར་དབྱེ་བའི་རྒྱུད་དང་། ནམ་མཁའ་ཆེ་རྡོ་རྗེ་ཚིག་གི་སྤྲིན་ཞེས་བྱའོ། །རྒྱུད་དེ་རྣམས་ཐམས་ཅད་ནི་ཤིན་ཏུ་རྣལ་འབྱོར་ཆེན་པོ་ཀུན་ལ་ཁྱབ་པའི་སྤྱི་རྒྱུད་དོ། །རྫོགས་པ་ཆེན་པོའི་ལྟ་སྒོམ་ཐམས་ཅད་ཀྱི་རྩ་བ་སྙིང་པོའི་རྒྱུད་ནི། རྫོགས་པ་ཆེན་པོའི་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལྟ་སྒོམ་ཐམས་ཅད་ཀྱི་སྙིང་པོ། རིན་པོ་ཆེ་རྣམ་པར་བཀོད་པའི་རྒྱུད་ཆེན་པོ་དང་། དེ་ལས་

(༤༥༥)འཕྲོས་པ་ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་དང་། སངས་རྒྱས་ཐམས་ཅད་འབྱུང་བའི་རྒྱུད་ཡེ་ཤེས་ཆོས་སྐུ་དོན་འདུས་རིག་པའི་རྒྱུད་དང་། གསུང་གསང་བ་ཐུགས་ཀྱི་ཏིང་ངེ་འཛིན་རང་བྱུང་བདེ་བའི་འཁོར་ལོ་མཐར་ཕྱིན་པའི་འབྲས་བུའི་རྒྱུད་དང་། ཐིག་ལེ་ཀུན་གསལ་ཆེན་པོའི་རྒྱུད་དང་། མན་ངག་རྫོགས་པ་ཆེན་པོའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱས་པའི་རྒྱུད་ཆེན་པོ་དང་། རིན་པོ་ཆེ་རྒྱས་པའི་རྒྱུད་ཕྱི་མ་དང་། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་སུ་འདུས་པའི་མདོ་དང་། བྱང་ཆུབ་ཀྱི་སེམས་སྐྱོབ་པ་ཞེས་བྱ་སྟེ། རྫོགས་པ་ཆེན་པོ་ལྟ་བ་དང་སྤྱོད་པ་དང་སྒོམ་པ་དང་འབྲས་བུ་ཐམས་ཅད་ཡོངས་སུ་རྫོགས་པར་སྟོན་པའི་རྒྱུད་རྣམས་སོ། །བང་མཛོད་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་དང་། བང་མཛོད་ཀྱི་རྒྱུད་ཀྱི་ཕྱི་མ་ཡང་འབྱེད་འཕྲུལ་གྱི་ལྡེ་མིག་དང་། ཕྱི་མའི་ཕྱི་མ་བང་མཛོད་འཕྲུལ་གྱི་མེ་ལོང་ཞེས་བྱ་བ་དང་། བང་མཛོད་ཀྱི་རྒྱུད་ཀྱི་རྩེ་མོ་མན་ངག་ཐམས་ཅད་ཀྱི་སྡོམ་ཞེས་བྱ་བའི་རྒྱུད་དེ། དེ་རྣམས་ཐམས་ཅད་བང་མཛོད་ཀྱི་རྒྱུད་ཀྱི་སྐོར་རོ། །རྫོགས་པ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་previous hit དགོངས next hit་གཅིག་ཏུ་བཀའ་སྒྲུབས་པ་དང་། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ཅེས་བྱ་བ་དང་། དེའི་ཕྱི་མ་སྐུ་གསུམ་ཡེ་ཤེས་ལྔའི་རྒྱུད། འཇམ་དཔལ་ཡེ་ཤེས་previous hit དགོངས next hit་ཞེས་བྱ་བ་དང་། དེའི་ཕྱི་མ་སྐུ་གསུམ་སྣང་བ་ངོ་སྤྲོད་པ་ཞེས་བྱ་བ་སྟེ། ཀུན་གྱི་ཆིངས། གསུང་གི་རྒྱུད་རྡོ་རྗེ་རྩེ་མོ། །འདུས་པ་ལ་རྒྱུད་ཕྲན་བདུན་ཡོད་པ་ལས་གཅིག་ཏུ་བརྩིས་པ་ཞེས་བྱ་བ་དང་། དཔལ་ཀུན་ཏུ་བཟང་པོའི་ཐུགས་ཀྱི་རྒྱུད་རིན་པོ་ཆེས་

(༤༥༦)སྤྲས་པའི་རྒྱན་ཞེས་བྱ་བ་སྟེ། བང་མཛོད་འདི་རྣམས་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སོ་སོར་འབྱེད་ཅིང་སྟོན་པར་བྱེད་པ་སྟེ། དཔེར་ན་རྒྱལ་པོའི་བང་མཛོད་ཕྱེ་ན་རྫས་དང་ལོངས་སྤྱོད་ཅི་ཡང་མི་འབྱུང་བ་མེད་པ་དེ་བཞིན་དུ་རྫོགས་པ་ཆེན་པོའི་རྒྱུད་འདི་རྣམས་ཀྱང་འཁོར་འདས་ལ་སྒྲོལ་ཞིང་ཤན་འབྱེད་ཨ་ནུའི་ཨ་ཏི་ཙམ་ཡིན་པའི་ཐེག་པ་ཙམ་ཡིན། རྫོགས་པ་ཆེན་པོའི་ཀློང་ཆེན་རབ་འབྱམས་ལ་ཀློང་རྒྱ་བཞི་ཡོད་པ་ལས། འཁོར་འདས་གཉིས་ཀྱི་གནས་ལུགས་ཀུན་ཏུ་བཟང་པོ་ཡེ་ནས་སངས་རྒྱས་པ་ལས། previous hit དགོངས next hit་གཞི་ཅི་བཞིན་པ་ཐེག་པ་གང་དུ་ཡང་མི་འདོགས་ཤིང་། ནམ་མཁའ་མཐའ་ཡས་པ་ལྟ་བུའི་རྫོགས་པ་ཆེན་པོ་ལས་ཕྱི་སྣོད་ནང་བཅུད་ཐམས་ཅད་ནམ་མཁའ་ལས་བྱུང་ཞིང་ནམ་མཁའ་ལ་བརྟེན་ནས་ནམ་མཁའི་ཁོངས་སུ་མ་ཆུད་པ་མེད་པ་དེ་བཞིན་དུ། ལྟ་བ་རྟོགས་པ་གནས་ལུགས་མཐར་ཐུག་པ། རྒྱ་མཚོ་ནམ་མཁའི་ཀློང་འབྱམ་ཀླས་པ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་བྱུང་ཡང་རྒྱ་མཚོའི་ཀློང་ལས་བྱུང་། གནས་ཀྱང་རྒྱ་མཚོའི་ཀློང་ལ་གནས། ཐིམ་ཡང་རྒྱ་མཚོའི་ཀློང་དུ་ཐིམ་པ་སྟེ། རྫོགས་ཀྱང་རྒྱ་མཚོའི་ཀློང་དུ་རྫོགས། རྒྱ་མཚོའི་ཀློང་གིས་མ་ཁྱབ་པ་དང་། མ་བྱུང་བ་དང་། མ་རྫོགས་པ་གང་ཡང་མེད་པ་ཡིན་པའི་ཕྱིར་ན། རྫོགས་པ་ཆེན་པོ་མདོ་བཅུ་གཉིས་པའི་ལུང་ལས་ཀྱང་། ཆོས་སྐུ་བྱང་ཆུབ་ཀྱི་སེམས་རྒྱ་མཚོ་ཀློང་ཉིད་ལ། སངས་རྒྱས་རྫོགས་ལ་སེམས་ཅན་རྫོགས། །འཇིག་རྟེན་རྫོགས་ལ་འདས་པ་རྫོགས། །བདེ་དང་སྡུག་བསྔལ་གཉིས་མེད་རྫོགས། །ཐེག་པ་རྫོགས་ལ་ཆོས་ཉིད་རྫོགས། ཡོད་པའི་མཐའ་རྫོགས་

(༤༥༧)མེད་མཐའ་རྫོགས། །གཅིག་རྫོགས་གཉིས་རྫོགས་ཐམས་ཅད་རྫོགས། །བདེ་དང་སྡུག་བསྔལ་གཉིས་མེད་རྫོགས། །ཐེག་པ་རྫོགས་ལ་ཆོས་ཉིད་རྫོགས། །དུས་གསུམ་སངས་རྒྱས་previous hit དགོངས next hit་རྫོགས། །འཇིག་ཆགས་མུ་གེའི་སྐལ་བ་དང་། །སྡུག་བསྔལ་ཆོ་འཕྲུལ་ཆེན་པོ་རྫོགས། །རྫོགས་པ་ཆེན་པོར་ཀུན་རྫོགས་ཏེ། །ཀློང་ཆེན་རབ་འབྱམ་དོན་རྟོགས་པའི། །ཤིན་ཏུ་རྣལ་འབྱོར་རབ་རྣམས་ལ། །ཐ་དད་དུ་མར་འཆར་མི་སྲིད། །ཆོས་དབྱིངས་མཐའ་ཡས་མུ་མེད་ལ། །རིམ་དགུ་བཀའ་དང་བསྟན་བཅོས་སོགས། །གྲངས་མཐའ་ཡས་པར་བཞུགས་ལགས་ཀྱང་། །ཀློང་ཆེན་རབ་འབྱམ་ཆ་ལག་ཡིན། །ཀློང་ཆེན་རབ་འབྱམ་ཉིད་ལ་རྫོགས། ཞེས་གསུངས་པའི་ཕྱིར་ན། དེ་རྟོགས་ཤིང་ཉམས་བསྐྱེད་པའི་ཐབས་ལ། རྫོགས་ཆེན་གྱི་རྒྱུད་སྡེ་ཐམས་ཅད་བྱུང་བ་སྟེ། བོད་ལ་འགྱུར་བའི་དབང་དུ་བྱས་ན་ཡང་། སྔ་འགྱུར་ཕྱི་འགྱུར་བཅུ་གསུམ། བཀའ་གཤའ་མ་རྒྱུད་སྡེ་དྲུག་བཅུ་ཐམ་པའོ། །བམ་པོ་ཉི་ཁྲི་བཞུགས་སོ། །དེ་ལས་འཕྲོས་པ་རྫོགས་ཆེན་གྱི་མན་ངག་དང་རྒྱུད་ལ་སོགས་པ་མང་པོ་འགྱུར་བ་སྟེ། དེ་ཡང་རྒྱ་མཚོ་ཀློང་གི་ཆ་ལག་ཡིན། རྒྱ་མཚོ་ཀློང་ལ་སྐོར་རྣམ་པ་བཞི་ཡོད་པ་སྟེ། གོང་དུ་མན་ངག་གི་སྐོར་རྣམས་བྲིས་པ་ལགས། དགའ་རབ་རྡོ་རྗེའི་དུས་སུ་མིའི་ཡུལ་དུ་གསུང་ཚད་ལ་བམ་པོ་ཉི་ཁྲི་བཞུགས་པར་བཞེད་པ་ཡིན། སྐབས་འདི་ན་ཀློང་ཆེན་པོའི་གཞུང་བར་མ་འོག་མ་གཉིས་ལས། རྫོགས་པ་ཆེན་པོའི་ཀློང་ཆེན་རབ་འབྱམ་ཞེས་བྱ་བ་དང་། ཐིག་ལེ་ཀློང་ཡངས་སྐྱེ་ཤི་རྩད་གཅོད་ཀྱི་སྒྲོན་མ་ཞེས་བྱ་བ་དང་། མཐའི་མུན་སེལ་སྒྲོན་མ་ཞེས་བྱ་བ་དང་། མན་ངག་གསང་བའི་ཡང་ཐིག་གི་སྒྲོན་མ་ཞེས་བྱ་བ་དང་། མཐའི་མུན་སེལ་སྒྲོན་མ་

(༤༥༨)ཆེན་པོ་ཞེས་བྱ་བ་དང་། ཡེ་ཤེས་ཀྱི་སྒྲོན་མ་ཞེས་བྱ་བ་དང་། དམིགས་སེལ་གྱི་སྒྲོན་མ་ཞེས་བྱ་བ་དང་། །བསྡུས་པའི་སྒྲོན་མ་ཞེས་བྱ་བ་དང་། ཁ་གཏིང་མེད་པའི་དབྱིངས་ཀྱི་སྒྲོན་མ་ཞེས་བྱ་བ་དང་། སྐུ་གསུམ་བཀོད་པའི་བསམ་གཏན་ཞེས་བྱ་བ་དང་། བསམ་གཏན་གྱི་རྒྱལ་པོ་དྲིས་ཚིག་བརྒྱད་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དྲིས་ཚིག་བཞི་པའི་བསམ་གཏན་ཞེས་བྱ་བ་དང་། ཐིག་ལེ་བཞི་པའི་བསམ་གཏན་ཞེས་བྱ་བ་དང་། མཐར་ཐུག་སྲོག་གི་བསམ་གཏན་གྱི་མན་ངག་ཅེས་བྱ་བ་དང་། ཡིད་བཞིན་གཏེར་གྱི་བསམ་གཏན་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་འོད་ནོར་བུའི་བསམ་གཏན་ཞེས་བྱ་བ་དང་། བདེ་ཆེན་ཀློང་འབྱམ་གྱི་བསམ་གཏན་ཞེས་བྱ་བ་དང་། རིག་པ་ཀློང་ཡངས་ཞེས་བྱ་བ་དང་། མན་ངག་འཕྲུལ་ཆུང་ཞེས་བྱ་བ་དང་། རིག་པ་ཀློང་རྡོལ་གྱི་མན་ངག་ཅེས་བྱ་བ་དང་། ཀློང་ཆེན་སྤྱི་རྡོལ་གྱི་མན་ངག་ཅེས་བྱ་བ་དང་། གསེར་གྱི་སྣུབ་མཆུ་ཞེས་བྱ་བ་དང་། ཟངས་ཀྱི་སྣུབ་མཆུ་ཞེས་བྱ་བ་དང་། མན་ངག་གསང་བའི་དངུལ་གྱི་སྣུབ་མཆུ་ཞེས་བྱ་བ་དང་། མན་ངག་ཕྲ་མེན་གྱི་སྣུབ་མཆུ་ཞེས་བྱ་བ་དང་། ཤེས་བྱའི་མཐའ་གཅོད་ཅེས་བྱ་བ་དང་། ལུང་གི་མཐའ་གཅོད་ཅེས་བྱ་བ་དང་། རིག་པའི་མཐའ་གཅོད་ཅེས་བྱ་བ་དང་། མན་ངག་གི་མཐའ་གཅོད་ཅེས་བྱ་བ་དང་། ཐེག་པ་མདུད་བཀྲོལ་གྱི་མན་ངག་ཅེས་བྱ་བ་དང་། མན་ངག་གསང་བའི་མདུད་དཀྲོལ་ཞེས་བྱ་བ་དང་། དབྱིངས་ཀྱི་ཡོན་ཏན་ཟད་མེད་གཏེར་ཆེན་ཞེས་བྱ་བ་དང་། རིག་པ་སྤྱི་བླུགས་ཞེས་བྱ་བ་དང་། དབང་པོ་གཅེར་མཐོང་སྐུ་གསུམ་ཕྲད་བྱེད་ཅེས་བྱ་བ་དང་། ཚོགས་དྲུག་ཟིལ་གནོན་ཞེས་བྱ་བ་དང་། མཚན་མ་རང་སར་གྲོལ་བའི་མན་ངག་ཅེས་

(༤༥༩)བྱ་བ་དང་། གཅེས་པ་ཐུགས་བྱུང་གི་མན་ངག་ཅེས་བྱ་བ་དང་། སྐྱེ་མེད་གཅིག་ཆོད་ཀྱི་མན་ངག་ཅེས་བྱ་བ་དང་། སྐྱེ་ཤི་རྒྱུན་གཅོད་དང་རིག་པ་རང་གསལ་ཞེས་བྱ་བ་དང་། རྡོ་རྗེ་མཁར་རྫོགས་མན་ངག་ཀློང་ཞེས་བྱ་བ་དང་། རིག་པ་ཁ་ཡན་གྱི་ཀློང་ཞེས་བྱ་བ་དང་། སྐུ་ལྔ་གནད་ཀྱི་ཀློང་ཞེས་བྱ་བ་དང་། གསེར་གྱི་ཡང་ཞུན་ཆུང་ངུའི་ཀློང་ཞེས་བྱ་བ་དང་། མན་ངག་འཇུག་ཚུད་ཀློང་ཞེས་བྱ་བ་དང་། མན་ངག་ཕུར་ཚུགས་ཀློང་ཞེས་བྱ་བ་དང་། འཁོར་འདས་གཞི་རྩ་གཅོད་པའི་མན་ངག་ཞེས་བྱ་བ་དང་། མན་ངག་གསེར་ཕུག་ཅེས་བྱ་བའི་ཀློང་དང་། མན་ངག་གསང་བའི་ཀློང་རྡོལ་ཞེས་བྱ་བ་དང་། རྫོགས་པ་ཆེན་པོ་རྒྱ་མཚོའི་ཀློང་དབང་པོ་རབ་འབྲིང་ཐ་མ་ཡིས་བསྒོམས་ཤིང་ཉམས་སུ་བླངས་ནས་རྟོགས་པ་མཐར་ཕྱིན་ན། གཞི་དང་མམ་དང་ས་དང་འབྲས་བུ་སྣ་ཚོགས་བསྒྲོད་ཅིང་ཐོབ་པའི་རྟགས་སུ་དཔེ་ནམ་མཁའ་མེད་པ་སྐུ་གདུང་འབར་བའི་རྒྱུད་དོ། །རྫོགས་པ་ཆེན་པོ་རྒྱུད་ལས་མ་བྱུང་ཞིང་རྐྱེན་གྱིས་མ་བསྐྱེད་པར་དངོས་པོ་གཤིས་ཀྱི་གནས་ལུགས། གཞི་མལ་ལམ་དང་རྟོགས་ཅམ་ཅམ་ཆོས་ཀྱི་དབྱིངས་རབ་འབྱམ་ལ་རྒྱུད་དང་ལུང་མན་ངག་ལ་སོགས་པ་རྣམས་གདོད་མ་ནས་འབྱུང་མ་མྱོང་ཞིང་ཐ་སྙད་གང་དུ་ཡང་མི་འདོགས་པ་ཡིན་པ་ལས། གདུལ་བྱ་རབ་འབྲིང་ཐ་མ་གསུམ་གྱི་དབང་གིས་རང་གི་གནས་རྟོགས་པར་བྱ་བའི་ཕྱིར། རྒྱུད་དང་མན་ངག་གྲངས་མེད་པ་རྣམས་ལྷ་དང་མིའི་ཡུལ་དུ་བྱོན་པ་སྟེ། འགའ་ཞིག་ནི་སེམས་གནས་པར་བྱེད་པ་བསམ་གཏན་གྱི་རྫོགས་ཆེན། རྒྱུད་འགའ་ཞིག་ཨ་ནུ་ཡོ་ག་དང་ཆ་མཐུན་པ་ཡིན། རྒྱུད་

(༤༦༠)འགའ་ཞིག་ལྷུན་གྲུབ་རྣམ་པ་གསུམ་ཡེ་ནས་རང་བཞིན་གྱིས་གནས་པའི་གནས་ལུགས་སྟོན་པ་ཡིན། རྒྱུད་འགའ་ཞིག་ལ་སྒྲོལ་ཤན་འབྱེད་པའི་རྫོགས་ཆེན་ཡིན། རྫོགས་ཆེན་འགའ་ཞིག་གིས་སྤྱོད་པ་སྟོན་པ་ཡིན། འགའ་ཞིག་གིས་སྐྱོན་དང་ཡོན་ཏན་ཤན་འབྱེད་པ་ཡིན། འགའ་ཞིག་གིས་འབྲས་བུ་ཀུན་བཟང་རོལ་པ་རང་ལ་རྫོགས་པར་སྟོན་པ་སྟེ། དེ་རྣམས་ཐམས་ཅད་ཀྱང་ཀློང་ཆེན་རབ་འབྱམ་ལྟ་བ་མཐའ་ཡས་པ་གནས་ལུགས་ཡེ་སངས་རྒྱས་པ་དགེ་བ་དང་སྡིག་པ། སྐྱོན་དང་ཡོན་ཏན་ས་ལམ་འབྲས་བུ་ཐམས་ཅད་གནས་ལུགས་རྒྱ་མཚོ་ཀློང་གི་རྣམ་འཕྲུལ་ཏེ། གསང་བ་ཡེ་ཤེས་བདག་རྟག་ཅེས་གསུངས་པའི་ཕྱིར་ན། ཐམས་ཅད་ཁོ་གཅིག་སུ་ལ་རྫོགས་ཤིང་གནས་ལུགས་ཀྱི་རྣམ་འཕྲུལ་ཏེ། འཁོར་འདས་ཐམས་ཅད་ཀྱི་བདག་ཉིད་ཆེན་པོ་ལས་འཕོ་ཞིང་འགྱུར་བ་མེད་པའི་ཕྱིར་ན། རྟག་པའི་རྒྱལ་པོ་རྒྱ་མཚོ་ཀློང་། ཐམས་ཅད་ཀུན་གྱི་འཕོ་འགྱུར་ཡེ་ནས་ཤེས་པའི་ཕྱིར་ན། ཡེ་ཤེས་དབྱིངས། དེ་ལྟ་བུའི་གནས་ལུགས་ལ་རང་གིས་རང་ངོ་ཤེས་ཤིང་གནས་ལུགས་རང་ས་ཟིན་ནས་རྟོགས་པ་རབ་འབྱམ་མཐའ་དབུས་མེད་པར་འཆར་ན། ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་ས། །ཀུན་བཟང་དབྱེ་བ་མེད་པའི་གནས། །ཡང་དག་དོན་གྱི་འོག་མིན་ཏེ། །ཚིག་འབྲུ་གཅིག་ཙམ་གྱིས་རྒྱུད་དང་མན་ངག་ཀྱང་མི་དགོས་ཏེ། སངས་རྒྱས་སྐུ་ལྔ་རང་ལ་རྫོགས་པ་ཡིན། དེ་ལྟ་བུ་མ་རྟོགས་ནས་རྒྱུད་དང་མན་ངག་གི་རྗེས་སུ་འབྲངས་ན་གོ་བ་ཁ་འབྱམ་དུ་ཤོར་ན། ཀློང་ཆེན་ནག་འབྱམ་བྱ་བ་ཡིན་པས། མ་ཏྲམ་རུ་ཏྲའི་རྒྱུད་ལྟ་བུའི་འབྱུང་བའི་རྒྱུད་ཡིན་པའི་ཕྱིར་ན། ཁ་ཡེ་ལྟང་ཆེན་

(༤༦༡)པོའི་ལྟ་བ་དེ། རྫོགས་ཆེན་པ་ཡི་རྟུགས་ཆོས་ཡིན། །དགེ་སྡིག་རྒྱུ་འབྲས་ཁྱད་དུ་བསོད། །མི་དགེ་སྣ་ཚོགས་འཆོལ་པར་སྤྱོད། །ཆོས་དང་གང་ཟག་དོན་མ་རྟོགས། །མ་ཏྲམ་ཁ་ནི་རུ་ཏྲ་དང་། །ཁ་ཏོང་ཁ་ནི་རུ་ཏྲ་སྟེ། །ཨ་ཀར་ཤ་ནི་རུ་ཏྲར་གནས། །རུ་ཏྲ་སྡེ་གསུམ་གནས་སུ་གོལ། །ཡང་དག་རྫོགས་པའི་དོན་མ་རྟོགས། །ཁ་འབྱམ་ལྷུན་གྲུབ་གོལ་སར་བཞེད། །རང་བཞིན་ངོ་བོ་ཉིད་ཀྱི་སྐུ། །བྱིན་གྱིས་བརླབས་ཀྱིས་རང་བཞིན་རྟོགས། །ཚིག་དང་ཡི་གེ་བཤད་དུ་མེད། །དཔེ་དང་བརྡ་ཡིས་མཚོན་དུ་མེད། །གནས་ལུགས་ཆོས་དབྱིངས་མཐའ་ཡས་ལ། །འཁོར་འདས་གཟུགས་བརྙན་སྣ་ཚོགས་ཤར། །རྟོགས་ན་ཆོས་སྐུ་གདལ་ཁྱབ་ཆེ། །མ་རྟོགས་འཁོར་བའི་གཟུགས་བརྙན་རྣམས། །རིགས་དྲུག་གནས་སུ་སོ་སོར་སྣང་། །རྟོགས་དང་མ་རྟོགས་ས་མཚམས་དེ། །ཉི་མ་གྲིབ་མའི་ས་མཚམས་འདྲ། །རྒྱུ་རྐྱེན་གང་གིས་བསྐྱེད་པ་མིན། །རྒྱུ་འབྲས་འདས་པའི་གནས་ལུགས་དེ། །ཡང་རབ་གཅིག་ཅར་སྤྱོད་ཡུལ་ཏེ། །ཐེག་ཆུང་རིམ་འཇུག་གང་ཟག་གི། །སྤྱོད་ཡུལ་བློ་ཡི་རིམ་པ་མིན། །དེ་ཕྱིར་སྐྱེས་ཆེན་དམ་པ་རྣམས། །རང་གི་གནས་ལུགས་མ་རྟོགས་ན། །རྒྱ་མཚོ་ཆུ་རྣམས་རྣག་ཚ་སྟེ། །འགྲོ་དྲུག་སེམས་ཅན་ཡིག་མཁན་དུ། །རྩི་ཤིང་ནགས་ཚལ་སྨྱུ་གུར་བྱས། །ནམ་མཁའ་དབྱིངས་ཀྱི་ཤོག་གུ་ལ། །རྫོགས་ཆེན་རྒྱུད་དང་མན་ངག་རྫོགས། །གྲངས་མེད་བསྐལ་པར་བྲིས་ལགས་ཀྱང་། །གཏིང་མཐའ་ཐུག་པའི་དུས་ཚོད་མེད། །གནས་ལུགས་རབ་འབྱམ་མ་རྟོགས་ན། །ཡིག་ཚོགས་མང་པོ་འཁྲུལ་པའི་གཞི། །ཡང་དག་དོན་ལ་ཡིག་ཚོགས་མེད། །

(༤༦༢)ཡང་དག་དོན་གྱི་འོག་མིན་ན། །ཀུན་བཟང་རྒྱལ་པོ་ལྷུན་གྲུབ་བཞུགས། །ཕུན་སུམ་ཚོགས་པ་ལྔ་ཡང་རྫོགས། །དེ་ལྟར་ལྷུན་རྫོགས་དབྱིངས་ཉིད་ལ། །རྒྱུད་དང་གདམས་ངག་ཐེག་པ་སོགས། །ཅུང་ཟད་ཙམ་ཡང་ཐ་སྙད་མེད། །སྟོན་པ་བསྟན་པ་ཡེ་ནས་རྫོགས། །འཁོར་དང་གནས་དུས་རང་བཞིན་རྫོགས། །རང་བཞིན་ཉིད་ཀྱི་ཀུན་བཟང་ལ། །ངོ་བོ་ཉིད་ཀྱིས་དབྱིངས་ན་གནས། །དེ་ལྟར་དབང་པོ་ཡང་རབ་ཀྱི། །སྐྱེས་ཆེན་སྐྱེས་བུ་མཆོག་རྣམས་ཀྱི། །རང་གིས་རང་གི་གནས་ལུགས་རྟོགས། །ལྷུན་གྲུབ་ཡེ་ཤེས་རྩལ་རྫོགས་པས། །གཞན་སྣང་མི་རུ་སྣང་ན་ཡང་། །རང་སྣང་ཡེ་ཤེས་ལྷུན་རྫོགས་ཕྱིར། །འཁོར་འདས་རེ་དོགས་སྤུ་ཙམ་མེད། །དེ་འདྲའི་previous hit དགོངས next hit་མ་རྫོགས་ན། །རྒྱུད་དང་ལུང་དང་མན་ངག་སོགས། །ཡི་གེའི་བྱེ་བྲག་སྣ་ཚོགས་ལ། །ཐ་དད་རྟོགས་གེས་སོ་སོར་འབྱེད། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱང་། །རྫོགས་ཆེན་འཆད་པའི་བཤེས་གཉེན་དུ། །མཁས་ལ་ལུང་རིག་མཁྱེན་པ་རྒྱས། །རེ་རེ་དག་གི་ལུས་པོ་ལ། །མགོ་བོ་འབུམ་ཕྲག་གྲངས་མེད་གྱུར། །དེ་སྙེད་ལྕེའི་རྣམ་འགྱུར་གྱིས། །རྫོགས་ཆེན་སྒྲ་དོན་འཆད་ན་ཡང་། །སྒྲ་ཕྱིར་འབྲང་བ་མ་གཏོགས་པ། །ཡང་དག་དོན་གྱི་རྫོགས་ཆེན་དེ། །རང་བྱུང་རང་ངོ་མ་ཤེས་ན། །བཤད་པ་པོ་ཡང་འཁྲུལ་གཞི་སྟེ། །ཉན་པ་པོ་ཡང་ཚིག་ཕྱིར་འབྲེང་། །ནམ་མཁའི་ཚད་གཞལ་མི་རྙེད་ལྟར། །བརྗོད་པའི་ཚིག་ལ་ཟད་མཐའ་མེད། །སེམས་ཅན་ལོག་རྟོག་མ་ཟད་ཚེ། །བདེ་གཤེགས་བཀའ་ཡི་དམ་ཆོས་དང་། །རྫོགས་ཆེན་རྒྱུད་དང་མན་ངག་རྫོགས། །ནམ་ཡང་ཟད་པར་མི་འགྱུར་ཏེ། །སྙིང་པོ་དོན་གྱི་གནས་ལུགས་ལ། །ཁ་དོག་

(༤༦༣)དབྱིབས་སུ་གྲུབ་མ་མྱོང་། །རྫོགས་ཆེན་རྒྱུད་དང་མན་ངག་ལམ། །ཁ་དོག་དབྱིབས་སུ་གྲུབ་པ་མེད། །གནས་ལུགས་ཆོས་དབྱིངས་མཐའ་ཡས་ལ། །དབུ་ཞབས་སྟེང་འོག་ས་མཚམས་མེད། །རྒྱུ་འབྲས་འདས་པའི་ཐེག་པ་སྟེ། །རྫོགས་པ་ཆེན་པོའི་རྒྱུད་རྣམས་ལམ། །དབུ་ཞབས་དང་ནི་སྟེང་འོག་སྟེ། །ས་ལམ་རིམ་གྱིས་བསྒྲོད་དུ་མེད། །གནས་ལུགས་བདེ་འབྱམ་ཡོངས་རྫོགས་ལ། །སྐྱོན་སེལ་ཡོན་ཏན་སྒྲུབ་པ་དང་། །དགེ་སྤྱོད་སྡིག་པ་སྤངས་པ་དང་། །བཟང་ངན་བྱེ་བྲག་སྣ་ཚོགས་རྣམས། །ཡེ་ནས་རང་ལ་རྫོགས་པ་སྟེ། །རྫོགས་ཆེན་རྒྱུད་དང་བསྟན་བཅོས་སོགས། །བཀའ་དག་ལྷུན་གྲུབ་སྤྱི་གཅིག་པ། །བྱེ་བྲག་གྲུབ་མཐའ་སྣ་ཚོགས་རྣམས། །སོ་སོར་འབྱེད་ན་རྫོགས་ཆེན་མིན། །ཐེག་བརྒྱད་གནས་སུ་ལྟུང་བའི་ཕྱིར། །རྒྱལ་པོ་འབངས་སུ་ལྟུང་དང་མཚུངས། །ཡང་དག་དོན་གྱི་རྫོགས་ཆེན་ལ། །ཚིག་དང་ཡི་གེ་ཐ་སྙད་སོགས། །སེམས་ཅན་རྣམས་ཀྱི་ལྕེ་ཡིས་ཀྱང་། །ཅུང་ཟད་ཙམ་ཡང་བརྗོད་དུ་མེད། །བརྗོད་མེད་དབྱིངས་སུ་ཀུན་མཁྱེན་ཐུགས། །སྒྲིབ་པ་མེད་པའི་ཡེ་ཤེས་ཏེ། །སྤྲིན་མེད་མཁའ་ལ་ཉི་ཤར་འདྲ། །ཐུགས་རྗེའི་འོད་ཟེར་གསལ་སྒྲིབ་མེད། །མ་སྒྲོད་པ་རྣམས་ནོན་པ་དང་། །འཕོ་འགྱུར་མེད་པར་རང་སར་གནས། །བྱ་རྩལ་མེད་པར་ཀུན་ཁྱབ་ཅིང་། །བཟང་ངན་མེད་པར་གདམ་ཁྱབ་དབྱིངས། །རྩོལ་སྒྲུབ་མེད་ཕྱིར་རྩལ་ཆེན་རྫོགས། །ཡངས་དོག་མེད་པར་ནམ་མཁའ་ཆེ། །རྩིས་གདབ་མེད་ཕྱིར་དབྱིངས་གཅིག་རོལ། །དུས་གསུམ་དུས་མེད་ཐམས་ཅད་དུ། །བདག་ཉིད་ཀུན་བཟངས་རང་གི་དབྱིངས། །

(༤༦༤)འཁོར་དང་མྱ་ངན་འདས་པ་ཡི། །སྐུ་དང་ཞིང་ཁམས་ཆོ་འཕྲུལ་སོགས། །རིགས་དྲུག་གྲོང་ཁྱེར་ཅི་བྱུང་ཡང་། །ལྷུན་གྲུབ་ཆོ་འཕྲུལ་ཆེན་པོ་སྟེ། །གནས་ལུགས་རྫོགས་པ་ཆེན་པོ་སྟེ། །རྟོགས་པ་རབ་འབྱམ་མཐའ་ཡས་དབྱིངས། །མཁའ་ལས་འབྱུང་ཞིང་དབྱིངས་སུ་ཐིམ། །རྟོགས་པ་རབ་འབྱམ་ངང་ཉིད་ལས། །མ་བྱུང་བ་ནི་གང་ཡང་མེད། །ང་ཡིས་མ་ཁྱབ་མེད་པའི་ཕྱིར། །གདལ་ཁྱབ་ཆེན་པོ་ཞེས་ཀྱང་བྱ། །རང་བཞིན་ཡེ་ནས་ཀུན་རྫོགས་ཕྱིར། །སྟོབས་ཅན་རྒྱལ་བ་ཐམས་ཅད་ཀྱི། །ལྷུན་རྫོགས་རྒྱལ་པོ་འཇིགས་སུ་མེད། །ཁམས་གསུམ་འཁོར་བའི་སྒྲིབ་གཡོགས་ཀྱིས། །རང་བྱུང་ཡེ་ཤེས་སྒྲིབ་དུ་མེད། སྒྲིབ་པ་གཉིས་ཀྱང་ཡེ་ཤེས་སོ། །ཨ་ཏི་ཡོ་ག་ཆོས་ཀྱི་དབྱིངས། །ཐེག་དགུ་ཡོངས་སུ་རྫོགས་པ་སྟེ། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །ཁམས་གསུམ་སྐྱེ་གནས་ཐམས་ཅད་དུ། །རྫོགས་ཆེན་རྟོགས་པའི་ཡེ་ཤེས་ཀྱིས། །མ་ཁྱབ་པ་ནི་སྤུ་ཙམ་མེད། །དུས་གསུམ་དུས་མེད་ཐམས་ཅད་དུ། །འགྱུར་མེད་རྟག་པའི་རྒྱལ་པོ་ཡིན། །བྱ་བའི་ཆོས་དང་བྱེད་པའི་ཡིད། །དགེ་དང་སྡིག་པ་ལ་སོགས་པ། །རང་བཞིན་བཤིས་ལ་སྐྱེ་འགག་མེད། །མཚན་ཉིད་ཕྱོགས་མེད་འཆང་བ་སྟེ། །ཀུན་བཟང་རྒྱལ་པོའི་རྣམ་འཕྲུལ་ཡིན། །དེ་ལྟ་བུ་ཡི་རྫོགས་ཆེན་ལ། །རྟོགས་ཤིང་བརྟན་པ་མཐར་ཕྱིན་ན། །གྲུབ་མཐའ་ཀུན་ལས་གྲོལ་བའི་ཕྱིར། །ཆོས་དབྱིངས་རབ་འབྱམས་མཐའ་ཡས་པ། །རྟོགས་པ་དོན་གྱི་སྣང་བ་ལ། །ཆོས་སྐུ་དྲི་མེད་ཉག་གཅིག་སྟེ། །མ་རྟོགས་རྨོངས་པས་རྟོག་ཅིང་དཔྱོད། །ཡིད་བྱེད་ཉམས་ཀྱི་འཛིན་པ་ཡིས། །རེ་དོགས་འཁོར་ལོ་སྣ་ཚོགས་བསྐོར། །སྲིན་བུ་

(༤༦༥)ཁ་ཆུས་རང་ཉིད་འཆིང་། །བསྐལ་པ་བྱེ་བར་བསྒྲུབས་ལགས་ཀྱང་། །རང་སེམས་དྲི་མེད་རྟོགས་པ་ཉུང་། །རྒྱ་ལ་གལ་ཏེ་རྟོགས་ལགས་ཀྱང་། །གཡེང་བ་སྣ་ཚོགས་སྤངས་ནས་སུ། །གོམས་ཤིང་བརྟེན་པར་བྱེད་པ་ནི། །སྤྱིར་ཡང་ཆོས་མཛད་ཐམས་ཅད་དང་། །ཕྱག་རྫོགས་སྒོམ་པའི་སྒོམ་ཆེན་རྣམས། །སྒོམ་པ་མང་སྟེ་རྟོགས་པ་ཉུང་། །མ་རིག་འཁྲུལ་པ་འགོག་ཡུན་རིང་། །མ་རྟོགས་སེམས་ཅན་སྙིང་རེ་རྗེ། །རང་བཞིན་ཡོངས་རྫོགས་ཀུན་ཏུ་བཟང་། །རང་བཞིན་སྐུ་ཡི་བསྟན་པ་ནི། །ཤིན་ཏུ་རྣལ་འབྱོར་ཞེས་སུ་གསུངས། །ངོ་བོ་ཉིད་སྐུའི་བསྟན་པ་ནི། །ཨ་ནུ་ཡོ་ག་ལུང་གི་མཛོད། །ཆོས་ཀྱི་སྐུ་ཡི་བསྟན་པ་ནི། །མ་ཧཱ་ཡོ་ག་བླ་མེད་དེ། །ལོངས་སྤྱོད་དག་ནི་རྫོགས་པ་ཡི། །བསྟན་པ་སྤྱི་རྒྱུད་གསུམ་དུ་གསུངས། །སྤྲུལ་སྐུ་དག་གི་བསྟན་པ་ནི། །སྡེ་སྣོད་གསུམ་གྱི་ཐེག་པ་སྟེ། །ཐེག་དགུ་ཆོས་ཀྱི་འཁོར་ལོ་ཡང་། །གདུལ་བྱ་བློ་ཡི་བྱེ་བྲག་གིས། །མ་འདྲེས་སོ་སོར་སྣང་བ་སྟེ། །ངོ་བོ་གཅིག་ལ་མཐོང་ཚུལ་གྲངས་མཐའ་ཡས། །ལ་ལས་བཀག་པའི་གནས་སུ་གོ། །ལ་ལས་སྤང་དང་ཐོབ་པར་བཞེད། །འགའ་ཞིག་དབུ་མ་སེམས་ཙམ་སྟེ། །སྟོང་པ་ཉིད་དུ་བཤིག་པར་བྱེད། །འགའ་ཞིག་དག་བྱའི་ཡུལ་དུ་མཐོང་། །ལ་ལས་སྤྱོད་བྱེད་མཐའ་ལ་ཞུགས། །འགའ་ཞིག་སྒྱུར་ཞིང་འབྲས་བུར་འདོད། །ལ་ལས་ཡིན་ལུགས་ཤེས་ཤིང་གཉིས་སྤྲད་ནས། །མི་གཙང་ལ་སོགས་ཁམས་རྣམས་ལ། །ལོངས་སྤྱོད་རྫོགས་པའི་ལྷ་རུ་

(༤༦༦)བཞེད། །འགའ་ཞིག་སྒོ་ཕུགས་གཉིས་བལྟ་ཞིང་། །དབྱིངས་དང་ཡེ་ཤེས་གཉིས་སུ་འཛིན། །ཐེག་བརྒྱད་རྫོགས་པའི་རྫོགས་ཆེན་གྱིས། །ཐམས་ཅད་རང་ལ་རྫོགས་བྱེད་ཅིང་། །རང་གི་རྣམ་འཕྲུལ་ཆོ་འཕྲུལ་དུ། །གདལ་ཁྱབ་ཆེན་པོར་རྫོགས་སོ་སྐད། །གྲུབ་མཐའ་མེད་པའི་རྫོགས་ཆེན་གྱི། །ཁྱུང་ཆེན་ནམ་མཁར་ལྡིང་བ་འདྲ། །སྟེང་འོག་གར་ཡང་སྟན་མ་འཆིས། །རྟེན་མེད་ཀུན་རྫོགས་མཐའ་ཡས་ལ། །གང་ཟག་འགའ་ཞིག་གྲུབ་མཐའ་བཞེད། །ལ་ལས་ལྷུན་གྲུབ་དག་ཏུ་དང་། །འགའ་ཞིག་ཀ་དག་ཡིན་ནོ་སྐད། །འདི་གཉིས་གཉིས་ཀ་གྲུབ་མཐའ་སྟེ། །ནམ་མཁར་མདའ་འཕངས་ས་ལ་ལྷུང་བ་འདྲ། །མ་སྒྲོལ་ཤན་འབྱེད་རྫོགས་ཆེན་གྱི། །འབྲས་བུ་ཡི་ནི་མཐར་ཐུག་སྟེ། །ཀློང་ཆེན་ནམ་མཁའ་རབ་འབྱམ་གྱི། །གནས་ལུགས་རྒྱ་མཚོ་གཏིང་དཔག་དཀའ། །དེ་དོན་རྟོགས་པའི་རྣལ་འབྱོར་ལ། །ཤིན་ཏུ་རྣལ་འབྱོར་ཆེན་པོ་སྟེ། །རང་བྱུང་རྣལ་འབྱོར་རྡོ་རྗེ་ནི། །གྲུབ་མཐའ་གང་དང་གང་གི་ཡང་། །དུས་གསུམ་དུས་མེད་ཁས་པ་མེད། །ཆོས་དབྱིངས་རབ་འབྱམ་ཀུན་ཏུ་བཟང་། །ཆོས་སྐུ་རང་བྱུང་རྡོ་རྗེ་འཆང་། །ལོངས་སྐུ་རིགས་ལྔ་ཡབ་ཡུམ་བཅུ། །སྤྲུལ་སྐུ་ཐུབ་པ་སྟོང་ལ་སོགས། །སྐུ་ལྔ་ཡོངས་རྫོགས་སངས་རྒྱས་ཀྱི། །བསྟན་པ་རྒྱ་མཚོ་མཐའ་ཡས་པ། །རྡོ་རྗེ་སེམས་དང་རྡོ་རྗེ་འཛིན། །དགའ་རབ་རྡོ་རྗེ་ལ་སོགས་པ། །རྒྱ་བོད་ལོ་པཎ་ཐམས་ཅད་ཀྱི། །previous hit དགོངས next hit་མཁའ་ལ་ཉི་མ་ཤར། །སྒྲ་དོན་ཕུན་སུམ་ཚོགས་པ་ཡི། །ཐེག་དགུ་བཀའ་དང་བསྟན་བཅོས་སོགས། །ཁ་བ་ཅན་ལྗོངས་བྱང་ཕྱོགས་འདིར། །སྣང་སྲིད་ཆོས་ཀྱི་

(༤༦༧)ཕུང་པོར་བཞུགས། །དེ་དོན་རྟོགས་པའི་བཤེས་གཉེན་རྣམས། །མཁས་ལ་གྲུབ་ཐོབ་གྲངས་མེད་བྱོན། །ཨེ་མ་ངོ་མཚར་མི་ཆེའམ། །རྡོ་རྗེ་འཆང་ཆེན་རྣམ་པར་འཕྲུལ། །འཁོར་ལོ་བདེ་མཆོག་འགྲོ་བའི་མགོན། །ཏཻ་ལོ་སངས་རྒྱས་ཉག་གཅིག་སྟེ། །དེ་ཡི་བྱིན་རླབས་ནཱ་རོ་པ། །རྒྱ་བོད་ལོ་པཎ་གྲུབ་ཐོབ་རྣམས། །ཁྲི་གདུགས་མཁའ་ལ་ཤར་བ་འདྲ། །ཟླ་འོད་གཞོན་ནུའི་བྱིན་རླབས་ཀྱིས། །སྔགས་འཆང་རང་བྱུང་རྡོ་རྗེ་ཡང་། །མ་རིག་མུན་པ་རང་སར་དག །རྟོགས་པ་ཡེ་ཤེས་རབ་འབྱམ་འཆར། །སྟོན་པ་ལྔ་ཡི་བསྟན་པ་ནི། །རྒྱ་མཚོ་མཐའ་ཡས་རབ་འབྱམ་སྟེ། །དེ་ཡི་བཀའ་དང་བསྟན་བཅོས་སོགས། །ཕྱོགས་མེད་གསུངས་པར་གདའ་ན་ཡང་། །ཐམས་ཅད་ཀུན་གྱི་སྒྲ་དོན་རྣམས། །མ་འདྲེས་སོ་སོར་རྟོགས་པའི་ཕྱིར། །ཕུན་སུམ་ཚོགས་པ་ལྔར་ལྡན་ཞིང་། །གསལ་བྱེད་སྒྲོན་མ་རྒྱ་མཚོ་ལྟར། །གཏིང་དཔག་དཀའ་བའི་ཡེ་ཤེས་ཤར། །ངར་འཛིན་ཉི་ཤུ་རྩ་གཅིག་དེ། །ཞེ་འདོད་མེད་པར་རང་སར་གྲོལ། །འཆིང་གྲོལ་མེད་པའི་རྣལ་འབྱོར་པས། །དགག་སྒྲུབ་མེད་ཅིང་མཉམ་པ་ཉིད། །སྤངས་ཐོབ་མེད་པར་ལྷུན་རྫོགས་ཏེ། །མ་འོངས་སྐལ་ལྡན་དོན་ཆེད་དུ། །བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི། །ཕུན་སུམ་ཚོགས་པ་དཔག་མེད་ལས། །གསལ་བྱེད་སྒྲོན་མ་མཐའ་ཡས་པ། །བསྟན་པ་རབ་འབྱམ་གཏིང་དཔག་དཀའ། །ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་ན། རྒྱལ་བའི་དཀྱིལ་འཁོར་གྲངས་མེད་བཞུགས། །བསྟན་པ་འདི་ཡི་རྣམ་འཕྲུལ་ཡིན། །རིག་འཛིན་བྱང་ཆུབ་སེམས་དཔའ་དང་། །ཉན་རང་ཐེག་པའི་ཚོགས་རྣམས་ཀྱང་། །བསྟན་པ་འདི་རུ་ས་

(༤༦༨)ལམ་བསྒྲོད། །ཆོས་དབྱིངས་རབ་འབྱམ་ཞིང་ཁམས་ན། །མཁས་ལ་གྲུབ་པ་ཐོབ་པ་ཡི། །བཤེས་གཉེན་གྲངས་མཐའ་ཡས་པ་རྣམས། །ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་། །བསྟན་པ་རྒྱ་མཚོ་མཐའ་ཡས་ལས། །གསུང་གི་འོད་ཟེར་ཕྱོགས་བཅུར་འཕྲོས། །མི་ཟད་ཆོས་ཀྱི་རྔ་སྒྲ་སྒྲོག །ཐེག་དགུ་ཆོས་ཀྱི་འཁོར་ལོ་ལས། །མ་བྱུང་བ་དང་མ་རྫོགས་པ། །མི་གནས་པ་ནི་གང་ཡང་མེད། །ཨེ་མ་ངོ་མཚར་མི་ཆེའམ། །མ་འོངས་དུས་ཀྱི་གདུལ་བྱ་རྣམས། །འདི་དང་འདི་དོན་རྟོགས་ནས་ཀྱང་། །རྟོགས་པ་རབ་འབྱམ་ཡེ་ཤེས་དབྱིངས། །མཁྱེན་པ་ཕྱོགས་མེད་རབ་རྒྱས་ནས། །འགྲོ་རྣམས་སྨིན་ཅིང་གྲོལ་བར་མཛོད། །བསྟན་པ་བསྲུང་བའི་དམ་ཅན་རྣམས། །རྒྱལ་བའི་བཀའ་བསྲུངས་རྫུ་འཕྲུལ་ཅན། །ཡེ་ཤེས་ལས་དང་འཇིག་རྟེན་སོགས། །མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང་། །བསྟན་པ་རྒྱ་མཚོ་མཐའ་ཡས་ནི། །གང་དང་གང་གིས་བྲི་བ་དང་། །ཀློག་དང་འཆད་དང་ཁ་ཏོན་བྱེད། །ཉན་བཤད་དེ་དོན་སྒོམ་པ་དང་། །རྟོགས་པ་ཡེ་ཤེས་རབ་རྒྱས་ནས། །ཕྱོགས་བཅུར་འགྲོ་དོན་མཛད་པའི་ཚེ། །ཆོས་སྐྱོང་རྣམས་ཀྱིས་བསྟན་པ་བསྲུངས། །བསྲུང་སྐྱོབས་མཛད་ཅིང་བར་ཆད་སོལ། །ཕོ་ཉ་ལས་མཁན་མཛད་ནས་ཀྱང་། །ཆོས་འདི་དར་ཞིང་རྒྱས་པར་མཛོད། །སྒོམ་ཆེན་མི་ཤེས་རྨོངས་པ་ཡི། །སྒྲ་དོན་ཟུང་དུ་མི་འཇུག་ཅིང་། །མཁྱེན་པ་གཉིས་ལྡན་མི་མངའ་སྟེ། །ཡོན་ཏན་མ་རྫོགས་སྐྱོན་བཅས་འདི། །མཁས་པས་མཐོང་ན་ཞེ་རེ་ཁྲེལ། །འོན་ཀྱང་སྙིགས་མའི་དུས་འདི་རུ། །མཁས་པས་བྱ་བའང་དཀའ་བར་གདའ། འཇིག་རྟེན་གསུམ་ན་མཁས་

(༤༦༩)པ་རྫོགས་སངས་རྒྱས། དེ་ལ་གང་ཡང་འདྲན་དུ་མེད། །མདོ་ཆུང་བརྒྱ་ཙམ་ཀློབ་བྱེད་ཅིང་། །དེ་ཡི་སྒྲ་དོན་ཤེས་གྱུར་ན། །མཁས་པ་ཚད་ལྡན་པར་བཞེད། །རྒྱུད་དང་རྒྱུད་ཀྱི་ཕྱི་མ་སྟེ། །རྒྱུད་ཆུང་བརྒྱ་ཡི་བཀའ་འགྲེལ་ལས། །གདམ་ངག་སྟོང་ཙམ་འཆད་ཤེས་ན། །དེ་ཡང་མཁས་པ་ཚད་ལྡན་ཞེས། །བདག་གཞན་འདྲན་ཟླ་མེད་པར་བཞེད། །ཨེ་མ་ངོ་མཚར་མི་ཆེའམ། །རབ་འབྱམ་བཀའ་ཡི་སྒྲ་དོན་རྣམས། །གཅིག་ཤེས་ཀུན་གྲོལ་མཁྱེན་པ་རྒྱས། །ཕྱོགས་མེད་དག་ཏུ་རྟོགས་ལགས་ན། །སྒོམ་ཆེན་ཚད་དང་ལྡན་པ་ཡིན། །ཨེ་མ་ངོ་མཚར་མི་ཆེའམ།། །།ཤད་བར་གཅིག་པ་མ་བུ་གཉིས་ལས་འཕྲོས་པ་བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་གཞུང་ཆེན་མོ་དང་། དེ་ལས་འཕྲོས་པ་ཕུན་སུམ་ཚོགས་པ་མཐའ་ཡས་པ་གསལ་བར་བྱེད་པའི་སྒྲོན་མ་དང་། ཞུས་ལན་མ་རིག་མུན་སེལ་རྒྱ་མཚོ་མཐའ་ཡས་དང་། ཉན་རང་གི་ཐེག་པ་ལས་ཕྲོས་པ་འདུལ་བ་རྒྱ་མཚོ་མཐའ་ཡས་ཏེ། ཐེག་པ་ཀུན་གྱི་ཞེ་འདོད་སོ་སོར་འབྱེད་པ་འདོད་པ་རྒྱ་མཚོ་མཐའ་ཡས་འབྲལ་བ་མེད་ཅིང་འབྲེལ་པ་མེད་པ། འབྲེལ་པ་མེད་ཅིང་འབྲེལ་བ་མེད་པ། དེ་རྣམས་ཐམས་ཅད་ཀྱི་བཅུད་བསྡུས་པ་གདམ་ངག་རྒྱ་མཚོ་མཐའ་ཡས་ལས་འཕྲོས་པ་ཟབ་ཆོས་རྒྱ་མཚོ་མཐའ་ཡས་དང་། དེ་རྣམས་ཀུན་གྱི་འབྲས་བུ་རྟོགས་པ་རྒྱ་མཚོ་མཐའ་ཡས་ཀུན་ལ་ཁྱབ་པའོ། །རིག་པ་རྒྱ་མཚོ་མཐའ་ཡས་ཞོར་ལ་སྟོན། འདི་རྣམས་ཐམས་ཅད་གཅིག་རྒྱབ་གཅིག་གིས་སྐྱོང་བ་སྟེ། འདི་རྣམས་ཀྱི་སྒྲ་དོན་ཐམས་ཅད་སོ་སོར་གོ་ཞིང་རྟོགས་པར་བྱ་བའི་སྒོམ་ཆེན་པའི་ཆོས་ཡིན་པའི་ཕྱིར་ན། སྒྲ་གཙོ་བོར་མི་བྱ་ཞིང་དོན་

(༤༧༠)གཙོ་བོར་བྱེད་པ་སྟེ། རྟོགས་པ་རྒྱ་མཚོ་རབ་འབྱམ་མཐའ་ཡས་པ་རྟོགས་པར་བྱའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་བསགས་དང་རྟོགས་པ་ཡི། །བསོད་ནམས་རྒྱ་ཆེན་མཐའ་ཡས་དེས། འགྲོ་དྲུག་སེམས་ཅན་མ་ལུས་པ། །སངས་རྒྱས་རང་ལ་མྱུར་རྟོགས་ཤོག །བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་ཕུན་སུམ་ཚོགས་པ་རྒྱ་མཚོ་མཐའ་ཡས་གསལ་བྱེྱད་སྒྲོན་མ་གཞུང་གི་ཡིག་སྣ་ལྟ་བུ། ཐེག་པ་རིམ་པ་དགུའི་དམར་ཁྲིད་སྒོམ་ཆེན་པ་རྣམས་ཀྱི་གདམ་ངག་རྒྱ་མཚོ་ལྟ་བུ་རྫོགས་སོ།། །།དགེའོ། །ཅིག་ཞུས།

(༢༢༡)ནས་ལོངས་སྤྱོད་རྒྱ་ཆེན་པོ་མྱོང་བ་ནི་དྲན་པ་ཉེ་བར་བཞག་པའི་ལུང་ལས། །བསམ་གཏན་བཞི་དག་བསྒོམ་ཤིང་མཐར་ཕྱིན་པའི་གཟུགས་ཁམས་གནས་རིགས་བཅུ་བདུན་ལྷ་ང་རྒྱལ་ཤིན་ཏུ་ཆེ་བའི་ཕྱིར། །ལོངས་སྤྱོད་རྫོགས་པ་ཡིན་སྙམ་བྱེད། །ལོངས་སྤྱོད་རྫོགས་དང་ཆ་ལུགས་མཐུན། །ནམ་ཞིག་ཏིང་ངེ་འཛིན་ཡལ་བ་ན། །བསོད་ནམས་ཚོགས་བསགས་ཟད་པའི་དུས། །འཇིགས་དང་མྱ་ངན་ཆེན་པོ་སྐྱེ། །ཡར་འཕོ་མར་འཕོ་གཉིས་ཀ་བྱེད། །ཅེས་གསུངས་སོ། །གཟུགས་ཁམས་གནས་རིས་བཅུ་བདུན་གྱི་ལྷ་འདི་རྣམས་ཀྱང་། རིགས་མཐུན་པ་རྣམས་གནས་གཅིག་ན་སྐྱེ་བ་སྟེ། བསམ་གཏན་གྱི་བྱེ་བྲག་དང་བསོད་ནམས་ཀྱི་ཚོགས་རྒྱ་ཆེ་ཆུང་བསགས་པའི་རིམ་པ་ཡིས་གཟུགས་ཁམས་གནས་རིས་བཅུ་བདུན་དུ་བྱུང་བ་སྟེ། །བསམ་གཏན་ཉམས་སུ་མྱོང་བའི་འོད་ཀྱི་ལུས་དང་། །གནས་དང་གྲོགས་དང་ཚེ་ཕུན་སུམ་ཚོགས་པ་དང་། །རང་བཞིན་བསོད་ནམས་བསགས་པའི་ལས་ལས་གྲུབ་པའི་སྣང་བ་ཕུན་སུམ་ཚོགས་པ་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པ། །སྲིད་པ་གསུམ་གྱི་བར་པ། །གཟུགས་ཁམས་ཀྱི་ལྷ་འདི་རྣམས་ཀྱང་བདེ་བ་བསམ་གྱིས་མི་ཁྱབ་པ་ཡོད་པར་འདུག་པ་དེ་ཡང་ཟག་བཅས་ཀྱི་ཏིང་ངེ་འཛིན་དང་། བསོད་ནམས་ཀྱི་ཚོགས་ཆ་མཉམ་དུ་རྫོགས་པའི་འབྲས་བུ་སྟེ། །འདི་ཡང་ནམ་ཞིག་འཇིགས་པའི་དུས་ཚོད་ཡོད་པའི་ཕྱིར་ན་སྲིད་པ་བར་མའི་འཇིག་རྟེན་གྱི་ཁམས། བདེ་བ་སྤྱོད་པ་འོད་ཀྱི་གནས། །འོག་མིན་གྱི་གནས་མན་ཆོད་དང་། །ཚངས་རིས་ཀྱི་ལྷ་ཡན་ཆོད་ཀྱི་བར་དུ་འཇིག་པ་དང་། །རྟེན་པ་གཉིས་ཀྱི་ཚུལ་དུ་སྣང་སྟེ། འོད་ཀྱི་གཞལ་ཡས་ཀྱི་ཁང་དང་། །འོད་ལྟ་བུའི་ཞིང་ཁམས་ལ་འོད་ལྟ་བུའི་ལུས་

(༢༢༢)ཅན་གྱི་ལྷ་དང་ལྷ་མོའི་ཚོགས་རྣམས་བརྟེན་པ་སྟེ། །དེ་ལྟ་བུར་སྐྱེ་བའི་རྒྱུ་ཡང་མ་རིག་པའི་དབང་གིས་བསམ་གཏན་བཞིའི་ཏིང་ངེ་འཛིན་གྱི་གནས་ལ་དགའ་ཞིང་། །འདོད་ཡོན་རྣམ་པ་སྣ་ཚོགས་པ་སྤྱོད་པའི་ཡུལ་རྣམས་འདོད་པའི་ཕྱིར་ན་སྲིད་པ་བར་མའི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བ་ཡང་གནས་ལ་དགའ་ཞིང་ཡུལ་རྣམས་འདོད་པའི་རྒྱུ་འབྲས་ཀྱིས་གཟུགས་ཁམས་གནས་རིགས་བཅུ་བདུན་དུ་འདོད་པ་ཡིན། །གཟུགས་མེད་སྐྱེ་མཆེད་མུ་བཞིར་སྐྱེ་བའི་རྒྱུ་ཡང་། །རྐྱེན་གང་ཡིན་སྙམ་ན། །རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲིབ་ཤིང་། རྐྱེན་རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམ་པར་འཇུག་ཅིང་། །བསོད་ནམས་ཀྱི་ཚོགས་ཆ་མཉམ་དུ་བསགས་པའི་རྐྱེན་གྱིས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། །ཅུང་ཟད་མེད་པའི་སྐྱེ་མཆེད་དང་། །འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་གྱི་བར་དང་། གཟུགས་མེད་སྐྱེ་མཆེད་མུ་བཞིར་སྐྱེ་བའི་རྒྱུ་དང་རྐྱེན་དང་ལས་དང་ཏིང་ངེ་འཛིན་དང་འབྲས་བུ་ཡོངས་སུ་གྲུབ་པ་དང་། །སྲིད་པའི་རྩེ་མོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་སྟེ། །སྙམ་བྱེད་ཡིད་ཀྱི་གནས་ལ་ཡིད་ཀྱི་ལུས་ཅན་རྣམས་བརྟེན་པ་སྟེ། །མི་རྟག་ཅིང་མི་རྟན་ལ། སྟེང་འོག་ཀུན་དུ་ཁྱབ་ཅིང་ཡོད་པའི་ཕྱིར་རོ། །གནས་ཕྱོགས་གཅིག་པའི་ངེས་པ་མེད། །སྲིད་པ་གསུམ་དུ་རྟོགས་པ་ལས། །འདི་བཞི་བས་ཚེ་རིང་བ་མེད་པའི་ཕྱིར་ན། །ལྷ་ཚེ་རིང་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །ལས་བརྒྱ་པའི་ལུང་ལས་ཀྱང་། །གཟུགས་མེད་ཁམས་ཀྱི་ཡིད་ལུས་ཀྱང་། །འཆི་མེད་ཆོས་སྐུ་རྟོགས་སྙམ་བྱེད། །ནམ་ཞིག་ཏིང་འཛིན་ཡལ་བ་དང་། །བསོད་ནམས་ཚོགས་ཀྱང་འགྲིབ་དུས་སུ། །ལོག་ལྟ་

(༢༢༣)ཐེ་ཙོམ་ཟ། །ཡར་འཕོ་མར་འཕོ་གཉིས་ཀ་འབྱུང་། །ཞེས་གསུངས་པའི་དོན་ཡང་། ཡིད་ལ་ཅུང་ཟད་བྱེད་པ་བཞི་དང་མ་བྲལ་བའི་ཕྱིར་ན། འཆི་བ་དང་འཕོ་བ་དང་ལྷུང་བའི་འཇིགས་པ་མང་པོ་འབྱུང་བ་སྟེ། །སྙམ་བྱེད་ཆ་ཕྲའུ་རེ་རེས་ཀྱང་སྲིད་པའི་རྩེ་མོར་ལྷུང་བ་སྟེ། །སྐྱེ་མཆེད་མུ་བཞིའི་རྒྱུ་འབྲས་སོགས། །ལྷན་ཅིག་སྐྱེས་པའི་མ་རིག་པ་ཆ་ཕྲ་བུས་བསྒྲིབས་ཤིང་། །གཟུགས་མེད་བཞི་དང་རྣམ་ཐར་བརྒྱད་ལ་སྙོམས་པར་འཇུག་ཅིང་གནས་པར་རྒ་བའི་ཕྱིར་བསོད་ནམས་ཀྱི་ཚོགས་དང་སྙམ་བྱེད་ཀྱི་འཇིག་པ་བྲལ་དོགས་པའི་རྐྱེན་གྱི། ཡུལ་དང་ཡུལ་ཅན་རྣམས་ལ་དགའ་བའི་ཕྱིར་གཟུགས་མེད་སྐྱེ་མཆེད་མུ་བཞི་ཡང་། གནས་ལ་དགའ་ཞིང་ཡུལ་རྣམས་འདོད་པའི་རྒྱུ་དང་འབྲས་བུ་སྟེ། །སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱང་སྐྱེ་གནས་བཞི་རུ་འདུས་པ་སྟེ། །རྫུས་ཏེ་སྐྱེས་པ་དང་། །དྲོད་གཤེར་ལས་སྐྱེས་པ་དང་། །སྒོ་ང་ལས་སྐྱེས་པ་དང་། །མངལ་ལས་སྐྱེས་པ་དང་། །བར་དོ་འཁྱམས་པ་དང་ལྔར་བཞེད་པ་ཡིན། །མདོ་སྡེ་ལས་བརྒྱ་པའི་ལུང་ལས། །ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པའི་དོན་ཡང་འགྲོ་བ་རིགས་དྲུག་གང་དང་གང་དུ་སྐྱེ་བ་ཡིས། །ལས་དང་ལས་ཀྱི་རྣམ་པར་སྨིན་པ་དཀར་བ་དང་ནག་པའི་རྒྱུ་ཅི་ལྟར་ཡོད་པ་བཞིན་དུ་ནམ་ཡང་ཆུད་མི་ཟ་བར་རྒྱུ་རྐྱེན་འཛོམ་པའི་དུས་རིགས་དྲུག་སོ་སོའི་གནས་སུ་སྐྱེ་ཞིང་། །བདེ་བ་དང་སྡུག་བསྔལ་མྱོང་བ་སྟེ། །འབྲས་བུ་སྣ་ཚོགས་སུ་སྨིན་པར་འགྱུར་བའི་ཕྱིར་ན། ཁམས་གསུམ་པ་ཞེས་བྱ་བ་དེ། །རྒྱུ་མ་རིག་པ་ལས་བྱུང་། རྐྱེན་ལས་དགེ་སྡིག་གིས་

(༢༢༤)བསྐྱེད་པ་སྟེ། །ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པའི་མདོ་ལས། །ཅི་ལྟར་ཡིད་ལ་བྱེད་པ་སྣ་ཚོགས་ཡོད་ཀྱི་བར། །ལུས་ཅན་སྣ་ཚོགས་འབྱུང་བར་འགྱུར། །ཅི་ལྟར་ཡིད་ལ་མི་བྱེད་ཅིང་གནས་ལུགས་བདེན་པ་མཐོང་ལགས་ན། །ལུས་ཅན་འབྱུང་བར་གང་ན་འགྱུར། །ཞེས་གསུངས་པའི་དོན་ཡང་། །ཡིད་ལ་བྱེད་པ་ཐམས་ཅད་འཁོར་བའི་རྒྱུ་འབྲས་ཡིན། །ཡིད་ལ་མི་བྱེད་ཅིང་གནས་ལུགས་དོན་དམ་པའི་བདེན་པ་མཐོང་བ་སངས་རྒྱས་རྣམས་ཀྱི་previous hit དགོངས next hit་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ན་འཁོར་བ་དང་མྱ་ངན་ལས་འདས་པའི་ས་མཚམས་དེ་ཡིད་ལ་བྱེད་པའང་མི་བྱེད་པ་འདི་གཉིས་ཀྱི་བར་ན་ཡོད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ལས། །ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། དཀར་པོ་ཆོས་ལ་དམིགས་པའང་དེ་འདྲར་རྒྱལ་བས་གསུངས། །ཞེས་པའི་དོན་ནི། །བཟང་རྟོག་སྣ་ཚོགས་ཀྱི་སྒོ་ནས་ཡིད་ལ་བྱེད་ཅིང་དམིགས་པའི་དུ་ཤེས་ཀྱིས་བསོད་ནམས་ཀྱི་ཚོགས་རབ་འབྲིང་ཐ་མ་རྒྱ་ཆེན་པོ་བསགས་པ་དང་། མཐོ་རིས་གནས་གསུམ་དུ་སྐྱེ་བའི་རྒྱུ་ཡིན། །དེ་ཡང་འཇིག་རྟེན་ལས་མི་འདའ་བའི་ཕྱིར་ན་དུག་ཟོས་རྩད་སྲོག་དང་བྲལ་བར་བྱེད་པ་བཞིན་ནོ། །བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་སྲོག་དང་ཕྲལ་ནས་མཐོ་རིས་གནས་གསུམ་དུ་ལྟ་བུ། འབར་བྱེད་སའི་ཕྱིར་ན་ངན་སོང་དུ་མ་ལྷུང་ཡང་འཁོར་བ་ལས་མ་འདས་པའི་ཕྱིར་ན་ཡིད་ལ་བྱེད་པ་ལྟུང་བ་འབྱུང་བའི་རྒྱུ་ཡིན། །ཞེས་པའི་དོན་ཡང་འདི་ལ་previous hit དགོངས next hit་ཡིན། །ངན་པའི་རྟོག་པ་རྣམ་པ་སྣ་ཚོགས་པ་ཡིད་ལ་བྱེད་ཅིང་མི་དགེ་བ་རྒྱུན་ཆད་མེད་པར་སྒྲུབ་དེ། །ངན་སོང་གསུམ་དུ་སྡུག་བསྔལ་བསྐྱེད་པར་བྱེད་པའི་རྒྱུ་དང་རྐྱེན་དང་

(༢༢༥)སྲོག་ཡིན་ཏེ། །ཡིད་ལ་བྱེད་པ་དཀར་ནག་གཉིས་ཀྱིས་མཐོ་རིས་དང་ངན་སོང་གི་བདེ་སྡུག་གཉིས་སྒྲུབ་པ་ཡིན། །སྤྱིར་ཁམས་གསུམ་པའི་སེམས་ཅན་འདི་རྣམས་ཐམས་ཅད་དངོས་པོ་གཤིས་ཀྱི་གནས་ལུགས། ཀུན་གཞི་ཀུན་འབྱུང་བའི་གནས་དེ་མ་རྟོགས་པའི་དོན་གྱི་ནི་དང་པོ་སྡིག་པ་སྤུ་ཙམ་མ་བྱས་ཀྱང་ཁམས་སུམ་དུ་འཁོར་བ་རྒྱུད་དྲུག་ཏུ་འཁྱམས་ཤིང་སེམས་ཅན་སྤྱི་མཐུན་གྱི་ལས་དང་གང་ཟག་སྒོ་ཙན་གྱི་ལས་ཀྱིས་རྒྱ་ཆེ་བའི་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་རྟེན་དང་བརྟེན་པའི་ཚུལ་དུ་གནས་ཤིང་ཆགས་པ་དང་། །ནང་བཅུད་ཀྱི་སེམས་ཅན་རང་རང་གི་ལུས་སེམས་གཉིས། །རྟེན་དང་བརྟེན་པའི་ཚུལ་དུ་གནས་ཏེ། །དེ་ལྟར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུས་པ་ལས། །མཁའ་ལ་རླུང་རྟེན་དེ་ལ་ཆུ་ཡི་ཕུང་པོ་རྟེན། །དེ་ལ་ས་ཆེན་འདི་རྟེན་དེ་ལ་འགྲོ་བ་འདི་དག་བརྟེན། །སེམས་ཅན་ལས་ལ་སྤྱོད་པའི་རྒྱུ་ནི་འདི་འདྲ་སྟེ། །ཞེས་པ་དང་། རྟ་མགྲིན་རྣམ་པ་བཀོད་པའི་བཞེད་ཀྱིས་ཀྱང་ནི། །ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་དང་། ནང་བཅུད་ཀྱི་འགྲོ་བ་འདི་རྣམས་ཀྱང་། །སྟེང་ནས་མར་ལ་ཆགས་པར་འདོད་པ་སྟེ། །ཆུ་མར་ལ་བྲི་བའི་རླབས་ཀྱི་རིམ་པ་ལས། །ལྷ་གནས་མན་ཆོད་རིམ་གྱིས་ཆགས་པར་འདོད་པ་ཡིན། །དྲན་པ་ཉེ་བར་བཞག་པའི་དབང་དུ་བྱས་ན་སེམས་ཅན་སྤྱི་མཐུན་གྱི་ལས་ཀྱིས་འདོད་ཁམས་གནས་རིགས་ཉི་ཤུ་མན་ཆད་དེ་ཐམས་ཅད་རང་གི་རང་སྣང་གིས་ཕྱི་གནོད་ནང་བཅུད་བཟང་ངན་ཐམས་ཅད་ཀུན་དུས་གཅིག་ལ་ཆགས་པར་འདོད་པ་ཡིན། །འཇིག་རྟེན་བསྟན་པ་དང་བཞག་པའི་ལུགས་ཀྱིས། །དེ་ལ་སྣོད་ཀྱི་འཇིག་རྟེན་གྱིས། །གནས་པར་འདོད་པའི་འོག་དག་གི། །རླུང་གི་དཀྱིལ་འཁོར་རྔམས་སུ་ནི། །ས་ཡ་དྲུག་འབུམ་གྲངས་མེད་དོ། །ཆུ་རྔམས་འབུམ་ཕྲག་བཅུ་གཅིག་དང་། །སྟོང་

(༢༢༦)ཕྲག་གསུམ་དང་བརྒྱ་ཕྲག་ནི། །ཕྱེད་དང་ལྔ་རྣམས་ཁོ་ནའོ། །ཕྱིས་ནི་རྔམས་སུ་འབུམ་ཕྲག་བརྒྱད། །ལྷག་མ་དག་ནི་གསེར་དུ་འགྱུར། །དབུས་ཀྱི་རི་བོ་མཆོག་རབ་ནི། །དཔག་ཚད་འབུལ་དང་དྲུག་ཁྲི་སྟེ། །གླིང་བཞི་གླིང་ཕྲན་བཅས་པ་དང་། །ལྕགས་རི་མུ་ཁྱུད་གཅིག་གིས་བསྐོར། །ཚད་རྣམས་རྒྱས་པར་གསུངས་པ་ཡང་། །ཕྱི་སྣོད་ཀྱི་འཇིག་རྟེན་སྐད་པ་དེ། །ནང་བཅུད་ཀྱི་འགྲོ་བ་སེམས་ཅན་རྣམས། །འོད་གསལ་ལྷ་ཡི་རིགས་ལས་ནི། །རིམ་གྱིས་མར་ལ་འགྲོ་བར་བཞེད། །ནམ་མཁའ་ཞེས་པ་ནི་སྲིད་པ་འབྱུང་བའི་ནམ་མཁའ་སྟེ། །གང་དང་གང་གིས་ཀྱང་མ་བྱས་པར་རྒྱུ་དང་རྐྱེན་གྱིས་མ་སྐྱེད་ཅིང་། །སྟེང་འོག་ཕྱོགས་མཚམས་ཀུན་དུ་ཁྱབ་པ། དངོས་པོ་དང་མཚན་མར་མ་གྲུབ་ཅིང་རྟེན་གང་ལ་ཡང་མ་བཅས་པར་དེ་ནི་སྟོང་པ་ཉིད་ཕྱལ་ཆད་ཀྱི་ནམ་མཁའ་ཞེས་བྱ་བ་ཡིན། །རླུང་ཞེས་བྱ་བ་ནི་སྲིད་པ་འབྱུང་བའི་རླུང་། །དེ་ཡང་རྣམ་པ་བརྟེན་ཞིང་གཡོ་འགུལ་མེད་པའི་རླུང་དང་ཕྱོགས་ཀུན་ཏུ་ཁྱབ་ཅིང་རྒྱུ་བའི་རླུང་སྟེ་འོག་གི་ཕྱོགས་ན་གནས་པའི་རླུང་རྡོ་རྗེ་རྒྱ་གྲམ་དེ་བརྟེན་ཞིང་གཡོ་འགུལ་མེད་པ། རྔམས་སུ་དཔག་ཚད་ས་ཡ་དྲུག་འབུམ་གྲངས་པ། །མཐའ་སྐོར་དུ་ཚད་ཞལ་དུ་མེད་ཅིང་དཔག་ཏུ་མེད་པའོ། །དེའི་སྟེང་ན་ཆུ་ཡི་དཀྱིལ་འཁོར་ཆེན་པོ་རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་། །སྟོང་ཕྲག་གསུམ་དང་བརྒྱ་ཕྲག་དག །ཕྱེད་དང་ལྔ་རྣམས་ཁོ་ནའོ། །དབང་ཆེན་གསེར་གྱི་ས་གཞི་ལ་དཔག་ཚད་འབུམ་ཕྲག་བརྒྱད་དང་། ལྷག་མ་རྣམས་ནི་ཞེས་བྱ་བ་ནི་སའི་ཁམས་རྣམས་ཡིན། །ཀུན་ཏུ་གཡོ་བར་བྱེད་པའི་རླུང་གིས་རྒྱ་མཚོ་བསྲུབས་པའི་སྲིས་མ་ལྟ་བུ་སྟེ། །གསེར་དང་རིན་པོ་ཆེ་སྣ་ཚོགས་དང་ས་རྡོ་རྣམས་ཡིན་གསུངས་པ་ཡང་འདུག །རི་བོ་མཆོག་

(༢༢༧)རབ་ལ་དཔག་ཚད་འབུམ་དང་དྲུག་ཁྲི་ཡོད་པ་ལས། །དྲུག་ཁྲི་ཆུ་ལ་མར་ནུབ་ཅིང་འབུམ་ཡར་མངོན་པ་ཡིན་པར་འདོད་པ་ཡིན། །རི་རབ་ཀྱི་ཁོང་བསེང་ནས་དཔག་བསམ་གྱི་ཤིང་ལྗོན་པ་སྐྱེས་པ་སྟེ། །རྩ་བ་དབང་ཆེན་གསེར་གྱི་ས་གཞི་ལ་ཟུག་ཅིང་། །རྩེ་མོ་དང་ལོ་འདབ་རྣམས་སུམ་བཅུ་རྩ་གསུམ་ན་ཡར་ཐོན་པ་ཡིན་པར་བཞེད། །གླིང་བཞི་གླིང་ཕྲན་བརྒྱད་དང་། གསེར་གྱི་རི་བདུན་རོལ་པའི་མཚོ་བདུན་དང་། །ཕྱི་ལྕགས་རི་མུ་ཁྱུད་གཅིག་གིས་བསྐོར་བ་དེ་གླིང་བཞི་རི་རབ་དང་བཅས་པ་གཅིག་གཏན་ལ་ཕབ་པའི་ཕྱིར་ན། །ཉི་མ་དང་ཟླ་བ་གཟའ་དང་སྐར་མ་རྣམས་ཀྱིས་རི་རབ་ལ་བསྐོར་བའི་ཚུལ་དུ་ཡོད་པ་ཡིན། །རི་རབ་ཀྱི་ལོགས་བཞི་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་ནི་ཤར་ཤེལ་ལས་གྲུབ། །ལྷོ་བཻ་ཌཱུརྱ། ནུབ་པདྨ་ར་ག །བྱང་ཨིན་དྲ་ནི་ལའོ། །རིན་པོ་ཆེ་སྣ་བཞི་ཡི་འོད་རྒྱ་མཚོ་ལ་ཕོག་པས། །རྒྱ་མཚོའི་འོད་ཀྱིས་གླིང་བཞི་ན་ནམ་མཁའ་ལ་ཁ་དོག་བཞིར་སྣང་ཞིང་རི་རབ་ཀྱི་རྩེ་མོ་ན་ནམ་མཁའི་འོད། །འོད་འཁོར་ལོ་རྩིབས་བཞི་པ་ལྟ་བུར་སྣང་བའི་ཕྱིར་ན། །དབུས་ཀྱི་ནམ་མཁའ་ཁ་དོག་སྣ་ཚོགས་སུ་སྣང་བའི་དོན་ཡང་དེ་ཡིན། །འཇིག་རྟེན་བསྟན་བཞག་དང་། །རྟ་མགྲིན་གནམ་ས་བཀོད་པ་དང་གསུམ་ལས་ཡར་ཆགས་པ་དང་། །མར་ཆགས་པ་དང་གཉིས་སུ་བཞེད་པ་སྟེ། །ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གྱི་ཆགས་ལུགས་དང་། ཚེ་ཚད་ལུས་ཚད་བསོད་ནམས་ཀྱི་ཚད་ལ་སོགས་པ་རྣམས་རྒྱས་པར་ཤེས་པར་འདོད་ན། །རྟ་མགྲིན་གནམ་ས་བཀོད་པ་དང་། །འཇིག་རྟེན་བསྟན་བཞག་དང་། །ཁམས་གསུམ་པ་དགུ་དང་གསུམ་ལ་བསླབས་པར་བྱའོ། །གླིང་བཞི་རི་རབ་འཁོར་ཡུག་དང་བཅས་པ་གཅིག་ནས་གཉིས་སུ་བརྩིས་པའི་བྱེ་བ་ཕྲག་བརྒྱ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱ་བ་ཡིནདེ་སྤྲུལ་པའི་སྐུ་ཆེན་པོ་གཅིག་གི་ཞིང་ཁམས་ཡིན། །སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གཅིག་ནས་གཉིས་སུ་བརྩིས་པའི་བྱེ་བ་ཕྲག་བརྒྱ་སྟེ། །གཞི་སྙིང་པོ་མེ་ཏོག་འདྲ་བས་བརྒྱན་པའི་འཇིག་རྟེན་དང་ཞིང་ཁམས་

(༢༢༨)བྱ་བ་ཡིན། །དེ་ལོངས་སྤྱོད་རྫོགས་པའི་སྐུ་ཆུང་ངུན་གྱི་ཞིང་ཁམས་བྱ་བ་རྣམ་པར་སྣང་མཛད་རྒྱན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་བཞེད་པ་ཡིན། དེ་ལྟ་བུ་གཅིག་ནས་གཉིས་སུ་བརྩིས་པའི་བྱེ་བ་ཕྲག་བརྒྱ་དེ་ལོངས་སྤྱོད་རྫོགས་པའི་སྐུ་ཆེན་པོ་རྣམ་པར་སྣང་མཛད་གངས་ཆེན་མཚོ། །འཇམ་དཔལ་སྐུ་ཡི་ལྷ་ཚོགས་དང་ཐ་དད་མེད་པའི་ཞིང་ཁམས་ཡིན། །དེ་ལྟ་བུའི་རྟེན་དང་བརྟེན་པ་འདི་རྣམས་བསམ་གྱིས་མི་ཁྱབ་ཅིང་དཔག་ཏུ་མེད་པ་དེ་འཁོར་བ་དང་མྱ་ངན་ལས་འདས་པའི་ཞིང་ཁམས། །སངས་རྒྱས་རྣམས་ཀྱི་ཐུགས་རྗེ་དང་བྱིན་གྱིས་རླབས་དང་། །སེམས་ཅན་རང་རང་གི་སྤྱི་མཐུན་གྱི་ལས་ཀྱི་ཆགས་པ་སྟེ། །དེ་ལ་སེམས་ཅན་གྱི་གནས་འཇིག་རྟེན་གྱི་ཁམས་རྣམས་འཇིག་པ་དང་ཆགས་པ་དང་། །སྟོངས་པ་དང་གསུམ་ཡུན་རིང་ཐུང་མཉམ་པར་བཞེད་པ་ཡིན་པ་ལས། །ཁ་ཚོན་གཅིག་ཏུ་བཅད་དུ་མི་བཏུབ་པས། །འཇིག་རྟེན་བསྟན་པ་དང་འཇིག་རྟེན་བཞག་པ་དང་། །རྟ་མགྲིན་གནམ་ས་བཀོད་པ་དང་། །དྲན་པ་ཉེར་བཞག་དང་། ལས་རྒྱ་པ་དང་། །བཞི་ལ་མཐུན་མི་མཐུན་ཅུང་ཟད་ཙམ་རེ་ཡོད་པའི་ཕྱིར་ན་མདོ་སྡེ་དེ་རྣམས་ལ་ལྟ་རྟོག་ཞིབ་ཏུ་བྱས་ན། །ཐམས་ཅད་གོ་ཞིང་ཤེས་པར་འགྱུར་བ་ཡིན་པས་འདི་རུ་རྒྱས་པར་མ་བཀོད་དོ། །མདོ་ཙམ་བསྟན་པའོ། །དེ་དབང་པོ་ཐ་མའི་སེམས་ཅན་རྣམས་ཀྱིས་སྡིག་པ་སྤུ་ཙམ་མ་བྱས་ཀྱང་། །རང་གིས་རང་མ་རིག་ཅིང་ཁམས་གསུམ་འཁོར་བའི་གནས་སུ་འཁྱམས་པའི་འཁྱམས་ལུགས་བསྟན་པའོ། །རྒྱུད་ཀྱི་ནང་ནས་མ་རྟོགས་པ་དང་ཞེས་པའི་དོན་ནི་གཞི་ལམ་འབྲས་བུ་གསལ་བར་བྱས་པ་སྟེ། །ཕ་རོལ་ཏུ་ཕྱིན་པའི་ནང་ན་ཡང་བཅོམ་ལྡན་འདས་ཀྱི་ཞལ་ནས་ཀྱང་། དམྱལ་བ་ལ་སོགས་པའི་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ཀྱི་རྒྱུ་ཤེས་པར་བྱའོ། །ལམ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་

(༢༢༩)བྱའོ། །དེ་ལྟར་རྒྱུ་ལམ་འབྲས་བུ་ཤེས་ནས་རྒྱུ་ལས་བཟློག་པར་བྱའོ། །ལམ་ལས་ཀྱང་བཟློག་པར་བྱ། འབྲས་བུ་ལས་ཀྱང་བཟློག་པར་བྱའོ། །དེ་ལྟར་འགྲོ་བ་རིགས་དྲུག་གི་རྒྱུ་འབྲས་གང་ལ་ཡང་གནས་པར་བྱའོ། །ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། ཆོས་ཀྱི་ཕུང་པོ་དཔག་ཏུ་མེད་པར་གསུངས་པ་དེ་ཁམས་གསུམ་པའི་སེམས་ཅན་རྣམས་ཀྱི་ལས་དང་ཉོན་མོངས་པ་དང་། །ཉེ་བའི་ཉོན་མོངས་པ་དང་། ཞེན་པ་དང་འཛིན་པ་མཐའ་དག་ལས་བཟློག་པ་དང་། །སྟོང་པ་ཉིད་དུ་བཤིག་པའི་དོན་དུ་གསུངས་previous hit ་ཡིན། རྗེ་ཆེན་པོ་ནཱ་རོ་པའི་བཞེད་དགོངས next hit་ཀྱིས། །སེམས་དངོས་པོ་བཤིས་ཀྱི་གནས་ལུགས་ཀྱི་ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲིབས་ཤིང་གནས་པ་ལས། །དེ་ལ་དང་པོར་གཞི་རྟོགས། །ལམ་རྟོགས། འབྲས་བུ་རྟོགས་ནས་མངོན་པར་རྫོགས་པར་སངས་རྒྱས་པར་བཞེད་པ་ཡིན། རྗེ་ཆེན་པོ་མཻ་ཏྲི་ཡི་བཞེད་པས། རྒྱུ་སེམས་ཀྱི་གནས་ལུགས་གྲོལ། །ལམ་གྲོལ་འབྲས་བུ་གྲོལ་ནས། དེ་གསུམ་གཅིག་ཏུ་རྟོགས་ཤིང་སངས་རྒྱས་པར་བཞེད་པ་ཡིན། །རྗེ་དགས་པོ་ལྷ་རྗེ་ཡིས། །དངོས་པོ་གཤིས་ཀྱི་གནས་ལུགས་དང་མ་རིག་པ་གཉིས་ལྡན་གཅིག་སྐྱེས་པའི་ཕྱིར་ན། །གཞི་མ་སྤངས་ལྷུན་གྱིས་གྲུབ་པར་རྟོགས་ཤིང་། ལམ་སྣང་སྲིད་འཁོར་འདས་ཀྱི་ཆོས་སྤོང་ལེན་དང་དགག་སྒྲུབ་མེད་པར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྩལ་རྫོགས་ཤིང་འབྲས་བུ་སྤངས་པ་དང་ཐོས་པ་མེད་པར་གཞི་ལམ་འབྲས་གསུམ་དབྱེར་མེད་ཅིང་། དངོས་པོ་གཤིས་ཀྱི་གནས་ལུགས་རང་ས་ཟིན་ཞིང་། སྐུ་ལྔ་ཡོངས་སུ་རྫོགས་པའི་སངས་རྒྱས་དེ་རང་ཉིད་ཡིན་པར་བཞེད་པ་ཡིན། དེའི་ཕྱིར་ན། རྒྱ་འདའ་ཀ་ཡེ་ཤེས་ཀྱི་མདོ་ལས་ཀྱང་། རང་སེམས་རྟོགས་ན་སངས་རྒྱས་གཞན་ནས་མ་འཚོལ་ཅིག །ཞེས་པའི་དོན་ཡང་འདི་འདྲ་ཡི་དོན་ལ་previous hit དགོངས next hit

(༢༣༠)ཡིན། །དེ་ཡི་ཕྱིར་ན་མ་འོངས་པའི་གདུལ་བྱ་རྣམས་ཀྱིས་ཀྱང་། ཁམས་གསུམ་པའི་སེམས་ཅན་འབྱུང་བའི་རྒྱུ་དེ་རང་གི་སེམས་ཡིན་པའི་ཕྱིར་ན་དངོས་པོ་གཤིས་ཀྱི་གནས་ལུགས་རྟོགས་ནས་འཁོར་བའི་རྒྱུ་ཆོད། །ལམ་ལོག་པ་ཆོད། །ཉོན་མོངས་པ་བརྒྱད་ཁྲི་བཞིའི་སྟོང་ཆོད། །འབྲས་བུ་འཁོར་བའི་སྡུག་བསྔལ་སྣ་ཚོགས་ཆོད་ནས་ཕྱག་རྒྱ་ཆེན་པོ་ཆོས་སྐུ་དྲི་མ་མེད་པ་ཉག་གཅིག་ཏུ་རྟོགས་པ་མཐར་ཕྱིན་པ་ལ་འཁོར་བའི་སེམས་ཅན་དང་སྡུག་བསྔལ་གྱི་མིང་ཡང་མེད་པ་ཡིན་པའི་ཕྱིར་ན། །ཐམས་ཅད་ཆོས་སྐུ་འབའ་ཞིག་ཏུ་འཆར་ཞིང་། །གཟུགས་ཀྱི་སྐུ་རྣམ་པ་སྣ་ཚོགས་འགག་པ་མེད་པར་འབྱུང་བ་ནི་དཔེར་ན་ཉི་མ་དང་ཉི་མའི་འོད་ཟེར་ལྟ་བུ། །རྩོལ་བ་དང་སྒྲུབ་པ་མེད་པར་ཡུལ་དང་ཕྱོགས་མེད་པ་རང་བཞིན་ལྷུན་གྱིས་གྲུབ་པ་འབྱུང་བ་སྟེ། །གདུལ་བྱ་ཡོད་ན་གཟུགས་སྐུ་ཡང་ཡོད་པར་འགྱུར། །གདུལ་བྱ་འབྲེལ་བ་ཅན་མེད་ན་གཟུགས་སྐུ་འབྱུང་བར་ག་ན་འགྱུར། །རྟོགས་པ་ཞེས་བྱ་བའི་རྣམ་གྲངས་ནི། །ལྷན་ཅིག་སྐྱེས་པའི་མ་རིག་པ་རང་རིག་པའི་ཡེ་ཤེས་སུ་རྟོགས་པའི་ཕྱིར་ན་རྟོགས་པ་ཞེས་བྱའོ། །གཟུགས་མེད་པའི་ཁམས་ཆོས་ཀྱི་སྐུར་རྟོགས་པ་དང་། འདོད་པའི་ཁམས་སྤྲུལ་པའི་སྐུར་རྟོགས་པ་དང་། ཁམས་གསུམ་གྱི་ཕྱི་སྣོད་ནང་བཅུད་དང་བཅས་པ་ཐམས་ཅད་ངོ་བོ་ཉིད་ཀྱི་སྐུར་རྟོགས་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཕུང་པོ་ལྔ་རྒྱལ་བ་རིགས་ལྔར་རྟོགས་པ་དང་། འབྱུང་བ་ལྔ་ཡུམ་ལྔར་རྟོགས་པ་དང་། དུག་རྣམ་པ་ལྔ་ཡེ་ཤེས་རྣམ་པ་ལྔར་རྟོགས་པ་དང་། །དབང་པོ་ལྔ་སྐྱེ་མཆེད་དྲུག་རྐང་གྲངས་སུམ་བཅུར་དབྱེ་བ་དེ། །སེམས་དཔའ་བཅུ་དྲུག་དང་སེམས་མ་བཅུ་དྲུག་ཏུ་རྟོགས་པ་དང་། །རྟེན་འབྲེལ་བཅུ་གཉིས་སྐུ་གསུམ་གྱི་མཛད་པ་བཅུ་གཉིས་སུ་རྟོགས་པ་དང་། །བྱེད་པའི་སྐྱེས་བུ་བཅུ་གཉིས་ཏེ་མ་ཆགས་པདྨ་ཅན་ལ་སོགས་པ་ས་བཅུ་གཉིས་རིམ་པར་

(༢༣༡)རྟོགས་པ་དང་། །འཁོར་བའི་རྒྱུ་འབྲས་དྲུག་བཅུ་རྩ་བཞི་སྟེ། །སངས་རྒྱས་སྐུ་ལྔ་ཡི་རྣམ་འཕྲུལ་རྒྱལ་བའི་དཀྱིལ་འཁོར། གྲངས་ཅན་དང་གྲངས་མེད་དུ་རྟོགས་ཤིང་། །འཁོར་བ་དང་མྱ་ངན་གྱི་གྲོང་ཁྱེར་ཆེན་པོ་དེ་རྟོགས་པ་རབ་འབྱམ་ཐམས་ཅད་རང་རིག་པའི་ཡེ་ཤེས་ཀྱི་རང་བཞིན་ངོ་བོ་ཉིད་དུ་རྟོགས་ཤིང་འཆར་བ་དེ་ཡང་དཔལ་རྡོ་རྗེ་འཆང་གི་previous hit དགོངས next hit་ཡིན། །བྲམ་ཟེ་ཆེན་པོ་ས་ར་ཧ་དང་། །རྗེ་ཆེན་པོ་ཏཻ་ལོ་པ་དབྱེར་མེད་པའི་previous hit དགོངས next hit་གཅིག་ཏུ་འདུས་པ་ནི། པཎ་ཏྲི་ཏ་ཆེན་པོ་ན་རོ་པ་ཡིན། དེ་ཡི་སྙན་རྒྱུད་གདམ་ངག་ལ་སྐལ་བ་དང་ལྡན་པའི་གང་ཟག་གིས་དར་དྲག་ལ་ཡུན་རིང་དུ་བསྒོམ་ན་མི་ཚེ་གཅིག་ལ་ཁམས་གསུམ་འཁོར་བ་རང་བྱུང་གི་ཡེ་ཤེས་སུ་འཆར་ཞིང་རྒྱུ་ལས་མ་བྱུང་རྐྱེན་གྱིས་མ་རྐྱེད་པའི་རྟོགས་པ་རབ་འབྱམ་འཆར་དུ་བཏུབ་པ་ཡིན། དེ་ཡི་ཕྱིར་ན་འཇམ་དཔལ་མཚན་བརྗོད་ཀྱི་ལུང་ལས་ཀྱང་། སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོ་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཅེས་གསུངས་པའི་དོན་ཡང་འདི་ལྟ་བུ་ལ་previous hit དགོངས next hit་ཡིན། མ་རྟོགས་པའི་སེམས་ཅན་རྣམས་རང་བྱུང་ཡེ་ཤེས་རྟོགས་པ་རབ་འབྱམ་གྱི་ཁྲི་གདུགས་ཤར་བས་མ་རིག་པའི་མུན་པ་རྣམས་རང་སངས་པའི་དམར་ཁྲིད་ཆོས་ཀྱི་སྐུ་ཡི་བྱིན་རླབས་འགྲོ་བ་རིགས་རྣམ་པ་ལྔ་སངས་རྒྱས་སྐུ་ལྔར་རྟོགས་པའི་བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་སྒྲ་དང་དོན་ཤན་འབྱེད་པའི་བར་སྐབས་དང་པོ་ལགས་སོ། །ཁམས་གསུམ་པའི་སེམས་ཅན་རྣམས་དབང་པོ་ལྔས་བསྡུས་པའི་འཁྲུལ་སྣང་དྲུག་བཅུ་རྩ་བཞི་སོ་སོར་སྣང་ཞིང་འཁོར་བའི་རྒྱུ་འབྲས་ཟོ་ཆུ་ཡི་འཁོར་ལོ་ལྟ་བུར་རྒྱུན་མི་འཆད་པར་འཁོར་ཞིང་འཁྱམས་པའི་དུས་དེར་ནང་པ་སངས་རྒྱས་པའི་གྲུབ་མཐའ་

(༢༣༢)ཡང་མ་བྱུང་། །ཕྱི་པ་མུ་སྟེགས་པའི་གྲུབ་མཐའ་ཡང་མ་བྱུང་བའི་དུས་སུ་འཁོར་བ་འཁྲུལ་པ་རང་ལུགས་བྱ་བ་ཡིན། །ཤེས་རབ་སྡུད་པའི་ལུང་ལས་ཀྱང་། །མ་རིག་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད། །ཅེས་གསུངས་པའི་དོན་ཡང་དེ་ཡིན། །ཐ་མལ་པའི་སེམས་ཅན་འདི་རྣམས་ལ་previous hit དགོངས next hit་ཡིན། །དེ་ཡང་མུ་སྟེགས་ཀྱི་སྟོན་པས་འཁྲུལ་སྣང་དྲུག་བཅུ་རྩ་བཞི་འདི་རྣམས་ལ་བརྟགས་ནས་མུ་སྟེགས་ཀྱི་གྲུབ་མཐའ་ལོག་པ་སུམ་བརྒྱ་དྲུག་བཅུར་བརྒྱུར་ཞིང་། །གྲུབ་མཐའ་སུམ་བརྒྱ་དྲུག་བཅུར་འབྱུང་བ་ཡིན། །དེ་ཡང་བསྡུས་ན་གསུམ་དུ་འདུས་ཏེ། །རྟག་པར་ལྟ་བ་དང་ཆད་པར་ལྟ་བ་དང་། །གསང་བ་པ་དང་གསུམ་ཡིན། །དེ་ལ་རྒྱུད་ཀྱི་ནང་ནས་ལོག་པར་རྟོག་ཅིང་ཡང་དག་པའི་དོན་མ་རྟོགས་ནས། །དོན་དམ་འདི་ལ་ཐེ་ཙོམ་ཟ་ཞེས་པའི་ཕྱིར་ན། མུ་སྟེགས་ཀྱི་སྟོན་པས་སེམས་ཀྱི་གནས་ལུགས་ལ་བལྟས་པས་སེམས་ཀྱི་གནས་ལུགས་གཤིས་དེ་མི་འགྱུར་ཞིང་། །རྟག་ཅིང་བརྟན་ལ་ཐེར་ཟུག་ཅན་དུ་གོ་བའི་ཕྱིར་ན། །ཕྱི་སྣང་པ་ཐམས་ཅད་དང་། །སྣང་པའི་ཡུལ་ཐམས་ཅད་ཀྱང་རྟག་ཅིང་བརྟན་ལ་ཐེར་ཟུག་ཅན་དུ་ཐམས་ཅད་རྟག་པའི་གྲུབ་མཐའ་ཅན་དུ་གོ་བ་ཡིན། །སེམས་ཀྱི་གཤིས་ཅིའི་ངོ་བོར་ཡང་མ་གྲུབ་པ་སེམས་དང་སེམས་བྱུང་གི་ཆོས་གང་ཡང་མེད་པར་གོ་བའི་ཕྱིར་ན་ཕྱི་རོལ་སེམས་ཀྱི་ཡུལ་ཚོགས་དྲུག་གི་སྣང་བ་ལ་སོགས་པ་ཅི་ཡང་མེད་ཅིང་། ད་ལྟར་གྱི་ལུས་ངག་ཡིད་གསུམ་གྱི་སྣང་བ་སྣ་ཚོགས་སྐྱིད་སྡུག་ལ་སོགས་པ་འདི་རྣམས་ཐམས་ཅད་ཕྱ་དང་དབང་ཕྱུག་གིས་བསྒྲུབས་ཤིང་བྱས་པ་ཡིན། སྙམ་ཞིང་ནམ་འཆི་བའི་དུས་ན་མེ་དས་པའི་ཐལ་བ་རླུང་གིས་ཁྱེར་

(༢༣༣)བ་བཞིན་དུ་ཅི་ཡང་མེད་པར་འདོད་པ་བཞིན་དུ་མུ་སྟེགས་ཆད་པའི་ལྟ་བ་ཡིན། །སེམས་ཀྱི་གནས་ལུགས་ལས་རྟག་པ་དང་མི་རྟག་པ་དང་ཆ་གཉིས་ཅན་ཙམ་དུ་རེས་རྟག་པར་གོ། །རེས་མི་རྟག་པར་གོ་བའི་ཕྱིར་མུ་སྟེགས་གསང་བ་པ་ཞེས་བྱ། །རྟག་པ་དང་མི་རྟག་གཉི་གའི་བར་མ་སྤྱོད་ཙམ་དུ་བཞེད་པ་ཡིན། །དངོས་པོ་གཤིས་ཀྱི་གནས་ལགས་ལ་མཚན་ཉིད་འགག་པ་མེད་པ་སྣ་ཚོགས་སུ་འཕྲོ་བ་དེ་ལ་སོ་སོར་བསྟགས་པ་ཡིས་ཆ་རེ་རེ་ལ་གྲུབ་མཐའ་རེ་རེར་འཛིན་ཅིང་། རྐ་ཐུབ་དཀའ་སྤྱད་སྣ་ཚོགས་དང་བརྟུལ་ཞུགས་དུ་མའི་སྒོ་ནས་སྒྲུབ་པ་དེ་རྒྱུ་མེད་རྐྱེན་མེད་པ་མ་ཡིན། ལམ་བཟང་པོ་དང་འབྲས་བུ་བཟང་པོ་ཐོབ་དུ་རེ་ནས་སྒྲུབ་པ་ཡིན་པའི་ཕྱིར་ན་མུ་སྟེགས་པ་ཡང་ལམ་འཚོལ་བ་ཡིན་ཏེ། །དེ་ལ་སྨད་པར་མི་བྱ་ཞིང་འཇུག་པར་ཡང་མི་བྱའོ། །རྣམ་པར་སྣང་མཛད་དབང་བསྐུར་བའི་རྒྱུད་ན། མུ་སྟེགས་ཅན་ལ་སྨད་མི་བྱ། །མུ་སྟེགས་ཅན་ལ་སྨོད་བྱས་ན། །རྣམ་པར་སྣང་མཛད་རིང་བའི་རྒྱུ། །ཞེས་གསུངས་པའི་ཕྱིར་ན། ཐ་མལ་པའི་སེམས་ཅན་པས་མུ་སྟེགས་པས་ཁྱད་པར་འཕགས་པ་ཡིན། མུ་སྟེགས་ཀྱི་གྲུབ་མཐའ་དང་ལུང་རྣམས་བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་ནང་ན་གསལ་བར་བྱས་ནས་ཡོད་པའི་ཕྱིར་ན་འདིར་རྒྱས་པར་མ་བཀོད་previous hit ་ལགས་སོ། །རྗེ་བཙུན་ཆེན་པོ་ཏཻ་ལོ་པའི་དགོངས next hit་པའི་དོན་དང་། ཏེ་པུ་པའི་སྙན་རྒྱུད་ཀྱི་དབང་དུ་བྱས་ན། མུ་ཞེས་བྱ་བ་ལོགས་ན་མེད། །མུ་སྟེགས་ཀྱང་རང་གི་རྣམ་པར་འཕྲུལ་པ། །དངོས་པོ་གཤིས་ཀྱི་གནས་ལུགས་ཀྱིས་མ་ཁྱབ་པ་མེད་པའི་ཕྱིར། །མུ་སྟེགས་བྱ་བ་ཚད་མེད་གཞལ་དུ་མེད་པའི་ཕྱིར་ན་ཆོས་ཀྱི་དབྱིངས་ཞེས་བྱ་བ་ཡིན། སྟེགས་ཞེས་བྱ་བ་གྲུབ་

(༢༣༤)མཐའི་བྱེ་བྲག་སྣ་ཚོགས་པར་སྣང་ཡང་བདག་གཞན་གྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཡུལ་དང་ཡུལ་ཅན། །འཁོར་བའི་རྟེན་འབྲེལ་དང་། འདུ་བྱེད་ཀྱི་ཚོགས་ཐམས་ཅད་བྱེ་བྲག་སྣ་ཚོགས་སུ་སྣང་བ་དེ་རང་བྱུང་ཡེ་ཤེས་སུ་མ་འདྲེས་ལ་ཡོངས་སུ་རྫོགས་པར་རྟོགས་ཤིང་། །དུ་མ་སྣ་ཚོགས་སུ་སྣང་བ་དེ་གཉིས་མེད་ལྷན་ཅིག་སྐྱེས་པའི་རོ་གཅིག་ཆེན་པོར་རྟོགས་ན། །མ་རྟོགས་ཤིང་ལོག་པར་རྟོག་པ། །མུ་སྟེགས་ཀྱི་གྲུབ་མཐའ་རྣམས་ཡང་དག་པ་ཆོས་ཀྱི་སྐུ་དྲི་མ་མེད་པ་ཉག་གཅིག་ཏུ་རྟོགས་པའི་ཕྱིར་ན། །རྟོགས་ཤིང་གོམས་འདྲིས་མཐར་ཕྱིན་ན། །ཡང་དག་པའི་དོན་ལ་ཐེ་ཙོམ་ཟ་བའི་དོན་མེད་པ་སྟེ། །དཔལ་ལྡན་དགས་པོ་ལྷ་རྗེ་ཡི་ཞལ་སྔ་ནས། །ལྷན་སྐྱེས་ཡེ་ཤེས་ཆོས་ཀྱི་སྐུ། །སྣང་སྲིད་འཁོར་འདས་མ་ལུས་པ། །རྟོགས་པ་རབ་འབྱམ་ཡེ་ཤེས་ཅན། །ཀུན་མཁྱེན་ཡེ་ཤེས་ཐམས་ཅད་གཟིགས། །དེ་ལྟ་བུའི་དོན་རྟོགས་ན། །མུ་སྟེགས་བྱ་བའི་མིང་ཡང་མེད། །གང་ཚེ་ཆགས་སྡང་ཡོད་ཀྱི་བར། །དེ་ཚེ་འཁོར་བའི་འདམ་ན་བྱིང་། །ཆགས་སྡང་རང་སར་གྲོལ་ལགས་ན། །དགྲ་དང་བྱ་བ་སྨོས་ཅི་དགོས། །གོམས་པ་སྒོམ་བྱེད་མཐར་ཕྱིན་ཞིང་། །འོད་གསལ་རྒྱུན་ཆད་མེད་ལགས་ན། །རྟོགས་ལྡན་རྣལ་འབྱོར་ཆེན་པོ་ཡིན། །ཞེས་གསུངས་པའི་ཕྱིར་ན་བཅོམ་ལྡན་འདས་ཀྱི་ལུང་ལས་ཀྱང་། ཕྱི་རོལ་མུ་སྟེགས་ལ་སོགས་པའི། །ལྟ་བ་ལོག་པ་ཐམས་ཅད་ཀྱི་ཡང་རྒྱུ་ཤེས་པར་བྱ། །ལམ་ཤེས་པར་བྱ། །འབྲས་བུ་ཤེས་པར་བྱ། །དེ་ལ་སྨོད་པར་མི་བྱ་ཞིང་། །མུ་སྟེགས་ཀྱི་རྒྱུ་ལས་ཟློག །རྐྱེན་ལས་ཀྱང་ཟློག །ལམ་ལས་ཀྱང་བཟློག །འབྲས་བུ་ལས་ཀྱང་ཟློག །དེ་ལ་གནས་པར་ཡང་མི་བྱ་སྤང་བར་ཡང་མི་བྱའོ། །ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་གསུངས་

(༢༣༥)པ་ནི། མྱུར་དུ་ཉེ་བའི་རྒྱུ་ནི་གསང་སྔགས་རྡོ་རྗེ་ཐེག་པ་ལ་མཆོག་གི་གྲུབ་previous hit ་ཐོབ་པའི་བྲམ་ཟེ་ཆེན་པོ་ས་ར་ཧ་ཡི་བཞེད་དགོངས next hit་ཀྱིས། །མུ་སྟེགས་ལ་སོགས་འཁོར་བ་སྤང་བྱར་མི་འདོད་ཅིང་། །མྱ་ངན་འདས་པ་སྒྲུབ་དུ་མེད་ཅིང་དབུ་མ་སེམས་ཙམ་བཞིན་དུ་མཐའ་དང་བྲལ་བར་ཡང་ཡིད་ལ་ཡི་བྱེད་པར་དངོས་པོ་བཤིས་ཀྱི་གནས་ལུགས་ངོ་བོ་རང་བཞིན་མཚན་ཉིད་གཤིས་འགྱུར་བ་མེད་པ། ཕྱོགས་མེད་དུ་རྟོགས་ཤིང་རྟོགས་པ་དང་མ་རྟོགས་པའི་ས་མཚམས་མེད་པར་བློ་ལས་འདས་པ་ན་ལོག་པར་རྟོག་པ་མུ་སྟེགས་ཀྱང་། །རྟོགས་པ་རབ་འབྱམ་མཐའ་ཡས་སུ་འཆར་བ་ཡིན་གསུང་། །དེ་ལྟ་བུའི་རྣལ་འབྱོར་པ་ལ་གྲུབ་མཐའི་བྱེ་བྲག་གང་ཡང་མ་མཆིས་ཤིང་ཕྲིན་ལས་སྣ་ཚོགས་ཤུགས་ལ་བྱུང་། རྩོལ་སྒྲུབ་མེད་པའི་སྤྱོད་པས་འགྲོ་བ་སེམས་ཅན་གྱི་དོན་མཛད་པའི་དུས་ཚོད་འདི་ཙམ་ན་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ཀྱི་མ་རིག་པའི་མུན་པ་སེལ་ནུས་ཤིང་རང་རིག་པའི་ཡེ་ཤེས་ཆོས་ཀྱི་སྐུར་བརྒྱུད་པ་ནས་བརྒྱུད་པར་བྱིན་གྱིས་རློབ་ནུས་པའི་དུས་ཚོད་ཡིན་གསུང་། །བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་གསལ་བྱེད་སྒྲོན་མ་ལས། །མུ་སྟེགས་ཀྱི་ལྟ་ལོག་སུམ་བརྒྱ་དྲུག་བཅུ་རང་བྱུང་གི་ཡེ་ཤེས་ཀྱི་རྟོགས་པ་རབ་འབྲིང་ཐ་མ་རྣམས་སུ་ངོ་སྤྲད་ཅིང་ཁྲིད་པའི་བར་སྐབས་ཏེ་གཉིས་པའོ།། །།ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་ལྔ་ཡོངས་སུ་རྫོགས་པའི་དཔལ་རྡོ་རྗེ་སེམས་དཔའ་ཡིས་འོད་ཟེར་བྱེ་བ་ཕྲག་བརྒྱ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་བཀྱེ་བ་ལས་སྤྲུལ་པའི་སྐུ་བྱེ་བ་ཕྲག་རྒྱ་བྱོན་པ་ཡིན། །འོད་ཟེར་ཆ་གཅིག་འཛམ་བུའི་གླིང་འདིར་འཕྲོས་པ་ལས་རྒྱལ་པོ་

(༢༣༦)ཟས་གཙང་མའི་སྲས་པོ་ཤཱཀྱ་ཐུབ་པ་ཞེས་པར་གྱུར་ན་ཡང་སེམས་ཅན་སྣང་བ་མ་དག་པའི་སྣང་བ་ལ་མཛད་པ་བཅུ་གཉིས་རྫོགས་པའི་ཚུལ་དུ་བསྟན་པ་ནི་ལུང་ལས་ཀྱང་། །རྫོགས་པའི་སངས་རྒྱས་སྔར་སངས་རྒྱས། །སྤྲུལ་པ་པོ་ཅིག་འདིར་སངས་རྒྱས། །ཞེས་གསུངས་པའི་དོན་ཡང་སེམས་ཅན་རྣམས་དང་མཛད་སྤྱོད་བསྟུན་པའོ། །སངས་རྒྱས་འཇིག་རྟེན་དུ་བྱོན་ལུགས་དང་། །ཆོས་ཀྱི་འཁོར་ལོ་དང་པོ་འདུལ་བ་ལུང་སྡེ་བཞི་ཕྲན་ཚེགས་དང་བཅས་པའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་ཡང་། །འདུལ་བ་རྒྱ་མཚོ་མཐའ་ཡས་ན་ས་མཚམས་ཕྱེ་ནས་ཡོད་པའི་ཕྱིར་ན་འདི་རུ་རྒྱས་པར་མ་བཤད་པ་ཡིན། །མདོ་སྡེ་དང་མངོན་པ་གཉིས་ཀྱི་སྒྲ་དང་དོན་གྱི་ས་མཚམས་འབྱེད་པ་མ་རིག་མུན་སེལ་རྒྱ་མཚོ་མཐའ་ཡས་ཀྱི་ནང་ན་གསལ་བར་བྱས་ནས་ཡོད་པའི་ཕྱིར་འདིར་རྒྱས་པར་མ་བཀོད་པ་ཡིན། །འདིར་ནི་སྡེ་སྣོད་གསུམ་གྱི་ས་གཅོད་ཙམ་ཞིག་དབྱེ་ཞིང་། །ཐེག་པ་གོང་མ་དྲུག་གི་སྒྲ་དང་དོན་རྒྱས་པར་དབྱེ་སྟེ། །མ་འོངས་དུས་ཀྱི་གདུལ་བྱ་ཡི་དེ་དང་དེ་ཡི་དོན་རྣམས་ཀྱི་ས་མཚམས་མཁྱེན་པར་མཛོད། །དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་དེ་ཡིས་སེམས་ཅན་རྣམས་ཀྱི་ཁམས་རྒྱུད་ལ་གཟིགས་པའི་དུས་ན་འགྲོ་བ་སེམས་ཅན་འདི་རྣམས་རྒྱུ་ཅི་ལས་བྱུང་། རྐྱེན་གང་གིས་བསྐྱེད་previous hit དགོངས་པའི་དུས་སུ། །སེམས་ཅན་གཅིག་གི་རྒྱུད་ལ་ཡང་རྣམ་པར་རྟོག་ next hit་བརྒྱད་ཁྲི་བཞི་སྟོང་སྟེ། །སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡང་རྣམ་པར་རྟོག་པ་བརྒྱད་ཁྲི་བཞི་སྟོང་། རྣམ་པར་རྟོག་པ་དེ་རྣམས་ཀྱིས་བསྐྱེད་པའི་ཉོན་མོངས་previous hit ་བརྒྱད་ཁྲི་བཞི་སྟོང་ཡོད་པར་དགོངས next hit་ནས། །དེའི་གཉེན་པོར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡིན། །འདོད་ཆགས་ཀྱི་གཉེན་པོར་འདུལ་བ་བརྒྱད་ཁྲི་བཞི་སྟོང་གསུངས་

(༢༣༧)པ་སྟེ། །ཞུ་བ་པོ་ཡིས་མ་ཞུས་པར་སངས་རྒྱས་ཀྱིས་བཀའ་ཐལ་བྱུང་དུ་གསུངས་པ་ནི་ཐ་མལ་པའི་སེམས་ཅན་རྣམས་དང་མུ་སྟེགས་པ་ལ་སོགས་པ་ནང་པའི་གྲུབ་མཐའ་ལ་མ་ཞུགས་པ་དང་གྲུབ་མཐའ་བློ་མ་སྒྱུར་བ་རྣམས་འདུལ་བའི་དོན་དུ་གསུངས་པ་ནི་གཞུང་རིང་པོ་བྱ་བ་ཡིན། །ཉོན་མོངས་པ་གཏི་མུག་གིས་གཙོ་བྱས་པ་ཉི་ཁྲི་ཆིག་སྟོང་གི་གཉེན་པོར། །མངོན་པ་ཉི་ཁྲི་ཆིག་སྟོང་གསུངས་པ་སྟེ། ཆོས་སྤྱི་དང་རང་གི་མཚན་ཉིད་གཏན་ལ་འབེབས་པའི་ཕྱིར་ན་གཞུང་བར་པ་བྱ་བ་ཡིན། །ཉོན་མོངས་པ་ཞེ་སྡང་གིས་གཙོ་བྱས་པ་ཉི་ཁྲི་གཅིག་སྟོང་གི་གཉེན་པོར་མདོ་སྡེ་ཉི་ཁྲི་གཅིག་སྟོང་གསུངས་པ་སྟེ། དེ་ལ་ཞུ་བ་པོ་རྣམས་ནི་སངས་རྒྱས་ཀྱི་སྤྲུལ་པ་རྣམས་དང་། །བྱང་ཆུབ་སེམས་དཔའ་རྣམས་དང་། སྤྲུལ་པའི་ཉན་ཐོས་རྣམས་དང་། ཚངས་པ་ལ་སོགས་འཇིག་རྟེན་སྐྱོང་བ་རྣམས་དང་། །ཐམས་ཅད་དང་ལྡན་པའི་འཁོར་རྣམས་ཀྱིས་ཞུས་ཤིང་སྒྲོ་གླེང་མཛད་པའི་ཕྱིར། །གནས་ཀྱང་ཕྱོགས་བཅུ་ཀུན་ཏུ་གསུངས་པ་སྟེ། །ཐེག་པ་ཆུང་ངུའི་མདོ་སྡེ་རྣམས་ཀྱིས་ལས་རྒྱུ་འབྲས་གཙོ་ཆེར་སྟོན་པ་དང་། །ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། །ཏིང་ངེ་འཛིན་གྱི་ཕུང་པོ་དང་། །ཤེས་རབ་ཀྱི་ཕུང་པོ་དང་། །རྣམ་པར་གྲོལ་བའི་ཕུང་པོ་དང་། །རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་དང་། །ཕུང་པོ་རྣམ་པ་ལྔ་གཙོ་ཆེར་སྟོན་པའི་ཕྱིར་ན་གཞུང་སིལ་བུ་ཞེས་བྱ་བ་ཡིན། །ཉོན་མོངས་དུག་གསུམ་ཆ་མཉམ་པའི་གཉེན་པོར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་སྟེ། །ང་རྒྱལ་དང་ཕྲག་དོག་གཉིས་ཀྱི་གཉེན་པོ་སྟེ། །སྔགས་ཀྱི་སྡེ་ཚན་རྣམས་ཡིན། །དེ་ཡང་གདུལ་བྱ་རབ་འབྲིང་ཐ་མ་གསུམ་གྱི་དོན་དུ་སྡེ་སྣོད་རེ་རེ་ལ་ཡང་གསུམ་གསུམ་དུ་འབྱེད་དེ།

(༢༣༨)འདུལ་བའི་འདུལ་བ་དང་། འདུལ་བའི་མངོན་པ་དང་། །འདུལ་བའི་མདོ་སྡེ་དང་། །མངོན་པའི་མངོན་པ་དང་། །མངོན་པའི་འདུལ་བ་དང་། མངོན་པའི་མདོ་སྡེའོ། །མདོ་སྡེའི་འདུལ་བ་དང་། །མདོ་སྡེའི་མངོན་པ་དང་། །མདོ་སྡེའི་མདོ་སྡེའོ། །སྡེ་སྣོད་གསུམ་པོ་འདི་ལ་ཡང་གྲངས་ཅན་དུ་གསུངས་པ་དང་། །གྲངས་མེད་དུ་གསུངས་པ་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་། །མིའི་ཡུལ་འཛམ་བུའི་གླིང་འདིར་སྟོན་པ་ཤཱཀྱ་ཐུབ་པས་གསུངས་པའི་རྣམ་གྲངས་ལས། །ཐུབ་པ་ཆེན་པོ་མངོན་པར་རྫོགས་པར་སངས་རྒྱས་ནས་ཁམས་གསུམ་པ་བྱིན་གྱིས་བརླབས་པའི་ཏིང་ངེ་འཛིན་མཛད་ཅིང་འོད་ཟེར་བཀྱེ་བའི་དུས་ན་བྱིན་གྱིས་རླབས་པའི་བཀའ་དང་པོ་དང་། །དེ་ནས་ཞལ་ནས་གསུངས་པའི་བཀའ། ཐེག་པ་ཆུང་ངུན་ཉན་ཐོས་ཀྱི་ཕུན་སུམ་ཚོགས་པ་ལྔ་ལས། །སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པ་ཡིན། །གནས་ཕུན་སུམ་ཚོགས་པ་ནི་བ་ར་ན་སེའི་གླིང་གི་ཕུགས་སམ། །རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་བྱིན་གྱི་ཀུན་དགའ་ར་བར་བཤད་པ་ཡིན། །བསྟན་པ་ཕུན་སུམ་ཚོགས་པ་ནི། །འདུལ་བ་ལུང་སྡེ་བཞི། །དྲང་དོན་དུ་སྟོན་པའི་ཕྱིར་མདོ་སྡེ་སྐྱེས་རབས་དང་། ལས་བརྒྱ་པ་དང་། དྲན་པ་ཉེ་བར་བཞག་པ་ལ་སོགས་པ་ནི་ཆོས་ཕུན་སུམ་ཚོགས་པའོ། །འཁོར་ཕུན་སུམ་ཚོགས་པ་ནི་དགེ་སློང་ཕ་དང་དགེ་སློང་མ་དང་། །དགེ་ཚུལ་ཕ་དང་དགེ་ཚུལ་མ་དང་། །དགེ་གཉེན་ཕ་དང་དགེ་གཉེན་མ་དང་བར་སློབ་མ་སྟེ་སོ་སོ་ཐར་བ་རིགས་བདུན་འཛིན་པའི་ཉན་ཐོས་ཀྱི་དགེ་འདུན་གྱི་ཚོགས་དང་བཅས་པའོ། །དུས་ཕུན་སུམ་ཚོགས་པ་ནི། །འཛམ་བུ་གླིང་པའི་མི་རྣམ་ཚེ་ལོ་ལྔ་བརྒྱ་ཕྲག་གསུམ་དང་པོའི་དུས་སུ་ཉན་ཐོས་ཀྱི་སྡེ་སྣོད་འབྱུང་བའོ། །སྡུད་པ་

(༢༣༩)པོ་དགྲ་བཅོམ་པ་འོད་སྲུངས་ཀྱིས་གཙོ་བོ་བྱས་པ། དགྲ་བཅོམ་པ་བཞི་བརྒྱ་དགུ་བཅུ་གོ་དགུས་པང་པོ་མཛད་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བསྡུས་པའོ། །འདུལ་བ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུང་ལས། ལྟུང་དང་ངེས་པར་འབྱུང་བ་དང་། །བཅའ་གཞི་དང་ནི་རབ་འབྱེད་དང་། །སྡོམ་ལ་གནས་ཤིང་ཁྲིམས་ལ་བརྩོན། །ལུས་ངག་ཡིད་ཀྱི་བསླབ་པ་རྣམས། །རྒྱལ་བས་ཅི་ལྟར་བྱས་པ་ལས། །མི་ཉམས་བསྲུང་བར་བྱེད་པ་ནི། །དྲང་སྲོང་ཆེན་པོ་མཆོག་ཅེས་བྱ། །དེ་ནི་དམ་པའི་ཆོས་འདུལ་བའི་ཁྲིམས་ཉན་ཐོས་ཀྱི་ཐེག་པའི་ས་མཚམས་འབྱེད་པ་སྟེ། །དམ་པའི་ཆོས་འདུལ་བའི་དབང་དུ་བྱས་ན་བོད་ལ་འགྱུར་བའི་བཀའ། རྒྱ་གར་གྱི་སྐད་ཅན་དབུ་ཞབས་ཚང་བ་ཉིས་བརྒྱ་ཙམ་འགྱུར་ཞིང་བཞུགས་པ་ལས། དེ་ཚོ་གཞུང་རེ་རེ་ལ་ཡང་འཆད་ན་ཕུན་སུམ་ཚོགས་པ་ལྔ་ལྔས་ཁོས་ཕུབ་དགོས་པ་ཡིན། འདུལ་བའི་བསྟན་བཅོས་ཀྱི་དབང་དུ་བྱས་ན། །རྒྱ་གར་ནས་བོད་ལ་འགྱུར་བ་ལ་འདུལ་བ་མདོ་རྩ་བར་འགྲེལ་བ། །དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གཙོ་ཆེར་སྟོན་པ་དགེ་ཚུལ་དགེ་འདུན་འོད་ཀྱིས་མཛད་པའི་བསྟན་བཅོས་འོད་ལྡན་སུམ་བརྒྱ་པ་དང་། །བསླབ་པའི་ཁོག་དང་། ཀ་རི་ཀ་ལྔ་བཅུ་པ་དང་། །དེ་ལ་སོགས་པ་འདུལ་བའི་བསྟན་བཅོས་མང་དུ་འགྱུར་བ་རྣམས་འདུལ་བ་ལུང་སྡེ་བཞི་ལ་བརྟེན་ནས་རྩིས་མགོ་རྣམ་པ་ལྔར་ཡང་འཆད་པ་ཡིན། །འདི་རྣམས་ཉན་ཐོས་ཀྱི་ཕྱི་ལུས་ངག་ཡིད་གསུམ་ཀྱི་སྒོ་ནས་སྤྱོད་ཅིང་སྡོམ་པའི་ཐེག་པའོ། །ནང་ཏིང་ངེ་འཛིན་གྱི་ཐེག་པའི་བྱེ་བྲག་ནི་ཕུང་པོ་ལྔ་དང་། །ཁམས་ལྔ། སྐྱེ་མཆེད་དྲུག་ལ་དབང་པོ་ལྔས་འབྲེལ་བ་དང་།

(༢༤༠)རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ཀྱིས་ཀུན་ལ་ཁྱབ་པ་དང་། བྱེད་པའི་སྐྱེས་བུ་བཅུ་གཉིས་ཀྱིས་བྱ་བ་སྣ་ཚོགས་སྒྲུབ་པ་སྟེ། དེ་ལ་ཉན་ཐོས་རྣམས་ཀྱིས་འཇིག་ཚོགས་ཀྱི་ལྟ་བ་སོ་སོར་བཤིག་ནས་རྐང་གྲངས་དྲུག་བཅུ་རྩ་བཞི་ལ་རེ་རེ་ལ་ཡང་ཡིད་ལ་བྱེད་པ་ཉི་ཤུ་རེའི་འཇིག་ཚོགས་ཀྱི་བྱེ་བྲག་སྣ་ཚོགས་པ་དང་། །ཡིད་ལ་བྱས་ཤིང་བསྒོམ་པ་ནི་གཟུགས་ལ་སོགས་པ་མི་རྟག་པར་ཡིད་ལ་བྱེད་ཅིང་བདག་མེད་པ་དང་། སྡུག་བསྔལ་བ་དང་། །ཟུག་རྔུ་དང་། །ཤུ་བ་དང་། ནད་དང་། །འགོ་བའི་ནད་དང་། །འཇིགས་པ་དང་། ཤིན་ཏུ་འཇིགས་པ་དང་། །དགྲ་དང་། །མི་གཙང་བ་དང་། མི་སྡུག་པའི་འདུ་ཤེས་དང་། །གནོད་པའི་འདུ་ཤེས་དང་། ཞི་བར་ཡིད་ལ་བྱེད་པ་དང་། །དབེན་པར་ཡིད་ལ་བྱེད་པ་དང་། སྟོང་པར་ཡིད་ལ་བྱེད་པ་དང་། །ཡིད་དུ་མི་འོང་བར་ཡིད་ལ་བྱེད་པ་དང་། མི་སྟན་པར་ཡིད་ལ་བྱེད་པ་དང་། སྡིག་པར་ཡིད་ལ་བྱེད་པ་དང་། །ཡིད་བརྟན་དུ་མི་རུང་བར་ཡིད་ལ་བྱེད་པ་དང་། ཉན་ཐོས་ཀྱི་ཏིང་ངེ་འཛིན་ཉི་ཤུ་སྡེ་གྲུབ་མཐའ་ཉི་ཤུར་བཞེད་པ་ཡིན། །འདིར་གོང་འོག་ནོར་ཡང་སྲིད་པས། །ལས་ཀརྨ་ཤ་ཏམ་དང་། འབུམ་གྱི་ཤུ་འདྲེས་སུ་ཤེས་པར་བྱའོ། །རྣམ་གྲངས་དྲུག་བཅུ་རྩ་བཞི་ལ་ཉི་ཤུ་རེར་ཕྱེ་ཞིང་བྱེ་བྲག་སོ་སོར་བཤིག་ནས་འཇིག་པའི་ཚོགས་སུ་འགོག་པར་བྱེད་དེ། །སྟོང་དང་ཉི་བརྒྱ་བརྒྱད་བཅུ་ལ། །དུས་རྒྱུན་དུ་སྐོས་བཟློག་བྱེད་ཅིང་གཏན་ལ་འབེབས་པར་བྱེད་པ་དེ་བྱེ་བྲག་པ་དང་འགོག་པ་བའི་གྲུབ་མཐའོ། །ཉན་ཐོས་མདོ་སྡེ་པའི་རིགས་རྣམས་ཀྱིས་རྣམ་པར་ཤེས་པ་རྡུལ་དང་རྫས་སུ་འདོད་ཅིང་། །རྡུལ་ཡང་ཁ་དོག་རྣམ་པ་ལྔར་དབྱེ་ཞིང་གཅིག་དང་དུ་མ་དང་བྲལ་བ་རྡོ་རྗེ་གཟིགས་མ་ཡིས་བཤིག་པར་བྱེད་པ། །འབུ་ཅན་གྱི་འདུ་ཤེས་དང་།

(༢༤༡)རྣམ་པར་བམ་པའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། །རྣམ་པར་བརྔོས་པའི་འདུ་ཤེས་དང་། །རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་མི་སྡུག་པའི་འདུ་ཤེས་དང་། མི་གཙང་བའི་འདུ་ཤེས་དང་། རྣམ་པར་འཐོར་བའི་འདུ་ཤེས་དང་། །ཡིད་དུ་མི་འོང་བའི་འདུ་ཤེས་དང་དགུ་སྟེ། །འདི་རྣམས་ཀྱང་ཉན་ཐོས་མདོ་སྡེ་པའི་ལྟ་བ་རེར་བཞེད། །ཉན་ཐོས་ཀྱི་ཐེག་པ་འདི་རྣམས་སངས་རྒྱས་ཀྱི་བསྟན་པའི་གཞི་འཛིན་པའི་ཕྱིར་ན་ལས་དང་པོ་བ་རྣམས་ཀྱིས་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་ཞིང་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་ནན་ཏན་དུ་བྱའོ། །འདུལ་བ་ལུང་ལས། །དམ་ཆོས་འདུལ་བ་འདི་ཡོད་ན་སངས་རྒྱས་བསྟན་འདི་ཡོད། །ཅེས་གསུངས་པའི་ཕྱིར་ན་འདུལ་བའི་སྡེ་སྣོད་ཀུན་ལ་བསླབ་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལུང་ལས་ཀྱང་། །ཡང་རྒྱུན་དུ་ཞུགས་པ་དང་། །ལན་གཅིག་ཕྱིར་འོང་བ་དང་། །ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་བཞི་ཡི་རྒྱུ་ཤེས་པར་བྱའོ། །ལམ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །རྒྱུ་ཤེས་ལམ་ཤེས་འབྲས་བུ་ཤེས་ནས་རྒྱུ་ལམ་འབྲས་བུ་ལ་བཟློག་ནས་དེ་ལ་གནས་པར་མི་བྱའོ། །ཞེས་གསུངས་པའི་ཕྱིར་ན་ཐེག་པ་གོང་ནས་གོང་དུ་ནར་སོན་པའི་བཞེད་པ་ཡིན། དེ་ལ་རྒྱུད་ཀྱི་ནང་ནས་འདུལ་བ་དང་གསུང་བ་ལས། འདུལ་བ་འཛིན་པའི་ཉན་ཐོས་རྣམས་ཀྱང་ཡང་དག་པའི་དོན་འདོད་པའི་ཆོས་ཡིན་པས། །དཔེར་ན་སའི་ཁམས་ཀྱི་ནང་ན་གསེར་ཡོད་པར་ཤེས་པ་ལས་གདན་ཡོད་ཆ་མེད་པའི་ཕྱིར། བཤིག་པ་དང་ས་རྐོ་བ་དང་དཀའ་ལས་མང་པོ་བྱས་ཀྱང་གསེར་མ་རྙེད་པ་བཞིན་དུ་རང་གི་ལུས་ངག་ཡིད་གསུམ་ལ་ཡང་དག་པའི་དོན་གནས་ཀྱང་ཅི་ལྟར་དུ་གནས་པའི་དོན་དེ་མ་

(༢༤༢)ཤེས་ནས་དཀའ་ཐུབ་མང་པོར་སྤྱད་ཀྱང་ཡང་དག་པའི་དོན་མ་རྟོགས་ནས་ཐེ་ཙོམ་ཟ་ཞིང་གོལ་སར་ལྷུང་བ་དེ་ཡིན། །དཔལ་རྡོ་རྗེ་འཆང་ཆེན་པོའི་previous hit དགོངས next hit། །བྲམ་ཟེ་ཆེན་པོ་ས་ར་ཧ་དང་། །རྗེ་ཆེན་པོ་ཏཻ་ལོ་པ་དབྱེར་མེད་པའི་ཐུགས་ཀྱི་སྲས་མཆོག་རྗེ་ཆེན་པོ་ནཱ་རོ་པའི་བཞེད་པས་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་གདོད་མ་ནས་དངོས་པོ་གཤིས་ཀྱི་གནས་ལུགས། །སངས་རྒྱས་དང་སེམས་ཅན་གྱི་རང་བཞིན་ངོ་བོ་ཉིད་ཀྱི་ད་ལྟར་གྱི་རང་གི་སེམས་འདི་ཡིན་པའི་ཕྱིར་ན། ཡིན་པ་ལ་ཡིན་པར་ངོ་སྤྲད་ཅིང་ཡིན་ལུགས་རང་ལ་ཤར་བའི་དུས་སུ་སེམས་ཅན་རྣམས་ཀྱི་ཕུང་པོ་ལྔ་ལ་སོགས་པ་དྲུག་བཅུ་རྩ་བཞིས་བསྡུས་པའི་འཇིག་ཚོགས་ཀྱི་ལྟ་བ་བཞིན་སོ་སོར་འབྱེད་པ་དང་བཀག་པ་དང་སྒྲུབ་པ་མི་དགོས་པར་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ་འགག་མེད་པར་རྟོགས་ཤིང་གོམས་ཤིང་འདྲིས་བ་མཐར་ཕྱིན་པའི་དུས་སུ་ཉན་ཐོས་ཀྱི་ཕུན་སུམ་ཚོགས་པ་ལྔའི་རྒྱུ་རྟོགས། །ལམ་རྟོགས། འབྲས་བུ་རྟོགས། ཉན་ཐོས་ལ་སོགས་པ་ཐེག་པ་ཆེ་ཆུང་གི་ས། འཚམས་སྤུ་ཙམ་ཡང་མེད་པར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་འཆར་བའི་དུས་སུ་ཡང་དག་དོན་གྱི་རྟོགས་པ་བྱ་བ་ཡིན། །འཇམ་དཔལ་མཚན་བརྗོད་ལས། །བདག་རིག་གཞན་རིག་ཐམས་ཅད་རིག་སོ་སོ་རང་རིག་མི་གཡོ་བ། །མཆོག་གི་དང་པོ་སྐུ་གསུམ་འཆང་། །ཞེས་གསུངས་པའི་དོན་ནི་རྒྱུད་ཚོད་འདི་དང་འདི་ཙམ་ལ་previous hit དགོངས next hit་ཡིན། །བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་ཕུན་སུམ་ཚོགས་པ་གསལ་བྱེད་སྒྲོན་མ་ལས། །ཉན་ཐོས་ཀྱི་ཐེག་པ་ཆོས་སྐུར་རྟོགས་པའི་བར་སྐབས་སྟེ་གསུམ་པའོ།། །།དེ་ལ་རང་རྒྱལ་གྱི་ཐེག་པ་བར་པ་ལས་ཕུན་སུམ་ཚོགས་པ་རྣམ་པ་ལྔར་མི་སྟོན་ཏེ། ཁ་ས་མུ་ཏྲའི་རྒྱུད་ལས་ནི། །སངས་རྒྱས་རྣམས་ཀྱང་མི་བཞུགས་ཤིང་། །ཉན་ཐོས་རྣམས་ཀྱང་ཟད་

(༢༤༣)པས་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །སྟོན་པ་མེད་པར་རང་ལ་འབྱུང་། །ཞེས་གསུངས་པའི་དོན་ལ། །རང་སངས་རྒྱས་ཞེས་བྱ་བ་དེ་རྒྱུན་ཞུགས་རྣམ་པ་བཞི་ཐོབ་པའི་འབྲས་བུ་ཡིན་པའི་ཕྱིར་ན་རང་གི་རིག་པའི་སྒོ་ནས་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་དྲུག་བཅུ་རྩ་བཞི་སྟེ། །རྟེན་འབྲེལ་བཅུ་གཉིས་ལ་བསྡུས་ནས་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་སྤྱོད་པ་སྟེ། ཁམས་གསུམ་འཁོར་བའི་རྒྱུ་འབྲས་གོ་ཞིང་རྟེན་འབྲེལ་བཅུ་གཉིས་ལུགས་ལས་བཟློག་པ་དེ་ཞི་བ་མྱ་ངན་ལས་འདས་པའི་རྒྱུ་འབྲས་སུ་གོ་ནས་མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་རྣམས་འགགས་པས་རྣམ་པར་ཤེས་པ་རྣམས་འགག །རྣམ་པར་ཤེས་པ་རྣམས་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་ཤི་འགག །རྒ་ཤི་འགགས་པས་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་དང་འཁོར་བའི་སྡུག་བསྔལ་ཐམས་ཅད་འགག་པར་གོ་ནས་ཕྱིའི་སྣང་བ་ཐམས་ཅད་ནང་དུ་བསྡུས་ནས་ཞི་བ་བསམ་གཏན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའོ། །དེ་ལ་ཨུ་པ་ལིས་ཞུས་པའི་མདོ་ལས་ཀྱང་། །བཅུ་དྲུག་ཆ་གྲངས་རབ་ཞི་བ། །ཡེ་ཤེས་ཡུལ་མེད་བཅུ་དྲུག་ལས། །རྒྱུན་དུ་སྙོམས་པར་ཞུགས་པ་ཡིས། ཡིད་བཞིན་བདེ་བ་མཆོག་གི་ས། །རང་རྒྱལ་ས་རུ་བཞེད་པ་ཡིན། །དེའི་དོན་ནི་ཕྱི་སྣོད་ནང་བཅུད་ཀྱིས་བསྡུས་པའི་འཇིག་རྟེན་གྱི་ཁམས་འདི་བརྒྱད་དམ་བཅུ་དྲུག་གི་མཐའ་དང་བྲལ་བར་བྱས་ནས། །དེའི་དབུས་སུ་

(༢༤༤)རང་གི་རྣམ་པར་ཤེས་པ་དེ་ཆ་ཕྲ་ཞིང་ཕྲ་བ་སེམས་ཙམ་དུ་ཡིད་ལ་བྱས་ཤིང་། །དེ་ཡང་སྟེང་འོག་ཕྱོགས་མཚམས་གར་ཡང་མི་གནས་པར་ཞི་བ་རབ་ཏུ་མི་གནས་པའི་ངང་ལ་རྒྱུན་དུ་གནས་ཤིང་མཐར་ཕྱིན་པ་ནི་རང་སངས་རྒྱས་ཀྱི་འབྲས་བུ་སྟེ། །ཕ་རོལ་ཏུ་ཕྱིན་པའི་ལུང་ལས་ཀྱང་། རང་སངས་རྒྱས་ཀྱི་ཐེག་པ་ནི་བར་མ་གཅོད་ཀྱི་ཐེག་པ་སྟེ། །འདུལ་བ་མདོ་སྡེ་གཉིས་ལ་བརྟེན་པར་བཞེད་པ་ཡིན། །མངོན་པ་མཛོད་ཀྱི་ནང་ནས་ཀྱང་། །ཕལ་ཆེར་རང་སངས་རྒྱས་ཀྱི་ཐེག་པ་སྟོན་པ་ཡིན། །བཅོམ་ལྡན་འདས་ཀྱི་ཞལ་ནས་ཀྱང་། །རང་རྒྱལ་རྣམས་ཀྱི་རྒྱུ་ལམ་འབྲས་བུ་ཤེས་པར་བྱ་ཞིང་། །དེ་ལ་གནས་པར་མི་བྱའོ། །གསུངས་པའི་དོན་ཡང་། ཐེག་པ་གོང་ནས་གོང་དུ་ནར་སོན་པ་ལ་previous hit དགོངས next hit་ཡིན། །དེ་ལ་དཔལ་ལྡན་དགས་པོ་ལྷ་རྗེའི་བཞེད་previous hit དགོངས་ཀྱིས་དབང་དུ་བྱས་ན། །བླ་ན་མེད་པའི་སངས་རྒྱས་སྒྲུབ་ next hit་ལ་མཁས་ལ་གྲུབ་པ་ཐོབ་པའི་རྒྱུད་པ་དགོས་པ་ཡིན། །བླ་མ་དེས་ཀྱང་གདུལ་བྱ་སྐལ་བ་དང་ལྡན་པ་ལ་གདམ་ངག་སྟོན་པ་ལས། སྲིད་པར་མི་འཁྲུལ་ཞི་བར་མི་གནས་ནས། །ཚོགས་གཉིས་ཡོངས་སུ་རྫོགས་པའི་འབྲས་བུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་དཔེར་ན་ཉི་མ་དང་ཉི་མའི་ཟེར་ལྟ་བུར་འདུ་བ་དང་འབྲལ་བ་མེད་པར་རྟོགས་ན། །རང་སངས་རྒྱས་ཀྱི་རྟེན་འབྲེལ་ལུགས་འབྱུང་དང་ལུགས་ལས་བཟློག་པ་དང་། །ཡེ་ཤེས་ཡུལ་མེད་བཅུ་དྲུག་གི་ཏིང་ངེ་འཛིན་ནང་དུ་བསྡུས་ཤིང་ཞི་བར་གནས་པའི་རྒྱུ་རྟོགས་ལམ་རྟོགས་འབྲས་བུ་རྟོགས་ཤིང་སྐྱེ་བ་གཅིག་གིས་མཆོག་གི་དངོས་གྲུབ་བརྙེས་པ་ཡིན་ཟེར། །བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་ཕུན་སུམ་ཚོགས་པ་གསལ་བྱེད་སྒྲོན་མ་ལས་རང་སངས་རྒྱས་ཀྱི་ཐེག་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་

(༢༤༥)སའི་བར་སྐབས་ཏེ་བཞི་པའོ།། །།ཐེག་པ་ཆེན་པོའི་མདོ་སྡེ་དང་། ཐེག་པ་ཆུང་ངུ་ཐུན་མོང་བའི་མདོ་སྡེ་དང་། དེ་གཉིས་ཀའི་ནང་ནས་རྣམ་པར་འབྱེད་པ་མངོན་པའི་སྡེ་སྣོད་དེ། །མདོར་བསྡུ་ན་དྲང་དོན་ངེས་དོན་གྱི་ཐེག་པ་བྱ་བ་ཡིན། དབུ་མ་དང་མདོ་སྡེ་དབྱེར་མེད་པའི་ཕུན་སུམ་ཚོགས་པ་ལྔ་ནི། སྟོན་པ་ཕུན་སུམ་ཚོགས་པ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་བསྒྱུར་བ། བླ་ན་མེད་པ། །བླ་དང་མི་རྣམས་ཀྱི་སྟོན་པ་ཤཱཀྱ་ཐུབ་པ་ཡིན། གནས་ཕུན་སུམ་ཚོགས་པ་ནི་བྱ་རྒོད་ཕུང་པོའི་རི་དང་། རྡོ་རྗེ་གདན་དང་། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ལ་སོགས་པ་རྣམས་ནི་གནས་ཕུན་སུམ་ཚོགས་པའོ། །འཁོར་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། རབ་ཏུ་བྱུང་བ་དང་། ཁྱེའུ་དང་བུ་མོའི་ཆ་བྱད་ཅན་རྣམས་དང་། དེ་བཞིན་གཤེགས་པའི་སྤྲུལ་པ་རྣམས་དང་། སྤྲུལ་པའི་ཉན་ཐོས་ཆེན་པོ་རྣམས་དང་། །ཚངས་པ་དང་བརྒྱ་བྱིན་དང་འཇིག་རྟེན་སྐྱོང་བ་ཆེན་པོ་རྣམས་ལ་སོགས་པ་ཐམས་ཅད་དང་ལྡན་པའི་འཁོར་ཕུན་སུམ་ཚོགས་པའོ། །དུས་ཕུན་སུམ་ཚོགས་པ་ནི། །བརྒྱ་ཕྲག་བཅུ་གཉིས་པའི་དུས་སུའོ། །བསྟན་པ་ཕུན་སུམ་ཚོགས་པ་ནི། དྲང་དོན་དང་ངེས་དོན་གྱི་མདོ་སྡེ་མངོན་པ་ལ་སོགས་པའོ། །བཀའ་བསྡུད་པ་པོ་ཀུན་དགའ་བོས་གཙོ་བྱས་པའི་དགྲ་བཅོམ་པ་ལྔ་བརྒྱའོ། །དེ་ལ་སྡེ་སྣོད་གསུམ་སོ་སོར་འབྱེད་ན། གླད་ཀྱི་དོན་ལ་ཕྱག་འཚལ་བ་དེ་ཡིས་སོ་སོར་འབྱེད་པ་ཡིན་གསུང་། དེ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་བ་གར་བྱུང་ཡང་མདོ་སྡེ་བཞི་

(༢༤༦)བཞེད་པ་ཡིན། །འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་བ་བྱུང་ཚད་མངོན་པར་བསྡུད་པ་ཡིན། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་བ་དང་། །དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་གླད་དུ་བྱུང་ཚད་འདུལ་བར་བཞེད་པ་ཡིན། དེའི་ཕྱིར་ན་སྡེ་སྣོད་གསུམ་སོ་སོར་འབྱེད་པའི་མདོ་ལས། །མངོན་པ་ཞེས་ནི་ཅི་ཕྱིར་བྱ། །མངོན་དུ་བྱ་ཕྱིར་ཡང་ནས་ཡང་། །ཟད་པར་དང་ནི་ཟིལ་གནོན་རྣམས། །སྤྱི་དང་རང་གི་མཚན་ཉིད་རྣམས། །རྟོགས་པར་བྱ་བ་མངོན་པ་ཡིན། །ཞེས་གསུངས་པའི་ཕྱིར་ན། །མངོན་པ་གོང་འོག་རྣམས་རྒྱས་པར་བསྟན་པའོ། །ཡང་ལུང་དེ་ཉིད་ལས། །མདོ་སྡེ་ཞེས་ནི་ཅི་ཕྱིར་བྱ། །གནས་རྣམས་དང་ནི་མཚན་ཉིད་དང་། །དྲང་དོན་དང་ནི་ངེས་དོན་སོགས། །ཆོས་སྟོན་སྟོན་ཕྱིར་མདོ་སྡེར་བཞེད། །དེ་ལ་མདོ་སྡེ་ཞེས་བྱ་བའི་དོན་ནི། །སྤྲུལ་པའི་སྐུའི་ཞལ་ནས་གསུངས་པ་དེ་ཡང་དོན་མདོར་བསྡུས་ལ་ཚིག་སྡེར་ལོངས་པའི་ཕྱིར་ན་མདོ་སྡེ་ཞེས་བྱ་བར་བརྟགས་པ་ཡིན། །དེ་ལ་ཐེག་པ་ཐུན་མོང་བ་སྡེ་སྣོད་གསུམ་སྟོན་པར་བྱེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྱོགས་རང་ཡིན་པ་ལས། །འབུམ་དང་ཉི་ཤུ་ལྔ་པ་དང་། ཁྲི་པ་ཁྲི་བརྒྱད་སྟོང་པ། །ཤེས་རབ་བརྒྱད་སྟོང་པ་དང་། སྡུད་པ་རབ་རྩལ་དང་། རྡོ་རྗེ་གཅོད་པ། སྒོ་ཉི་ཤུ་རྩ་ལྔ་པ། ཚུལ་ལྔ་བཅུ་པ། སྒོ་ལྔ་རྒྱ་པ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་ཉུང་ངུ་ཞེས་བྱ་བ་དང་། ཤེས་རབ་སྙིང་པོ་དང་། ཡི་གེ་གཅིག་མ་དང་། ཉི་མ་དང་། ཟླ་བ་དང་། ཀོའུ་ཤི་ཀའི་མདོ་ལ་སོགས་པའི་མདོ་སྣ་ཉི་ཤུ་ཙམ་བོད་ལ་འགྱུར་ནས་བཞུགས་པ་ཡིན། །དེ་རྣམས་ཀྱིས་དྲང་བའི་དོན་དུ་གསུངས་པ་རྣམས་དང་། དངོས་པོ་ཅན་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། །སྟོང་པ་ཉིད་བཅོ་བརྒྱད་དུ་བཤིག་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་དུ་གཏན་ལ་

(༢༤༧)ཕབ་ནས། །གཙོ་ཆེ་བར་མཐའ་བརྒྱད་དང་བྲལ་བའི་དབུ་མ་སྟོན་པ་ཡིན། །ཐེག་པ་ཆེན་པོའི་མདོ་སྡེ་ཆེ་གསུམ་གྱི་དབང་དུ་བྱས་ན་དཀོན་མཆོག་བརྩེགས་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་སྨོན་ལམ་འབུམ་སྟོན་པ་ཡིན། །སངས་རྒྱས་རྨད་ག་བཅད་ཕལ་པོ་ཆེ་ཡིས། །སངས་རྒྱས་ཀྱི་ཞིང་ཁམས་དང་གྲངས་དང་རྩིས་དང་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་འབུམ་སྟོན་པར་བཤད། །གཏན་ལ་ཕབ་པ་མྱ་ངན་ལས་འདས་པའི་མདོ་ལས། སངས་རྒྱས་previous hit དགོངས next hit་ཡོངས་སུ་མྱ་ངན་ལས་འདས་ཀར། ཞལ་ཆེམས་སུ་བཞག་པ་འབུམ་གསུངས་པ་ཡིན། །མདོ་སྡེ་ལང་ཀར་གཤེགས་པ་སྲིན་པོ་རྣམས་ལ་གསུངས་པ་ལས། །ཤའི་ཉེས་དམིགས་འབུམ་དུ་གསུངས་པ་ལས། བོད་ལ་ཉུང་ཟད་ཅིག་འགྱུར་བ་ཡིན་ནོ། །གཞན་རྣམས་སྲིན་པོའི་ཡུལ་ནས་མ་འགྱུར་ནས་བཞུགས་པ་ཡིན། དེ་ཡང་བྱང་ཆུབ་སེམས་དཔའི་སྡེ་་སྣོད་ཀྱི་ཤ་བཀག་པའི་དོན་དེ་ཡིན། །གདུལ་བྱ་སྲིན་པོ་ལ་previous hit དགོངས next hit་ཡིན། །ཐེག་པ་ཆེན་པོའི་མདོ་སྡེ་དང་། ཐེག་པ་ཆུང་ངུའི་མདོ་སྡེ་ལས་མངས་ཞེས་བྱ་བ་ཡོད་དེ། །བོད་ཨ་འགྱུར་བ་པོ་ཏི་བཞི་བཅུ་ཙམ་འགྱུར་ནས་ཡོད་པ་ལས། །ཆ་གཅིག་དྲང་དོན་ཆ་གཅིག་ངེས་དོན་གྱི་མདོ་སྡེར་གཏོགས་པ་ཡིན། ཆ་གཅིག་མངོན་པའི་སྡེ་སྣོད་ཡིན། ཆ་གཅིག་འདུལ་བའི་སྡེ་སྣོད་དུ་གཏོགས་པ་སྟེ། །འབུམ་སྡེ་ལྔ་ལ་སོགས་པ་མདོ་སྡེ་ཐམས་ཅད་ཀྱི་ནང་ནས་མདོ་སྡེ་རེ་རེ་ལ་ཡང་ལེའུ་གོང་འོག་ལ་སོགས་པ་སྡེ་སྣོད་གསུམ་སོ་སོར་འབྱེད་དགོས་པ་ཡང་ཡོད་པ་ཡིན། མདོ་མངས་པོ་ཏི་བཞི་བཅུ་ཙམ་བོད་ལ་འགྱུར་བ་ལས། །རྒྱ་གར་སྐད་ཕྱེད་སུམ་སྟོང་ལྷག་ཡོད་པ་ཡིན། དེ་རེ་རེ་ལ་ཡང་ཕུན་སུམ་ཚོགས་པ་ལྔ་ལྔར་གཏན་ལ་འབེབས་དགོས་

(༢༤༨)པར་བཤད། །དེ་ལ་མདོ་སྡེ་མངོན་པ་གཉིས་ཀྱི་བསྟན་བཅོས་ཀྱི་དབང་དུ་བྱས་ན། །ཀླུ་སྒྲུབ་ཡབ་སྲས། །ཐོགས་མེད་སྐུ་མཆེད། །ཟླ་བ་གྲགས་པ། །ཕྱོགས་ཀྱི་གླང་པོ། །འཇིག་རྟེན་རྒྱན་དྲུག་གི་བསྟན་བཅོས་ལས་བོད་ལ་ཡང་མང་དུ་འགྱུར་ནས་ཡོད་པ་ཡིན། པཎྜི་ཏ་བོ་དྷི་སཏྭ་བོད་ལ་དང་པོར་བྱོན་ནས་དམ་པའི་ཆོས་འདུལ་བ་བཀའ་དང་བསྟན་བཅོས་རྣམས་བསྒྱུར་བ་ཡིན། སྡེ་སྣོད་བཀའ་སྔ་འགྱུར་དང་པོར་སྔ་བ་སྟོན་པ་བོ་དྷི་སཏྭ། བསྟན་པ་འདུལ་བ་ལ་སོགས་པ་དྲང་དོན་རྣམས་བསྟན་པ་ཡིན། །སློབ་དཔོན་བི་མ་ལ་མི་ཏྲས་ཀྱང་མཚན་ཉིད་རྒྱུའི་ཐེག་པའི་བསྟན་བཅོས་མང་དུ་བསྒྱུར་བ་ཡིན། །ཇོ་བོ་རྗེ་ལ་སོགས་པའི་བསྟན་བཅོས་མང་དུ་བཞུགས་པ་ལས། སྡེ་སྣོད་སོ་སོའི་བཀའ་ལ་བསྟན་ནས་ཞི་བ་ལྷ་ལ་སོགས་པ་རྒྱ་གར་མཁས་པ་རྣམས་ཀྱི་བསྟན་བཅོས་རྣམས་ཀྱང་ཕྱི་རབས་ཀྱི་གདུལ་བྱ་ལ་previous hit དགོངས་ནས་བཀའ་ན་བཞུགས་ next hit་རྣམས་དོན་མི་གསལ་བ་གསལ་བར་བྱེད་ཅིང་སྒྲ་དང་ཚིག་རྣམས་གོང་འོག་ཏུ་འཐོར་ནས་ཡོད་པ་རྣམས་ལྷན་ཅིག་ཏུ་བསྒྲིགས་ནས་རྩིས་མགོ་རྣམ་པ་ལྔ་ཡིས་བསྟན་པ་ཡིན་ཏེ། །དེ་ལ་བསྟན་བཅོས་ཐམས་ཅད་ཀྱང་དོན་རྣམ་པ་ལྔས་བཤེད། །previous hit དགོངས next hit་འདུས་པ་དང་། ཚིག་གི་དོན་དང་། སྤྱིའི་དོན་དང་། ཡན་ལག་སྣ་ཚོགས་སུ་དབྱེ་བ་དང་། །རྒལ་རྟགས་དང་བཅས་པ་ལུང་དང་རིགས་པ་དུ་མ་ཡིས་རྒོལ་བ་ཚར་བཅད་ཅིང་སྒྲ་དོན་འབྲེལ་བར་སྙད་པའོ། །བསྟན་བཅོས་ཞེས་བྱ་བ་ནི་བཀའ་ཐམས་ཅད་འགྲེལ་བ་ཡིན་ལ། །འགྲེལ་པའི་དོན་ཉམས་སུ་བླང་བའི་རིམ་པ་ནི། །མན་ངག་ཅེས་བྱ་བ་སྟེ། །མན་ངག་ཅེས་བྱ་བའི་དོན་ཡང་དབུ་ཞབས་སུ་ཚིག་སྡེབ་སྦྱོར་ལེགས་ཤིང་གཞུང་འབྲེལ་ལ་དོན་གསལ་

(༢༤༩)ཞིང་གོ་བར་སྟོན་པའི་ཕྱིར་ན་རྩིས་མགོ་རྣམ་པ་ལྔ་ཡིས་སྟོན་པར་བཤད། །འཛམ་བུ་གླིང་གི་རྒྱན་དྲུག་ལ་སོགས་པའི་མཁས་ལ་གྲུབ་པ་ཐོབ་པའི་པཎྜི་ཏ་འདི་རྣམས་ཐུབ་པ་ཆེན་པོ་ཉིད་ཀྱི་རྣམ་པར་འཕྲུལ་པ་ཡིན། །བསྟན་བཅོས་འདི་རྣམས་ཉན་པ་དང་བཤད་པ་དང་སྒྲ་དང་དོན་གོ་ན། །སྡེ་སྣོད་གསུམ་གྱི་སྒྲ་དང་དོན་གོ་བ་ཡིན་པའི་ཕྱིར་ན། ལུང་ལས་ཀྱང་། །མདོ་སྡེ་མ་ལུས་ཀུན་ལྟ་ཞིང་། །བསྟན་བཅོས་མཐའ་དག་ཉན་པར་བྱ། །ཞེས་གསུངས་པའི་དོན་ནི་བཀའ་དང་བསྟན་བཅོས་གཉིས་ཀྱི་ས་མཚམས་འབྱེད་པ་ལ་previous hit དགོངས next hit་ཡིན། །སྡེ་སྣོད་གསུམ་སྡེ་སྣོད་དགུ་རུ་དབྱེ་བ་ཡང་མདོ་སྡེ་ཡན་ལག་བཅུ་གཉིས་ཀྱིས་རྒྱས་པར་སོ་སོར་དབྱེ་ཞིང་བཤད་པ་སྟེ། །རྫོགས་པ་ཆེན་པོ་ཀུན་བྱེད་རྒྱལ་པོའི་ལུང་ལས་ཀྱང་། སྤྲུལ་སྐུའི་བསྟན་པ་ཚིག་དང་ཡི་གེར་སྡེབས་ནས་སུ། །དོན་རྣམས་སོ་སོར་གོ་བར་བྱེད་ཅེས་གསུངས་པའི་དོན་ཡང་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དོན་དུ་དུས་གསུམ་དུ་སངས་རྒྱས་སྟོང་དང་རྩ་གཉིས་སྐལ་པ་བཟང་པོ་གཅིག་ལ་རྫོགས་པར་བྱོན་པ་ལས། །སངས་རྒྱས་རེ་རེ་ལ་ཡང་སྤྲུལ་པའི་སྐུ་བྱེ་བ་ཕྲག་བརྒྱ་རེ་རེ་བྱོན་པའི་བསྟན་པ་ཡང་། །རྒྱུ་མཚན་ནི་ཀྱི་ཐེག་པ་འདི་བསྟན་པར་གསུངས་ཏེ། སྤྲུལ་སྐུ་རྣམས་ཀྱི་བསྟན་པ་དེ་ཞལ་ནས་གསུངས་པའི་ཕྱིར་ན་སྡེ་སྣོད་གསུམ་གྱི་བཀའ་རྣམས་ལ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཐམས་ཅད་ཀྱི་གླད་དུ་སྨོས་པ་ཡིན། དེ་ལ་ཐེག་པ་ཆེན་པོའི་མདོ་སྡེ་འབུམ་ལ་སོགས་པ་འདི་རྣམས་དང་། མངོན་པའི་དབུ་མ་སེམས་ཙམ་པ་ལ་སོགས་པ་རྣམས་ཀྱིས་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་འདི་རྣམ་གྲངས་དྲུག་བཅུ་རྩ་བཞི་ཡང་སྟོང་པ་ཉིད་བཅོ་བརྒྱད་

(༢༥༠)དུ་བཤིག་ཅིང་། མཐའ་བརྒྱད་དང་བྲལ་བར་བཞེད་པ་ཡིན། དེ་ལ་ནང་སྟོང་པ་ཉིད་ཅེས་བྱ་བ་ནི་མིག་ནས་ཡིད་ཀྱི་བར་དུ་སྟེ། །མིག་ལ་སོགས་པའི་དབང་པོ་དྲུག་དང་། དེའི་རྟེན་ལུས་ཀྱི་ཕུང་པོ་ལྔ་ནི་ནང་ཞེས་བྱ་སྟེ། ཆོས་དང་གང་ཟག་བརྟག་པ་དང་། ཐེར་ཟུག་ཏུ་གནས་པའི་དངོས་པོ་རྡུལ་ཙམ་ཡང་མེད་པའི་ཕྱིར་ན་ནང་སྟོང་པ་ཉིད་ཅེས་བྱའོ། །ཕྱི་སྟོང་པ་ཉིད་ནི་གཟུགས་ནས་ཆོས་ཀྱི་བར་དུ་ཡུལ་དྲུག་སྟེ། རྣམ་པར་ཤེས་པ་མ་ཟིན་པས་བླུན་པོའི་རང་བཞིན་བེམ་པོ། །རྩི་ཤིང་དང་ནགས་ཚལ་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་དང་རྣམ་པར་ཤེས་པའི་ཡུལ་རྣམས་ནི་ཕྱི་ཞེས་བྱ་སྟེ། །བྱེད་པའི་སྐྱེས་བུ་བཅུ་གཉིས་ལ་སོགས་ཏེ་བྱ་བ་སྒྲུབ་པའི་གཉེན་པོ་ཐམས་ཅད་རྡུལ་ཙམ་གྱི་ཡང་འཛིན་པ་མེད་པ་ནི་ཕྱི་སྟོང་པ་ཉིད་ཅེས་བྱའོ། །ཕྱི་ནང་སྟོང་པ་ཉིད་ནི་སྐྱེ་མཆེད་བཅུ་གཉིས་ཏེ། །ལ་ལ་དག་འདི་སྙམ་དུ་ཕྱི་དང་ནང་གཉིས་ལ་དངོས་པོ་མེད་པར་བསྟན་ན། །འོན་ཀྱང་ཕྱི་དང་ནང་གཉིས་ཀ་འདུས་པའི་སྤྱི་ཁ་དང་། དངོས་པོ་གཅིག་ཡོད་དོ། །སྙམ་དུ་སེམས་ན་ཡང་དབང་པོ་དྲུག་དང་ཡུལ་དྲུག་དེ་དམིགས་ཤིང་བརྟེན་པས། །རྣམ་པར་ཤེས་པ་དྲུག་ཙམ་དུ་ཟད་དེ། དེ་དག་ལ་ཆོས་དང་གང་ཟག་གི་དངོས་པོ་རྡུལ་ཙམ་ཡང་མེད་པའི་ཕྱིར་ན་ཕྱི་ནང་སྟོང་པ་ཉིད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་གང་ཡིན་པ་སྟེ། །ལ་ལ་དག་འདི་སྙམ་དུ་ཕྱི་དང་ནང་དང་ཕྱི་ནང་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ནི། དངོས་པོ་མེད་པ་སྟེ། སྟོང་པར་བསྟན་ན་འོན་ཀྱང་ཆོས་དེ་དག་སྟོང་པའོ། །ཞེས་བྱ་བ་ཉིད་དངོས་པོ་ཞིག་ཏུ་ཡོད་དོ་སྙམ་དུ་སེམས་ན་ཡང་། །སྟོང་པའི་དངོས་པོ་ལྟ་གདན་ཡོད་དེ། མེད་ཅེས་བྱ་བས་ན། སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ།

(༢༥༡)ཆེན་པོ་སྟོང་པ་ཉིད་ནི་ཕྱོགས་བཅུ་སྟེ། །ཕྱི་སྣོད་ནང་བཅུད་ཀྱིས་བསྡུས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དངོས་པོ་མེད་ཅིང་། གདོད་མ་ནས་སྟོང་པ་ཉིད་ཡིན་པའི་ཕྱིར་ན་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ། །དོན་དམ་པ་སྟོང་པ་ཉིད་ནི་མི་རྟག་མི་འཇིག་པའི་མཚན་ཉིད་དེ། །ཆོས་ཀྱི་དབྱིངས་དང་མྱ་ངན་ལས་འདས་པའི་དོན་ཏེ། །འཕོ་འགྱུར་ཅི་ཡང་མེད་པའི་ཕྱིར་ན། །དོན་དམ་པ་སྟོང་པ་ཉིད་ཅེས་བྱའོ། །འདུས་བྱས་སྟོང་པ་ཉིད་ནི་ཁམས་གསུམ་སྟེ། །ཡང་ན་འདུས་བྱས་ཀྱི་མཚན་ཉིད་བཞི་སྟེ། །སྐྱེ་བ་དང་གནས་པ་དང་མི་རྟག་པ་དང་འཇིག་པ་དང་བཞི་ཡིན་སྟེ། །དེ་དག་ལ་དངོས་པོ་ཡོད་པར་འདོད་ན་ཡང་མ་ཡིན་ཏེ། །དངོས་པོ་མེད་པའི་ཕྱིར་རོ། །འདུས་བྱས་སྟོང་པ་ཉིད་ཅེས་བྱའོ། །འདུས་མ་བྱས་སྟོང་པ་ཉིད་ནི་སྐྱེ་བ་མེད་པ། འགག་པ་མེད་པ། གནས་པ་ལས་གཞན་དུ་འགྱུར་བ་མེད་པ་སྟེ། འདུས་མ་བྱས་སྟོང་པ་ཉིད་ཅེས་བྱའོ། །མཐའ་ལས་འདུས་པ་སྟོང་པ་ཉིད་ནི། མཐའ་ཐམས་ཅད་དང་བྲལ་བ་སྟེ། །ཡོད་པ་དང་མེད་པའི་མཐའ་ལས་འདས་པ། །ཞེས་བྱ་བ་དེ་ལ་དངོས་པོ་ཡོད་དམ་ཞེའམ། །ཡང་ན་སྔོན་དང་ད་ལྟར་དང་ཕྱི་མའི་མཐའ་ལ་དངོས་པོ་ཡོད་པར་རྟོགས་ན། །དེ་དག་ལ་དངོས་པོ་མེད་དོ་ཞེས་དངོས་པོ་མེད་པའི་ཕྱིར་ན་མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་བྱའོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི་དུས་གསུམ་སྟེ། དེའང་འཁོར་བའི་ཐོག་མ་ཞེས་བྱ་བའམ་ཐ་མ་ཞེས་བྱ་བའམ། །དུས་གསུམ་ལ་དངོས་པོ་ཞིག་ཡོད་ན་དངོས་པོ་ཅི་ཡང་མེད་པའི་ཕྱིར། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ། །དོར་བ་མེད་པ་སྟོང་པ་ཉིད་ནི་ཆོས་ཐམས་ཅད་བླང་

(༢༥༢)བར་བྱ་བ་དང་སྤང་བར་བྱ་བ་མེད་པ་སྟེ། དཔེར་ན་བུམ་པའི་ནང་ན་བླུགས་པས་ཆུ་དེ་ཕོ་ཡང་བུམ་པ་སྟོང་པ་ཉིད་དང་འདྲ་བ། །བླང་བ་དང་དོར་བ་མེད་པ། །དོན་དམ་པ་སྟོང་པ་ཉིད་ཡིན་པའི་ཕྱིར་ན་དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །རང་བཞིན་སྟོང་པ་ཉིད་ནི་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཉན་རང་བྱང་ཆུབ་སེམས་དཔའ་རྣམས་དང་། སངས་རྒྱས་རྣམས་ཀྱི་མཐུ་སྟོབས་ཀྱང་སྟོང་པ་ཉིད་ལ་བྱས་པ་སྟེ། རང་བཞིན་གྱིས་སྟོང་པ་ཉིད་ཡིན་པའི་ཕྱིར་རང་བཞིན་སྟོང་པ་ཉིད་ཅེས་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྟེན་འབྲེལ་བྱེད་པའི་སྐྱེས་བུ་བཅུ་གཉིས་འདུས་བྱས་དང་འདུས་མ་བྱས་ལ་སོགས་ཏེ། ཆོས་ཐམས་ཅད་ལ་དངོས་པོ་ཅི་ཡང་མེད་པའི་ཕྱིར་ན་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱའོ། །རང་གི་མཚན་ཉིད་སྟོང་པ་ཉིད། །གཟུགས་ནི་འཇིགས་པའི་མཚན་ཉིད། རྣམ་པར་ཤེས་པ་ནི་རྣམ་པར་རིག་པའི་མཚན་ཉིད་དོ། །ཞེས་པའི་བར་དག་སྟེ། དེ་ཡང་ས་ཕྲ་བ་དང་། ཆུ་གཤེར་བ་དང་། མེ་ཚ་བ་དང་། རླུང་ཡང་བ་དང་། ནམ་མཁའ་ལ་སོགས་ཏེ་དུས་གསུམ་དུ་དངོས་པོ་ཅན་དུ་མི་འགྱུར་ཞིང་། སྟོང་པ་ཉིད་ཡིན་པའི་ཕྱིར་ན་རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་བྱའོ། །མི་དམིགས་པ་སྟོང་པ་ཉིད་ནི། །སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་སྲ་ཞིང་བརྟན་པར་སྣང་ན་ཡང་དམིགས་པའི་ཡུལ་ཐམས་ཅད་དང་བྲལ་བའི་ཕྱིར་ན་མི་དམིགས་པ་སྟོང་པ་ཉིད་ཅེས་བྱའོ། །དངོས་པོ་མེད་པ་སྟོང་པ་ཉིད་ནི། ངོ་བོ་ཉིད་སྟོང་པ་ཉིད་དང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གསུམ་གྱི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་མ་རིག་པ་ནས་རྒ་ཤིའི་བར་དུ་གནས་པ་དང་འགོག་པའི་ཕྱིར་རོ། །ཆོས་ཐམས་ཅད་ལ་དངོས་པོ་ཡང་དག་པ་མེད་པས་ན་དངོས་པོ་མེད་པ་

(༢༥༣)སྟོང་པ་ཉིད་ཅེས་བྱའོ། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་འཛིན་པ་མེད་པའི་ཕྱིར་ན། །ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། །དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་གཉིས་གཅིག་ཏུ་བསྡུས་པ་ལས། དངོས་པོ་ཡོད་དོ་སྙམ་དུ་འགའ་ཞིག་རྟོག་ན། །དེ་གཉིས་འདུས་པ་ལ་ཡང་དངོས་པོ་མེད་པས་ན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ།། །།འདི་ལ་འགའ་ཞིག་རྒལ་ཞིང་རྩོད་པ་ཡང་ཡོད་དམ། ཆོས་ཐམས་ཅད་རྒྱུ་དང་རྐྱེན་གཞན་དང་གཞན་ཐ་དད་པ་མང་པོ་གཅིག་ལ་ཅིག་བརྟེན་ནས་སྐད་ཅིག་རེ་རེ་ལ་ཡང་སྐྱེ་ཞིང་འགག་པའི་ཕྱིར་ན་རྟག་པའི་དངོས་པོ་ཡང་ཡོད་པ་ཡིན་ལ། ཐམས་ཅད་ནས་ཐམས་ཅད་གཏན་ནས་ཅི་ཡང་མེད་པ་ཡང་མ་ཡིན་ཏེ། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་གནས་ཤིང་འགག་པའི་ཕྱིར་རོ། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་སུ་བསྡུས་ཤིང་། །སྟོང་པ་ཉིད་བཅོ་བརྒྱད་གཅིག་གིས་གཅིག་བཤིག་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་ཕབ་པ་ནི་སྟོང་པ་ཉིད་ཀྱི་གནས་ལུགས་ཡིན་ཏེ། །བཤིག་པའི་སྟོང་པ་ཉིད་ཅེས་བྱ་བ་ཡིན། །ཤེས་རབ་སྙིང་པོའི་ལུང་ལས་ཀྱང་། གཟུགས་སྡོང་པའོ། །སྟོང་པ་ཉིད་ཀྱང་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །སྟོང་པ་ཉིད་བཞི་སྦྲགས་སུ་བསྟན་ཅིང་། དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཡང་སྟོང་པའོ། །ཤ་རིའི་བུ་དེ་ལྟ་བས་ན་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །ཞེས་གསུང་པའི་དོན་ཡང་། རྣམ་གྲངས་དྲུག་བཅུ་རྩ་བཞི་དང་།

(༢༥༤)ལྡན་པའི་འཁོར་བའི་ཆོས་ཐམས་ཅད་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་འབེབས་པའི་ཕྱིར་ན། །ཕ་རོལ་ཏུ་ཕྱིན་པ་ཕྱོགས་རེ་བ་ཞེས་ཀྱང་བྱ། །དབུ་མ་སེམས་ཙམ་བདེན་པ་གཉིས་རྣམ་པར་རིག་བྱེད་དང་བྲལ་བའི་རྣམ་རིག་རབ་ཏུ་མི་གནས་པ་ཐལ་འགྱུར་གྱི་ལྟ་བ་ལ་སོགས་པ། སྡེ་སྣོད་ཀྱི་བཀའ་དང་བསྟན་བཅོས་གཉིས་ཀྱི་ལུང་དང་རིགས་པ་དུ་མ་ཡིས་སྟོང་པ་ཉིད་དུ་གཏན་ལ་འབེབས་ཤིང་མཁས་པ་རྣམས་ཀྱི་བཞེད་པ་དང་previous hit དགོངས next hit་གནམ་གྱི་སྐར་མ་འདྲ་ན་ཡང་། འདི་རྣམས་ཀྱི་དོན་མ་རྟོགས་ན་སྟོང་པ་ཉིད་གོལ་བའི་མཐའ་ལ་འབྱམས་བྱ་བ་ཡིན། འདི་ལྟ་བུའི་བཞེད་previous hit དགོངས་ཀྱིས། ཏིང་ངེ་འཛིན་གྲངས་མེད་ next hit་ལ། སྙོམས་པར་འཇུག་ཅིང་བདེན་པ་མཐོང་ན་ཡང་རྡུལ་དང་བྲལ་བའི་ཏིང་ངེ་འཛིན་ཙམ་ཡིན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་གྱིས་འཇིག་རྟེན་པའི་ལམ་གཏན་ལ་ཕབ་པ་ཡིན་ཏེ། དཀོན་མཆོག་བརྩེགས་པའི་ལུང་ལས། བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ནི། །ས་དང་གཉེན་པོའི་ཚུལ་བཞག་སྟེ། །མོས་པའི་ཕྱོགས་ཀྱི་རིམ་གྱིས་བསྒྲོད། །ཅེས་གསུངས་པས། བྱང་ཆུབ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བླ་ན་མེད་པའི་བྱང་ཆུབ་སྟེ། རྣམ་པ་གསུམ་དུ་བཞེད་པ་ཡིན་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱང་། ཐེག་པ་གསུམ་གྱི་གཞིའི་རྟེན་ལྟ་བུ་ཡིན། །ཟག་པ་ཟད་པ་ལམ་གྱི་བསྐྱེད་པའི་ཡེ་ཤེས་ཐོབ་པ་ལ་བྱའོ། དེའི་ཕྱོགས་ཀྱི་ཆོས་ནི་ཐོབ་པར་བྱ་བའི་རྒྱུ་དང་། ཐབས་ལྟ་བུ་སྟེ་གྲོགས་སུ་འགྱུར་བ་ལྟ་བུའོ། །ས་ནི་རྒྱུན་དུ་ཞུགས་པ་ནས་ས་དང་པོ་ལ་སོགས་བཅུའི་བར་དག་གོ། །གཉེན་པོ་ནི་ས་དེ་དག་གི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་

(༢༥༥)མི་དགེ་བའི་ཆོས་ཐམས་ཅད་ལས་བཟློག་ཅིང་སྤོང་བ་སྟེ། སྒྲ་ཟླ་ལྟ་བུའི་ཚུལ་ལ་མི་དགེ་བའི་ཚོགས་ཐམས་ཅད་སྤངས་ནས། །བྱང་ཆུབ་ཀྱེ་ཕྱོགས་ཀྱི་ཆོས་ཐམས་ཅད་སྤྱོད་པ་ནི་སྤངས་པ་ཕུན་སུམ་ཚོགས་པར་སྤངས་ནས་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ལ་སོགས་པ་ཚུར་ཐོབ་པར་བཞེད་པའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་དབང་དུ་བྱས་ན་བྱང་ཆུབ་སེམས་དཔའི་སྡོམ་པ་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡིན་པ་ལས། སྡོང་པོས་བརྒྱན་པའི་མདོ་ལས་ཀྱང་བླ་མ་མཁས་ཤིང་སྡོམ་ལ་གནས། །ནུས་དང་ལྡན་ལ་བླང་བར་བྱ། །ཞེས་གསུངས་པས། སེམས་བསྐྱེད་ལེན་པའི་སློབ་དཔོན་དེ་ཡང་། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་མཁས་ཤིང་། བྱང་ཆུབ་སེམས་ཀྱི་སེམས་ལ་དབང་ཐོབ་པ་དང་། ཐེག་པ་ཆེན་པོའི་སྟོབས་དང་ལྡན་པ་ཅིག་དགོས་པར་བཤད། ཞི་བ་ལྷའི་ཞལ་ནས་ཀྱང་། བྱང་ཆུབ་སེམས་ནི་མདོར་བསྡུས་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །སྨོན་པ་བྱང་ཆུབ་སེམས་དང་ནི། །འཇུག་པ་བྱང་ཆུབ་སེམས་ཉིད་དོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །ལམ་གྱི་བྱེ་བྲག་ཤེས་པ་ལྟར། །ཞེས་གསུངས་པའི་ཕྱིར་ན། །སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྐྱེ་བའི་རྒྱུ་བཞི་ཡིན་ཏེ། ཚད་མེད་པ་བཞི་ལ་བློ་སྦྱངས་ནས་བྱང་ཆུབ་ཀྱི་སེམས་སྐྱེ། །བསོད་ནམས་ཀྱི་ཚོགས་དངོས་སམ་ཡིད་ཀྱིས་རྒྱ་ཆེན་པོ་བསགས་ན་སེམས་བསྐྱེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མོས་གུས་སྐྱེས་ན་སེམས་བསྐྱེད། སེམས་བསྐྱེད་སྐྱེ་བའི་རྒྱུ་བཞི་ཡིན། །དེ་ལ་ཚད་མེད་པ་བཞི་ནི། །བྱམས་པ་ཚད་མེད་པ་དང་། སྙིང་རྗེ་ཚད་མེད་པ་དང་། དགའ་བ་ཚད་མེད་པ་དང་། བཏང་སྙོམས་ཚད་མེད་པའོ། །སེམས་བསྐྱེད་པའི་གསོལ་བ་བཏབ་པ་དང་། སེམས་བསྐྱེད་པ་དངོས་གཞི་ཆོ་ག་རྣམས་རྒྱས་པར་བྱའོ། །སྨོན་

(༢༥༦)པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་རྒྱུ་དང་འབྲས་བུ་ལ་དམ་བཅའ་བ་ཡིན་པའི་ཕྱིར་ན། ལྷག་པའི་བསམ་པ་རྒྱ་ཆེན་པོ་བྱ་བ་སྟེ། རྫོགས་པར་བྱེད་པའི་ཡན་ལག་བསྔོ་བ་ཡིན། འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནས་གཟུང་སྟེ། སངས་མ་རྒྱས་ཀྱི་བར་དུ་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་ཟུང་འཇུག་ཏུ་བསགས་ཤིང་མཐར་ཕྱིན་པར་བྱེད་པ་ལ་ཟེར་བ་ཡིན། དེའི་ཕྱིར་ན་དུས་རྒྱུན་དུ་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ། །བྱང་ཆུབ་སེམས་ཀྱི་ས་ལམ་བསྒྲོད་པ་ནི། དང་པོར་མོས་པའི་ལམ་ཡིན་པས་དད་པ་དང་མོ་གུས་རྒྱ་ཆེན་པོ་བསྐྱེད་ཅིང་ལུས་ངག་ཡིད་གསུམ་ལ་འཕངས་པ་མེད་པར་སེམས་ཅན་གྱི་དོན་དུ་གཏོང་དགོས་པར་བཤད། དེ་ལ་ཚོགས་ལམ་བཞི་གསུམ་བཅུ་གཉིས་ནི་དྲན་པ་ཉེ་བར་བཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། དེ་ལ་དྲན་པ་ཉེ་བར་བཞག་པ་བཞི་གང་ཞེ་ན་ལུས་དྲན་པ་ཉེ་བར་བཞག་པ་དང་། ཆོས་དྲན་པ་ཉེ་བར་བཞག་པ་དང་། ཚོར་བ་དྲན་པ་ཉེ་བར་བཞག་པ་དང་། སེམས་དྲན་པ་ཉེ་བར་བཞག་པ་དང་། ཡང་དག་པར་སྤོང་བ་ནི། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་འདུན་པ་བསྐྱེད་དོ། །སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་སྤང་བའི་ཕྱིར་འདུན་པ་བསྐྱེད་པའོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་བསྐྱེད་དོ། །དགེ་བའི་ཆོས་སྐྱེས་པ་རྣམས་ཕྱིར་ཞིང་འབྱུང་བ་དང་ཉམས་པར་མི་འགྱུར་བ་དང་། ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདུན་པ་བསྐྱེད་པ་སྟེ། ཡང་དག་པར་སྤོང་བ་བཞིའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི། འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་ལྡན་པའི་རྫུ་འཕྲུལ་

(༢༥༧)གྱི་རྐང་པ་དང་། སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སྤྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་སྟེ། ཚོགས་ལམ་བཞི་གསུམ་བཅུ་གཉིས་སོ། །སྦྱོགས་ལམ་ངེས་པར་འབྱེད་པ་ཆ་བཞི་ནི། དབང་པོ་ལྔ་གང་ཞེ་ན། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ། །སྟོབས་ལྔ་གང་ཞེ་ན། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་སོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགལ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ། །དེ་ལྟར་དུ་ཚོགས་སྦྱོར་གཉིས་ཀྱི་ལམ་ལ་རྒྱུན་ཆད་མེད་པར་གོམས་པར་བྱས་ཤིང་། ཚོགས་ལམ་བཅུ་གཉིས་མཐར་ཕྱིན་ན་སྦྱོར་ལམ་ངེས་པར་འབྱེད་པ་བཅུ་བཞི་རྫོགས་པར་བྱས་ན། འཇིག་རྟེན་གྱི་ལམ་ཟག་པ་དང་བཅས་པ་ཡོངས་སུ་རྫོགས་པའི་ཐབས་ལ་རྣམ་པར་ཐར་པའི་སྒོ་གསུམ་ལ་བསླབ་པ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་གསུམ་ལ་སྦྱངས་ན། དེ་ལ་བྱང་ཆུབ་ཀྱི་ཐེག་པ་ལས། སྒྲིབ་པ་མེད་པ་ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། བག་ཆགས་

(༢༥༨)ཀྱི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དང་རྣམ་པ་བཞི་སྤངས་ནས་སངས་རྒྱས་པར་བཞེད་པ་ཡིན། དེ་ལ་ཕུང་པོ་རྣམས་རྫོགས་ནས་ལམ་བསྒྲོད་པར་བཞེད་པ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བ་ཡེ་ཤེས་གཟིགས་པའི་ཕུང་པོ་བཞིའོ། །ཕུང་པོ་ལྔ་རྫོགས་ནས་བྱང་ཆུབ་ཀྱི་ལམ་བསྒྲོད་པར་བཞེད་པ་ཡིན། དེ་ལ་ཕ་རོལ་དུ་ཕྱིན་པ་བཅུས་ས་བཅུ་རྫོགས་པར་བཞེད་པ་ཡིན། དེ་ལྟར་དུ་རྫོགས་ན་ས་བཅུ་རྒྱུན་གྱི་ཐ་མ་ལ་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱིས་སངས་རྒྱ་བར་བཞེད་པ་ལས། བསྐལ་པ་གྲངས་མེད་པ་གསུམ་དུ་སྒྲིབ་པ་སྦྱངས། གྲངས་མེད་པ་གསུམ་དུ་ཚོགས་བསགས་པ་ལས་ས་བཅུ་ལམ་ལྔ་བསྒྲོད་དགོས་པར་གསུངས། ས་དང་པོའི་བདེན་པ་མཐོང་ནས། ས་བཅུ་པའི་བར་དུ་ཟུང་འཇུག་རབ་འབྲིང་ཐ་མ་བཅུའི་ལམ་བསྒྲོད་པར་བཞེད་པ་ལས། བསྐལ་པ་གྲངས་མེད་པ་གསུམ་གང་ཞེ་ན། མོས་པ་སྤྱོད་པའི་ས་ནས་ས་དང་པོའི་བར་བསྐལ་པ་གཅིག་མོས་པར་སྤྱོད་པ་ནས་ཚོགས་ལམ་དང་སྦྱོར་ལམ་ཡིན། །ས་དང་པོ་ནས་བརྒྱད་པའི་བར་བསྐལ་པ་གྲངས་མེད་པ་གཅིག་ཡིན། ས་བརྒྱད་པ་ནས་ས་བཅུ་རྒྱུན་གྱི་ཐ་མའི་བར་དུ་བསྐལ་པ་གྲངས་མེད་པ་གཅིག་ཡིན། དེ་ལ་དང་པོའི་སྐལ་པ་ནི་མི་ཚེ་དཔག་ཏུ་མེད་པ་ཐུབ་པ་ནས་རིམ་གྱིས་འགྲིབས་ཏེ། ཚེ་ལོ་བཅུ་པ་ལ་ཐུག་པ་ནི་བར་གྱི་བསྐལ་པ་གཅིག་ཡིན། དེ་ནས་ཡང་ཚེ་ལོ་བརྒྱད་ཁྲིར་གྱུར་ལ། །ཡང་སླར་རིམ་གྱིས་ཁྲིར་གྱུར་ནས་ཚེ་ལོ་བཅུར་གྱུར་པའི་བར་དེ་ནི་ཡར་སྐྱེ་བ་དང་མར་འགྲིབ་པའི་བར་གྱི་བསྐལ་པ་གཅིག་དང་། དང་པོ་མར་འགྲིབ་བའི་བསྐལ་པ་སྟེ། དེ་ལྟ་བུའི་བར་གྱི་སྐལ་པ་ཉི་ཤུ་ཆགས་སོ། །ཉི་ཤུ་གནས་སོ། །བསྐལ་པ་ཉི་ཤུ་འཇིག་གོ། །ཉི་ཤུ་སྟོངས་ཏེ། བར་གྱི་བསྐལ་པ་

(༢༥༩)བརྒྱད་བཅུ་ལ་བསྐལ་པ་ཆེན་པོ་གཅིག་ཅེས་བྱ་སྟེ། དེ་ལྟ་བུར་བགྲངས་པའི་མཐའ་ལས་འདས་པ་ནི་བསྐལ་པ་གྲངས་མེད་པ་གཅིག་སྟེ། མོས་པ་སྤྱོད་པའི་ས་དང་། ས་དང་པོ་མན་ཆོད་བསྐལ་པ་གྲངས་མེད་གཅིག །ས་བརྒྱད་པ་མན་ཆད་བསྐལ་པ་གྲངས་མེད་གཅིག །ས་བརྒྱད་པ་ནས་སངས་རྒྱས་ཀྱི་སའི་བར་གྱི་བསྐལ་པ་གྲངས་མེད་གཅིག །དེ་ལྟར་དུ་བསྐལ་པ་གྲངས་མེད་གསུམ་གྱིས་ས་ལམ་སྒྲོད་ནས། སྡེ་སྣོད་གཉིས་པའི་ལུགས་ཀྱིས་སངས་རྒྱས་སར་བཞེད་པ་ཡིན་པ་ལས། འདིར་ས་གཅོད་ཙམ་ཅིག་བྲིས་པ་ལགས། ཐེག་པ་ཆེན་པོའི་མདོ་སྡེ་ཐམས་ཅད་ལས་ཤེས་པར་བྱའོ། །ཐོས་པས་ཕྱིའི་སྒྲོ་འདོགས་གཅོད་པ་དང་། མདོ་སྡེ་དང་མངོན་པའི་བཀའ་དང་བསྟན་བཅོས་ཀྱི་འཇུག་སྒོ་ཤེས་པར་བྱའོ། །ལམ་ཤེས་པར་བྱའོ། །སྒྲ་དང་དོན་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའི་སྡོམ་པ་བླང་ཞིང་བསྡུ་བ་དང་། སྤངས་པ་དང་ཐོབ་པ་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའ་ལྟུང་བ་དང་ལམ་གྱི་ཡོན་ཏན་གྱི་བྱེ་བྲག་རྣམས་ལས་སྐྱོན་དང་ཡོན་ཏན་སོ་སོར་ཤེས་པར་བྱའོ། །ཚོགས་སྦྱོར་གཉིས་སུ་ཟག་བཅས་ཀྱི་ལམ་བསྒྲོད་པར་བྱའོ། །མཐོང་ལམ་དུ་དོན་དམ་པའི་བདེན་པ་མཐོང་ཞིང་སྒོམ་ལམ་དུ་སྒོམ་པས་ནང་གི་སྒྲོ་འདོགས་ཆོད་ཅིང་ས་བཅུ་རིམ་གྱིས་རྫོགས་པར་བྱའོ། །དེ་ལ་ཡང་མི་གནས་ཤིང་ཐེག་པ་གོང་ནས་གོང་དུ་ནར་སོན་པར་བྱེད་པ་ལས་རྡོ་རྗེ་ཐེག་པའི་ལམ་རྣམས་ཀྱང་རྫོགས་པར་བྱའོ། །བདེ་གཤེགས་བཀའ་ཡི་གཞུང་ལུགས་ལས། །རྒྱུ་མཚན་ཉིད་ཀྱི་ཐེག་པར་ཐོས་པས་ཕྱིའི་སྒྲོ་འདོགས་བཅད་ནས་སངས་རྒྱ་བར་བཞེད་པའི་ལུགས་ཡིན། རྗེ་ནཱ་རོ་པཎ་ཆེན་གྱི་previous hit དགོངས next hit་དང་བསྟུན་ན་ཐོས་པས་ཕྱིའི་སྒྲོ་འདོགས་བཅད་པ་ནི་ཐེག་པ་དགུའི་སྒྲ་དོན་ཤེས་ཤིང་དེའི་ས་མཚམས་སོ་སོར་འབྱེད་ཅིང་བསམ་པ་དང་། སྒོམ་པས་ནང་གི་སྒྲོ་

(༢༦༠)འདོགས་གཅོད་པ་དང་། ཐེག་པ་རིམ་པ་དགུའི་previous hit དགོངས next hit་གཅིག་ཏུ་བསྡུས་ནས་དར་དྲག་ལ་ཡུན་རིང་དུ་བསྒོམ་ཞིང་གྲུབ་རྟགས་སྣ་ཚོགས་དང་ཡོན་ཏན་གོང་ནས་གོང་དུ་འདོན་ཞིང་རྟོགས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས། སྤྲིན་མེད་པའི་ནམ་མཁའ་ལ་ཉི་མ་ཤར་བ་ལྟ་བུ་ཡིས་འཁོར་འདས་ལམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་སྒྲ་དང་དོན་སོ་སོར་རྟོགས་ན་མཁྱེན་པ་གཉིས་དང་ལྡན་པའི་སྒོམ་ཆེན་པར་བཞེད་པ་ཡིན། དེ་ལ་མདོ་སྡེ་དང་མངོན་པའི་བཀའ་དང་བསྟན་བཅོས་རྒྱ་ཆེ་བ་གྲངས་མེད་པ་རྣམས་ཀྱི་གཞི་དང་ལམ་དང་འབྲས་བུ་ལ་སོགས་པ་རྣམས་ཐམས་ཅད་ཀུན་གྱི་ངོ་བོ་བཤིས་མཚན་ཉིད་སོ་སོར་རྟོགས་ཤིང་གང་ཡང་སྒྲིབ་པ་མེད་པའི་ཕྱིར་ན་རྟོགས་པ་ཞེས་བྱའོ། །ཐམས་ཅད་རང་ལ་གསལ་ཞིང་མངོན་དུ་གྱུར་པ་ཞེས་ཀྱང་བྱའོ། །དེ་ལ་བདེ་བར་གཤེགས་པའི་བཀའི་གཞུང་ལུགས་དང་མི་འགལ་ཞིང་བླང་བྱའི་ཚོགས་ཐམས་ཅད་བླང་བར་རྟོགས་པ་དང་། སྤང་བྱའི་ཚོགས་ཐམས་ཅད་སྤང་བར་རྟོགས་པ་དང་། སྒྲུབ་བྱའི་ཚོགས་ཐམས་ཅད་སྒྲུབ་པར་རྟོགས་པ་དང་། ས་དང་ལམ་གྱི་རིམ་པ་རྣམས་ལ་མཐོ་བ་དང་དམའ་བའི་བྱེ་བྲག་རྣམས་སོ་སོར་རྟོགས་པ་དང་། རྒྱུ་དང་འབྲས་བུའི་ཆོས་ཐམས་ཅད་གང་ཡང་སྒྲིབ་པ་མེད་པར་ངོ་བོ་ཉིད་ཀྱི་རྒྱུ་འབྲས་མངོན་དུ་འཆགས་ན་རྟོགས་པའི་སྔ་ལྟས་ཡིན། འཁོར་བ་དང་མྱ་ངན་ལས་འདས་པའི་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་རང་གི་རྣམ་འཕྲུལ་དུ་རྟོགས་ཤིང་སྣང་བ་སྣ་ཚོགས་སུ་སྣང་བ་དེ་སྐྱེ་བ་དང་འགག་པ་མེད་པ་སྣང་སེམས་དབྱེར་མེད་དུ་རྟོགས་པ་དང་། སྒྲའི་བྱེ་བྲག་སྣ་ཚོགས་པ་ཐོས་ན་ཡང་གྲག་སྟོང་དབྱེར་མེད་དུ་རྟོགས་པ་དང་། སེམས་ལ་དྲན་རྟོགས་དང་ཏིང་ངེ་འཛིན་གྱི་བྱེ་བྲག་སྣ་ཚོགས་པ་ཡིད་ལ་བྱེད་པ་ན་ཡང་རིག་པ་དང་སྟོང་པ་དབྱེར་མེད་པར་རྟོགས་ཤིང་། ཆོས་ཀྱི་དབྱིངས་རབ་འབྱམ་གྱིས་ཁྱབ་ཚད་བློ་ལས་འདས་པ་ཆེན་པོ་ངོ་བོ་ཉིད་ཀྱི་སྐུར་རྟོགས་ཀྱང་ཕ་རོལ་ཏུ་ཕྱིན་པའི་ས་བཅུ་

(༢༦༡)དང་ལམ་ལྔ་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། སྟོང་པ་ཉིད་བཅོ་བརྒྱད་དང་རྣམ་པར་ཐར་པ་སྒོ་གསུམ་ལ་སོགས་པ་དབུ་མ་རབ་ཏུ་མི་གནས་ཀྱི་ལྟ་བ་དང་རྒྱུ་མཚན་ཉིད་ཀྱི་ཐེག་པའམ་ཆོས་ཀྱི་ཕུང་པོ་ཐམས་ཅད་བློ་ལས་འདས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྫོགས་པའི་ཕྱིར་ན་སྤྲུལ་སྐུ་ཐེག་པ་སྡེ་སྣོད་གསུམ་གྱི་རྒྱུ་རྟོགས་ལམ་རྟོགས་འབྲས་བུ་རྟོགས་པའི་དུས་ཚོད་ཡིན། དེ་ལྟར་རྟོགས་ཤིང་གོམས་འདྲིས་མཐར་ཕྱིན་ན་མཚན་ཉིད་ཀྱི་ཐེག་པ་ན་བཤད་པ་བཞིན་དུ་ཡོན་ཏན་གྱི་རིམ་པ་ཐམས་ཅད་ཀྱང་གོང་ནས་གོང་དུ་རྫོགས་ཤིང་། ཚེས་གསུམ་གྱི་ཟླ་བ་ཉ་རྒྱས་པ་བཞིན་དུ་རིམ་གྱིས་ཡོན་ཏན་གོང་ནས་གོང་དུ་རྫོགས་པའི་ཕྱིར་ན་བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་གྱི་ལུང་ནས་ཀྱང་སངས་རྒྱས་ཡོན་ཏན་ཐུག་པ་མེད་པས་ན། སྒོམ་དྲུག་བསག་སྦྱང་ཟད་པ་མེད་པར་གྱིས། ཞེས་གསུངས་པའི་ཕྱིར་ན། ཕྱག་རྒྱ་ཆེན་པོ་རྟོགས་ཀྱང་རྩལ་སྦྱོང་གི་དུས་སུ་སངས་རྒྱས་ཀྱི་བཀའ་རྣམས་ནས་ཅི་ལྟར་གསུངས་པ་བཞིན་དུ་རྒྱུན་ཆད་མེད་པར་སྒྲུབ་དགོས་པ་ཡིན། རྗེ་བཙུན་ཆེན་པོ་ཏཻ་ལོ་པའི་ཞལ་ནས་ཀྱང་། ལྷན་སྐྱེས་ཡེ་ཤེས་དོན་རྟོགས་ན། །རྟོགས་པའི་སྟ་རེ་རྣོན་པོ་ཡིས། །ཅིར་སྣང་ཆོད་ཅིག་ནཱ་རོ་པ། །ཞེས་གསུངས་པའི་ཕྱིར་ན་འཁྲུལ་པའི་སྣང་བ་སྤུ་ཙམ་ཡང་མེད་པར་མཉམ་གཞག་རྗེས་ཐོབ་མེད་ཅིང་། དུས་རྒྱུན་ཆད་མེད་པར་འཁྲུལ་པ་ཡེ་ཤེས་སུ་འཆར་བ་ཡིན། རྗེ་ཆེན་པོ་ཏཻ་ལོ་པའི་ཞལ་ནས། སྨྲ་བརྗོད་མེད་པའི་དོན་རྟོགས་ཀྱང་། །ཚོགས་གཉིས་ཤིང་རྟའི་འཁོར་ལོ་དང་། །འབྲལ་བར་མ་བྱེད་ནཱ་རོ་པ། །ཞེས་གསུངས་པའི་ཕྱིར་ན། སྣང་སྲིད་འཁོར་འདས་རྟོག་པའི་རྣམ་འཕྲུལ་ཡིན་པའི་ཕྱིར་ན། སྐྱེ་བ་མེད་པའི་དོན་རྟོགས། འགག་པ་མེད་པའི་རྩལ་སྦྱང་བྱ་བ་ཡིན་པའི་ཕྱིར་ན་

(༢༦༢)དུས་རྒྱུན་དུ་རྟོགས་པའི་དོན་དང་མ་བྲལ་བར་བྱའོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནས། ཅི་ལྟར་གསུངས་པ་བཞིན་དུ་སྤྱན་ལྔ་དང་མངོན་ཤེས་དྲུག་ལ་སོགས་པའི་ཡོན་ཏན་གྱི་ཆ་མི་འདུག་ན། རྟོགས་པར་འདོད་ཀྱང་རྟོགས་པ་ཡིན། གོ་བ་ཙམ་ཡིན་པར་ཤེས་པར་བྱའོ། །དཔེར་ན་ཉི་མའི་དཀྱིལ་འཁོར་མཁའ་ལ་ཤར་ལ་འོད་ཟེར་མེད་མི་སྲིད། མུན་པ་སེལ་བའི་བྱ་བ་མི་བྱེད་ན་ཉི་མ་མིན་པའི་རྟགས་ཡིན། ཕྱག་རྒྱ་ཆེན་པོའི་དོན་རྟོགས་པ་ན་ཟེར་ཞིང་ཆགས་སྡང་འདོད་སྲེད་མེ་འབར་བ་འདྲ་ན་སྟོང་པ་ཉིད་ཀྱི་ཆད་ལྟ་ཡིན། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམས་ལ་ཆགས་སྡང་དང་ཉོན་མོངས་པ་ཡོད་མི་སྲིད། རྟོགས་པ་རབ་འབྱམ་དེ་རྒྱལ་བ་སྲས་དང་བཅས་པའི་previous hit དགོངས next hit་ཡིན་པའི་ཕྱིར་ན་དངོས་པོ་གཤིས་ཀྱི་གནས་ལུགས་དང་ཤེས་བྱ་གཤིས་ཀྱི་གནས་ལུགས་གཉིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་ན་ཀུན་རིག་པ་བྱ་བ་ཡིན། བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་ཕུན་སུམ་ཚོགས་པ་གསལ་བྱེད་སྒྲོན་མ་ལས་མདོ་སྡེ་དང་མངོན་པའི་ཐེག་པའི་སྒྲ་དང་དོན་ཡེ་ཤེས་རོ་མཉམ་དུ་རྟོགས་པར་བྱེད་པའི་ཐབས་ཁྲིད་ཀྱི་རིམ་པ་ལྔ་པའོ།། །།སངས་རྒྱས་ཤཱཀྱ་ཐུབ་པ་སངས་རྒྱས་ནས་ཆུ་བོ་ཆེན་པོ་ནཻ་རཉྫ་ནའི་འགྲམ་དུ་བསམ་གཏན་མཛད་པའི་དུས་དེར། འོག་མིན་གྱི་གནས་སུ་ཐུབ་པ་ཆེན་པོ་རྣམ་པར་སྣང་མཛད་ལ་ཕྱི་རྒྱུད་སྡེ་གསུམ་མཉན་པར་བཞེད་པར་ཡིན། ཀྲི་ཡ་ཞེས་བགྱི་བ་མདོ་སྡེ་དང་སྔགས་གཉིས་ཀྱི་མཚམས་སུ་འབྱུང་བའི་དུས་དེར་ཀྲི་ཡ་ལ་ཡང་རྣམ་པ་གཉིས་སུ་ཕྱེ་བཀའ་དང་རྒྱུད་རྣམ་པ་གཉིས་ཡིན། །བཀའ་གཟུངས་སྔགས་འདི་རྣམས་ཏེ། མདོ་སྡེ་ལ་ཡང་གཏོགས། རྒྱུད་ལ་ཡང་གཏོགས་པ་ཡིན། དེའི་ཕྱིར་ན་ལུང་ལས་ཀྱང་ཀྲི་ཡ་མདོ་སྔགས་གཉིས་ཀྱི་མཚམས་སུ་འབྱུང་བ་སྟེ། སྟོན་པ་མཐུན་

(༢༦༣)ཡང་བསྟན་པ་མི་མཐུན་ནོ། །ཀྲི་ཡའི་རྒྱུད་སྡེ་རྣམས་བ་ར་ཎ་སིའི་བསིལ་ཁང་རང་ན་མ་ཏིའི་ཡང་ཐོག་ཏུ་ཆར་དུ་བབ་པར་བཞེད་པ་ཡིན། ཀྲི་ཡ་ཕུན་སུམ་ཚོགས་པ་ལྔ་ནི་དང་པོར་སྟོན་པ་ཀུན་རིག་རྣམ་པར་སྣང་མཛད་འོག་མིན་གྱི་གནས་ན་previous hit དགོངས next hit་ཆོས་ཉིད་ལ་བཞུགས་པའི་དུས་སུ། ཡུམ་ལ་སེ་དཀར་མོ་ལ་སོགས་པ་ཕྱག་རྒྱ་བཞིའི་ལྷ་མོ་བཞི་དང་། མཆོད་པའི་ལྷ་མོ་ལ་སོགས་པའི་སྐུར་གཞེངས་ནས་སྟོན་པ་ལ་གསོལ་བ་བཏབ་པ། ཐུགས་རྗེ་རྒྱུན་ཆད་མི་མཛད་པར། དུ་པེ་མ་ལ་སོགས་པ་བརྒྱད་ཀྱིས་མཆོད་བསྟོད་བསྐུལ་མ་མཛད་པས་ཀུན་གཟིག་རྣམ་པར་སྣང་མཛད་གཞེངས་ནས་རྒྱུད་གསུངས་སོ། །ཆོས་ཉིད་ངང་ལས་མ་བཞུགས་པར་འགྲོ་བའི་དོན་ལ་ལོངས་སྐུར་གཞེངས། ཐུགས་རྗེ་རྒྱུན་ཆད་མི་མཛད་པར། འགྲོ་བའི་དོན་སྔོན་གྱི་དམ་བཅས་དུས་ལ་བབ། ལྷ་མོ་རྣམས་ཀྱིས་རྒྱུད་གསུང་བར་བསྐུལ་ཞིང་གསོལ་བ་བཏབ་པ་ལས། ཀྲི་ཡའི་རྒྱུད་རྣམས་གསུངས་པ་ནི། སྟོན་པ་རིགས་ཀྱི་བདག་པོ་གསུམ་གྱི་གཙོ་བོ་རྣམ་པར་སྣང་མཛད་ཉིད་ལས་མི་གཞན་པའི་འཁོར་རྡོ་རྗེ་སེམས་དཔའ་དང་། སྣང་བ་མཐའ་ཡས་དང་། རིག་པ་ཁྱད་པར་ཅན་གྱི་འཁོར་རིགས་གསུམ་མགོན་པོ་དེ་ལ་སྟོན་པ་ཕུན་སུམ་ཚོགས་པ་ཀུན་རིག་རྣམ་པར་སྣང་མཛད། གནས་ཕུན་སུམ་ཚོགས་པ་འོག་མིན་སྟུག་པོ་བཀོད་པ། རིགས་བཞི་དང་རིགས་གསུམ་མགོན་པོ་དང་། ལྷ་མོའི་ཚོགས་རྣམས་སོ། །བསྟན་པ་ཕུན་སུམ་ཚོགས་པ་ཀྲི་ཡའི་བཀའ་དང་རྒྱུད་དུ་རྟོགས་ཚད། དུས་ནི་ལྔ་བརྒྱ་ཕྲག་གསུམ་པའོ། །དེ་འོག་མིན་གྱི་གནས་སུ་སངས་རྒྱས་དང་རིག་འཛིན་ལ་གསུངས་པའི་དུས་སུ་སྡུད་པ་པོ་གཙང་མ་ལག་ན་རྡོ་རྗེ་ཞི་བ་སེམས་དཔའི་ཆ་བྱད་ཅན། དེ་ལྟར་

(༢༦༤)ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་ཀྲི་ཡའི་རྒྱུད་ནི། མི་ཡུལ་དུ་སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པའོ། །གནས་ཕུན་སུམ་ཚོགས་པ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུའོ། །དུས་ཕུན་སུམ་ཚོགས་པ་ལྔ་བརྒྱ་ཕྲག་བཞི་པའོ། །འཁོར་ཕུན་སུམ་ཚོགས་པ་རིག་འཛིན་ཕོ་མོའོ། །སྡུད་པ་པོ་ཕུན་སུམ་ཚོགས་པ་ཕྱག་ན་རྡོ་རྗེའོ། །བསྟན་པ་ཀྲི་ཡའི་རྒྱུད་རྣམས་སོ། །དེའི་ཕྱིར་ན་སྡུད་པ་པོ་གཉིས་ཡིན་ཏེ། ཀྲི་ཡའི་རྒྱུད་རྣམས་ལག་ན་རྡོ་རྗེས་བསྡུས་ལ། གཟུངས་སྔགས་རྣམས་ཀུན་དགའ་བོས་བསྡུས་པའོ། །དེ་ལ་ཀྲི་ཡ་ཞེས་བགྱི་བའི་རྒྱུད་འདི་རྣམས་ལ་འཇུག་སྒོ་ལ་སོགས་པ་རྣམ་གྲངས་དགུ་ཡིས་བསྟན་པ་བསྟན་པ་རྒྱ་མཚོའི་གཞུང་ན་གསལ། དེ་ལ་ཐུབ་པ་ཆེན་པོའི་དབུ་ནས་གཙུག་གཏོར་གདུགས་དཀར་མོ་ཅན། དེའི་ཏོག་ལས་འདུས་པ་ཆེན་པོ་རིན་པོ་ཆེ་ཏོག་གི་གཟུངས་བྱོན་ནོ། །འདུས་པ་ཞེས་བྱ་བའི་དོན་ནི། སྡེ་སྣོད་གསུམ་དང་ཀྲི་ཡའི་རྒྱུད་རྣམས་འདུས་པའི་ཕྱིར་ཀུན་གྱི་རྩ་བར་བཞེད་པ་ཡིན། མིའི་ཡུལ་དུ་དམ་པའི་ཆོས་བྱོན་སྔ་བ་ཡང་ཏོག་དང་པང་ཀོང་ཕྱག་རྒྱ་པ་གཉིས་བྱོན་སྔ་བ་ཡིན་ནོ། །པང་ཀོང་ཕྱག་བརྒྱ་པ་འདི་ཡན་ལག་བཅུ་གཉིས་ཀྱི་རྩ་བར་བཞེད་པ་ཡིན། དེ་ལ་གཙུག་གཏོར་གདུགས་དཀར་ཅན་ཞེས་བྱ་བ་ནི་གཙུག་ཏོར་གྱི་རྒྱུད་ཀྱི་རྩ་བ་སྟེ། དེ་ལས་ཕྲོས་པས་གཙུག་གཏོར་རྣམ་པར་རྒྱལ་མ་དང་། གཙུག་གཏོར་རྣམ་པར་རྒྱལ་བ་ཕྱིར་བཟློག་པ་ཅན་གྱི་གཟུངས་དང་། གཙུག་གཏོར་དྲི་མ་མེད་པའི་གཟུངས་དང་། གཙུག་གཏོར་འཁོར་ལོས་བསྒྱུར་བའི་རྒྱུད་དོ། །ཨུཥྞི་ཥ་རྣམ་པ་བཞིའི་གཟུངས་བཞི་སྟེ་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་བྱོན་པ་ཡིན། གཟུངས་གྲ་ལྔ་དེ་རིགས་ཀྱི་ཡུམ་ལྔའི་སྤྲུལ་

(༢༦༥)པ་སྟེ། རིག་སྔགས་དང་གཟུངས་སྔགས་གཉིས་ཀར་གཏོགས་པ་ཡིན། ཕྱག་ན་རྡོ་རྗེའི་ཀྲི་ཡའི་རྒྱུད་ཀྱི་རྩ་བ་རྡོ་རྗེ་རྣམ་པར་འཇོམས་པའི་རྒྱུད་ལས་འཕྲོས་པ་གསང་བ་བསྟན་པ་དང་། ལེའུ་བདུན་པ་དང་ལེའུ་བཅུ་གསུམ་པ་དང་། ལེའུ་ཉི་ཤུ་རྩ་གཅིག་པའོ། །དེ་ལས་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཀྱི་རྒྱལ་པོ་འཕྲོས་པར་བཞེད་པ་ཡིན། དེ་ལས་འཕྲོས་པ་ཕྱག་ན་རྡོ་རྗེའི་སྐུའི་རྒྱུད་དང་། གསུང་གི་རྒྱུད། ཐུགས་ཀྱི་རྒྱུད་དང་། ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་ཐམས་ཅད་ལས་འཕྲོས་པར་བཞེད་པ་སྟེ། ལག་ན་རྡོ་རྗེ་རྩ་བའི་རྒྱུད་དང་། རྡོ་རྗེ་མེ་ལྕེའི་རྒྱུད་དང་། འཕགས་པ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་གཟུངས་དང་། །ལག་ན་རྡོ་རྗེ་འཇིག་རྟེན་གསུམ་འདུལ་བར་བྱེད་པའི་རྒྱུད་དང་། དེ་ལས་འཕྲོས་པ་འཕགས་པ་ལག་ན་རྡོ་རྗེ་རི་རབ་ཆེན་པོའི་ཟོམ་གྱི་ཁང་པ་བརྩེགས་པ་ཁྲོ་བོ་སྟོང་རྩ་གཉིས་ཀྱི་གཟུངས་དང་། །འཕགས་པ་རྡོ་རྗེ་རྒྱལ་པོ་ཐམས་ཅད་འཇོམས་པའི་གཟུངས་སོ། །དེ་ལས་འཕྲོས་པ་འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་ཅན་ཞེས་བྱ་བའི་གཟུངས་དང་། དེའི་ཆ་ལག་རྡོ་རྗེ་མཆུའི་སྙིང་པོ་ཅན་དང་། དེའི་ཕྲིན་ལས་སྒྲུབ་པ་འཕགས་པ་ལག་ན་རྡོ་རྗེ་མི་ཕམ་པ་སྟེ། མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས་དང་། ལག་ན་རྡོ་རྗེའི་ཐུགས་ཀྱི་སྤྲུལ་པ་མི་གཡོ་བ་རྩ་བའི་རྒྱུད་དང་། མི་གཡོ་བའི་རྟོག་པ་བདུན་པ་དང་། མི་གཡོ་བའི་སྟོབས་རྟུལ་ཕོད་པའི་རྟོག་པ་དང་། མི་གཡོ་བའི་རྣམ་པར་དག་པ་དང་། མི་གཡོ་བའི་བཤད་པའི་རྒྱུད་དང་། འདི་རྣམས་ཨུ་པ་ཡ་དང་ཀྲི་ཡ་གཉི་གར་གཏོགས་པ་ཡིན། ཕྱག་ན་རྡོ་རྗེའི་ཕྱག་མཚན་ལས་འཕྲོས་པ་ཕྱག་ན་རྡོ་རྗེ་མེ་ལྕེའི་རྒྱུད་དང་། རྡོ་རྗེ་ས་འོག་མེ་ལྕེ་འབར་བ་ཀླུའི་ཤིང་ས་བསྟན་པའི་རྒྱུད་དང་། འཕགས་པ་ལག་ན་

(༢༦༦)རྡོ་རྗེ་ས་འོག་གི་རྒྱུད་དང་། གོས་སྔོན་པོ་ཅན་གྱི་རྒྱུད་དང་། ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ་དང་། རྡོ་རྗེ་བདེ་འཁྲོས་ཀྱི་རྒྱུད་དང་། ཕྱག་ན་རྡོ་རྗེ་ཕྲིན་ལས་ཀྱི་རྒྱུད་ལས་འཕྲོས་པ་རྡོ་རྗེ་མཆུ་ཀླུའི་དམ་ཚིག་དང་། རྡོ་རྗེ་ལྕགས་མཆུ་ནག་པོ་དང་། ཕྱག་ན་རྡོ་རྗེའི་མཚན་བརྒྱ་རྩ་བརྒྱད་པ་དང་། ཕྱག་ན་རྡོ་རྗེ་ཀྲི་ཡ་ལ་གཏོགས་པའི་གཟུངས་དང་། རྒྱུད་འདི་རྣམས་ཕུན་སུམ་ཚོགས་པ་ལྔ་ལྔ་དང་ལྡན་ཞིང་གཅིག་རྒྱབ་གཅིག་གིས་སྐྱོང་བ་ཡིན་པར་ཤེས་པར་བྱའོ། །སྤྱན་རས་གཟིགས་པདྨ་ཅོད་པན་གྱི་རྒྱུད་ནི། ཐུགས་རྗེ་ཆེན་པོའི་རྒྱུད་ཀྱི་རྩ་བ་ཡིན། དེ་ལས་འཕྲོས་པ་ཟ་མ་ཏོག་བཀོད་པའི་རྒྱུད་དང་། སྤྱན་རས་གཟིགས་དབང་ཕྱུག་ཀྲི་ཡའི་རྒྱུད་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་དབྱེ་བ་ལས་ཞལ་བཅུ་གཅིག་ཕྱག་སྟོང་དང་ལྡན་པ་སྐུའི་རྒྱུད་དང་། དེ་ལས་འཕྲོས་པ་སྤྱན་རས་གཟིགས་དབང་ཕྱུག་པདྨ་ཡིད་བཞིན་ནོར་བུ་འཁོར་ལོས་བསྒྱུར་བ་ཞེས་བྱ་བའི་གཟུངས་དང་། སྤྱན་རས་གཟིགས་དབང་ཕྱུག་དབང་བསྐུར་བ་ཞེས་བྱ་བའི་གཟུངས་དང་། སྤྱན་རས་གཟིགས་དབང་ཕྱུག་ཁྱད་པར་ཅན་ཞེས་བྱ་བའི་གཟུངས་དང་། སྤྱན་རས་གཟིགས་དབང་ཕྱུག་ཐུགས་ཀྱི་རྒྱུད་ལ་སྤྱན་རས་གཟིགས་དབང་ཕྱུག་སྙིང་རྗེ་མི་ཤོལ་བ་ཞེས་བྱ་བའི་གཟུངས་དང་། དེ་ལས་འཕྲོས་པ་དོན་ཡོད་ཞགས་པའི་མདོ་དང་། ཐུགས་རྗེ་ཆེན་པོའི་གསུང་གི་སྙིང་པོ་དག་གི་དབང་ཕྱུག་དྲག་ཅིང་མི་ཟད་པའི་སྙིང་པོ་དང་། དེ་ལས་ཕྲོས་པ་ཡིད་བཞིན་ནོར་བུའི་གཟུངས་དང་། སྤྱན་རས་གཟིགས་དབང་ཕྱུག་གི་ཡུམ་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་ཞེས་བྱ་བའི་གཟུངས་དང་། དེ་ལས་འཕྲོས་པ་འཕགས་པ་ཐམས་ཅད་ཀྱི་ཡུམ་ཞེས་བྱ་བའི་གཟུངས་དང་། སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་ལས་འཕྲོས་པ་རྣམ་པར་སྣང་མཛད་རྒྱལ་པོའི་སྙིང་པོ་ཞེས་

(༢༦༧)བྱ་བའི་གཟུངས་དང་། སྤྱན་རས་གཟིགས་དབང་ཕྱུག་གི་གསུང་གི་རྒྱུད་ལས་འཕྲོས་པ་སྣང་བ་མཐའ་ཡས་རྗེས་སུ་དྲན་པའི་གཟུངས་དང་། སྤྱན་རས་གཟིགས་དབང་ཕྱུག་གི་ཡོན་ཏན་པདྨ་ཡིད་བཞིན་ནོར་བུའི་གཟུངས་དང་། དེ་ལས་ཕྲོས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་རྒྱས་པར་བསྟན་པའི་གཟུངས་དང་། དེའི་ཆ་ལག་མགྲིན་སྔོན་ཅན་གྱི་གཟུངས་དང་། སྤྱན་རས་གཟིགས་དབང་ཕྱུག་གི་ཕྲིན་ལས་ཀྱི་རྒྱུད་ལ་འོད་ཟེར་རྣམ་པར་འབྱེད་པའི་གཟུངས་དང་། ངན་སོང་ཐམས་ཅད་སྦྱོང་བའི་གཟུངས་དང་། སྤྱན་རས་གཟིགས་ལ་ལྷ་མོ་བརྒྱད་ཀྱིས་བསྟོད་པའི་གཟུངས་དང་། དེ་རྣམས་ནི་ཐུགས་རྗེ་ཆེན་པོའི་ཀྲི་ཡ་མ་གཏོགས་པའི་རྒྱུད་དང་གཟུངས་ཡིན་ཏེ། གཅིག་རྒྱབ་གཅིག་གིས་སྐྱོང་ཞིང་ཕུན་སུམ་ཚོགས་པ་ལྔ་ལྔ་དང་ལྡན་པར་ཤེས་པར་བྱའོ། །འཇམ་དཔལ་སྐུའི་ལྷ་ཚོགས་ཀྲི་ཡ་ལ་གཏོགས་པའི་རྒྱུད་དང་གཟུངས་དང་། འཇམ་དཔལ་རྩ་བའི་རྒྱུད་བསྡུས་པ་དང་། དེ་ལས་འཕྲོས་པ་རྩ་རྒྱུད་བར་པ་དང་། དེའི་ཕྱི་མ་རྩ་རྒྱུད་རྒྱས་པ་སྟེ། འཇམ་དཔལ་རྩ་བའི་རྒྱུད་གསུམ་ལས་འཕྲོས་པ། འཇམ་དཔལ་མཁའ་ལ་ཉི་ཤར་གྱི་གཟུངས་དང་། འཇམ་དཔལ་སྨྲ་བའི་སེང་གེའི་གཟུངས་དང་། འཇམ་དཔལ་སྨྲ་བའི་ཁྱུ་མཆོག་གི་གཟུངས་དང་། འཇམ་དཔལ་ཨ་ར་པ་ཙའི་གཟུངས་དང་། འཇམ་དཔལ་བ་གི་ཤ་རི་མུམ་གྱི་སྙིང་པོའི་གཟུངས་དང་། འཇམ་དཔལ་ཉིད་ཀྱི་ཞལ་ནས་གསུངས་པའི་གཟུངས་དང་། འཇམ་དཔལ་མ་རིག་མུན་པ་སེལ་བ་ཤེས་རབ་བསྐྱེད་པའི་གཟུངས་དང་། ལྷ་མོ་དབྱངས་ཅན་མའི་གཟུངས་དང་། དཀོན་མཆོག་བརྩེགས་པའི་ནང་ནས་འཇམ་དཔལ་གྱི་ཞིང་རྣམ་པར་བཀོད་པའི་མདོ་དང་། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་འཇམ་དཔལ་གྱི་རྟོགས་པ་བརྗོད་པའི་མདོ་དང་། མདོ་མངས་ཀྱི་སྡེ་ཚན་འཇམ་དཔལ་གྱི་སྡེ་ཚན་

(༢༦༨)བརྒྱ་རྩ་བརྒྱད་ཙམ་བཞུགས་པའོ། །འཇམ་དཔལ་ཟུར་ཕུད་ལྔ་པའི་བསྟོད་པ་དང་། འཇམ་དཔལ་དང་བྱམས་པ་ལི་ཙ་བྱི་དྲི་མ་མེད་པ་དང་། བྱང་ཆུབ་སེམས་དཔའི་ཚོགས་རྣམས་ཆོས་སྒྲོ་ཞིང་གླེང་བའི་མདོ་ལ་སོགས་པ་སྟེ། བོད་ལ་འགྱུར་བ་ཀྲྀ་ཡ་ལ་གཏོགས་པ་མང་དུ་བཞུགས་པར་འདུག་སྟེ། འདིར་རྒྱས་པར་མ་བྲིས་པའོ། །རྒྱུད་གཟུངས་མདོ་འདི་རྣམས་དེ་འཇམ་དཔལ་གྱི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་དང་། ཕྲིན་ལས་ཀྱི་ཕྲིན་ལས་ཏེ་བཀའ་ཉན་རྣམས་ཀྱི་རྒྱུད་ཞོར་ལ་སྟོན་པའོ། །དེ་ལ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པའི་མཛད་པ་བསམ་གྱིས་མི་ཁྱབ་པ་དཔག་ཏུ་མེད་པ་གཏིང་དཔག་དཀའ་བར་བཞུགས་ན་ཡང་། སེམས་ཅན་གདུལ་བྱ་རབ་དང་འབྲིང་དང་ཐ་མའི་མཐོང་ཚུལ་ལས་འཇམ་དཔལ་གྱི་རྒྱུད་དང་གཟུངས་ལ་སོགས་པ་མཛད་པ་ཕྲིན་ལས་དེ་ལྟར་དུ་བྱོན་པ་ཡིན། འཇམ་དཔལ་ཀྲི་ཡའི་ལྷ་ཚོགས་ཀྱི་གདུལ་བྱ་བྲམ་ཟེའི་རིགས་རྣམས་ཡིན། བྲམ་ཟེ་ཁྲུས་དང་གཙང་སྦྲ་ལ་རྒ་བའི་ཕྱིར་ན་ཀྲི་ཡའི་རྒྱུད་དང་གཟུངས་རྣམས་ཀྱིས་ཀྱང་ཁྲུས་ཀྱི་རིམ་པ་མང་པོ་དང་། ལུས་ངག་ཡིད་གསུམ་དང་ཕྱིའི་སྤྱོད་པ་སྣ་ཚོགས་ཀྱི་སྒོ་ནས་གཙང་ཞིང་དག་པར་བྱེད་དུས་གསུམ་གསོ་སྦྱོང་ལ་སོགས་བརྟེན་ཅིང་རྐ་ཐུབ་རྐ་སྤྱད་དུ་མའི་སྒོ་ནས་བརྩོན་འགྲུས་བསྐྱེད་པ་དང་བཟའ་བ་ཟས་ཀྱི་བྱེ་བྲག་ལས། ཤ་དང་ཆང་དང་སྒོག་པ་ལ་སོགས་པ་མི་གཙང་བའི་ཟས་ཐམས་ཅད་སྤང་ཞིང་། དཀར་གསུམ་དང་མངར་གསུམ་འབྲུ་དང་འབྲས་ལ་སོགས་པ་དང་། ཀྲི་ཡའི་རྒྱུད་ནས་གསུངས་པའི་ཟས་ཀྱི་བྱེ་བྲག་རྣམས་ཟ་བར་བྱའོ། །ཀྲི་ཡ་སྒྲུབ་པར་བྱེད་པའི་གང་ཟག་ཀྱང་རབ་དགེ་སློང་གི་སྡོམ་པ་དང་ལྡན་ཞིང་། འབྲིས་གེ་ཚུལ། ཐ་མ་ཡང་དགེ་གཉེན། ཐ་མའི་ཐ་མ་དུས་གསུམ་གྱི་བསྙེན་གནས་ཀྱི་སྡོམ་པ་བསྲུང་བའི་གང་ཟག་དགོས་པར་

(༢༦༩)བཤད། དེ་ལ་འཇམ་དཔལ་གྱི་དབང་དུ་བྱས་པར་སོང་ན། །འཇམ་དཔལ་སེམས་དཔའི་ཆ་བྱད་ཅན་ཀྲི་ཡའི་འཇམ་དཔལ་འདི་ས་བཅུ་པའི་བྱང་ཆུབ་སེམས་དཔའི་ཆ་ལུགས་ཅན་དུ་བསྟན་པའོ། །འཇམ་དཔལ་སྤྲུལ་པའི་སྐུ་དང་། འཇམ་དཔལ་ལོངས་སྤྱོད་རྫོགས་པ་ཆེན་པོའི་སྐུ་དང་། སྐུ་གསུམ་གྱི་འཇམ་དཔལ་དེ་ཐེག་པ་གོང་མ་རྣམས་སུ་གདུལ་བྱ་དབང་པོ་རབ་ཀྱི་དོན་དུ་གསུངས་པ་ཡིན། རྒྱུད་ཀྱི་ནང་ནས་ཀྱང་རྡོ་རྗེ་ཐེག་པ་ངོ་བོ་གཅིག་ལ་ཡང་གདུལ་བྱ་དབང་པོ་ཐ་དད་པས། དམན་པ་རྣམས་ལ་བྱ་བའི་རྒྱུད། དེ་རྟག་རྣམས་ལ་སྤྱོད་པའི་རྒྱུད། །རབ་ཀྱི་འབྲིང་ལ་རྣལ་འབྱོར་རྒྱུད། །རབ་ཀྱི་རབ་ལ་ཆེན་པོ་སྟེ། །རྒྱུད་སྡེ་བཞི་རུ་བསྟན་པ་ཡང་། །རྒྱུད་གཅིག་ཏུ་ནི་འདུས་པ་ཡིན། །ཞེས་གསུངས་པའི་ཕྱིར་ན། འཇམ་དཔལ་རྩ་བའི་རྒྱུད་རྒྱས་བསྡུས་གསུམ་ལས། འཇམ་དཔལ་ཉིད་ཀྱི་སྐུ་ཆེ་བའི་ཡོན་ཏན་གླེང་གཞི་བསམ་གྱིས་མི་ཁྱབ་པ་སྟོན་པ་དང་། འཇམ་དཔལ་གྱི་སྒྲུབ་ལུགས་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་དང་། དཀྱིལ་འཁོར་རྒྱས་པ་དང་། བསྡུས་པ་དང་། དཔའ་བོ་གཅིག་པ་ལ་སོགས་ཏེ་མང་པོར་དབྱེ་ཞིང་སྟོན་པ་ལས་འཇམ་དཔལ་གྱི་མཚན་ཐོས་པ་ཙམ་གྱིས་ཀྱང་སྐྱེ་བ་གྲངས་མེད་པའི་མ་རིག་པའི་སྒྲིབ་པ་དག་ནས། ཤེས་རབ་སྣ་ཚོགས་བསྐྱེད་པར་གསུངས་ཏེ། ཤེས་རབ་ཀྱང་གཉིས་ཡིན་ཐུན་མོང་བ་འཇིག་རྟེན་པའི་ཤེས་བྱ་སྣ་ཚོགས་ལ་མཁས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་དྲི་མ་མེད་པ་ནམ་མཁའ་ལ་ཉི་མ་ཤར་བ་ལྟ་བུ་སྐྱེད་པའི་ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཕྲིན་ལས་སུ་བཞེད་པ་ཡིན། དཀོན་མཆོག་བརྩེགས་པའི་འཇམ་དཔལ་ཞིང་བཀོད་པའི་མདོ་ལས། འཇམ་དཔལ་ཕྱག་སྟོང་དང་ལྡན་པ་ཞལ་བཅུ་གཅིག་པ། ཕྱག་རེ་རེའི་ནང་ན་ལྷུང་བཟེད་རེ་རེའི་སངས་རྒྱས་འཁོར་དང་བཅས་པ་རེ་རེ་བཞུགས་པ། བ་སྤུའི་རྩ་

(༢༧༠)བ་རེ་རེ་ན་ཡང་སངས་རྒྱས་སྟོང་གི་ཞིང་ཁམས་རེ་རེ་ཡོད་པ། སྐུ་ཡིས་ཞིང་ཁམས་ཐམས་ཅད་ཁྱབ་ཅིང་ཞིང་ཁམས་ཐམས་ཅད་སྐུ་ལ་རྫོགས་པ། དེ་ལྟ་བུ་ཡ་མཚན་ཆེ་བ་གསུངས་ཤིང་འདུག་ན་ཡང་འཇམ་དཔལ་ཉིད་ལས་ལྷག་པ་མེད་པའི་ཕྱིར་ན་འཁོར་བ་དང་མྱ་ངན་ལས་འདས་པའི་ཞིང་ཁམས་ཐམས་ཅད་སྐུ་གསུང་ཐུགས་ལ་རྫོགས་པའི་ཕྱིར་ན། གཞན་པའི་ཞིང་ཁམས་དང་གཞལ་ཡས་ཀྱི་ཁང་པའི་ཚད་ནི་སྨོས་ཀྱང་ཅི་དགོས། ཚད་གཞལ་ཞིང་གཏིང་དཔག་ཤིན་ཏུ་དཀའོ། །འཇམ་དཔལ་ཀྲི་ཡའི་གཟུངས་དང་རྒྱུད་འདི་རྣམས་ལ་ཡང་ཕུན་སུམ་ཚོགས་པ་མ་འདྲེས་པ་ལྔ་ལྔར་ཤེས་པར་བྱའོ། །ཀྲི་ཡ་ལས་ལ་འཇུག་པའི་སྒོ་ལ་སོགས་ཏེ། རྣམ་གྲངས་དགུར་ཤེས་པར་བྱ་སྟེ། འཇུག་པ་ནི་ཁྲུས་དང་གཙང་སྦྲའི་སྒོ་ནས་འཇུག་པ་ལས། སུ་ནི་སི་ཏི་ཀ་ར་ནས། ལས་ལ་འཇུག་པའི་སྐབས་དག་ལ། ལུས་ལ་ས་ཁྲུས་བྱས་ནས་སུ། །ཆུ་ཆེན་རྙོག་མེད་ནང་དག་ཏུ། །ཅི་ལྟར་འདོད་པ་དག་ཏུ་བཀྲུ། །དམ་ཚིག་རིགས་གསུམ་གྱི་དབང་གིས་ན། །གསུམ་མམ་བདུན་ནམ་ཉི་ཤུ་དག །ཡང་དག་པར་ནི་བཀྲུ་བར་བྱ། །དེ་ལྟར་དུ་འཇུག་སྒོ་ནས་གཟུང་སྟེ། འབྲས་བུའི་བར་གྱི་རིམ་པ་རྣམས་བསྟན་པ་རྒྱ་མཚོའི་གཞུང་ན་ཡོད་པས་འདིར་ཞིབ་ཏུ་མི་འཚལ། འཇམ་དཔལ་ཀྲི་ཡའི་རྒྱུད་གཟུངས་ཀྱི་དབྱེ་བ་མདོར་བསྡུས་པའི་བར་སྐབས་ལགས་སོ། རྒྱས་པར་ཤེས་འདོད་ན་རྩ་བའི་རྒྱུད་ལ་སོགས་ཏེ། རྒྱུད་དང་གཞུང་རྣམས་ལ་བསླབ་པར་བྱའོ། །ཕྱག་ན་རྡོ་རྗེའི་ལྷ་ཚོགས་ཀྲི་ཡའི་རྒྱུད་ལ་གཏོགས་པ་རྣམས་ཀྱི་དབང་དུ་གྱིས་ན། གདུལ་བྱ་བྲམ་ཟེ་ལ་སོགས་ཏེ་གཙང་མའི་རིགས་རྣམས་previous hit དགོངས་ཏེ་ཀྲི་ཡའི་རྒྱུད་དང་གཟུངས་རྣམས་གསུངས་ next hit་ཡིན། ཕྱག་ན་རྡོ་རྗེའི་སྐུ་གསུང་ཐུགས་ཡོན་ཏན་

(༢༧༡)ཕྲིན་ལས་བསམ་གྱིས་མི་ཁྱབ་ཀྱང་། གདུལ་བྱ་རབ་འབྲིང་ཐ་མའི་སྣང་བ་ལ། ཕྱག་ན་རྡོ་རྗེ་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་པའི་སྐུ་དང་། སྤྲུལ་པའི་སྐུ་སྟེ་ཕྱག་ན་རྡོ་རྗེ་ཡེ་ཤེས་སེམས་དཔའི་ཆ་བྱད་ཅན། ལྕང་ལོ་ཅན་གྱི་ཕོ་བྲང་ན་བཞུགས་ཏེ། ཀྲི་ཡའི་ལྷ་ཚོགས་ཏེ་གདུལ་བྱ་ཐ་མ་ལ་དགོངས་པའོ། །དེ་ལ་ཕྱག་ན་རྡོ་རྗེས་རྩ་བའི་རྒྱུད་རྡོ་རྗེ་རྣམ་འཇོམས་ནས་གཟུང་སྟེ། རྒྱུད་དང་གཟུངས་ཐམས་ཅད་ལ་འཇུག་པའི་སྒོ་ནས་གཟུང་སྟེ་རྣམ་གྲངས་དགུ་དགུར་ཤེས་པར་བྱ་སྟེ། སྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་དང་། སྙིང་པོ་དང་། སྔགས་དང་། གཟུངས་རྣམས་ཀྱང་རིགས་མི་གཅིག་པ་དགུ་དགུར་ཤེས་པར་བྱའོ། །སུ་ནི་སི་ཏི་ཀ་ར་ནས་ལེགས་པར་གྲུབ་པའི་རྒྱུད་ནས། ལྷ་བདག་རྗེ་ཁོལ་ཚུལ་དུ་བསྒོམ། །དངོས་གྲུབ་ཕ་འབབས་ཚུལ་དུ་སྟེར། །ཞེས་གསུངས་པའི་ཕྱིར་ན་དམ་ཚིག་སེམས་དཔའ་འབངས་ཀྱི་ཚུལ་དུ་བསྒོམ། ཡེ་ཤེས་སེམས་དཔའ་རྗེའི་ཚུལ་དུ་སྤྱན་དྲངས་ནས། དངོས་གྲུབ་སྣ་ཚོགས་བཀའ་དྲིན་གྱི་ཚུལ་དུ་ཞུ་བ་ཡིན། དེའི་ཕྱིར་ན་ཕྱག་ན་རྡོ་རྗེ་རྡོ་རྗེ་འཛིན་པ་ལས། ཀྲི་ཡའི་ལྷ་རུ་བྱོན་པ་ལས། ཅི་ལྟར་ཞི་བའི་སྐུར་བསྟན་ཡང་། དགྲ་བཅོམ་འབུམ་དང་སེམས་དཔའ་འབུམ། རང་རྒྱལ་འབུམ་གྱི་འཁོར་གྱིས་བསྐོར། ཅི་ལྟར་རྒྱས་པའི་སྐུར་བསྟན་ཡང་། གནོད་སྦྱིན་ལྔ་ཡི་འཁོར་གྱིས་བསྐོར། །ཅི་ལྟར་དབང་གི་སྐུར་བསྟན་ཡང་། །ཁྱད་པར་རྣམ་བཞིའི་འཁོར་གྱིས་བསྐོར། །ཅི་ལྟར་དྲག་པོའི་སྐུར་བསྟན་ཡང་། །ལྷ་སྲིན་སྡེ་བརྒྱད་འཁོར་གྱིས་བསྐོར། །ཕྱག་ན་རྡོ་རྗེ་ཆེ་བ་འདོན་པའི་རྒྱུད་ཀྱི་གླེང་བཞི་ལས་གསུངས་པའི་ཕྱིར་ན། ཀྲི་ཡའི་ལུགས་ཀྱི་ཕྱག་ན་རྡོ་རྗེ་དང་། ཁྲོ་རྒྱལ་དང་རྣམ་འཇོམས་ལ་སོགས་

(༢༧༢)པ་འདི་རྣམས་ཀྱི་འཁོར་ན་ཀླུ་དང་གནོད་སྦྱིན་ལ་སོགས་པ་གཙང་མའི་ལྷ་ཚོགས་མང་པོ་ཡོད་པ་ཡིན་པའི་ཕྱིར་ན། ཁྲུས་དང་གཙང་སྦྲ་ལ་སོགས་པ་ཤིན་ཏུ་གལ་ཆེ་བ་ཡིན། རྒྱུད་དང་གདམ་ངག་ནས་གསུངས་པ་བཞིན་དུ་སྒྲུབ་པ་ཚུལ་བཞིན་དུ་བྱས་ན་གསང་སྔགས་ནང་པ་བས་ཀྲི་ཡ་གྲུབ་ཐག་ཉེ་བ་ཡིན། དེ་ལ་རྒྱུད་ཀྱི་ནང་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ནི་གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པའི། །བཅོམ་ལྡན་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཞེས་གསུངས་པའི་ཕྱིར་ན། རྒྱུད་སྡེ་ཐམས་ཅད་ཀྱི་བདག་པོ་ཡིད་ཕྱག་ན་རྡོ་རྗེ་ཡིན། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསང་བ་བསམ་གྱིས་མི་ཁྱབ་པ་དང་། གསུང་གསང་བ་བསམ་གྱིས་མི་ཁྱབ་པ་དང་། ཐུགས་གསང་བ་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་གསང་བ་གསུམ་གྱི་མཛོད་འཛིན་པ་ཡིན་པའི་ཕྱིར་ན། ཕྱག་ན་རྡོ་རྗེ་ཞེས་བྱའོ། །དེ་ལ་སངས་རྒྱས་ཀྱི་སྐུས་གར་ཁྱབ་པའི་སར་ཕྱག་ན་རྡོ་རྗེའི་སྐུས་ཁྱབ། སངས་རྒྱས་ཀྱི་གསུང་གིས་གར་ཁྱབ་པའི་སར་ཕྱག་ན་རྡོ་རྗེའི་གསུང་གིས་ཁྱབ། སངས་རྒྱས་ཀྱི་ཐུགས་ཀྱིས་གར་ཁྱབ་པའི་སར་ཕྱག་ན་རྡོ་རྗེའི་ཐུགས་ཀྱིས་ཁྱབ་པའི་ཕྱིར་ན། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཕྱག་ན་རྡོ་རྗེ་ལ་ལྐོག་ཏུ་མ་གྱུར་པའི་ཕྱིར་ན། སྐུ་གསུམ་གྱིས་བསྡུས་པའི་སངས་རྒྱས་རེ་རེ་ལ་དེ་དང་ཆ་མཐུན་པར་ཕྱག་ན་རྡོ་རྗེ་ཡང་རེ་རེ་འབྱུང་བར་བཤད། དེ་ལ་སོགས་པའི་གླེང་གཞི་མང་དུ་འདུག་སྟེ། འདིར་མ་སྤྲོས་པའོ། །ཕྱག་ན་རྡོ་རྗེ་ཀྲི་ཡ་ལ་གཏོགས་པའི་བར་སྐབས་ཅུང་ཟད་བཤད་པའོ། །སྤྱན་རས་གཟིགས་དབང་ཕྱུག་གི་མཛད་previous hit ་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་ཀྱང་འདིར་སྤྱན་རས་གཟིགས་དབང་ཕྱུག་

(༢༧༣)ཀྲི་ཡ་ལ་དགོངས next hit་པའི་ཕྱིར་ས་བཅུ་པའི་བྱང་ཆུབ་སེམས་དཔའི་བྱ་བྱད་ཅན། དེའི་རྒྱུ་དང་ཀྲི་ཡའི་གཟུངས་རྣམས་ལ་སྐྱེད་རིམ་གྱི་བྱེ་བྲག་དང་། རྫོགས་རིམ་གྱི་དབྱེ་བ་དང་། སྔགས་དང་གཟུངས་ལ་སོགས་པ་རིམ་པ་མི་གཅིག་པ་གྲངས་མེད་པ་གསུངས་པ་ལས། གདུལ་བྱ་གང་ཟག་གི་དབང་དུ་བྱས་ན་བྲམ་ཟེའི་རིགས་ཅན་གྱི་དོན་དུ་གསུངས་པ་ཡིན། ཁྲུས་དང་རྩང་སྦྲ་དང་སྤྱོད་པ་རྣམ་པར་དག་པའི་སྒོ་ནས་འཇུག་སྟེ། རྣམ་གྲངས་དགུ་ཡིས་སྟོན་པ་ནི་བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་ཨ་ནུ་ཨ་ཏིའི་གཞུང་ན་གསལ། དེ་ལྟར་རྒྱུད་དང་མན་ངག་བཞིན་དུ་སྒྲུབ་ན་སྔགས་ནང་ལ་བས་གྲུབ་ཐག་ཉེ་བར་གསུངས་པ་ཡིན། སྤྱན་རས་གཟིགས་ཀྱི་རྒྱུད་དང་གཟུངས་འདི་རྣམས་ལ་ཡང་ཕུན་སུམ་ཚོགས་པ་རིགས་མི་གཅིག་པ་ལྔ་ལྔའི་སྒོ་ནས་སོ་སོར་བཤད་དགོས་པ་ཡིན། པདྨ་ཅོད་པན་གྱི་རྒྱུད་ནས། སྤྱན་རས་གཟིགས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒྲུབ་ལུགས་དང་། འབྱུང་བཞི་མང་པོ་སྟོན་པ་ཡིན། །ཟ་མ་ཏོག་བཀོད་པའི་མདོ་ལས། །སྤྱན་རས་གཟིགས་དབང་ཕྱུག་གི་སྐུའི་ཚད་དང་། །ཡོན་ཏན་དཔག་ཏུ་མེད་པ་སྟོན་པ་ལས། །ཐུགས་རྗེ་ཆེན་པོའི་བ་སྤུའི་རྩ་བ་གསེར་ཞེས་བྱ་བའི་ནང་ན་ཕར་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་ལོ་བཅུ་གཉིས་ཀྱི་བར་དུ་རྫུ་འཕྲུལ་དང་ཆོམ་འཕྲུལ་གྱིས་སོང་བ་ལས་གཏིང་མ་རྙེད་ཅིང་འཛམ་གླིང་བྱེ་བ་ཕྲག་བརྒྱ་ཡང་བ་སྤུའི་རྩ་བ་དེའི་ནང་ན་སྣང་བར་མཐོང་བས་ངོ་མཚར་བསྐྱེད་ནས་ཕྱིར་ལོག་སྟེ། ཤིན་ཏུ་ངོ་མཚར་ཆེ་བའི་ལོ་རྒྱུས་བསམ་གྱིས་མི་ཁྱབ་པ་བཤད་ཅིང་འདུག་སྟེ། འདིར་མ་སྤྲོས་པ་ལགས་སོ། །ཐུགས་རྗེ་ཆེན་པོའི་སྙིང་པོ་དང་གཟུངས་

(༢༧༤)འདི་རྣམས་ལ་ལན་གཅིག་བཟླས་པའི་བསོད་ནམས་ཀྱི་ཕུང་པོ་ཡང་། རྒྱ་མཚོ་ཆེན་པོ་འདི་རྣམས་ལས་སྐྲའི་ཉག་མ་རེ་རེས་ཐིགས་པ་གཏོར་བའི་གྲངས་ནི་སངས་རྒྱས་ཀྱིས་མཁྱེན་ཅིང་། གཟུངས་འདོན་པའི་བསོད་ནམས་ཀྱི་ཕུང་པོ་ནི་སངས་རྒྱས་ཀྱིས་མི་མཁྱེན་གསུང་། འདིར་སྤྱན་རས་གཟིགས་དབང་ཕྱུག་ཀྲི་ཡ་ལ་གཏོགས་པའི་རྒྱུད་གཟུངས་ཀྱི་དབྱེ་བ་ཅུང་ཟད་ཙམ་བྲིས་པ་ཡིན། ཐམས་ཅད་ཤེས་ཤིང་མཁས་པར་འདོད་ན་ཐུགས་རྗེ་ཆེན་པོའི་རྒྱུད་དང་གཟུངས་རྣམས་མཉན་པར་བྱ། བསླབ་པར་བྱ་ཤེས་པར་བྱའོ། །སྤྱན་རས་གཟིགས་དབང་ཕྱུག་གི་ཀྲི་ཡའི་རྒྱུད་གཟུངས་རྣམས་ཀྱི་ཅུང་ཟད་ཙམ་དབྱེ་བས་ས་གཅོད་ཙམ་བཀོད་པའི་བར་སྐབས་ལགས་སོ། བ་ར་ན་སིའི་བསིལ་ཁང་རཏྣ་མ་ཏིའི་ཡང་ཐོག་རྒྱལ་པོ་ཛའི་ཁང་ཐོག་ཀྲི་ཡའི་ཆོས་ཀྱི་ཆར་བབ་པ་ནི། དབྱར་ཟླ་ར་བའི་ཉའི་དུས་སུ་འུར་འུར་དང་ཆེམ་ཆེམ་ས་གཡོ་ལ་སོགས་པ་ལྟས་ཆེན་པོ་བཅོ་བརྒྱད་བྱུང་ནས། སྤྲུལ་པའི་པོ་ཏི་མང་པོ་ཆར་བཞིན་དུ་བབ་པ་ལས་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཀྱི་རྒྱལ་པོ་དང་། དཀྱིལ་འཁོར་ཐམས་ཅད་ཀྱི་སྤྱིའི་ཆོ་ག་གསང་བའི་རྒྱུད་དང་། སུ་སི་ཏི་ཀ་ར་ལེགས་པར་གྲུབ་པའི་རྒྱུད་དང་། ཕྱག་ན་རྡོ་རྗེ་རྩེ་མོའི་རྒྱུད་དང་། ཕྱག་ན་རྡོ་རྗེ་མེ་ལྕེ་ཕྲེང་བའི་རྒྱུད་དང་། དམ་ཚིག་གསུམ་བཀོད་པའི་རྒྱུད་དང་། རྟོགས་པའི་རྒྱུད་ཀྱི་རྒྱལ་པོ་དང་། རྡོ་རྗེ་ས་འོག་གི་རྒྱུད་དང་། ཉི་མ་ཁ་སྐེམས་ཀྱི་རྒྱུད་དང་། ཟླ་བ་ཆུ་འཛག་གི་རྒྱུད་དང་། འབྱུང་པོ་ཀུན་འདེབས་ཀྱི་རྒྱུད་དང་། ཀྲི་ཡ་དཔུང་བཟང་གི་རྒྱུད་དང་། པདྨ་ཅོད་པན་དང་། འཇམ་དཔལ་རྩ་བའི་རྒྱུད་གཉིས་འདིར་གཏོགས་པར་འདུག །གནོད་སྦྱིན་ནོར་བུ་བཟང་པོའི་རྟོག་པའི་རྒྱུད་ཀྱི་རྒྱལ་པོ་དང་།

(༢༧༥)ཀྲི་ཡ་རིག་པ་མཆོག་གི་རྒྱུད་ཀྱི་རྒྱལ་པོ་དང་། ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་ཀྱི་སྒྲུབ་ཐབས་དང་། ཀླུའི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ཇོ་བོ་སྔགས་ཀྱི་བདག་པོའི་མཆོད་རྟེན་ཁང་བུ་བརྩིགས་པ་ལ་སོགས་པ། རྗེ་དང་འབངས་ཀྱི་རྒྱུད་ཉི་ཤུ་ཙམ་བོད་ལ་འགྱུར་བ་ཡིན། ཀྲི་ཡའི་རྒྱུད་ལ་མང་པོ་ཆར་དུ་བབ་པར་འདུག་སྟེ། དེ་ཙམ་བས་བོད་ལ་མ་འགྱུར་བ་འདྲ། དེ་མིན་ཡང་རིགས་གསུམ་མགོན་པོའི་ཆ་མཉམ་པའི་གཟུངས་ཡེ་ཤེས་དང་འཇིག་རྟེན་པ་བརྒྱ་ཙམ་བོད་ལ་འགྱུར་བ་འདྲ་སྟེ། འདིར་མ་བཀོད་པ་ཡིན། གསེར་འོད་དམ་པའི་མདོ་སྡེ་འདི་མཆོག་དང་ཐུན་མོང་སྒྲུབ་པའི་རྒྱུད་ཡིན་ཏེ། ས་བཅུ་གོང་ནས་གོང་དུ་རྫོགས་པར་བྱེད་པའི་གཟུངས་སྔགས་དང་། སྐུ་གསུང་རྣམ་པར་འབྱེད་པ་སྟོན་པའི་ཕྱིར་ན་མཆོག་སྒྲུབ་པའི་གཟུངས་ཡིན། ལྷ་མོ་དཔལ་ལ་སོགས་པ་འཇིག་རྟེན་སྐྱོང་བ་རྣམས་ཀྱི་སྒྲུབ་ཐབས་སྟོན་པའི་ཕྱིར་ན་ཐུན་མོང་གི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་སྟོན་པ་ཡིན། དཀྱིལ་འཁོར་དང་གཟུངས་སྔགས་མང་པོར་སྟོན་ཞིང་ཤིན་ཏུ་གྲུབ་ཐག་ཉེ་བའི་ཕྱིར་ན་ཀྲི་ཡར་གཏོགས་པ་ཡིན། སྤྱིར་ཀྲི་ཡ་ལ་གཏོགས་པའི་བཀའ་དང་རྒྱུད་འདི་རྣམས་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་སྟེ། སྐྱེ་བ་འདིར་ཡང་ཕྲིན་ལས་བཞི་དང་དངོས་གྲུབ་བསམ་གྱིས་མི་ཁྱབ་པ་སྒྲུབ་པ་ཡིན། སྐལ་བ་དང་ལྡན་པའི་གདུལ་བྱས་རྒྱུན་ཆད་མེད་པར་བསྒྲུབས་བ། མི་ཚེ་བདུན་གྱིས་རིགས་གསུམ་རྡོ་རྗེ་འཛིན་པའི་པ་ནོན་པར་བཞེད་པ་ཡིན། རིགས་གསུམ་རྡོ་རྗེ་འཛིན་པའི་འབྲས་བུ་མཐར་ཕྱིན་ན་སྤྱན་ལྔ་དང་མངོན་པར་

(༢༧༦)ཤེས་པ་དྲུག་དང་རྡོ་རྗེ་འཛིན་པའི་འབྲས་བུ་ཐམས་ཅད་རྫོགས་པ་ཡིན། དེ་ལ་ཀྲི་ཡ་དག་པའི་རྣལ་འབྱོར་གྱི་རྒྱུ་ལ་བསླབ་པ་དང་། ལམ་ལ་བསླབ་པ་དང་། འབྲས་བུ་མཐར་ཕྱིན་པར་བྱ་བ་དང་། འཇུག་སྒོ་ལ་སོགས་པ་རྒྱུད་རྣམས་དང་བསྟན་བཅོས་རྣམས་དང་གདམ་ངག་རྣམས་ལས་ཅི་ལྟར་དུ་གསུངས་པའི་སྒྲ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །ཐེག་པ་གོང་ནས་གོང་དུ་ནར་སོན་པར་བྱ་བའི་ཕྱིར། དེར་ཡང་གནས་པར་མི་བྱ་ཞིང་ཐེག་པ་གོང་མ་རྣམས་ལ་འཇུག་པར་བྱའོ། །རྗེ་བཙུན་མཻ་ཏྲི་པའི་ཞལ་ནས་ཀྱང་། སངས་རྒྱས་ཆོས་ལ་བདག་པོ་མེད་པའི་ཕྱིར་ན། ཐེག་པ་སྒྲུབ་མཐའ་ལ་སོགས་ལ་གང་ལ་ཡང་ཁང་འཛིན་མི་བྱའོ། །ཅེས་གསུངས་པའི་ཕྱིར་ན། ཐེག་པ་མཐའ་དག་ལ་བསླབ་ཅིང་མཐོ་སྨན་གཉིས་ཀྱི་འདུ་ཤེས་ཀྱིས། ཐེག་པ་གང་ལའང་སྒྲོ་སྐུར་འདེབས་པར་མི་བྱའོ། །འདི་རྣམས་ཀྲྀ་ཡའི་རྒྱུད་དང་གཟུངས་རྣམས་ཀྱི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་དང་། རྒྱ་གར་གི་མཁས་ལ་སྒྲུབ་པ་ཐོབ་པའི་བཤེས་གཉེན་རྣམས་ཀྱི་རྒྱུད་འབྲེལ་དང་གདམ་ངག་དང་བསྟན་བཅོས་དང་། བོད་ཀྱི་མཁས་ལ་གྲུབ་པ་ཐོབ་པ་རྣམས་ཀྱིས་བསྟན་བཅོས་གདམ་ངག་རྣམས་རྩིས་མགོ་རྣམ་པ་ལྔ་ཡིས་སོ་སོར་ཕྱེ་ན་སྒྲ་དོན་དབྱེར་མེད་དུ་གང་ཟག་སྐལ་བ་དང་ལྡན་པ་ཅིག་སངས་རྒྱས་སྒྲུབ་པའི་ལམ་སྟེགས་སུ་མཚམས་སྦྱར་བའི་བར་སྐབས་ལགས་སོ། །ཆོས་སྐུ་རྡོ་རྗེ་འཆང་དང་། ལོངས་སྐུ་རིགས་ལྔ་ཡབ་ཡུམ་བཅུ་དང་། སྤྲུལ་སྐུ་ཐུབ་པ་སྟོང་ལ་སོགས་པའི་སྐུ་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་རྣམ་པར་འཕྲུལ་ཞིང་བྱིན་གྱིས་བརླབས་པའི་བཀའ་བཞིའི་བརྒྱུད་པ་རྣམས་ཀྱི་རྣམ་པར་འཕྲུལ་ཞིང་བྱིན་གྱིས་བརླབས་པའི་ཚུལ་བསྟན་

(༢༧༧)པའི་འཁོར་ལོ་སྡོམ་པའི་རྣམ་པར་འཕྲུལ་པ་རྗེ་ཏེ་ལོ་པ་དེའི་ཞབས་དྲུང་དུ་ཀ་བ་བཅུ་གཉིས་སྤྱད་ཅིང་དངོས་གྲུབ་ཐོབ་པའི་ཚུལ་བསྟན་པའི་རྡོ་རྗེ་སེམས་དཔའི་སྤྲུལ་པ་དང་ཐ་དད་མེད་པ་རྗེ་ན་རོ་པ་ཡིས་བཀའ་མཐའ་དག་གི་སྒྲ་དང་དོན་རྣམས་མཁྱེན་པར་མཛད་ཅིང་དེ་རྣམས་ཐམས་ཅད་ཀྱི་previous hit དགོངས next hit་གཅིག་ཏུ་རྟོགས་ཤིང་མཁྱེན་པ་རབ་འབྱམ་རྟོགས་པ་ཡེ་ཤེས་སུ་ཤར་ནས་ཕྱི་རབས་གདུལ་བྱའི་དོན་དུ་སྙན་རྒྱུད་གནད་ཀྱི་མན་ངག་བདེ་བར་གཤེགས་པའི་བཀའི་གཞུང་ལུགས་དང་། བླ་མ་བརྒྱུད་པའི་གདམ་ངག་དང་། རང་གི་རྟོགས་པའི་ཉམས་མྱོང་གསུམ་དུས་གཅིག་ཏུ་ཤར་ནས་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱུ་རུ་ར་ལག་མཐིལ་དུ་བཞག་པ་ལྟར་གསལ་བའི་ནཱ་རོ་བཀའ་རྒྱུད་ཀྱི་བཞེད་ལུགས་ཀྱིས་དབང་དུ་བྱས་ན། གདུལ་བྱ་རྣམས་ཀྱི་དངོས་པོ་གཤིས་ཀྱི་གནས་ལུགས་གདོད་མ་ནས་སངས་རྒྱས་ཆོས་ཀྱི་སྐུ་ཡིན་པ་ལ་ཡིན་པར་ངོ་མ་ཤེས་ཤིང་ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲིབས་ནས་འཁོར་བར་འཁྱམས་པ་ཡིན་པ་ལས། ལྷན་ཅིག་སྐྱེས་པའི་མ་རིག་པ་དེ་སྤངས་པས་ཀྱང་མི་ཐུབ། བཀག་པས་ཀྱང་མི་ཁེགས། བསྒྱུར་བས་ཀྱང་མི་འགྱུར། ཀྲི་ཡ་བའི་དབང་དུ་བྱས་ན་ཐབས་སྣ་ཚོགས་ཀྱིས་དག་པར་འདོད་པ་ཡིན་ཏེ། བཀྲུས་ཀྱང་དག་པར་མི་འགྱུར། ལྷན་ཅིག་སྐྱེས་པའི་མ་རིག་པ་དེ་རང་རིག་པའི་ཡེ་ཤེས་སུ་རྟོགས་པར་བྱའི། ཐབས་སུ་དབང་པོ་ཡང་རབ་ངོ་སྤྲོད་ཀྱི་གདམ་ངག །དབང་པོ་འབྲིང་དང་ཐ་མ་ལ་ཐབས་ཟབ་མོ་ལ་བརྟན་ནས། སྨིན་པ་དང་གྲོལ་བའི་བྱིན་གྱིས་བརླབས་ཀྱི་མན་ངག་བསྟན་པ་ཙམ་གྱིས་སྔར་འདྲིས་ཀྱི་མི་དང་ཕྲད་

(༢༧༨)པ་བཞིན་དུ་དངོས་པོ་གཤིས་ཀྱི་གནས་ལུགས་རང་གི་རང་ངོ་ཤེས་ཤིང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རང་ས་ཟིན་ན། ཀྲི་ཡ་ཐེག་པའི་འཇུག་སྒོ་དང་ས་ལམ་འབྲས་བུ་ལྟ་སྒོམ་སྤྱོད་པ་གནས་པ་དམ་ཚིག་རྣམ་གྲངས་དགུ་ཡིས་འཆད་པ་དེ་རྒྱུ་དག་ལམ་དག་འབྲས་བུ་དག་པའི་ཕྱིར་ན་དེ་རྣམས་གང་ཡང་བསྒྲོད་མི་དགོས་པར་བཞེད་པ་ཡིན། ཀྲི་ཡའི་གཞི་རྟོགས་ལམ་རྟོགས། གཞི་ལམ་འབྲས་བུ་གསུམ་དུས་གཅིག་ལ་རྟོགས་པའི་ཕྱིར་ན། ཀྲི་ཡ་ཐེག་པའི་སྒྲུབ་ཐབས་དང་། རྐ་ཐུབ་རྐ་སྤྱོད་པ་སྣ་ཚོགས་ཀྱི་སྒྲུབ་ཐབས་དང་། སྦྱང་བྱ་སྒྲིབ་པའི་ཚོགས་དང་། ཐོབ་དུ་རེ་བའི་དངོས་གྲུབ་རྣམས། །རེ་བ་དང་དོགས་པ་མེད་པར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་ན་མ་སྦྱངས་པར་སྒྲིབ་པའི་ཚོགས་རྣམས་དག་པ་ཡིན། མ་སྒྲོད་པར་ས་དང་ལམ་རྣམས་ནོན་པ་སྟེ། དཔེར་ན་ཁྱུང་ནམ་མཁའ་ལ་འཕུར་བའི་དུས་སུ་གླིང་བཞི་རི་རབ་དང་བཅས་པ་ཁོའི་འོག་ན་ཡོད་པ་ལས་གང་ལ་ཡང་ཉམ་མི་ང་ཞིང་། བག་མི་ཚ་བར་ནམ་མཁའི་དབྱིངས་ན་འཕང་གཅོད་པ་ལ། ལྟུང་བའི་དོགས་པ་མེད་པར་བྱ་གཞན་བཞིན་དུ་གཤོག་པ་རླབས་པ་དང་། རྩོལ་བ་དང་གྲུབ་པ་མི་དགོས་པ་ལྟར། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་ལ་ཡང་ཆོས་ཀྱི་དབྱིངས་ལ་མཐའ་དང་དབུས་མེད་པར་ལ། མཐའ་དང་དབུས་ཀྱི་འཛིན་པ་མེད་པར་རྟོགས་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་རྣམས་ལ་སྤང་བ་དང་བླང་བ་མེད་པར་རྟོགས་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རེ་བ་དང་དོགས་པ་མེད་པ་ནི་མཉམ་པ་ཉིད་ཀྱི་རྣལ་འབྱོར་བྱ་བ་ཡིན་ཏེ། དེ་ཡང་གོམས་འདྲིས་མཐར་ཕྱིན་པ་དང་

(༢༧༩)དབང་ཐོབ་དགོས་པར་བཤད། ན་རོ་བརྒྱུད་པའི་གདམ་ངག་ཟབ་མོའི་གནད་ཀྱི་སྐྱེ་བ་འདི་ཉིད་ལ་དེ་ལྟར་དུ་རྟོགས་པར་བཞེད་པ་ཡིན། དེ་ལྟར་དུ་རྟོགས་ན་མཐོང་བ་དང་ཐོས་པ་དང་དྲན་པའི་གདུལ་བྱ་རྣམས་ཀྱང་བྱིན་གྱིས་རློབ་ནུས་པ་ཡིན་གསུང་། བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་ཕུན་སུམ་ཚོགས་པ་གསལ་བྱེད་སྒྲོན་མ་ལས། ཀྲི་ཡའི་ཐེག་པ་དག་བྱ་དག་བྱེད་རྩིས་གདབ་མེད་པར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་རབ་སྐབས་ཏེ་དྲུག་པའོ།། ༈ །།རྒྱ་གར་སྐད་དུ། ཨུ་པ་ཡ། བོད་སྐད་དུ་སྤྱོད་པའི་རྒྱུད། རྒྱུད་སྡེ་འདི་ཀྲི་ཡའི་རྒྱུད་དང་ཡོ་གའི་རྒྱུད་གཉིས་ཀྱི་ཆ་མཉམ་པ་ལས་སྤྱོད་པའི་རྒྱུད་ཡིན་པའི་ཕྱིར་ན། དཔལ་ནམ་མཁའ་སྒོ་མངས་ཀྱི་རྒྱུད་ནས་ཀྱང་། གཉི་ག་སྤྱོད་ཀྱི་ཨུ་པ་ཡ། འདི་ཡིས་སྤྱོད་པ་ངེས་མ་མཆིས། ཀྲི་ཡ་སྤྱོད་ཅིང་ཡོ་ག་གྲུབ། འདི་ཡི་ཕུན་ཚོགས་ལྔ་དག་ཀྱང་། །གོང་འོག་གཉིས་དང་ཆ་མཐུན་ཏེ། །ཀྲི་ཡོག་གཉིས་ལ་བསླབ་པར་བྱའོ། །ཞེས་གསུངས་པའི་ཕྱིར་ན། སྟོན་པ་ཕུན་སུམ་ཚོགས་པ་དང་། དུས་ཕུན་སུམ་ཚོགས་པ་དང་། གནས་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་ཚོགས་པ་དང་། བསྟན་པ་ཕུན་སུམ་ཚོགས་པ་ལ་སོགས་ཏེ། ཕུན་སུམ་ཚོགས་པ་རྣམ་པ་ལྔ་རྒྱུད་གོང་འོག་གཉིས་ཀའི་ནང་ནས་གཏན་ལ་ཕབ་པར་བྱའོ། །དེ་ལ་བསྟན་པ་ཕུན་སུམ་ཚོགས་པའི་དབང་དུ་བྱས་ན། ཀྲི་ཡ་ཨུ་པ་ཡ་གཉིས་རྒྱུད་ཐུན་མོང་གི་རྩ་བ་ཨུ་པ་ཡའི་རྒྱུད་ལ། རྣམ་པར་སྣང་མཛད་ཆེན་པོ་མངོན་པར་བྱང་ཆུབ་པའི་རྩ་བའི་རྒྱུད་ཆེན་པོ་དང་། དེའི་རྒྱུད་ཕྱི་མ་དང་། ཕྱི་མའི་ཕྱི་མ་བཤད་རྒྱུད་དང་། དཔལ་ནམ་མཁའ་སྒོ་མངས་ཀྱི་རྒྱུད་དང་། ཨ་མོ་གྷ་པཱ་ཤ་འབྱུང་

(༢༨༠)བའི་རྒྱུད་དང་། ཡོ་ག་ཨུ་པ་ཐུན་མོང་གི་རྒྱུད་ནི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་དང་། དེའི་ཕྱི་མ་བཤད་རྒྱུད་གསང་བ་རྣལ་འབྱོར་རྡོ་རྗེ་རྩེ་མོའི་རྒྱུད་ཆེན་པོ་དང་། པདྨ་ཅོད་པན་གྱི་རྒྱུད་དང་། འཇམ་དཔལ་རྩ་བའི་རྒྱུད་དང་། རྡོ་རྗེ་རྣམ་པར་འཇོམས་པ་དང་། འདི་རྣམས་ཨུ་པ་ཡ་དང་ཐུན་མོང་གི་རྒྱུད་དང་། དེ་མིན་ཡང་ཀྲི་ཡ་དང་ཡོ་ག་གཉིས་ལ་གཏོགས་ཚད་ཀྱི་རྒྱུད་དང་མན་ངག་རྣམས་ཀྱི་ནང་ནས་སྤྱོད་པའི་རྒྱུད་འདི་རྣམས་སྟོན་པ་ཡིན་པའི་ཕྱིར་ན་ཀྲི་ཡོག་གཉིས་དང་སྤྱོད་པའི་རྒྱུད་ཐུན་མོང་ཡིན་པའི་ཕྱིར་ན། ཨུ་པ་ཡ་བྱ་བ་ནི་ཐུན་མོང་གི་རྒྱུད་ཅེས་བྱ་བ་ཡིན། ལོངས་སྤྱོད་རྫོགས་པའི་བསྟན་པ་བར་བའི་རྒྱུད་ཅེས་ཀྱང་བྱ། མ་ནིང་ལྟ་བུའི་རྒྱུད་ཅེས་ཀྱང་བྱ། དེའི་ཕྱིར་ན་ཨུ་པ་ཡ་སྤྱོད་པའི་རྒྱུད་ལ་མཁས་པར་འདོད་ན། ཀྲི་ཡ་དང་ཡོ་ག་གཉིས་ཀྱི་རྒྱུད་དང་། དེའི་བསྟན་བཅོས་དེའི་འབྲེལ་བ་རྣམས་ལ་མཁས་པར་བསླབས་ཅིང་། དེ་རྣམས་ཀྱི་ནང་ནས་སྤྱོད་པའི་རྒྱུད་རྣམས་སོ་སོར་འབྱེད་ཤེས་པར་བྱའོ། །ཨུ་པ་ཡའི་རྒྱུད་ཞེས་བྱ་བའི་དོན་ནི། རྣམ་པར་སྣང་མཛད་ཀུན་དུ་ཞལ་ཀྱིས་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་དང་བཅུར་ཀུན་མཁྱེན་ཀུན་རིག་ཀུན་ཏུ་གཟིགས་ནས་ལོངས་སྤྱོད་རྫོགས་པའི་སྐུ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སྤངས་པ་དང་ཐོབ་པ་མེད་པར་ངོ་བོ་ཉིད་ཀྱི་རྒྱན་དུ་རྫོགས་ཤིང་། ཕྱི་ནང་སྣོད་བཅུད་ཐམས་ཅད་ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱན་བཀོད་པ་ལྟ་བུར་རང་བཞིན་གྱིས་བཞུགས་པའི་དུས་སུ་ཉིད་ལས་མི་གཞན་པའི་འཁོར་སངས་རྒྱས་རིགས་རྣམ་པ་བཞི་དང་དེའི་ཡུམ་བཞི་དང་། དེའི་སྲས་ལོངས་སྤྱོད་རྫོགས་པའི་འཁོར་སྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་བཅུ་དྲུག་དང་། སེམས་མ་བཅུ་དྲུག་ལ་སོགས་ཏེ། འཁོར་

(༢༨༡)ཕུན་སུམ་ཚོགས་པས་བསྐོར་ནས་བཞུགས་པའི་དུས་སུ། ཀུན་རིག་རྒྱལ་པོས་ཅི་ཡང་མ་གསུངས་ཀྱང་གདུལ་བྱ་རབ་འབྲིང་ཐ་མ་གསུམ་གྱིས་རྒྱུད་སྡེ་རྣམ་པ་གསུམ་དུ་གོ་བ་ཡིན། དེའི་ཕྱིར་ན་རྫོགས་པ་ཆེན་པོ་ཀུན་བྱེད་རྒྱལ་པོའི་ལུང་ལས་ཀྱང་། ཆོས་ཀྱི་སྐུ་ནི་བྱིན་གྱིས་རླབས་ཀྱིས་རྟོགས། ལོངས་སྤྱོད་རྫོགས་པའི་སྐུ་ཡི་བསྟན་པ་བརྡ་ཡིས་མཚོན། ཞལ་ནས་གསུངས་པ་མ་ཡིན་ཏེ། །དབང་པོའི་བྱེ་བྲག་ཅི་བཞིན་དུ། །སོ་སོར་བརྡ་ཡིས་གོ་བར་ཟད། །ཅེས་གསུངས་པའི་ཕྱིར་ན། འདི་ལོངས་སྤྱོད་རྫོགས་པའི་བསྟན་པ་ཡིན་པའི་ཕྱིར་ན། གདུལ་བྱ་རྣམ་པ་གསུམ་གྱི་གོ་ལུགས་ཀྱིས་བྲམ་ཟེའི་རིགས་ཀྱི་བྱ་བའི་རྒྱུད་དུ་གོ། །ཀྲི་ཡ་དག་པའི་རྣལ་འབྱོར་བྱ་བ་ཡིན། གདུལ་བྱ་རྗེ་རིགས་དང་ཚུལ་མཐུན་པ་རྣམས་ཀྱིས་སྤྱོད་པའི་རྒྱུད་དུ་གོ་སྟེ། འཇུག་སྒོ་དང་སྐྱེད་རིམ་ཀྲི་ཡ་ལྟར་འཇུག་ཅིང་རྫོགས་རིམ་དང་ལྟ་བ་དང་རྟོགས་པ་དང་དབང་གི་རིམ་པ་རྣམས་ཡོ་ག་ལྟར་སྒྲུབས་ན་རིམས་བཞིན་རྣམ་པར་འབྱེད་པའི་འབྲས་བུར་སངས་རྒྱ་བར་བཞེད་པ་ཡིན། དེའི་ཕྱིར་ན་སེམས་ཅན་རྣམས་སྐྱེ་གནས་རྣམ་པ་བཞིར་སྐྱེས་ནས་ཕུང་པོ་ལྔ་དང་འབྱུང་བ་ལྔ། སྐྱེ་མཆེད་དྲུག་གིས་བསྡུས་པའི་དབང་པོ་ལྔ། རྟེན་འབྲེལ་བཅུ་གཉིས་ཀྱིས་ཀུན་ལ་ཁྱབ་ཅིང་བྱེད་པའི་སྐྱེས་བུ་བཅུ་གཉིས་ཀྱིས་བྱ་བ་སྣ་ཚོགས་སུ་བསྒྲུབ་ནས། སྐྱེ་གནས་རྣམ་པ་བཞི་ཡིས་བསྡུས་པའི་སེམས་ཅན་རྣམས་ཁམས་གསུམ་དུ་འཁོར་བ་ལས་སེམས་ཅན་རེ་རེ་ལ་ཡང་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱིས་བསྡུས་པའི་རྣམ་གྲངས་དྲུག་བཅུ་རྩ་བཞི་རེ་ཡོད་ཅིང་། མངོན་པར་བཞེན་པ་ལས་ཀྲི་ཡའི་རྒྱུད་ཀྱི་བཞེད་པ་ལས། བསྐལ་པ་གྲངས་མེད་པར་བསགས་པའི་སྒྲིབ་པ་རྣམས་

(༢༨༢)གཟུངས་སྔགས་ཀྱི་ཐབས་ཟབ་མོས་མི་ཚེ་བདུན་གྱིས་དག་པར་བྱེད་པའི་ཕྱིར་ལུས་ལྷར་དག་པར་བྱེད་པ་དང་། སེམས་ཏིང་ངེ་འཛིན་དུ་དག་པར་བྱེད་པ། ངག་སྔགས་སུ་དག་པར་བྱེད་པ་དང་། ཕྱི་རོལ་སྤྱོད་པ་སྣ་ཚོགས་ཀྱི་སྒོ་ནས་དག་པར་བྱེད་པ་སྟེ། བསྐྱེད་པའི་རིམ་པའི་དབང་དུ་བྱས་ན། སེམས་ཅན་རྣམས་ལ་སྒོ་ང་ལས་སྐྱེས་པ་ཡོད་པའི་ཕྱིར། དེ་དང་ཆ་མཐུན་པར་ཡི་དམ་གྱི་ལྷ་བསྒོམ་ཀྱང་། ལྷའི་ས་བོན་དང་འོད་ཀྱི་གོང་བུའི་འཕྲོ་འདུ་ལ་བརྟེན་ནས་ཆོ་ག་ཡན་ལག་རྣམ་པ་ལྔ་དང་ལྡན་པར་ལྷ་བསྐྱེད་པ་ཡིན། དེ་ལ་ལྟ་བའི་དབང་དུ་བྱས་ན། མཐའ་བཞི་དྲི་མ་དང་བྲལ་བར་བཞེད་པ་མིན་ཏེ། རྟོགས་ཚུལ་གྱི་དབང་དུ་བྱས་ན། ལྟ་བ་སྣང་བ་དང་སྟོང་པ་དབྱེར་མེད་པ་ཡིན། དེ་དག་པ་རྣམ་པ་གསུམ་གྱིས་ཕུང་པོ་ཁམས་དང་སྐྱེ་མཆེད་དྲུག་བཅུ་རྩ་བཞི་དེ་ཀྲི་ཡའི་ལྷ་ཚོགས་སུ་དག་པར་བྱས་ཤིང་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པ་ཐམས་ཅད་རིགས་གསུམ་མགོན་པོའི་ལྷ་ཚོགས་སུ་གོམས་ཤིང་བརྟེན་པར་བྱེད་པ་སྟེ། ཐ་མལ་པའི་སེམས་ཅན་གྱི་སྣང་བ་སྤུ་ཙམ་ཡང་མེད་པར་ཀྲི་ཡའི་ལྷ་ཚོགས་ཀྱི་དཀྱིལ་འཁོར་དུ་གོམས་ཤིང་བརྟེན་ན་དག་པའི་རྣལ་འབྱོར་ཆེན་པོའི་བྱ་བ་ཡིན། ཐེག་པ་གོང་ནས་གོང་དུ་ནར་སོན་པའི་ཕྱིར་ན། དཀོན་མཆོག་བརྩེགས་པའི་ལུང་ལས་ཀྱང་། སངས་རྒྱས་བསྟན་ལ་རིམ་གྱིས་འཇུག །རྒྱ་མཚོ་ཆེ་ལ་བགས་ཀྱིས་གཞོལ། །རི་བོ་ཆེ་ལ་ཐབས་ཀྱིས་འཛེག །གསུངས་པའི་ཕྱིར་ན། སངས་རྒྱས་ཀྱི་བསྟན་པ་ལ་རིམ་གྱིས་འཇུག་པ་ནི། དང་པོ་ཉན་ཐོས་ཀྱི་ཐེག་པ་ནས་ཐེག་པ་དགུ་རིམ་གྱིས་རྫོགས་ནས་སངས་རྒྱས་པར་བཞེད་པ་ཡིན་པ་ལས། ཐེག་པ་གོང་མ་རྣམས་འོག་མ་དང་ཆ་མི་བསྟུན་པར་གསུངས་

(༢༨༣)དཔེར་ན་རི་བོ་མཆོག་རབ་ལ་འཛེག་པ་ལས་ཡར་ལ་མི་ཐོན་པས། ཡར་ལ་མི་འཆོང་བ་བཞིན་དུ་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། སྔགས་ཀྱི་ཐེག་པ་གཉིས་ཚིག་སོ་སོར་སྣང་ཡང་དོན་གོང་ནས་གོང་དུ་རྫོགས་ཤིང་མཐུན་པའི་ཕྱིར་ན། ཉན་ཐོས་དང་རང་རྒྱལ་གྱི་ཐེག་པའི་ས་མཚམས་སློབ་དཔོན་ཡོད་པ་དང་མེད་པ་གཉིས་ཀྱིས་འབྱེད་པ་དང་། ཉན་ཐོས་ཀྱི་ཉོན་མོངས་པའི་སྒོ་རྣམས་བཅོམ་པ་སྟེ། རང་སངས་རྒྱས་རྟེན་འབྲེལ་བཅུ་གཉིས་ལུགས་ལས་ཟློག་ནས་ཉོན་མོངས་པ་དང་རྣམ་པར་རྟོག་པའི་ཚོགས་ཐམས་ཅད་བཤིག་ནས་རབ་ཏུ་མི་གནས་པར་འདོད་པ་སྟེ། ལུང་ལས་ཀྱང་། བཅུ་དྲུག་ཆ་གྲངས་རབ་ཞི་བ། །ཡིད་བཞིན་བདེ་བ་མཆོག་གི་ས། །ཉན་རང་གཉིས་ཀྱི་ཐེག་པའི་ས་མཚམས་ཡིན། །རང་རྒྱལ་དང་བྱང་ཆུབ་སེམས་དཔའི་ས་མཚམས་ནི། རང་སངས་རྒྱས་ཀྱིས་བདག་གཅིག་ཏུ་ཞི་བར་བྱའོ། །བདག་གཅིག་ཏུ་དུལ་བར་བྱའོ། །ཤིང་ཟད་པའི་མེ་བཞིན་དུ་བདག་གཅིག་པུ་མྱ་ངན་ལས་འདའ་བར་བྱའོ། །སྙམ་དུ་བསམ་པ་ཡིན། བྱང་ཆུབ་སེམས་དཔའི་འདོད་ཆེན་པའང་འདོད་ཆེན་མ་ཡིན་པའི་ལུགས་ཀྱིས་སེམས་བསྐྱེད་ལུགས་གཉིས་ཡོད་པ་ལས། སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་སྙམ་དུ་བསམ་ཞིང་འགྲོ་བའི་སྡུག་བསྔལ་ཁུར་དུ་འཁུར་བ་ན་སྨོན་པ་སེམས་བསྐྱེད་དེ། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ས་མཚམས་ཚད་མེད་པ་བཞི་དང་། བྱང་ཆུབ་ཀྱི་སེམས་ཀྱི་ས་མཚམས་འབྱེད་པ་ཡིན། སྔགས་མཚན་ཉིད་ཀྱི་ས་མཚམས་ནི་བྱང་ཆུབ་སེམས་དཔའི་ཐེག་པས་བྱང་ཆུབ་ཀྱི་སེམས་རྣམ་པ་གསུམ་གྱིས་ས་ལམ་བསྒྲོད་ཅིང་འབྲས་བུ་རྫོགས་པ་ཡིན་ལ། ཀྲི་ཡའི་ཐེག་པས་དང་པོ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྭ་བྷཱ་ཝའི་སྔགས་ཀྱིས་བཤིག་

(༢༨༤)ནས་རང་གི་རྣམ་པར་ཤེས་པ་ལྷ་ཚོགས་རྣམས་ཀྱི་ས་བོན་དང་འོད་ཀྱི་གོང་བུ་ལྟ་བུར་བསྒོམས་ནས། དེའི་འོད་ཟེར་གྱི་འགྲོ་འདུས་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་དག་ནས་གཞལ་ཡས་ཀྱི་ཁང་། ནང་བཅུད་ཀྱི་འགྲོ་བ་དག་ནས་རིགས་གསུམ་མགོན་པོའི་ལྷ་ཚོགས། རང་ཉིད་དེ་རྣམས་ཀྱི་གཙོ་བོ་རིགས་གསུམ་མགོན་པོའི་སྐུ་གསུང་ཐུགས་ལས་རྫོགས་པའི་སྐྱེད་རིམ་དང་ཏིང་ངེ་འཛིན་སེམས་དཔའི་བསྒོམ་པ་ནི། སྨོན་པ་བྱང་ཆུབ་ཀྱི་སེམས་སྔགས་སུ་ནར་སོན་པ་སེམས་དཔའ་གཉིས་ལྡན་གྱི་དཀྱིལ་འཁོར་ཏེ། དེ་ལྟར་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་རྫོགས་པའི་དུས་སུ་སེམས་ཅན་ཞེས་བྱ་བའི་མིང་ཡང་མེད་པར་སེམས་བསྐྱེད་བསྒོམས་པས་ཅི་ཞིག་བྱ། དེ་ལ་དཔལ་མཆོག་གི་རྒྱུད་ཀྱི་ནང་ན། རྟེན་དང་བརྟེན་པ་འདི་རྣམས་ལྷ་དང་གནས་སུ་དག་ན་ཁམས་གསུམ་དང་ནི་འཁོར་བ་སྟེ། འཇིག་རྟེན་གསུམ་གྱི་མིང་ཡང་མེད། །ཅེས་གསུངས་པའི་ཕྱིར་ན། ཉེ་བའི་རྒྱུ་དང་རིང་བའི་རྒྱུ་གཉིས་ཡིན་པ་ལས། ཀྲི་ཡའི་སེམས་གཉིས་ལྡན་ཉེ་བའི་རྒྱུ་ཡིན། ཡེ་ཤེས་སེམས་དཔའ་གཞུག་ཅིང་ཆོ་ག་རྣམ་གྲངས་དགུ་ཡིས་འབྲས་བུ་རིགས་གསུམ་རྡོ་རྗེ་འཛིན་པའི་ས་མ་ཐོབ་ཀྱི་བར་དུ་དཀའ་ཐུབ་དཀའ་སྤྱད་སྣ་ཚོགས་ཀྱི་སྒོ་ནས་ས་ལམ་རྫོགས་པར་བྱེད་པ་ནི་འཇུག་པ་བྱང་ཆུབ་ཀྱི་སེམས་ནར་སོན་པ་ཡིན། དོན་དམ་པ་བྱང་ཆུབ་ཀྱི་སེམས་ནར་སོན་པ་ནི་མཐའ་བཞིའི་དྲི་མ་དང་བྲལ་བ་དང་། སྟོང་པ་དབྱེར་མེད་པ་ཀྲི་ཡའི་ལུགས་ཀྱི་རྫོགས་རིམ་རྟོགས་ཤིང་མཐར་ཕྱིན་པ་ཡིན། དེའི་ཕྱིར་ན་རྒྱུད་སྡེ་བཞི་རྣམ་པར་འབྱེད་པའི་ལུང་ལས། ཀྲི་ཡ་མདོ་སྔགས་གཉིས་ཀྱི་མཚམས་སུ་འབྱུང་། སྟོན་པ་མཐུན་ཏེ་བསྟན་པ་མི་མཐུན་ནོ་གསུངས། ཀྲིའི་བཀའ་གཟུངས་འདི་རྣམས་ཀྱི་སྟོན་པ་

(༢༨༥)ནི་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པ་ཡིན། སྟོན་པ་མཐུན་ཏེ་བསྟན་པ་མི་མཐུན་པ་ནི། བྱང་ཆུབ་སེམས་དཔའི་ཐེག་པས་སེམས་གསུམ་དུ་བཞེད། ཀྲི་ཡའི་ཐེག་པས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་དཔའ་གསུམ་དང་ལྡན་པའི་སྐྱེད་རྫོགས་ཀྱི་དཀྱིལ་འཁོར་དུ་བཞེད་དེ། སྤྲུལ་སྐུའི་བསྟན་པའི་རྩེ་མོ་ཡང་ཡིན། ལོངས་སྐུའི་བསྟན་པའི་གཞི་འཛིན་པ་ཡིན་པའི་ཕྱིར་ན། ས་མཚམས་འབྱེད་ན་ཀྲི་ཡའི་འཇུག་སྒོ་དང་པོ་ལ་སྟོང་པ་ཉིད་ཀྱི་སྔགས་འབྱུང་བ་དང་། རྒྱུ་མཚན་ཉིད་ཀྱི་ཐེག་པའི་འཇུག་པ་བྱང་ཆུབ་ཀྱི་སེམས་གཉིས་ཀྱིས་འབྱེད་པ་ཡིན། དེའི་ཕྱིར་ན་མཚན་ཉིད་ཀྱི་ཐེག་པ་ལས་བཤད་པ་ལས་སེམས་གསུམ་ཞེས་བྱ། ཀྲི་ཡའི་ཐེག་པ་ལས་སེམས་དཔའ་གསུམ་ལྡན་གྱི་དཀྱིལ་འཁོར་ཆེན་པོར་དག་པར་བྱེད། དེའི་ཕྱིར་ན་ཉེ་བའི་རྒྱུ་དང་རིང་བའི་རྒྱུ་གཉིས་དོན་ལ་ངོ་བོ་གཅིག་པའི་ཕྱིར་ན་བྱང་ཆུབ་ཀྱི་སེམས་རྣམ་པ་གསུམ། མཚན་ཉིད་ཀྱི་ཐེག་པ་ན་སྦྱོང་ཐོན་པ་ལས། ཀྲི་ཡའི་ཐེག་པ་ན་སྒོམ་པའི་དོན་མེད། སྒོམས་ཀྱང་འགལ་བ་མེད། སྔགས་མཚན་ཉིད་ཀྱི་ཐེག་པ་སོ་སོར་འབྱེད་པའི་སྐབས། ཨུ་པ་ཡའི་ཐེག་པའི་དབང་དུ་བྱས་ན་གདུལ་བྱ་ཆ་མཐུན་གྱི་ཕྱིར་ན་མི་རིགས་བཞི་ལས། རྗེ་རིགས་འགྲོ་བ་སྐྱེ་གནས་བཞི་དང་བསྟུན་ན། བརྫུས་སྐྱེས་ཀྱི་ཚུལ་དུ་སྐྱེད་རྫོགས་རྣམ་གྲངས་དགུ་ལ་སོགས་རྒྱུད་སྡེ་གོང་འོག་གཉིས་དང་མཐུན་པར་རྫོགས་པར་བྱའོ། །སྐྱེད་རིམ་གྱི་དབང་དུ་བྱས་ན་ཀྲི་ཡ་དང་ཆ་མཐུན་པ་ཡིན། རྫོགས་རིམ་དང་དབང་བསྐུར་བའི་རིམ་པ་རྣམས་ཡོ་ག་དང་མཐུན་པ་སྟེ། སྐྱེད་

(༢༨༦)རྫོགས་གཉིས་སྤྱོད་པ་དང་གསུམ་ཆ་མཉམ་པར་སྒྲུབ་ཅིང་སྤྱོད་པའི་ཕྱིར་ན་སྤྱོད་པའི་རྒྱུད་ཅེས་བྱ་བ་ཡིན། རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། རིམ་གཉིས་མཉམ་པར་བཞག་ཅིང་སྤྱོད། ཞེན་འཛིན་དང་བྲལ་གོམས་འདྲིས་མཐར་ཕྱིན་ན། རྡོ་རྗེ་ཅན་གྱིས་ཆོས་འཆད་དོ། །ཞེས་གསུངས་པའི་ཕྱིར་ན་སྤྱོད་པའི་རྒྱུད་རྣམས་དང་། མཁས་ལ་གྲུབ་པ་ཐོབ་པའི་པཎྜི་ཏ་རྣམས་ཀྱིས། རྒྱུད་ཀྱི་འབྲེལ་བ་དང་། དེ་ལས་འཕྲོས་པ་བསྟན་བཅོས་དང་། དེ་རྣམས་ཀྱི་བཅུད་བསྡུས་པ་གདམ་ངག་རྣམས་ཀྱང་རྩིས་མགོ་རྣམ་པ་ལྔ་ཡིས་སྟོན་པ་ཡིན་ཏེ། དེ་རྣམས་ལ་དང་པོར་མཉན་ཅིང་མཁས་ལ་ཤེས་པར་བྱའོ། །དེ་ལ་ཨུ་པ་ཡའི་རྒྱུད་དང་བསྟན་བཅོས་གྲངས་མང་ན་ཡང་ཉམས་སུ་བླང་བའི་རིམ་པ་རྣམ་པ་དགུར་འདུས་པ་སྟེ། དང་པོར་ཨུ་པ་ཡའི་དཀྱིལ་འཁོར་དང་ལྷ་ཚོགས་གང་དང་གང་ལ་སྙོམས་པར་འཇུག་ན་ཡང་དང་པོར་བརྫུས་ཏེ་སྐྱེས་པའི་གདུལ་བྱ་རྣམས་དང་ཆ་མཐུན་དུ་ཕྱི་སྣོད་འཇིག་རྟེན་གྱི་ཁམས་དང་། ནང་བཅུད་ཀྱི་འགྲོ་བ་རྣམས་སྐད་ཅིག་ཙམ་གྱིས་ལྷ་དང་གཞལ་ཡས་ཁང་དུ་རྫོགས་པར་བསྒོམ་ཞིང་། དེའི་རྗེས་སུ་ས་བོན་དང་འོད་ཟེར་གྱི་འཕྲོ་འདུ་ལ་སོགས་པ་སེམས་དཔའ་གསུམ་ལྡན་གྱི་ཚུལ་དུ་རྫོགས་པར་བསྒོམ་པ་ནི་ཀྲི་ཡོག་གཉིས་དང་མཐུན། ཨུ་པ་ཡའི་སྤྱོད་པ་དང་ཏིང་ངེ་འཛིན་ཀྲི་ཡོག་གཉིས་ཀའི་སྒོ་ནས་འཇུག་པ་སྟེ། དམ་ཚིག་གི་བསྲུང་ལུགས་དང་ཏིང་ངེ་འཛིན་གྱི་རིམ་པ་རྣམས་དང་། དམིགས་པའི་ལྷ་དང་ཡེ་ཤེས་ནི། །དམ་ཚིག་སེམས་དཔའ་གཡོག་གི་ཚུལ། །ཡེ་ཤེས་སེམས་དཔའ་རྗེ་བཞིན་བཀུར། །ལྷ་བདག་གྲོགས་པོའི་ཚུལ་དུ་ཡིན། །མཆོད་པ་དང་བསྟོད་པ་བསྙེན་བཀུར་ཚུལ་དུ་འབུལ། མཆོག་

(༢༨༧)དང་ཐུན་མོང་ལ་སོགས་པ་བཀའ་དྲིན་གྱི་ཚུལ་དུ་ཞུ། བཟླས་པ་ཀྲི་ཕ་དག་དང་མཐུན་པ་ཡིན། བདག་གི་དོན་ལ་སྦྱོར་ལམ་རྣམ་པ་ལྔས་ས་ལམ་བསྒྲོད་བྱ་སྟེ། གཞན་གྱི་དོན་ལ་ཕྲིན་ལས་རྣམ་པ་བཞི་བསྒྲུབ་ཅིང་སྤྱོད་པ་ཡོ་ག་དང་མཐུན་པར་བྱ། དབང་བསྐུར་བ་ནི་ཡོ་གའི་ལུགས་བཞིན་དུ་དབང་སུམ་བཅུ་སོ་བདུན་རྒྱས་པར་བསྐུར་བའོ། །གནས་ནི་རིག་འཛིན་ལྔ་ལ་གནས་ཤིང་འབྲས་བུ་མཐར་ཕྱིན་པ་རིགས་བཞི་རྡོ་རྗེ་འཆང་གི་ས་རིགས་བཞི་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའ་སྣང་བ་མཐའ་ཡས་རིན་འབྱུང་དོན་གྲུབ་དེ་བཞི་ལ་ཟེར་བ་ཡིན། ལྟ་བ་ཡོ་ག་དག་དང་མཐུན་པ་སྟེ། ཨུ་པ་ཡ་ཞེས་བྱ་བའི་ཐེག་པ་ནི་ཡང་ན་རྒྱ་ཤིན་ཏུ་ཆེ་བ་ཡིན་ཏེ། སྤྱིར་རྒྱུད་སྡེ་གསུམ་ཀ་ལ་མ་སླབས་ཀྱི་བར་དུ་གོ་ཞིང་མཁས་པ་དེ་དཀའ་བ་ལགས། ལྟ་བ་རིག་པ་དང་སྟོང་པ་དབྱེར་མེད་པ། རིག་ཙམ་ཉིད་ན་སྟོང་། སྟོང་ཙམ་ཉིད་ན་རིག་སེམས་དང་སེམས་བྱུང་གི་ཆོས་ཐམས་ཅད་ཐབས་དང་ཤེས་རབ་དབྱེར་མེད་ཙམ་དུ་ལྟ་བ་སྟེ། སྒྲའི་བྱེ་བྲག་ཅི་ལྟར་དུ་གྲགས་ཀྱང་གྲག་སྟོང་དབྱེར་མེད་དུ་གོམས་པར་བྱེད་པའོ། །དེའི་ཕྱིར་ན་སྤྱོད་པའི་རྒྱུད་ཀྱི་སྐྱེད་རྫོགས་ཆ་མཉམ་པ་དབྱེར་མེད་པའི་ལྟ་བ་ལ་གོམས་ཤིང་འདྲིས་པར་བྱའོ། །ཨུ་པ་ཡའི་ཐེག་པ་ལ་བརྩོན་འགྲུས་དར་དྲག་ལ་ཡུན་རིང་བར་བར་མ་ཆད་པར་བསྒྲུབས་ན་མིའི་སྐྱེ་བ་རྣམ་པ་ལྔ་ཡིས་ས་ནོན་པར་བཞེད་པ་ཡིན། ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམ་གྲངས་དྲུག་བཅུ་རྩ་བཞི་དང་ལྡན་པ་དེ་ཨུ་པ་ཡའི་རྒྱུད་ཀྱི་བཞེད་ཀྱིས། སྐྱེད་རྫོགས་ཆ་མཉམ་དུ་སྤྱོད་ཅིང་གོམས་འདྲིས་མཐར་ཕྱིན་པར་བྱེད་པའི་ཕྱིར་ན་སྤྱོད་པའི་རྒྱུད་ཅེས་བྱ། ལོངས་

(༢༨༨)སྐུའི་བསྟན་པ་བར་ས་ལས་སྟོན་པ་ཡོངས་སུ་རྫོགས་པ་རྣམ་པར་སྣང་མཛད་ཀུན་ཏུ་ཞལ་འཁོར་སྨིན་པ་རྒྱ་མཚོ་བྱང་ཆུབ་སེམས་དཔའ་དང་སེམས་མ་ས་བཅུའི་རིག་འཛིན་གྱི་ཚོགས་རྣམས། ཨུ་པ་ཡའི་རྒྱུད་སྣ་ཚོགས་པ་དང་བསྟན་བཅོས་དང་། མན་ངག་རྒྱ་མཚོ་འདྲ་བ་ལས། འདིར་ས་མཚམས་ཅུང་ཟད་ཙམ་དབྱེ་བ་ནི་བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་གཞུང་ན་མི་གསལ་བ་རྣམས་འདིར་གསལ་བར་བྱེད་པ་ཡིན་པའི་ཕྱིར་ན། གཉིས་ཀའི་ནང་དུ་ཤེས་པར་བྱའོ། །རིམ་གྱིས་འཇུག་པའི་སྒོམ་ཆེན་པ་རྣམས་ཨུ་པ་ཡའི་སྒྲ་དང་དོན་རྣམས་རྟོགས་པར་བྱ་བའི་ཕྱིར། སྤྱོད་པའི་རྒྱུད་ཀྱི་ཁྲིད་ཀྱི་རིམ་པ་རྣལ་འབྱོར་རང་བྱུང་རྡོ་རྗེ་ཡིས་བཀོད་པ་ཡིན་པའི་ཕྱིར་ན། མ་འོངས་པའི་གདུལ་བྱ་རྣམས་ཀྱིས་ཀྱང་ཨུ་པ་ཡའི་ཐེག་པའི་རྒྱུ་ཤེས་པར་བྱའོ། །ལམ་ཤེས་པར་བྱ་སྟེ་འབྲས་བུ་ཤེས་པར་བྱའོ། །གཉི་ག་སྤྱོད་ཀྱི་གྲུབ་མཐའ་དང་ཐེག་པ་ཐམས་ཅད་ལ་སློབ་པར་བྱ་ཞིང་། ཐེག་པ་གོང་ནས་གོང་དུ་ནར་སོན་པའི་ཕྱིར་དེར་ཡང་གནས་པར་མི་བྱའོ། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ཡི་སྒྲ་དོན་གཅིག་ཏུ་རྟོགས་ཤིང་རིག་པའི་གནས་ལྔ་མཐར་ཕྱིན་པ་ནི་རྗེ་ན་རོ་previous hit ་སྟེ། དེའི་བཞེད་དགོངས next hit་ཀྱིས་སྐྱེ་བ་གཅིག་གིས་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ཀྱིས་རིག་འཛིན་གྱི་ས་ནོན་པར་འདོད་ན་དང་པོ་བསམས་བཞིན་དུ་སྲིད་པ་ཉེ་བར་བླངས་པའི་བླ་མ་མཁས་ལ་གྲུབ་པ་ཐོབ་པ་རྣམས་ལ་བརྟེན་ཞིང་། བདེ་བར་གཤེགས་པའི་བཀའ་རབ་འབྱམ་ལ་ཐོས་པས་ཕྱིའི་སྒྲོ་འདོགས་ཆོད་ཅིང་བསམ་པས་ཐེག་པའི་ས་མཚམས་སོ་སོར་ཕྱེད་ནས། ཐེག་པ་ལྔའི་སྒྲ་དོན་གཅིག་ཏུ་བསྡུས་ནས་བསྒོམ་པའི་དུས་སུ་དར་དྲག་ལ་ཡུན་རིང་དུ་བསྒོམ་ཞིང་། སྔགས་ཀྱི་ལུགས་ཀྱིས་

(༢༨༩)ལམ་ལྔ་རྫོགས་པར་བྱ་སྟེ། ཉམས་དང་རྟོགས་པ་སོ་སོར་ཕྱེད་ནས་ཆོས་རྣམས་ཀུན་གྱི་གནས་ལུགས་རྟོགས་པ་ནི་དངོས་པོ་གཤིས་ཀྱི་གནས་ལུགས་སེམས་དང་སེམས་བྱུང་གི་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་ཤིང་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྤྱོད་བྱ་སྤྱོད་པར་བྱ་བའི་ཆོས་ཐམས་ཅད་སོ་སོ་བྱེ་བྲག་མེད་པར་རྟོགས་ཤིང་འཁྲུལ་བའི་ཚོགས་ཐམས་ཅད་རང་བྱུང་ཡེ་ཤེས་སུ་རྟོགས་ན་དཔེར་ན་ཉི་མའི་དཀྱིལ་འཁོར་ནམ་མཁའ་ལ་ཤར་བའི་དུས་སུ་ཉི་མ་དང་། ཉི་མའི་འོད་ཟེར་ལྷན་ཅིག་སྐྱེས་ཤིང་རྩོལ་བ་དང་སྒྲུབ་པ་མེད་པར་འཛམ་བུ་གླིང་པའི་མུན་པ་སྣང་ཞིང་གསལ་བར་ཤར་བ་བཞིན་དུ་ཕྱག་རྒྱ་ཆེན་པོའི་དོན་རྟོགས་ནས་འཁོར་བའི་ཉོན་མོངས་པའི་ཚོགས་རྣམས་དང་སངས་རྒྱས་ཐོབ་དུ་རེ་བའི་འདོད་པ་རྣམས་གདོད་ལ་ནས་གཉིས་མེད་ལྷན་ཅིག་སྐྱེས་པ་ཡིན་པའི་ཕྱིར་ན། ཕྱག་རྒྱ་ཆེན་པོ་རྟོགས་ཤིང་རྩལ་རྫོགས་པའི་དུས་སུ་ཉོན་མོངས་པ་དང་འཁྲུལ་པའི་ཚོགས་ཐམས་ཅད་ཀྱང་མཉམ་ཉིད་ཡེ་ཤེས་ལྷུན་གྱིས་གྲུབ་པ་ཡིན་པའི་ཕྱིར་ན། སྤང་བླང་དང་དགག་སྒྲུབ་ཅི་ཡང་མི་དགོས་པ་ཡིན་གསུང་། དེའི་ཕྱིར་ན་རྗེ་བཙུན་ཆེན་པོ་ཏཻ་ལོ་པའི་གསུང་ནས་ཀྱང་། ཀྱེ་ཧོ་འདི་ནི་རང་རིག་སྟེ། ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །རང་གི་རང་རིག་མཚོན་ཏེ་ཤེས་པར་བྱའོ། །ཞེས་གསུངས་པ་ཙམ་གྱིས་རྗེ་ནཱ་རོ་པས་དཀའ་བ་བཅུ་གཉིས་སྤྱད་པའི་ཐ་མ་ལ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཀྱི་སྐུ་དྲི་མ་མེད་པ་ཉག་གཅིག་ཏུ་རྟོགས་པ་ལྟར། མ་འོངས་པའི་གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་ཡིན་ན་ཡང་། མཆོག་གི་དངོས་གྲུབ་ཐོབ་པའི་བླ་མ་རྣམས་ལ་བརྟེན་པ་ཙམ་གྱིས་རྟོགས་པ་དང་ཐོབ་པ་དུས་མཚུངས་ཀྱང་ཤེས་པ་ཡིན་པའི་ཕྱིར་ན། ཨུ་པ་ཡའི་ཐེག་པའི་གཞི་རྟོགས་

(༢༩༠)འཇུག་སྒོ་ལ་སོགས་པ་ལམ་རྟོགས། འབྲས་བུ་རྟོགས། རིགས་བཞི་རྣམ་པར་འབྱེད་པ་ལ་སོགས་པའི་གཞི་ལམ་འབྲས་བུ་དུས་མཚུངས་སུ་རྟོགས་ནས་སངས་རྒྱས་པ་ཡིན། སྤྱོད་པའི་རྒྱུད་དང་ཆ་མཐུན་པའི་རྟོགས་པའི་འབྲས་བུ་ཡིན། འཁོར་འདས་ཀྱི་ཆོས་ཐམས་ཅད་རྟོགས་ན་ནང་རྟོགས་ཀྱི་ཕྱི་རུ་ཤར་བ་ལོངས་སྐུའི་བསྟན་པའི་ནང་ནས་ཅི་ལྟར་གསུངས་པ་བཞིན་དུ་མཛད་པ་དང་ཕྲིན་ལས་རྩོལ་བ་དང་སྒྲུབ་པ་མེད་པར་མི་འབྱུང་ཁ་མེད་པ་ཡིན། དེའི་ཕྱིར་ན་དགས་པོ་ལྷ་རྗེའི་ཞལ་ནས་ཀྱང་། ལྟ་བ་རྟོགས་པ་དང་འབྲེལ་བ། སྒོམ་པ་ཉམས་མྱོང་དང་འབྲེལ་བ། སྤྱོད་པ་དུས་ཚོད་དང་འབྲེལ་བ། འབྲས་བུ་གཞན་དོན་འབྲེལ་བ། གསུངས་པའི་ཕྱིར་ན། སེམས་ཅན་རྣམས་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་སྣང་ན་རྟོགས་པའི་རྟགས་ཡིན། འདས་མ་འོངས་ད་ལྟར་བྱུང་བ་གསུམ་དུ་སེམས་ཅན་རྣམས་ལ་གནོད་པར་སྣང་ན་ཕྱག་རྒྱ་ཆེན་པོ་མ་རྟོགས་ཤིང་བདུད་ཀྱི་ལས་སུ་རིག་པར་བྱའོ། །བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་གཉི་ག་རྒྱུད་ཀྱི་ཕུན་སུམ་ཚོགས་པ་ལས། གསལ་བྱེད་སྒྲོན་མའི་དུ་མ་རོ་གཅིག་ཏུ་རྟོགས་པའི་བར་སྐབས་ཏེ་བདུན་པའོ།། །།ལོངས་སྤྱོད་རྫོགས་པའི་སྐུའི་བསྟན་པའི་ཡང་རྩེ། རྒྱ་སྐར་སྐད་དུ། ཡོ་ག་བོད་སྐད་དུ། རྣལ་འབྱོར་གྱི་རྒྱུད་ཅེས་གྲགས་པ་ལ། ཕུན་སུམ་ཚོགས་པ་རྣམ་པ་ལྔ་ཡིས་བསྟན་ཏེ། དེ་ལ་གནས་ཕུན་སུམ་ཚོགས་པ་འོག་མིན་གྱི་གནས་ཡིན། འོག་མིན་གྱི་གནས་ཀྱང་ལྔ་ཡིན་ཏེ། བརྟགས་པ་གནས་ཀྱི་འོག་མིན། གཟུགས་ཁམས་ལྷའི་ཡང་རྩེ། ལྷ་གནས་འོག་མིན་བྱ་བ་ཡིན། ཕྱི་རྒྱུད་སྡེ་གསུམ་གྱི་སྟོན་པ་རྣམ་པར་སྣང་མཛད་ཀུན་ཏུ་ཞལ་བཞུགས་པའི་གནས་འོག་མིན་སྟུག་

(༢༩༡)པོ་བཀོད་པ་བྱ་བ་ཡིན། འོག་མིན་གསུམ་པོ་འདིར་དུས་ལ་མ་བབ་པའི་ཕྱིར་ན། གནས་ཕུན་སུམ་ཚོགས་པ་འོག་མིན་གྱི་གནས་རྒྱན་སྟུག་པོ་བཀོད་པ་ཡིན། སྟོན་པ་ཕུན་སུམ་ཚོགས་པ་རྣམ་པར་སྣང་མཛད་ཀུན་ཏུ་ཞལ། འཁོར་ཕུན་སུམ་ཚོགས་པ་ཉིད་ལས་མི་གཞན་པའི་འཁོར་རིགས་བཞི་དང་རིགས་ཁྱད་པར་ཅན་གྱི་འཁོར་སེམས་དཔའ་དང་སེམས་མའི་འཁོར་སྤྲིན་ཕུང་གཏིབས་པ་ལྟ་བུ་སྟེ། བསྟན་པ་རྒྱ་མཚོའི་འཁོར་ཕུན་སུམ་ཚོགས་པའོ། །དུས་ཕུན་སུམ་ཚོགས་པ་དུས་ལྔ་བརྒྱ་ཕྲག་ལྔ་པའོ། །བསྟན་པ་ཕུན་སུམ་ཚོགས་པ་ཡོ་གའི་རྒྱུད་དང་རྒྱུད་ཕྱི་མ་དང་། ཕྱི་མའི་ཕྱི་མ་དང་། རྒྱུད་ཀྱི་རྩེ་མོ་དང་། ཕྲིན་ལས་བཀའ་ཉན་གྱི་རྒྱུད་ལ་སོགས་ཏེ་བསྟན་པ་ཕུན་སུམ་ཚོགས་པའོ། །ཡོ་གའི་རྒྱུད་ལ་རྒྱུད་བསམ་གྱིས་མི་ཁྱབ་པར་གསུངས་ནས་འདུག་པ་ལས། ཡོ་གའི་རྒྱུད་ཐམས་ཅད་ཀྱི་རྩ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་འདུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་དང་། དེ་ལས་འཕྲོས་པ་ཁ་ས་མུ་ལ་ཏྲན་ཏྲའི་རྒྱུད་དང་། རྣམ་པར་སྣང་མཛད་དབང་བསྐུར་བའི་རྒྱུད་དང་། དཔལ་མཆོག་དང་པོ་ཤེས་རབ་ཀྱི་དུམ་བུ་དང་། དཔལ་མཆོག་སྔགས་ཀྱི་དུམ་བུ་དང་། དཔལ་མཆོག་སྐུའི་རྒྱུད་སྐུའི་ལྷ་ཚོགས་དང་། དཀྱིལ་འཁོར་རྣམ་པར་སྟོན་པའི་རྒྱུད་དང་། ཡོ་ག་རྡོ་རྗེ་འབྱུང་བའི་རྒྱུད་དང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྒྱུད་དང་། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་སྟོན་པའི་རྒྱུད་དང་། སྒྲོལ་མ་ཀུལླེའི་རྟོག་པ་དང་། གར་མཁན་མཆོག་གི་ཆོ་ག་དང་། རབ་ཏུ་གནས་པ་མདོར་བསྡུས་པའི་རྒྱུད་དང་། རྡོ་རྗེ་བེ་ཅོན་གྱི་རྒྱུད་དང་། འཇིག་རྟེན་དབང་

(༢༩༢)ཕྱུག་གི་རྟོག་པ་དང་། འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་དང་། དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ཀྱི་རྒྱལ་པོ་དང་། བཤད་པའི་རྒྱུད་གསང་བ་རྣལ་འབྱོར་རྡོ་རྗེ་རྩེ་མོའི་རྒྱུད་ཆེན་པོ་དང་། རྣམ་པར་སྣང་མཛད་ཆེན་པོ་མངོན་པར་བྱང་ཆུབ་པའི་རྩ་བའི་རྒྱུད་ཆེན་པོ་དང་། དེའི་ཕྱི་མ་དང་། འཕགས་པ་མི་གཡོ་བའི་སྟོབས་རྟུལ་ཕོད་པའི་རྟོག་པ་དང་། མི་གཡོ་བའི་རྟོག་པའི་རྒྱལ་པོའི་རྒྱུད་དང་། དེ་ལ་སོགས་པ་བོད་ལ་འགྱུར་བ་ཡང་མང་དུ་འདུག་སྟེ། འདིར་མདོར་བསྡུས་པའོ། །ཡོ་གའི་བསྟན་པ་ཕུན་སུམ་ཚོགས་པའོ། །སྡུད་པ་པོ་ཕུན་སུམ་ཚོགས་པ་དཔལ་འབྱུང་ལག་ན་རྡོ་རྗེའོ། །འོག་མིན་གྱི་གནས་སུ་སྟོན་པ་རྣམ་པར་སྣང་མཛད་ཀྱིས་ལོངས་སྤྱོད་རྫོགས་པའི་འཁོར་རིགས་བཞི་དང་། སྤྲུལ་པའི་སྐུ་དང་། སེམས་དཔའ་དང་། སེམས་དཔས་མའི་ཚོགས་རྣམས་ལ་བསྟན་པ་ཕུན་སུམ་ཚོགས་པ་བརྡ་ཡིས་མཚོན་པའོ། །ལུང་ལས་ཀྱང་། ལོངས་སྐུའི་བསྟན་པ་བརྡ་ཡིས་མཚོན། །ཞེས་གསུངས་པའི་དོན་ཡང་དུས་འདི་ལ་previous hit དགོངས next hit་ཡིན། བར་དུ་འདོད་པའི་ཁམས་ལྷའི་ཡུལ་དགའ་ལྡན་དུ་རིག་འཛིན་གྲུབ་པ་རྣམས་ལ་བཤད། ཐ་མར་མིའི་ཡུལ་དུ་སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པ་རྒྱལ་ཆས་ཅན། ཤཱཀྱ་ཐུབ་པས་གསུངས། གནས་ཕུན་སུམ་ཚོགས་པ་མེ་རི་རྩེ་ལ་བཤད་འཁོར་ཕུན་སུམ་ཚོགས་པ་རིག་འཛིན་ཕོ་མོ་རྣམས་ཡིན། དུས་ཕུན་སུམ་ཚོགས་པ་ལྔ་བརྒྱ་ཕྲག་དྲུག་པའོ། །བསྟན་པ་ཕུན་སུམ་ཚོགས་པ་ཡོ་གའི་རྒྱུད་རྣམས་སོ། །སྡུད་པ་པོ་ཕུན་སུམ་ཚོགས་པ་ཀུན་དགའ་བོའོ། །ཀུན་དགའ་བོས་སྔགས་བསྡུ་བ་མི་རིགས་སྙམ་ན། ལུང་ལས། མང་དུ་ཐོས་པ་གསང་སྔགས་འཆང་། །ཀུན་དགའ་བོ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པའི་ཕྱིར་རོ། །

(༢༩༣)སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ་མདོ་སྔགས་གཉིས་གསུང་པར་མི་རིགས་སོ་སྙམ་ན། དེ་ལ་previous hit དགོངས next hit་འདུས་པའི་ལེའུ་བདུན་པའི་ནང་ནས། ལང་ཀའི་བདག་པོས་དྲིས་པ། གསང་བའི་བདག་པོ་སྤྲུལ་པའི་སྐུ་ཐུབ་པའི་དབང་པོ་འདི་སངས་རྒྱས་གང་གི་སྤྲུལ་པ་ལགས། ཞེས་དྲིས་པ་ལས། བཀའ་བསྩལ་བ། འདི་ནི་རྡོ་རྗེ་སེམས་དཔའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པའི་དུས་གསུམ་གྱི་སངས་རྒྱས་བརྗོད་ཀྱིས་མི་ལང་བའི་ནང་ནས་སྤྲུལ་པ་ཆ་གཅིག་ཏུ་ཟུང་ཞིག །ཅེས་ལུང་བསྟན་ཏོ། །ཆོས་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་སྣང་མཛད་ཀྱིས་སྨྲ་བའི་སེང་གེ་རྡོ་རྗེ་སེམས་དཔའ་ལ་བསྒོ་བ་སྒྱུ་འཕྲུལ་ནས། རིགས་ཀྱི་རིགས་ཏེ་རིགས་ཀྱི་གཙོ། ཐུགས་ཀྱི་ཐུགས་ཏེ་ཐུགས་ཀྱི་མཆོག །རྡོ་རྗེ་རིགས་གཙོ་སངས་རྒྱས་དཀྱིལ་འཁོར། །ཞེས་གསུང་པས། སྤྲུལ་པ་བཀྱེ་བ་ཆ་གཅིག་ཤཱཀྱ་ཐུབ་པ་ཡིན་པས་ན་སྔགས་གསུང་བར་རིགས་སོ། །ཡང་previous hit དགོངས next hit་འདུས་པ་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མི་འཇེད་འདི་ན་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བསྟན་ནས། ཐེག་པ་ཆེ་ཆུང་གི་ཆོས་དང་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་དང་། སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་པར་འགྱུར་རོ་ཞེས་ལུང་བསྟན་ཏོ། །འཇམ་དཔལ་མཚན་བརྗོད་ཀྱི་ལུང་ལས་ཀྱང་། ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །གསང་སྔགས་ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་ཅན་བདག་ཉིད་ཅན། །ཞེས་གསུངས་པས་སོ། །བར་དུ་ལྷ་གནས་གསུམ་དུ་གྲགས་ཏེ། གསང་སྔགས་ཀྱི་སྟོན་པ་ཡང་ཐུབ་པ་ཆེན་པོ་ཡིན་པའི་ཕྱིར་ན། ཡང་previous hit དགོངས་འདུས་ནས། ཐུབ་ next hit་ཆེན་པོ་གསང་བའི་བདག །བྱིས་པའི་སྤྱོད་པ་དེར་བོས་ནས། །སྤྲུལ་པ་རྡོ་རྗེ་འཛིན་

(༢༩༤)རྒྱལ་པོ། །ལྷ་གནས་གསུམ་དུ་གྲགས་ནས་ཀྱང་། གསང་སྔགས་གཏེར་གྱི་བདག་པོ་མཛད། །ཅེས་ལུང་བསྟན་ཏོ། །དེ་ནས་མིའི་ཡུལ་དུ་ཇི་ལྟར་དུ་བྱུང་བ་ནི། ཡང་previous hit དགོངས next hit་འདུས་པ་ནས། སྟོན་པ་ཐུབ་པའི་དབང་པོ་དེ། སྐྱེད་དགུ་ཚེ་ལོ་བརྒྱ་པའི་དུས་སུ་སྡེ་སྣོད་གསུམ་དང་ཀྲི་ཡོག་གསུངས་ནས། དེ་ནས་མྱ་ངན་ལས་འདའ་བར་previous hit དགོངས next hit་ཡིན། དེ་ལ་རྣལ་འབྱོར་གྱི་རྒྱུད་ཀྱི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་བཤད་པར་དམ་བཅའ་བ་ནི། འབྲེལ་དང་མ་ཚངས་མེད་པ་དང་། ཕུན་སུམ་ཚོགས་པ་རྒྱུད་ཅེས་གསུངས་པའི་ཕྱིར་ན། གླད་ཀྱི་དོན་དང་། མཇུག་གི་དོན་རྣམ་པ་གསུམ་ཡིན་ཏེ། གླད་ཀྱི་དོན་མཆོད་པར་བརྗོད་ཅིང་མཚན་སྦྱར་བ་དང་། མཚན་ཀླག་པ་དང་། མཚན་ལ་ཕྱག་འཚལ་བའོ། །དེ་ལ་དབང་པོ་ཡང་རབ་གླད་ཀྱི་དོན་ཐོས་པ་ཙམ་གྱིས་རྒྱུད་ཀྱི་སྒྲ་དང་དོན་གོ་བ་ཡིན། དབང་པོ་འབྲིང་དང་ཐ་མས་ཕུན་སུམ་ཚོགས་པ་རྣམ་པ་ལྔའི་རྒྱུད་ལས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མ་ཚང་བ་མེད་པར་རྒྱུད་ལས་རྒྱུད་དུ་འབྲེལ་བ་དབུ་ཞབས་སུ་སྒྲ་དང་དོན་མ་ཚང་བ་མེད་པའི་ཕྱིར་ན་རྒྱུད་ཅེས་བྱ་བ་ཡིན་ཡང་། ལུང་ལས། རྒྱུད་ཅེས་བྱ་བ་རྒྱུན་ཡིན་ཏེ། རྒྱུན་མི་འཆད་པས་རྒྱུད་ཅེས་བྱ། དེའི་ཕྱིར་ན་དངོས་པོ་གཤིས་ཀྱི་གནས་ལུགས་ཀུན་གཞི་རྒྱུ་རྒྱུད་ཡིན་པའི་ཕྱིར་ན། དུས་གསུམ་རྒྱུན་ཆད་མེད་པ་ཡིན། ཉོན་མོངས་པ་ཐབས་ཀྱི་རྒྱུད་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་རྒྱུན་ཆད་མ་མྱོང་བའི་ཕྱིར་ན་རྒྱུན་ཞེས་བྱ། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དྲ་བར་འབྲེལ་ཞིང་ཐམས་ཅད་ངོ་བོ་གཅིག་ལ་སྐུ་ལྔ་ཡོངས་སུ་རྫོགས་པའི་ཕྲིན་ལས་

(༢༩༥)རྒྱུན་མི་འཆད་པའི་ཕྱིར་ན་རྒྱུད་ཅེས་བྱ་བ་ཡིན། རྒྱུད་གང་དང་གང་འཆད་ན་ཡང་ཀུན་གཞི་རྒྱུའི་རྒྱུད་ལ་དངོས་པོ་གཤིས་ཀྱི་གནས་ལུགས་ཕུན་སུམ་ཚོགས་པ་རྣམ་པ་ལྔར་གཏན་ལ་ཕབ་ཅིང་། ལམ་ཉོན་མོངས་པ་ཐབས་ཀྱི་རྒྱུད་ལ་ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲིབས་ཤིང་། འགྲོ་བ་རིགས་དྲུག་གི་རྒྱུའི་རྒྱུད་དང་ལམ་དང་འབྲས་བུའི་རྒྱུད་ལ། འཁོར་བའི་སྐྱེ་རྒྱུད་ཀྱིས་ཕུན་སུམ་ཚོགས་པ་རྣམ་པ་ལྔས་གཏན་ལ་ཕབ་དགོས་པ་སྟེ། དེ་ལ་གྲུབ་མཐའ་ལས་བློ་བསྒྱུར་བ་དམ་པའི་ཆོས་ཀྱི་ཐབས་ཀྱི་རྒྱུད་ལ་གྲུབ་མཐའ་སྣ་ཚོགས་ཀྱི་ཕུན་སུམ་ཚོགས་པ་རྣམ་པ་ལྔས་གཏན་ལ་ཕབ་པར་བཞེད་པ་ལས། འདིར་རྣལ་འབྱོར་ཡོ་གའི་རྒྱུད་ཀྱི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་སོ་སོར་འབྱེད་པ་ལས། ཡོ་གའི་རྒྱུད་བོད་ལ་འགྱུར་བ་དང་མ་འགྱུར་བ་ལ་སོགས་པ་རྣམས་ཀྱང་ཕུན་སུམ་ཚོགས་པ་རྣམ་པ་ལྔ་ལྔར་རིགས་མི་གཅིག་པར་འཆད་དགོས་པ་ཡིན། དེ་རྒྱུད་ལ་བརྟེན་པའི་བསྟན་བཅོས་རྣམས་ནི་དཔེར་ན་རྒྱུད་ནི་གཟེ་མ་དང་འདྲ་བ་ཡིན། བསྟན་བཅོས་རྣམས་ནི་ལྡེ་མིག་དང་འདྲ་སྟེ། ལྡེ་མིག་གིས་གཟེ་མ་ཕྱེ་ནས་མཛོད་ཀྱི་ནང་ནས་དགོས་འདོད་སྣ་ཚོགས་པ་འབྱུང་བ་དང་འདྲ་བར། རྒྱུད་རྡོ་རྗེའི་ཚིག་སྦྲམ་གྱི་ནང་དུ་དཔལ་རྡོ་རྗེ་འཆང་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་མཛོད་ཆེན་པོ་བཞུགས་ཏེ། དེའི་ཕྱིར་ན་མཁས་ལ་གྲུབ་པ་ཐོབ་པ་རྣམས་ཀྱི་རྒྱུད་ཀྱི་འགྲེལ་པ་དང་གདམ་ངག་རྣམས་ཤིན་ཏུ་གལ་ཆེ་བའི་ཕྱིར་ན། འདིར་རྣལ་འབྱོར་ལ་གཏོགས་པའི་བསྟན་བཅོས་རྣམས་ཀྱང་རྩིས་མགོ་རྣམ་པ་ལྔ་ཡིས་འཆད་དགོས་པ་ཡིན་ཏེ་ཞོར་ལ་སྟོན་པའོ། །ཡོ་གའི་རྒྱུད་རྣམས་ཀྱི་དབང་དུ་བྱས་ན།

(༢༩༦)མི་ལ་རིགས་རྣམ་པ་བཞི་ཡོད་པ་ལས། ཡོ་གའི་གདུལ་བྱ་དེ་རྒྱལ་རིགས་སུ་བཞེད་པ་ཡིན། སེམས་ཅན་རྣམས་སྐྱེ་གནས་བཞིར་སྐྱེ་བ་ལས། ཡོ་གའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱང་དྲོད་གཤེར་ལས་སྐྱེ་བའི་ཚུལ་དུ་བསྐྱེད་པ་ནི། གདུལ་བྱ་དྲོད་གཤེར་ལས་སྐྱེ་བ་འདུལ་བའི་དོན་དུ་previous hit དགོངས next hit་ཡིན། ཡོ་གའི་ཐེག་པ་རྣམས་ལས་རྒྱུད་སྡེ་དཔག་ཏུ་མེད་པ་གསུངས་ན་ཡང་། འཇུག་སྒོ་ལ་སོགས་པ་རྣམ་པ་དགུས་གཏན་ལ་འབེབས་པ་ལས། རྡོ་རྗེ་རྩེ་མོའི་རྒྱུད་ལས་ཀྱང་། །དཀའ་ཐུབ་དཀའ་སྤྱད་འདིར་མི་དགོས། །ཁྲུས་དང་གཙང་སྦྲ་འདིར་མི་དགོས། །སངས་རྒྱས་ཐམས་ཅད་སེམས་དཔའ་ཆེ། །རྟག་ཏུ་སྦྱོར་བས་འགྲུབ་པར་འགྱུར། །ཞེས་གསུངས་པའི་དོན་ཡང་། ཕྱི་རྒྱུད་ཀྱི་ཐེག་པ་འོག་མ་གཉིས་ལ་ཁྲུས་དང་གཙང་སྦྲ་དང་དཀའ་ཐུབ་དང་དཀའ་སྤྱད་མང་པོའི་སྒོ་ནས་འཇུག་དགོས་པ་ལ། ཡོ་གའི་ཐེག་པ་ལས། དེ་རྣམས་གང་ཡང་མི་དགོས་པར་གདོད་མ་ནས་ཕྱི་ནང་སྣོད་བཅུད་ལྷ་དང་གཞལ་ཡས་ཁང་དུ་བསྒྱུར་ཞིང་། ཨེ་མ་སུམ་བཅུ་རྩ་བདུན་གྱི་དཀྱིལ་འཁོར་དུ་བསྒོམ་པ་ནི། ཆོས་ཉིད་སྟོང་པ་ལས་མངོན་པར་བྱང་ཆུབ་པ་དང་། གདན་ཉི་ཟླ་ལས་མངོན་པར་བྱང་ཆུབ་པ་དང་། གསུང་ཡིག་འབྲུ་ལས་མངོན་པར་བྱང་ཆུབ་པ་དང་། ཐུགས་ཕྱག་མཚན་ལས་མངོན་པར་བྱང་ཆུབ་པ་དང་། སྐུ་ཡོངས་སུ་རྫོགས་པ་ལས་མངོན་པར་བྱང་ཆུབ་པ་སྟེ། དྲོད་གཤེར་གྱི་ཚུལ་དུ་བསྐྱེད་པ་ནི། སངས་རྒྱས་ཐམས་ཅད་སེམས་དཔའ་ཆེ། །ཞེས་གསུངས་པའི་དོན་ཡང་དེ་ཡིན། བདག་ཏུ་སྦྱོར་བས་འགྲུབ་པར་འགྱུར། །ཞེས་གསུངས་པའི་དོན་ནི། ཕྱི་སྣོད་ནང་བཅུད་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་དུ་བསྒྱུར་ཞིང་། བདག་ཉིད་རྣམ་པར་

(༢༩༧)སྣང་མཛད་ཀུན་ཏུ་ཞལ་དུ་བསྒོམ་ཞིང་དཀྱིལ་འཁོར་གྱི་གཙོ་བོར་བརྟན་པར་གྱུར་ན། དེས་ཆོ་ག་གཞན་པ་ཅི་ཡང་མི་དགོས་གསུང་། ཡོ་གའི་འཇུག་སྒོ་དང་སྒོམ་པའོ། །དམ་ཚིག་ཁྱིམ་པ་དག་ལ་སླབ། །བྱ་བའི་དོན་ནི། ཡོ་ག་སྒྲུབ་པའི་གང་ཟག་དེ་ཉན་ཐོས་ཀྱི་ཐེག་པ་དང་སྡོམ་པ་གང་རུང་གཅིག་བླང་ཞིང་བསྲུང་བ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་བཟོད་ཡོ་ག་ལ་འཇུག་པར་གསུངས་པའི་ཕྱིར་ན། གཞི་ལྔ་གཟུང་ཞིང་བྱང་སེམས་བསྐྱེད། །ཅེས་གསུངས་པའི་དོན་ཡང་དེ་ཡིན། རིགས་ལྔ་སྤྱིའི་དམ་ཚིག་བསྲུང་བར་བྱ་བའི་དོན་ནི། སྔགས་ཀྱི་དམ་ཚིག་རྣམས་བསྲུང་བར་བྱའོ། །མཚན་མ་མེད་པའི་ཏིང་ངེ་འཛིན་ནི། །རྡོ་རྗེ་རྩེ་མོའི་རྒྱུད་ལས་ཀྱང་། །ཤེས་རབ་དབྱིངས་ཀྱི་རྗེས་འགྲོ་བ། །ཏིང་ངེ་འཛིན་ཞེས་རབ་ཏུ་གྲགས། །དོན་དམ་ཀུན་རྫོབ་དབྱེར་མེད་པའི། །རྫོགས་རིམ་རྒྱུན་དུ་བསྒོམ་པ་ལ་ཟེར་བ་ཡིན། མཚན་བཅས་ཏིང་ངེ་འཛིན་བསྒོམ་པ་ནི། སམ་ཀྲ་ཧ་རིའི་ཕྱི་རྒྱུད་ལས། ཡི་གེ་ཨ་ལས་རབ་འཇུག་པས། །ཡི་གེ་ཐམས་ཅད་བསྒོམ་པར་བྱ། །བདག་གི་ཁ་ནས་གཞན་གྱི་ཁར། །བསྒོམས་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུང་བའི་དོན་ནི། རང་གི་ཐུགས་ཀ་ནས་ཏིང་ངེ་འཛིན་སེམས་དཔའ་བསྒོམ་ཞིང་སྔགས་ཀྱི་བཟླས་པ་དང་འོད་ཟེར་གྱི་འཕྲོ་འདུ་བྱེད་པ་ལ་ཟེར་བ་ཡིན་ཡོ་ག་དག་གི་དམིགས་པ་ནི། མཉམ་པར་དམིགས་པར་དོན་རྟོགས་ཏེ། །རྡོ་རྗེ་རྩེ་མོའི་རྒྱུད་ལས་ཀྱང་། ཤིན་ཏུ་ཕྲ་མོའི་ཡིད་ཀྱིས་ནི། །སེམས་ནི་ཆོས་ཉིད་ནང་དུ་གཞུག །དེ་ལྟར་བཟླས་པ་བྱས་

(༢༩༨)ནས་ནི། །ཡིད་ཀྱི་རྡོ་རྗེའི་བཟླས་པའོ། །ཞེས་བྱ་བའི་དོན་རྡོ་རྗེའི་བཟླས་པ་ཕྲའུའི་ཏིང་ངེ་འཛིན་རྒྱུན་དུ་གནས་ཤིང་གོམས་པར་བྱེད་པ་ནི་བསམ་གཏན་གྱི་རིམ་པའོ། །སམ་ཀྲ་ཧ་རའི་རྒྱུད་ལས་ཀྱང་གཞན་ཡང་སྒྲུབ་པ་ཆེན་པོ་ནི། ཛཧཱུྃ་བཾ་ཧོཞེས་བརྗོད་དེ། ཡིད་ཀྱིས་ལེགས་པར་སྦྱར་བྱས་ནས། །ལུས་ལ་སངས་རྒྱས་ཀུན་བཞུག་གོ། །ཞེས་གསུངས་པའི་དོན་ཡང་། དམ་ཚིག་སེམས་དཔའ་དང་ཏིང་ངེ་འཛིན་གསལ་ཞིང་བརྟན་ན་ཡེ་ཤེས་སེམས་དཔའ་གཞུག་པའོ། །ཡོ་གའི་ཕྲིན་ལས་སྒྲུབ་པ་ནི། །ངན་སོང་སྦྱོང་བའི་རྒྱུད་ལས་ཀྱང་། །ལྷའི་བུའི་རྣམ་བཞི་ནི། །ཕྲིན་ལས་བཞི་ཡི་འབྲས་བུ་ཡང་། །ལས་ཀྱི་ཁ་སྐང་སྦྱིན་སྲེག་དང་། །དག་པ་རྒྱུན་གྱི་སྦྱིན་སྲེག་གོ། །ཕྲིན་ལས་རྣམ་པ་བཞིའི་སྦྱིན་སྲེག་བྱེད་ཅིང་བྱ་བ་སྣ་ཚོགས་སྒྲུབ་པར་བཤད། ཕྲིན་ལས་བཞིའི་དཀྱིལ་འཁོར་བྱ་བ་ནི། དཀྱིལ་འཁོར་རབ་དང་འབྲིང་དང་ཐ་མ་ལ་སོགས་པ་ཅི་འཛོམ་བྱའོ། །ཆེ་ཆུང་ཅི་ལྟར་འབྱོར་བ་ས་ཆ་དང་བསྟུན་ལ་བྱའོ། །ལས་བཞིའི་དཀྱིལ་འཁོར་སོ་སོར་རྫོགས་པར་བྲི། །དཀྱིལ་འཁོར་སྣ་ཚོགས་རྒྱུ་ལས་ཤེས་པར་བྱ། །ཡོ་ག་དག་གི་སྤྱོད་པ་ནི་མཉམ་པར་བཞག་པའི་སྤྱོད་པ་ཡིན་ཏེ། སྣང་སེམས་དབྱེར་མེད་ཀྱི་ཏིང་ངེ་འཛིན་དང་རྒྱུན་དུ་མ་བྲལ་བར་བྱའོ། །མཉམ་པར་བཞག་པའི་སྤྱོད་པ་ནི་རྡོ་རྗེ་རྩེ་མོའི་རྒྱུད་ལས་ཀྱང་། སེམས་ཅན་ཐམས་ཅད་ཡོངས་ཀྱིས་མཉམ། རྟག་ཏུ་སངས་རྒྱས་ཡིད་ལ་བྱེད། །རྟག་ཏུ་སངས་རྒྱས་མཆོད་པའི་གནས། །ཞེས་གསུངས་པའི་ཕྱིར། བཏང་སྙོམས་སུ་སྐད་ཅིག་ཀྱང་མི་གནས་པར་སངས་རྒྱས་རྣམས་མཆོད་པ་དང་། སེམས་ཅན་གྱི་དོན་བྱེད་པ་དང་། སེམས་ཅན་ལ་སྦྱིན་པ་རྒྱུན་དུ་བརྩོན་པར་བྱའོ། །ཡོ་ག་དག་གི་

(༢༩༩)དབང་བསྐུར་བ་ནི། ངན་སོང་སྦྱོང་བའི་རྒྱུད་ལས་ཀྱང་། །མོས་རྟེན་ལྡན་པར་དམ་བཅས་ནས། །ཐམས་ཅད་ཡིད་ཀྱིས་བསྐུར་བྱ་སྟེ། །བུམ་དབང་ལ་སོགས་མ་ཐོབ་པར། །བཅུ་པའི་དབང་རྣམས་མི་རྫོགས་ཕྱིར། །བཅུ་པོ་བདེ་བ་ཆེན་པོ་དང་། །རིག་པ་བུམ་པ་དྲན་པར་འཕྲེང་། །མཚོན་པར་བྱ་བའི་ཕྱག་རྒྱ་དང་། །ལས་དང་རིག་འཛིན་གཟུངས་སྔགས་དང་། །འཁོར་ལོ་རྒྱུར་བ་བདག་པོའི་དབང་། །སྣང་བ་བཀག་དང་སྦས་པ་གསང་། །བདེ་ཆེན་ཐུགས་དང་ཤེས་རབ་དབང་། །རིག་འཛིན་རིག་པ་འཛིན་པ་ནི། །རབ་འབྲིང་ཐ་མ་གསུམ་ཡང་རུང་། །དབང་བསྐུར་བ་ཡི་སློབ་དཔོན་དེ། །ཞེས་གསུངས་པའི་དོན་ནི། ཡོ་གའི་དབང་སུམ་བཅུ་རྩ་བདུན་ཏེ། འཁོར་ལོ་བསྒྱུར་བའི་རྒྱལ་པོ་ལྟ་བུའི་དབང་ཡིན་པའི་ཕྱིར་ན། གདུལ་བྱ་རྒྱལ་པོ་ལྟ་བུ། གདུལ་བྱ་རྒྱལ་རིགས་དང་ཆ་མཐུན་པ་ཡིན། དེའི་ཕྱིར་ན་དངོས་སུ་མིའམ་གསོན་པོ་ལ་དབང་བསྐུར་བ་ཡིན་ན་ཆོ་ག་ཐམས་ཅད་རྒྱས་པར་བྱའོ། །ཡོ་གའི་འབྲས་བུ་མཐར་ཕྱིན་པ་ནི་སམ་ཀྲ་ཧ་རའི་རྒྱུད་ནས་ཀྱང་། ཡེ་ཤེས་ཆེ་བསྟོད་ན་ཚོད་དང་། ཀུན་ཏུ་འགྲོ་བ་ཉིད་རྣམས་ཐོབ། །ས་ནི་སྟུག་པོ་བཀོད་པའོ། །ཞེས་གསུངས་པའི་དོན་ཡང་། ཡོ་གའི་སྔགས་པས་བར་མ་ཆད་པར་སྒྲུབས་ན། མིའི་སྐྱེ་བ་གསུམ་མམ་བཞིས་སྟུག་པོ་བཀོད་པའི་ས་ནོན་པའི་ཕྱིར་ན། ཡོ་གའི་ལྟ་བ་ནི་དོན་དམ་དང་ནི་ཀུན་རྫོབ་སྟེ། སམ་ཀྲ་ཧ་རའི་རྒྱུད་ནས་ཀྱང་། །ཆོས་རྣམས་རང་བཞིན་འོད་གསལ་བས། །ངོ་བོ་ཉིད་ཀྱིས་གདོད་ནས་དག །ཀུན་རྫོགས་དག་གི་ལྟ་བ་ནི། །རྡོ་རྗེ་འབྱུང་བའི་རྒྱུད་ནས་ཀྱང་། །ཁམས་གསུམ་མ་ལུས་འདི་དག་ཀུན། །དཀྱིལ་འཁོར་

(༣༠༠)ཆེན་པོ་ངོ་བོ་མིན། །དེ་ལ་ལྔ་སྟེ་རྟེན་སྣོད་ཀྱི། །བརྟེན་པ་དགུ་ཡི་དཀྱིལ་འཁོར་ཏེ། །སྒྲུབ་པ་ཐབས་ཀྱི་དཀྱིལ་འཁོར་ཡིན། །བསྒྲོད་པ་ལམ་གྱི་དཀྱིལ་འཁོར་ཡིན། །མཐར་ཕྱིན་འབྲས་བུའི་དཀྱིལ་འཁོར་རྫོགས། །ཞེས་གསུངས་པའི་དོན་ཡང་། དེའི་ཕྱིར་ན་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་དངོས་པོ་བཤིས་ཀྱི་གནས་ལུགས་རང་བཞིན་འོད་གསལ་བའི་དཀྱིལ་འཁོར་ཆེན་པོ་ཡིན་པ་ལ། མ་རིག་པའི་དབང་གིས་ཕྱི་སྣོད་ནང་བཅུད་ཀྱིས་བསྡུས་པའི་ཁམས་གསུམ་དུ་གྱུར་པ། དེ་འགྲོ་བ་རྒྱུའི་དཀྱིལ་འཁོར་བྱ་བ་ཡིན། དེ་ལ་ཡོ་གའི་རྒྱུད་ཀྱི་ཐབས་ཟབ་མོ་ཡིས་ཐབས་དང་ཤེས་རབ་ཀྱི་དཀྱིལ་འཁོར་དུ་བསྒྲོད་པ་ནི་ཐབས་ལམ་གྱི་དཀྱིལ་འཁོར་ཏེ། འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་རྣམ་པར་སྣང་མཛད་རྒྱན་སྟུག་པོ་བཀོད་པའི་དཀྱིལ་འཁོར་རྫོགས་པ་ནི་བདག་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ཏེ། དེ་དང་མི་གཞན་པ་དང་ལོངས་སྤྱོད་རྫོགས་པ་རིགས་བཞི་སེམས་དཔའ་དང་སེམས་མའི་ཚོགས་རྣམས་ཏེ། འདུ་འབྲལ་མེད་པར་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ཏེ། དེ་ཡང་ཡོ་ག་སྒྱུར་བའི་ལམ་པ་ཡིན་པའི་ཕྱིར་ན། ལུས་ལྷར་གྱུར། ངག་སྔགས་སུ་གྱུར། སེམས་ཏིང་ངེ་འཛིན་དུ་གྱུར་བ་སྟེ། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་གཞལ་ཡས་ཀྱི་ཁང་དུ་བསྒྱུར་ཞིང་། ནང་བཅུད་ཀྱི་འགྲོ་བ་ཐམས་ཅད་ནི་ཨེ་མ་སུམ་བཅུ་རྩ་བདུན་གྱི་དཀྱིལ་འཁོར་དུ་བསྒྱུར་ཏེ། སངས་རྒྱས་ཐམས་ཅད་སེམས་དཔའ་ཆེ། །ཞེས་གསུངས་པའི་ཕྱིར་ན། སངས་རྒྱས་ཐམས་ཅད་ཡེ་ཤེས་སེམས་དཔའི་ཚུལ་དུ་བདག་ལ་གཞུག །སེམས་དཔའ་གསུམ་ལྡན་གྱི་དཀྱིལ་འཁོར་རྫོགས་པ་ནི། ཡོ་གའི་དཀྱིལ་འཁོར་རྒྱས་པར་བསྒྱུར་བའོ། །ལག་པའི་སྒུལ་སྐྱོད་ཐམས་ཅད་ཕྱག་རྒྱར་བསྒྱུར་ཞིང་། ངག་གི་བརྗོད་བྱ་ཐམས་ཅད་མཆོད་པ་དང་བསྟོད་པར་བསྒྱུར་བ་དང་། རྐང་པའི་གཡོ་འགུལ་ཐམས་ཅད་རྡོ་རྗེའི་འགྲོས་སུ་

(༣༠༡)བསྒྱུར་ཞིང་། གོས་དང་རྒྱན་དང་ཆ་ལུགས་ཐམས་ཅད་ལོངས་སྤྱོད་རྫོགས་པའི་རྒྱན་ཕུན་སུམ་ཚོགས་པར་བསྒྱུར་བ་སྟེ། ས་གཞི་ཐམས་ཅད་དཀྱིལ་འཁོར་དུ་བསྒྱུར་བའི་ཕྱིར་ན་དཀྱིལ་འཁོར་ཐམས་ཅད་ཀྱི་ཕུབ་ཡོ་ག་ཡིན། སྔགས་ཀྱི་ཐེག་པ་གཞན་ཐམས་ཅད་ཀྱང་དཀྱིལ་འཁོར་གྱི་ཚངས་ཐིག་རྣམས་ཡོ་ག་ལ་ཚད་བླངས་པ་སྟེ། ཡོ་ག་སྔགས་ཀྱི་རྒྱ་མཚོ་ཡིན། ཕྱིའི་རྒྱུད་བྱ་བའི་དོན་ནི་སྤྱོད་པ་ཡངས་པ་སྟེ། རྒྱལ་པོ་དང་ཁྱིམ་བདག་རྣམས་ལ་སོགས་ཏེ། སྐྱེ་བ་ཐུན་མོང་བ་རྣམས་ལ་དབང་དུ་བསྡུས་པར་བསྐུར་བ་ནི། སུམ་བཅུ་རྩ་བདུན་འབྲིང་པོ་བསྡུས་པར་བསྐུར་བ་ལ་ལྔ་བཅུ་རྩ་བདུན་དང་། རྒྱས་པར་བསྐུར་བ་དབང་བརྒྱ་རྩ་བརྒྱད། གསོན་པོ་མ་ཤི་བ་རྣམས་ལ་ཡང་སྐུར་བ་ཡིན་ཏེ། གཤིན་པོ་རྣམས་ལ་ཡང་བསྐུར་བར་གསུངས་པ་ཡིན། དེའི་ཕྱིར་མ་འོངས་པའི་གདུལ་བྱ་རྣམས་ཀྱིས་ཀྱང་ཡོ་གའི་ཐིག་པའི་རྒྱུ་ཤེས་པར་བྱའོ། །ལམ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱ་སྟེ། སྒྲ་དོན་ཀུན་ལ་བསླབ་ཅིང་། ཡོ་གའི་དཀྱིལ་འཁོར་ཐམས་ཅད་རྒྱས་པར་བསྒོམ་ཞིང་གཏན་ལ་དབབ་པ་ཤེས་པར་བྱའོ། །ཐེག་པ་གོང་ནས་གོང་དུ་ནར་སོན་པར་བྱ་བའི་ཕྱིར་དེར་ཡང་གནས་པར་མི་བྱ་བར་ཐེག་པ་དགོང་མ་རྣམས་སུ་དབུགས་དབྱུང་བར་བྱའོ། །ལུང་ལས་ཀྱང་། ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །གསང་སྔགས་ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་ཅན་བདག་ཉིད་ཅན། །ཞེས་གསུངས་པའི་ཕྱིར་ན། ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །ཞེས་བྱ་བའི་དོན་ནི། རྒྱན་སྟུག་པོ་བཀོད་པ་ན་བཞུགས་པའི་རྣམ་པར་སྣང་མཛད་དེ་ཐུགས་ཆེན་པོ་བྱ་བ་དེ་ལ་ཟེར་བ་ཡིན།

(༣༠༢)མ་ཆགས་པདྨ་ཅན་གྱི་ས་ནས་བལྟས་ན་སྤྲུལ་པའི་སྐུ་འདྲ། བཅུ་གཅིག་ཀུན་ཏུ་འོད་ནས་གཞལ་ན་ལོངས་སྤྱོད་རྫོགས་པའི་སྐུ་འདྲ། དེའི་ཕྱིར་ན་ལོངས་སྐུ་ཆུང་ངུ་ཞེས་ཀྱང་བྱ། ཐུབ་པ་ཆེན་པོ་རྒྱལ་ཆས་ཅན་ཞེས་ཀྱང་བྱ། ལུང་ལས་ཀྱང་། སངས་རྒྱས་ཐམས་ཅད་སེམས་དཔའ་ཆེ། ཞེས་ཟེར་བའི་ཕྱིར་ན། ཨེ་མ་ངོ་མཚར་རྨད་དུ་བྱུང་བའི་སེམས་དཔའ་ཆེན་པོ་ཞེས་པ་ཡིན། དེ་རྣམས་མིང་ལ་ཐ་དད་ཡོད་ཀྱང་དོན་ལ་ངོ་བོ་གཅིག་པའི་ཕྱིར་ན་ཐུབ་པ་ཆེན་པོ་དེའི་རྣམ་པར་འཕྲུལ་པ་བྱེ་བ་ཕྲག་བརྒྱ་གླིང་བཞི་བྱེ་བ་ཕྲག་བརྒྱར་སྤྲུལ་བར་བཞེད་པ་སྟེ། དེ་ལ་འགའ་ཞིག་གིས་འདི་སྐད་ཟེར་བ་ཡང་ཡོད། དེ་ལྟར་དུ་ཡིན་ན་ཐུབ་པའི་སྐུ་བྱེ་བ་ཕྲག་བརྒྱ་དེས་དུས་གཅིག་ལ་འབྱོན། དུས་གཅིག་ལ་མྱ་ངན་ལས་འདས་ཤིང་བསྟན་པ་དང་ཕྲིན་ལས་མཉམ་པར་རིགས་ཟེར་བ་ཡང་ཡོད་ཟེར་བ་ལས། ལུང་ལས་ཀྱང་། གཟུགས་སྐུ་གདུལ་བྱའི་སྣང་བ་ཡིན། །སྒྲ་དང་སྒྲ་བརྙན་འབྱུང་བའི་གནས་དང་མཚུངས། །ཞེས་པའི་ཕྱིར་ན། གདུལ་བྱ་རྣམས་ཀྱི་ཚེ་རིང་ཐུང་དང་བསོད་ནམས་ཆེ་ཆུང་དང་མཐུན་པར་སྤྲུལ་པའི་སྐུ་རྣམས་ཀྱང་དེ་ལྟར་དུ་འབྱོན་ཞིང་སྣང་བ་ཡིན། དཔེར་ན་སྒྲ་བརྙན་གྱི་གནས་དང་རྐྱེན་བཟང་ངན་ཆེ་ཆུང་ལ་རག་པ་ལས་བཞིན་དུ། སྒྲ་ཆེ་བ་དང་། ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ་དང་། ལུང་མ་བསྟན་གྱི་སྒྲ་ལ་སོགས་པ་རྒྱུ་ལ་རག་ལས་པ་རྐྱེན་ལ་རག་ལས་པའོ། །དེ་བཞིན་དུ་སྤྲུལ་པའི་སྐུ་རྣམས་ཀྱང་གདུལ་བྱ་རྣམ་པ་སྣ་ཚོགས་པའི་དབང་གིས་ན་སྤྲུལ་པའི་སྐུ་རྣམས་ཀྱང་། དེ་བཞིན་དུ་བྱོན་པ་ལ་ངེས་པ་མེད་པའི་ཕྱིར་ན། གང་དང་གང་གིས་ཀྱང་ཁ་

(༣༠༣)ཚོན་དུ་བཅད་པ་ཤིན་ཏུ་དཀའ་བ་ཡིན། གསང་སྔགས་ཚུལ་ཆེན་ལས་བྱུང་བ། །ཞེས་བྱ་བའི་དོན་ནི། རྣམ་པར་སྣང་མཛད་གསང་སྔགས་ཀྱི་བདག་པོ་ཡིན་པའི་ཕྱིར་ན། ཐུབ་པ་བྱེ་བ་ཕྲག་བརྒྱ་ཡང་གསང་སྔགས་ལས་བྱུང་ཞིང་གསང་སྔགས་ལས་སྐྱེས་པའི་ཕྱིར་ན། ཕའི་མཛད་སྤྱོད་བུ་རྣམས་ཀྱིས་སྐྱོང་བའི་དཔེ་དང་འདྲ་བའོ། །གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །ཞེས་བྱ་བའི་དོན་ནི་གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་ཀུན་གཟིགས་རྒྱལ་པོ་ཡིན་པའི་ཕྱིར་ན་ཡོ་གའི་ཕུན་སུམ་ཚོགས་པ་ལྔ་ནས་ཅི་ལྟར་གསུངས་པར་བཞིན་དུ་ཤེས་པར་བྱའོ། །མཁས་ལ་གྲུབ་པ་ཐོབ་པའི་དགེ་བའི་བཤེས་གཉེན་འགའ་ཞིག་གི་བཞེད་ཀྱིས། མ་ཧཱ་ཡོ་ག་མན་ཆོད་ཤཱཀྱ་ཐུབ་པས་མི་ཡུལ་དུ་གསུངས་པའི་བཞེད་previous hit དགོངས་ཀྱང་ཡོད་དེ། དེའི་ཕྱིར་ན་ཡོ་ག་ཞེས་བྱ་བ་ནི་རིག་སྔགས་ཀྱི་ཆར་གཏོགས་ next hit་ཡིན། ཀྲི་ཡ་སྡེ་གསུམ་པོ་འདི་སྡེ་སྣོད་དང་ཆ་མཐུན་པ་ཏེ། ཀྲི་ཡ་ཉན་ཐོས་ཀྱི་ཐེག་པ་དང་ཆ་མཐུན་པ་ཡིན། ཨུ་པ་ཡ་རང་སངས་རྒྱས་ཀྱི་ཐེག་པ་དང་ཆ་མཐུན་པ་ཡིན། ཡོ་ག་བྱང་ཆུབ་སེམས་དཔའི་ཐེག་པ་དང་ཆ་མཐུན་པ་སྟེ། འཁོར་ལོ་སྒྱུར་བའི་རྒྱལ་པོ་ལྟ་བུའི་ཐེག་པ་ཡིན། རྒྱ་ཆེ་བ་གཏིང་ཟབ་པ་ཡོ་གའི་གཞལ་ཡས་ཀྱི་ཁང་དུ་དབང་བསྐུར་བའི་རིམ་པ་ཐམས་ཅད་ཀྱང་འཁོར་ལོ་སྒྱུར་བའི་རྒྱལ་པོ་དང་ཆ་མཐུན་པའོ། །ཐེག་པ་གོང་མ་དང་འོག་མ་རྣམས་ཀྱི་དཀྱིལ་འཁོར་རྣམས་ཀྱང་ཡོ་ག་ལས་རྣམ་པར་འཕྲོས་པ་སྟེ། དཔེ་བླང་བ་ལྟ་བུ་ཡིན། རྒྱལ་རིགས་ལ་སོགས་པ་བསོད་ནམས་

(༣༠༤)དང་ལྡན་པ་རྣམས་ཀྱིས་སྐྱེ་བ་འདི་དང་ཕྱི་མའི་ཤི་བ་དང་གསོན་པོ་གཉིས་ཀ་ལ་དབང་བསྐུར་ཞིང་སྒྲིབ་པ་སྦྱོང་བའི་རིམ་པ་མང་དུ་སྟོན་པའི་ཕྱིར་ན་ཚོགས་གཉིས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ཆེན་པོ་སྟེ། དེའི་ཕྱིར་ན་མ་འོངས་པའི་གདུལ་བྱ་རྣམས་ཀྱིས་ཀྱང་ཡོ་ག་ལ་གཏོགས་པའི་རྒྱུད་སྡེ་རྣམས་ཀྱི་འབྲེལ་ཚུལ་ཤེས་པ་དང་ཕུན་སུམ་ཚོགས་པ་རྣམ་པ་ལྔ་རྒྱུད་རེ་རེ་ལ་ཡང་རེ་རེ་ཡོད་པའི་ཕྱིར་ན་སོ་སོར་འབྱེད་ཤེས་པར་བྱའོ། །དཔལ་མཆོག་དང་པོའི་རྒྱུད་ནས་ཀྱང་། །རྡོ་རྗེ་དབྱིངས་ཏེ་འགྱུར་བ་མེད། །ཀུན་རིག་རྒྱལ་པོ་ཀུན་ཏུ་ཞལ། །ཕྱོགས་བཅུར་སྒྲིབ་པ་མེད་པར་གཟིགས། །སེམས་དཔའ་ཆེན་པོ་སྟུག་པོ་བཀོད། །ཅེས་གསུངས་པའི་ཕྱིར་ན། རྣམ་པར་སྣང་མཛད་འདི་ཕྱག་ན་རྡོ་རྗེ་ཡིན་པར་བཞེད་པའི་ལུང་ཡང་ཡོད། དེ་ཅིའི་ཕྱིར་ན། ཕྱག་ན་རྡོ་རྗེ་ལ་གསུམ་དུ་དབྱེ་སྟེ། རྒྱུའི་ཕྱག་ན་རྡོ་རྗེ་དང་། ལམ་གྱི་ཕྱག་ན་རྡོ་རྗེ་དང་། །འབྲས་བུའི་ཕྱག་ན་རྡོ་རྗེ་སྟེ། །དེ་ལ་གཞིའི་ཕྱག་ན་རྡོ་རྗེ་ནི། །འགྲོ་དྲུག་སེམས་ཅན་མ་ཡིན་ལ། །ལམ་གྱི་ཕྱག་ན་རྡོ་རྗེ་ནི་ས་བཅུ་པའི་བྱང་ཆུབ་སེམས་དཔའ་སྟེ། ཕྱག་ན་རྡོ་རྗེ་ཆེན་པོ་ནི་ཐེག་པ་དགུའི་ཞུ་བ་པོ་དང་། སྡུད་པ་པོ་དང་གསུང་བ་པོ་གསུམ་དབྱེར་མེད་པའི་ཕྱིར་ན་ཀུན་གཟིགས་ལ་པོ་བྱ་བ་སྟེ། མཚན་བརྗོད་ཀྱི་ལུང་ལས་ཀྱང་། ཀུན་མཁྱེན་ཀུན་རིག་དམ་པ་པོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཅེས་གསུངས་པའི་ཕྱིར་ན། ཀུན་རིག་རྒྱལ་པོ་ཕྱག་ན་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྒྱུད་གསང་བ་གསུམ་གྱི་མཛོད་འཛིན་པའི་ཕྱིར་ན་ཕྱག་ན་རྡོ་རྗེ་ཆེན་པོ་ཞེས་ཀྱང་བྱ།

(༣༠༥)རྡོ་རྗེ་སེམས་དཔའ་ཞེས་ཀྱང་བྱ། ལུང་ཐ་དད་པ་ནས་རིགས་མི་གཅིག་པ་གྲངས་མེད་པ་གསུངས་ཀྱང་ཀུན་རིག་རྒྱལ་པོ་དང་། ཤཱཀྱ་ཐུབ་པ་དང་། ཕྱག་ན་རྡོ་རྗེ་དང་གསུམ་ལ་ཐ་དད་མེད་པར་བཞེད་པ་ཡིན། དེའི་ཕྱིར་ན་སྟན་པ་བསྟོན་པ་གནས་དུས་དང་། །འཁོར་གྱི་བྱེ་བྲག་ཐམས་ཅད་ཀྱང་། །གདུལ་བྱ་དབང་པོ་ཐ་དད་ཕྱིར། །སྣ་ཚོགས་སྣང་ཡང་ངོ་བོ་གཅིག །ཅེས་རྫོགས་པ་ཆེན་པོ་རིན་ཆེན་སྤུངས་པའི་རྒྱུད་ལས་གསུངས་པའི་ཕྱིར་ན། ཡོ་ག་མཁན་རྣམས་ཀྱིས་དེ་ལྟར་དུ་མཁྱེན་པར་མཛོད། དམ་ཚིག་རྡོ་རྗེ་ཀླག་པ་ལས་ཀྱང་། ཐེག་པ་སོ་སོར་བདེན་པས་ཆོས་ལ་ཁ་འཛིན་མེད། གང་ལ་ཡང་སྒྲོ་སྐུར་མི་འདེབས་འཚལ། །ཞེས་གསུངས་པའི་ཕྱིར་ན། དེ་ཅིའི་ཕྱིར་ཞེ་ན། བཀའ་དང་བསྟན་བཅོས་ཐམས་ཅད་ལ་བཞེད་previous hit དགོངས་ཅི་ལྟར་དུ་སྣང་ན་ཡང་གང་དང་གང་ལ་སྒྲོ་དང་སྐུར་ next hit་བཏབ་མི་རུང་། སྐུར་པ་བཏབ་ན་མཚམས་མེད་པའི་ལས་ཡིན་པས། དེའི་ཕྱིར་ན་རིགས་ལྡན་སློབ་མ་རྣམས་ཀྱིས་མཁྱེན་པར་མཛོད། ཐེག་པ་དགུའི་སྒྲ་དོན་ཤེས་ཤིང་གྲུབ་ཐ་རྣམས་ཀྱི་བྱེ་བྲག་རྣམས་ལ་ཕྱོགས་མེད་དུ་མཁས་པའི་པཎྜི་ཏ་ཆེན་པོ་ན་རོ་པ། རྗེ་ཆེན་པོ་ཏཻ་ལོ་པའི་བྱིན་རླབས་ཀྱིས་ངར་འཛིན་གྱི་ལྟ་བ་ཉི་ཤུ་རྩ་གཅིག་མ་འདྲེས་ལ་ཡོངས་སུ་རྫོགས་པར་ཕྱོགས་མེད་དུ་རྟོགས་པའི་རྗེ་ན་རོ་པའི་རྒྱུད་པའི་བཞེད་previous hit ་དང་དགོངས next hit་པའི་དབང་དུ་བྱས་ན། ཐེག་པ་བདུན་མན་ཆོད་ཀྱི་བཀའ་དང་རྒྱུད་ལུང་དང་བསྟན་བཅོས་མན་ངག་གི་བྱེ་བྲག་ཐམས་ཅད་ཀྱང་འོ་མའི་རྒྱ་མཚོ་དང་འདྲ་བ་ལས། འོ་མ་ལས་མར་འབྱུང་བར་ཤེས་ཀྱང་། མ་བསྲུབས་ཀྱི་བར་དུ་མར་དང་འོ་མ་སོ་སོར་མི་འབྱེད་

(༣༠༦)པའི་ཕྱིར་ན། དེ་ལ་ཡང་རྒྱུ་རྐྱེན་གཉིས་འཛོམ་ན་མར་འབྱུང་བ་ལྟར། བདེ་བར་གཤེགས་པའི་བཀའ་འོ་མ་ལྟ་བུ་ལས་བླ་མ་དམ་པའི་གདམ་ངག་གི་ཚད་མ་ནི་མཁྱེན་པ་གཉིས་དང་ལྡན་པའི་དགེ་བའི་བཤེས་གཉེན་མཁས་ལ་གྲུབ་པ་ཐོབ་པ་དང་། འོ་མ་བསྲུབས་པའི་མཁན་པོ་ལྟ་བུའོ། །དེའི་ཐེག་པ་དྲུག་གི་བཀའ་དང་བསྟན་བཅོས་རྣམས་ཀྱི་སྒྲ་དང་དོན་ཀུན་རྫོབ་དང་དོན་དམ་ཐབས་དང་ཤེས་རབ་ཟུང་འཇུག་གི་ཚུལ་དུ་བསྒྲུབས་ན། རྣལ་འབྱོར་པ་ཉམས་ཀྱིས་བསྒོམས་ནས་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་དབྱེར་མེད་ཅིང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མར་ལྟ་བུ་དེ་དངོས་པོ་གཤིས་ཀྱི་གནས་ལུགས་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་ངོ་བོ་ཉིད་རང་གིས་རང་རིག་ཅིང་རང་ས་ཟིན་པ། ཆོས་སྐུ་དྲི་མ་མེད་པ་ཉག་གཅིག་ཏུ་རྟོགས་པ་ནི་དངོས་པོ་བཤིས་ཀྱི་གནས་ལུགས་ཀྱི་གཞི་རྟོགས་བྱ་བ་ཡིན། དངོས་པོ་གཤིས་ཀྱི་གནས་ལུགས་ཀྱིས་མ་ཁྱབ་པ་མེད་པའི་ཕྱིར་ན། ས་ར་ཧའི་ཞལ་ནས་ཀྱང་། ཁྱབ་དང་རྡོ་རྗེ་སྐུ་ཉིད་དང་། མི་འགྱུར་དུས་ནི་ཐམས་ཅད་པའོ། །ཞེས་གསུངས་པའི་ཕྱིར་ན། དངོས་པོ་གཤིས་ཀྱི་གནས་ལུགས་ཞེས་བྱ་བ་ནི་ཐམས་ཅད་ཀུན་གྱི་འབྱུང་བཞི་ཡིན་པའི་ཕྱིར་ན། ཤེས་བྱ་གཤིས་ཀྱི་གནས་ལུགས་ནི། འཁོར་བ་དང་མྱ་ངན་ལས་འདས་པ་དང་། ཕྱི་རོལ་མུ་སྟེགས་པ་དང་། ལམ་གྱིས་བསྡུས་པའི་ཤེས་བྱ་སྣ་ཚོགས་གཤིས་ཀྱི་གནས་ལུགས་བྱ་བ་ཡིན། དེ་ལ་ཤེས་བྱ་གཤིས་ཀྱི་གནས་ལུགས་རྣམས་ཕྱོགས་མེད་དུ་ཤེས་པར་བྱེད་པ་ལ། ཤེས་བྱ་ཀུན་ལ་མ་རྨོངས་ཤིང་མཁས་པ་བྱ་བ་ཡིན། དེ་ལྟར་དུ་ཐམས་ཅད་ཤེས་ཤིང་། དེའི་དོན་མ་རྟོགས་ན་ཤེས་བྱ་བག་ཆགས་གཤིས་ཀྱི་གནས་ལུགས་བྱ་བ་ཡིན་ཏེ། ཡང་

(༣༠༧)དག་པའི་དོན་གྱི་སྒྲིབ་པར་བཤད་པ་ཡིན། དེ་ལ་བརྟེན་ནས་རིམ་གྱིས་རྟོགས་པར་འགྱུར་བའི་ཕྱིར་ན་བག་ཆགས་བཟང་པོ་ཡིན། ནཱ་རོ་བརྒྱུད་པའི་དབང་དུ་བྱས་ན། དངོས་པོ་གཤིས་ཀྱི་གནས་ལུགས་དང་། ཤེས་བྱ་གཤིས་ཀྱི་གནས་ལུགས་གཉིས་དཔག་བསམ་གྱི་ཤིང་ལྗོན་པའི་རྩ་བ་དང་སྡོང་པོ་དང་ཡལ་ག་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་ལ་སོགས་པ་རྣམས་ཤེས་བྱ་གཤིས་ཀྱི་གནས་ལུགས་ལྟ་བུ་སྟེ། དངོས་པོ་གཤིས་ཀྱི་གནས་ལུགས་རྩ་བ་དང་སྡོང་པོ་ལྟ་བུ་སྟེ། ཆོས་ཀྱི་སྐུ་དྲི་མ་མེད་པ་ཉག་གཅིག་ཏུ་རྟོགས་ཤིང་། ཤེས་བྱ་གཤིས་ཀྱི་གནས་ལུགས་སྣ་ཚོགས་སུ་སྣང་བ་དེ་དཔག་བསམ་གྱི་ཤིང་ལྗོན་པའི་ལོ་འདབ་འབྲས་བུ་ལྟར་ཁམས་གསུམ་པའི་སེམས་ཅན་རྣམས་ཀྱི་འཁྲུལ་བ་སྣ་ཚོགས་ཀྱི་རྒྱུ་དང་འབྲས་བུ་རྟོགས་པ་དང་། མུ་སྟེགས་པའི་ལྟ་ལོག་སུམ་བརྒྱ་དྲུག་བཅུའི་ཤེས་བྱ་སྣ་ཚོགས་རྟོགས་པ་དང་། ནང་པ་སངས་རྒྱས་པའི་རྒྱུ་མཚན་ཉིད་ཀྱི་ཐེག་པ་གསུམ་གྱི་ཤེས་བྱའི་བྱེ་བྲག་སྣ་ཚོགས་སོ་སོར་མ་ཡིན་ཐ་མི་དད་པར་རྟོགས་པ་དང་། ལོངས་སྐུའི་བསྟན་པ་གཉིས་ཀྲི་ཡོག་གསུམ་གྱི་ཕུན་སུམ་ཚོགས་པ་ལྔ་དང་། རྒྱུད་འགྲེལ་བསྟན་ཆོས་ལ་སོགས་པ་རྣམ་པར་དག་པར་བྱ་བ་དང་། སྤྱོད་པར་བྱེད་པ་དང་བསྒྱུར་བའི་ལམ་གྱི་དཀྱིལ་འཁོར་ཆེན་པོའི་ཤེས་བྱ་གཤིས་ཀྱི་གནས་ལུགས་རྣམས་ཀུན་གཟིགས་རང་རིག་ལ་སོ་སོར་སྣང་བའི་ཡེ་ཤེས་ལྔར་རྟོགས་པའི་ཐེག་པ་བདུན་གྱི་དངོས་པོ་གཤིས་ཀྱི་གནས་ལུགས་ཤེས་བྱ་གཤིས་ཀྱི་གནས་ལུགས་ངོ་བོ་དང་མཚན་ཉིད་རྣམས་ཕྱོགས་མེད་དུ་རྟོགས་པ་དེ་རྟོགས་པ་ནམ་མཁའ་དང་མཉམ་པ་སྟེ། མ་འདྲེས་དེ་ལྟ་བུར་རྟོགས་པའི་རྣལ་འབྱོར་པ་ལ་ཐེག་པ་ཆེ་

(༣༠༨)ཆུང་གི་བྱེ་བྲག་གམ་འཁོར་བ་དང་མྱ་ངན་ལས་འདས་པའི་ས་མཚམས་དང་། ཕྱི་པ་མུ་སྟེགས་པ་དང་། ནང་པ་སངས་རྒྱས་པའི་གྲུབ་མཐའི་བྱེ་བྲག་ལ་སོགས་པ་ཤེས་བྱ་གཤིས་ཀྱི་གནས་ལུགས་ཐམས་ཅད་ཆུ་རྣམས་རྒྱ་མཚོར་ཐིམ་པ་བཞིན་དུ་དངོས་པོ་གཤིས་ཀྱི་གནས་ལུགས་ལ་གཤིས་འགྱུར་བ་མེད་པ། ངོ་བོ་སྟོང་པ། རང་བཞིན་གསལ་བ། གར་ཡང་མ་ཁྱབ་པ་མེད་པ། མཚན་ཉིད་ཐོགས་པ་མེད་ཅིང་འགག་པ་མེད་པ། གནས་ལུགས་འཁོར་འདས་ཀུན་གྱི་འབྱུང་གཞི། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་ཤིང་གོམས་པ་དང་། དབང་ཐོབ་ན་ཡོ་ག་མན་ཆད་ཐེག་པ་དྲུག་ག་གྲུབ་མཐའ་དང་འགྲོ་བ་སེམས་ཅན་རྣམས་དང་མུ་སྟེགས་ལ་སོགས་པའི་རྒྱུ་འབྲས་དང་གྲུབ་མཐའ་རྣམས་ཀྱི་ངར་འཛིན་གྱི་ལྟ་བ་རྣམས་ལས་གྲོལ་བའི་དུས་ཚོད་དེ། རྟོགས་ཞེས་བྱ་བ་ནི་ཤེས་དང་ཤེས་བྱའི་ཚོགས་ཐམས་ཅད་ལ་མ་རྟོགས་པའམ་མ་རིག་པ་སྤུ་ཙམ་ཡང་མེད་པའི་ཕྱིར་ན་རྟོགས་ལྡན་ཞེས་བྱ་བ་ཡིན། སྒོམ་ཆེན་པ་རྣམས་རྒྱུད་ཚོད་འདི་ཙམ་དུ་ཕྱིན་ན་ཐེག་པ་དྲུག་གི་སྒྲ་དོན་རྟོགས་བྱའི་དུས་ཚོད་ཡིན། བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་ཕུན་སུམ་ཚོགས་པ་གསལ་བྱེད་སྒྲོན་མ་ཞེས་བྱ་བའི་འགྲེལ་པ་ལས། ཡོ་ག་ཐེག་པའི་རྒྱུ་རྟོགས་ལམ་རྟོགས་འབྲས་བུ་རྟོགས་སྒྲ་དོན་རྟོགས། ཐེག་པ་དྲུག་གི་གྲུབ་མཐའ་རྣམས་རང་བྱུང་གི་ཡེ་ཤེས་ཆོས་ཐམས་ཅད་མཉམ་པ་ཉིད་མཐའ་དང་དབུས་མེད་པར་རྟོགས་པའི་བར་སྐབས་ཏེ་བརྒྱད་པའོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཡིས་གསང་སྔགས་རྣལ་འབྱོར་ཆེན་པོ་གསུངས་པའི་ལུང་ཡང་ཡོད་པར་བཞེད་previous hit ་ལས། མདོ་དགོངས next hit་པའི་ལུང་ལས། ཆོས་སྐུ་ལོངས་སྐུ་རྣམ་སྣང་ཞིང་། །སྨྲ་བའི་སེང་གེ་རྡོ་རྗེ་སེམས་དཔའ་ལ་

(༣༠༩)བསྒོ་བ་སྒྱུ་འཕྲུལ་དང་ནི་གཉི་གའི་ལུང་ནས། རིགས་ཀྱི་རིགས་ཏེ་རིགས་ཀྱི་གཙོ། །ཐུགས་ཀྱི་རིགས་ཏེ་རིགས་ཀྱི་མཆོག །རྡོ་རྗེ་རིགས་མཆོག་དཀྱིལ་འཁོར་ཆེ། །ཞེས་གསུངས་པའི་ཕྱིར་ན། ཤཱཀྱ་ཐུབ་པས་གསང་སྔགས་རིག་སྔགས་ཐམས་ཅད་གསུངས་པར་བཞེད་དེ། སྐབས་འདིར་མི་སྤྲོ། སྡེ་སྣོད་གསུམ་དང་ཀྲི་ཡོག་གསུངས། །ཤཱཀྱ་ཐུབ་པས་མི་ཡུལ་དུ་ཚེ་ལོ་བརྒྱ་པའི་དུས་སུ་བྱོན་ནས། སྡེ་སྣོད་གསུམ་དང་ཀྲི་ཡོག་གསུངས། དེ་ནས་སྐུ་མྱ་ངན་ལས་འདའ་བར་previous hit དགོངས་ཏེ། ཡངས་ next hit་ཅན་དུ་འཁོར་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དབྱར་ཟླ་ངོ་གསུམ་ལ་ཚུལ་དུ་བཞུགས་ནས་སྟོན་ཟླ་གཉིས་པའི་ཡར་ངོ་ལས་འཁོར་རྣམས་ལ་གདམ་ངག་གསུམ་བཞག་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་སྒྲ་ཆེན་པོ་ཕྱོགས་བཅུར་བསྒྲགས་ནས་འཇིག་རྟེན་གསུམ་ན་ངའི་འཁོར་དུ་ཕྱོགས་པ་ཀུན་འདུས་ཤིག །ང་ཡོངས་སུ་མྱ་ངན་ལས་འདའ་བས་ངེས་པ་གཞག་པ་དག་ཡོད་དོ། །ཞེས་ཁམས་གསུམ་ལ་གཏོགས་པའི་དུས་དང་མུ་སྟེགས་ལ་སོགས་པའི་གནས་རྣམས་སུ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་འདའོ་སྒྲ་དུས་གཅིག་ལ་བསྒྲགས་ཀྱང་གདུལ་བྱའི་སྣང་ངོ་ལ་གསུངས་པ། འཁོར་གྱི་ནང་དུ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་རྣམས་སྤྱོད་ལ་སྐད་ཅིག་ཙམ་གྱིས་ཐམས་ཅད་འདིར་འདུས་ཤིག་ཅེས་གསུངས་སོ། །འདི་སྐད་དུ། རྒྱལ་བའི་ཞིང་གྱུར་རིགས་དྲུག་གང་དུ་ངེས་ཤིང་ཕྱོགས་པ་ཀུན་ཉོན་ཅིག །དེང་རྒྱལ་བས་བདུད་རྩི་གསུམ་འཇོག་གིས་དུག་གསུམ་འཇོམས་པར་འདོད་པ་ཀུན་འདུས་ཤིག །ཅེས་གསུང་ཆེན་པོ་བསྒྲགས་པས་རྫུ་འཕྲུལ་གྱི་སྟོབས་ཆེན་པོ་དང་ལྡན་པའི་ཉན་ཐོས་ཆེན་པོ་རྣམས་

(༣༡༠)དང་། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་སོགས་པ་རྣམས་རིག་འཛིན་གྱི་རྒྱལ་པོ་ཀུ་མ་ར་ཙ་ལ་སོགས་པ་རྣམས་ཀྱིས་སྐད་ཅིག་ལག་པ་རྐྱང་བསྐུམ་ཙམ་ལ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་ཐམས་ཅད་བསྡུས་པའོ།། །།དགའ་ཞིང་དད་པ་རྣམས་མི་སྡུག་བསྔལ་ཞིང་ཡིད་མི་བདེ་ཞིང་མྱ་ངན་དང་སྨྲེ་སྔགས་འདོན་པ་ཉ་སྐམ་ལ་སྐྱུར་བ་ལྟ་བུ་འབྱུང་། བདུད་པ་མུ་སྟེགས་དང་སངས་རྒྱས་ཀྱི་བསྟན་པ་ལ་དེའི་ཚེ་དེའི་དུས་ན་སངས་རྒྱས་ཀྱི་བསྟན་པ་ལ་མི་དད་ཅིང་མི་དགེ་བའི་ལོག་པར་ལྟ་བ་ཅན་རྣམས་ནི་ཤིན་ཏུ་དགའ་བ་དང་བདེ་བ་མེད་དུ་འོང་བའི་ཚོགས་སྣ་ཚོགས་བརྗོད་པ་དང་། དགའ་ཞིང་བདེ་བ་དགེ་སློང་བསམ་གཏན་གསུམ་པ་ལ་སྙོམས་པར་ཞུགས་པ་ལྟ་བུའི་བདེ་བ་རྒྱ་ཆེན་པོ་དང་ལྡན་པར་འགྱུར་རོ། །དེའི་ཚེ་དེའི་དུས་ན་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ཉན་ཐོས་ཀྱི་ཚོགས་ཀྱིས་བསྐོར་ཞིང་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་བཞུགས་སོ། །གཞན་ཡང་ཚངས་པ་དང་བརྒྱ་བྱིན་རིག་འཛིན་ཕོ་མོ་ལ་སོགས་པ་ཐམས་ཅད་དང་ལྡན་པའི་འཁོར་རྣམས་བཅོམ་ལྡན་འདས་ག་ལ་བ་དེར་འདུས་སོ། །དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་ཡང་སེང་གེའི་ཁྲི་ལ་སྐུ་དྲང་པོར་བསྲངས་ཏེ། རྡོ་རྗེ་སྐྱིལ་དཀྲུང་གིས་བཞུགས་ནས། previous hit དགོངས next hit་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ། འདི་སྐད་ཅེས་བཀའ་བསྩལ་ཏེ། ཀྱཻ་གྲོགས་པོ་དག་ཤེས་པར་གྱིས་ཤིག །ཆོས་ཐམས་ཅད་ནི་མི་རྟག་པའོ། །འབྱོར་པ་ཐམས་ཅད་ནི་ཟད་ཅིང་འབྲལ་བའི་ཆོས་ཅན་ནོ། །དངོས་པོ་ཐམས་ཅད་ནི་ངེས་པར་འཇིག་པའོ། །གང་ཟག་སྲོག་གི་དབང་པོ་ལ་སྐྱེ་ཤི་ཡོད་པའི་ཕྱིར་ན་ང་ཡོངས་སུ་མྱ་ངན་ལས་འདའ་བས། སུ་དག་ཐེ་ཙོམ་མ་ཆོད་པ་རྣམས་དྲི་བ་དྲིས་ཤིག །ཅེས་བཀའ་བསྩལ་པས། བཅོམ་ལྡན་འདས་ཀྱི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོས་འཁོར་རྣམས་ཀྱིས་རང་རང་གི་སྐད་དུ་ཞུ་བ་ཞུས་ལན་གྱི་ཚུལ་དུ་ཐམས་ཅད་ཀྱི་ཐེ་ཙོམ་བསལ་ལོ། །དེའི་ཚེ་དེའི་དུས་ན་འཁོར་དེ་རྣམས་ཀྱི་ནང་ནས་རིག་འཛིན་གྱི་རྒྱལ་པོ་ཀུ་མ་ར་ཙ་ཞེས་བྱ་བ་སྟན་ལས་

(༣༡༡)ལངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ལོ། །དཔུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་ཀྱིས་ཞུ་པ་མེད་པའི་སྤོབས་པ་དང་ལྡན་པར་གྱུར་རོ། བཅོམ་ལྡན་འདས་ཀྱི་ཞལ་ལ་སེང་གེའི་ལྟ་སྟངས་ཀྱིས་བལྟས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཁྱེད་ནི་ནམ་མཁའི་རང་བཞིན་ལས། །འདའ་དང་མི་འདའ་ཡོངས་མི་མངའ་། འཇིག་རྟེན་རྣམས་དང་མཐུན་འཇུག་ཏུ། །མྱ་ངན་འདའ་བས་འདུལ་བར་སྟོན། ཁྱེད་ནི་འཇིག་རྟེན་ཕ་མར་སྟོན། །ལྷ་མིའི་འཇིག་རྟེན་ཐམས་ཅད་ཀྱི། །མུན་པའི་དཀྱིལ་འཁོར་ཀུན་བསལ་ནས། །སེམས་ཀྱི་དཀྱིལ་འཁོར་གསལ་མཛད་པ། །ས་དང་རྣམ་ཐར་ལམ་བཅས་པས། །བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། འདྲེན་པའི་ཐེག་པ་རྣམ་གསུམ་ལས། །གང་དག་རིམ་པར་བཀོད་ལགས་ན། །མཉམ་པས་བླང་དོར་མི་སྤྱོད་པའི། །ངེས་ཤེས་གསལ་བ་མ་གསུངས་ན། །ཞེས་གསུང་པ་ལས། དེའི་ཚེ་དེའི་དུས་ན། སྟོན་པ་ཐུན་མོང་དུ་གྱུར་བ་སྤྲུལ་པའི་སྐུས། ཆོས་བསྟན་པ་ཐུན་མོང་དུ་གྱུར་པ་སྡེ་སྣོད་གསུམ་དང་ཀྲྀ་ཡོག་གསུམ་གསུངས་པའི་དུས་ཚོད་ཡིན་ཏེ། བསྟན་པ་ཁྱད་པར་འཕགས་པ་མཧཱ་ཡོ་ག་དང་། ཨ་ནུ་ཡོ་ག་དང་། ཨ་ཏི་ཡོ་ག་གསུམ་གསུང་བའི་དུས་ལས་བབ་པར་previous hit དགོངས་ནས་རྗེས་སུ་གནང་བའི་བཀའི་ཚུལ་དུ། མ་འོངས་པའི་དུས་སུ་ལུང་བསྟན་ next hit་ནི་རྗེས་སུ་སྣང་བའི་བཀའ་རྣམས་ཏེ། ལུང་བསྟན་པ་ནི། དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པས་འཕྲུལ་གྱི་སྤྱན་གྱིས་ཕྱོགས་བཅུར་རྣམ་པར་གཟིགས་ནས། དུས་གསུམ་བྱིན་གྱིས་བརློབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། ལྗགས་ཀྱི་དབང་པོ་བཀྲམ་སྟེ། ཞལ་གྱི་སྒོ་ནས་

(༣༡༢)འོད་ཟེར་བཀྱེ་ནས་བཀའ་བསྩལ་པ། ང་ནི་འདི་ནས་མི་སྣང་ནས། ལོ་ནི་བརྒྱ་དང་བཅུ་གཉིས་ན། །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །མི་ལ་སྐལ་ལྡན་རིགས་ཅན་གྱི། །སྔོན་དུ་བསྟན་པ་དར་བའི་གནས་གྱུར་པ། དྲག་ཤུལ་ཅན་ཞེས་བྱ་བའི་རྩིར། དྲེགས་ཕྱིར་ལེགས་པ་དམ་པའི་དུས། །ལང་གའི་བདག་པོ་ལ་སོགས་པ། །ལག་ན་རྡོ་རྗེ་སྣང་བར་འགྱུར། །ཞེས་གསུང་པའི་དོན་ཡང་། ཤཱཀྱ་ཐུབ་པ་ཉིད་མ་འོངས་པའི་དུས་སུ་ཕྱག་ན་རྡོ་རྗེར་སྤྲུལ་ནས། ཆོས་སྐུ་བསྟན་པ་མཧཱ་ཡོ་ག་དང་། ངོ་བོ་ཉིད་སྐུའི་བསྟན་པ་ཨ་ནུ་ཡོ་ག་སྟེ། རང་བཞིན་གྱི་སྐུའི་བསྟན་པ་ཨ་ཏི་ཡོ་ག་མི་ཡུལ་དུ་བྱུང་བར་ལུང་བསྟན་ཏོ། །གཏན་ལ་ཕབ་པའི་མདོ་སྡེ་ལས། སངས་རྒྱས་ཀྱི་ཞལ་ཆེམས་འབུམ་ཡོད་པ་སྟེ། མ་འོངས་པའི་དུས་སུ་ལུང་བསྟན་པ་ཡང་མང་དུ་ཡོད་པ་ཡིན། དེའི་ཕྱིར་ན་མྱ་ངན་ལས་འདས་པའི་མདོ་ལས་ཐམས་ཅད་ཤེས་པར་བྱའོ། །བྱིན་གྱིས་བརླབས་པའི་མདོ་དང་། བྱིན་གྱིས་བརླབས་པའི་བཀའ་དང་། ཞལ་ནས་གསུངས་པའི་བཀའ་སྡེ་དྲུག་སོ་སོར་འབྱེད་པའི་བར་སྐབས་ལགས་སོ། །བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པའི་བཀའ་དང་འཁོར་དུ་གྱུར་པའི་ཡེ་ཤེས་པ་དང་འཇིག་རྟེན་པ་ལ་སོགས་པ་རྣམས་ཀྱིས། ཆོས་འདི་རྣམས་བྲི་བ་དང་ཉན་པ་དང་། ཀློག་པ་དང་། སྒོམ་པ་དང་། འཆང་བ་ལ་སོགས་པ་རྣམས་ཀྱི་སྟོངས་གྲོགས་མཛོད་ཅིག། བར་ཆོད་སེལ་ཞིང་བསྟན་པ་ཡུན་དུ་གནས་པར་གྱུར་ཅིག །ཆོས་ནི་སྐལ་བ་དང་ལྡན་པ་མང་པོ་དང་འཕྲད་ཅིང་། སྨིན་པ་དང་གྲོལ་བའི་ཕྲིན་ལས་ཀྱིས་འགྲོ་བ་ཐམས་ཅད་མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་གྱུར་ཅིག །བཀྲ་ཤིས་དཔལ་འབར་འཛམ་

(༣༡༣)གླིང་རྒྱན་དུ་ཤོག །གསང་སྔགས་རྙིང་མའི་ལུགས་ཀྱི་མཧཱ་ཡོ་གའི་ཐེག་པ་སྒྲུབ་པ་བཀའ་བརྒྱད་ཏན་ཏྲ་བཅོ་བརྒྱད་ཀྱི་འབྲེལ་ཚུལ་འདི་གང་ནས་བྱུང་སྙམ་ན། དེ་ཡང་སྟོན་པ་ཕུན་སུམ་ཚོགས་པ་ཀུན་ཏུ་བཟང་པོ་ཡབ་ཡུམ་ཡིན། དེ་ཡང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དྲ་བར་འབྲེལ་ཞིང་རྒྱུན་མི་འཆད་པའི་བྱིན་རླབས་སྟེན་པ་ཕུན་སུམ་ཚོགས་པའོ། །གནས་ཕུན་སུམ་ཚོགས་པ་ནི། མ་ཆགས་པདྨ་ཅན་གྱི་འོག་མིན་གྱི་གནས། ལོངས་སྤྱོད་རྫོགས་སྐུ་ཆེན་པོའི་ཕོ་བྲང་དུ་ལུང་ཨ་ནུ་ཡོ་གའི་མདོ་བཅུ་ནས་འོག་མིན་གནས་འོག་མིན། རང་ན་མི་འདའ་བིང་ཀ་ལ། །ཞེས་གསུངས། གནས་ཕུན་སུམ་ཚོགས་པའོ། །སྟོན་པ་ཀུན་ཏུ་བཟང་པོས་ཡུམ་ཀུན་ཏུ་བཟང་མོ་ལ་གཉིས་སུ་མེད་པའི་སྦྱོར་བས་ཆོས་ཀྱི་སྐུར་ཐིམ་སྟེ། རྒྱུ་འཕྲུལ་བྱེ་བྲག་བཤད་པའི་རྒྱུད་ལས་ཀྱང་ཐབས་དང་ཤེས་རབ་གཉིས་མེད་པ། དེ་ནི་རྡོ་རྗེ་ཆགས་ཆེན་སྤྱོད། །རིག་མར་བཅས་ཏེ་ཞུ་བར་འགྱུར། །ཆོས་སྐུ་བྱང་ཆུབ་སེམས་སུ་གནས། །ཞེས་པ་དང་། དེ་ཡང་ལྷ་མོ་བཅུ་དྲུག་གི་གླུས། མཆོད་བསྟོད་བསྐུལ་བ་མཛད་པ་ཡིས། །སྟོང་པ་ཉིད་ཀྱི་ཏིང་འཛིན་སྤྲོས། །སྙིང་རྗེ་རྒྱུན་ཆད་མ་མཛད་པར། །འགྲོ་བའི་དོན་ལ་སྐུར་གཞེངས་ཤིག་ཅེས་བསྐུལ་བས། དཔལ་ཀུན་ཏུ་བཟང་པོས་ཡང་བསན་ཏེ། ཨ་ཤ་ཀ་གསུང་གི་ཕྱག་རྒྱ་ལས། ཕྱག་རྒྱ་ཆེན་པོ་སྐུར་གཞེངས་ནས། ལྷ་དང་ལྷ་མོ་རྣམས་ལ་འདོད་པའི་དོན་ངས་བཤད་ཀྱིས། ཉེན་ཅིག་ཅེས་སྣང་ནས་རྒྱུད་བྱིན་གྱིས་རླབས་ཀྱི་མཚོན་ནོ། །ལུང་ལས་ཀྱང་། ཆོས་སྐུའི་

(༣༡༤)བསྟན་པ་བྱིན་གྱིས་བརླབས་ཀྱིས་བསྟན། ཞེས་གསུངས་པའི་ཕྱིར་ན། ཚིག་གི་བཤད་པར་མི་བཞེད་དོ། །དེ་ལ་འཁོར་ཕུན་སུམ་ཚོགས་པ་ནི། དཔལ་ཀུན་ཏུ་བཟང་པོ་ཉིད་ལས་མི་གཞན་པའི་འཁོར་རྒྱལ་བ་རིགས་རྣམ་པ་ལྔ། ཡབ་ཡུམ་བཅུ་དང་། རིག་པ་ཁྱད་པར་ཅན་གྱི་འཁོར། སེམས་དཔའ་དང་སེམས་མ་དང་ཁྲོ་བོ་དང་ཁྲོ་མོ་དང་། སྤྲུལ་པ་དང་ཡང་སྤྲུལ་ལ་སོགས་པ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་སྟེ་འཁོར་ཕུན་སུམ་ཚོགས་པ་ལྷ་ཡབ་གཙོ་བོར་བྱས་པ་ཐབས་ཀྱི་རྒྱུད་དེ། ཡུམ་གཙོ་བོར་བྱས་པ་ཤེས་རབ་མའི་རྒྱུད་དང་། ཐབས་དང་ཤེས་རབ་འཛོམ་པ་ལས་ཐབས་ཤེས་རབ་གཉིས་སུ་མེད་པའི་སྤྱི་རྒྱུད་དོ། །བསྡུ་ན་དེ་གསུམ་དུ་འདུས་སོ། །ཕྱེ་ན་རིགས་ལྔ་པོ་དང་། སྤྱིར་གསུངས་པ་སྒྱུ་འཕྲུལ་སྡེ་བརྒྱད་དོ། །ལས་ཁ་ཚར་དང་སྦྱར་ན་རྒྱུད་ཀྱི་རྒྱལ་པོ་དྲུག་གོ། །་ཁ་ཚར་བའི་རྒྱབ་རྟེན་ཟླ་གསང་ཐིག་ལེ། སྐུ་སངས་རྒྱས་མཉམ་སྦྱོར། ཕྲིན་ལས་ཀརྨ་མ་མ་ལེ་གཟི་ལྡན་འབར་བ་མཚམས་ཀྱི་རྒྱུད་དོ། །ལས་བཞི་ནི་ཞི་བ་སྐལ་པ་མེ་ལྟར་འབར་བའི་རྒྱུད་དང་། རྒྱས་པ་ཡང་དག་ཚེ་དང་བདུད་རྩི་གསུམ་གྱི་རྒྱུད་དང་། པདྨ་དབང་གི་རྒྱུད་དང་། དྲག་པོ་ལས་མ་གཤིན་ཕུར་པ་དང་གསུམ་གྱི་རྒྱུད་དོ། །འཇིག་རྟེན་སྨོད་པའི་རྒྱུད་ལ་སོགས་ཏེ། སྒྲུབ་པ་བཀའ་བརྒྱད་ནི་མ་ཧཱ་ཡོ་གའི་བསྟན་པ་ཕུན་སུམ་ཚོགས་པའོ། །སྡུད་པ་པོ་ཕུན་སུམ་ཚོགས་པ་ནི་དཔའ་བརྡུལ་ཕྱག་ན་རྡོ་རྗེའོ། །སྡུད་པ་པོ་ཕུན་སུམ་ཚོགས་པའོ། །དུས་ཕུན་སུམ་ཚོགས་པ་ནི་ལྔ་བརྒྱ་ཕྲག་བདུན་པའོ། །ཕུན་སུམ་ཚོགས་པ་རྣམ་པ་ལྔར་བཤད་པ་འདི་ཡང་འཛམ་བུ་གླིང་པའི་མི་རྣམས་དང་ཆ་བསྟུན་པའི་ཕྱིར་ན་བཤད་པ་ཡིན་ཏེ་།

(༣༡༥)མ་ཆགས་པདྨ་ཅན་གྱི་འོག་མིན་ན་འདི་རྣམས་གང་ཡང་སོ་སོར་འབྱེད་པ་མེད་པར་བཞེད་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། སྒྱུ་འཕྲུལ་གྱི་ལུང་ལས། རྒྱལ་བ་ལོངས་སྤྱོད་པའི་དཀྱིལ་འཁོར་རྣམས་གང་ཡང་སྒྲུབ་པ་མེད་པར། ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་མུ་མེད་པར་ཞལ་ཐ་ལེར་བཞུགས་པ་རྣམས་སངས་རྒྱས་ཉིད་ཀྱིས་སངས་རྒྱས་ཉིད་ལ་གསུང་གླེང་ང་། །ལོངས་སྐུ་ཉིད་ལ་ལོངས་སྐུ་ཉིད་ཀྱིས་གསུངས་ཏེ་མ་ཆགས་པདྨ་ཅན་གྱི་འོག་མིན་ན་སྤྲུལ་སྐུའི་ཚོགས་རྣམས་ཀྱང་མེད་ན་འགྲོ་བ་སེམས་ཅན་རྣམས་སྨོས་ཀྱང་ཅི་དགོས། དེའི་ཕྱིར་ཕུན་སུམ་ཚོགས་པ་ལྔ་ཞེས་བྱ་བ་སྟེ། མི་ཡུལ་དུ་བྱོན་པའི་བཤད་ལུགས་ཡིན། ཨ་ནུ་ཡོ་ག་ཞེས་བགྱི་བ་མཧཱ་ཡོ་ག་དང་ཨ་ཏི་ཡོ་ག་གཉིས་ཀྱི་བར་མ་རྒྱུད་ཡིན་ཏེ། ཐེག་པ་ཀུན་གྱི་སྤྱི་ལུང་ཡང་ཡིན། previous hit དགོངས next hit་འདུས་པ་ལ་སོགས་པ་ཨ་ནུ་ཡོ་གའི་མདོ་བཅུ་ཡང་ཞོར་ལ་གསུངས་པའོ། །མ་ཆགས་པདྨ་ཅན་དུ་ཕུན་སུམ་ཚོགས་པ་ལྔ་འབྱུང་བའི་ལུགས་སོ། །དེ་ནས་ཐུབ་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་ནས་དེ་ནས་ལོ་ནི་ཉི་ཤུའི་དུས་སུ་མིའི་ཡུལ་དུ་གསང་སྔགས་འབྱུང་བའི་ལུགས་ནི་རྒྱལ་པོ་ཛ་ཞེས་བྱ་བ་ལ་ཕྱག་ན་རྡོ་རྗེས་ལུང་བསྟན་ཏེ། ཟ་ཧོར་ཡུལ་གྱི་ཉེ་འཁོར་ན། །མཐུ་སྟོབས་ཞབས་བཅགས་མ་ལ་ཡ། །གནམ་ལྕགས་ཡོད་པའི་རྩེ་མོ་རུ། །རྩེ་ལ་རྩལ་གྱི་རྒྱལ་པོ་གནས། །ངོས་ལ་བྲག་དཀར་ཚུགས་ཀྱིས་བརྒྱན། །རྩི་སྨན་རྩ་བརྒྱད་ཚད་བར་འཁྲུངས། །ཤར་ན་ཤྲཱི་ཡ་ཨ་སུ་ར། ངོ་མཚར་རོལ་མོ་ཟླ་ཁམ་སྒོ། །ནང་ན་རིན་ཆེན་ཟུར་བརྒྱད་ལ། །ཉི་ཟླ་སྐར་མའི་རི་མོ་སྣང་། །སྤྱི་

(༣༡༦)བོར་ཀ་ལན་ཀ་ཏ་གནས། །གཉིས་སུ་མི་འཕུར་གཅིག་སྤུར་འགྲོ། །དོན་ལྡན་དེ་ཡིས་ཚང་བཅས་པས། །སྐལ་ལྡན་རྣམས་ཀྱིས་བསྒྲོད་ཅིང་ཐར། །སྐལ་མེད་རྣམས་ཀྱིས་ཡོངས་མི་ཐར། །དེ་ལྟ་བུ་ཡི་རིགས་གཅིག་ཡོད། །གནས་དེར་རྒྱལ་པོ་སོང་ལ་གཟིམས་། ཞེས་པའི་ལུང་བསྟན་བྱུང་། དེ་ནས་རྒྱལ་པོ་གཉིད་པའི་རྨི་ལམ་ན། རི་བོ་དེའི་རྩེ་མོ་ན་ཕྱག་ན་རྡོ་རྗེའི་ཕོ་བྲང་བཞུགས། སྐུའི་འོད་ཀྱིས་ཐམས་ཅད་བསྲེགས། གསུང་སྒྲ་འབྲུག་སྟོང་སྟོང་གསུམ་བསྒྲགས། །ཐུགས་ལ་རྡོ་རྗེ་ཉི་ཟླ་ཤར། །ཉི་འོད་རྒྱལ་པོའི་སྤྱི་བོར་ཐིམ། །ཟླ་འོད་རྒྱལ་པོ་རྐང་ལ་ཐིམ། །སྣང་སྲིད་ལྟོ་རུ་ཟོས་པ་རྨིས། །རྒྱལ་པོ་ནམ་ཕྱེད་གཉིད་པའི་རྨི་ལམ་ན། །སངས་རྒྱས་རྣམས་དང་ཆོས་ཀྱི་དོན། །ཉི་ཟླ་ཞོན་ནས་འགྲོ་བར་མཛད། །འཁོར་ལོས་སྣ་དྲངས་འགྲོ་བ་ཁ་ལོ་སྒྱུར། །དེ་ལྟ་བུ་ཡི་རྨི་ལམ་འབྱུང་། །རྒྱལ་པོ་ཐོ་རངས་གཉིད་པའི་རྨི་ལམ་ན། །ནམ་མཁའ་འོད་ཀྱིས་ཁེངས་པ་དང་། ཆོ་འཕྲུལ་སྒྲ་བརྙན་སྣ་ཚོགས་སྒྲོག །རིན་ཆེན་སྣ་ཚོགས་སྤྲིན་ལྟར་གཏིབས། །རིན་པོ་ཆེ་ཡི་ཆར་པ་འབབ། །སྣང་སྲིད་གསལ་བའི་གློག་སྟོང་འཁྲུག །རིན་ཆེན་སྣ་ཚོགས་བཏུས་པ་རྨིས། །དེའི་ནང་པར་དགའ་ཞིང་སྤྲོ་བ་སྐྱེས། །ཡང་སྲོད་ཅིག་གཉིད་པའི་རྨི་ལམ་ན། །སྣོད་བཅུད་འཇིག་རྟེན་ལྟོ་རུ་གྱུར། །རིན་ཆེན་སྒྲོན་མས་མུན་བསལ་ནས། །བདུད་རྩི་སྨན་གྱི་བཅུད་སྙིང་སྩལ། །འགྲོ་ཀུན་རྡོ་རྗེ་རྣལ་འབྱོར་དུ། །འཇིག་རྟེན་ཁྱབ་པར་སྒྲོག་པ་རྨིས། །རྒྱལ་པོ་ནམ་ཕྱེད་གཉིད་པའི་རྨི་ལམ་ན། །སྤྲིན་ནང་ཉི་མའི་འོད་བྱུང་ནས། དེ་ལས་རིན་ཆེན་སྒྲོམ་ཅིག་འབྱུང་། །རིན་ཆེན་སྨུག་པོའི་སྒྲོམ་ཆེན་ནས། །རིན་ཆེན་གསེར་གྱི་གླེགས་བམ་ལས།

(༣༡༧)བཻ་ཌཱུར་ཞུན་མའི་རྩེ་ཡིས་བྲིས། །དེ་ནི་སྐར་མདའ་བཞིན་དུ་བབ་པ་རྨིས། །རྒྱལ་པོ་ཐོ་རངས་གཉིད་པའི་རྨི་ལམ་ན། །གླེགས་བམ་མང་པོ་དེ་དག་ལ། །བྱང་ཆུབ་སེམས་དཔའི་རིག་འཛིན་ལྷ། །ཀུན་གྱིས་ཀློག་ཅིང་བསྐོར་བར་བྱེད། །དེ་ཡང་ནང་པར་གསངས་ཏེ་བསྡད། །སུ་ལ་ཡང་ནི་མ་བཟླས་སོ། །ཡང་ནུབ་གཅིག་གཉིད་པའི་རྨི་ལམ་ན། །འདི་སྐད་ཟེར་བའི་སྒྲ་དག་ནི། །ནམ་མཁའི་ཁམས་སུ་གྲགས་པ་བྱུང་། །ལས་དང་སྐལ་བ་རབ་ལྡན་པའི། །སྔོན་དུ་ལུང་བསྟན་རྒྱལ་པོ་ཛ། །བསོད་ནམས་ལྡན་པའི་སྐྱེས་བུ་ཁྱོད། །སྤྲུལ་པ་ལྟ་བུར་ལུང་བསྟན་ཅིང་། །ད་ལྟར་དུས་འདིར་མངོན་ཤེར་གྱིས། །ཐོབ་པའི་སྙིང་པོ་རྟོགས་པའི་ཕྱིར། །ངའི་ཆོ་འཕྲུལ་བྱིན་རླབས་ཀྱི། །བསྟན་པའི་སྙིང་པོ་དམ་པ་ཅེས། །སྐལ་ལྡན་ཁྱོད་ལ་བསྟན་པར་བྱ། །དེ་སྐད་སྒྲོག་པའི་རྨི་ལམ་བྱུང་། །རྒྱལ་པོ་ནམ་ཕྱེད་གཉིད་པའི་རྨི་ལམ་ན། །མ་ལ་ཡ་ཞེས་བྱ་བའི་རིགས། །དགོན་པ་ཆེན་པོའི་གནས་ཤིག་ན། ཡེ་ཤེས་སྙིང་པོ་དམ་པ་ཅན་རྣམས་ཀྱིས་གསང་བར་བྱ་བ་དམ་པ་ཅིག་ཡོད་ཀྱིས། དེ་ལ་ནན་ཏན་གྱིས་ལ་སེམས་ཀྱི་མེ་ལོང་ལྟོས། །མངོན་པར་གསལ་བར་རྟོགས་གྱུར་ན། །སངས་རྒྱས་པ་དང་སྐལ་བ་མཉམ། །དེ་ཡན་ཆོད་རྒྱལ་པོ་ཉིད་ལ་ལུང་བསྟན་པའོ། །དེ་ནས་ཕྱིས་བོད་ཀྱི་ཡུལ་དུ་དར་ཞིང་རྒྱས་པར་ལུང་བསྟན་པ་རྨིས་པ་ནི། བདེ་བ་ཅན་གྱི་ཞིང་ཁམས་སུ། བོད་ཀྱི་རྒྱལ་པོ་ཞེས་བྱ་བར། རིན་ཆེན་རིགས་ཏེ་བདེ་ཆེན་འགྲུབ། །དེ་ལྟ་བུ་ཡི་རྨི་ལམ་བྱུང་། །རྒྱལ་པོ་ཐོ་རངས་གཉིད་པའི་རྨི་ལམ་ན། །རྡོ་རྗེ་གསང་ཆེན་གསང་བ་ཡི། །དམ་པའི་མཛོད་གསུམ་གླེགས་བམ་དུ།

(༣༡༨)། རྫོགས་པར་བྲིས་པ་ཁྱོད་ལྟོས་ལ། །ལྷ་དང་ལྷ་མོའི་རིག་འཛིན་ལ། །རིམ་པར་བརྒྱུད་ལ་གྲགས་པར་གྱིས། །དེ་ལྟ་བུ་ཡི་རྨི་ལམ་བྱུང་། །ནང་པར་སད་ནས་དགྱེས་ནས་ཏེ། །འཁོར་ཐམས་ཅད་བསྡུས་ནས་རྨི་ལམ་བཤད་པ་ལས་ཁོང་ཉིད་རྟགས་དང་ལྡན་པ་ལ་ཤིན་ཏུ་དགྱེས་ཤིང་འཁོར་ཐམས་ཅད་ཀྱང་ངོ་མཚར་ཆེ་ཞིང་ཕྱག་མང་པོ་འཚལ་ལོ། །དེ་ནས་རྒྱལ་པོ་མ་ལ་ཡའི་རིར་བཞུད་དེ། རྩེ་མོར་ཕྱིན་ནས་བཟིམས་ནས་རྨི་ལམ་དང་ལྡན་པའི་ཆོ་འཕྲུལ་མཐོང་ནས་དགྱེས་ཏེ། སྐོར་བ་དང་མཆོད་པ་མང་པོ་བྱས་ནས་འདི་སྐད་ཅེས་གསུངས་སོ། །སྔོན་ཚེ་གོང་ནས་བསྒྲུབས་པའི་ས། །ལས་ཀྱིས་མཇལ་བའི་ས་ཕྱོགས་འདིར། །ནམ་ཞིག་གཏན་དུ་མི་འོང་ངོ་། ཨེ་མ་ངོ་མཚར་རྨད་ཀྱི་སྐུ། །འདྲེན་པ་མཆོག་གི་དཔལ་ཡང་གྲགས། །མོས་པའི་གཟུངས་སུ་ལྷ་མཆོག་འཛིན། །ཞེས་གསུངས་སོ། །རྒྱལ་པོས་བསམ་པ་བཏང་ནས། མ་ལ་ཡའི་རི་འདི་ནི་གྲུབ་རྟགས་འདི་དང་ལྡན་པས་ན། གསང་བདག་གི་ཕོ་བྲང་དངོས་ཡིན་བསམ་པའི་ངེས་ཤེས་སྐྱེས་ཏེ། རིག་འཛིན་གྲུབ་པའི་གནས་ཡིན་པའི་ཕྱིར་ན། གཅན་ཟན་གདུག་པ་ཅན་གྱི་ཚོགས་ཀྱིས་མི་འཚེ་ཞིང་བཀྲ་ཤིས་པ་ཡིན་པས་གནས་ཁྱད་པར་ཅན་དུ་གཏོགས། ཕྱག་ན་རྡོ་རྗེའི་གཟུངས་ལ་བརྟེན་ཏེ། ཟླ་བ་གསུམ་བསྒྲུབས་པ་ལས་པོ་ཏི་མང་པོ་མངོན་སུམ་དུ་བབ། དགྱེས་ཏེ་བལྟས་པ་ལས་སྒྲ་དང་དོན་མ་གོ་ནས་མ་དགྱེས་ནས་རྒྱལ་པོ་ངུས་པ་ལས། ཅུང་ཙམ་བསམས་ནས་དེས་མི་ཕན་previous hit དགོངས་ནས། ཨ་ཙ་ར་མཁས་ next hit་ཅིག་སྤྱན་འདྲེན་དུ་བཏང་བས། ཨོ་རྒྱན་དང་ཟ་ཧོར་ལ་སོགས་པ་ཡུལ་ཀུན་

(༣༡༩)དུ་བཏང་བ་ལས། ཨ་ཙ་ར་ཀུན་མཐུན་previous hit ་འདི་སྐད་གསུངས་སོ། །ཤེས་ན་ཏ་ཤིན་ཏུ་ལེགས་ཏེ། མ་ཤེས་ན་ཤིན་ཏུ་ངོ་ཚ་བར་དགོངས next hit་ནས། པཎྜི་ཏ་རྣམས་འོང་མ་ཉན་ནོ། རྒྱལ་པོས་ཡང་གསེར་ཡིག་བཏང་པས། འདིར་ཁྱེར་ལ་ཤོག་བསྒོ་བས། ཨ་ཙ་ར་རྣམས་གླང་པོ་ཆེ་ལ་བཀལ་ནས་ཀུན་སྤྱན་དྲངས་པ་ལས། བསྟན་བཅོས་དང་ཀྲི་ཡོག་མཁན་པོ་ཀུན་གྱིས་གཟིགས་པས་མ་མཁྱེན་ནས་རྒྱལ་པོའི་ཕྱག་ཏུ་ཕུལ་ལོ། །ཡང་རྒྱལ་པོ་ཐུགས་མུག་སྟེ་བཤུམས་སོ། །ཡང་ཅུང་ཞིག་ལོན་ནས་བསམས་པས། ང་ནི་སྒྲིབ་པ་མ་བྱང་ཞིང་ཚོགས་མ་རྫོགས་པས་ལན་སྙམ་previous hit དགོངས next hit་ཏེ། དེར་རྡོ་རྗེ་སེམས་དཔའ་ཟླ་བ་གསུམ་དུ་བསྒྲུབས་པས་དངོས་གྲུབ་ཕྲ་མོ་ཐོབ་སྟེ་གླེགས་བམ་བལྟས་པ་ལས། སྒྱུ་འཕྲུལ་བརྒྱ་བཅུ་པའི་ནང་ནས། རྡོ་རྗེ་སེམས་དཔའ་བསྒྲུབ་པའི་ལས་ཤེས་ཏེ། དེར་རྡོ་རྗེ་སེམས་དཔའ་ཟླ་བ་དགུ་བསྒྲུབས་པས། རྡོ་རྗེ་སེམས་དཔའི་ཞལ་དངོས་སུ་མཐོང་ནས། རྡོ་རྗེ་སེམས་དཔའི་ཞལ་ནས། ཁྱོད་དངོས་གྲུབ་ཅི་འདོད་གསུང་བ་ལས། རྒྱལ་པོས་བདག་ནི་གླེགས་བམ་འདི་རྣམས་ཀྱི་སྒྲ་དང་དོན་རྟོགས་པར་འཚལ་ལོ། །ཞེས་ཞུས་སོ། །དེར་རྡོ་རྗེ་སེམས་དཔས་ཆགས་ཤིང་དང་འཁོར་ལོ་ལག་ཏུ་གཏད་དེ་སྣང་བ་བྱིན་ནོ། །རྡོ་རྗེ་སེམས་དཔའ་ཉིད་ནམ་མཁར་ཐིམ་མོ། །དེ་ནས་རྒྱལ་པོས་སྤྲུལ་པའི་གླེགས་བམ་རྣམས་གཟིགས་ནས་ཡི་གེ་འབྲུ་གཅིག་ཀྱང་མ་ལུས་པར་མཁྱེན་ནོ། །དེ་ནུབ་ཤིན་ཏུ་དགྱེས་སོ། །དེ་ནས་རྒྱལ་པོས་རྡོ་རྗེ་སེམས་དཔར་བསྒོམས་ཏེ། རྡོ་རྗེ་གསོར་ཞིང་འདི་སྐད་ཅེས་བསྒྲགས་སོ། །ཧཱུྃ་ཧཱུྃ་ཧཱུྃ་རྡོ་རྗེ་འདུ་བར་འོས་པ་རྣམས། །རིགས་མང་བཞིན་པར་རིགས་མིན་འགྱུར། །སྐལ་པ་ཅན་རྣམས་རིམ་

(༣༢༠)པར་གནས། །ཐམས་ཅད་རྡོ་རྗེ་གསང་བར་རོལ། །ཨ་ཤ་ཀྲོ་ཏ་ཙ་ཏ་ཛ་ལ་རམ། །རཀ་ཤ་ཀྲོ་ཏ་ཛ་ལ་རམ། །ཞེས་བརྗོད་པས་འཇིག་རྟེན་བརྒྱ་ཁམས་ཀྱི་དྲེགས་པ་ཅན་རྣམ་འཁོར་དུ་འདུས་ཏེ། སྒྲིབ་པ་སྦྱངས་ཤིང་གསང་སྔགས་ཀྱི་སྣོད་རུ་རུང་བར་བྱས་སོ། །དེ་ནས་རང་རང་གི་ལག་ཆ་ལག་ཏུ་གཏད་ནས་གསང་མཚན་བཏགས། རྣལ་འབྱོར་སའི་གྲོགས་བྱ་བར་དམ་ལ་བཏགས་སོ། །བཀའ་ཕྲིན་ལས་འབྱུང་གསང་སྔགས་རྙིང་མའི་མཧཱ་ཡོ་ག་དང་། ཨ་ནུ་ཡོ་ག་གཉིས་མི་ཡུལ་དུ་བྱོན་པའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་ནི། སྟོན་པ་ཕུན་སུམ་ཚོགས་པ་ཕྱག་ན་རྡོ་རྗེ། གནས་ཕུན་སུམ་ཚོགས་པ་རི་མ་ལ་ཡའི་རྩེ་མོར། འཁོར་ཕུན་སུམ་ཚོགས་པ་རྒྱལ་པོ་ཛ་ལ་སོགས་པ་རྡོ་རྗེ་ཐེག་པའི་སྣོད་དང་ལྡན་པ་རྣམས་སོ། །དུས་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པའི་བསྟན་པ་དར་བའི་སྟེང་དུ། ལྔ་བརྒྱ་ཕྲག་བརྒྱད་པ་ཟེར་ཡང་ཐུབ་པ་ཆེན་པོ་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ཀྱི་དུས་སུ་བྱོན་པ་ཡིན། བསྟན་པ་ཕུན་སུམ་ཚོགས་པ་མཧཱ་ཡོ་ག་དང་ཨ་ནུ་ཡོ་ག་གཉིས་ལ་གཏོགས་ཚད་ཀྱི་རྒྱུད་སྡེ་རྣམས་བྱོན་པ་སྟེ། བསྟན་པ་ཕུན་སུམ་ཚོགས་པ་དང་། དེ་ལ་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པ་ཡིས་མཧཱ་ཡོ་གའི་རྒྱུད་སྡེ་རྣམས་ཀྱི་རྩ་བ་འཇམ་དཔལ་མཚན་བརྗོད་ཡིན། འཇམ་དཔལ་མཚན་བརྗོད་ལས་འཕྲོས་པ་སྒྱུ་འཕྲུལ་སྡེ་བརྒྱད་སྟེ། ཐུགས་རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲ་བ་དང་། སྐུ་རྣམ་པར་སྣང་མཛད་ཀྱི་སྒྱུ་འཕྲུལ་དྲ་བ་དང་། གསུང་ཟ་གསང་ཐིག་ལེའི་སྒྱུ་འཕྲུལ་དྲ་བ་དང་། ཡོན་ཏན་ཕྲིན་ལས་ཀྱི་སྒྱུ་འཕྲུལ་དྲ་བ་སྟེ། ཡུམ་ལྔའི་སྒྱུ་འཕྲུལ་དྲ་བ་དང་། དེ་རྣམས་ལས་འཕྲོས་པ་ཏནྟྲ་བཅོ་བརྒྱད་ཀྱི་འབྲེལ་ཚུལ་ཏེ། འཇམ་དཔལ་སྐུའི་

(༣༢༡)ལྷ་ཚོགས་དང་། །ཡང་དག་ཐུགས་ཀྱི་ལྷ་ཚོགས་དང་། པདྨ་གསུང་གི་རྒྱུད་སྡེ་དང་། །ཆེ་མཆོག་ཡོན་ཏན་གྱི་རྒྱུད་སྡེ་དང་། ཕུར་པ་ཕྲིན་ལས་ཀྱི་རྒྱུད་རྣམས་དང་། །བདུད་རྩི་སྨན་གྱི་རྒྱུད་རྣམས་དང་། །མ་མོ་སྦོད་གཏོང་གི་རྒྱུད་རྣམས་དང་། །སྨོད་པ་དྲག་སྔགས་ཀྱི་རྒྱུད་སྡེ་རྣམས་ཏེ། །སྒྲུབ་པ་བཀའ་བརྒྱད་དུ་ཐམས་ཅད་འདུས་པ་ཡིན། །ཨ་ནུ་ཡོ་གའི་བསྟན་པ་ཕུན་སུམ་ཚོགས་པ་འདིར་མ་སྤྲོས་སོ། །དེ་ལ་གསང་སྔགས་རྙིང་མའི་བསྟན་པ་ཕུན་སུམ་ཚོགས་པ་ནི། རྒྱུད་ཐམས་ཅད་ཀྱི་ཕྲོས་པ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་དང་། དེའི་ཕྱི་མ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པར་རྟོག་པའི་དྲ་བ་བསལ་བ་དང་། དེའི་ཕྱི་མའི་ཕྱི་མ་བམ་པོ་ཕྱེད་པ་དང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་སྒྱུ་འཕྲུལ་བརྒྱ་བཅུ་པ་དང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་རྡོ་རྗེ་སེམས་དཔའི་མཚན་ཡང་དག་པར་བརྗོད་པ་དང་། གསང་བའི་སྙིང་པོ་སུམ་བཅུ་པ་དང་། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་གསལ་བར་བྱེད་པ་ཐེག་པ་ཆེན་པོའི་རྒྱུད་དང་། འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་དང་། རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བའི་རྒྱུད་ཆེན་པོ་དང་། ཁྲོ་བོ་སྟོབས་ཀྱི་རྣལ་འབྱོར་སྒྲུབ་པའི་རྒྱུད་དང་། ཧེ་རུ་ཀ་གལ་པོ་དང་། སྙིང་ཐིག་བཀོལ་བ་འུག་པའི་གདོང་པ་ཅན་གྱི་རྒྱུད་དང་། གླང་པོ་རབ་འགོག་གི་རྒྱུད་དང་། །སྒྱུ་འཕྲུལ་གྱི་རྒྱུད་བསྟན་པའོ། །དེ་ལ་འཇམ་དཔལ་སྐུའི་ལྷ་ཚོགས་ཀྱི་བསྟན་པ་ནི་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁྲོ་མ་བདེ་བའི་མཆོག་དང་། སངས་རྒྱས་མཉམ་པར་སྦྱོར་བའི་ཕྱི་མའི་ཕྱི་ལ་རྟོགས་པ་བསྡུས་པ་དང་། ཟླ་གསང་ཐིག་ལེའི་རྒྱུད་ སྒྱུ་འཕྲུལ་ལེའུ་ལག །སྒྱུ་འཕྲུལ་དྲ་བ་བླ་མ་ཆེན་པོ་དང་། སྒྱུ་འཕྲུལ་རྒྱས་པ་དང་། ལྷ་མོ་སྒྱུ་འཕྲུལ་དྲ་བ་ཆེན་མོ་ཞེས་བྱ་བ་དང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ།

(༣༢༢)ཆེན་པོ་དང་། དཔལ་སྙིང་རྗེ་རོལ་བའི་རྒྱུད་ཆེན་པོ་དང་། རྟ་མཆོག་རོལ་བའི་རྒྱུད་ཆེན་པོ་དང་། ཕྱག་རྒྱ་གསང་ཆེན་གྱི་རྒྱུད་དོ། །དམ་ཚིག་གི་བསྟན་པ་ཕུན་པ་ཕུན་སུམ་ཚོགས་པ་ནི། དམ་ཚིག་གི་ཆེན་པོའི་རྒྱལ་པོ་དམ་ཚིག་བཀོད་པའི་རྒྱུད་དང་། དམ་ཚིག་ཤེལ་ཕྲེང་བཀོད་པའི་རྒྱུད་ཕྱི་མ་དང་། དམ་ཚིག་ལུ་གུ་རྒྱུད་བཀོད་པའི་ཕྱི་མའི་ཕྱི་མ་དང་། དམ་ཚིག་རྡོ་རྗེ་ཀླག་པ་བཀོད་པའི་ཞབས་བསྡུ་བའི་རྒྱུད་དོ། །སྤྱོད་པ་ཐམས་ཅད་ཀྱི་རྒྱལ་པོ་མཚོན་པ་དོན་ལྡན་གྱི་རྒྱུད་དང་། ཕྲིན་ལས་ཀྱི་རྒྱལ་པོ་སྐབས་སྦྱོར་བདུན་པའི་རྒྱུད་དང་། ཁྲོ་བོ་སྤུན་དྷ་ར་ཡི་ཏན་ཏྲ་རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཀྱི་རྒྱུད་དོ། །ཁྲོ་བོ་རྣམས་ཀྱི་རྒྱུད་ཀྱི་སྡེ་ཚན་ནོ། །པདྨ་གསུང་གི་ལྷ་ཚོགས་ཀྱི་བསྟན་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་previous hit དགོངས next hit་བླ་ན་མེད་པའི་གསང་བ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་འདུས་པ་ཁྲོ་བོ་ཆེན་པོ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་དང་། དབང་ཆེན་མཁའ་འགྲོ་མ་ཐམས་ཅད་འདུས་པའི་རྒྱུད་རྡོ་རྗེ་དྲ་བ་པདྨ་ཅན་དང་། རྟ་མཆོག་པདྨོ་དབྱེ་བའི་རྒྱུད་ཆེན་པོ་དང་། རྟ་མགྲིན་དཔའ་བོ་གཅིག་པ་དང་། དེའི་རྒྱུད་ཕྱི་མ་སྟོང་གསུམ་ཟ་བྱེད་དང་། ཁྲོ་བོ་ཆེན་པོ་རྟ་མགྲིན་གྱི་རྒྱུད་ཐམས་ཅད་ཀྱི་བླ་མར་གྱུར་བ་ཆེ་བ་འདུས་པ་དང་། དབང་གི་རྒྱལ་པོ་ཁྲོ་བོ་ཆེན་པོ་རྟ་མགྲིན་གྱི་རྒྱུད་རྟ་དབུ་ལྔ་པ་དང་། ཕྲིན་ལས་ཀྱི་རྒྱུད་རྟ་མཆོག་ཁྲག་འཐུང་རོལ་བ་དང་། པདྨ་དབང་གི་ཕྲིན་ལས་ཀྱི་རྒྱུད་ལ་ནཱ་ག་ཧེ་ལ་དེ་བའི་རྒྱུད་དང་། གཟའ་གདོང་ལག་སྦྲེལ་གྱི་རྒྱུད་དང་། ལྕེ་སྤྱང་ནག་མོ་གསང་བའི་རྒྱུད་དང་།

(༣༢༣)ཀླུའི་དམ་ཚིག་གི་རྒྱུད་དང་། པདྨ་དབང་དང་པདྨ་དབང་ཡོངས་སུ་རྫོགས་པའི་རྒྱུད་དང་། དབང་ཆེན་པདྨ་འཁྱིལ་བའི་རྒྱུད་དངོས་གྲུབ་ཆེན་པོ་བདུད་རྩི་ཐིགས་པའོ། ཕུར་པ་ཕྲིན་ལས་ཀྱི་བསྟན་པ་ཕུན་སུམ་ཚོགས་པ་ནི། ཕུར་པ་ཀཱི་ལ་ཡ་བཅུ་གཉིས་འབྱུང་བའི་མདོ་ཆེན་པོ་དང་། རྡོ་རྗེ་ཕུར་པ་རྩེ་མོའི་རྒྱུད་ཆེན་པོ་དང་། རྡོ་རྗེ་ཕུར་པ་ཀཱི་ལ་ཡ་བཅུ་གཉིས་ཀྱི་རྒྱུད་དང་། ཕུར་པ་ཆོས་ཐམས་ཅད་མྱ་ངན་འདས་པའི་རྒྱུད་ཆེན་པོ་དང་། རྡོ་རྗེ་ཕུར་པ་ཉི་མའི་འོད་ཟེར་གྱི་རྒྱུད་དང་། ཕུར་པ་ཁྲག་འཐུང་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ་དང་། དེའི་ཕྱི་མ་དྲག་པོ་བརྒྱུད་པའི་ཕྲེང་བ་དང་། རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་ཕུར་པ་ཞེས་བྱ་བ། དྲག་པོ་ལས་ཀྱི་རྟོག་པ་ཆེན་པོ་ཞེས་བྱ་བ་དང་། ཕུར་པ་རྡོ་རྗེ་ཕོད་པ་ཞེས་བྱ་བའི་རྒྱུད་དོ། །འཇམ་དཔལ་གཤིས་རྗེ་ནག་པོ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆགས་བྱེད་ཐམས་ཅད་འདུས་པའི་རྩ་བའི་རྒྱུད་ཆེན་པོ་དང་། དེའི་རྒྱུད་ཕྱི་མ་དང་། གཤིས་རྗེ་ནག་པོའི་འཁོར་ལོ་ལས་ཐམས་ཅད་བསྒྲུབ་པར་བྱེད་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དང་། འཇམ་དཔལ་གྱི་རྟོག་པ་ལས་དམ་རྫས་སྨན་དུ་བསྒྱུར་ཏེ་སྟོན་པ་ཆོ་གའི་རྒྱུད་དང་། གཤིན་རྗེ་གཤེད་འཁྲུལ་འཁོར་མེ་ལོང་རྒྱལ་མཚན་ཕྲིན་ལས་གྲུབ་པའི་རྒྱུད་དང་། འཇམ་དཔལ་གཤིན་རྗེ་གཤེད་འཁོར་ལོ་རྟོགས་པའི་རྒྱུད་དང་། འཇམ་དཔལ་གཤིན་རྗེ་བཤེད་ནག་པོ་བཀའི་འཁོར་ལོ་རིན་པོ་ཆེའི་དོན་བཀོད་པའི་རྒྱུད་ཆེན་པོ་དང་། གནོད་སྦྱིན་གསང་བ་རོ་ལངས་གསང་བ་གཤིན་རྗེ་དམར་པོའི་རྒྱུད་དང་། གཤིན་རྗེ་ཟློག་བྱེད་འཆར་ཁ་ནག་པོ་རྩ་བའི་རྒྱུད། དེའི་ཕྱི་མ་གཤིན་རྗེ་

(༣༢༤)ཆུ་ཏྲི་སྔོན་མོའི་རྒྱུད་དང་། གཤིན་རྗེ་གཤེད་ཟླ་གསང་ཐིག་ལེ་བཞི་པ་དང་། ཟླ་གསང་ནག་པོའི་རྒྱུད་བསད་གསོ་གཉིས་ཀྱི་ཕྲིན་ལས་སུ་བྱུང་བའི་རྒྱུད་ཆེན་པོ། འཕགས་པ་འཇམ་དཔལ་གསང་བའི་རྒྱུད་ཆེན་པོ་དང་། དེའི་ཕྱི་མ་དང་། ཕྱི་མའི་ཕྱི་མ་དང་། འཇམ་དཔལ་གཤིན་རྗེ་བཤེད་ཉི་མ་བཞི་པ་གསང་བའི་འཁོར་ལོ་ནག་པོའི་རྒྱུད་དང་། འཇམ་དཔལ་གཤིན་རྗེ་གཤེད་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ཆེན་པོ་དང་། དེའི་ཕྱི་མ་དང་། འཇམ་དཔལ་ཚེ་བདག་ནག་པོའི་དྲག་སྔགས་མངོན་དུ་ཕྱུང་བའི་རྒྱུད་དང་། གཤིན་རྗེ་གཤེད་ནག་པོ་བླ་མཚོའི་རྒྱུད་དང་། གཤིན་རྗེ་གཤེད་བླ་སྔགས་དམར་པོའི་རྒྱུད་དང་། འཕགས་པ་འཇམ་དཔལ་ཁྲོ་བོ་རིན་པོ་ཆེ་གསང་བའི་རྒྱུད་དང་། གཤིན་རྗེ་སྒྲ་ནག་པོའི་འཁོར་ལོ་ལས་ཐམས་ཅད་འགྲུབ་པར་བྱེད་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཏེ། གཤིན་རྗེ་གཤེད་ཀྱི་བསྟན་པ་ཕུན་སུམ་ཚོགས་པ་འདི་རྣམས་ལ་ལྷ་མོ་ནག་མོ་སྟོབས་ཀྱི་སྲོག་རྒྱུད་དང་། མ་མོ་ལྕགས་ཁང་ནག་མོའི་སྲོག་རྒྱུད་དང་། ལྕགས་ཁང་ཏག་མོའི་སྲོག་རྒྱུད་དང་། མ་མོ་ཙིཏྟ་གསང་བའི་རྒྱུད་དང་། སྡིག་པ་སྙིང་འབྱིན་གྱི་རྒྱུད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་previous hit དགོངས next hit་ཁྲོ་བོ་འདུས་པ་སྤྱི་དྲིལ་གྱི་རྒྱུད་དང་། སྡིག་པ་སྟོབས་ཆེན་གསང་བའི་རྒྱུད་དང་། ནག་པོ་འཆི་བདག་སྲོག་གི་འཁོར་ལོ་དེ་བ་ས་ཏའི་རྒྱུད་དང་། གཤིན་རྗེ་ཟློག་བྱེད་འཆར་ཁ་ནག་པོ་ཞེས་བྱ་བའི་རྒྱུད་དང་། འཇམ་དཔལ་མེ་རུ་ཙེ་བཞིའི་རྩ་བའི་རྒྱུད་ཆེན་པོ་དང་། གཤིན་རྗེ་མེ་རུ་ཙེའི་སྔགས་རྒྱུད་བསྟན་པ་དང་། སྔགས་རྒྱུད་ཀྱི་ཕྱི་མའི་ཕྱི་མ་དང་། གཤིན་རྗེ་གཤེད་ ཕུམ་གསུམ་ཚོགས་པ་རེགས་མི་ཅིག་པ་ལྔ་ལྔ་དང་། རྒྱུད་ཀྱི་འགྲེལ་པ་དང་། བསྟན་ཆོས་གདམ་ངག་དང་བཅས་པ་རིགས་མི་ཅིག་པ་ལྔ་ལྔ་སྟེ། གྲངས་མེད་པར་བྱའོ། དཔལ་ལྷ་མོ་ཆེན་མོ་ལས་མཁན་གྱི་ཚོགས་རྣམས་དང་གཤིན་རྗེ་བཀའ་ཉན་ཕྲིན་ལས་ཀྱི་རྒྱུད་རྣམས་ལ།

(༣༢༥)དམར་པོ་ཤེན་པ་སྲོག་གི་འཁོར་ལོའི་རྒྱུད་དང་། གནོད་སྦྱིན་དམར་པོ་མ་ར་ཡ་ཁྲག་སྐྱུག་གི་རྒྱུད་དང་། གཤིན་རྗེ་ཁྲོ་བོ་ར་ཙའི་རྒྱུད་དེ། གཤིན་རྗེ་ལས་མཁན་གྱི་རྒྱུད་འདི་རྣམས་ཀྱང་རིགས་མི་གཅིག་པའི་ཕུན་སུམ་ཚོགས་པ་ལྔ་ལྔར་ཤེས་པར་བྱའོ། །བདུད་རྩི་སྨན་གྱི་བསྟན་པ་ཕུན་སུམ་ཚོགས་པ་ནི། འཕགས་པ་ཐབས་ཀྱི་ཞགས་པ་པད་མ་ཕྲེང་གི་དོན་བསྡུས་པའི་རྒྱུད་དང་། འཕགས་པ་ཐབས་ཀྱི་ཞགས་པ་པདྨ་ཕྲེང་དང་། རྒྱུད་ཀྱི་རྒྱལ་པོ་ལས་ཀྱི་ཕྲེང་བ་དང་། ཀརྨ་མཱ་ལེ་དང་། ཐམས་ཅད་བདུད་རྩི་ལྔའི་རང་བཞིན་དངོས་གྲུབ་ཆེན་པོ་ཉེ་བའི་སྙིང་པོ་མཆོག་བམ་་པོ་བརྒྱད་པ་དང་། བདུད་རྩི་དུམ་བུ་གསུམ་པ་དང་། །རྡོ་རྗེ་བདུད་རྩིའི་རྒྱུད་དང་། །བདུད་རྩི་རྣམ་ལྔའི་འོད་ཀྱི་རྒྱུད་ཀྱི་རྒྱལ་པོ་དང་། བདུད་རྩིའི་བརྒྱུད་ཀྱི་བར་ཆད་བསྲུང་བར་བྱེད་པ་ལས་རྡོ་རྗེ་བདུད་རྩི་ཐིག་ལེའི་རྒྱུད་དང་། ཕུར་པ་དྲག་པོ་རྩེགས་པའི་རྒྱུད་དང་། ཕུར་པ་ཉི་མའི་འོད་ཟེར་གྱི་རྒྱུད་དང་། རྡོ་རྗེ་ཅོད་པའི་རྒྱུད་དང་། རྡོ་རྗེ་རྣོན་པོའི་རྒྱུད་དང་། གཏོར་མའི་རྒྱུད་ཆེན་པོ་དང་། ཚོགས་ཀྱི་རྒྱུད་ཆེན་པོ་དང་། ལྷག་མའི་རྒྱུད་དཔལ་འབར་ཁྲོ་མོ་དང་། ཀློག་གི་མདོ་ཆུང་དང་། ཧེ་རུ་ཀ་གནམ་ཞལ་དང་། ལྷ་མོ་གནས་སྐར་མའི་རྒྱུད་དེ། བདུད་རྩི་སྨན་གྱི་ཕུན་སུམ་ཚོགས་པ་འདི་རྣམས་ལ་ཡང་། ཕུན་སུམ་ཚོགས་པ་རིགས་མི་གཅིག་པ་ལྔ་ལྔར་ཤེས་པར་བྱའོ། །ཨ་ནུ་ཡོ་གར་གཏོགས་པའི་ཡེ་ཤེས་ཀྱི་མ་མོ་དང་། ཡེ་ཤེས་འཇིག་རྟེན་པའི་བསྟན་པ་ཕུན་སུམ་ཚོགས་པ་ལ་དེ་བཞིན་གཤེགས་པ་དཔལ་རིན་པོ་ཆེ་ལས་བྱུང་བ་ཁམས་གསུམ་གྱི་བདག་མོར་སྣང་བའི་རྒྱུད། མ་མོ་

(༣༢༦)དངོས་གྲུབ་ཀྱི་གཏན་ཚིགས་ཀྱི་རྒྱུད་དང་། དེའི་ཕྱི་མ་དང་། ཕྱི་མའི་ཕྱི་མ་དང་། རྒྱུད་ཀྱི་རྩེ་མོ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་མ་མོར་གཏན་ལ་ཕབ་པའི་སྲིད་པའི་རྒྱུད་ལུང་ཆེན་མ་དང་། དེའི་ཕྱི་མ་དང་། ཕྱི་མའི་ཕྱི་མ་དང་། སྲིད་པ་རྒྱུད་ལུང་གི་རྒྱུད་ལེའུ་བརྒྱ་བཅུ་པ་དང་། འཕགས་པ་རྡོ་རྗེ་མཁའ་འགྲོ་མ་ནག་མོ་ཆེན་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་དང་། དེའི་ཕྱི་མ་དང་། དཔལ་ལྷ་མོ་ནག་མོ་དྲག་པོ་ལྷའི་རྒྱུད་གསང་བ་ཞེས་བྱ་བ་དང་། དཔལ་རལ་པ་གཅིག་མའི་རྒྱུད་དང་། དེའི་ཕྱི་མ་དང་། དཔལ་ལྷ་མོ་རྩ་བའི་རྒྱུད་དང་། དེའི་བཤད་རྒྱུད་མེ་ལྕེ་འབར་མ་དང་། ཐོད་པ་ནག་པོ་བསྟོད་པའི་རྒྱུད་དང་། དབང་ཕྱུག་ནག་མོ་བསྟོད་པའི་རྒྱུད་དང་། དེའི་ཕྱི་མ་དང་ཕྱི་མའི་ཕྱི་མ་དང་། དབང་ཕྱུག་ནག་མོ་སྔགས་རྒྱུད་ལེའུ་བཅུ་གཉིས་པ་དང་། མ་མོ་སྲོག་ལེགས་ཀྱི་མ་མོའི་རྒྱུད་དང་། མ་མོ་སྲོག་ལས་ཀྱི་རྐྱལ་བུའི་རྒྱུད་དང་། ཨཱརྱ་རེ་མན་ཏིའི་རྒྱུད་དང་། བདུད་མོ་ལངྐ་ནག་མོའི་རྒྱུད་དང་། དེའི་ཕྱི་མ་ལེའུ་བཅུ་གསུམ་པ་དང་། མ་མོ་རེལ་པ་གཅིག་མ་ཟ་བྱེད་ཅང་རྒྱལ་ནག་མོའི་རྒྱུད་ཅེས་བྱ་བ་དང་། དཔལ་ལྷ་མོ་ལྟ་སྤྱོད་གཉིས་ཀྱི་རྒྱུད་དང་། གཅེར་བུ་བོང་ཞོན་གྱི་རྒྱུད་ལ་སོགས་ཏེ། དཔལ་ལྷ་མོའི་བསྟན་པ་ཕུན་སུམ་ཚོགས་པ་འདི་རྣམས་ལ་ཡང་ཕུན་སུམ་ཚོགས་པ་རིགས་མི་གཅིག་པ་ལྔ་ལྔར་ཤེས་པར་བྱའོ། །གསང་སྔགས་སྙིང་པོའི་མཧཱ་ཡོ་གའི་བཀའ་ཉན་མགོན་པོ་ནག་པོའི་བསྟན་པ་ཕུན་སུམ་ཚོགས་པ་ལ། དཔལ་མགོན་པོའི་དུར་ཁྲོད་ཆེན་པོའི་རྒྱུད་དང་། དྲི་གུག་བརྩེགས་

(༣༢༧)པའི་རྒྱུད་དང་། བེང་ཆེན་བརྩེགས་པའི་རྒྱུད་དང་། མགོན་པོ་ཐམས་ཅད་ཀྱི་སྤྱི་རྒྱུད་དང་། རིན་པོ་ཆེ་དཔུང་རྒྱན་གྱི་རྒྱུད་དང་། གཙུག་ཏོར་ལྗང་གུའི་རྒྱུད་དང་། ནག་པོ་ཆེན་པ་གྲོང་ཁྱེར་སུམ་བརྩེགས་འཇིག་པར་བྱེད་པ་མ་མོའི་ཚོགས་དང་བཅས་པའི་རྒྱུད་དང་། སྲས་མཆོག་ནག་པོའི་རྒྱུད་སྟེ། རྒྱུད་འདི་རྣམས་ལ་ཡང་ཕུན་སུམ་ཚོགས་པ་ལྔ་ལྔར་ཤེས་པར་བྱའོ། །མགོན་པོ་བེར་ནག་ཅན་སྐོར་གསུམ་འདི་རྒྱུད་འདི་རྣམས་ཀུན་ནས་སྟོན་ཏེ། བེར་ནག་ཅན་ནི་མགོན་པོ་ཀུན་གྱི་རྩ་བ་ཡིན། རྒྱས་པར་བྱེད་ན་སྒྲུབ་ཐབས་རྒྱས་པ་བསྡུས་པ། སྒྲུབ་ཐབས་སྟོང་ལྷག་ཙམ་སྟོན་པར་འདུག །དཔལ་མ་མགོན་ལྕམ་དྲལ་གྱི་ཚོགས་རྣམས་ཀྱིས་ཀྱང་། བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་ཆོས་འདི་རྣམས་ཉན་པ་དང་། བཤད་པ་དང་། སྒོམ་པ་དང་། ཀློག་པ་དང་། འབྲི་བ་དང་། འཆང་བ་ཐམས་ཅད་ཀྱིས་དོན་རྟོགས་ཤིང་། འགྲོ་དོན་རྒྱ་ཆེན་པོ་མཛད་པ་རྣམས་ཀྱི་སྟོངས་གྲོགས་དམ་པ་མཛོད་ཅིག །ལྷ་དང་བཅས་པའི་འཇིག་རྟེན་གྱི་ཡུལ་དུ་ཆོས་འདི་དར་ཞིང་རྒྱས་པའི་ཕྲིན་ལས་ཐམས་ཅད་བསྒྲུབས་ཤག །བསམས་བཞིན་དུ་སྲིད་པ་ཉེ་བར་བླངས་པའི་སྤྲུལ་པའི་སྐུ་མང་པོ་འཇིག་རྟེན་དུ་འབྱོན་ཞིང་། བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་སྒྲ་དོན་མ་ལུས་པར་རྟོགས་ཤིང་བརྒྱུད་པ་ནས་བརྒྱུད་པར་སྨིན་པ་དང་གྲོལ་བའི་ཕྲིན་ལས་རྒྱ་མཚོ་མཐའ་ཡས་ལྟ་བུ་འབྱུང་བར་གྱུར་ཅིག །དང་དམོད་པ་དྲག་སྔགས་ཀྱི་བསྟན་པ་ཕུན་སུམ་ཚོགས་པ་ལ། དྲེགས་པ་དགུའི་ལྷ་ཚོགས་རྣམས་ཀྱི་རྒྱུད་དགུ་ཡིས་

(༣༢༨)གཙོ་བོ་བྱས་པ། བོད་ལ་སྟོང་ལྷག་ཙམ་འགྱུར་བར་འདུག་སྟེ། འདིར་རྒྱས་པར་མ་བྲིས་པ་ལགས་སོ། །བཀའ་ཉན་ལས་མཁན་དྲེགས་བྱེད་རྫུ་འཕྲུལ་དང་ལྡན་པ་རྣམས་ཀྱིས་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། འཛིན་པའི་བརྒྱུད་པ་གདུལ་བྱ་སྣང་དང་ལྡན་པ་རྣམས་ཀྱི་ཕྱི་མའི་མུ་མཐར་ཐུག་གི་བར་དུ་བསྟན་པ་བསྲུང་ཞིང་བར་ཆོད་སོལ་ཅིག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །དེ་ལྟར་དུ་ཨ་ནུ་ཡོ་ག་མཧཱ་ཡོ་ག་གཉིས་ཀྱི་བསྟན་པ། རྡོ་རྗེ་སེམས་དཔའི་སྤྲུལ་པ་ལུང་བསྟན་རྡོ་རྗེའི་ཐུགས་སུ་ཆུད་ནས། རྒྱུད་དང་ལུང་རྣམས་ཀྱི་རྡོ་རྗེའི་མཛོད་སྒོ་ཕྱེ་ནས། བཀའ་དང་ལུང་རྣམས་དབང་པོ་རབ་འབྲིང་ཐ་མ་གསུམ་གྱི་སྣོད་དང་སྦྱར་ཏེ་བསྒྲགས་པའོ། །དེ་ལ་རྒྱུད་ལུང་རྣམ་པ་གསུམ་སྟེ། བདེ་བར་གཤེགས་པའི་previous hit དགོངས next hit་བརྒྱུད་པ་སྟེ། །ཆོས་ཀྱི་སྐུ་ནི་བྱིན་གྱིས་བརླབས་ཀྱིས་བསྟན། །ཞེས་བྱ་བའི་དོན་ཡང་དེ་ཡིན། རིག་འཛིན་རིག་པས་བརྒྱུད་པ་དང་། །ལྷ་དང་མི་སྙན་ཁུངས་རྣ་བ་ནས་རྣ་བར་བརྒྱུད་པའོ། །དེ་ལ་རྒྱ་གར་གྱི་ཡུལ་དུ་རིགས་ལྔའི་སྤྲུལ་པ་དང་ཐ་དད་མེད་པའི་མཁས་ལ་གྲུབ་པ་ཐོབ་པ་གནམ་གྱི་སྐར་མ་ཙམ་བྱོན་ནས་ཐམས་ཅད་སྨིན་ཅིང་གྲོལ་བར་མཛད་ནས། རྡོ་རྗེ་སེམས་དཔའི་ས་ལ་བཀོད་པའོ། །མཐོང་ཐོས་དྲན་པའི་འགྲོ་བ་རྣམས་རིག་འཛིན་གྱི་ས་ལ་འགོད་ནུས་པའི་རྒྱུད་དང་ལུང་ཨེ་མ་ཧོ་ཨེ་མ་ཧོ། །སྤུར་རྒྱལ་བོད་ཀྱི་ཡུལ་དུ་ཕྱག་ན་རྡོ་རྗེས་ཀྱང་འབྱུང་བར་ལུང་བསྟན་པ། བདེ་བ་ཅན་གྱི་ཞིང་ཁམས་སུ་བོད་ཀྱི་རྒྱལ་པོ་ཞེས་བྱ་བར། རིན་ཆེན་

(༣༢༩)རིགས་ཏེ་བདེ་ཆེན་འགྲུབ། །ཅེས་བྱ་བའི་ལུང་བསྟན་རྒྱལ་པོ་ཛའི་དུས་སུ་བྱུང་བ་སྟེ། ཡུལ་མ་ག་ཏའི་བྱང་ཕྱོགས་སྤྱན་རས་གཟིགས་ཀྱི་ཞིང་ཁམས། གངས་རིའི་ཁྲོད་འདིར་རིགས་གསུམ་མགོན་པོའི་སྤྲུལ་པ་རྒྱལ་པོ་གསུམ་པོ་དེའི་བར་དུ། རྒྱལ་པོ་ཆུང་བ་ཡང་མང་དུ་བྱོན་པ་སྟེ། དེ་ལ་མེས་སྲོང་བཙན་སྒམ་པོའི་དུས་སུ་སློབ་དཔོན་བོ་དྷི་སཏྭ་བྱོན་ནས། རྒྱུ་མཚན་ཉིད་ཀྱི་ཆོས་འདུལ་བས་ཐོག་དྲངས་ནས། བཀའ་དང་བསྟན་བཅོས་དཔག་ཏུ་མེད་པ་བསྒྱུར་ནས་དར་ཞིང་རྒྱས་པར་མཛད། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ། བཻ་རོ་ཙ་ན། གནུབས་སངས་རྒྱས་རིན་པོ་ཆེ་རྣམ་གཉིས་ཀྱིས་ཐོག་དྲངས་ནས་རྒྱ་གར་དུ་བཞུད་ཅིང་། རྒྱ་གར་གྱི་མཁས་ལ་གྲུབ་པ་ཐོབ་པའི་སྤྲུལ་པའི་སྐུ་རྣམས་ལ་གཏུགས་ནས། མཧཱ་ཡོ་ག་དང་། ཨ་ནུ་ཡོ་གའི་རྒྱུད་དང་ལུང་རྣམས་བོད་ཀྱི་ཡུལ་དུ་གདན་དྲངས་ནས་དར་ཞིང་རྒྱས་པར་མཛད་པ་སྟེ། དེའི་རྗེས་སུ་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲ་གདན་དྲངས་ནས། སྔགས་མཚན་ཉིད་ཀྱི་ཆོས་རྣམས་དར་ཞིང་རྒྱས་པར་མཛད་པའོ། །དེ་ལ་གསང་སྔགས་རྙིང་མའི་ཨ་ནུ་ཨ་ཏི་གཉིས་ལ་ཡང་སྔ་འགྱུར། བར་འགྱུར། ཕྱི་འགྱུར་གསུམ་བོད་ལ་འགྱུར་བ་མང་དུ་ཡོད་པ་ལས། ཁྲི་མངའ་བདག་ལྡེ་བཙན་གྱི་རིང་ལ་སློབ་དཔོན་པདྨ་སམ་བྷ་ཝ་བྱོན་ནས། གསང་སྔགས་རྒྱུད་སྡེ་བཞིའི་ལུང་དང་རྒྱུད་དང་མན་ངག་གསུམ་ལས། གནམ་གྱི་སྐར་མ་ཙམ་དཔལ་ཀུན་ཏུ་བཟང་པོ་དང་། རྡོ་རྗེ་འཆང་དང་། པདྨ་དབང་གི་ལྷ་ཚོགས་དང་། ཡུམ་ལྔ་ལ་སོགས་པ་ལོངས་སྤྱོད་

(༣༣༠)རྫོགས་པའི་དཀྱིལ་འཁོར་རྣམས་དང་ཐ་དད་མེད་པར་བཞུགས་ཤིང་། བརྒྱུད་པ་གཞན་ལ་མི་རེ་བར་རྒྱལ་བ་ཐམས་ཅད་དང་previous hit དགོངས next hit་བསྟུན་ཞིང་། རྫུ་འཕྲུལ་དང་སྟོབས་དང་ལྡན་པའི་འོག་མིན་གྱི་གནས་དང་། མཁའ་སྤྱོད་ལ་སོགས་ཏེ་ཨོ་རྒྱན་གྱི་གནས་སུ་སྐུ་འཁྲུངས་ཤིང་། རྡོ་རྗེ་ཕག་མོ་དང་མཁའ་འགྲོའི་ཚོགས་རྣམས་དང་བསྒྲོ་གླེང་མཛད་པ་ཡིས་གསང་སྔགས་སྙིང་པོ་གཙོ་ཆེར་བསྟན་ཏེ། གསང་སྔགས་གསར་མའི་མཧཱ་ཡོ་གའི་རྒྱུད་རྣམས་ཀྱང་གསར་རྙིང་གཉིས་སུ་མེད་པར་བོད་ཀྱི་ཡུལ་དུ་དར་ཞིང་རྒྱས་པར་མཛད་པའོ། །སློབ་དཔོན་པདྨ་ཡན་ཆོད་བོ་དྷི་སཏྭ་མན་ཆོད་དུ་སྤྲུལ་པའི་སྐུ་ལྟ་བུའི་པཎྜི་ཏ་མང་པོ་བྱོན་པར་འདུག་ལོ་ཙ་བ་ཡང་བཻ་རོ་ཙ་ན། ཀ་ཅོག་རྣམ་གཉིས། ལྷ་རྗེ་གནུབས་ལ་སོགས་པ་སྤྲུལ་པའི་སྐུ་ལྟ་བུའི་ལོ་ཙ་བ་གྲངས་མེད་པར་གྱུར་བ་སྣང་། ཡིག་མཁན་ཐུ་མི་ཆུང་བ་སམྦྷོ་ཊ་ཡིས་མགོ་བྱས་པའི་ཡིག་མཁན་སྤྲུལ་པའི་སྐུ་ལྟ་བུ་ཡང་མང་དུ་བྱོན་ཞིང་། རྒྱལ་པོ་ལྷ་སྲས་མེས་དབོན་རྣམ་གསུམ་གྱི་བསོད་ནམས་ལས། གསང་སྔགས་རྙིང་མའི་བཀའ་ཐེག་པ་རིམ་པ་དགུ་པོ་འདི། རྒྱལ་ཁྲིམས་དང་ཆོས་ཁྲིམས་གཉིས་གཅིག་ཏུ་སྡེབས་ནས་དབུ་ཞབས་སུ་ཚངས་པར་རྫོགས་པར་བསྒྱུར་ཞིང་། དེའི་སྒྲ་དོན་རྣམས་རྒྱལ་པོས་དབུ་མཛད། མཁས་ཤིང་གྲུབ་ལ་རྟོགས་ནས་གྲུབ་པ་ཐོབ་པའི་དགེ་བའི་བཤེས་གཉེན་གནམ་གྱི་སྐར་མ་ཙམ་བྱོན་ཞིང་བསྟན་པ་རྒྱ་མཚོ་འཛམ་བུའི་གླིང་དུ་དར་བར་མཛད་པའོ། །དེ་ལ་ལོངས་སྐུའི་བསྟན་པ་ཕྱི་རྒྱུད་གསུམ་འདི་

(༣༣༡)འོ་མ་ལྟ་བུ། ཆོས་སྐུ་བསྟན་པའི་རྙིང་མའི་མཧཱ་ཡོ་ག་འདི་རྣམས་མར་ལྟ་བུའོ། །དེའི་ཕྱིར་ན་བོད་ཀྱི་ཡུལ་དུ་བསྐྱེད་རྫགས་གཉིས་ལ་དབང་ཐོབ་པ་རིག་འཛིན་གྱི་ས་ནོན་པའི་སྔགས་པ་ཕྲིན་ལས་རྣམ་པ་བཞི་ལ་མངའ་བརྙེས་ཤིང་། རྣམ་པར་སྣང་བྱེད་ཀྱི་ཏིང་ངེ་འཛིན་རྩལ་རྫོགས་པའི་དུས་གསུམ་རྒྱུན་ཆད་མེད་པར་རྡོ་རྗེ་འཛིན་པ་གནམ་གྱི་སྐར་མ་ཙམ་བྱོན་ཏེ། དེ་ལ་མཧཱ་ཡོ་གའི་རྒྱུད་ཡིན་ན་ཡང་། འོག་མིན་གྱི་གནས་དང་ལྷའི་ཡུལ་ལ་སོགས་པ། མི་ཡུལ་དུ་མ་བྱོན་པ་ལ་ཡང་གྲངས་མེད་པ་བཞུགས་པར་བཤད། མི་ཡུལ་རྒྱ་གར་གྱི་ཡུལ་དུ་བྱོན་ནས་བོད་ལ་མ་འགྱུར་བའི་རྒྱུད་སྡེ་ཡང་ཤིན་ཏུ་མང་བ་ཡོད་གསུང་བ་གདའ། པདྨ་སམྦྷ་ཡིས། བོད་ཀྱི་ཡུལ་དུ་མཧཱ་ཡོ་གའི་རྒྱུད་དང་མན་ངག་རྒྱ་མཚོ་ཙམ་གཏེར་དུ་སྦས་ནས་ད་ལྟར་མངོན་དུ་མ་གྱུར་ཞིང་ས་འོག་ན་བཞུགས་པར་གསུངས་པ་སྟེ། པདྨ་སམ་བྷ་ཝ་འདི་གང་ཟག་རང་རྒྱུད་པར་ས་ཚོད་རྩིས་ན་ཚེ་དབང་གི་དངོས་གྲུབ་ཐོབ་པ་སྟེ། པདྨ་སམ་བྷ་ཝ་བའི་རྒྱུད་ཚོད་གང་གིས་འཛིན། དཔལ་ཀུན་ཏུ་བཟང་པོ་དང་སྣང་བ་མཐའ་ཡས་ཐ་དད་མེད་པ་བོད་ཀྱི་ཡུལ་དུ་བྱོན་པ་ནི་པདྨ་སམྦྷ་ཝ་ལགས། དེའི་ཕྱིར་ན་ཕྱག་ན་རྡོ་རྗེས་བོད་ཀྱི་ཡུལ་དུ་ལུང་བསྟན་པའི་གསུང་ལས་ཀྱང་། བདེ་བ་ཅན་གྱི་ཞིང་ཁམས་ན། བོད་ཀྱི་རྒྱལ་པོ་སྤྲུལ་པའི་སྐུ་གསུམ་པོ་ཡང་སློབ་དཔོན་པདྨ་སམྦྷ་ཝ་ལ་previous hit དགོངས next hit་ཡིན།

(༣༣༢)ཏེ་མཆི། རྒྱལ་པོ་དང་བློན་པོ་གཉིས་ཀ་སྔགས་ཕྱི་ནང་གི་ས་མཚམས་འབྱེད་པ་ནི་མ་ཧཱ་ཡོ་གའི་སྟོན་པ་ཆོས་ཀྱི་སྐུ་ཡིན་ལ། སྟོན་པའི་ས་མཚམས་འབྱེད་པ་དང་། བསྟན་པའི་ས་མཚམས་འབྱེད་པའོ། །དེ་ལ་དང་པོར་སྟོན་པའི་ས་མཚམས་འབྱེད་པ་ནི་ཆོས་ཀྱི་སྐུས་ལོངས་སྤྱོད་རྫོགས་པའི་སྐུ་རྣམས་ལ་བྱིན་གྱིས་བརླབས་ཀྱིས་བསྟན་པའོ། །ཀྲི་ཡོག་གསུམ་གྱི་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། སྤྲུལ་པའི་སྐུ་དང་སེམས་དཔའ་དང་སེམས་མ་རྣམས་ལ་བརྡ་ཡིས་མཚོན་པའོ། ཆོས་ཀྱི་སྐུའི་བསྟན་པ་མཧཱ་ཡོ་ག་སྟེ། ཕུང་པོ་ཁམས་དང་སྐྱེ་མཆེད་དྲུག་བཅུ་རྩ་བཞི་ལ་སོགས་པ་སྟེ། མ་ཡེངས་རང་སར་དག་ནས་ལྷ་དང་རྟོགས་པ་དབྱེར་མེད་དཀྱིལ་འཁོར་ཆེན་པོར་བཞེད་པ་སྟེ། ཀྲི་ཡོག་གསུམ་གྱི་ཕུང་པོ་ཁམས་དང་སྐྱེ་མཆེད་དྲུག་བཅུ་རྩ་བཞི་ལ་སོགས་པ་དེ་དག་པ་དང་། སྤྱོད་པ་དང་། ཡོ་ག་བས་བསྒྱུར་ཞིང་ཡུམ་ཡང་ཕྱག་མཚན་དུ་སྦས་ནས་དཀྱིལ་འཁོར་ཆེན་པོར་བསྒྱུར་བར་འདོད་པ་སྟེ། ས་མཚམས་དེ་ལྟར་དུ་བཞེད་པ་ཡིན། དེ་མ་མཧཱ་ཡོ་གའི་དབང་དུ་བྱས་ན། རྒྱ་གར་དང་བོད་ཀྱི་མཁས་ལ་གྲུབ་པའི་ལོ་པཎ་རྣམས་ཀྱིས་རྒྱུད་འགྲེལ་དང་བསྟན་བཅོས་བསྙེན་པ་དང་སྒྲུབ་པ། ལས་སྦྱོར་ལ་སོགས་གནམ་གྱི་སྐར་མ་ཙམ་གསུངས་ཀྱང་། ཐབས་དང་ཤེས་རབ་དགྱེས་སྤྲིན་ན། བྱང་ཆུབ་སེམས་ཚོགས་འཁོར་ལོ་བསྒྱུར། ཞེས་གསུངས་པའི་ཕྱིར་ན། ཐབས་ཤེས་རབ་སྒོ་ནས་འཇུག་པར་བྱའོ། །མཧཱ་ཡོ་གའི་དམ་ཚིག་ནི། །བླ་མེད་མིན་ཡང་བླ་མ་བཀུར། །ཞེས་གསུངས་པའི་ཕྱིར་ན། རྩ་བ་རྒྱུད་པའི་བླ་མ་རྣམས་དཔལ་ཀུན་ཏུ་བཟང་པོ་དང་དབྱེར་མེད་པར་སྐུར་

(༣༣༣)ཞིང་སྒོམ་པར་གསུངས་པ་ཡིན། མཧཱ་ཡོ་གར་ངེས་པའི་གཏན་ཚིགས་བསྟན་པ་ནི། ཐབས་དང་ཤེས་རབ་གཉིས་མེད་རྫོགས། །རིགས་དང་མཁས་པའི་རྗེས་འབྲངས་ནས། །བྱེ་བྲག་བསྡུས་པ་ཀུན་མཁྱེན་གསུང་། །ཞེས་རྒྱུད་ནས་གསུངས་པའི་དོན་ཡང་། སྤྱིར་བླ་མ་བརྒྱུད་པ། མཁས་པ་རིག་འཛིན་གྱི་ས་ནོན་པ། དེ་ལྟ་བུའི་རྗེས་སུ་འབྲངས་ནས། །བྱེ་བྲག་བསྡུས་པ་ཀུན་ཁྱབ་གསུང་ཟེར་བའི་དོན་ནི། བྱེ་བྲག་ནི་བསྐྱེད་པའི་རིམ་པ་བློ་ཆེ་ཆུང་གི་རིམ་པ་ལས་འབྱུང་བ་རིམ་བརྩེགས་རྒྱས་པར་བསྒོམ་པ་དང་། སྐད་ཅིག་དྲན་རྫོགས་ཀྱི་དཀྱིལ་འཁོར་རྒྱས་པར་བསྒོམ་པ་དང་། ཧེ་རུ་ཀ་ཕྱག་རྒྱ་གཅིག་པ་བློ་ཆུང་བ་རྣམས་ཀྱི་བརྟན་པ་བསྒོམ་པའོ། །ཀུན་ཁྱབ་གསུང་བྱ་བ་ནི། ཆོས་ཀྱི་དབྱིངས་རབ་འབྱམ་གྱིས་བསྡུས་པའི་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་གཞལ་ཡས་ཀྱི་ཁང་། འགྲོ་བ་ཐམས་ཅད་དཀྱིལ་འཁོར་གྱི་ལྷར་བསྒོམ་པ་ལ་སྒོམ་ཡིན། གསུམ་བྱ་བ་ནི་ཁམས་གསུམ་སེམས་ཅན་རྣམས་ཀྱི་ལུས་ངག་ཡིད་གསུམ་མམ། སེམས་དཔའ་གསུམ་ལྡན་དུ་བསྒོམ་པ་ལ་ཟེར་བ་ཡིན། མཧཱ་ཡོ་གའི་བསམ་པ་ནི། རིམ་གྱིས་འཇུག་གམ་གཅིག་ཅར་དུ། །བློའི་ཤེས་རབ་ཆེ་ཆུང་གིས། །ཡང་ན་རིམ་གྱིས་བསྒོམ་པར་བྱ། །ཡང་ན་གཅིག་ཅར་བསྒོམ་བྱ་སྟེ། །མཧཱ་ཡོ་གའི་དམིགས་པ་ནི། །བདག་ཉིད་ཆེན་པོར་དམིགས་པ་སྟེ། །ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །ཞེས་གསུངས་པའི་དོན་ནི། སྒྱུ་འཕྲུལ་གྱི་དཀྱིལ་འཁོར་ཞི་བ་བཞི་བཅུ་ཞེ་གཉིས། འབར་བ་ལྔ་བཅུ་ང་བརྒྱད། ཞི་ཁྲོ་གང་བསྒོམ་ན་ཡང་། བདག་ཉིད་བཛྲ་ཧེ་རུ་ཀ །ཡབ་

(༣༣༤)ཡུམ་དུ་རྫོགས་ཤིང་བསྟེན་པ་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ་སྟེ། དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་ཡིན་པའི་ཕྱིར་ན། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །གསུང་བའི་དོན་ཡང་དེ་ཡིན་ཡང་ལུང་ལས། །དཀྱིལ་འཁོར་དབུས་འགྱུར་མཐའ་མི་འགྱུར། །ཞེས་གསུང་པའི་ཕྱིར་ན། རིགས་ལྔ་ཡབ་ཡུམ་བཅུ་གང་དང་གང་གིས་གཙོ་བོ་བྱེད་previous hit ་ལ་དགོངས next hit་ཏེ། སྒྲུབ་པ་བཀའ་བརྒྱད་དང་། ཏནྟྲ་བཅོ་བརྒྱད་ཀྱི་ལྷ་ཚོགས་རྣམས་སོ་སོར་དཀྱིལ་འཁོར་གྱི་མཚན་བཏགས་པའོ། །མཧཱ་ཡོ་གའི་བཟླས་པ་བྱ་བ་ནི། །རྒྱུ་འཕྲུལ་དང་ནི་རྒྱས་པ་ལས། །རྣམ་གསུམ་ཚུལ་གྱིས་མ་འཁྲུལ་བར། །སྔགས་བཟླས་ཆོ་ག་བར་མ་ཆད། །འདྲིས་གོམས་བསྟན་པ་མཆོག་གིས་བྱ། །དེའི་དོན་ནི་དོན་དམ་པ་ཡིད་ཀྱིས་བཟླས་པ་དང་། སྤྲོ་བསྡུའི་བཟླས་པའོ། ཡེ་ཤེས་རྔམ་གློག་རྒྱུད་ལས་ཀྱང་། །སྐྱོན་བཅུ་སྤངས་ཏེ་བཟླས་པ་བྱ། །མཧཱ་ཡོ་གའི་སྦྱོར་བ་ནི། །དབྱིབས་དང་ཁ་དོག་མཚན་ལྡན་པར། །སྦྱོར་བའི་ཚོགས་རྣམས་རྫོགས་པར་བྱེད། །ཅེས་གསུང་པའི་དོན་ནི། སྦྱོར་བ་དང་སྒྲོལ་བ་ལ་སོགས་པ་རིམ་པ་རྣམས་གཞུང་བཞིན་དུ་ཤེས་པར་བྱའོ། །འགལ་ན་ཚོགས་ཀྱི་མཆོད་པ་སྟེ། །དམ་ཚིག་དང་ལྡན་པའི་སྔགས་པས་གནས་སུ་སྟོབས་པར་བྱའོ། །མཧཱ་ཡོ་གའི་སྤྱོད་པ་བརྟུལ་ཞུགས་ཆེན་པོ་སྟེ། སྒྱུ་འཕྲུལ་རྒྱས་པའི་རྒྱུད་ལས་ཀྱང་། །སེམས་ཅན་རྟོག་པ་བཟློག་ཕྱིར་དམན། །ཕྱི་ནང་སྤྱོད་པ་སྣ་ཚོགས་ཀྱིས། །དངོས་གྲུབ་ཐམས་ཅད་བརྟེན་པར་བྱ། །ཞེས་གསུང་པའི་དོན་ནི། ཉིན་མཚན་སྤྱོད་ལམ་ཐམས་ཅད་དུ་ཞི་བ་དང་ཁྲོ་བོའི་བསྐྱེད་རྫོགས་ཀྱིས་ཏིང་ངེ་འཛིན་དང་མ་བྲལ་བར་བརྟུལ་ཞུགས་ཀྱི་སྤྱོད་པ་བྱེད་པ་སྟེ། ཐ་མལ་པར་སྐད་ཅིག་

(༣༣༥)ཀྱང་གནས་པར་མི་བྱའོ། །བསྐུར་བ་དབང་གི་རིམ་པ་ནི། །དབུ་རྒྱན་ཅོད་པན་ཕྲེང་བ་སོགས། །དབང་བཞི་ཡོངས་སུ་རྫོགས་པར་བསྐུར། །ཞེས་གསུང་པའི་དོན་ཡང་། དབང་བསྐུར་གྱི་ཆོ་ག་ལས་ཤེས་པར་བྱའོ། །མཧཱ་ཡོ་གའི་གནས་པ་ནི། རིག་འཛིན་དག་ནི་རྣམ་བཞི་སྟེ། །དཔེར་ན་མངལ་དང་སྒོ་ང་བཞིན། །མངོན་དུ་འབྱུང་བར་མི་འགྱུར་ཀྱང་། །རྩལ་ཆེན་འབྱུང་བར་འགྱུར་པ་བཞིན། །རྣམ་རྟོག་གཟུགས་འདི་བོར་མ་ཐག །རིགས་མཆོག་དམ་པ་འཛིན་པར་འགྱུར། །ཞེས་གསུངས་པའི་དོན་ཡང་། མཧཱ་ཡོ་གའི་དཀྱིལ་འཁོར་བསྐྱེད་རྫོགས་གོམས་ཤིང་བརྟན་པའི་གང་ཟག་རྣམས། ད་ལྟར་ཚེ་འདི་ཉིད་ལ་སངས་རྒྱས་དང་རིག་འཛིན་དུ་མི་སྣང་ཡང་། ལུས་འདི་བོར་མ་ཐག་ཏུ་ཁྱུང་གི་སྒོ་ང་ཆག་མ་ཐོག་ལ་ཁྱུང་གི་ཕྲུ་གུ་ཉམས་རྩལ་མ་དང་མཉམ་པ་དང་། སེང་གེའི་ཕྲུ་གུ་བཙས་མ་ཐག་ཏུ་མཐུ་སྟོབས་མ་དང་མཉམ་པ་ལྟར། རྡོ་རྗེ་ཐེག་པའི་རྣལ་འབྱོར་པ་ཡང་སྐད་ཅིག་ལག་པ་རྐྱང་བསྐུམ་ལ་ལུས་བོར་མ་ཐག་ཏུ་རིག་འཛིན་གྱི་ས་ནོན་ནོ། །དཔེར་ན་མངལ་དང་སྒོ་བཞིན། །ཞེས་པའི་དོན་ཡང་དེ་ཡིན། མཧཱ་ཡོ་གའི་ཚེའི་དབང་སྒྲུབ་པ་ནི། །གསང་བ་སྙིང་པོའི་རྒྱུད་ལས་ཀྱང་། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །མི་དང་ལྷ་དང་ཚངས་པ་སོགས། །འགྲོ་བ་ཀུན་གྱི་ཚེ་དབང་འགྲུབ། །མཧཱ་ཡོ་གའི་ལུགས་ཀྱི་ཚེ་སྒྲུབ་པའི་ཐབས་སོ། །མཧཱ་ཡོ་གའི་ཕྱག་རྒྱ་ནི། །རང་ལུས་རྒྱལ་བའི་དཀྱིལ་འཁོར་ཆེ། །མཚན་དང་དཔེ་བཞི་མངོན་རྫོགས་དྲུག །ཕྱག་ཆེན་རིགས་སུ་གྲགས་པ་ཡིན།

(༣༣༦)ཞེས་གསུངས་པའི་དོན་ནི། མཚན་ཉིད་རྒྱུའི་ཐེག་པ་དང་། །ཡོ་ག་མན་ཆོད་ཀྱིས་ཕྲིན་ལས་པ་དང་ལུགས་སུ་བླུགས་པ་དང་། མཆོད་རྟེན་ལ་སོགས་པ་འདི་རྣམས་ལ་ལྷར་འདོད་པ་ཡིན་ཏེ། དེ་དང་མི་འདྲ་བར་མཧཱ་ཡོ་ག་བས་རང་གི་ལུས་ངག་ཡིད་གསུམ་ཕྱི་སྣོད་ནང་བཅུད་ཀྱིས་བསྡུས་པ་འདི་རྣམས། གདོད་མ་ནས་ལྷའི་དཀྱིལ་འཁོར་དུ་ལྷ་དང་རྟོགས་པ་དབྱེར་མེད་དུ་བྲང་སྤྲད་ནས། གོམས་ཤིང་བརྟེན་པའི་དུས་སུ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་རྫོགས་པ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་རང་སྣང་དང་གཞན་སྣང་གཉིས་ཀར་རྒྱལ་བ། མ་ཧཱ་ཡོ་གའི་ལྷུན་གྲུབ་ནི། །མི་འགྱུར་རྡོ་རྗེའི་རྒྱུད་ལས་ཀྱང་། །རང་རིག་ཡེ་ཤེས་རྒྱུད་དོན་ཕྱིར། །རང་གི་རིག་པས་མངོན་བྱས་པས། །རིག་འཛིན་མཆོག་གི་དངོས་གྲུབ་ཐོབ། །ཅེས་བྱའོ། །མ་ཧཱ་ཡོ་གའི་ས་ཆེན་ནི། །སྒྱུ་འཕྲུལ་ལེ་ལྷག་ལས། མ་ཆགས་པདྨ་ཅན་གྱིས་ས། །བླ་མེད་ལོངས་སྐུའི་ས་ཆེན་ཏེ། །ཐབས་དང་ཤེས་རབ་དབྱེར་མེད་རྫོགས། །འོག་མིན་བདེ་ཆེན་ཕོ་བྲང་ཡིན། །མཧཱ་ཡོ་གའི་ལྟ་བ་ཡིན། །སྒྱུ་འཕྲུལ་དག་ནི་རྒྱས་པ་ལས། །ཐབས་ཀྱི་ལྟ་སྤྱོད་ཆེན་པོ་ནི། །བླ་མེད་ཐེག་པ་ལས་འཕགས་པས། །དོན་དམ་དུ་ནི་སྐོར་བདུན་ནོ། །ཀུན་རྫོགས་དུ་ནི་མཉམ་རྫོགས་སོ། །ཡང་དག་སྐྱེས་མཆོག་དམ་པ་ཡིས། དོན་དམ་ཀུན་རྫོབ་དབྱེར་མེད་པར། །ཡང་དག་དོན་དུ་རབ་ཏུ་རྟོགས། །ཞེས་གསུངས་པའི་དོན་ནི་སྐུ་ལྔ་ཡེ་ཤེས་དབྱིངས་དང་ཡེ་ཤེས་གཉིས། དེ་ལྟར་བཞེད་པ་ཡང་ཡོད། ཀྲི་ཡོག་གསུམ་གྱི་ལྟ་བ་དབྱེར་མེད་གསུམ་ལས་ཁྱད་པར་དུ་འཕགས་ཤིང་། མཧཱ་ཡོ་གའི་previous hit དགོངས next hit་ལྷན་ཅིག་སྐྱེས་པ་ཆོས་ཐམས་ཅད་མཉམ་པ་ཉིད་ཡང་དག་པ་འབའ་ཞིག་ལ་ཟེར་བ་ཡིན། མཧཱ་ཡོ་གའི་ཐེག་

(༣༣༧)ཅེས་གསུངས་པའི་དོན་དེ་ཡིན། པ་ནི། ཐེག་པ་བདུན་གྱི་འབྲས་བུ་སྟེ། །ཡོངས་སུ་རྣལ་འབྱོར་ལམ་སྟེགས་ཙམ། །ཞེས་གསུང་པའི་ཕྱིར་ན། ཐེག་པ་དྲུག་གི་ལྟ་བ་སོ་སོར་འཛིན་པ་དྲུག་སྟེ། མཧཱ་ཡོ་གར་གཅིག་ཏུ་རྟོགས་པའི་ཕྱིར་ན། དོན་དམ་ནི་སྐོར་བདུན་ནོ། མཧཱ་ཡོ་གའི་གདུལ་བྱ་རྣམས་ནི་མངལ་སྐྱེས་རྣམས་ཀྱི་གཙོ་བོ་བྱས་པ་ཡིན་ཏེ། རྣལ་འབྱོར་ཆེན་པོའི་ལྷ་ཚོགས་རྣམས་ཀྱང་མངལ་སྐྱེས་ཀྱི་ཚུལ་དུ་བཞུགས་པས་ན། དེ་ལ་previous hit དགོངས་ནས་སེམས་དཔའ་གསུམ་ལྡན་གྱི་དཀྱིལ་འཁོར་བསྒོམ་ next hit་ཡང་། འབྱུང་བ་རིམ་བརྩེགས་སུ་བསྒོམ་པ་ཡང་། ཕུང་པོ་ལྔ་འབྱུང་བ་ལྔ་རང་སར་རྟོགས་པའི་བརྡ་སྟེ། དེའི་སྟེང་དུ་ཉི་ཟླ་པདྨ་འཇིག་རྟེན་གྱི་ལྷ་ཆེན་ཡབ་ཡུམ་གྱི་གདན་རྣམས་རྫོགས་པར་བསྒོམ་པ་ནི། འདོད་ཆགས་ལ་སོགས་པ་དུག་ལྔ་ལམ་དུ་སློང་བའི་བརྡ་ཡིན། གདན་དེ་རྣམས་ཀྱི་སྟེང་དུ་ཧེ་རུ་ཀ་ཡབ་ཡུམ་རྫོགས་པར་བསྒོམ་ཞིང་། ཞི་ཁྲོ་ལྷ་བརྒྱ་ལ་སོགས་པ་མ་ལ་སྐྱེས་སུ་བུ་དང་ཚ་བོ་ཡང་ཚའི་ཚུལ་དང་། རྒྱས་པར་སྤྲོ་བ་སྟེ། སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་ཀྱང་། མངལ་སྐྱེས་ཀྱི་ཚུལ་དུ་བསྒོམ་པ་ནི། དེའི་ཕྱིར་ན་ཡོ་ག་བས་མངོན་པར་བྱང་ཆུབ་པ་རྣམ་པ་ལྔར་བཞེད་པ་ཡིན། དེའི་ཕྱིར་ན། ཐེག་པ་མ་འདྲེས་སོ་སོར་སྣང་། །ཞེས་པའི་ཕྱིར་ན། སྔགས་ཕྱི་ནང་འདྲེས་ན་འབྲོག་ཡུལ་འཆོལ་པའི་བཤད་པ་བྱ་བ་ཡིན་པའི་ཕྱིར་ན་མཁས་པ་རྣམས་ཀྱིས་མཁྱེན་པར་མཛོད། མ་འོངས་དུས་ཀྱི་གདུལ་བྱ་རྣམས་ཀྱིས་ཀྱང་། གསང་སྔགས་རྙིང་མའི་མཧཱ་ཡོ་གའི་རྒྱུ་ཤེས། ལམ་ཤེས། འབྲས་བུ་ཤེས་ཤིང་། ཕུན་སུམ་ཚོགས་

(༣༣༨)པ་རྣམ་པ་ལྔའི་གྲུབ་མཐའ་སོ་སོར་ཕྱེད་ནས་དེ་ལ་གནས་པར་མི་བྱའོ། །དེ་ཡན་ཆོད་མཧཱ་ཡོ་ག་བསྟན་པ་སྤྱི་གཞུང་གི་བཞེད་པའོ།། །།ད་ནི་རྗེ་ཆེན་པོ་ཏཻ་ལོ་པའི་previous hit དགོངས་པས། བྱིན་གྱིས་བརླབས་པའི་མཁས་ལ་གྲུབ་ next hit་ཐོབ་པའི་རྗེ་ཆེན་པོ་ནཱ་རོ་བརྒྱུད་པའི་བཞེད་previous hit དགོངས་ཀྱིས། ཀུན་གཞི་དངོས་པོ་གཤིས་ཀྱི་གནས་ལུགས་ཆུ་གཙང་མ་དང་གསེར་ལྟ་བུའི་དྲི་མ་མེད་ next hit་དེ། རང་སེམས་ཆོས་སྐུ་བློ་ལས་འདས་པའི་ཡེ་ཤེས་ཆོས་ཀྱི་སྐུ་རབ་འབྱམ་མཐའ་དང་དབུས་མེད་པའི་དོན་རྟོགས་ན་ཕུང་པོ་ལྔ་དང་འབྱུང་བ་ལྔ་རྟེན་འབྲེལ་བཅུ་གཉིས་ཁམས་དང་འབྱེད་པའི་སྐྱེས་བུ་བཅུ་གཉིས་ལ་སོགས་པ་གྲངས་ཅན་དྲུག་བཅུ་རྩ་བཞི་དང་། གྲངས་མེད་ཚད་ལས་འདས་པ་རྣམས་དུ་མ་རོ་གཅིག་ཏུ་རྟོགས་ཤིང་དེ་ལ་གོམས་པ་དང་འདྲིས་པ་དང་། རོ་གཅིག་ཆེན་པོའི་དོན་དབང་ཐོབ་ན། མཧཱ་ཡོ་ག་ཡན་ཆོད། །ཐེག་པ་བདུན་གྱི་རྒྱུ་རྟོགས། ལམ་རྟོགས་འབྲས་བུ་རྟོགས། གྲུབ་མཐའ་དང་ཕུན་སུམ་ཚོགས་པ་རྣམས་ཀྱང་མ་འདྲེས་ལ་ཡོངས་སུ་རྫོགས་པར་སྒྲ་དང་དོན་ངོ་བོ་གཅིག་ལ་མཚན་ཉིད་སོ་སོར་རྟོགས་པའི་ཕྱིར་ན། གསང་སྔགས་ཀུན་བདག་ཀུན་ཏུ་བཟང་། །ཀུན་བཟང་རྒྱལ་པོ་ཡབ་ཡུམ་དང་། །རྟོགས་ལྡན་རྒྱལ་པོ་ཐ་དད་མེད། །ཞེས་ས་ར་ཧ་ཡིས་གསུངས་པའི་ཕྱིར་ན། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རྟོགས་ན། དཔལ་ཀུན་ཏུ་བཟང་པོ་དང་ཐ་དད་མེད་པ་ཡིན། དེའི་ཕྱིར་ན་རྗེ་ནཱ་རོ་པ་མན་ཆོད་དང་རང་བྱུང་རྡོ་རྗེ་ཡན་ཆད་དུ། ངར་འཛིན་གྱི་ལྟ་བ་ཉི་ཤུ་རྩ་གཅིག་དུ་མ་རོ་གཅིག་ཆེན་པོར་རྟོགས་པ་རྒྱུན་མི་འཆད་པའི་བར་སྐབས་

(༣༣༩)ལགས་སོ།། །།གསང་སྔགས་གསར་མའི་མཧཱ་ཡོ་གའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ། འོག་མིན་གྱི་གནས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ན། དཔལ་དྲུག་པ་རྡོ་རྗེ་འཆང་ཡུམ་རྡོ་རྗེ་ཕག་མོ་དབྱེར་མེད་པ་ཡབ་ཡུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་། གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་མཁའ་དང་གསང་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྙོམས་པར་ཞུགས་ཤིང་བཞུགས་པའི་དུས་སུ་རིགས་བཞིའི་མཁའ་འགྲོ་མ་ལ་སོགས་ཏེ། དཔའ་བོ་མཁའ་འགྲོ་རྣམས་ཀྱིས་རྡོ་རྗེའི་གླུས་བསྐུལ་ཞིང་། ཕྱི་ནང་གསང་གསུམ་གྱི་མཆོད་པ་ཕུལ་ནས། རྡོ་རྗེ་ཐེག་པའི་གསང་བའི་མཛོད། གསུང་རབས་ཞུས་པའི་དུས་སུ་དཔལ་དྲུག་པ་རྡོ་རྗེ་འཆང་ཡབ་ཡུམ་ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུར་ཉི་མའི་དཀྱིལ་འཁོར་མཁའ་ལ་ཤར་བ་བཞིན་དུ་གཞེངས་ནས། མཧཱ་ཡོ་གའི་རྒྱུད་རྣམས་གསུངས་པ་སྟེ། དེ་ལ་སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་། བདེ་མཆོག་འཁོར་ལོའི་རྒྱུད་ལས་ཀྱང་། །རིགས་ལྔ་ལ་ནི་ཀུན་སྤྱོད་པ། །རིགས་གཅིག་ཏུ་ནི་རྣམ་པར་བརྟགས། །ཞེས་གསུང་པའི་ཕྱིར་ན། ལྔ་བསྡུས་སྤྱི་བོ་གཅིག་གིས་བསྣན། །ཞེས་པའི་ཕྱིར་ན། རིགས་ལྔ་ཡབ་ཡུམ་བཅུ་ངོ་བོ་གཅིག་ཏུ་རྫོགས་པ་ནི་རྡོ་རྗེ་འཆང་། རྫོགས་པ་ཆེན་པོ་ཀུན་བྱེད་རྒྱལ་པོའི་ལུང་ལས་མ་ཧཱ་རྡོ་རྗེ་འཆང་འདོད་པ་ཞེས་གསུངས་པའི་ཕྱིར་ན། མཧཱ་ཡོ་གའི་འབྲས་བུ་མཐར་ཐུག་པ་དེ་རྡོ་རྗེ་འཆང་དུ་འདོད་པའི་ཕྱིར་ན་སྟོན་པ་ཕུན་སུམ་ཚོགས་པ་དཔལ་རྡོ་རྗེ་འཆང་། གནས་ཕུན་སུམ་ཚོགས་པ་འོག་མིན་གྱི་གནས། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཏེ། previous hit དགོངས next hit་འདུས་པའི་མདོ་ལས་ཀྱང་། གསང་ཆེན་རིགས་གཅིག་བརྟག་པར་བཞུགས། གསུངས་པའི་ཕྱིར་ན།

(༣༤༠)རྡོ་རྗེ་འཆང་གི་གནས་བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཏེ། དོན་དམ་པར་ན། གནས་ཕུན་སུམ་ཚོགས་པ་རྡོ་རྗེ་བཙུན་མོའི་བྷ་ག་ཆོས་ཀྱི་དབྱིངས་བདེ་བ་ཆེན་པོའི་གནས་སུ་ཞེས་པ་སྟེ། གནས་ཕུན་སུམ་ཚོགས་པའོ། །འཁོར་ཕུན་སུམ་ཚོགས་པ་ཉིད་ལས་མི་གཞན་པའི་རིགས་ལྔ་ཡབ་ཡུམ་བཅུ་དང་། དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཏེ། འཁོར་ཕུན་སུམ་ཚོགས་པའོ། །བསྟན་པ་ཕུན་སུམ་ཚོགས་པ་རྒྱུད་མ་རྒྱུད་ཀྱི་རྒྱུད་སྡེ་རྣམས་སོ། །དུས་ཕུན་སུམ་ཚོགས་པ་གསང་སྔགས་བརྡ་ཡིས་མཚོན་པའི་དུས་སུའོ། །སྡུད་པ་ཕུན་སུམ་ཚོགས་པ་ཕྱག་ན་རྡོ་རྗེ་དང་ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་དབྱེར་མེད་པས་བསྡུས་པའོ། །དེ་ལྟར་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སར་ཕུན་སུམ་ཚོགས་པ་རྣམ་པ་ལྔར་རང་བཞིན་གྱིས་ལྷུན་གྱིས་གྲུབ་པར་ངོ་བོ་གཅིག་ཏུ་བཞུགས་པའོ། །མིའི་ཡུལ་དུ་དཔལ་རྡོ་རྗེ་འཆང་ལ་སོགས་པ་སངས་རྒྱས་རྣམས་ཀྱི་རྣམ་པར་འཕྲུལ་པ་འཛམ་བུའི་གླིང་དུ་བྱོན་ནས། སེམས་ཅན་གདུལ་བྱ་རྣམས་ཀྱི་སྣང་ངོ་དང་བསྟུན་ནས་བསྐལ་པ་གྲངས་མེད་པ་གསུམ་དུ་ཚོགས་བསགས་པ་དང་། སྒྲིབ་པ་སྦྱང་བ་དང་། མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་ནས། མཚན་ཉིད་དགུའི་ཐེག་པ་གསུམ་ཀྲི་ཡ་ཡོ་གའི་ཐེག་པ་གསུམ་ལ་སོགས་པ་གསུངས་ནས། ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་ནས། དེའི་ཚེ་དེའི་དུས་ན་ཆོས་ཀྱི་གཎྜི་ཆེན་པོ་བརྡུངས་ན། ཐམས་ཅད་དང་ལྡན་པའི་འཁོར་བསྡུས་ནས། བཅོམ་ལྡན་འདས་ཀྱིས་མྱ་ངན་ལས་འདས་པའི་མདོར་ཞལ་ཆེམས་འབུམ་གསུངས་

(༣༤༡)ནས། མྱ་ངན་འདའ་མདོ་ཉིད་ལས་མ་འོངས་པའི་དུས་སུ་ལུང་བསྟན་པ། ང་ནི་མྱ་ངན་འདས་འོག་ཏུ། ལོ་ནི་བཞི་བརྒྱ་ལོན་པ་ན། ལྷོ་ཕྱོགས་བེ་ཏའི་ཚལ་དུ་ནི། དགེ་སློང་ཀླུ་ཞེས་བྱ་བ་འབྱུང་། །ཞེས་གདུལ་བྱ་རིམ་གྱིས་འཇུག་པ་རྣམས་འདུལ་བར་ལུང་བསྟན་ནོ། །ཡང་མདོ་སྡེ་གསུམ་བཀོད་པའི་རྒྱལ་པོ་ལས། བཅོམ་ལྡན་འདས་ཀྱིས་དབང་པོ་ཡང་རབ་གསང་སྔགས་རྡོ་རྗེ་ཐེག་པའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་ཡིས། སྐད་ཅིག་མ་ཉི་ཤུ་རྩ་གཅིག་གམ། མི་ཚེ་གཅིག་གིས་སངས་རྒྱས་པའི་དོན་དུ། ང་ནི་མྱ་ངན་འདས་འོག་ན། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །འཛམ་གླིང་རྒྱ་གར་ཤར་ཕྱོགས་སུ། །ས་ར་ཧ་ཞེས་བྱ་བ་འབྱུང་། །ཞེས་ལུང་བསྟན་ནས་ཐུབ་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་སོ།། །།དེ་ལ་མ་ཧཱ་ཡོ་གའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་མི་ཡུལ་དུ་བྱོན་པ་ནི། བྲམ་ཟེ་ཆེན་པོ་ས་ར་ཧ། མཚན་རིགས་མི་གཅིག་པ་བཅུ་དྲུག་བརྟགས་ནས། མཧཱ་ཡོ་གའི་རྡོ་རྗེ་ཐེག་པ་བརྡ་ཡིས་མཚོན་ནས་མི་ཡུལ་དུ་བྱུང་བ་ནི། རྗེ་ཆེན་པོ་ཏཻ་ལོ་ལོ་པ་ཡང་ས་ར་ཧ་དང་ཐ་དད་མེད། རྫོགས་པ་ཆེན་པོ་ལ་ཡང་བྲམ་ཟེ་མཛོད་དུ་བཏགས་ནས། བྲམ་ཟེའི་སྐོར་མང་དུ་གསུངས་པ་ཡིན། ཁྲོ་བོ་གནམ་ལྕགས་ཨུར་ལོའི་རྒྱུད་ནས་ཀྱང་། ཧཱུྃ་ཡོངས་སུ་དག་པའི་དཀྱིལ་འཁོར་དུ། ཕྱོགས་བཅུ་སངས་རྒྱས་ཁྲོ་བོ་གཞེངས། །དྲག་པོས་འདུལ་ལ་ཁྲོ་བོ་བཅུ། །ཞི་བས་འདུལ་ལ་སེམས་དཔའ་བརྒྱད། །ཐེག་པ་དམན་ལ་མཆོག་བརྒྱད་དེ། །ཚེ་འདིར་སྒྲུབ་པའི་གང་ཟག་ལ། །རྣལ་འབྱོར་ཆེན་པོ་བརྒྱད་དུ་

(༣༤༢)སྤྲུལ། །ཞེས་གསུང་པའི་ཕྱིར་ན། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་པར་འཕྲུལ་པ་ཤཱཀྱ་ཐུབ་པ་ཡིན་ན། ཤཱཀྱ་ཐུབ་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྣམ་པར་འཕྲུལ་པ། རྣམ་པར་ཤེས་པའི་ཚོགས་བརྒྱད་ལྟ་བུ་སྟེ། རྣམ་པར་དག་ཅིང་ཡོངས་སུ་རྫོགས་པ་ལས། ས་ར་ཧ་ཡིས་གཙོ་མཛད་པའི་གྲུབ་ཆེན་བརྒྱད་དུ་བྱོན་པ་ཡིན། རྣམ་པར་འཕྲུལ་པ་ལྟ་བུར་གྲུབ་ཆེན་བདུན། རྗེ་ཆེན་པོ་ཏཻ་ལོ་པ་ལ་སོགས་པ་རྣམས་ལུང་བསྟན་དུས་ལ་བབ་པའི་དུས་སུ་བྱོན་ནས། གསང་སྔགས་གསར་མའི་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་མི་ཡུལ་དུ་བྱོན་པ་སྟེ། དེ་ནས་གསང་སྔགས་གསར་མའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་མི་ཡུལ་དུ་བྱོན་པ་ནི་རྡོ་རྗེ་གདན་གྱི་ནུབ་ཕྱོགས། ཨོ་རྒྱན་མཁའ་འགྲོའི་གནས་ཡིན་ལ། རང་བཞིན་ལྷུན་གྱིས་གྲུབ་པའི་གནས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཡིན། གཟུགས་སྐུ་མཁའ་འགྲོའི་ཚོགས་ནི་ནུབ་ཕྱོགས་ཨོ་རྒྱན་ཏེ། དག་སྣང་ཕྱོགས་མེད་དུ་ཤར་བའི་ཨོ་རྒྱན་དང་གསུམ་ཡིན་པ་ལས། ནུབ་ཕྱོགས་ཨུ་རྒྱན་བདེ་མཆོག་འཁོར་ལོ་ཡབ་ཡུམ་བཞུགས་པའི་གནས་ཡིན་ནོ། །གནས་ཕུན་སུམ་ཚོགས་པའོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། །བདེ་མཆོག་འཁོར་ལོ་ཡབ་ཡུམ་སྟེ། །འཁོར་ཕུན་སུམ་ཚོགས་པ་ནི་རིགས་བཞི་བདེ་མཆོག་ཡབ་ཡུམ་དང་། དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱིས་བསྐོར་ནས་བཞུགས་པ་ནི་འཁོར་ཕུན་སུམ་ཚོགས་པའོ། །བསྟན་པ་ཕུན་སུམ་ཚོགས་པ་ནི། །ཕའི་རྒྱུད་དང་མའི་རྒྱུད་སྐོར་གསུམ་ཆ་ལག་དང་བཅས་པ་བརྡ་ཡིས་མཚོན་ཏེ་གསུངས་ནས་བསྟན་

(༣༤༣)པ་ཕུན་སུམ་ཚོགས་པའོ། དེའི་ཕྱིར་ན་འཁོར་ལོ་བདེ་མཆོག་གི་ཞལ་ནས་ཀྱང་། སངས་རྒྱས་ཀུན་གྱི་བདག་ཉིད་གཙོ། །ང་ནི་རང་བྱུང་སངས་རྒྱས་ཏེ། །ཆོས་ཀྱང་རང་བྱུང་ཉིད་ཡིན་ཏེ། །བཤད་པ་པོ་ང་ཆོས་ཀྱང་ང་། །ཚོགས་ཀྱི་ནང་ན་ཉན་པ་ང་། །འཇིག་རྟེན་འདས་པ་སྒྲུབ་བྱད་ང་། །ཞུ་བ་པོ་ཡང་ང་ཉིད་ཡིན། །སངས་རྒྱས་སྐུ་གསུམ་ང་ཡི་འཁོར། །གསང་སྔགས་རྒྱལ་པོ་དོན་གྱི་མཆོག །གསང་སྔགས་མཆོག་རྣམས་ཁྱོད་ལ་གཏད། །ཅེས་གསུང་ནས་ཐབས་དང་ཤེས་རབ་ཀྱི་རྒྱུད་མན་ངག་དང་བཅས་པ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བསྐྱེད་པར་བྱེད་པའི་ཡུམ་རྡོ་རྗེ་རྣལ་འབྱོར་མ་ལ་གཏད་ནས་འཁོར་ལོ་བདེ་མཆོག་འཁོར་ལོ་ཚོགས་ཆེན་གྱི་ས་ལ་བཞུགས། དེ་ནས་ནུབ་ཕྱོགས་ཨོ་རྒྱན་གྱི་གནས་ན་གསང་སྔགས་ཀྱི་མཛོད་རྒྱ་མཚོ་ཙམ་ཆོས་སྐུ་རྡོ་རྗེ་ཕག་མོའི་གཙོ་བོ་མཛད་ནས་ལོངས་སྐུ་སྤྲུལ་སྐུའི་མཁའ་འགྲོ་གསུམ་གྱི་ཚོགས་དང་བཅས་ཏེ་བཞུགས་པ་ལས་རྗེ་ཆེན་པོ་ས་ར་ཧའི་རྣམ་པར་འཕྲུལ་པ་གྲུབ་ཆེན་བརྒྱད་ཀྱིས་རྒྱུད་སྡེ་རྣམས་མི་ཡུལ་དུ་བསྒྱུར་བ་སྟེ། ཕ་རྒྱུད་མ་རྒྱུད་ཀྱི་རྒྱུད་རེ་རེ་ལ་ཡང་གླེང་གཞི་རིགས་མི་གཅིག་པ་རེ་རེར་ཡོད་པ་ཡིན་ཏེ། ཚིག་ལ་ཐ་དད་ཡོད་ཀྱང་དོན་ལ་ངོ་བོ་གཅིག་པའོ། །དེ་ལ་དྲང་དོན་གྱི་སྒོ་ནས་གདུལ་བྱ་མི་རྣམས་དང་ཁམས་རྒྱུད་བསྟུན་ནས་བྱོན་པ་ནི། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་གནྡྷོ་ལའི་གཙུག་ལག་གི་ཁང་ནང་། དྷརྨ་གྷ་ཛ་ཆོས་ཀྱི་མཛོད་ནས་མཁའ་འགྲོ་མ་གསུམ་བཞུགས་ཏེ། ཕྱི་སྤྲུལ་སྐུ་ཟ་བྱེད་ལས་ཀྱི་མཁའ་འགྲོ་མའི་ཚུལ་དུ་གནས་ཏེ།

(༣༤༤)སྣོད་དང་མི་ལྡན་པ་རྣམས་ཚར་གཅོད་པར་བྱེད། ནང་ལོངས་སྐུ་ལས་ཀྱི་མཁའ་འགྲོ་མ་དཀོར་མཛོད་རྣམ་པ་གསུམ་དུ་རྒྱུད་ཐམས་ཅད་དང་ཡིད་བཞིན་ནོར་བུ་རྣམ་པ་གསུམ་ནི་བཞུགས། མི་ཕྱེད་པའི་ལྕགས་རྣམ་པ་གསུམ་དུ་བཅུག །རྒྱ་དང་འབོས་དང་ལྕགས་རིས་ནི་བསྐོར། རྒྱུད་ཐམས་ཅད་ཀྱི་བདག་མོ་མཛོད། གསང་བ་ཆོས་སྐུ་དྲི་མེད་མཁའ་འགྲོ་མ་ནི་བརྗོད་དུ་མེད་པའི་གནས་ན་བཞུགས། གཉིས་སུ་མེད་པའི་ཚུལ་དུ་བཞུགས་སོ། །དེའི་ཚེ་དེའི་དུས་ན་འཁོར་ལོ་བདེ་མཆོག་དངོས་སུ་རྗེ་ཏཻ་ལོ་པར་སྤྲུལ་ནས་བྱོན་པ་སྟེ། དེ་ལ་རྗེ་ཏཻ་ལོ་པ་ཡིན་ན་ཡང་། སྣང་བ་དག་པ་རྣམས་ལ་སྐུ་ལྔ་ཡོངས་སུ་རྫོགས་པའི་ཧེ་རུ་ཀར་བསྟན་པ་སྟེ། ཆོས་ཀྱི་དབྱིངས་རབ་འབྱམ་བདེ་བ་ཆེན་པོའི་གནས་ཨོ་རྒྱན་དག་པའི་སྣང་བ་ཤར་ནས། ཏཻ་ལོ་པ་ཉིད་དཔལ་རྡོ་རྗེ་འཆང་ཡབ་ཡུམ་གྱི་ངོ་བོར་བཞུགས་ནས་བརྡ་ཡིས་མཚོན་ནས་གསུངས་པ་ནི། ང་ལུས་ཀྱཻ་རྡོ་རྗེ་ཡིན། ངག་ནི་མཧཱ་མ་ཡ་ཡིན། །སེམས་ནི་འཁོར་ལོ་བདེ་མཆོག་ཡིན། དབང་པོ་གསང་བ་འདུས་པ་ཡིན། །ཡན་ལག་སྒྲ་རྒྱུད་ནག་པོ་ལ། །ཉིང་ལག་རྡོ་རྗེ་འཇིགས་བྱེད་ཡིན། །རྩ་གནས་རྡོ་རྗེ་གདན་བཞི་ལ། །རླུང་གནས་རྡོ་རྗེ་ཕྲེང་བ་ཡིན། །ཐིག་ལེ་གསང་བ་མཛོད་འཛིན་ཡིན། །གཙུག་གཏོར་སངས་རྒྱས་ཐོད་པ་ཡིན། །ཐམས་ཅད་བདག་ཉིད་དུས་འཁོར་ལོ། །བདེ་ཆེན་སངས་རྒྱས་མཉམ་སྦྱོར་ཡིན། །བ་སྤུ་དུས་གསུམ་སངས་རྒྱས་ཀྱི། །སྐུ་གསུང་ཐུགས་དང་དབྱེར་མེདཡིན། །ཞེས་གསུངས་པའི་ཕྱིར་ན། གསང་སྔགས་གསར་མའི་ཕ་རྒྱུད་མ་རྒྱུད་ལྷ་ཚོགས་

(༣༤༥)རྣམས་རྗེ་ཏཻ་ལོ་པ་རྡོ་རྗེ་འཆང་དང་དབྱེར་མེད་པ་དེ་ཡིས། དབང་པོ་ཡང་རབ་རྣམས་ལ་དཀྱིལ་འཁོར་ཆེན་པོར་བསྟན་ཞིང་། རྒྱུད་སྡེ་ཐམས་ཅད་བཤད་པར་བཞེད་པ་སྟེ། མཧཱ་ཡོ་ག་མི་ཡུལ་དུ་བྱོན་པའི་ཕུན་སུམ་ཚོགས་པ་བཞིའི་དུས་ཕུན་སུམ་ཚོགས་པ་ནི། འཛམ་བུ་གླིང་པའི་མི་རྣམས་ཚེ་ལོ་བརྒྱ་པ་ཁམས་དངས་ཤིང་། དགུ་བཅུ་ལྷག་ཙམ་ཐུབ་པའི་དུས་སུ་གསུངས་པ་ནི་དུས་ཕུན་ཕུན་སུམ་ཚོགས་པའོ། །དེ་ལ་ཏཻ་ལོ་པའི་གླེང་གཞི་ཡིན་ན། ཡོན་ཏན་རྣམ་པ་བཞིའི་གླེང་གཞི་ཡོད་དེ། བདེ་མཆོག་འཁོར་ལོ་ཉིད་ཡིན་པའི་ཡོན་ཏན་དང་། བདེ་མཆོག་གི་སྤྲུལ་པ་ཡིན་པའི་ཡོན་ཏན་དང་། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བསྡུས་ཏེ་བསྟན་པའི་ཡོན་ཏན་དང་། མི་རང་རྒྱུད་པར་བསྟན་པའི་ཡོན་ཏན་དང་བཞིའོ། །དེ་ལ་སྣང་བ་མ་དག་པ་རྣམས་ལ་མི་རང་རྒྱུད་པའི་ཚུལ་དུ་བྱུང་བ་ནི། ཡུལ་ཤར་ཕྱོགས་ཟ་ཧོར་གྱི་གྲོང་ཁྱེར་བྱེ་བྲག་འཛ་གོ་ན། ཡབ་བྲམ་ཟེ་གསལ་བ། ཡུམ་བྲམ་ཟེ་གསལ་ལྡན་མ། སྲིང་མོ་བྲམ་ཟེ་གསལ་སྒྲོན་མ། མིང་པོ་བྲམ་ཟེ་གསལ་འོད་བྱ་བ་ཡིན། བྱུང་བའི་དུས་སུ་ཁང་པ་འོད་ཀྱིས་གང་། །ངོ་མཚར་ཅན་གྱི་ལྟས་སྣ་ཚོགས་བྱུང་ནས། །བྲམ་ཟེ་མཚན་མཁན་ལ་བསྟན་པས། །འདི་ནི་ལྷ་ཀླུ་གནོད་སྦྱིན་དང་། །སངས་རྒྱས་གང་ཡིན་མ་འཚལ་བས་སྐྱེས་བུ་ངོ་མཚན་ཅན་གྱི་མཆོག །དེ་ཕྱིར་འདི་ནི་ལེགས་པར་སྐྱོངས། །ཞེས་ཟེར་ནས་ཤིན་ཏུ་གཅེས་པར་སྐྱོང་ཞིང་ཡོད་ཙ་ན། བུད་མེད་མི་སྡུག་པའི་མཚན་སུམ་བཅུ་རྩ་གཉིས་དང་ལྡན་པ་ཅིག་

(༣༤༦)བྱུང་ནས་ནང་དུ་བྱུང་བ་ལ་འདི་སུ་ཡིན། ཕྱིར་ན་བུད་བྱས་པ་ལས། བུད་མེད་དེ་ཕྱིར་སོང་ནས། གཅེས་པར་སྐྱངས་ཀྱང་མི་འཆི་བའི། ས་ཕྱོགས་དེ་ནི་ཡོད་མ་ཡིན། །ཟེར་ཞིང་ཐལ་བ་ལས། བྲམ་ཟེ་ཡབ་ཡུམ་གཉིས་ན་རེ། །རྒྱུག་ལ་དྲིས་དང་། བྱིས་པ་འདི་འཆི་བ་ཡིན་ནམ། མིན་དྲིས་དང་། མཁའ་འགྲོ་མ་ཡིན་སྲིད་པས། ཞེས་ཟེར་བ་ལས། དེ་ནས་འདས་ནས་དྲིས་པ་ལས། བུད་མེད་དེའི་ཞལ་ནས། མ་ཧེ་སྐྱོང་ཞིང་ཡི་གེ་སློབས། མཁའ་འགྲོ་མ་ཡི་ལུང་བསྟན་འབྱུང་། །ཞེས་གསུང་སྐད། ཁྱིམ་དུ་འོངས་ནས་བཟླས་པ་ལས། དེ་སྔོན་དུ་ཡང་ཅི་ཟེར་བདེན་པར་བྱུང་བའི་ཕྱིར་ན། འདི་ཡང་བདེན་ཟེར་ནས་ཤིང་ཤ་པའི་ནགས་ཚལ་དུ་མ་ཧེ་སྐྱོང་ཞིང་ཡི་གེ་སློབ་ཏུ་བཅུག་པའི་དུས་སུ། ཉིན་གཅིག་གི་དུས་ན། སྔར་གྱི་བུད་མེད་སྐྱུག་བྲོ་བ་དེ་བྱུང་ནས། བྲམ་ཟེ་གསལ་འོད་ལ་དྲིས་པ། ཁྱོད་ཀྱི་ཡུལ་གང་ཡིན། ཡབ་གང་ཡིན། ཡུམ་གང་ཡིན། ཁྱེད་རང་གང་ཡིན། ཟེར་བ་ལ། བུ་ཚ་ན་རེ། ཡུལ་ནི་ཤར་ཕྱོགས་འཛ་གོ་ཡིན། །ཡབ་ནི་བྲམ་ཟེ་གསལ་བ་ཡིན། །ཡུམ་ནི་བྲམ་ཟེ་གསལ་ལྡན་མ། །སྲིང་མོ་བྲམ་ཟེ་གསལ་སྒྲོན་མ། །ང་རང་བྲམ་ཟེ་གསལ་འོད་ཡིན། །ཤིང་ནི་ཤ་པའི་སྡོང་པོ་ཡིན། །མ་ཧེ་ནོར་ཕྱིར་སྐྱོང་བ་ཡིན། ཡི་གེ་བསླབས་ནས་དམ་ཆོས་བྱེད་བྱས་པ་ལས། རྒན་མོ་དེའི་ཞལ་ནས། དེ་རྣམས་ཐམས་ཅད་ནོར་བ་ཡིན། ཟེར་སྐད། འོ་ན་མ་ནོར་བ་གང་ཡིན་ཞུས་པ་ལས། ཡུལ་ནི་ནུབ་ཕྱོགས་ཨོ་རྒྱན་ཡིན། །ཡབ་ནི་བདེ་མཆོག་འཁོར་ལོ་ཡིན།

(༣༤༧)ཡུམ་ནི་རྡོ་རྗེ་རྣལ་འབྱོར་མ། །སྲིང་མོ་ང་ནི་བདེ་སྟེར་མ། །མིང་པོ་པཉྩ་པ་ན་ཡིན། བྱང་ཆུབ་ཤིང་གི་ནགས་ཚལ་དུ། །ཉམས་མྱོང་མ་ཧེ་སྐྱོང་འདོད་ན། །སྙན་རྒྱུད་ཡི་གེ་དང་བྲལ་བ། །དྲི་མེད་མཁའ་འགྲོ་མ་ལ་ཡོད། །ཅེས་གསུང་པ་ལས། དེ་ངས་མི་ལོན་བྱས་པ་ལ། །ལུང་བསྟན་དམ་ཚིག་ལྡན་པ་ཡི། །གྲུབ་ཐོབ་ཁྱོད་ཀྱིས་བླངས་ན་ལོན། །ཞེས་གསུང་ནས། ཤེལ་གྱི་སྐས་དང་། རིན་པོ་ཆེའི་ཟམ་པ་དང་། །བྱི་གཟུངས་གསུམ་བསྐུར་ནས། སྐས་དང་ཟམ་པས་རྒྱ་དང་འོབས་འཇོམས། བྱི་ཟུངས་འབྲས་བུས་སྒོ་ལྕགས་འབྱེད་གསུང་ནས་བྲམ་ཟེ་གསལ་འོད་ཨོ་རྒྱན་དུ་ཕྱིན་ནས་གནྡྷོ་ལའི་གཙུག་ལག་ཁང་གི་སྒོར་ཕྱིན་ཙ་ན། ཕྱི་ཟ་བྱེད་ལས་ཀྱི་མཁའ་འགྲོ་མ་བྱུང་ནས། ང་ནི་ཟ་བྱེད་ལས་ཀྱི་མཁའ་འགྲོ་མ། ཤ་ལ་དགའ་ཞིང་ཁྲག་ལ་རྔམ། ཟེར་ནས་བྱུང་བ་ལས། ཏཻ་ལོ་པས་ལྟ་སྟངས་གསུམ་བྱས་ཏེ། ལུས་འཇིགས་པའི་ལྟ་སྟངས་དང་། ངག་རྔམ་པའི་ལྟ་སྟངས་དང་། སེམས་སྐྲག་པའི་ལྟ་སྟངས་བྱས་ནས། ཆེར་འཇིགས། མཁའ་འགྲོ་དུ་མས་ཀྱང་། ང་ཡི་བ་སྤུའི་རྩེ་མི་གཡོ། །གསུངས་པས་མཁའ་འགྲོ་མ་རྣམས་བརྒྱལ་ནས། བརྒྱལ་སངས་པ་དང་། ཐལ་མོ་སྦྱར་ཏེ་མར་མེ་ལ་ནི་སྦྲང་མ་བཞིན། །བདག་འཇོམས་སྒོ་མ་ག་ལ་ཡོད། །བདག་ནི་འབངས་ལྟར་དབང་ཆུང་བས། །རྒྱལ་མོ་དག་ལ་མ་དྲིས་ན། །བདག་གི་ཤ་ཟ་ཁྲག་འཐུང་བས། །དམ་previous hit ་བདག་ལ་ཉེར་དགོངས next hit་མཛོད།

(༣༤༨)དེ་ནས་རྒྱལ་མོ་ལ་དྲིས་པས། །ནང་དུ་ཐང་དང་རང་གིས་ཟ་ཟེར་ནས། །གཞལ་ཡས་ཁང་གི་ནང་དུ་ཕྱིན་དུས་སུ། །རྗེ་ཆེན་པོ་ཏཻ་ལོ་པས་རྡོ་རྗེ་ཕག་མོ་ལ་ཕྱག་དང་གུས་པ་མ་བྱས་པས་མཁའ་འགྲོར་གྱི་མཁའ་འགྲོ་མ་རྣམས་ན་རེ། འདི་ནི་དུས་གསུམ་སངས་རྒྱས་ཀྱི། །ཡུམ་གྱུར་རྡོ་རྗེ་ཕག་མོ་ལ། །མ་གུས་ཚུལ་ཅན་ཅིས་མི་གཞོམ། །གསུང་བ་ལ། རྡོ་རྗེ་ཕག་མོ་ཉིད་ཀྱི་ཞལ་ནས། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡབ་གཅིག་བདེ་མཆོག་འཁོར་ལོ་སྟེ། །མཁའ་ལ་རྡོ་རྗེ་ཆར་ཆེན་སོགས། །ཐོག་དང་སེར་དྲག་ཆར་ཕབ་ཀྱང་། །གཞོམ་པར་མི་ནུས་ཆོས་བྱིན་ཅིག །གསུང་ནས། ལོངས་སྐུ་སྤྲུལ་སྐུའི་མཁའ་འགྲོ་མ་རྣམས་ཀྱིས་རྒྱུད་ཐམས་ཅད་སྣང་བའོ། །དེ་ནས་ཏཻ་ལོ་པའི་ཞལ་ནས། །ནམ་མཁའ་ལ་ནི་བྱ་བཞིན་དུ། །ཐོགས་མེད་ཤེས་རབ་བཟང་པོ་འགྲོ། །ཞེས་གསུང་པས། མཁའ་འགྲོ་རྣམས་ཀྱི་ཞལ་ནས། །དམ་པ་ཁྱེད་ནི་གང་དུ་བཞུད། །བདག་ཅག་དོན་དུ་བཞུགས་སུ་གསོལ། །ཞེས་གསོལ་བ་བཏབ་པ་ལས། ཡང་ཏཻ་ལོ་པས། ན་རོ་རི་རི་ཀ་སོ་རི། །དེ་གསུམ་དོན་དུ་རྣལ་འབྱོར་བདག །གཙུག་གི་ནོར་བུའི་དགོན་པར་འགྲོ། །ཞེས་གསུང་སྐད། དེ་ནས་བདེ་མཆོག་རྩ་བའི་རྒྱུད་དང་ལེའུ་ལྔ་བཅུ་རྩ་བཞི་པས་ཐོག་དྲངས་ནས། བདེ་མཆོག་གི་རྒྱུད་ཐམས་ཅད་མི་ཡུལ་དུ་གདན་དྲངས་ནས་དར་བར་མཛད་པའོ། །ཕ་རྒྱུད་མ་རྒྱུད་ཐམས་ཅད་ཀྱང་ཨོ་རྒྱན་ནས་གདན་དྲངས་ཤིང་། །མཁའ་འགྲོ་མའི་ཚོགས་རྣམས་ལ་དབང་བསྒྱུར་བ་སོགས་འཁོར་ལོ་བདེ་མཆོག་གི་སྤྲུལ་པ་རྗེ་ཏཻ་ལོ་པ་ཡིན།

(༣༤༩)རྗེ་ཆེན་པོ་ཏཻ་ལོ་པ་ལ་མིའི་བླ་མ་ཡོད་དམ་མེད་ཅེས་དྲིས་པ་ལས། མིའི་བླ་མ་མེད་པར་གསུངས་པ་ནི། །ཏཻ་ལོ་པའི་ཞལ་ནས། གནས་ནི་མྱ་ངན་མེད་པ་ཡིན། །མཁན་པོ་མ་དང་ཞང་པོ་ཡིན། །ང་རང་དགེ་སློང་ཀ་ལ་པ། ངས་ནི་བསྐལ་པ་བྱེ་བ་རུ། །ཨཱརྱ་དེ་ཝ་ཀླུ་སྒྲུབ་དང་། །སངས་རྒྱས་དག་དང་ང་གཏམ་བྱས། །ས་ར་ཧ་ནི་ཆེན་པོས་ཀྱང་། །རྟོགས་པས་ང་ལ་འདྲན་དུ་མེད། །ངས་ནི་ཞིང་ཁམས་བརྒྱར་ཡང་ཕྱིན། སངས་རྒྱས་བརྒྱ་ཡི་ཞལ་ཡང་མཐོང་། །ཐམས་ཅད་ཀུན་གྱི་བདག་ཉིད་གཙོ། །ཞེས་གསུང་ནས། ཚོགས་མཆོད་ཅིག་གི་དུས་སུ་དཔལ་འཁོར་ལོ་བདེ་མཆོག་གི་སྐུར་བསྟན་པའི་བ་སྤུའི་རྩ་བ་ཐམས་ཅད་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བཞུགས་པར་བསྟན་པའོ། །དེའི་ཕྱིར་ན། སྐུ་གསུང་ཐུགས་ཀྱིས་ས་བླ་ས་འོག་ས་སྟེང་ལ་སོགས་ཏེ། ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པར་མ་ཁྱབ་པ་མེད་པའི་ཕྱིར་ན། གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་ལ་གསང་སྔགས་བླ་ན་མེད་པའི་རྒྱུད་དང་གདམ་ངག་རྣམས་གྲངས་མེད་ཅིང་ཚད་ལས་འདས་པ་བཞུགས་པའི་ཕྱིར་ན། འོ་ཀོལ་མིའི་ཡུལ་དུ་འགྱུར་བ་ནི། དཔེར་ན་རྒྱ་མཚོ་ཆེན་པོ་ལས་ཆུའི་ཐིགས་པ་གཅིག་ཙམ་བླངས་པ་བཞིན་དུ། ས་ར་ཧའི་རྣམ་པར་འཕྲུལ་པ་གྲུབ་ཐོབ་རྣམས་ཀྱིས་རྒྱུད་སྡེ་གདན་དྲངས་པ་རྣམས་ཀྱང་དེ་དང་མཚུངས་པའོ། །དེ་ལ་གསང་སྔགས་གསར་པའི་རྒྱ་གར་དུ་འགྱུར་བ་གྲངས་མེད་པ་ཡོད་ཀྱང་། འོད་ལ་ཉུང་ཟད་ཅིག་འགྱུར་བ་ཡིན། །སྐུ་སངས་རྒྱས་མཉམ་སྦྱོར་ལས་མཁའ་འགྲོ་མ་བདེ་བའི་མཆོག་

(༣༥༠)བདེ་མཆོག་འཁོར་ལོའི་རྒྱུད་ཀྱི་རྩ་བ་ཡིན། རྒྱ་མཚོ་ལྟར་ཟབ་ཅིང་གཏིང་དཔག་དཀའ་བ་བདེ་མཆོག་འཁོར་ལོའི་རྒྱུད་དང་། ནམ་མཁའ་ལྟར་རྒྱ་ཆེ་ཞིང་མཐའ་ཡས་པ་དཔལ་གསང་བ་འདུས་པའི་རྒྱུད་རྣམས་དང་། ཉི་ཟླ་ལྟར་གྲགས་པ་དགྱེས་པ་རྡོ་རྗེའི་རྒྱུད་དང་། ནོར་བུ་རིན་པོ་ཆེ་ལྟ་བུ་མཧཱ་མ་ཡའི་གདམ་ངག་དང་། ཀུན་ལ་ཁྱབ་པ་དུས་ཀྱི་འཁོར་ལོའི་རྒྱུད་དང་། བཀའ་བསྲུངས་གཉན་ཞིང་རིན་པོ་ཆེ་བཅལ་དུ་བཀྲམ་པ་ལྟ་བུ་རྡོ་རྗེ་གདན་བཞིའི་རྒྱུད་དང་། ཀུན་གྱི་ཡང་རྩེ་ཟབ་མོའི་previous hit དགོངས next hit་འདྲན་ཟླ་མེད་པ་སངས་རྒྱས་ཐོད་པའི་རྒྱུད་དེ། དེ་རྣམས་ཐམས་ཅད་ཀྱང་དཔེར་ན་མི་གཅིག་གི་ལུས་པོ་ལྟ་བུ་ལ་ཕྱི་དང་ནང་དང་གསང་བ་གསུམ་གྱི་གནས་ཉི་ཤུ་རྩ་བཞིའི་རྟེན་དང་བརྟེན་པ་སྟོན་པའི་ཕྱིར་ན། འཁོར་ལོ་བདེ་མཆོག་བདེ་བའི་མཆོག །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །ཞེས་གསུང་པའི་དོན་དང་། རྒྱུད་སྡེ་འདི་རྣམས་ལ་previous hit དགོངས next hit་ཡིན།། །།རྣལ་འབྱོར་ཆེན་པོ་བླ་ན་མེད་པ་གསར་རྙིང་གཉིས་ཀྱི་སྟོན་པ་མིང་གཉིས་ལ་དོན་གཅིག་པ་ནི་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་ཐ་དད་མེད་པ་ཡིན། དེ་གཉིས་ཀྱི་བསྟན་པ་རྒྱུད་ཐམས་ཅད་ཀྱི་རྩ་རྒྱུད། མིང་གཉིས་ལ་དོན་གཅིག་པའི་རྩ་རྒྱུད་ནི། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་གསུངས་པ་དང་། གསང་བ་མཆོག་གི་ཀུན་བདག་རྒྱལ་པོ་ཞེས་གསུང་པ་ནི་མིང་གཉིས་ལ་དོན་གཅིག་པ་ལས། རྣལ་འབྱོར་བླ་ན་མེད་པ་གསར་རྙིང་གཉིས་ལ་གཏོགས་ཚད་རྩ་རྒྱུད་འདི་ལས་འཕྲོས་པ་སྟེ། དོན་རྡོ་རྗེ་རིགས་ཀྱི་གནས་ལུགས་ལྔ་མ་རིག་པའི་དུས་སུ་སེམས་ཅན་

(༣༥༡)ཐམས་ཅད་ལ་ཁྱབ་པར་གནས་པ་རྣམས་ཀྱི་དོན་དུ། ཐབས་དང་ཤེས་རབ་དབྱེར་མེད་རང་སྐུ་བཞི་ངོ་སྤྲོད་ཀྱི་གནད་སྟོན་པའི་རྒྱུད་ལས། རྩ་བའི་རྒྱུད་གསུམ། བཛྲ་ཨ་ར་ལི། རི་གི་ཨ་ར་ལི། དེ་ཁོ་ན་ཉིད་ཀྱི་སྒྲོན་མ་དང་གསུམ་སྟེ། དེ་གསུམ་ལས་འཕྲོས་པ་ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད། ཡེ་ཤེས་སྙིང་པོ་ཐིག་ལེའི་རྒྱུད། །ཕྱག་རྒྱ་ཆེན་པོ་ཡེ་ཤེས་ཐིག་ལེའི་རྒྱུད་དང་གསུམ་འཕྲོས་པ་སྟེ། ཐབས་དང་ཤེས་རབ་གཉིས་མེད་དུ་སྦྱོར་བ་ཡིས། །ཕ་རྒྱུད་ལ་གཏོགས་ཚད་རྣམས་ཀྱིས་རླུང་སེམས་གཉིས་གཙོ་ཆེར་ངོ་སྤྲོད་ཅིང་གཏན་ལ་ཕབ་པ་དང་། མ་རྒྱུད་ལ་གཏོགས་ཚད་ཀྱི་རྒྱུད་སྡེ་རྣམས་ཀྱིས། ལུས་དང་རྩ་དང་བྱང་ཆུབ་ཀྱི་སེམས་གསུམ་གཙོ་ཆེར་བསྟན་ཏོ། དེ་ལྔ་ཐབས་དང་ཤེས་རབ་དབྱེར་མེད་དུ་སྦྱོར་བའི་རྒྱུད་ལས། རྒྱུད་དྲུག་དང་སྡོམ་བཞི་སོ་སོར་འབྱེ་བར་མ་འདུས་པ་དང་། མ་རྫོགས་པ་གང་ཡང་མེད་པའི་ཕྱིར་ན། བདེ་མཆོག་དགྱེས་རྡོར་ཞེས་བགྱི་བ་འདི་ཡང་སྒྲ་མི་མཐུན་ཡང་དོན་གཅིག་པ་སྟེ། ཟླ་གསང་ཐིག་ལེའི་རྒྱུད་ནས་གདུལ་བྱ་གདུག་པ་ཅན་གྱི་རྐྱེན་གྱིས་བསྐུལ་ནས། དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ། ཐབས་དང་ཤེས་རབ་དབྱེར་མེད་དྲག་ཏུ་སྦྱོར་བའི་དགའ་བ་བཞི་དགའ་བ་གཅིག་ཏུ་རྫོགས་པ་ལས། བདེ་མཆོག་བདེ་བའི་མཆོག་གི་རིགས་རྣམས་སུ་རྣམ་པར་འཕྲུལ་པ་སྟེ། དེ་བདེ་ཞིང་དགྱེས་པར་དགྱེས་རྡོར་རིགས་ལྔའི་དཀྱིལ་འཁོར་དུ་རྣམ་པར་འཕྲུལ་བའི་ཕྱིར་ན། དགྱེས་རྡོར་ལ་གཏོགས་ཚད་ཐམས་ཅད་ཀྱི་རྩ་བའི་རྒྱུད་ཟླ་

(༣༥༢)གསང་ཡེ་ཤེས་ཀྱི་ཐིག་ལེ་ཡིན་ཞིང་། དེ་ལས་འཕྲོས་པ་ཡིན་པ་ཐམས་ཅད་ཀུན་གྱིས་མཁྱེན་པར་མཛོད། བདེ་མཆོག་ལ་གཏོགས་ཚད་ཀྱི་རྒྱུད་ལུང་མན་ངག་ཐམས་ཅད་སྐུ་སངས་རྒྱས་མཉམ་སྦྱོར་རྩ་བའི་རྒྱུད་དང་། དེའི་རྒྱུད་ཕྱི་མ་རྟོག་པ་བསྡུས་པའི་ལེའུ་གཅིག་ལས་གླེང་གཞི་དང་བཅས་པར། བདེ་མཆོག་རིགས་ལྔ་གདུལ་བྱ་གདུག་པ་ཅན་གྱིས་བསྐུལ་ནས་རྣམ་པར་འཕྲུལ་པ་སྟོན་པ་སྟེ། བདེ་དགྱེས་ཐ་དད་མེད་པ་ལས་མ་གཏོགས་མ་འཕྲོས་པའི་རྒྱུད་གཞན་ན་མེད་པ་ཀུན་གྱིས་མཁྱེན་པར་མཛོད། གདུལ་བྱའི་རྐྱེན་གྱིས་བསྐུལ་ནས། ཀུན་ཏུ་བཟང་པོ་ཡབ་ཡུམ་ཞེས་ཀྱང་བྱ། །རྡོ་རྗེ་ཡི་དང་རྡོ་རྗེ་ཆོས་ཞེས་ཀྱང་བྱ། དོན་གཅིག་ལ་མིང་གཉིས་སུ་འདོགས་པ་ཐབས་དང་ཤེས་རབ་གཉིས་མེད་དུ་སྦྱོར་བ་ལས། རིགས་ལྔ་ཡབ་ཡུམ་ཞི་ཁྲོ་རབ་འབྱམ་ཕྱོགས་མེད་དུ་འཕྲུལ་ཞིང་། དེ་རྣམས་ཀྱི་རྒྱུད་ལུང་མན་ངག་རྣམས་མ་འདྲེས་ལ་ཡོངས་སུ་རྫོགས་པར་སོ་སོར་གྲངས་མཐའ་ཡས་པར་previous hit དགོངས next hit་ལུང་བསྟན་པའི་ཕྱིར་ན། གསང་བ་ཐམས་ཅད་གསང་སྔགས་ཐམས་ཅད་ཀྱི་རྩ་རྒྱུད་དུར་ཁྲོད་གསང་བ་ཁུ་བྱུག་རོལ་པ་ཡིན་པ་ལས། གཅིག་ལས་གཅིག་འཕྲོས་ཐམས་ཅད་འཕྲོས་པར་བཏགས་པ་སྟེ། དུར་ཁྲོད་གསང་བ་ཁུ་བྱུག་རོལ་པའི་རྒྱུད་མ་ཐོས་པ་དང་མ་མཐོང་བའི་གསར་རྙིང་གཉིས་ཉན་བཤད་སྒོམ་གསུམ་བྱེད་པའི་སྔགས་པ་སྙིང་རེ་རྗེ། སྙིང་རྗེ་མི་རྗེ་དེ་རྗེ་ཡིན། །སྔགས་འཆང་རང་བྱུང་རྡོ་རྗེ་བསོད་ནམས་ཅན་གྱི་བྱིན་རླབས་ལ། རྒྱ་ནག་ཏོང་ཀུན་རྒྱ་མཚོའི་འགྲམ་དུ་ཕྱིན་པའི་དུས་སུ། འཇམ་དཔལ་ལ་སོགས་ཞི་ཁྲོ་རབ་འབྱམ་

(༣༥༣)རྒྱུད་ལུང་མན་ངག་ཡེ་ཤེས་ཡི་གེའི་ཚོགས་རྣམས་རླུང་སེམས་ཉམས་ཀྱི་འདུས་ཚུལ་ལས། སྒྲིབ་པ་མེད་པར་ཅུང་ཟད་གསལ་བའི་དུས་སུ། ཕུན་སུམ་ཚོགས་པ་རྒྱ་མཚོ་མཐའ་ཡས་ལ་སོགས། བསྟན་པ་རྒྱ་མཚོ་མཐའ་ཡས་མང་བ་ཞིག་དེ་ན་རྒྱས་པར་མཛད་པ་སྟེ། རྣལ་འབྱོར་ཉམས་ལ་ཅི་ཡང་འཆར། །དབྱར་གྱི་ས་ལ་ཅི་ཡང་སྐྱེ། །གསུངས་པའི་ཕྱིར་ན། ཁམས་འདུས་པ་ཉམས་ཀྱི་སྣང་ཚུལ་ལས་རིགས་དྲུག་གི་སྣང་བ་ཅི་ཡང་འཆར། ཐོག་མ་མེད་པའི་དུས་ཀྱི་བག་ཆགས་འཁྲུལ་སྣང་ནག་པོའི་ཉམས་ཀྱི་བྱེ་བྲག་སྣ་ཚོགས་ཡིན། དེ་ལ་འཇིགས་དང་སྐྲག་མི་དགོས། །ཡུན་རིང་མི་རྟག་ཡལ་བར་འགྱུར། །ཞི་ཁྲོ་རབ་འབྱམ་རྒྱལ་བ་སྲས་བཅས་ཚོགས། །ཐ་དད་དུ་མར་མཐོང་སྙམ་བྱེད། །རབ་འབྱམ་བཀའི་འཁོར་ལོ་ཤེས་ཤིང་ཐོས་སྙམ་བྱེད། དེ་འདྲའི་ཉམས་སྣང་དཔག་ཏུ་མེད་པ་བྱུང་ལགས་ཀྱང་། ཐོག་མ་མེད་པའི་བག་ཆགས་ཉམས་སྣང་སྟེ། ཡུན་མི་རིང་བར་མི་བརྟན་འགྱུར། །དེ་ཕྱིར་དེ་ལ་ཡིད་ཆེས་རློམ་སེམས་བྱེད་མི་རུང་། །རྣལ་འབྱོར་སྔགས་འཆང་རྣམས་ཀྱིས་མཁྱེན་པར་མཛོད། །ཐབས་དང་ཤེས་རབ་དབྱེར་མེད་སྐུ་བཞི་ངོ་སྤྲོད་གནད་དང་མི་ལྡན་པར། ཕ་རྒྱུད་ཇི་ལྟར་བཤད་སྒོམ་ཡང་། །ཕོ་ཏེའུ་ཕོ་རང་དཔེ་དང་འདྲ། །མ་རྒྱུད་ཇི་ལྟར་བཤད་སྒོམ་ཡང་། །མོ་ཏིའུ་མོ་རེང་དཔེ་དང་མཚུངས། །སྔར་གྱི་གཞུང་དུ་བཀོད་པའི་རྒྱུད་ལུང་རྣམས་ཀྱི་དབྱེ་བ་ལས། །ཅུང་ཟད་གོང་འོག་ནོར་བར་འདུག་པ་དེ། གསུང་རབ་བཀའ་ལུང་དཔེ་

(༣༥༤)ཡིས་མ་མཚོན་པའི་སྐྱོན་ཡིན་པའི་ཕྱིར་ན། བྱང་བུ་འདི་གཙོ་ཆེ་བ་ཡིན་པས་ཀུན་གྱིས་མཁྱེན་པར་མཛོད། སངས་རྒྱས་མཉམ་སྦྱོར་གྱི་རྩ་བ་ཡན་ལག་གི་རྒྱུད་ལས་འཕྲོས་པ་ནི། དཔལ་བདེ་མཆོག་གི་རྩ་རྒྱུད་ཆེན་པོ་ངེས་པར་བརྗོད་པ་རྒྱུད་བླ་མ་སྟེ། མཁའ་འགྲོ་ཀུན་སྤྱོད་ན་བདེ་མཆོག་ལ་སོགས་ཤེས་རབ་མའི་རྒྱུད་ཐམས་ཅད་ཀྱི་དབྱེ་བ་སྦས་ཤིང་མངོན་དུ་ཕྱུང་ནས་བཞུགས་པ་སྟེ། ཤེས་རབ་མ་ཡི་གསང་བ་ཆེ། །ངེས་བརྗོད་བླ་མར་བཤད་པ་ཡིན། །གསུངས་པའི་ཕྱིར་ན་མ་རྒྱུད་ཐམས་ཅད་ཀྱི་ཡང་རྩ་རྒྱུད་ཨ་བྷི་དྷ་ན་ཡིན་པར་གསུངས་པ་ལས་བདེ་མཆོག་གི་རྒྱུད་རྣམས་ནི་འབུམ་ཕྲག་གཅིག་ལས་བཏུས་པོ་སྡོམ་པ་འབུམ་ཅིག་ལས་བཏུས་གསུང་བའི་ཕྱིར་ན། ངེས་བརྗོད་བླ་མ་ལས་བདེ་མཆོག་གི་རྒྱུད་མན་ངག་ཐམས་ཅད་སྤྲོས་པའོ། །ཅིའི་ཕྱིར་ན། ཀུན་སྤྱོད་ཀྱི་རྒྱུད་དང་ཞུ་གཏུག་མཛོད་དང་། སྒྲིབ་པ་མེད་པ་དེ་ན་གསལ་བ་དེ། བྱང་སུ་གཅིག་པ་འདི་གྱ་གསུམ་པ་དང་གྱ་བཞི་པ་གཉིས་ཀྱི་བར་དུ་བརྒྱ་གསུམ་པ་འོག་མ་གྱ་བཞི་པ་གོང་མ་ཡིན་པར་ཤེས་པར་མཛོད། བྱང་སུ་གཅིག་པ་ནི་མེད་ན་ཅུང་ཟད་ཙམ་གྱི་ནོར་འཁྲུལ་གོང་འོག་འཆུག་པ་ཡིན་པ་བསྟན་པ་རྒྱ་མཚོ་དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་བདེ་བའི་མཆོག་དང་། སངས་རྒྱས་མཉམ་སྦྱོར་ཕྱི་མའི་ཕྱི་མ་རྟོག་པ་བསྡུས་པ་དང་། དེ་ལས་འཕྲོས་པ་བདེ་མཆོག་ལེའུ་ལྔ་བཅུ་རྩ་གཅིག་པ་འདི་བདེ་མཆོག་ཡབ་ཡུམ། དབང་ཕྱུག་ཆེན་པོ་ཡབ་ཡུམ་རྫས་དང་ཏིང་ངེ་འཛིན་སྔགས་ལ་བརྟེན་ནས་ཕྲིན་ལས་རབ་འབྱམ་སྒྲུབ་པའི་ཐུན་མོང་གི་དངོས་གྲུབ་པའི་

(༣༥༥)རྒྱུད་ཡིན་པ་ཀུན་གྱིས་མཁྱེན་པར་མཛོད། ཅིའི་ཕྱིར་ན། དབུ་ཞབས་ཀྱི་བར་དུ་མཆོག་གི་དངོས་གྲུབ་འདི་ལྟར་སྒྲུབ་བྱ་མེད་ཅིང་། ཐུན་མོང་གི་ཕྲིན་ལས་སྒྲུབ་པ་གཅིག་པུ་སྟོན་པ། བདེ་མཆོག་ཉན་བཤད་བྱེད་པ་རྣམས་ཀྱིས་མཁྱེན་ནམ་མི་མཁྱེན། དབུ་ན་འདི་སྐད་བདག་གིས་ཐོས་པ་མེད་ཅིང་། ཕྱི་མ་ལས་ཀྱང་ཕྱི་མ་སྡེ། གསུངས་པ་དང་། རྫོགས་སོ་ན་ལེའུ་འབུམ་པ་ལས་བཏུས་ཤིང་སྔགས་ཀྱི་བསྟན་བཅོས་གསུངས་པའི་ཕྱིར་ན། བདེ་མཆོག་རྩ་བའི་རྒྱུད་དུ་མི་འདོགས་པར་རྒྱུད་འཐད་དམ་མི་འཐད། དེའི་ཕྱིར་ན་རྡོ་རྗེ་འཆང་གི་རྒྱུད་རྣམས་སུ་གཅིག་རྒྱབ་གཅིག་གིས་སྐྱོང་། རྒྱུད་རྒྱུད་ཀྱིས་བཤད་པར་གསུངས་པ་མི་ཤེས་པར་གང་ཟག་གི་རང་དྲན་བྱེད་པ་རྣམས་བདག་གཞན་མང་པོའི་མགོ་སྐོར་བྱེད་ཅིང་། རྨོངས་པའི་ནང་ནས་རྨོངས་པ་ཡིན་པ་བདེ་མཆོག་ཉན་བཤད་སྒོམ་གསུམ་བྱེད་པ་རྣམས་ཀུན་གྱིས་བདེ་མཆོག་གི་རྒྱུད་ལུང་མན་ངག་ཀུན་ཤེས་ནས་རང་བཟོ་མ་བྱེད། རྒྱུད་ལུང་previous hit དགོངས next hit་ཐུགས་སུ་ཆུད་པར་མཛོད། བདེ་མཆོག་རྒྱུད་ལུང་བོད་ལ་འགྱུར་ཚད་རྣམས་ཀྱི་ནང་ན་ནི། རི་སྟེངས་པར་ཉིར་ཨཱ་ལི་ཀཱ་ལི་སྦྱོར། གསུང་བ་མ་གཏོགས་པ། འཁོར་ལོ་བཅོལ་ཐིག་རིམ་པ་ལྔ། །ལོངས་སྤྱོད་རྫོགས་པའི་གཞལ་ཡས་ཀྱི་ཁང་སོར་དང་ཚད་ལ་གཞལ་བ་དང་། མེ་ཆུ་གོ་ཟློག་ལ་སོགས་པ་རྣམས་རྒྱུད་དུ་མ་གསུངས་ཅི་འདྲ་ཡིན། དེའི་ཕྱིར་ན་རྒྱུད་རྒྱུད་ཀྱིས་བཤད། ལུང་ལུང་གིས་གཟེར་གདབ། མན་ངག་མན་ངག་གིས་ངོ་སྤྲོད་པ་མེད་པར། དམ་དུམ་རྩ་རྩི་

(༣༥༦)གོང་བཞིན་ཤེས་པ་ལ་རང་ཤེས་རང་དྲན་རང་གར་འཇུག་པ་རྣམས་ལ་བ་དོན་མེད་མཁས་ཤིང་སྒྲུབ་པ་རྣམས་འབྲས་བུ་མེད་པར་སྡུག་བསྔལ་གྱི་རྒྱུ་ཡིན་པ། བདེ་མཆོག་མཁན་རྣམས་ཤེས་དང་མི་ཤེས་དེ་ཤེས་མཛོད། རྣལ་འབྱོར་མའི་རྒྱུད་ཀྱི་རྩ་བ་བླ་ན་མེད་པ་དཀྱིལ་འཁོར་གྱི་ཚོགས་ཕྱག་རྒྱ་ཆེན་པོ་རྩ་བའི་རྒྱུད་འདི་ལ་གནས་པ་དེ་ཁོ་ན་ཉིད་ཀྱི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་དང་། ངེས་པར་འབྱུང་བའི་རྒྱུད་བླ་མ་ཆེན་པོ་དང་། བདེ་མཆོག་སྡོམ་པ་འབྱུང་བ་དང་། ཁྲག་འཐུང་མངོན་པར་འབྱུང་བ་དང་། བདེ་མཆོག་ནམ་མཁའ་དང་མཉམ་པའི་རྒྱུད་དང་། རྣལ་འབྱོར་མ་ཀུན་ཏུ་སྤྱོད་པ་དང་། ཕག་མོ་མངོན་པར་འབྱུང་བ་དང་། སྒྱུ་འཕྲུལ་ཆེན་མོ་དང་། ཐམས་ཅད་གསང་བ་ཞེས་བྱ་བའི་རྒྱུད་དང་། གསང་ཆེན་མཆོག་དང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་དང་། སྤྱིའི་རྒྱུད་དཔལ་རྡོ་རྗེ་མཁའ་འགྲོ་མའི་རྒྱུད་དང་། ཀུན་གྱི་བཤད་རྒྱུད་ཁ་སྦྱོར་ཐིག་ལེ་རྩ་བའི་རྒྱུད་དང་། གསང་བ་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོ་དང་། དཔལ་སྟོབས་པོ་ཆེའི་རྒྱུད་དང་། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་དང་། དཔལ་རྡོ་རྗེ་མཁའ་འགྲོ་མ་གསང་བ་རྒྱུད་ཀྱི་རྒྱལ་པོ་དང་། དཔལ་ཡེ་ཤེས་ཕྲེང་བ་རྒྱུད་ཀྱི་རྒྱལ་པོ་དང་། དཔལ་ཡེ་ཤེས་འབར་བ་རྒྱུད་ཀྱི་རྒྱལ་པོ་དང་། དཔལ་ཟླ་བའི་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ་དང་། དཔལ་ཉི་མ་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོ་དང་། དཔལ་ཡེ་ཤེས་རྒྱལ་པོའི་རྒྱུད་དང་། དཔལ་མཁའ་འགྲོ་མ་དག་པའི་རྒྱུད་དང་། དཔལ་མཁའ་འགྲོ་མ་གསང་བའི་རྒྱུད་དང་། དཔལ་ཆགས་པའི་རྒྱལ་པོའི་རྒྱུད་དང་། དཔལ་གསང་བ་གཅོད་པའི་རྒྱུད་དང་། དཔལ་གསང་

(༣༥༧)བ་བསམ་གྱིས་མི་ཁྱབ་པའི་རྒྱུད་དང་། ཅི་བཞིན་རྙེད་པ་ནམ་མཁའ་ལྟ་བུའི་རྒྱུད་དང་། སྐུ་གསུང་ཐུགས་ཀྱི་རྒྱུད་དང་། རིན་ཆེན་ཕྲེང་བའི་རྒྱུད་དང་། དམ་ཚིག་ཆེན་པོའི་རྒྱུད། དཔལ་རིན་པོ་ཆེ་འབར་བའི་རྒྱུད་དང་། དཔལ་གསང་བ་བདུད་རྩིའི་རྒྱུད་དང་། དཔལ་གསང་བ་མེ་འབར་གྱི་རྒྱུད་དང་། རྣལ་འབྱོར་མ་བཞིའི་ཁ་སྦྱོར་གྱི་རྒྱུད་དང་། དཔལ་དུར་ཁྲོད་རྒྱན་གྱི་རྒྱུད་དང་། དཔལ་མེའི་ཕྲེང་བའི་རྒྱུད་དང་། དཔལ་ཡེ་ཤེས་གནས་ཀྱི་རྒྱུད་དང་། དཔལ་རྡོ་རྗེ་འཇིགས་བྱེད་རྣམ་པར་འཇོམས་པའི་རྒྱུད་དང་། དཔལ་རྡོ་རྗེ་ཕྲེང་བ་འོད་ཟེར་གྱི་རྒྱུད་དང་། རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་ཕྲེང་བ་དང་། དཔལ་སངས་རྒྱས་ཐོད་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། རྒྱུད་རྣམས་ཀུན་གྱི་ཡང་རྩེ། འདྲན་ཟླ་མེད་པའི་འཁོར་ལོ་བདེ་མཆོག་ལས། བོད་ལ་ཡང་རྒྱུད་སྡེ་མང་པོ་འགྱུར་བ་དང་། དེའི་ནང་ནས་དཀྱིལ་འཁོར་གྲངས་མེད་པ་སྟོན་པར་སྣང་སྟེ། མཁས་ལ་གྲུབ་པ་ཐོབ་པའི་པཎྜི་ཏ་རྣམས་ཀྱིས་དཀྱིལ་འཁོར་འགའ་དང་འགའ་ཞིག་ཙམ་རྒྱས་པ་དང་བསྡུས་པར་བསྟན་པ་མ་གཏོགས་པ་གཏེར་དུ་བཅུག་པ་བཞིན་རྒྱུད་རྣམས་ཀྱི་ནང་ན་སོ་སོར་བཞུགས་ནས་ཡོད་པ་ཡིན། ཟབ་མོ་གནད་ཀྱི་མན་ངག་ལས། མ་རྒྱུད་ཐམས་ཅད་ཀྱི་སྙིང་པོའི་བཅུད་བསྡུས་པ་རྗེ་ཏཻ་ལོ་པས་དབུ་མཛད་གྲུབ་ཐོབ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། རྗེ་ཆེན་པོ་ནཱ་རོ་པ་ཡིས་ཐབས་དང་ཤེས་རབ་དབྱེར་མེད་པའི་གདམ་ངག་ལ། ནམ་མཁའ་ལ་སྐར་མའི་ཚོགས་བཀྲ་བ་ལྟར་རྒྱུད་སྡེ་ཐམས་ཅད་ཀྱི་བཅུད་ཕྱུང་ནས་རྗེ་ལྷོ་བྲག་པ་དང་ཏེ་ཕུ་གསང་སྔགས་ཀྱི་སྡོང་པོ་

(༣༥༨)གཉིས་ཀྱིས་བདེ་ལ་ཐུགས་རྗེས་གཟིགས་ནས་དར་བར་བྱས་ཏེ། ཏེ་ཕུ་གསང་སྔགས་ཀྱི་མཛོད་ཐམས་ཅད་རས་ཆུང་པས་དར་བར་མཛད་པའོ། །དཔལ་དགྱེས་པ་རྡོ་རྗེ་ལས། མཁའ་འགྲོ་མའི་གནས་ན་མང་པོར་བཞུགས་པ་ལས། བོད་ཀྱི་ཡུལ་དུ་འགྱུར་བ་ལ་དགྱེས་པ་རྡོ་རྗེ་རྩ་བའི་རྒྱུད་རྡོ་རྗེའི་སྐུ་གསུང་ཐུགས་གསང་བའི་མཛོད་ལེའུ་བདུན་པ་དང་། བརྟག་པ་གཉིས་པ་དང་། མཁའ་འགྲོ་ལ་རྡོ་རྗེ་གུར་གྱི་རྒྱུད་ཀྱི་རྒྱལ་པོ་དེ་གསུམ་འགྱུར་བའོ། །ཀུན་གྱི་སྤྱི་རྒྱུད། སམ་སྦུ་ཊི་དང་བཞིར་བཞེད་པ་ཡོང་ཡོད། རྒྱ་གར་སྐད་དུ་སམ་སུ་བྱ་བར་མཚན་གསོལ་བ་དང་། བོད་སྐད་དུ། གསང་བ་ཆེན་པོ་ཁ་སྦྱོར་ཐིག་ལེའི་རྒྱུད་ཅེས་བྱ་བ་དང་། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ན་མ་རྒྱུད་ཀུན་གྱི་བཤད་རྒྱུད་བརྟག་པ་འབུམ་ལྔར་མཚན་གསོལ་བ་དང་། དཔལ་ཡང་དག་ཁ་སྦྱོར་ཐིག་ལེའི་རྒྱུད། ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་རྣམས་ཀྱི་སྤྱི་རྒྱུད་སྤྱི་ཆིངས། བརྟག་པ་འབུམ་ལྔ་ལས་བརྟག་པའི་བྱེ་བྲག་མང་དུ་མ་ཚང་བ་སྟེ། མ་ཚང་བ་ཁ་སྐོང་བའི་རྒྱུད་གསང་ཆེན་ཁ་སྦྱོར་ཐིག་ལེའི་རྒྱུད་དང་འདི་གཉིས་གཅིག་ཡིན་པར་previous hit དགོངས next hit་ལུང་བསྟན་པ་སྟེ། ཐབས་དང་ཤེས་རབ་དབྱེར་མེད་ཡེ་ཤེས་རྒྱ་མཚོ་ཀྱཻ་རྡོ་རྗེ་རང་བྱུང་སྐུ་ལྔ་ངོ་སྤྲོད་ཀྱི་གནད་དང་ལྡན་པ་རྣམས་ཀྱིས་མཁྱེན་པར་མཛོད། ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྩ་རྒྱུད་ཀྱི་རྩ་རྒྱུད་ལས་འཕྲོས་པ། རྩ་བའི་རྒྱུད་བཞི་པ་ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད། ལེགས་དགྱེས་བཅོམ་ལྡན་འདས་མས་གླེང་སློང་ཞིང་རྡོ་རྗེ་འཆང་ལ་ཞུས་པའི་སྐབས་ན།

(༣༥༩)ཐབས་དང་ཤེས་རབ་དབྱེར་མེད་ཡེ་ཤེས་རྒྱ་མཚོ་ཀྱཻ་རྡོ་རྗེ་འབུམ་ལྔའི་བདག་ཉིད། བདག་ལ་གསུངས་ཞེས་པ་ལ་སོགས་པ་མང་དུ་ཞུས་པ་དང་། ཡང་ཕྱག་རྒྱ་ཆེན་པོ་ཐིག་ལེ་དེ་ཉིད་ཀྱི་རྒྱུད་ན་གསུངས་པའི་རྒྱུད་རྣམས་སྡོམས་པ། དེ་ཁོ་ན་ཉིད་ཀྱི་སྒྲོན་མ་དང་། ཨ་ར་ལི་དང་། རི་གི་ཨ་ར་ལམ། ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྩ་རྒྱུད། སྐུ་གསུང་ཐུགས་ཀྱི་རྒྱུད་གསུམ་དང་previous hit དགོངས next hit་ལུང་བསྟན་པ་དེ། རི་གི་ཨ་ར་ལི་ལས་ཐབས་དང་ཤེས་རབ་དབྱེར་མེད་ཡེ་ཤེས་རྒྱ་མཚོ་ཀྱཻ་རྡོ་རྗེ་འབུམ་བདུན་དུ་ཡང་གསུངས་པ་སྟེ། རྒྱུད་སྡེ་གསུམ་ལས་འཕྲོས་པ་ཕྱག་རྒྱ་ཆེན་པོ་ཐིག་ལེ་དང་། ཡེ་ཤེས་སྙིང་པོ་ཐིག་ལེ་གསུམ་དུ་རྒྱུད་དེ་ཉིད་དུ་previous hit དགོངས next hit་ལུང་བསྟན་པ་སྟེ། སྡོམ་དང་སྡོམ་པ་རྒྱ་མཚོ་དང་། མཚན་དང་གསང་འདུས་རྡོ་རྗེ་འཇིགས་བྱེད་དེ། ཀུན་གྱི་བཤད་རྒྱུད་བརྟག་པ་འབུམ་ལྔ་སྟེ། གསུང་བའི་ཕྱིར་ན། རྒྱུད་དྲུག་པོ་ལ་སོགས་པ་འདི་ཕ་རྒྱུད་མ་རྒྱུད་གང་ལ་ཡང་སོ་སོར་མི་རྟོགས་ཤིང་། ཕ་རྒྱུད་མ་རྒྱུད་ཐམས་ཅད་གཉིས་མེད་དུ་སྦྱོར་བའི་སྤྱི་རྒྱུད་ཆེན་པོ་སྟེ། རྡོ་རྗེ་རིགས་ཀྱི་གནས་ལུགས་ལྔ་ཡུལ་དང་ཡུལ་ཅན་གཅིག་ཏུ་སྦྱོར་ཞིང་སྟོན་པའི་ཕྱིར་ན། སྦྱོར་དྲུག་རྣལ་འབྱོར་མའི་རྒྱུད། རིགས་ཆེན་འབྱེད་པའི་རྒྱུད་དུ་བདག་གིས་རྒྱས་པར་བཤད། གསུང་བའི་ཕྱིར་ན། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ན་རིགས་ཅན་འབྱེད་པ་ཉིས་བརྒྱ་གསུང་བ་དེ། ཚིག་བཞི་པ་རེ་རེ་ལས་ཕྱག་རྒྱ་བཞི་དགའ་བ་བཞི་དང་རྒྱུད་རེ་རེ་སོ་སོར་འབྱེད་པའི་རྒྱུད་དེ། སངས་རྒྱས་སེམས་ཅན་གཉིས་ཀའི་རིགས་ཐམས་ཅད་སོ་སོར་འབྱེད་

(༣༦༠)པ་སྟེ། འདི་ཡང་ཐབས་དང་ཤེས་རབ་དབྱེར་མེད་ཀྱི་སྐུ་བཞི་ངོ་སྤྲོད་ཀྱི་གནད་སོ་སོར་འབྱེད་པའི་རྒྱུད་ཆེན་པོ་སྟེ། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་ལུང་མན་ངག་ཐམས་ཅད་འདི་ཡིས་སོ་སོར་འབྱེད་ཅིང་གཅིག་ཏུ་ངོ་སྤྲོད་པའི་ཕྱིར་ན། རིགས་ཅན་འབྱེད་པ་དང་སྦྱོར་ས་དྲུག་ཟེར་བ་ནི་འཁོར་ལོ་ལྔ། སུམ་མདོ་མེའི་འཁོར་ལོ་དང་དྲུག །འཁོར་ལོ་ལྔ་གཅིག་ཏུ་རྫོགས་པ་རིགས་ལྔ་རྡོ་རྗེ་འཆང་དུ་རྫོགས་པའི་གནད་དང་མི་ལྡན་པའི་གསང་སྔགས་ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་རྣམས་བཤད་པ་དང་སྒོམ་པ་འབྱེད་པ་རྣམས་རྨོངས་པའི་ནང་ནས་རྨོངས་པ་ཡིན་ནམ་མིན། དེའི་ཕྱིར་ན་མཁྱེན་པ་གཉིས་དང་ལྡན་པའི་དགེ་བའི་བཤེས་གཉེན་རྣམས་previous hit དགོངས next hit་མཛད་པར་ཞུ། དགྱེས་པ་རྡོ་རྗེ་ཕྲིན་ལས་ཀྱི་རྒྱུད། འཕགས་པ་གདན་བཞི་པ་རྩ་བའི་རྒྱུད་དང་། དེའི་ཕྱི་མ་མནྟྲ་ཨང་ས་དང་། བཤད་པའི་རྒྱུད་ལེའུ་བརྒྱད་བཅུ་པ་དང་། གདན་བཞིའི་དཀྱིལ་འཁོར་ཆོ་གའི་རྒྱུད་དང་། དེ་རྣམས་གདན་བཞིའི་རྒྱུད་དོ། །previous hit དགོངས next hit་ལུང་བསྟན་གྱི་རྒྱུད་དང་། ལྷ་མོ་བཞིས་ཞུས་པ་ཞེས་བྱ་བའི་རྒྱུད། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་དང་། ཡེ་ཤེས་སྙིང་པོ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་དང་། རྡོ་རྗེ་ཨ་ར་ལིའི་རྒྱུད་དང་། འཕགས་པ་སྟོབས་པོ་ཆེའི་རྒྱུད་སྡེ་འདི་རྣམས་རྡོ་རྗེ་ཕག་མོ་རྩ་བའི་རྒྱུད་ཕག་མོ་མངོན་པར་འབྱུང་བ་ལ་རིགས་ལྔའི་མཁའ་འགྲོ་མ་ལྔའི་རྒྱུད་དང་། གནས་ཉི་ཤུ་རྩ་བཞིའི་མཁའ་འགྲོ་མ་རྣམས་ཀྱི་རྒྱུད་ཉི་ཤུ་རྩ་བཞི། རྗེ་ཏཻ་ལོ་པ་མཁའ་འགྲོ་མའི་གནས་སུ་བཞུད་ནས་གདན་དྲངས་པ་སྟེ། ཡུམ་གཙོ་ཆེར་སྟོན་པའི་རྒྱུད་རྣམས་སོ། །རྒྱུད་འདི་རྣམས་

(༣༦༡)ཀྱིས་ཐབས་ལམ་གྱི་གདམ་ངག་རྣམས་གཙོ་ཆེར་སྟོན་པ་ཡིན། དཔལ་བདེ་མཆོག་འཁོར་ལོའི་ཕྲིན་ལས་ཀྱི་རྒྱུད་དཔལ་མགོན་པོ་ཕྱག་བཞི་པ་ཡིན་ཏེ། སྤུ་གྲི་གླད་གཟེར་གྱི་རྒྱུད་དང་། ལས་གསང་བའི་རྒྱུད་དང་། ཡེ་ཤེས་མགོན་པོའི་སྐྱེ་རྒྱུད་དེ། །ཡེ་ཤེས་མགོན་པོ་ལ་རྒྱུད་གསུམ་འགྱུར་བར་སྣང་། འཇིག་རྟེན་པའི་རྒྱུད་ལ་ཐོད་པ་ནག་པོ་ལ་སོགས་པ་མང་པོ་སྣང་སྟེ་འདིར་མ་སྤྲོས་པའོ། །འདི་ཡན་ཆོད་བདེ་མཆོག་དགྱེས་རྡོར་གདན་གཞིའི་བསྟན་པ་ཕུན་སུམ་ཚོགས་པའོ།། །།ཐབས་དང་ཤེས་རབ་དབྱེར་མེད་ཀུན་ལ་ཁྱབ་པ་དཔལ་དུས་ཀྱི་འཁོར་ལོ་ཡིན་ཏེ། དུས་ཀྱི་འཁོར་ལོ་ཚེག་བར་བདུན་པ་དང་། དཔལ་དུས་ཀྱི་འཁོར་ལོ་ཚེག་བར་བཅུ་བདུན་པ་སྟེ། དུས་ཀྱི་འཁོར་ལོའི་རྒྱུད་འདི་རྣམས་ཐབས་དང་ཤེས་རབ་དབྱེར་མེད་ཀུན་ལ་ཁྱབ་པའི་རྒྱུད་དོ། །འཁོར་བ་དང་མྱ་ངན་ལས་འདས་པའི་རྩ་རླུང་བྱང་ཆུབ་སེམས་ཀྱི་དུས་དང་དུས་ཚོད་ཅི་ལྟར་དུ་རྒྱུད་གཏན་ལ་ཕབ་པ་སྟེ། འདིའི་ཤོ་ལོ་ཀ་གཅིག་གི་ནང་ན་ཡང་རྒྱུད་སྡེ་བཞིའི་གདམ་ངག་གནས་པ་ཡིན་གསུང་། བཤད་ན་ཡང་ཐམས་ཅད་ཀུན་གྱི་དོན་རྣམས་འབྱེད་པ་ག་ན་ཡོང་། དེ་ཅིའི་ཕྱིར་ན་དུས་དང་མཚམས་གོ་ཞིང་ཤེས་ནས། སྐད་ཅིག་མ་ཉི་ཤུ་རྩ་གཅིག་ལ་མཆོག་གི་དངོས་གྲུབ་ཐོབ་པའི་དུས་ཡོད་པ་ཤེས། ཟླ་བ་དྲུག་གམ་ལོ་བདུན་གྱིས་མཆོག་གི་དངོས་གྲུབ་ཐོབ་པའི་དུས་ཡིན་ཡང་ཤེས། །མི་ཚེ་གཅིག་གིས་མཆོག་གི་དངོས་གྲུབ་ཐོབ་པའི་དུས་ཡིན་ཡང་ཤེས་སོ། །དེའི་ཕྱིར་ན།

(༣༦༢)ཡེ་ཤེས་ཀྱི་རྩ་དང་ཡེ་ཤེས་ཀྱི་རླུང་དང་། ཡེ་ཤེས་གནས་ལུགས་ཀྱི་སེམས་གསུམ་དུས་མཚུངས་པ་མི་ཚེ་གཅིག་ལ་ཉུང་ཟད་གཅིག་དུས་མཚུངས་ཡང་ཤེས། དེ་ཡང་མི་རྟག་ཅིང་སྐད་ཅིག་ལ་འཁོར་བར་འགྱུར་བའི་ཕྱིར་ན། ཡེ་ཤེས་དེ་ངོས་གཟུང་བར་བྱ་བའི་ཕྱིར་ཕྱི་ནང་གི་རྩེས་འདི་རྣམས་བྱུང་བ་ཡིན། དེ་མ་གཏོགས་པ་རླུང་སེམས་ཀྱི་འདུས་ཚུལ་ཐམས་ཅད་འཁོར་བའི་ལུས་ཚུལ་ཡིན་པ་ལས་ཅི་ལྟར་དུ་རྩིས་ཀྱང་ཉ་ཆུ་ནང་ན་གནས་པ་ལ་སྐམ་པ་དང་གཤེར་བའི་ས་མཚམས་མེད། མཁས་ལ་གྲུབ་པ་ཐོབ་པ་རྣམས་ཀྱིས་དེ་ལྟར་མཁྱེན་པར་མཛོད། སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱལ་པོ་དང་། དེའི་ཕྱི་མ་གསང་བ་ཐམས་ཅད་སྟོན་པ་ཡེ་ཤེས་ཀྱིས་བྱིན་གྱིས་རློབ་པ་ཞེས་བྱ་བའི་རྒྱུད་དང་། དེའི་ཕྱི་མ་དང་། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྒྲ་ནག་པོའི་རྒྱུད་ཀྱི་རྒྱལ་པོ་དང་། །སྒྲ་ནག་ལ་གཏོགས་པའི་རྒྱུད་དྲུག་དང་། རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པ་བདུན་པ་དང་། དེའི་ཕྱི་མ་སྟེ། འདི་རྣམས་ཕ་རྒྱུད་ཀྱི་བསྟན་པ་ཕུན་སུམ་ཚོགས་པའོ། །ཕ་རྒྱུད་འདི་རྣམས་དེ་ཤཱཀྱ་ཐུབ་པ་ཞལ་བཞུགས་པའི་དུས་སུ། ཨིནྟྲ་བོ་དྷི་རྣམ་གསུམ་བྱུང་བ་ལས། ཨིནྟྲ་བོ་དྷི་ཕྱི་ཏིའི་དུས་སུ་བཅོམ་ལྡན་འདས་ཀྱིས་རྒྱུ་མཚན་ཉིད་ཀྱི་ཐེག་པ་བསྟན་པ་ལས། རྒྱལ་པོ་མ་དད་ནས། ལུམྦིའི་ཚལ་ནི་ཉམས་དགའ་བར། ཝ་ནི་སེང་གེར་གྱུར་ཀྱང་སླའི། །འདོད་པ་སྤངས་པའི་སངས་རྒྱས་ནི། །གཽ་ཏ་མ་ནམ་ཡང་མི་འདོད་དོ།

(༣༦༣)ཟེར་བ་ལས། ཤཱཀྱ་ཐུབ་པས་སྐད་ཅིག་ཙམ་གྱིས་ཁོང་བདག་ཞེ་སྡང་རྡོ་རྗེ་ཡབ་ཡུམ་དུ་བསྒྱུར་ཞིང་། འཁོར་དགེ་སློང་གི་དགེ་འདུན་རྣམས་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་བསྒྱུར་ནས། རྒྱལ་པོ་ལ་གསང་བ་འདུས་པའི་རྒྱུད་བཤད། དབང་བསྐུར་ནས་རྒྱལ་པོ་འཁོར་བཅས་མཁའ་སྤྱོད་དུ་གཤེགས་གསུངས་པའི་ཕྱིར་ན། སྔོན་བྱུང་དེ་ལྟར་བྱུང་ཞིང་ཕུན་སུམ་ཚོགས་པ་ལྔ་ཡང་དེ་ལྟར་དུ་འཆད་དགོས་པ་ཡིན། ཕྱིས་ཨོ་རྒྱན་ནས་གདན་དྲངས་ཤིང་མི་ཡུལ་དུ་བྱོན་པ་ཡིན་ཟེར་ཡང་མི་འགལ། །གསང་སྔགས་གསར་མ་ཞེས་བགྱི་བ་ལས། ཕ་རྒྱུད་མ་རྒྱུད་གཉིས་ལས། བོད་དུ་འགྱུར་བ་འདི་ཙམ་ཞིག་ལགས། འདི་བས་མང་བ་ག་ན་བཞུགས་ཀྱང་ཤེས། དེ་ལ་གསར་མ་དང་རྙིང་མ་གཉིས་ཞེས་སོ་སོར་གསུངས་པ་ལས། བདེ་གཤེགས་བཀའི་གཞུང་ལུགས་དང་སྦྱར་ན། གསར་རྙིང་གང་ལྟར་དུ་བྱུང་ན་ཡང་། རྩ་བ་རིགས་ལྔར་འདུས་པར་བཞེད་པ་ལས། འཇམ་དཔལ་སྐུའི་ལྷ་ཚོགས་ལས་ཐམས་ཅད་འཕྲོས་པར་བཞེད་པ་སྟེ། དེ་ལྟར་དུ་བྱས་ན་བདེ་དགྱེས་ཀུན་ཡང་སྐུའི་ལྷ་ཚོགས་དང་། ཟླ་གསང་གསུང་གི་ལྷ་ཚོགས་ལས་འཕྲོས་པར་བཞེད་པ་སྟེ། སྔགས་ཀྱི་ཐེག་པ་མཐུན་ཕྱོགས་སྡེབས་བྱ་བ་ཡིན། གསང་སྔགས་གསར་རྙིང་གཉིས་གདུལ་བྱ་སོ་སོ་ལ་previous hit དགོངས་ནས། སྟོན་ next hit་སོ་སོ་ནས་འཁོར་རིགས་མི་གཅིག་པ་སོ་སོ་ལ་བསྟན་པ་སོ་སོར་རླབས་པ་ཡིན་པའི་ཕྱིར་ན། རྙིང་མའི་མ་ཧཱ་ཡོ་ག་ནི་སྟོན་པ་ཀུན་ཏུ་

(༣༦༤)བཟང་པོའི་ཏནྟྲ་བཅོ་བརྒྱད་ཀྱི་འབྲེལ་ཚུལ་བསྟན་པ་རྒྱ་མཚོ་ལྟ་བུ་མཐའ་ཡས་པ་མུ་མེད་པ་བསམ་གྱིས་མི་ཁྱབ་པའི་གསང་བའི་མཛོད་ཆེན་པོ་ཡོ་ག་མན་ཆོད་ཐེག་པ་དྲུག་གི་གདུལ་བྱ་རྣམས་ཚོགས་རྫོགས་པ། སྒྲིབ་པ་བྱང་བ། རིག་འཛིན་གྱི་ས་ནོན་པའི་གདུལ་བྱ་རབ་རྣམས་ཀྱི་དོན་དུ་མཧཱ་ཡོ་ག་མི་ཡུལ་དུ་བྱོན་པ་སྟེ། ཡ་ཐོག་དང་པོའོ།། །།མི་རྣམས་ཚེ་རིང་བ་ལོངས་སྤྱོད་དང་ལྡན་པ། སངས་རྒྱས་འཇིག་རྟེན་ནས་གཤེགས་པའི་ཤུལ་དྲང་པོ་ལ་བྱོན་པ་ཡིན་པའི་ཕྱིར་ན། ཕྱི་ནང་གི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་འདུལ་བའི་དུས་ཚོད་ཡིན། གསང་སྔགས་གསར་རྙིང་གཉིས་ཀྱི་ས་མཚམས་སྟོན་པ་ནི། ཀུན་ཏུ་བཟང་པོ་དང་རྡོ་རྗེ་འཆང་གཉིས་ཀྱིས་འབྱེད་པ་ཡིན། གནས་ཀྱི་ས་མཚམས་མ་ཆགས་པདྨ་ཅན་དང་ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་ས་འབྱེད་པ་སྟེ། ཧེ་རུ་ཀ་རྣམས་ཀྱི་དབང་དུ་བྱས་ན་གསུམ་ཡིན་ཏེ། རྙིང་མའི་ཧེ་རུ་ཀ་རྣམས་ནི་འཇིགས་པ་དང་གཏུམ་པའི་ཧེ་རུ་ཀར་བཞེད་པ་སྟེ། གསར་མའི་མཧཱ་ཡོ་གའི་ཧེ་རུ་ཀ་རྣམས་ནི་སྒེག་པའི་ཆ་ལུགས་ཅན་བྱ་བ་ཡིན། ཧེ་རུ་ཀའི་ས་མཚམས་འབྱེད་པའོ། །ཧེ་རུ་ཀའི་རྒྱན་གྱི་ས་མཚམས་འབྱེད་པ་ནི། དུར་གྲོད་ཀྱི་ཆས་བརྒྱད་དང་ལྡན་པ་རྣམས་ནི། རྙིང་མའི་ཧེ་རུ་ཀ་ཡིན་ལ། རུས་པའི་རྒྱན་དྲུག་ལ་སོགས་པ་མཛེས་པའི་རྒྱན་གྱིས་བརྒྱན་པ་རྣམས་ནི་གསར་མའི་ཧེ་རུ་ཀ་ཡིན། རྡོ་རྗེའི་གཤོག་པ་ཡོད་ཚད་ཀྱི་ཧེ་རུ་ཀ་རྣམས་ནི་རྙིང་མའི་ཧེ་

(༣༦༥)རུ་ཀ་སྟེ། འཁོར་ལོ་ལ་སོགས་ཕྱག་མཚན་ལྷའི་གཤོག་པ་དང་མི་ལྡན་པའི་མཧཱ་ཡོ་ག་གསར་མའི་ཧེ་རུ་ཀའོ། །གསར་རྙིང་གཉིས་ཀྱི་བསྟན་པ་མི་ཡུལ་དུ་བྱོན་པའི་ས་མཚམས་ནི། མངལ་ཡ་དང་ཨོ་རྒྱན་གཉིས་ཀྱིས་གནས་སོ་སོར་འབྱེད། ཕྱག་ན་རྡོ་རྗེ་དང་འཁོར་ལོ་བདེ་མཆོག་གཉིས་ཀྱིས་སྟོན་པ་སོ་སོར་འབྱེད། རྒྱལ་པོ་ཛ་དང་། རྗེ་ཆེན་པོ་ས་ར་ཧ་དང་། ཏཻ་ལོ་པ་དང་། ཀླུ་སྒྲུབ་ལ་སོགས་པ་ཡིས་འཁོར་ཕུན་སུམ་ཚོགས་པ་སོ་སོར་འབྱེད། རིག་འཛིན་གྱི་བརྒྱུད་པ་དང་རྡོ་རྗེ་ཕག་མོ་ལ་སོགས་པ་མཁའ་འགྲོ་མ་རྣམས་ལ་བརྒྱུད་པས་བརྒྱུད་པ་སོ་སོར་འབྱེད་པའོ། །དུས་སོ་སོར་འབྱེད་པ་ནི། རྙིང་མའི་མཧཱ་ཡོ་ག་རྣམས་ཤཱཀྱ་ཐུབ་པ་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ཀྱི་བསྟན་པ་བྱུང་བ་ཡིན་ལ། གསར་མའི་མཧཱ་ཡོ་གའི་བསྟན་པ་ནི། ཐུབ་པ་ཆེན་པོ་འདས་ནས་ལོ་བརྒྱ་དང་བཅུ་གཉིས་ཟེར་ཡང་བརྒྱ་དང་ཉི་ཤུ་ལྷག་ཙམ་ན་བྱོན་པའི་ཕྱིར་ན་དུས་སོ་སོར་འབྱེད་པའོ། །འབྲས་བུ་ཐོབ་ཚུལ་སོ་སོར་འབྱེད་པ་ནི། རྙིང་མ་བས་བཅུ་དྲུག་ཟླ་བས་ཚེས་གྲུབ་ནས། །ལོ་སྟོང་དྲུག་བརྒྱས་མ་ཆགས་པདྨ་ཅན་གྱི་ས་ནོན་པར་བཞེད་པ་སྟེ། གསང་སྔགས་གསར་མའི་འབྲས་བུའི་འཆར་ཚུལ་ནི། །དབང་པོ་ཡང་རབ་སྐད་ཅིག་མ་ཉི་ཤུ་རྩ་གཅིག་གིས་དོན་དམ་པའི་བདེན་པ་མཐོང་ནས། །མི་ཚེ་གཅིག་གིས་གྲུབ་ཆེན་བརྒྱད་དམ། ཏཻ་ལོ་པ་ལ་སོགས་པ་ལྟ་བུར། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་གནོན་པ་སྟེ། །མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས་ཀྱང་། །རྡོ་རྗེ་ཐེག་

(༣༦༦)པ་བླ་ན་མེད། །རྡོ་རྗེ་ཕག་མོས་བྱིན་རླབས་ཤིང་། །མཁའ་འགྲོ་རྣམས་ཀྱིས་ལུང་བསྟན་ནས། །ཚེ་འདིར་གྲུབ་པ་མངོན་བྱས་ཏེ། །ཞེས་གསུངས་པའི་ཕྱིར་ན། འབྲས་བུའི་ཐོབ་ཚུལ་ས་མཚམས་འབྱེད་པ་སྟེ། གསར་རྙིང་གཉིས་ཀྱི་ས་མཚམས་མ་འདྲེས་ཤིང་སོ་སོར་ཡོད་ལགས། མཧཱ་ཡོ་གའི་ལུགས་ཀྱིས་རང་དོན་དང་གཞན་དོན་ཏ་ན་དང་འགའ་ནས་སྒྲུབ་པ་ལས། རྙིང་མའི་མཧཱ་ཡོ་གས་ཏ་ན་དང་འགའ་གཉི་ག་དངོས་གྲུབ་སྒྲུབ་པ་ཡིན། གསར་མའི་རྒྱུད་ནས་གཉི་ག་གསུངས་པར་སྣང་སྟེ་ཏ་ན་མངོན་དུ་མ་བྱུང་བར་འདུག། སྡོམ་པ་རྒྱ་མཚོའི་རྒྱུད་ལས་ཀྱང་། ལས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་ཏེ། སྦྱོར་བ་གསུམ་དུ་གསུངས་པ་ལས། ཕྱི་ཚོགས་ཀྱི་མཆོད་པ། །ནང་ཚོགས་ཀྱི་མཆོད་པ་དང་། གསང་བའི་ཚོགས་ཀྱི་མཆོད་པ་གསུམ་དུས་གཅིག་ལ་སྦྱོར་ཞིང་བསྐོར་བ་ཡིས་དངོས་གྲུབ་ཐམས་ཅད་སྒྲུབ་པར་གསུངས། རྗེ་ཏཻ་ལོ་པའི་ལུགས་ཀྱིས། ཤིན་ཏུ་ཟབ་ལ་རྒྱ་ཆེ་བ་ཕྲ་ཞིང་ལྟ་དཀའ་བའི་གདམ་ངག་གྲངས་མེད་པ་སྟེ། སྔགས་གསར་རྙིང་གཉིས་ཀྱི་ཏ་ན་དང་འགའ་ན་གཉིས་ཀྱིས་མཚམས་འབྱེད་པའོ། །སྔགས་རྙིང་མའི་ལུགས་ཀྱི་མཧཱ་ཡོ་གའི་ལུགས་ཀྱི་ཚོགས་ལམ་དང་སྦྱོར་ལམ་གཉིས་ཀྱིས་ལམ་བསྒྲོད་ཅིང་། བསྙེན་པ་དང་སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་གསུམ་གྱིས་ཚེ་དབང་བསྒྲུབས་ནས། མ་ཆགས་པདྨ་ཅན་དུ་སངས་རྒྱ་བར་བཞེད་པ་ཡིན། གསང་སྔགས་གསར་མ་བ་ཡིས་ཕ་རྒྱུད་ཐམས་ཅད་རིམ་པ་ལྔ། མ་རྒྱུད་ཐམས་ཅད་ཕྱག་རྒྱ་བཞིས་བཞིས་ཐབས་དང་ཤེས་རབ་གཉིས་མེད་

(༣༦༧)དུ་སྦྱར་ནས། ས་ལམ་བསྒྲོད་ཅིང་ཡི་གེ་འཁོར་ལོ་ཚགས་ཆེན་གྱི་ས་སངས་རྒྱ་བར་བཞེད་པ་སྟེ། གསར་རྙིང་གཉིས་ཀྱི་ལམ་བསྒྲོད་ཚུལ་སོར་འབྱེད་པའོ། །གསང་སྔགས་གསར་མའི་དབང་དུ་བྱས་ན། རྙིང་མའི་མཧཱ་ཡོ་ག་མན་ཆོད་ཐེག་པ་ཕྱེད་དང་བདུན་དུ་ཕྱི་རྒྱུད་སྟེ། གསུམ་མན་ཆོད་དུ་སྨིན་པ་རྒྱ་མཚོའི་ལམ་བསྒྲོད། རྙིང་མའི་མ་ཧཱ་ཡོ་ག་མན་ཆོད་དུ་གྲོལ་བ་རྒྱ་མཚོའི་ལུང་ཆེན་ཐོབ་པ་ཡིས། གསར་མའི་མཧཱ་ཡོ་ག་ནི། དེ་ལྟར་དུ་ཡོན་ཏན་རྫོགས་པའི་སྐྱེས་བུ་སྐལ་བ་དང་ལྡན་པ་འགའ་ཞིག་གི་ཤེས་བྱའི་སྒྲིབ་པ་ཆ་ཕྲའུ་སེལ་བའི་ཆེད་དུ། རང་བྱིན་གྱིས་བརླབས་པའི་ཕྱིར་ན། ཤིན་ཏུ་ཕྲ་ཞིང་མན་ངག་ཟབ་པ་སྟེ། བདེ་མཆོག་ཧེ་རུ་ཀ་ངེས་པར་འབྱུང་བ་ལས་ཀྱང་། ཐབས་མང་ཐབས་མྱུར་ཐབས་ཟས་ཐབས་ཆེ་དཀའ་བ་མེད་པའི་ཕྱིར་ན། སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུང་པའི་ཕྱིར། རླུང་སེམས་ཀྱི་ལུས་ཚུལ་རེ་རེ་ལ་བརྟེན་ནས། དཀར་བ་དང་ནག་པ་དང་མཆོག་གི་དངོས་གྲུབ་ཐོབ་པ་ལ་སོགས་པ་འབྲས་བུ་གྲངས་མེད་པ་འགྲུབ་པའི་ཕྱིར་ན། དུས་ཀྱི་འཁོར་ལོ་སྣ་ཚོགས་འགྲུབ། ཟེར་བའི་དོན་ཡང་འདི་ལྟ་བུ་ལ་previous hit དགོངས next hit་ཡིན། དེའི་ཕྱིར་ན་གསར་མའི་བླ་ན་མེད་པའི་རྒྱུད་རྣམས་ཀྱི་ནི་ཕྱིའི་དཀྱིལ་འཁོར་དང་། ཕྱག་རྒྱ་དང་། སྤྱོད་པ་སྣ་ཚོགས་གཙོ་ཆེར་མི་སྟོན་ཏེ། །རང་གི་ལུས་ངག་ཡིད་གསུམ་ལ་ནང་གི་དཀྱིལ་འཁོར་དང་། གསང་བའི་དཀྱིལ་འཁོར་དང་། དེ་ཁོ་ན་ཉིད་ཀྱི་དཀྱིལ་འཁོར་ཏེ། དཀྱིལ་འཁོར་གསུམ་གཙོ་ཆེར་སྟོན་

(༣༦༨)པའོ། །དེའི་ཕྱིར་ན་མཧཱ་མ་ཡའི་རྒྱུད་ལས་ཀྱང་། །སྔགས་དང་དབྱིབས་དང་ཆོས་བདག་མེད། །འདི་དག་རྣལ་འབྱོར་གསུམ་ཡིན་ཏེ། །སྲིད་པ་གསུམ་གྱིས་གོས་མི་འགྱུར། །ཞེས་གསུང་པའི་ཕྱིར་ན། རླུང་སེམས་དུས་ཀྱི་འཁོར་ལོ་ལྟར། །ཡེ་ཤེས་གནས་སུ་འདུས་ལགས་ན། སྐད་ཅིག་མ་ཉི་ཤུ་རྩ་གཅིག་གིས་དབང་པོ་ཡང་རབ་མཆོག་གི་དངོས་གྲུབ་ཐོབ་པར་བཞེད་པའོ། །ཐེག་པ་བདུན་གྱི་ལྟ་སྒོམ་སྤྱོད་པ་འབྲས་བུ་རྣམས་ལུས་སེམས་རླུང་གི་དཀྱིལ་འཁོར་དུ་སོ་སོར་འབྱེད་ཅིང་དུས་དང་དུས་ཀྱི་འཁོར་ལོ་ཤེས་པར་ཟབ་མོ་མཁའ་འགྲོའི་སྲོག་སྙིང་རྣམས། ཡིག་ནག་ཀློག་ཅིང་སྒྲ་ཕྱིར་འབྲངས་ནས། གདུལ་བྱ་མི་ཤེས་རྨོངས་པ་རྣམས་ལ་རླུང་སེམས་ཁྲིད་རྣམས་བྱེད་པ་ཡང་། དཔེར་ན་ཕག་རྒོད་ཐུར་ལ་ཞོན་པ་དང་། རལ་གྲི་ཟས་སུ་ཟ་བ་འདྲ། །དངོས་གྲུབ་མི་ཐོབ་ཅིང་སྡུག་བསྔལ་སྣ་ཚོགས་འབྱུང་བའི་ཕྱིར་ན་རླུང་སེམས་གཏུམ་མོའི་གདམ་ངག་ཀྱང་། ལུས་ཅན་ཀུན་གྱི་སྤྱོད་ཡུལ་མ་ཡིན་གསུང་། མཧཱ་ཡོ་ག་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། མ་ཧཱའི་རྣལ་འབྱོར་དང་། མཧཱ་ཡོ་གའི་རྣལ་འབྱོར་ཆེན་པོ་དང་། མཧཱ་ཡོ་གའི་ཨ་ནུ་ཡོ་ག་སྟེ། གསང་སྔགས་གསར་མའི་ཕ་རྒྱུད་མ་རྒྱུད་འདི་རྣམས་ཏེ། མཧཱ་ཡོ་གའི་ཨ་ནུ་ཡོ་ག་ཙམ་ཡིན་པའི་ཕྱིར་ན། གྲུབ་ཆེན་བརྒྱད་ལྟ་བུར་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་གྲངས་ཅན་དྲུག་བཅུ་རྩ་བཞི་དང་། གྲངས་མེད་ཚད་ལས་འདས་པ་དེ། རླུང་སེམས་གཉིས་ཀྱི་དཀྱིལ་འཁོར་དུ་ཡིན་ལུགས་ཤེས་པ་ཙམ་གྱིས་གྲོལ་ཞིང་གཉིས་སུ་མེད་པར་སྦྱོར་བ་ཙམ་གྱིས་གྲོལ་ཞིང་རྟོགས་པ་ཡིན་པའི་

(༣༦༩)ཕྱིར་ན། ལམ་ཤིན་ཏུ་ཉེ་བར་གསུངས་པ་ཡིན། དེའི་ཕྱིར་ན་མཁས་ལ་གྲུབ་པ་ཐོབ་པར་འདོད་ན། གསང་སྔགས་གསར་མའི་རྣལ་འབྱོར་པ་རྣམས་ཡིན་ན་ཡང་། ཕ་རྒྱུད་མ་རྒྱུད་འདི་རྣམས་གཅིག་རྒྱབ་གཅིག་གིས་སྐྱོང་བ་དང་། དེའི་དོན་རྣམས་གསལ་བར་བྱེད་པ་མཁས་ལ་གྲུབ་པ་ཐོབ་པའི་གདམ་ངག་རྣམས་ཡིན་པའི་ཕྱིར་ན། རྒྱུད་སྡེ་ཐམས་ཅད་ཀྱི་སྒྲ་ཤེས་པར་བྱའོ། །དོན་ཤེས་པར་བྱ་སྟེ། ཀུན་གཞི་ཀུན་གྱི་རྒྱུད་རྣམས་ཤེས་པར་བྱ་ཞིང་། བསྒྲོད་བྱ་ལམ་གྱི་རྒྱུད་རྣམས་ལ་མཁས་པར་བསླབས་ཤིང་། ཐོབ་བྱ་འབྲས་བུའི་རྒྱུད་རྣམས་གོ་བར་བྱའོ། །རྒྱུད་ཆུང་ཉི་ཤུ་ཙམ་རེའི་སྒྲ་དང་དོན་གོ་བ་ཡང་དཔེར་ན་འཛམ་བུ་གླིང་གི་སའི་དཀྱིལ་འཁོར་ནས་ཕུལ་ཁམས་ཙམ་རེ་ཤེས་ཤིང་དེ་ལ་དབང་བསྒྱུར་བ་དང་འདྲ་སྟེ། དེ་ཡང་དབྱེ་ན་གཉིས་ཡིན། བསླབས་ནས་ཤེས་བྱ་གཏན་ལ་ཕབ་ནས་ཤེས་པ་དང་། བསྒོམས་ནས་དེ་བཞིན་གཤེགས་པ་ལྔའི་ཕོ་བྲང་དུ་རླུང་སེམས་འདུས་པའི་སྟོབས་ཀྱིས་རྩའི་མདུད་པ་ཕྱོགས་རེ་ཙམ་གྲོལ་བའི་དབང་གིས་བཀའ་དང་བསྟན་བཅོས་རྣམས་ལ་ཅུང་ཟད་ཙམ་རེ་གོ་ཞིང་རྟོགས་པ་འབྱུང་སྟེ། ཕྱོགས་མེད་གོ་ཞིང་རྟོགས་པ་མ་ཡིན་པའི་ཕྱིར་ན། མ་འོངས་པའི་གདུལ་བྱ་རྣམས་ཀྱང་། བདེ་གཤེགས་བཀའ་ལ་ལུང་ཆེན་མ་ཐོབ་ཀྱི་བར་དུ་རྨོངས་པ་རང་མགོ་མི་སྐོར་ཞིང་ཞིང་། བདེ་བར་གཤེགས་པའི་བཀའ་རྣམས་ལ་སྒྲོ་དང་སྐུར་པ་མི་གདབ་འཚལ། དཔལ་འཁོར་ལོ་བདེ་མཆོག་གི་སྐུ་གསུང་ཐུགས་ཀྱི་ངོ་བོ། །རྗེ་ཏཻ་ལོ་པ་ལས་དཔལ་རྡོ་རྗེ་སེམས་དཔའ་དང་ཐ་དད་མེད་པའི་པཎ་

(༣༧༠)ཆེན་ནཱ་རོ་པས། དཀའ་བ་བཅུ་གཉིས་སུ་སྤྱད་ནས་གསང་སྔགས་གསར་མའི་ཕ་རྒྱུད་མ་རྒྱུད། ཟབ་མོ་གདམ་ངག་དང་བཅས་པ་རྣམས་ལྷན་སྐྱེས་ཡེ་ཤེས་ཆོས་སྐུ་བྱིན་རླབས་ཀྱིས་རྩལ་ཆེན་རྫོགས་པར་མཛད་ནས་སྒྲ་དང་དོན་རྣམས་སྣང་སྲིད་བླ་མེད་རྒྱུད་ཀྱི་ཕུང་པོར་གསུངས་པ་ཡིན། རྗེ་ཆེན་པོ་ནཱ་རོ་པ་ཡང་རྗེ་མར་པ་ལོ་ཙའི་དོན་དུ་བྱོན་པ་སྟེ། རྗེ་ཏཻ་ལོ་པའི་ཞལ་ནས་ཀྱང་། མར་པ་བོ་དྷི་མ་རིག་མིག་གི་མུན་པ་སོལ། གསུང་ནས་ལུང་བསྟན་པ་ཡིན། རྗེ་མར་པ་ལོ་ཙ་ཡང་། ནཱ་རོ་དང་མཻ་ཏྲི་ཀུ་ཀུ་རི་གསུམ་གྱིས་བྱིན་གྱིས་བརླབས་ཤིང་། གསར་མའི་མཧཱ་ཡོ་གའི་ཕ་རྒྱུད་མ་རྒྱུད་རྣམས་ཀྱི་སྒྲ་དང་དོན་འགྲེལ་པ་དང་གདམ་ངག་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་པ་སྟེ། རྗེ་མར་པའི་ཞལ་ནས་ཀྱང་། སྐུ་སྙན་པ་ཅན་གྱི་རྗེ་བཙུན་ལ། ལོ་དྲུག་ཟླ་བ་བདུན་དུ་བསྟེན། །ཕ་རྒྱུད་གསང་བ་འདུས་པ་དང་། །རྒྱ་མཚོ་ལྟར་ཟབ་བདེ་མཆོག་དང་། །ཟབ་མོར་གྲགས་པའི་དགྱེས་རྡོར་མཉན། །མ་རྒྱུད་མཧཱ་མ་ཡ་དང་། ཡང་སྙིང་བདེ་མཆོག་སྙན་རྒྱུད་ཞུས། གསུངས་པ་དང་། ཡང་ལམ་ན་ཚུར་བྱོན་པའི་མགུར་གྱི་ནང་ན། གདན་བཞི་དང་དུས་འཁོར་གྱིས་སྣ་དྲངས་པའི། རྒྱུད་སྡེ་ཟད་པ་མེད་པ་ཤེས་གསུངས་པའི་ཕྱིར་ན། གསང་སྔགས་གསར་མའི་རྒྱུད་དང་གདམ་ངག་རྣམས་རྗེ་མར་པས་བོད་ཀྱི་ཡུལ་དུ་དར་ཞིང་རྒྱས་པར་མཛད་ནས། དེའི་སྙིང་པོའི་དོན་རྗེ་བཙུན་མི་ལས་བསྒྲུབས་པས་གྲུབ་ཐོབ་གནམ་གྱི་སྐར་མ་ཙམ་བཏོན་པ། དེ་ལ་རྗེ་ཆེན་པོ་ཏེ་ཕུ་པས་བྱང་ཆུབ་

(༣༧༡)སེམས་དཔའ་རྡོ་རྗེ་ཆོས་ཀྱི་སྤྲུལ་པ་སྟེ། གཞན་སྣང་དུ་འཕོ་བ་གྲོང་འཇུག་མཛད་ནས། རྗེ་བཙུན་ནཱ་རོ་པས་བྱིན་གྱིས་བརླབས་ནས་ཆོས་ཀྱི་དབྱིངས་རབ་འབྱམ་དག་སྣང་བདེ་བ་ཆེན་པོའི་ཨོ་རྒྱན་དུ་ཤར་ནས། གྲུབ་ཆེན་བརྒྱད་དང་། གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་ལྔ་དང་། གྲུབ་ཐོབ་བརྒྱད་བཅུ་རྩ་བཞིས་བྱིན་གྱིས་བརླབས་ཤིང་། གདམ་ངག་གི་བཅུད་འཐུངས་པ་སྟེ། གསང་སྔགས་ཀྱི་སྡོང་པོར་ཡོངས་སུ་གྲགས་པ་དེ་ལ། རྗེ་ཆེན་པོ་རས་ཆུང་པ་ཡིས་མཉེས་པ་གསུམ་གྱིས་མཉེས་པར་མཛད་ནས། རྒྱུད་དང་གདམ་ངག་གི་མཛོད་ཐམས་ཅད་བྱིན་གྱིས་བརླབས་ཤིང་གནང་ནས། བོད་ཀྱི་ཡུལ་དུ་བྱོན་པའི་ཐུགས་ཀྱི་སྲས་མཆོག་ཟངས་རི་འགྲོ་མགོན་རས་པ་སྟེ། དེ་ཡིས་སྨིན་པ་དང་གྲོལ་བར་མཛད་ཅིང་། རྒྱུད་དང་མན་ངག་སྙན་རྒྱུད་ཀྱི་ཚོགས་རྣམས་བུམ་པ་གང་བྱོའི་ཚུལ་དུ་ཐུགས་སུ་ཆུད་པ་ནི། འགྲོ་མགོན་གྲུ་གུ་རས་ཆེན་སྟེ། མར་པ་ལྷོ་བྲག་པའི་previous hit དགོངས next hit་མཐའ་ཡས་རྒྱ་མཚོ་ལྟ་བུ་དེ། རྗེ་དུས་གསུམ་མཁྱེན་པའི་ཐུགས་སུ་ཆུད་ཅིང་གྲུབ་པ་ཐོབ་པའི་ཕྱིར་ན། བརྒྱུད་པ་ཡང་གཉིས་ཀྱི་བྱིན་རླབས་དང་། རྒྱུད་སྡེ་དང་གདམ་ངག་གི་རྐང་ཐབས་དཔེར་ན། ཆུ་བོ་ཆེན་པོ་སོ་སོར་འབབ་ཀྱང་། རྒྱ་མཚོ་ལ་ཐིགས་པའི་དུས་སུ་ཆུར་རོ་གཅིག་པ་བཞིན་དུ་རྒྱུད་པ་ཡང་གཉིས་ཀྱི་རྐང་དང་། བྱིན་རླབས་སྙན་རྒྱུད་ཀྱི་གདམ་ངག་ཐམས་ཅད་འགྲོ་བའི་མགོན་པོ་སངས་རྒྱས་རས་པ་ཆེན་པོའི་སྐུ་གསུང་ཐུགས་རྒྱ་མཚོ་ལྟ་བུ་ལ་འདུས་ཤིང་རྫོགས་པ་སྟེ། དེའི་སྒྲ་དང་དོན། གདམ་ངག་དང་གནད། མཁྱེན་པ་དང་ཡེ་ཤེས་

(༣༧༢)བླ་མ་རིན་པོ་ཆེའི་སྐུ་གསུང་ཐུགས་ལ་རྫོགས་པར་བྱོན་པ་སྟེ། དཔེར་ན་མར་མེ་གཅིག་གིས་གཅིག་གཏམས་ཀྱི་ཚུལ་དུ་ལུང་བསྟན་མཁའ་འགྲོ་གསང་བའི་མཛོད་རྣམས་སྐལ་ལྡན་སྐྱེས་བུ་དམ་ཚིག་དང་ལྡན་པ་རྣམས་ཀྱིས་ཡིན་ལུགས་ཤེས་པ་དང་། ཉན་ཅིང་བསྒོམས་པ་ཙམ་གྱིས་དངོས་གྲུབ་སྣ་ཚོགས་མྱུར་དུ་ཐོབ་པ་སྟེ། རྗེ་ཏེ་ཕུ་པའི་ཞལ་ནས་ཀྱང་། །སངས་རྒྱས་ཆོས་རྣམས་ཕྱིའི་རྒྱ་མཚོ་འདྲ། །ཐབས་དང་ཤེས་རབ་གཉིས་མེད་སྦྱོར། །གདམ་ངག་ནི་འཆི་མེད་བདུད་རྩི་འདྲ། །གང་ཞིག་རེག་དང་འཐུངས་ཙམ་གྱིས། །འཆི་མེད་རྡོ་རྗེ་ཚེ་ཐོབ་འགྱུར། །ཞེས་གསུངས་པའི་ཕྱིར་ན། མཁས་ལ་གྲུབ་པ་ཐོབ་པའི་ཟབ་མོ་གནད་ཀྱི་རྒྱ་མཚོ་ལས། རང་བྱུང་རྣལ་འབྱོར་རྡོ་རྗེ་ཡིས་ཕྱོགས་མེད་དུ་གོ་ཞིང་ཕྱོགས་རིས་མེད་པར་སྒྲུབས། ཕྱོགས་མེད་པའི་དོན་རྟོགས་ནས། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལ་སྒྲ་དོན་མ་འདྲེས་ངོ་བོ་གཅིག་ལ་སོ་སོར་རྟོགས་པའི་ཕྱིར་ན། ཕྱག་རྒྱ་ཆེན་པོ་མཧཱ་མུ་དྲ་ཆོས་དབྱིངས་ཡེ་ཤེས་ལྔ་དང་ལྡན་ཞིང་། འགྲོ་དྲུག་ཡོངས་ཀྱི་མ་རིག་པའི་མུན་པ་སེལ་བར་མཛད་པ། རྟོགས་པ་རབ་འབྱམ་སྤྲིན་མེད་པའི་ནམ་མཁའ་ལ་ཉི་མ་དང་ཟླ་བ་ཤར་བ་འདྲའོ། །མ་འོངས་པའི་དུས་ཀྱི་གདུལ་བྱ་རྣམས་ཀྱིས་ཀྱང་། རྗེ་ནཱ་རོ་བརྒྱུད་པའི་ལུགས་ཀྱིས། ཨ་ནུ་མན་ཆོད་ཐེག་པ་བརྒྱད་ཀྱི་རྒྱུ་རྟོགས་པར་བྱའོ། །ལམ་རྟོགས་པར་བྱ་སྟེ། འབྲས་བུ་རྟོགས་ཤིང་ཡོངས་སུ་རྫོགས་ནས་རྣལ་འབྱོར་བླ་ན་མེད་པའི་previous hit དགོངས next hit་ཡོངས་སུ་རྫོགས་པ་ཡིན་པའི་ཕྱིར་ན། གདུལ་བྱ་ཀུན་གྱིས་དེ་ལྟར་མཁྱེན་

(༣༧༣)པར་མཛོད། ནང་པ་སངས་རྒྱས་པའི་གྲུབ་མཐའ་ཐེག་previous hit ་བརྒྱད་བཞེད་དགོངས next hit་སོ་སོར་སྣང་ན་ཡང་། བརྒྱུད་པ་ཡང་གཉིས་ཀྱིས་བྱིན་གྱིས་བརླབས་previous hit ། རྗེ་གྲུ་གུ་རས་ཆེན་གྱི་བཞེད་དགོངས next hit་ཀྱིས། ཕུང་པོ་ཁམས་དང་རྟེན་འབྲེལ་སོགས། །གྲངས་ཅན་དྲུག་བཅུ་རྩ་བཞི་དང་། གྲངས་མེད་ཚད་ལས་འདས་པ་རྣམས། །སངས་རྒྱས་ལྔ་ཡི་ཕོ་བྲང་དུ། །ཐབས་དང་ཤེས་རབ་གཉིས་མེད་སྦྱོར། །གཡོ་བ་རླུང་གི་ལྕགས་གིས་བསྐུལ། །ཀུན་མཁྱེན་དུས་ཀྱི་འཁོར་ལོ་ཡིས། །དུས་དང་དུས་གནད་གཏན་ལ་ཕབ་ནས། ཐེག་པ་དགུའི་དམར་ཁྲིད། ཨེ་མ་ངོ་མཚར་མི་ཆེའམ། མ་འོངས་པའི་གདུལ་བྱ་རྣམས་ཀྱང་། འདི་ལྟ་བུའི་རྒྱུད་དང་རྒྱུད་དུ་འབྲེལ་བའི་ཐེག་པ་དགུ་འམ་དམར་ཁྲིད་གོ་ཞིང་བསྒོམས་ནས། རྟོགས་པ་མཐར་ཕྱིན་པའི་དུས་སུ། མཁྱེན་པ་གཉིས་དང་ལྡན་པའི་སྒོམ་ཆེན་བྱ་བ་ཡིན། སྐལ་བ་དང་ལྡན་པ་རྣམས་ལ་ཟབ་མོ་སྔགས་ཀྱི་སྒོམ་ཁྲིད་མཛད་ནས་རྟོགས་ལྡན་དཔག་ཏུ་མེད་པ་འབྱུང་བར་གསུངས། དེའི་ཕྱིར་ན། སངས་རྒྱས་ལྔའི་ཕོ་བྲང་དུ་རླུང་སེམས་མཆོག་ཏུ་འདུས་ལགས་ཤིང་། དེ་བཞིན་གཤེགས་པ་ལྔ་ཡིས་བྱིན་གྱིས་རླབས་ནས། ཐམས་ཅད་དག་པའི་སྣང་བ་ཕྱིན་པའི་ཕྱིར་ན། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུས་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་བླ་ན་མེད་པའི་རྒྱུད་དུ་གསུངས་ཤིང་ངོ་སྤྲོད་པར་བཤད། དེའི་ཕྱིར་ན་རྡོ་རྗེ་ཕག་མོ་རྣལ་འབྱོར་སྤྱོད་པའི་རྒྱུད་ལས་ཀྱང་། མགྲིན་པ་ལོངས་སྤྱོད་འཁོར་ལོར། ཨཱ་ལི་ཀཱ་ལི་མཉམ་སྦྱོར་ཞིང་། །རྩ་མདུད་པདྨ་ཁ་འབྱེད་པས་

(༣༧༤)མི་ཟད་གསུང་ལ་རང་དབང་ཐོབ། །ཅེས་གསུང་པའི་ཕྱིར་ན། དཔལ་དུས་ཀྱི་འཁོར་ལོ་ཚེག་བར་བདུན་པའི་བཞེད་ཀྱིས། ཐབས་ཤེས་རབ་ཆ་མཉམ་པའི་རླུང་སེམས་འདུས་ན། གསུང་གི་དངོས་གྲུབ་ཐོབ་པར་བཤད། དེའི་ཕྱིར་ན་ཉི་མ་དང་ཟླ་བ་གཟས་ཟིན་པ་གཏན་ལ་ཕབ་པ་སྟེ། དོན་འདི་འདྲ་བ་གཅིག་ལ་previous hit དགོངས next hit་ཡིན། །བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་ཕུན་སུམ་ཚོགས་པ་གསལ་བྱེད་སྒྲོན་མ་ལས་ཐེག་པ་བདུན་གྱི་previous hit དགོངས next hit་སོ་སོར་རྟོགས་པའི་བར་སྐབས་ཏེ་ས་མཚམས་དགུ་པའོ།། །།དམ་པའི་ཆོས་འདི་ཉན་པ་དང་བཤད་པ་དང་སྒོམ་ཞིང་རྟོགས་ནས་གཞན་དོན་རྒྱ་ཆེན་པོ་མཛད་པའི་སྒོམ་ཆེན་པ་རྣམས་ཀྱི། དཔའ་བོ་མཁའ་འགྲོ་དང་ཆོས་སྐྱོང་བསྲུངས་མ་རྣམས་ཀྱིས་ཀྱང་བར་ཆོད་སོམ་ཞིག །སྟོངས་གྲོགས་མཛོད་ཅིག །དངོས་གྲུབ་སྟེར་ཞིང་བསྟན་པ་མུན་དུ་རྒྱས་པར་མཛོད་ཅིག །མཧཱ་ཡོ་གའི་བཀའ་བསྲུངས་དཔལ་མ་མགོན་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱིས། བསྟན་པ་རྒྱ་མཚོ་མཐའ་ཡས་འདི་འཛམ་བུའི་གླིང་དུ་ཡུན་རིང་དུ་དར་བར་མཛོད་ཅིག །བདག་པོ་མཛོད་ཅིག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །།ཨ་ནུ་ཡོ་ག་ཞེས་བྱ་བ་ནི། ཐེག་པ་རིམ་པ་དགུའི་སྤྱི་ལུང་ཡིན་པའི་ཕྱིར་ན། ཐེག་པ་རིམ་པ་དགུའི་ཕུན་སུམ་ཚོགས་པ་དང་སྦྱོར་དགོས་པའི་ཕྱིར་ན། ཨ་ནུ་ཡོ་ག་ཉིད་ལ་ཕུན་སུམ་ཚོགས་པ་རྣམ་པ་ལྔའི་རང་གར་ཐོབ་སྐལ་མེད་བྱ་བའི་ལུང་

(༣༧༥)ཡང་ཡོད་གསུངས་ཏེ། ཨ་ནུ་ཡོ་ག་ཉིད་ལ་ཡང་ཕུན་སུམ་ཚོགས་པ་རྣམ་པ་ལྔ་དབུ་ཞབས་སུ་རྫོགས་པའི་ཐོབ་སྐལ་ཡོད་པ་ཡང་མི་འགལ། ཀུན་བཟངས་དྲུག་པ་རྡོ་རྗེ་འཆང་། འོག་མིན་ཆོས་ཀྱི་དབྱིངས་ན་བཞུགས། །རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གསུམ། །དབྱིངས་དང་ཡེ་ཤེས་རོ་མཉམ་ཞིང་། །འཆར་ནུབ་མེད་པའི་ལྷ་ཚོགས་ལ། །འདུ་འབྲལ་མེད་པར་ཕྱག་འཚལ་ལོ། །ཨ་ནུ་ཡོ་ག་འོག་མིན་དུ་བྱུང་བའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་ནི། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་ལྷུན་གྱིས་གྲུབ་པའི་མཐའ་དང་དབུས་མེད་པ་དངོས་པོ་གཤིས་ཀྱི་གནས་ལུགས་ལ། འཁོར་འདས་ཐམས་ཅད་ཡོངས་སུ་རྫོགས་པའི་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ། སྲས་དང་དཀྱིལ་འཁོར་རྣམ་པ་གསུམ་རང་བཞིན་ལྷུན་གྱིས་གྲུབ་པར་བཞུགས་པ་ལས། ཨོཾ་མུམ་ཞེས་བྱ་བ་ནི་དཀྱིལ་འཁོར་གསུམ་སྟེ། ཡི་གེ་གསུམ་པོ་འདི་རང་བཞིན་ངོ་བོ་མཚན་ཉིད་ཡོངས་སུ་རྫོགས་པའི་ཡི་གེ་ཆོས་ཀྱི་དབྱིངས་དང་མཉམ་པར་མ་ཁྱབ་པ་མེད་པའི་ཕྱིར་ན། གྲངས་ཅན་གྱི་ཡི་གེ་དང་གྲངས་མེད་ཀྱི་ཡི་གེ་འཁོར་འདས་ཀྱི་ས་བོན་དུ་གནས་པའི་ཕྱིར་ན། རྗོད་དུ་ཡོད་པའི་ཡི་གེ་དང་རྗོད་དུ་མེད་པའི་ཡི་གེ་རྣམ་པ་སྣ་ཚོགས་སུ་ཤར་ཞིང་། དཔེར་ན་ས་བོན་ལ་མྱུ་གུས་ཁྱབ་པའམ། ཆུ་ལ་རླན་གྱིས་ཁྱབ་པ་བཞིན་དུ་ཐམས་ཅད་རང་བཞིན་གྱིས་ངོ་བོ་མཚན་ཉིད་དུ་བཞུགས་པ་ལས། སྟོན་པ་བསྟན་པ་གང་གི་ཡང་ཐ་སྙད་མི་འདོགས་པ་ནི་ཨ་ནུ་ཡོ་གའི་ཆོས་ཀྱི་དབྱིངས་

(༣༧༦)ཀྱི་གཞལ་ཡས་ན། དཀྱིལ་འཁོར་གསུམ་ལྡན་གྱི་ཀུན་ཏུ་བཟང་པོ་ཡབ་ཡུམ་སྲས་བཅས་དབྱེར་མེད་དུ་བཞུགས་པ་ལས། སྟོན་པ་དང་བསྟན་པ་བཀའ་དང་རྒྱུད་ལུང་དང་མན་ངག་དབྱིངས་དང་ཡེ་ཤེས་རོ་མཉམ་པར་གང་དང་གང་ཐ་དད་མེད་པར་བཞུགས་པ་ནི། ཨ་ནུ་སྔོན་བྱུང་འོག་མིན་གྱི་ཕུན་སུམ་ཚོགས་པ་ལྔའོ།། །།ཕྱིས་འབྱུང་ལྷ་མིའི་ཕུལ་དུ་བྱུང་བའི་ལུགས་ནི། ཐུབ་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་ནས། རྒྱལ་པོ་ཛ་ལུང་བསྟན་པའི་ལུགས་བཞིན་དུ། སིང་ག་ལའི་གླིང་དུ་ལུང་གི་རྒྱུད་ཐམས་ཅད་ཆར་དུ་བབ་པ་སྟེ། གཞན་དུ་རྒྱལ་པོ་ཛའི་ལོ་རྒྱུས་བཞིན་དུ་ཤེས་པར་བྱའོ། །དེ་ལ་མདོ་previous hit དགོངས next hit་འདུས་པ་ལུང་ཐམས་ཅད་ཀྱི་རྩ་བ་ཡིན། དེ་ལས་འཕྲོས་པ་ལུང་གི་རྒྱུད་ཀྱི་ཕྱི་མ་དང་། དེའི་ཕྱི་མ་དང་འབྲེལ་ཚུལ་ཐམས་ཅད་སོ་སོར་ཤེས་ཤིང་། ཕུན་སུམ་ཚོགས་པ་སོ་སོར་འབྱེད་ཤེས་པར་བྱའོ། །རྒྱུད་ལུང་མན་ངག་གསུམ་དང་སྦྱར་ཏེ། ཁུངས་ཀྱི་བཤད་པ་དང་དཔེ་དང་སྦྱར་ཏེ་བཤད་པའོ། །ཚིག་གི་དོན་ལ་གཉིས་ཏེ། མཚན་སྦྱར་བ་དང་། འབྲུ་བསྣོན་པའོ། །དང་པོ་ནི་དཀྱུས་སུ་བལྟའོ། །གཉིས་པ་སྣོད་སྒོ་དང་སྦྱར་བ་ནི། ལེའུ་གཅིག་པ་ལས། གང་ལ་སྤྱན་རས་གཟིགས་དབང་གིས། མཐར་ཐུག་མེད་པའི་འགྲོ་གང་དག་འདི་ན་གནོད་གཞི་ཁོ་ནར་གཟིགས། ཞེན་ཆགས་ཅན་དང་ལོག་སྲེད་ཅན། རིགས་རྒྱུད་ཅན་དང་བློ་གྲོས་ཅན། །ཐམས་ཅད་ཆ་བཞིར་སྣང་བས་ན། །འདོད་ཁྲིད་སྦྱོར་དང་ངེས་པར་སྣང་། །ཞེས་པས། དེ་ལ་གདུལ་བྱ་བློ་གྲོས་ཅན་ལ་སྟོན་པ་ཆོས་ཀྱི་

(༣༧༧)སྐུས་དོན་དམ་ངེས་པའི་ཚིག་ཏུ་གསུངས་པ་དང་། མཚན་གཏན་ཚིགས་དང་སྦྱར་ཏེ་བཤད་པ་གཉིས་ཐུན་མོང་དུ་སྟོན་ཏེ། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཞེས་བྱ་བ་ནི་དཀྱིལ་འཁོར་གསུམ་དབྱེར་མེད་པའི་དེ་བཞིན་མ་བཅོས་པའི་དེ་བཞིན་ཉིད་ཅི་ལྟ་བ་བཞིན་ནར་སོན་པས་ན་གཤེགས་པ། ཕྱོགས་བཅུ་དུས་བཞིས་བསྡུས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གསུམ་དབྱེར་མེད་པའི་རང་བཞིན་previous hit དགོངས next hit་འདུས་པ་སྔགས་ཀྱི་དེ་ཁོ་ན་ཉིད་ལས་མི་འདའ་བའི་ཕྱིར་ཐུགས་སོ། །མི་འདའ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཞེས་བྱའོ། །གསང་བའི་ཡེ་ཤེས་ཞེས་བྱ་བ་ནི། དཀྱིལ་འཁོར་གསུམ་དབྱེར་མེད་པའི་སེམས་ཉིད་གསང་སྔགས་ཀྱི་ངོ་བོ་དེ། ས་དང་ས་ལ་གནས་པ་རྣམས་ཀྱི་ཡུལ་མིན་པས་གསང་བ་ཡང་ཡིན་ལ། དེ་ཉིད་རང་གསལ་བས་ཡེ་ཤེས་སོ། །ལེའུ་རེ་དྲུག་པ་ལས། གང་གི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་གསལ་བའི་ཡེ་ཤེས་ཞེས་བྱའོ། །དོན་གྱི་སྙིང་པོ་ཞེས་བྱ་བ་ནི། ཤེས་གྲུབ་ཐམས་ཅད་ཀྱི་བཅུད་འདུས་པའི་རང་བཞིན་previous hit དགོངས next hit་འདུས་པའི་རྒྱུད་ལེའུ་རེ་དྲུག་པ་ལས་མེད་པ་ལས་ཐམས་ཅད་འབྱུང་བའི་ཕྱིར་དོན་གྱི་སྙིང་པོ་ཞེས་བྱའོ། །ཞེས་རྡོ་རྗེ་བཀོད་པའི་རྒྱུད་ནི། སེམས་ཉིད་སྣང་སྟོང་དབྱེར་མེད་དམ། སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུ་ལ་ཐམས་ཅད་ལྷུན་གྱིས་གྲུབ་པས། རྡོ་རྗེ་བཀོད་པའི་རྒྱུད་ཀྱིས་ཡན་ལག་དྲུག་ཚང་འབྲེལ་དུ་གནས་པའོ། །དེ་ཡང་རེ་དྲུག་པ་ལས། གང་གི་ཡོངས་སུ་བཀོད་པའི་ཕྱིར། རྡོ་རྗེ་བཀོད་པའི་རྒྱུད་ཅེས་ཀྱང་བྱའོ། །རྣལ་འབྱོར་གྲུབ་པའི་ལུང་ཞེས་པ་ནི། དཀྱིལ་འཁོར་

(༣༧༨)གསུམ་དབྱེར་མེད་པའི་དོན་རྣལ་འབྱོར་མ་ལ་ཕྱིན་ཅི་མ་ལོག་པར་འབྱོར་བས་ལྔའམ་བཅུར་གྲུབ་པའི་དོན་སྒྲོ་སྐུར་དང་བྲལ་བར་སྟོན་པའོ། །ལེའུ་རེ་དྲུག་པ་ལས། འདི་ལྟར་ངེས་པར་རྣལ་འབྱོར་དུ་ལུང་སྟོན་པའི་ཕྱིར་རྣལ་འབྱོར་རྫོགས་པའི་ལུང་ཞེས་ཀྱང་བྱའོ། །ཀུན་འདུས་རིག་པའི་མདོ་ཞེས་པ་ནི། ཤེས་བྱ་ཀུན་འདུས་འདི་ཉིད་ཐམས་ཅད་ཀྱི་དོན་རིག་པས་རང་བཞིན་previous hit དགོངས next hit་འདུས་པའི་རྒྱུད་འདིར་འདུས་པའོ། །དཔེའུ་རེ་དྲུག་པ་ལས། འདིར་ཀུན་ནས་བསྡུ་བའི་ཕྱིར་ཀུན་འདུས་རིག་པའི་མདོ་ཞེས་བྱའོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བ་ནི། ཤེས་རབ་དང་སྙིང་རྗེ་ཆེ་བས་སམ་ཡང་ན་ཆེན་པོ་བཞི་དང་ལྡན་པ་སྟེ། ཚིག་དང་ཡི་གེའི་རྒྱུད་འདིས་མངོན་དུ་རྟོགས་པར་བྱེད་པའི་ངོ་བོ་ཡིན་པའོ། །ལེའུ་རེ་དྲུག་པ་ལས། དམ་པ་རྣམས་ཀྱི་མངོན་པར་ཆུད་པའི་ཕྱིར། ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་ཀྱང་བྱའོ། །ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ཞེས་བྱ་བ་ནི། ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་དང་རང་བཞིན་གྱི་རྒྱུད་ལ་ཆོས་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པར་གསལ་བའོ། །ལེའུ་རེ་དྲུག་པ་ལས་གང་ལ་མ་འདྲེས་པར་བཀོད་པའི་ཕྱིར། ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ཞེས་ཀྱང་བྱའོ། །ཞེས་བྱ་བའི་མདོ་ཞེས་པས་སྟོན་པ་ཆོས་ཀྱི་དོན་དམ་ངེས་པའི་ཚིག་ཏུ་གསུངས་པས། གདུལ་བྱའི་བློ་ལ་ལྡན་པའི་དོན་གོ་བར་བྱེད་པ་ཞེས་བྱ་བའི་མདོའོ། །འོག་མ་རྣམས་ལ་ཡང་དེ་བཞིན་ནོ། །གདུལ་བྱ་

(༣༧༩)ལོག་སྲེད་ཅན་ལ་སྟོན་པ་སྤྲུལ་སྐུས་ཀྲི་ཡ་བརྒྱུད་པའི་ཚིག་ཏུ་བསྟན་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ནི་རྟག་ལྟ་དང་ཆད་ལྟ་རང་ཡིན་བྱས་པས་རྒྱུད་ནས་བེམས་ཀྱི་དེ་ཁོ་ན་ཉིད་ངོ་བོ་མི་འགྱུར་བ་དང་མི་དམིགས་པ་རྟོགས་པར་བྱེད་དོ། །དེ་ཡང་འདི་ཉིད་ལ་ངེས་པར་རྟག་ན་རྟག་པ་ཉིད་རྟག་ཆེན་དེ་ཉིད་གཉན་པོ་མེད། །ངེས་པར་ཆད་ན་འཆད་པ་མེད། བྱང་ཆུབ་ཉིད་དེ་ལོགས་རྒྱུན་ཆད། །ཅེས་སོ། །གསང་བའི་ཡེ་ཤེས་ནི། རྟག་ཆད་གཉིས་པོ་དེ་བཞིན་གྱི་ཡུལ་ཡིན་པར་བསྟན་པས། རྒྱུད་ནས་སེམས་རང་བྱུང་གི་ཡེ་ཤེས་རྟོགས་པར་བྱེད་དོ། །དོན་གྱི་སྙིང་པོ་འདི་ལྟ་བ་རྟག་ཆད་དུ་ལྟ་བ་དང་། སྤྱོད་པ་ཕྱིན་ཅི་ལོག་དེ་ཤེས་བྱའི་དོན་གྱི་སྙིང་པོ་ཡིན་ཞེས་པས། རྒྱུད་ནས་ཐུན་མོང་གི་རྟག་ཆད་དང་། ཡང་དག་པའི་མཛད་སྤྱོད་རྟོགས་པར་བྱེད་དོ། །རྡོ་རྗེ་བཀོད་པའི་རྒྱུད་ནི། །སྒྲིབ་པ་འཇོམས་པའི་གཉེན་པོ་ཡེ་ཤེས་རྡོ་རྗེ་ལོག་ལྟ་ཡང་དྲུག་ཏུ་བཀོད་པའི་ཚང་འབྲེལ་དུ་གནས་པས་རྒྱུན་བརྟན་པས། རྒྱུད་ནས་ལོག་སྲེད་ཅན་གྱི་ལྟ་བ་ཕྱིན་ཅི་མ་ལོག་པར་རྟོགས་པར་བྱེད་དོ། །རྣལ་འབྱོར་གྲུབ་པའི་ལུང་ནི་དེ་ལ་རྣལ་འབྱོར་བདག་ཏུ་འཛིན་པའི་ཏིང་ངེ་འཛིན་ནོ། །དེ་གྲུབ་པས་དེ་ནི་བཀའ་ལུང་མ་ནོར་བ་ཡིན་ཞེས་བལྟས་པས། རྒྱུད་ནས་སེམས་ཉིད་ཆེན་པོར་རྟོགས་པར་བྱེད་དོ། །ཀུན་འདུས་རིག་པའི་མདོ་ནི། ལྟ་ལོག་སུམ་བརྒྱ་དྲུག་བརྒྱ་ལ་སོགས་པ་ཀུན་རྟག་ཆད་གཉིས་སུ་འདུས་པ་ནི་མ་ནོར་བའི་

(༣༨༠)དོན་རིག་པར་བྱེད་པའི་མདོ་ཞེས་བསྟན་པས། རྒྱུད་ནས་ཐམས་ཅད་མཁྱེན་པའི་ལྟ་བ་རྟོགས་པར་བྱེད་དོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ནི། ཐེག་པ་ཆེན་པོ་ནི་རྟག་པར་ལྟ་བའི་རིག་པ་ལྔས་རྟག་པར་གྲུབ་པ་མངོན་པར་རྟོགས་ན་མཐོ་རིས་སུ་འདེགས་པར་བྱེད་དོ། །ཞེས་བསྟན་པས། རྒྱུད་ནས་རང་བྱུང་གི་ཡེ་ཤེས་གཉེན་པོ་མེད་པའི་དོན་ཁོ་ནས་འགྲུབ་པར་རྟོགས་པར་བྱེད་དོ། །ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ནི། ལོག་ལྟའི་ཆོས་ཀྱི་རྣམ་གྲངས་སུ་རྣམ་པར་བཀོད་པ་འདི་ཡིན་ཞེས་བསྟན་པས། རྒྱུད་ནས་དེ་ཁོ་ན་ཉིད་མ་འདྲེས་ཡོངས་རྫོགས་ཀྱི་དོན་གོ་བར་བྱེད་པའོ། །ཞེན་ཆགས་ཅན་གྱི་དོན་འདོད་པ་རང་རྐྱེན་གྱི་ཚིག་ཏུ་བསྟན་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ནི་རང་བཞིན་གྱིས་དེ་བཞིན་གཤེགས་པ་ཡབ་ཡུམ་གྱི་རྩ་ས་ཡ་ཕྲག་བཅུ་གསུམ་གྱི་བཅུད་འདུས་པའི་ཐུགས་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ། གསང་བའི་ཡེ་ཤེས་ནི་སྣོད་མིན་པ་ལ་གསང་བ་སྟེ། དེ་བཅུ་གཅིག་ལོན་པའི་ཟོང་འཚོལ་བ་མ་ནིང་བདེ་བས་གཏན་ནས་འཕོངས་པ། དགེ་སློང་སེར་སྣས་བཅིངས་པ་དྲུག་བཅུ་ལོན་པའི་ཟོང་ཟད་བཞིའི་ཡུལ་མིན་པའོ། །རང་གསལ་བས་ཡེ་ཤེས་སོ། །དོན་གྱི་སྙིང་པོ་ནི་ཡབ་ཡུམ་གྱི་རྩ་ས་ཡ་དྲུག་བཅུ་རྩ་གཉིས་ཀྱི་ཁུ་བ་ཡེ་ཤེས་ཀྱི་རོ་དང་ལྡན་པ་རྡོ་རྗེ་པདྨའི་རྩར་འདུས་པ་ནི་ཤེས་བྱ་དང་སྒྲུབ་བྱའི་དོན་གྱི་སྙིང་པོ་ཡིན་པའོ། །རྡོ་རྗེ་བཀོད་པའི་རྒྱུད་ནི་རྡོ་རྗེ་ནི་གཉིས་མེད་ཀྱི་ཡེ་ཤེས་ཆེན་པོའོ། །དེ་ལ་

(༣༨༡)ཡེ་ཤེས་ཐམས་ཅད་ལྷུན་གྱིས་གྲུབ་པས་བཀོད་པའོ། །ཡང་ན་རྡོ་རྗེ་ནི་རྣམ་རྟོག་འཇོམས་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྡོ་རྗེ་བཀོད་པ་ནི་ཡེ་ཤེས་ལྔའམ་ཡེ་ཤེས་བཞི་བཅུ་རྩ་གཉིས་བཀོད་པའོ། །ཡན་ལག་དྲུག་ཚང་འབྲེལ་དུ་གནས་པས་རྒྱུད་དོ། །རྣལ་འབྱོར་སྒྲུབ་པའི་ལུང་ནི་གསང་སྔགས་པའི་རྣལ་འབྱོར་ལྔའམ་བཅུ་ལ་སོགས་པ་གྲུབ་པའོ། །གྲུབ་པ་ནི་འདོད་ཆགས་ཆེ་བའི་ཐབས་ཀྱིས་གྲུབ་པར་བྱེད་པའོ། །ལུང་ནི་ཚིག་ཏུ་མ་བརྗོད་ཀྱང་གསང་སྔགས་ཀྱི་རྒྱ་མཚོ་ལྟ་བུ་ཐབས་ཀྱིས་བརྗོད་པ་དང་འདྲ་བར་སྣང་བར་བྱེད་པས་གསང་བའི་སྐུའི་གསུང་སེང་གེ་ལྟ་བུའོ། །ཀུན་འདུས་རིག་པའི་མདོ་ནི། རྡོ་རྗེ་པདྨའི་རྩར་ཉི་ཟླ་གཉིས་མེད་དུ་འདྲེས་པའི་ཐིག་ལེ་ཆེན་པོའོ། །ཡབ་ཡུམ་གྱི་རྩ་ས་ཡ་ཕྲག་བཅུ་གསུམ་གྱི་བཅུད་ཀུན་འདུས་པའོ། །དེ་འབྱེད་པ་སྡོམ་པའི་ཐབས་དང་སའི་རླུང་རྒྱུ་བའི་དུས་དང་། བླ་མའི་previous hit དགོངས next hit་དང་། སློབ་བུ་བསོད་ནམས་ཀྱི་ལས་བསགས་པའི་སྟོབས་དང་། གཟུངས་མ་མཚན་དང་ལྡན་པ་འཛོམ་པས་གསང་སྔགས་ཀྱི་དོན་རིག་པར་བྱེད་པའི་མདོའོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ནི། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་མངོན་པར་རྟོགས་པའོ། །ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ནི་ཆགས་པ་དེ་ཐབས་ཀྱིས་མ་ཟིན་ན། འཁོར་བའི་ཆོས་རྟེན་འབྲེལ་བཅུ་གཉིས་ལ་སོགས་པའོ། །ཐབས་ཀྱིས་ཟིན་ན་གསང་སྔགས་ཀྱི་ལམ་ལྔ་དང་བཅུ་ལ་སོགས་པའི་ཆོས་སོ། །སངས་རྒྱས་ཀྱི་གསུང་དང་སྐུ་ལྔ་ཡེ་ཤེས་ལྔ་ལ་སོགས་འབྲས་བུའི་ཆོས་རྣམས་སོ། །རྡོ་རྗེ་དང་

(༣༨༢)པདྨའི་རྩགས་རྣམ་པར་བཀོད་པའོ། །རིགས་རྒྱུད་ཅན་ལ་ལོངས་སྐུས་ལྡེམ་previous hit དགོངས་སྦྱོར་བའི་ཚིག་ཏུ་བཤད་ན། །དེ་བཞིན་གཤེགས་ next hit་ཐམས་ཅད་ཀྱི་ཐུགས་ཞེས་པ་ནི། མཚམས་མེད་པ་ལྔའམ་མི་དགེ་བ་བཅུ་ལ་སོགས་previous hit ་དེའི་དགོངས next hit་གཞི་ནི། དམ་ཚིག་ཏིང་ངེ་འཛིན་ཤེས་རབ་དང་། སྙིང་རྗེ་བྱང་ཆུབ་སེམས་དང་ལྷ་ལ་previous hit དགོངས་པའོ། །གསང་བའི་ཡེ་ཤེས་ནི་ཕྱིན་ཅི་ལོག་བྱང་ཆུབ་ཀྱི་ལམ་དུ་སྟོན་ next hit་དེ་དག་གཞན་གྱིས་མིན་པའོ། །དོན་གྱི་སྙིང་པོ་ནི་ཤེས་བྱའི་སྙིང་པོ་ཁོ་ན་ལྡེམ་དགོངས་དོན་དེ་ཡིན་པའོ། །རྡོ་རྗེ་བཀོད་པའི་རྒྱུད་ནི། རང་བྱུང་གི་ཡེ་ཤེས་རྡོ་རྗེ་ལ་ཡེ་ཤེས་སུ་མ་བཀོད་པའོ། །རྒྱུད་ནི་ཚང་འབྲེལ་དུ་གནས་previous hit ་ལ་དགོངས next hit་པའོ། །རྣལ་འབྱོར་གྲུབ་པའི་ལུང་ནི། རང་བཞིན་གྱིས་མི་གཡོ་བ་ལ་དགོངས་ནས་བྱིང་རྒོད་ཉིད་ཏིང་ངེ་འཛིན་རྣལ་མ་ལ་སྦྱོར་རོ། །དེར་ཆོས་ཐམས་ཅད་ཀྱི་འབྲས་བུ་གྲུབ་པས་ལུང་ངོ། །ཀུན་འདུས་རིག་པའི་མདོ་ཞེས་པས་ནི་ངོ་བོ་གཅིག་པ་ལ་ཆོས་ཉིད་ཡིན་པར་སྟོན་པའོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་previous hit ་ནི་དེ་ལྟར་ལྡམ་དགོངས next hit་སུ་བསྟན་པས་གསང་སྔགས་རྡོ་རྗེ་ཐེག་པ་ཆེན་པོའི་དོན་དེ་ཐུགས་པ་ཆུད་པ་ལ་མངོན་པར་རྟོགས་པ་ཞེས་བྱའོ། །ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་previous hit ་འདི་མ་འདྲེས་ཡོངས་རྫོགས་ལ་དགོངས next hit་ནས་དེ་ཁོ་ན་ཉིད་ལ་ཆོས་ཇི་སྙེད་ཡོད་དོ། །ཞེས་བསྟན་པའོ། །ལེའུ་དང་སྦྱར་ཏེ་བཤད་ན་འགྲེལ་ཆེན་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ནི་ལེའུ་དང་པོ་དང་བདུན་པ་ཡིན། གསང་བའི་

(༣༨༣)ཡེ་ཤེས་གཉིས་པ་ནས་དྲུག་པའི་བར་དང་བརྒྱད་པ་དང་དགུ་པ་ཡིན། དོན་གྱི་སྙིང་པོ་བཅོ་ལྔ་པ་ཡིན། རྡོ་རྗེ་བཀོད་པའི་རྒྱུད་བཅུ་དྲུག་པ་ནས་བཅུ་དགུ་པའི་བར་སོ་གཉིས་པ་ནས་ཞེ་གཉིས་པའི་བར་ཡིན། རྣལ་འབྱོར་གྲུབ་པའི་ལུང་ནི་བཅུ་ནས་བཅུ་བཞིའི་བར་དང་། ཉི་ཤུ་པ་ནས་སོ་གཅིག་བར་ཡིན། ཀུན་འདུས་རིག་པའི་མདོ་ནི་རེ་དྲུག་པ་ནས་དོན་ལྔའི་བར་ཡིན། ཐེག་པ་ཆེན་པོ་མངོན་པར་རྟོག་པ་ནི་ཞེ་གསུམ་ཞེ་བཞི་པ་ཡིན། ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ནི་ཞེ་ལྔ་པ་ནས་རེ་ལྔ་པའི་བར་རོ། བྱུང་ཚུལ་དང་སྦྱར་ཏེ་བཤད་ན། ལུང་བསྟན་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྨོངས་པའི་གདུང་བ་སེལ་ལོ། །གསང་བའི་ཡེ་ཤེས་ནི་བྱིན་རླབས་ལས་སྣང་བའོ། །དོན་གྱི་སྙིང་པོ་ནི་སྙིང་པོ་བྱང་ཆུབ་ཉིད་དུ་ངེས་པའོ། །རྡོ་རྗེ་བཀོད་པའི་རྒྱུད་ནི་སྒྲོལ་མ་བཀོད་པ་དང་previous hit དགོངས next hit་ངེས་འགྲེལ་གཉིས་སོ། །རྣལ་འབྱོར་གྲུབ་པའི་ལུང་ནི་ངེས་པ་རྙེད་པ་དང་གདུལ་བྱ་སྐབས་ལ་བབ་པའོ། །ཀུན་འདུས་རིག་པའི་མདོ་ནི། གང་གི་ཆེད་དུ་མཛད་པ་དང་། ལས་རྒྱུན་གཅོད་པ་གཉིས་སོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ནི་བརྒྱུད་པ་ཐབས་གྲངས་དང་ལུང་ཆེན་ངེས་པར་བསྟན་པ་གཉིས་སོ། །ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ནི། previous hit དགོངས next hit་རྣམ་པར་བསྒྲོད་པའོ། །མཚན་ཆེ་བ་དང་སྦྱར་ཏེ་བཤད་པ་ནི་འགྲེལ་ཆེན་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བའི་

(༣༨༤)ཡེ་ཤེས་ནི་ཐེག་པའི་ཡང་རྩེ་ཡིན་པའི་ཆེ་བ་རི་རྒྱལ་ལྷུན་པོ་ལྟ་བུའོ། །དོན་གྱི་སྙིང་པོ་མན་ངག་གི་རྩ་བ་ཡིན་པས་རྒྱལ་པོ་བཀའ་གསང་ཐོབ་པའི་མི་ལྟ་བུའོ། །རྡོ་རྗེ་བཀོད་པའི་རྒྱུད་ནི་རྒྱུད་ཀྱི་རྒྱལ་པོ་ཡིན་པས་ཆེ་བ་མ་ལྟ་བུའོ། །རྣལ་འབྱོར་གྲུབ་པའི་ལུང་ནི་ལུང་གི་སྤྱི་འགྲེལ་ཡིན་པས་ཆེ་བ་ནམ་མཁའ་སྣང་སྲིད་ཀྱི་གོ་འབྱེད་པ་ལྟ་བུའོ། །ཀུན་འདུས་རིག་པའི་མདོ་ནི་དོན་ཐམས་ཅད་ཀྱི་མཇུག་བསྡུད་ཡིན་པས་ཆེ་བ་མགྲོན་པོ་བྱེས་ལམ་བགྲོད་ནས་མཐའ་རང་གི་ཁྱིམ་དུ་འོང་བ་ལྟ་བུའོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ནི་ཆོས་ཐམས་ཅད་ཀྱི་མེ་ལོང་ཡིན་པས་ཆེ་བ་མེ་ལོང་གསལ་བའི་སྙིང་པོ་ལྟ་བུའོ། །ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ནི་བསྟན་པའི་འབྱུང་གནས་ཡིན་པར་ཆེ་བ་འབྱུང་བ་ནམ་མཁའ་ལྟ་བུའོ། །མཚན་རྒྱུད་ལུང་མན་ངག་གསུམ་དང་སྦྱར་ཏེ་བཤད་པ་ནི་འགྲེལ་ཆེན་ལས་དང་པོ་དང་གཉིས་པ་ནི་མན་ངག་གི་མཚན། བཞི་པ་དང་ལྔ་པ་ནི་ལུང་གི་མཚན། གསུམ་པ་དང་དྲུག་པ་བདུན་པ་ལུང་གི་མཚན། མཚན་ཁུངས་ཀྱི་བཤད་པ་ནི་ལུང་བསྟན་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ནི་མདོ་ཆེན་འདི་ཉིད་ལས་དང་གང་དུ་མེད་པའི་རྒྱལ་བ་རྣམས་ཅི་བཞིན་དེ་བཞིན་ཉིད་ལ་བཞུགས། དེ་བཞིན་ཉིད་དུ་ཐམས་ཅད་ཀྱང་གཉིས་མེད་དེ་བཞིན་དེ་ཉིད་ཅེས་སོ། །ཐམས་ཅད་ནི་ཐམས་ཅད་ཐམས་ཅད་ཆོས་སོ་མཆོག །དེ་བཞིན་ཉིད་ལ་གཞན་མ་ཡིན། །ཐུགས་ནི་གཅིག་དང་དུ་མའི་ངོ་བོ་ཉིད་

(༣༨༥)ལས་གྲོལ་ཏེ། ཆོས་རྣམས་ཀྱི་ཆོས་ཉིད་མ་བཅོས་མ་སླད་ཡེ་ནས་སྙིང་པོ་བྱང་ཆུབ་ཉིད་དུ་གནས་པའོ། །གཡོ་བ་ནི་ཐམས་ཅད་ཀྱི་རང་བཞིན་གང་ལགས་དེ་ནི་གང་གིས་ཀྱང་མ་མཐོང་མི་རྟོགས་སྤྱོད་ཡུལ་དུ་མ་གྱུར་སྨྲར་མེད་པ་བརྗོད་པ་ལས་འདས་པ་བསམ་དུ་མེད་པ་བསམ་གྱིས་མི་ཁྱབ་པ། རྟག་པར་དཀའ་ཞིང་བསྟན་པར་དཀའ་བའི་ཕྱིར་ལགས། །ཞེས་སོ། །ཡེ་ཤེས་ནི་སངས་རྒྱས་སེམས་ཅན་ལ་སོགས་པ་ཐམས་ཅད་མ་ལུས་ལུས་པ་མེད། རང་རིག་མ་རིག་རྟོགས་པ་ཉིད། ཀུན་ཀྱང་རང་བྱུང་ཡེ་ཤེས་ཉིད། །དོན་གྱི་ནི་ཡེ་ནས་མ་བཅོས་དེ་བཞིན་ཉིད། སྙིང་པོ་ནི་ཆོས་སོ། །ཆོས་ཀྱི་སྙིང་པོ་ནི་མེད་པ་ལས་བྱུང་སྙིང་པོ་ཉིད། རྡོ་རྗེ་བཀོད་པ་ནི་ཟབ་མོ་སངས་རྒྱས་བཅུ་སྤྱོད་ཡུལ་ཡིན། རྡོ་རྗེ་ཀུན་བཀོད་དེ་བཞིན་ཉིད་དོ། །རྣལ་འབྱོར་གྲུབ་པའི་ལུང་ནི། མཐའ་ཐུག་པ་མེད་པའི་སེམས་ཅན་རྣམས་བྱང་ཆུབ་སྙིང་པོ་དེ་ལུང་སྟོན། ཀུན་འདུས་རིག་པའི་མདོ་ནི། ཐམས་ཅད་ཀུན་འདུས་རིག་པའི་མདོ། །ཐེག་པ་ཆེན་པོ་ནི་ཅི་ཡང་མི་སེམས་མི་གཡོ་ཞིང་། མི་ལྡོག་རྣམ་པར་མི་གཡེང་བ། །ཀུན་ལ་ཁྱབ་ཁྱབ་པར་གདལ་བའི་དབྱིངས། ཀུན་ཤོང་བྱར་མེད་ཐེག་པའི་མཆོག། མངོན་པར་རྟོགས་པ་ནི་བསམ་གྱིས་མི་ཁྱབ་ཆོས་འདི་རྣམས། དེ་བཞིན་དུ་མདོ་གཅིག་པའོ། །ཡང་དཔེར་ན་ཀུན་ཏུ་རྒྱུ་བའི་མི། འདོད་པའི་ཡུལ་དུ་གང་འགྲོ་བ། །ཡུལ་གྱི་རྣམ་པ་བསམ་ཡས་ཀྱང་། །བསྒྲོད་ཡུལ་གནས་པ་གཅིག་ལས་མེད། །ཐོབ་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ནི། །དེ་བཞིན་བསམ་གྱིས་མི་ཁྱབ་

(༣༨༦)པའི། མདོ་དོན་གཅིག་ཏུ་འདུས་པར་གསུངས། །ཞེས་སོ། །མཚན་དཔེ་དང་སྦྱར་ཏེ་བཤད་པ་ནི་ལྕགས་འགྲེལ་ཆེན་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས་ནི་དཔེར་ན་ནམ་མཁའ་ལྟ་བུའོ། །དོན་གྱི་སྙིང་པོ་ནི་ཉི་མའི་སྙིང་པོ་ལྟ་བུའོ། །རྡོ་རྗེ་བཀོད་པ་ནི་གསེར་མིག་རིན་པོ་ཆེས་སྤྲས་པ་ལྟ་བུའོ། །རྒྱུད་ནི་གོང་མའི་ཤུགས་ལས་འབྱུང་བ་སྟེ། རྒྱ་ནག་ན་དར་འཐག་པ་ལྟ་བུའོ། །རྣལ་འབྱོར་གྲུབ་པའི་ལུང་ནི་རྒྱལ་བློན་སྤུན་རྒྱུད་ལྡན་པ་ལྟ་བུའོ། །ཀུན་འདུས་རིག་པའི་མདོ་ནི། རྒྱ་མཚོ་ཆེན་པོ་ལྟ་བུའོ། །ཐེག་པ་ཆེན་པོ་ནི་གཞོན་པ་མཆོག་ཏུ་གྱུར་པ་ལྟ་བུའོ། །མངོན་པར་རྟོགས་པ་མེ་ལོང་དང་སེང་གེ་ལྟ་བུའོ། །ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ནི་པདྨའི་འདབ་མ་ལྟ་བུའོ། །བཞི་པ་རྒལ་ལན་ལ་གསུམ་སྟེ། མཚན་རྒྱུད་དོན་ཡིན་མིན་གྱི་རྒལ་ལན་དང་། མཚན་རྒྱུད་དོན་འདུས་མ་འདུས་ཀྱི་རྒལ་ལན་དང་། བྱེ་བྲག་དུ་བྲུལ་ཤའི་མཚན་གྱི་རྒལ་ལན་ནོ། །དང་པོ་ནི། ཡིན་མིན་ན། ཡིན་ན་གླེང་གཞི་གླེང་སླང་དགོས་མེད་དུ་ཐལ་འདོད་ན་གླེང་གཞི་གླེང་སླངས་བཤད་པས་གསལ་མིན་ན་དབང་པོ་རབ་ཀྱིས་མཚན་ཐོས་པས་རྒྱུད་དོན་མི་རྟོགས་པར་ཐལ། འདོད་ན་རབ་ལ་མཚན་བསྟན་ཞེས་པས་གོ་བར་བཤད་པས་གསལ་ལོ། །དེས་པར་བྱ་ན་མཚན་རྒྱུད་དོན་ཡིན་ཏེ། བློ་རབ་ལ་གླེང་གཞི་གླེང་སླངས་ཁོངས་སུ་འདུས་པས་དགོས་མེད་དུ་མི་འགྱུར་ལ། འབྲིང་དང་ཐ་མ་རྒྱུད་སྤྱིའི་དོན་ཙམ་ངོས་ཟིན་ཀྱང་བྱེ་བྲག་གསལ་བར་མ་རྟོགས་

(༣༨༧)པས་གླེང་གཞི་གླེང་སླང་དགོས་མེད་དུ་མི་འགྲོའོ། །གཉིས་པ་འདུས་མ་འདུས་ན། འདུས་ན་བསྟན་པ་སྤྱི་དང་སྦྱར་ན། རྒྱུད་ནི་དོན་དངོས་པོ་བཅུ་དང་སྦྱར་བ་མེད་པས་གསལ། མ་འདུས་ན་རྒྱུད་ཡིན་པའི་དམ་བཅའ་བུད་དོ། །ངེས་པར་བྱ་ན་འདུས་ཏེ། འདུས་ལུགས་ནམ། རྒྱུད་དོན་བྱུང་ཚུལ་བཅུ་གཉིས་སུ་གནས་པས་མཚན་ཡང་བྱུང་ཚུལ་བཅུ་གཉིས་དང་སྦྱར་ཏེ་བཤད་པས་དེའི་ཁོངས་སུ་དངོས་པོ་བཅུ་འམ་འདུས་སོ། །གསུམ་previous hit ་འབྲུ་ཤའི་སྐད་ཀྱིས་བརྒལ་བ་ནི། འབྲུ་ཤའི་སྐད་བྱུང་བས་དགོངས next hit་འདུས་འདི་འབྲུ་ཤའི་བསྟན་པར་ཐལ་ཟེར་ན། མ་ཡིན་ཏེ། གལ་ཏེ་སྐད་སྨོས་པ་ཙམ་གྱིས་འབྲུ་ཤའི་བསྟན་པར་འགྲོ་ན། མདོ་སྡེ་ཡང་འབྲུ་ཤའི་བསྟན་པར་ཐལ་དེ་ཅི་ཞེ་ན། རྒྱ་ཆེ་རོལ་པ་ན་འབྲུ་ཤའི་ཡི་གེ་སྨོས་པའི་ཕྱིར་རོ། །དེ་སངས་རྒྱས་ཀྱི་མཁྱེན་ཆ་ནས་སྨོས་པས་བསྟན་པར་མི་འགྲོ་ཞེ་ན། འདིར་ཡང་ལོ་ཙ་བའི་མཁྱེན་ཆ་ནས་སྨོས་པས་འབྲུ་ཤའི་བསྟན་པར་མི་འགྱུར་བས་སྐྱོན་ལས་གྲོལ་ལོ། །ཕྱག་འཚལ་བ་ལ་བཞི་སྟེ། དགོངས་པའི་དོན་ལ་སོགས་བཞིགས་ཀྱང་རུང་སྟེ། འདིར་གང་གིས་འཚལ་གང་ལ། ཚུལ་ཅི་ལྟར། དགོས་ཆེད་ཅིའི་ཕྱིར་འཚལ་བའོ། །དང་པོ་ནི། བྱིན་རླབས་བྱུང་བའི་དབང་དུ་གསང་བདག་གིས་འཚལ། ལུང་བསྟན་བརྒྱུད་པའི་དབང་དུ་སྲིན་པོས་འཚལ། གང་ལ་བྱིན་རླབས་བྱུང་བའི་དབང་དུ་རྡོ་རྗེ་འཆང་ཆེན་པོ་ལ། ལུང་བསྟན་བརྒྱུད་པའི་དབང་དུ་གསང་བདག་ལ་འཚལ་ལོ། །དེ་འབྲས་བུ་དཀྱུས་ལྟ་བུར་རོ། །ཚུལ་ནི་སྟོན་པའི་ཐུགས་བསྡུད་པ་པོའི་

(༣༨༨)ཐུགས་གཉིས་སུ་མེད་པར་འཚལ་ལོ། །དགོས་ཆེད་ནི་གཉིས་ཏེ། རྒྱུད་ཀྱི་སྟོན་པ་ཉིད་སྟོན་པ་གཞན་ལས་ཁྱད་པར་དུ་གྱུར་པ་ལ་ངོམ་པའི་ཕྱིར་དང་། བསྟན་པ་གསུངས་པའི་ཚེ་བཀའ་དྲིན་དྲན་པའི་སྒོ་ནས་སྟོན་པ་ལ་མཆོད་པར་བརྗོད་པའི་ཕྱིར་རོ། །དགོས་ཆེད་དེ་རྒལ་ལན་དུའམ་དོན་གྱིས་འགྲོ། གཞུང་ལ་བཞི་ལས། གླེང་གཞི། གླེང་བསླང་། རྒྱུད་དོན། བསྟོད་པའོ། །དང་པོ་ལ་གསུམ་སྟེ། མདོ་རྒྱས་བསྡུས་པའོ། །དང་པོ་ནི། འདི་སྐད་འགྲོ་བ་ཅེས་པ་ལ་ཕྱི་ནང་གསང་པ་གསུམ་དུ་འགྲེལ་པས་བཀྲལ་ལོ། །ཐོས་ཞེས་པ་ལ་ཐོས་པ་དང་ལྡན་པའོ། །ཐོས་ཚུལ་ཏེ། དང་པོ་འདི་ན་སྐད་གསང་བདག་གིས་ཐོས་ཏེ། གཞན་མ་རྒྱུད་པར་བསྟན་པས། སྡུད་པ་པོ་ཚད་མའི་སྐྱེས་བུར་བསྟན་པའོ། །བདག་གིས་འདི་སྐད་ཐོས་དེ་མ་ཕྲི་མ་བསྣན་པར་བསྟན་པ་བཀའ་སྒྲོ་བསྐུར་དང་བྲལ་བར་བསྟན་པ་དང་། བདག་གིས་འདི་སྐད་ཐོས་ཀྱི་གཞན་གྱིས་གཞན་སྐད་ཀྱང་ཐོས་བྱས་པས་རྒྱ་མ་ཆད་པར་བསྟན་པ་དང་། བདག་གིས་ཐོས་ནི་ཐོས་ཏེ། ཁོང་དུ་ནི་མ་ཆུད་ཅེས་པས་སྟོན་པ་པོ་དང་སྡུད་པ་པོ་ལ་ཁྱད་པར་ཡོད་པ་ལྟར་བསྟན་པའོ། །གདམས་པ་ལ་གསུམ་སྟེ། དུས་གཅིག་ཏུ་ཐོབ་ཀྱི། ཡང་ཡང་བྱུང་བ་ནི་མ་ཡིན་ཞེས་པས། བཀའ་བཀྱོན་པའི་སྒྲས་ལན་གཅིག་ཐོས་པ་ལ་ནན་ཏན་བསྐྱེད་ཅིག་པའོ། །བདག་གི་ཞེས་པས་སྐད་ཅིག་གིས་ཐོས་པས་ཁོང་དུ་ཆུད་པས་སྡུད་པ་པོ་ཤེས་རབ་མཆོག་ཏུ་གྱུར་པའི་སྒྲས། མ་འོངས་པའི་རྣལ་འབྱོར་བློ་མཆོག་ཏུ་གྱུར་པ་རྣམས་ཀྱིས་འབོད་ཅིག་

(༣༨༩)པའོ། །དུས་འདི་རུ་དུས་ལ་བབ་པའི་དུས་སུ། དུས་ལ་བབ་པའི་དུས་སུ། འདི་སྐད་ཐོས་ལ་གཞན་དུ་སྐད་ཀྱང་ཐོས་བྱས་པས། སྡུད་པ་པོ་ཐོས་པ་རྒྱ་ཆེ་བས་མ་འོངས་པའི་རྣལ་འབྱོར་པ་རྣམས་ཐོས་རྒྱ་བསྐྱེད་ཅིག་པར་གདམས་པའོ། །རྒྱས་པར་བསྟན་པ་ལ་གཉིས་ཏེ། བྱིན་རླབས་བྱུང་བ་དང་ལུང་བསྟན་བརྒྱུད་པའོ། །བྱིན་རླབས་བྱུང་བ་ནི། འོག་མིན་དུ་ཕུན་སུམ་ཚོགས་པ་དྲུག་དང་ལྡན་ནས་གསུངས་པ་ཡིན་ཏེ། དཀྱུས་ཀྱི་སྐབས་ནས་ངོས་གཟུང་ངོ་། །ཐུན་མོང་བཅུ་བཞི་ལ་ཉེ་བར་རྒྱས་པར་དེ་ལ་གསུམ་སྟེ། སྟོན་པ་དང་། འཁོར་དང་། སྡུད་པའོ། །སྟོན་པ་ལ་གསུམ་སྟེ། ཆོས་སྐུ་དང་། ལོངས་སྐུ། སྤྲུལ་སྐུའོ། །ཆོས་སྐུ་ཐོག་མར་བསྟན་པ་ནི། གསང་སྔགས་བཤད་ཚུལ་ཉེས་པའི་སྐྱོན་ཡོན་དང་བྲལ་བར་བྱ་བའི་ཕྱིར་རོ། །བརྒྱད་པ་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། གསང་སྔགས་ཁྱད་པར་མེད་པར་བཤད་ན། རྡོ་རྗེ་ཐེག་པ་ན་བབས་ཀྱིས་བཤད་པའི་སྐྱོན་ཡོད་པས་ཁྱད་པར་ཕྱེ་ལ་བཤད། གསང་སྔགས་ཕྱི་ནང་ཁྱད་པར་མེད་པར་བཤད་ན་བསྙེན་སྒྲུབ་ཀྱི་དོན་ལས་གོལ་བའི་སྐྱོན་ཡོད་པས་ཁྱད་པར་ཕྱེད་ལ་བཤད། མངོན་པར་རྟོགས་པའི་གོ་རིམས་སྡེབ་མ་ཤེས་ན་བདུད་རྩི་རོ་མཉམ་ལྟ་བུའི་སྐྱོན་ཡོད་པས་མངོན་རྟོགས་སྡེབས་ལ་བཤད། ཏོག་གེ་བའི་གེགས་སེལ་མ་ཤེས་ན་འཛངས་པ་ལྕེ་ལྡུམ་གྱི་བཤད་པའི་སྐྱོན་ཡོད་པས་གེགས་བསལ་མི་མཐུན་པའི་ཚིག་དོན་སྡེབ་མ་ཤེས་ན། ཤེས་རབ་ལོང་བའི་སྐྱོན་ཡོད་པས་བསྡེབས་ལ་བཤད། ཕྱི་

(༣༩༠)དང་ཁྱད་པར་གྱི་དགོས་ཆེད་མེད་ན་དོན་མེད་འཆལ་བའི་སྐྱོན་ཡོད་པས་དགོས་ཆེད་དང་སྦྱར་ལ་བཤད། འབྲེལ་ཚུལ་གཉིས་དང་མ་འབྲེལ་ན། སྨྱོན་པའི་ཚིག་ལྟ་བུའི་སྐྱོན་ཡོད་པས་འབྲེལ་ཚུལ་དང་སྦྱར་ལ་བཤད། གོང་འོག་གི་འཁྲུལ་སྡེབ་མ་ཤེས་ན་རིན་པོ་ཆེ་བཙར་འཚོལ་བ་ལྟ་བུའི་སྐྱོན་ཡོད་པས། འཁྲུལ་སྡེབས་ལ་བཤད་པས་ཆོས་སྐུ་མངོན་ལ་བཤད་དོ། །འགྲེལ་པ་ན་འཁྲུགས་མེད་དོ། །ཆོས་སྐུའི་གནས་སྐབས་ན་སེམས་ཀྱི་རང་བཞིན་ཡེ་ནས་སངས་རྒྱས། ཞེས་པ་ལ། སངས་རྒྱས་ཡིན་མིན། ཡིན་ན་ལམ་ལ་དགོས་ཆེད་མེད་པར་ཐལ། །མ་ཡིན་ན་སངས་རྒྱས་ཞེས་པ་དང་འགལ་ལོ། །དེ་གསལ་བ་ནི་གཞི་དང་ལམ་གསུམ་ལམ་ཏིང་ངེ་འཛིན་གསུམ། འབྲྲས་བུ་མཁྱེན་པ་གསུམ། ཐ་མི་དད་པས་སངས་རྒྱས་སུ་འགལ་བ་མེད་དོ། །ཡང་ན་རང་བཞིན་ལ་previous hit དགོངས next hit་ཡིན་ནོ། །དེ་ངོ་ཤེས་པར་བྱེད་པས་ལམ་དགོས་མེད་དུ་མི་འགྱུར་རོ། །ལོངས་སྐུའི་སྐབས་ན་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་ཞེས་པ་ལས། འདི་ལོངས་སྐུ་འདས་པ་ཡིན་ནམ། འོན་ཏེ་སྤྲུལ་སྐུ་ལོངས་སྐུའི་ཆ་ལུགས་ཅན་འདས་པ་ཡིན་ནམ། སྤྲུལ་སྐུ་དངོས་འདས་པ་ཡིན་ནམ། དང་པོ་ལྟར་ན་ཡེ་ཤེས་ཀྱི་སྐུ་ལ་སྐྱེ་འཇིག་མི་སྲ་བས་ཀྱང་མི་འཐད། སྨིན་པ་རྒྱ་མཚོ་འདྲ་བས་འདུས་པའི་འཁོར་མིན་པས་ཀྱང་མི་འཐད་དོ། །གཉིས་པ་མཛད་པ་འདས་ན་ལོངས་སྐུའི་མཛད་པའི་རྗེས་ལ་གསང་བདག་གི་ཆོས་སྟོན་ན། །ཆོས་སྐུ་དང་དུས་མཉམ་དུ་འཆད་དམ། སྤྲུལ་

(༣༩༡)སྐུ་དང་ཡང་དུས་མཉམ་དུ་འཆད། དེ་གཉིས་ལ་འདས་པ་བྱུང་བས་རིགས་པས་ཀྱང་མི་འཐད། གསུང་བ་སྤྲུལ་སྐུ་ལོངས་སྐུའི་ཆ་ལུགས་ཅན་སྐྱོན་བཞི་སྟེ། སྤྲུལ་སྐུའི་གླེང་གཞི་ཆ་བརྒྱད་ལྡབས་པ་དང་། ལོངས་སྐུའི་གླེང་གཞི་འཆད་པར་འགྱུར་བ་དང་། བཅུ་པ་ལས་ཞིང་ཁམས་འདིར་འཁོད་པའི་སེམས་ཅན་ཆེན་པོ་རྣམས་ནི་རིག་འཛིན་ཆེན་པོ་འབའ་ཞིག་གོ། །ཚེའི་ཚད་ཀྱང་དེ་དག་གི་རིག་པ་འཛིན་པའི་ཚེ་ཉིད་དོ། །ཞེས་པས། འཁོར་སྨིན་པ་རྒྱ་མཚོ་ཡིན་པས་ཀྱང་མི་འཐད་དོ། །ཡང་ལེའུ་དང་པོ་ཞིང་ཁམས་ཀྱི་རྒྱན་རྡོ་རྗེ་ཕུང་པོ་ལ་སོགས་པ་ལེའུ་བདུན་པར་མ་སྨོས་པས་ཀྱང་། འདི་ལོ་སྐུ་དངོས་པོ་བཞི་པ་སྤྲུལ་སྐུ་འདས་ན་སྐབས་འཆོལ་བར་འགྱུར་ཞེ་ན། ལོངས་སྐུའི་གླེང་གཞི་འཆད་པ་ལ་སྤྲུལ་སྐུ་འདས་པ་ལ་དགོས་ཆེད་མེད་པའི་ཕྱིར་རོ། །ངེས་པར་གང་ལ་གཟུང་ན། ཆོས་སྐུའི་ཞིང་ཁམས་ནམ་མཁའ་ལྟ་བུ། ལོངས་སྐུའི་ཞིང་ཁམས་ཉི་ཟླ་ལྟ་བུ། སྤྲུལ་སྐུའི་ཞིང་ཁམས་ཆུ་ཟླ་ལྟ་བུ་ཡིན་པས་ལོངས་སྐུའི་ཁོངས་ན། སྤྲུལ་སྐུ་ཡོད་པས་དེ་འདས་སོ། །གསང་བའི་བདག་པོ་རང་གི་སྟོན་པ་ལ་ཉན་ཅིང་རང་གི་ཉེ་འཁོར་ལ་ཆོས་སྟོན་པའི་དུས་ན། སྤྲུལ་སྐུ་གསང་སྔགས་ཕྱིས་འབྱུང་བར་ལུང་བསྟན་ནས། འདས་པའི་འཁོར་གདུང་བས་ཟིན་པ་དེ་དག་ལ་ཆོས་བསྟན་པས། སྤྲུལ་སྐུ་འདས་པ་སྐབས་འཚོལ་བར་མི་འགྱུར་ལ། སྟོན་པ་གསང་བདག་གི་

(༣༩༢)ཆེ་བ་འདོན་པར་འགྱུར་བར་སྨོས་སོ། །དེའང་གང་གིས་ཤེས་ན། ལེའུ་དྲུག་པ་ལས། ཁོ་བོས་ནི་འདས་པའི་གདུང་བ་ཇི་སྙེད་པ་ཡང་བསལ། ད་ལྟའི་མི་འཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིའི་གདུང་བ་ཡང་བསལ། མ་འོངས་པའི་གདུང་བ་ཇི་སྙེད་པ་ཡང་སེལ་བར་འགྱུར་རོ། །ཞེས་པས་མངོན་ནོ། །སྤྲུལ་སྐུའི་སྐབས་སུ་ཤཱཀ་ཐུབ་ཀྱི་གླེང་གཞི་ནས་སེམས་ཀྱི་དཀྱིལ་འཁོར་བོད་གསལ་བ་གསང་སྔགས་ཀྱི་ངོ་བོ་དེ་གཅེས་པས། མི་ཡུལ་དུ་ཤཱཀ་ཐུབ་ཀྱིས་གསང་སྔགས་ཀྱི་བསྟན་པ་གསུངས་སམ་མ་གསུངས། གསུངས་ན་ལེའུ་གཉིས་པ་ནས། ངེས་པའི་ཐེག་ཆེན་ཡོངས་མ་གསུངས། །ཞེས་པ་དང་། ལེའུ་ཞེ་གསུམ་པ་ལས། ང་ནི་འདི་ནས་མི་སྣང་ནས། དྲག་ཤུལ་ཅན་གྱིས་འབྱིན་ལུང་བསྟན། ཞེས། ཕྱིས་འབྱུང་བར་ལུང་བསྟན་པ་དང་འགལ་ལོ། །མ་གསུངས་ན། ལེའུ་དང་པོ་ནས། གསང་སྔགས་ཀྱི་ངོ་བོ་ཞེས་པ་དང་། གཉིས་པ་ནས་བྱུང་ཚུལ་བཅུ་གཉིས་ཤཱཀ་ཐུབ་ཀྱིས་གསུངས་པ་དང་། གསང་སྔགས་གསུམ་པ་ལ་བསླབ་པར་བྱའོ། །ཞེས་པ་དང་། ངེས་པར་གང་ལ་གཟུང་ན་ཐུན་མོང་མ་ཡིན་པའི་འཁོར་ལ་གསང་སྔགས་གསུངས་ལ། ཐུན་མོང་བ་ལ་མ་གསུངས་པས། ལུང་གསུངས་མ་གསུངས་གཉིས་ཀ་དང་མི་འགལ་ལོ། །དེ་ཡང་འགྲེལ་པ་ལུང་བསྟན་ལས། འདིར་སྡུད་པ་པོ་གསང་བདག་ཡིན་པ་དང་། བསྟན་སེམས་ཀྱི་དང་ལ་འོད་གསལ་བ་གཉིས་ཀ་སྤྲུལ་པས་གསང་སྔགས་མ་གསུངས་པས་འགལ་ལོ། །ཞེ་

(༣༩༣)ན། བདེན་ཏེ། ཐུན་མོང་གི་འཁོར་ལ་དངོས་སུ་མ་གསུངས་ཀྱང་། ཁྱད་པར་གྱི་འཁོར་གྱི་དབང་དུ་གསུངས་པས་མི་འགལ་ལོ། །ཞེས་སོ། །ཡོངས་སུ་འདས་ནས་མི་འོང་པ་ནི་ལེའུ་གཉིས་པར་འདའ་བ་དང་། དངོས་སུ་འབྱུང་བས་འདིར་མ་གསུངས་སོ། །ཡང་དག་པའི་ཞིང་ན་བཞུགས་པའི་སྤྲུལ་སྐུ་ལ་འདས་ནས་འབྱུང་བ་ནི། ཞིང་ཁམས་དག་པས་འཁོར་ཡང་དག་པ་སྤྲུལ་སྐུར་ངོས་འཛིན་ཡང་འདའ་བ་ལྟར་བསྟན་པས་གདུལ་བྱ་ལམ་ལ་བསྐུལ་བའི་དགོས་ཆེད་ཡོད་པའི་ཕྱིར་རོ། །མ་དག་པའི་གླེང་གཞི་ཞེས་ཀྱང་འདོགས་སོ། །ལུང་སྟན་གྱི་གླེང་གཞིའི་མཇུག་བསྡུད་དུ་བཤད། ཡང་མཁྱེན་པ་ངོ་བོ་ཉིད་ཀྱི་གླེང་གཞིར་འདོགས་ས་དེའི་སྐབས་ན། དུད་འགྲོའི་རིགས་དང་ཡི་དགས་ཀྱི་རིགས་དང་། དམྱལ་བའི་རིགས་ལ་སོགས་པ། དེད་དཔོན་ཐ་དད་པའི་སྐྱེས་བུ་ཞེས་པའི་སྐབས་སུ། ངན་སོང་གསུམ་ལ་སྔགས་ཉན་པའི་སྐལ་བ་ཡོད་དམ་མེད། ཡོད་ན་མི་ཁོམ་པའི་གནས་མ་ཡིན་པར་ཐལ། འདོད་ན་མི་ཁོམ་པའི་གནས་སུ་བཤད་པས་བསལ་ལོ། །མེད་ན་གཞུང་དང་འགལ་ལོ། །ངེས་པར་ཐུན་མོང་མ་ཡིན་གྱི་འཁོར་ལ་ཡོད། ཐུན་མོང་འཁོར་ལ་མེད་པས་ལུང་གཉིས་ཀ་དང་མི་འགལ་ལོ། །ཡང་ན་ངན་སོང་གསུམ་གྱི་འཁོར་ལ་ཐུན་མོང་ཡིན་པ་ལ་ཆོས་ཚུལ་ཕྲ་མོ་རྣམ་པ་གསུམ་ཙམ་ཐོབ་པའི་སྐལ་བ་ཡོད་ལ། དེ་ཡང་དུད་འགྲོ་ལ་རིག་པ་ཕྲ་མོ། །ཡི་དགས་ལ་བསྔོས་པས་ཚིམ་པ། དམྱལ་བ་

(༣༩༤)ལ་ཚེ་སྔ་ཕྱི་དྲན་པ་དང་། གསུམ་པ་དེས་བརྒྱུད་ནས་བསྟན་པ་ལ་འཇུག་པ་ཡོད་དོ། །འདི་ལ་ཡོངས་སུ་འདའ་བ་མེད་པ་ནི་ཞིང་ཁམས་མ་དག་པས། འཁོར་ཡང་མ་དག་པས་སྤྲུལ་སྐུར་ངོས་མ་ཟིན་པས་འདའ་བས་མི་འདུལ་བའི་ཕྱིར་རོ། །གཉིས་པ་འཁོར་རྒྱས་པར་བཤད་པ་ལ། བརྒྱ་ཕྲག་བཅུ་གཉིས་བྱུང་བ་ནི། ཡོན་ཏན་གྱི་རྩལ་མ་འགགས་པའི་ཆ་ན་བཅུ་གཉིས་སུ་བརྟགས་ཀྱང་ངོ་བོ་རྣལ་འབྱོར་ལྔར་འདུས་སོ། །སྟོན་པ་གསུམ་ལ་འཁོར་རྣལ་འབྱོར་ལྔ་བྱུང་བ་ནི། ས་ལམ་མས་སྦྱངས་པ་དང་སྦྱར་ན། ཚོགས་སྦྱོར་མཐོང་ལམ་གསུམ་སྤྲུལ་སྐུའི་འཁོར་ལོ་། སྒོམ་ལམ་ལོངས་སྐུའི་འཁོར་ལོ། །མཐར་ལམ་ཆོས་སྐུའི་འཁོར་རོ། །དེ་ལ་གཞི་གསུམ་པ་སྔགས་ཀྱི་ངོ་བོ་ཉིད་ལ་འཇུག་ན། གོང་དུ་གཞི་ལྔའི་གསུམ་པ་མཐོང་ལམ་ཡིན་པས། ཨ་ནུ་བའི་ལུགས་ཀྱིས་ཟག་བཅས་སུ་ཆོས་ཉིད་རང་གི་མཚན་ཉིད་མ་མཐོང་བར་ཐལ། །འདོད་ཐོག་ཟེར་ན་ལེའུ་ལྔ་པ་ལས། མངོན་སུམ་གསལ་བར་རྟོགས་མ་ཐག་འགྲོ་བའི་ལུས་ལ་སངས་རྒྱས་ཡིན། ཞེས་པ་དང་འགལ། མཐོང་ན་གཞི་གསུམ་པ་སྔགས་ཀྱི་ངོ་བོ་ཉིད་ལ་འཇུག་པ་དང་འགལ་ལོ། །དེ་ལ་བཞེད་ལུགས་མང་སྟེ། དེ་ཡང་ལུང་བསྟན་ལས་གསང་སྔགས་ཀྱི་ངོ་བོ་ཉིད་ལ་འཇུག་སྟེ། འོག་མ་ནི་སྤྱིའི་མཚན་ཉིད་ལ་འཇུག་ལ་གོང་མ་ནི་བཞུགས་ཟིན་པས་ངེས་པར་མཐོང་ལམ་གཟུང་། ཞེས་སོ། །འཁོར་དེ་དག་རང་རྒྱུད་པ་ཡིན་ནམ།

(༣༩༥)སྤྲུལ་པ་བ་ཡིན། ཞེ་ན། རང་རྒྱུད་པ་ཡིན་ན་ཚོགས་སྦྱོར་གཉིས་ཀྱང་ཆོས་སྐུའི་འཁོར་དུ་ཐལ། དེ་ཅིས་ཏེ་ཡིན་ན་སྐུ་གསུང་སྤྱིའི་འཁོར་དུ་སྨོན་ནས་འདུག་པའི་ཕྱིར་རོ། །འདོད་ཐོག་ཟེར་ན་ཡེ་ཤེས་རྒྱ་མཚོ་འཁོར་དུ་བཤད་པས་འགལ་ལོ། །སྤྲུལ་པ་ཡིན་ནོ། །ལེའུ་དང་པོ་ནས་བདུན་པས་ཕྱོགས་པ་དང་། དད་པས་ཞེས་པ་ལ་སོགས་ཀྱིས་འགལ་ལོ། །ངེས་པར་དངོས་སུ་བཀོད་པ་ཚོ་སྤྲུལ་པ་བ་ཡིན་ལ། རྗེས་སུ་མཐུན་པ་རྒྱུད་མ་སྦྱངས་པ་ཡང་ཡོད་པས། གཉིས་ལྟར་དུ་འགལ་བ་མེད་དོ། །གསུམ་པ་སྡུད་པ་ནི། གནས་དང་སྟོན་པ་འཁོར་དང་། དུས་ལ་སོགས་པ་བཤད་པ་དེ་དག་སྤྲུལ་སྐུ་གཙོ་ཆེར་གསུངས་ལ། སྐུ་གཉིས་མ་གསུངས་པས་འགལ་ལོ་ཞེ་ན། ཉི་ཟླའི་དཀྱིལ་འཁོར་ནུབ་པ་ལྟར་ཡོངས་སུ་འདའ་འོ། །ཞེས་པས། །མཛད་པ་སྤྲུལ་སྐུ་གཙོ་ཆེ་བའི་ངོས་ནས་བཞག་གོ། །ལེའུ་དང་པོའི་ཀ་ཏིག་གོ།། །།ལུང་བསྟན་བརྒྱད་པའི་གླེང་གཞི་གཙོ་ཆེར་སྟོན་པ་ལ་གསུམ་སྟེ། རྒྱུ་དང་། རྐྱེན་དང་། ངོ་བོའོ། །རྒྱུའི་ལེའུ་གཉིས་པ་ལ་གཉིས་ཏེ། དྲིས་པ་དང་། ལན་ནོ། ལན་ལ་ལྔ་ལས། དང་པོར་སྔགས་བྱུང་ཚུལ། བཅུ་གཉིས་སུ་ཕྱིས་བྱུང་བར་ལུང་བསྟན་པས་དོན་བསྡུས་པ་ལས། གདམ་ངག་ལུང་བསྟན་རྩ་བའི་རྒྱུད། །ཅེས་པས། རྩ་རྒྱུད་བཤད་རྒྱུད་གཉིས་ཀྱི་འདོད་ལུགས་ལ་ཡང་། ཁྱེར་ན་གཉིས་པ་རྩ་བའི་རྒྱུད་ཡིན་ལ། གསུམ་

(༣༩༦)པ་མན་ཆད་བཤད་པའི་རྒྱུད་ཡིན། དྲུག་བཅུ་རྩ་དྲུག་པ་མན་ཆད་དེ་མ་ཚང་བ་ཁ་བསྐོང་བའི་རྒྱུད་ཡིན་གསུང་། ལུང་བསྟན་ལས། རྒྱུད་འདིའི་རྣམ་གཞག་ཏུ་རུང་སྟེ། སྔ་མར་མ་ཚང་ཕྱི་མར་མ་ལུས། ཕྱི་མའི་ཕྱི་མས་དོན་རྟོགས་འགྱུར། །ཞེས་སྣང་བས། ལེའུ་དང་པོ་དང་གཉིས་པས་གླེང་གཞི་དང་། གླེང་སླང་བསྟན་པས། བསྟན་གྱི་རྩ་བ་ལུགས་བྱུང་ཚུལ་བཅུ་གཉིས་སུ་སྟོན་པའི་ཐུབ་པའི་དབང་པོས་གསུངས་པ། རྩ་བའི་རྒྱུད་དུ་རྣམ་པར་གཞག་གོ། བྱུང་ཚུལ་དེ་ཉིད་དོན་མ་རྟོགས་པ་ནི་སྔ་མ་ཉིད་ཀྱི་དོན་འཆད་པས། ཕྱི་མའམ་སླད་མའོ། །དེ་དག་གསུམ་པ་ནས་དྲུག་བཅུ་རྩ་ལྔའི་བར་དུ་རྣམ་པར་གཞག་གོ། དེ་དག་ཏུ་མ་གསུངས་པའི་མཚན་གྱི་ཁྱད་པར་དང་། བསླབ་པའི་མཐའ་བཅུ་ལ་སོགས་པ་འདིར་བཤད་དེ། དྲུག་བཅུ་རྩ་དྲུག་པ་ནས་དོན་ལྔའི་བར་གྱིས་ཕྱི་མའི་ཕྱི་མ་རྣམ་པར་གཞག་གོ། །དེ་ལྟར་གང་གིས་ཤེས་ན། དོན་གྱི་ཤུགས་དང་དམ་པའི་ཞལ་དང་། རྒྱུད་གཞན་ཀུན་དེ་ལྟར་གནས་པས་སོ། །འདིར་གསལ་བར་མི་མངོན་པ་ནི་བླ་མ་ལ་རག་ལུས་པའི་ཕྱིར། previous hit དགོངས next hit་ཀུན་འདུས་གསང་ཆེན་འདི། །མ་ཐས་གཟུ་ལུམས་རང་བཤད་པ། །རབ་འབྱམ་བསྟན་པ་ཀུན་བཙལ་ཡང་། །དམ་པ་མཐོང་བར་མི་འགྱུར་རོ། །ཞེས་སོ། །ཅི་ལྟར་ཉི་མས་ཁྱབ་པར་གནས་ཀྱང་། ལོང་པའི་ཡུལ་མིན་པ་ལྟར། རྒྱུད་ཀྱི་དོན་དེ་ལྟར་གནས་ཀྱང་མན་ངག་དང་ལུང་དུ་མི་ལྡན་པས། རྙེད་པར་མི་འགྱུར་རོ།

(༣༩༧)ཞེས་སོ། །ལེའུ་གཉིས་པ་ཁོ་ན་རྩ་བརྒྱད་དུ་བཞག་ན་མི་འཐད་དེ། །ལེའུ་ཞེ་བཞི་པ་ལས། རྡོ་རྗེ་འཆང་ཆེན་པོས་ཨོཾ་ཧཱུྃ་མུམ་ཞེས་གསུངས་ནས། རབ་ཏུ་མི་གསུང་ཞེས་སོ། །བསྟན་པ་ཡི་གེ་འབྲུ་གསུམ་དུ་གསུངས་ནས། ལུང་བསྟན་ལས། ཨོཾ་ཧཱུྃ་མུམ་ཞེས་བྱ་བ་ནི། དཀྱིལ་འཁོར་རྣམ་པ་གསུམ་སྟེ། དེ་ཉིད་བརྗོད་བྱའོ། །ཞེས་སོ། །འགྲེལ་ཆེན་ལས། ཐེག་པ་ལུགས་མ་འཁྱར་བའི་རྩ་བའི་དོན་ཆེན་པོ་བཤད་པ་ནི། ཨོཾ་ཧཱུྃ་མུམ་ཞེས་བཤད་པ་དང་། མཚན་དང་ཆེ་བའི་ཡོན་ཏན་ཅི་ལྟར་བསྟན་ཀྱང་། ཡི་གེ་གསུམ་བཤད་པ་བཞིན་དཀྱིལ་འཁོར་གསུམ་གྱི་དོན་གྱི་ངོ་བོ་བརྡས་བསྟན་དེར་འདུས་པས། ཞེས་གསུངས་པས་སོ། །རིགས་པས་ཀྱང་། གནས་འོག་མིན་དུ། སྟོན་པ་རྡོ་རྗེ་འཆང་ཆེན་པོས། འཁོར་ལོངས་སྐུ་དང་། སྡུད་པ་པོ་གསང་བའི་བདག་པོ་ལ། དུས་སྔོན་འབྱུང་དུ་བསྟན་པ། ཡི་གེ་འབྲུ་གསུམ་དུ་གསུངས་པ་དེ་བཤད་རྒྱུད་དུ་འགྱུར་ལ། གནས་མི་ཡུལ། སྟོན་པ་ཤཱཀ་ཐུབ་ཀྱིས་འཁོར་རྣམ་བཞི་ལ། སྡུད་པ་པོ་ཀུན་ཏུ་རཱ་ཛས་བསྡུས་ནས་དུས་ཕྱིས་གསུངས་པ་དེ་རྒྱུད་དུ་འགྱུར་རོ། །དེ་ནི་ཤིན་དུ་འགལ་བས། རིགས་པ་མ་ཡིན་ནོ། །ངེས་པར་བྱ་ན་དོན་གྱི་རྩ་རྒྱུད་བཤད་རྒྱུད། ཚིག་གི་རྩ་བཤད་འདྲ་བ་ལས་བརྟགས་པའི་རྩ་བཤད་གསུམ་ལས། དང་པོ་ནི། འོག་མིན་དུ་ཡི་གེ་འབྲུ་གསུམ་དུ་གསུངས་པ། རྩ་རྒྱུད་ལ། ཨ་ནུ་ཡོ་ག་ལ་སོགས་བསྟན་པ་

(༣༩༨)ཕལ་གྱི་བཤད་རྒྱུད་དེ། ཁྱད་པར་དུ་ཡི་གེའི་རྒྱུད་འདི་ཉིད་དོ། །གཉིས་པ་ནི། རྡོ་རྗེ་བཀོད་པ་ཀུན་འདུས་རྩ་རྒྱུད་ལ། འདི་ཉིད་བཤད་རྒྱུད་དེ། དེ་ཡང་ལུང་བསྟན་ལས། རྩ་བའི་རྒྱུད་དབང་གི་ལེའུ་ལས། །ཞེས་སོ། །གསུང་བ་ནི་ཡང་ཁྱེད་བཞེད་པ་ཡིན་ནོ། །འདི་དང་པོ་ལ། ངེས་པར་གཞག་པ་ཡིན། དཀའ་སྤྱོད་ལས། འདི་དག་ཤཱཀྱ་ཐུབ་པས་མ་ལ་ཡར་བརྗོད་པ་མ་ཡིན་ཏེ། གསང་བདག་གིས་ལོ་རྒྱུས་སུ་བརྗོད་པ་ཡིན་པའི་ཕྱིར། སྤྲུལ་པ་སྟོན་པ་ཐལ་བར་མི་འགྱུར་བར་གྲུབ་ཟིན་ཏོ། །འོ་ན་རྩ་རྒྱུད་ལ་བཤད་རྒྱུད་དུ་མ་བྱུང་བ་ལ། རྩ་རྒྱུད་གཅིག་པོ་འདི་ལ་བཤད་རྒྱུད་དུ་མ་བྱུང་བ་མི་རིགས་སོ་ཞེ་ན། ཕྱི་རྒྱུད་གཞན་གྱི་ལུགས་ཀྱིས་དེ་ལྟར་ཡིན་ཀྱང་། ཨ་ནུ་ཡོ་གའི་རྒྱུད་སྡེའི་རྒྱུད་ཕལ་ཆེར་འདིར་འདུས་པ་ཡིན་པས། སངས་རྒྱས་ཀུན་གྱི་previous hit དགོངས next hit་འདུས་པའི་མདོ་ཞེས་པས་འགལ་བ་མེད་དོ། །གདམ་ངག་གསུམ་གྱི་དྲིས་ལན་ན། །སྔགས་གསུམ་ལ་བསླབ་པར་བྱའོ། །ཞེས་པས་ནི། དེ་དག་ལ་གསུམ་ཡིན་པས་ཐུན་མོང་གི་འཁོར་གྱིས་སྔགས་ཀྱི་དོན་རྟོགས་པར་འགྱུར་རོ། །དཀྱིལ་འཁོར་གསུམ་ཕྱིས་འབྱུང་བར་ལུང་བསྟན་པས་འགལ་བ་མེད་པའང་ཡིན་ལ། མདོ་སྔགས་མཐུན་པའི་གསང་སྔགས་རིག་སྔགས་གཟུངས་སྔགས་གསུམ་ཡིན་པས། དེ་ལ་སློབས་ཤིག་པའོ། །དབྱར་གྱི་ངོ་གསུམ་འདས་ནས། །ཞེས་སླད་ནས་དང་། འོག་ནས་ཡོངས་སུ་མྱ་ངན་ལས་འདས་

(༣༩༩)ནས། ཞེས་ལུང་བསྟན་ནས་སྟོན་ཟླ་ར་བའི་ཉ་ལ་འདས་པར་བཤད་པ་དང་། མདོ་སྡེ་ནས་རྟ་པ་ཆོ་འཕྲུལ་གྱི་ཟླ་བ་ལ་འདས་པར་བཤད་པ་གཉིས་འགལ་ལོ། །ཞེ་ན། མི་འགལ་ཏེ། སྟོན་ཟླ་ར་བའི་ཉ་ལ་འཁོར་བསྡུས་ནས། གདམ་ངག་གསུངས་པ་ཡིན་ལ། འདས་པ་ནི་རྟ་ལ་འདས་པ་ཡིན་ནོ། །ཡང་རྒྱ་གར་ན་སྟོན་ཟླ་དགུན་ཟླ་དབྱར་ཟླ་བཞི་བཞི་ལས། དཔྱིད་ཟླ་མེད་པར་དོན་མཐུན་ནོ། །ལེའུ་གཉིས་པའི་ཀ་ཏིག་གོ།། །།ལེའུ་གསུམ་པ་རྒྱུད་དངོས་ཀྱི་སྐབས་སུ་གསུངས་པ། དྲང་དོན་དུ་ལྟུང་བ་བཏོན་ནས་དྲུག་པར་ངེས་དོན་དུ་ལན་བཏབ་པས་འགལ་ལོ། །ཞེ་ན། མི་འགལ་ཏེ། ཤཱཀ་ཐུབ་དྲང་དོན་གྱི་སྟོན་པ་གཙོ་ཆེ་བས། དེ་འདས་པ་ལ་གདུང་བ་སྟོན་པ་ཡིན་པས་དྲང་དོན་དུ་འོང་ལ་དྲུག་པར་ངེས་དོན་གྱི་སྟོན་པ་གསང་བདག་གིས་ལན་བཏབ་པས་འགལ་བ་མེད་དོ། །ལེའུ་དྲུག་པར་གདུང་བའི་ཚིག་མང་ལ། དྲུག་པར་སེལ་བའི་ཚིག་ཉུང་བར་བྱུང་བ་ནི་གདུང་བ་འདོན་པ་དམ་པའི་རིགས་ཅན་གྱི་བྱང་ཆུབ་སེམས་དཔའ་ཡིན་པས་མང་ལ། དྲུག་པ་སེལ་བ་ཉུང་བ་ནི། གསང་བདག་རྒྱལ་བ་ཡིན་པས་ཉུང་སྟེ། previous hit དགོངས next hit་ལ་ཁྱད་པར་ཡོད་པའོ། །ལེའུ་གསུམ་པའི་ཀ་ཏིག་གོ།། །།ལེའུ་བཞི་པ་གླེང་གཞི་རྐྱེན་གྱི་སྐབས་སུ། ལེའུ་གསུམ་པར་དམ་པས་གདུང་བ་བསྟོན་པ་དེ། ལེའུ་བཞི་པར་རྒྱལ་

(༤༠༠)བ་རྒྱ་མཚོས་གསན་པའི་ཚེ། གསང་བདག་གིས་གསན་ནམ་མ་བསན། གསན་ན་བསྐུལ་བ་འགལ། མ་གསན་ན་གསང་བདག་མིན་པར་ཐལ། ཞེ་ན། གསན་ཀྱང་གདུལ་བྱའི་དོན་མྱུར་དུ་མཛོད་ཅིག་པ་ལ་འགལ་བ་མེད་དོ། །ཐོག་མ་ཐ་མ་མེད་བར་དུ། དམ་པའི་དགོན་གནས་ཆེན་པོ་དེ། །ཞེས་པས། བསྟན་པ་ཞིག་པའི་དུས་ན་ཡང་རི་བོ་མ་ལ་ཡ་ཡོད་པར་ཐལ། འདོད་ཐོག་ཟེར། རྟག་པའི་དངོས་པོ་མི་སྲིད་པས་འགལ་ལོ། །ཞིག་ནས་ཆགས་པའི་དུས་ན་ཡང་། དེ་ལྟ་བུ་གཅིག་ཆགས་པས་དེ་ལ་previous hit དགོངས next hit་ཡིན། གསང་བདག་སྟོན་འཁོར་གང་ན་བཞུགས་པ་དེ་ཉིད་མངལ་ཡའོ། དེ་བས་ན་འགལ་བ་མེད་དོ། །ལེའུ་བཞི་པའི་ཀ་ཏིག་གོ།། །།ལེའུ་ལྔ་པ་ལ་གཉིས་ཏེ། གླེང་གཞི་དང་། གླེང་བསླང་ངོ། །དང་པོ་ལ། ངོ་བོ་དང་བྱེ་བྲག་སྟོན་པའི་དྲི་ལན་ནོ། །ངོ་བོ་ལ་ཕུན་སུམ་ཚོགས་པ་དྲུག་གོ། །བྱེ་བྲག་ལ་དྲུག་སྟེ། དྲིས་ལན་ནོ། །ཐོག་མ་མེད་པའི་དུས་ཀྱི་ཚེ། །ང་ཡི་ཡིད་བཞིན་ནོར་བུ་སྟོར། །ཞེས་པ་ལ། གསང་བདག་ལ་ཐུགས་རྒྱུད་ཡེ་ཤེས་སུ་སྣང་བ་དང་། །ལམ་རྒྱུད་འཕགས་པར་སྣང་བ་དང་། །གནོད་སྦྱིན་ཕྱག་ན་རྡོ་རྗེ་གསུམ་ལམ་རྒྱུད་ནི་དང་པོའོ། །དེ་ཡང་ལེའུ་ཞེ་དགུ་པ་ལས། བཅོམ་ལྡན་འདས་ཀྱི་ཐུགས་དང་འབྲེལ་ཞིང་ཐུགས་ལས་སྐྱེས་པ། །དེ་ཁོ་ན་ཉིད་དང་འབྲེལ་ཞིང་། །དེ་ཁོ་ན་ཉིད་ལས་སྐྱེས་པའོ། །ཞེས་

(༤༠༡)མངོན་ནོ། །ལུང་བསྟན་ལས། གསང་བའི་བདག་པོ། །ཞེས་པ་ནི། སྐུ་གསུང་ཐུགས་ཀྱི་བདག་ཉིད་དེ། དུས་གསུམ་རྒྱལ་བ་ཀུན་གྱི་བདག་པོ་ཉིད་ཡིན་པས་ཞེས་སོ། །དེ་ལ་ཐོག་མར་གསང་བདག་གིས་མ་རིག་པ་འགལ་ཞེ་ན། །གདུལ་བྱ་རྣམས་ཀྱི་མ་རིག་པ་དེ་ངོ་ཤེས་པར་བྱ་བའི་ཕྱིར། གསང་བདག་གིས་མ་རིག་ལྟར་བསྟན་ཏེ། མ་རིག་པ་དེ་བཙལ་བའི་ཐབས་བསྟན་པའོ། །གཉིས་པ་གླེང་སླང་ལ་གསུམ་སྟེ། ཐབས་བཅུ་གཅིག་སྒོ་ནས་དོན་བྱེད་པས་འདུན་ཅིག་པ་ནི་སྟོན་པས་འདུན་གསུངས་པའོ། །འཁོར་གྱིས་ཞུས་པ་ལ་གསུམ་སྟེ། ཞུ་བ་དངོས་དང་། དམ་པ་རྣམས་དང་མཐུན་མཛོད་ལ། །ཞེས་པ་ནས་སྒྲོལ་བ་མཛོད་ཅེས་པའི་བར་ལ། ལེའུ་དྲུག་པས་ལན་བཏབ་པ་དང་། བྱུང་ཚུལ་བཅུ་གཉིས་སུ་དྲིས་ཤིང་ལན་བཏབ་པ་གཉིས་ཀ་ལུང་བསྟན་ལྟར་ལས། བྱུང་ཚུལ་བཅུ་གཉིས་ལྟར་ནན་ཏན་བྱའོ། །ལེའུ་ལྔ་པའི་ཀ་ཏིག་གོ།། །།གཞུང་གི་གསུམ་པ་རྒྱུད་དོན་བྱུང་བ་བཅུ་གཉིས་ལས། རྨོངས་པ་གདུང་སེམས་ཀྱི་བྱུང་ཚུལ་མ་རིག་མུན་སེལ་གྱི་ལྟ་བ་མ་དང་བུ་ཕྲད་པ་ལྟ་བུར་བཤད། སྒྲོན་མ་བཀོད་པའི་བྱུང་ཚུལ་ཡེ་ཤེས་རང་གསལ་ནམ་མཁའ་ལ་ཉི་མ་ཤར་བ་ལྟ་བུ། བཤད་ལུགས་དཔག་ཏུ་མེད་པ་ཅིག་ཡོད་ཀྱང་ཕུན་སུམ་ཚོགས་པ་རྣམ་པ་ལྔའི་སྤྱི་དང་རང་གི་མཚན་ཉིད་ཕྱོགས་མེད་དུ་རྟོགས་པར་བྱའོ། །དཀྱིལ་འཁོར་གསུམ་ལྡན་དབྱིངས་དང་ཡེ་ཤེས་རོ་མཉམ་པར་གང་གིས་

(༤༠༢)རྟོགས་པ་དེ་ཨ་ནུ་ཡོ་གའི་སྒྲ་དོན་ལ་མཁས་པ་མཁས་སོ། །དེ་ལྟར་དུ་མ་རྟོགས་ན་ཨ་ནུ་ཡོ་གའི་ལུང་དང་བསྟན་བཅོས་དཔག་ཏུ་མེད་པ་ཤེས་ཀྱང་། ཐ་སྙད་ཚིག་གི་འཁྲུལ་རྟོག་ཡིན་པར་ཤེས་པར་བྱའོ། །ད་ནི་སྟོན་པ་དང་གདུལ་བྱ་གཉིས་གནས་སྐབས་བློ་བུར་དུ་བབ་པ་མ་ཏྲམ་རུ་ཏྲ་གསུམ་གྱི་གླེང་གཞི་བསྟན་པར་བགྱིའོ། དེ་ལ་བྱུང་ཚུལ་དྲུག་ལ་གདུལ་བྱ་སྐབས་ལ་བབ་པ་ལ་གཉིས་ཏེ། དང་པོ་དེ་ནས་ཅེས་པས་རྒྱུད་གནས་ལུགས་ཀྱི་ས་བཅད་ན་ལྔ་པ་སོང་ནས། དྲུག་པ་སྟོན་པ་དེ་ནས་ཁྱད་པར་རྩལ་འཕང་གི་དབང་དུ་ལམ་འབྲས་གཉིས་ལས། ལམ་ལ་དྲུག་ལས་སྒོམ་ལམ་སོང་ནས་མཐར་ལམ་སྟོན་པས་དེ་ནས་དྲིས་ལན་གྱིས་ས་བཅད་ན། དམ་པའི་གསང་ལུང་ཅི་ལྟར་བྱུང་གི་ལན་ནོ། །ལེའུ་ས་བཅད་བཅུ་དགུ་པ་སོང་ནས་ཉི་ཤུ་པ་སྟོན་པ་དེ་ནས་སོ། །རྒྱས་པ་ལ་གཉིས་ཏེ། གདུལ་བྱ་དང་འདུལ་བྱེད་ལས་གདུལ་བྱ་ལ་གསུམ་ལས། ཉེར་གཉིས་པ་ནས། ཨེ་མ་ཧོ། །སྔོན་དཔལ་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཅེས་པའི་སྐབས་སུ་ཤཱཀྱ་ཐུབ་བྱུང་བའི་དུས་ན། རུ་ཏྲ་མ་ལ་རུ་ཏྲ་བྱུང་བའི་དུས་སུ་ཤཱཀྱ་ཐུབ་མེད་པས་མི་མཚུངས། ཤེ་ན། ལ་ལ་ནི་ཤཱཀྱ་ཐུབ་དངོས་ཀྱིས་བཏུལ་བ་ཡིན་ཏེ། དེའི་བསྟན་པ་ལ་ཉན་ཐོས་ཀྱིས་མ་ཐུལ་བས་དུས་མཚུངས་སོ། །ཡང་ན་ཤཱཀྱ་ཐུབ་ཀྱིས་སེམས་བསྐྱེད་པའི་ཤཱཀྱ་ཐུབ་ཆེན་པོ་བྱ་བ་ཅིག་རྒྱ་ཆེ་རོལ་པ་ནས་གསུངས་པ་དེ་དང་དུས་མཚུངས་སོ། །ཡང་དེའི་ཚེ་དེའི་དུས་ན། གང་ཐུབ་དཀའ་གཞོན་ནུ་ཞེས་པ་ནས། རྡོ་རྗེ་འཛིན་པ་ཉིད་དུ་འགྱུར། །ཞེས་པའི་བར་དུ། གསང་སྔགས་ཉེ་ལམ་

(༤༠༣)ཡིན་པ་ལ་རུ་ཏྲ་སྐྱེ་བ་ཉི་ཤུའི་བར་དུ་ལུས་བླངས། བསྐལ་པ་གྲངས་མེད་པ་ལྟས་ནས་ཐ་མ་སྲིན་པོར་ལུས་བླངས་ཙམ་ནའང་། ད་རུང་དན་ཕག་སངས་མ་རྒྱས་ཏེ། ཐར་ལམ་ཡིན་པས་རིང་ལམ་པར་འགྱུར། ཞེ་ན། འདི་ལ་དོན་གཉིས་ཏེ། ངེས་དོན་ཏུ་སྙིང་པོ་བྱང་ཆུབ་ཏུ་སྦྱར་ཟིན་པས་གསང་སྔགས་རིང་ལམ་མོ། །འོ་ན་དཀྱུས་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དྲང་དོན་དུ་སྨོས་པ་ཡིན་ཏེ། གདུལ་བྱ་རུ་ཏྲའི་ལས་དང་སྟོན་པའི་ཐུགས་རྗེ་འཛོམ་པས་དྲང་དོན་དུ་སྨོས་སོ། །བདུད་འདུལ་བ་ལ་ལེའུ་བཞི་ཡོད། བསྐུལ་བ་ལ་ཉེར་གསུམ་པས་སྟོན་ཏེ། དཔེར་ན་སྡེ་པ་ཆེན་པོ་ལ་སྙ་འགོམས་ཆེ་བ་ཅིག་བྱུང་། སྡེ་པ་གཞན་གྱིས་དི་ཚར་མ་བཅད་ན། དཀོན་མཆོག་སྤྱིའི་བསྟན་པ་ལ་གནོད་པས་དམག་དྲོངས་ཤིག་པར་བསྐུལ་པ་ལྟར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་སྟོང་པ་ཉིད་ཀྱི་ངང་ལས་མ་གཡོས་པར་ཐུབ་དཀའ་གཞོན་ནུ་ལ་ཐུལ་གཅིག་པར་བསྐུལ་བའོ། །ལེའུ་ཉི་ཤུ་གཉིས་པར་རིགས་ལྔར་གཞེངས་ལ་ཆོ་འཕྲུལ་བསྐུལ་བའི་ཆོས་སྐུ་ལས་གཟུགས་སྐུར་གཞེངས་པའི་ཏིང་ངེ་འཛིན་གསུམ་ནི། མཁའ་ལྟར་ལས་ཕུལ་པའི་ཏིང་ངེ་འཛིན་ནི་ཆོས་ཉིད་སྟོང་པའི་ངང་ལས། རིག་པ་སྒྱུ་མ་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུལ་དུ་བཞུགས་པ་ལ། གཞེངས་པར་བསྐུལ་བ་ནི། ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ཏོ། །རྒྱུའི་ཏིང་ངེ་འཛིན་ནི་དེ་ལས་གསུང་ཡི་གེ་ཐུགས་ཕྱག་མཚན་དེ་ཆོས་ཉིད་སྟོང་པ་ཉིད་སྒྱུ་མ་ལྟ་བུའི་སྐུར་སྣང་སྟེ། དེ་ཅིར་ཡང་སྣང་བས་ན་ལོངས་སྐུ་དང་སྤྲུལ་སྐུ་དང་ཞི་ཁྲོ་མ་དེས་སོ། །དེ་དཔེར་ན་ནམ་མཁའ་

(༤༠༤)ལ་འཇའ་ཚོན་སྣང་བ་ལྟར་བྱུང་ཡང་། གང་མ་ངེས་པའི་ཡེ་ཤེས་ཀྱི་སྣང་བ་ཞེས་བྱའོ། །སྤྲེའུ་ལྟར་མས་འཛེག་པའི་ཏིང་ངེ་འཛིན་ནི་སྐྱེད་རིམ་སྒོམ་སྒྲུབ་གསུམ་ཡིན་ནོ། །དེ་ལྟར་བསྐུལ་བ་བཞིན་གཞེངས་ཏེ། དེ་ནས་བདུད་འདུལ་བར་བཀའ་བསྒོས་པ་བཞི་པས་སྟོན་ཏེ། གནས་པས་སྡེ་པ་ཐམས་ཅད་བསོགས་ཏེ་དམག་དྲོངས་བྱས་པ་ལྟ་བུའོ། །དེ་ནས་བཀའ་གྲོས་བཅད་པ་ཉེར་ལྔ་པས་སྟོན་ཏེ། དེ་ཞི་བས་མི་ཐུལ་བས་དམག་འདྲེན་པར་གྲོས་ཐག་བཅད་previous hit ་བཞིན། ཞེ་རྒྱས་ཀྱིས་མི་ཐུལ། དབང་དྲག་གིས་ཐུལ་བར་རིག་ནས། ལོག་ལྟ་བརྒྱད་འདུལ་བ་ལ་དགོངས next hit་ཏེ། སྐུ་ལྔ་ཀས་བཀའ་གྲོས་བཅད་པའོ། །ལེའུ་ཉེར་ལྔ་པར་སངས་རྒྱས་སྙིང་རྗེ་རོལ་པའི་ཚོགས་ཀྱིས་གསོལ་བའམ། སངས་རྒྱས་རྡོ་རྗེའི་གདུང་དང་སྡེའི་ཚོགས་ཀྱིས་མགྲིན་གཅིག་པ་བགྲོས་པ་རིགས་ལྔ་བཀའ་བགྲོས་པ་དང་། ཡང་རྣམ་གྲོལ་སྤྱོད་པའི་ཚོགས་ཀྱིས་གསོལ་བའི་མདོ་དང་། ངོ་བོ་ཉིད་མེད་པའི་ཚོགས་ཀྱིས་ཅེས་སྐུ་ལྔའི་བཀའ་གྲོས་བཅད་པ་གཉིས་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་གཉིས་རིགས་ལྔ་ལ་སོགས་པ་ཉོན་མོངས་པ་ལོག་ལྟ་ལྔ་འདུལ་བར་བཤད་ལ། སྐུ་ལྔ་པོས་ནི་ལོག་ལྟ་གཞན་འདུལ་བར་བཅད་པས་མི་འགལ་ལོ། །ཡང་ན་རིགས་ལྔ་དང་སྐུ་ལྔ་ཐ་དད་མེད་པས། དོན་ལ་སྐུ་ལྔས་བཅད་པ་ཁོ་ན་འགྲོ་བས་མི་འགལ་ལོ། །ལས་ཀྱི་སྐོས་གདབ་པ་ལེའུ་ཉེར་དྲུག་པས་སྟོན་ཏེ། དེ་ཡང་སྡེ་པས་དམག་འདྲེན་པ་ལས་དམག་བསགས་པ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། དན་ཕག་ཕྱག་རྡོར་དུ་གནས་གྱུར་པ་ལ་ཐུལ་གཅིག་པར་བསྐུལ་བས། ཞལ་གྱིས་བཞེས་ནས་ཐམས་ཅད་ལ་བསྐུལ་བ་སྟེ། རྟ་མགྲིན་

(༤༠༥)པོ་ལ་བཏང་བ་དང་། རྒྱལ་བ་ཐམས་ཅད་ཁམས་གསུམ་ཡོངས་གྲོལ་གྱི་previous hit དགོངས next hit་མཛོད་ཅིག་པར་བསྐུལ་བ་མཛད་དོ། །ལེའུ་ཉེར་བདུན་པའི་སྐབས་སུ། རང་གི་རུ་ཏྲ་ལྔའི་ས་བོན་མངོན་དུ་བྱུང་སྟེ་ཅེས་པའི་སྐབས་སུ། ལམ་སྲོང་ནས་ཁོང་དོན་དུ་ལྔ་བཤད་དེ། བཏགས་པ་རྒྱུད་ཀྱི་རུ་ཏྲ་དང་། སྤྲུལ་པ་དང་འདོད་པ་སྐྱོང་བའི་རུ་གཉིས་དང་། ཏིང་ངེ་འཛིན་ཡེ་ཤེས་སུ་ལངས་པའི་རུ་ཏྲ་དང་། རིག་པ་རྣལ་དུ་འཇོག་པའི་རུ་ཏྲ་དང་། མ་བཅོས་ལྷུན་གྱིས་གྲུབ་པའི་རུ་ཏྲ་དང་ལྔའོ། །དེ་ལ་དང་པོ་རྟག་པ་རང་རྒྱུད་ཀྱི་རུ་ཏྲ་མོས་པ་རྗེས་སུ་འཇོག་པའི་ཤེས་པ་སྐྱེས་བུ་ཡུལ་གྱི་འདོད་པས་གདུངས་པ་ལྟ་བུ་ལ་གསུམ་སྟེ། ལོག་པའི་དབང་གིས་ཉོན་མོངས་པ་ལ་བཏགས་པ། རྟོག་པའི་དབང་གིས་གཟུང་འཛིན་ལ་བཏགས་པ། ཞན་པའི་དབང་གིས་འདོད་ཡོན་ལ་བཏགས་པའོ། །དེ་ཡང་ཕྱི་ལྟར་ཐར་པ་ནག་པོ། ནང་ལྟར་བདག་འཛིན་རྟག་པ་གསུམ་དང་ལྡན་པའི་སློབ་བུ་ཆོས་ལ་མོས་པ་ཡོད་པའོ། །དེ་ལེའུ་ཉི་ཤུ་རྩ་གཅིག་དང་སྦྱོར། གཉིས་པ་སྤྲུལ་པ་འདོད་པ་སྐྱོང་བའི་རུ་ཏྲ་བསམ་ཡིད་དང་འཐད་པའི་ཤེས་པ། སྣ་ཚོགས་མེ་ཏོག་གི་གླིང་ལ་ཕྱིན་པ་ལྟ་བུ་ལ་གསུམ་སྟེ། སྨོན་ལམ་ཐུགས་རྗེའི་དབང་གིས་རྒྱལ་བ་གང་སྤྲུལ་པ་ལས་ཀྱི་དབང་གིས་གདུལ་བྱ་གང་གིས་ངོ་ལ་སྤྲུལ་པ་ལས་དང་ཐུགས་རྗེ་འཛོམ་ནས་ཚུལ་ཅི་ལྟར་སྤྲུལ་བའོ། །དང་པོ་ཐུབ་དཀའ་དང་དན་ཕག་གནས་གྱུར་པ་རྡོ་རྗེ་སེམས་དཔའ་དང་གསང་བདག་ཏུ་གནས་ནང་ལྟ་བུའི་ཉམས་ཅན་ནོ། །གསུམ་པ་ཏིང་ངེ་འཛིན་ཡེ་ཤེས་སུ་ལངས་པའི་རུ་ཏྲ་སྣ་ཚོགས་ཉམས་དང་ལྡན་པའི་ཤེས་པ། སྣ་ཚོགས་རིན་པོ་ཆེ་གླིང་ལ་ཕྱིན་པ་ལྟ་བུ་ལ་

(༤༠༦)གསུམ་སྟེ། འདུལ་བྱེད་དྲག་པོའི་དབང་གིས་སེམས་གདུངས་ཐག་བཅད་དེ་ཏིང་ངེ་འཛིན་ཡེ་ཤེས་སུ་ལངས་པ་ནི། ལེའུ་ཉེར་བདུན་པ་དང་སྦྱར་ཏེ་ཕྱག་རྒྱས་རོལ་ཏེ་ཕྱག་རྒྱས་སྦྱངས་ཤེས་སོ། །འགྱོད་པ་དྲག་པོའི་དབང་གིས་སྔོན་གྱི་ལས་དྲན་ཏེ། ཏིང་ངེ་འཛིན་ལངས་པ་ནི་ཉེར་བརྒྱད་པ་དང་ཉེར་དགུ་པ་དང་སོ་གཅིག་པའི་དོན་གྱིས་སྟོན། དབང་དང་གདམ་ངག་དྲག་པོའི་དབང་གིས་རིག་པའི་ཉམས་རྙེད་དེ་ཏིང་ངེ་འཛིན་ལས་ལངས་པ་དེ་ནི་སོ་གཅིག་པའི་སྨད་ཀྱིས་སྟོན། དེ་འང་ཕྱི་ལྟར་།།།རུ་ཏྲ་བསྒྲལ་ཏེ་མཐོང་ལམ་སྐྱེས་པའོ། །ནང་ལྟར་ལམ་ས་ལ་མཐོང་ལམ་སྐྱེས་པའོ། །བཞི་པ་རིག་པ་རྣལ་དུ་འཇོག་པའི་རུ་ཏྲ་གསལ་ཕྱོགས་དང་བྲལ་བའི་ཤེས་པ་སྐྱེས་བུ་རང་གི་མཚན་དཔེ་ལྟ་བ་ལྟ་བུ་ལ་གསུམ་སྟེ། རང་བཞིན་མ་བཅོས་པར་རིག་པ་རྣལ་དུ་འཇོག་པ་དང་། གནས་སྐབས་མི་འགྱུར་བར་རིག་པ་རྣལ་དུ་འཇོག་པ་དང་། མཚན་ཉིད་མ་བཅོས་པར་རིག་པ་རྣལ་དུ་འཇོག་པའི་རུ་ཏྲ་དང་གསུམ་མོ། །དེ་ནི་སྒོམ་ལམ་དང་མཐར་ལམ་ལ་གནས་པའི་རྣལ་འབྱོར་རོ། །ལྔ་པ་རང་བཞིན་ལྷུན་གྱིས་གྲུབ་པའི་རུ་ཏྲ་དེ་ཁོ་ན་ཉིད་ཀྱི་ཤེས་པ་ནམ་མཁའ་ལྟ་བུ་ལའང་གསུམ་སྟེ། གནས་ཚུལ་མ་བཅོས་པར་ལྷུན་གྱིས་གྲུབ་པའི་རུ་ཏྲ་དང་། སྣང་ཚུལ་མ་བཅོས་པར་ལྷུན་གྱིས་གྲུབ་པའི་རུ་ཏྲ་དང་། བདག་གཞན་གྱི་མཛད་སྤྱོད་མ་བཅོས་པར་ལྷུན་གྱིས་གྲུབ་པའི་རུ་ཏྲའོ། །དེ་ཡང་ཕྱི་ལྟར་རུ་ཏྲ་སངས་རྒྱས། ནང་ལྟར་ལམ་པ་སངས་རྒྱས་པ་ལ་བྱའོ། །ཡང་པོ་གཅིག་པ་ནས་དེ་བཞིན་གཤེགས་པ་ཐལ་བའི་དབང་པོ་དང་སྦྱར་རོ། །སངས་རྒྱས་རུ་ཏྲར་བཞག་པ་དང་འགལ་ལོ། །སྙམ་པ་ལ་སངས་རྒྱས་མཉམ་སྦྱོར་

(༤༠༧)ལས། རྡོ་རྗེ་རུ་ཏྲ་བཞེད་པ་ཆེ། །མཁུར་བ་དབུགས་ཀྱི་རླུང་འབྱིན་པ། ཞེས་བཤད་པས་མི་འགལ་ལོ། ཐུལ་བ་ཉེར་བདུན་པས་སྟོན་ཏེ་དམག་དྲངས་པ་མི་བསད་པ་ཡུལ་ཕྲོགས་པ་དེ་བཞིན་དུ་རྡོ་རྗེ་སྲིན་པོས་གདུལ་ལོ། །དེ་ཡང་ཕྱག་ན་རྡོ་རྗེས་གཞོན་ནུ་རྨེ་བརྩེགས་སྣ་ནས་བཏོན་ཏེ་དེ་འབོས་ལྔར་བསྐྱུར་ཏེ། རུ་ཏྲའི་འཁོར་མོའི་ལྷུམས་སུ་ཀེའུ་རི་ལ་སོགས་པ་བཞག །ཆུང་མའི་ལྷུམས་སུ་རྡོ་རྗེ་སྲིན་ཕྲུག་ལ་སོགས་པ་བཞག་ནས་རུ་ཏྲ་བཏུལ་ལོ། ཉེར་བདུན་པ་ལས་ཕྱག་རྒྱས་རོལ་ཏེ་ཕྱག་རྒྱས་སྦྱངས་ཅེས་པས་དངོས་སུ་ཤ་རུ་ལ་སོགས་པ་རོལ་ནས་བསྒྲལ་བའི་རྗེས་སུ། ད་ཡོང་ཅི་མཛད་མྱུར་དུ་མཛོད། །མྱུར་དུ་མཛད་ན་ཡུན་དུ་བདེའོ། །ཞེས་པས་འགལ་ལོ། །ཞེ་ན། གོང་མ་ནི་ཕུང་པོ་དངོས་སུ་བསྒྲལ་བ་ཡིན། འོག་མ་ནི་སྒྲིབ་པ་ཕྲ་བའང་མྱུར་དུ་སྦྱོངས་ཤིག་པ་ཡིན་པས་མི་འགལ་ལོ། །ལེའུ་ཉེར་བདུན་པའི་རྡོ་རྗེ་གཞོན་ནུ་རྨེ་བ་བརྩེགས་པ་ནི་དངོས་སུ་རུ་ཏྲ་ལ་བྱ་སྟེ། དང་པོ་ནལ་བུ་ཡིན་ཏེ་ཕ་མེད་པས་རྐྱང་རྨེ། སྨད་འཚོང་མའི་བུ་ཡིན་པས་ཀྱང་རྨེ། སྐྱེས་མ་ཐག་ཏུ་མ་ཤི་བས་ཀྱང་རྨེ་དེའི་ཕྱིར་རྨེ་བརྩེགས་སུ་བཞག་གོ། །ཡང་ན་སྲས་རྡོ་རྗེ་གཞོན་ནུ་ལ་བཞག་པ་དང་། དེའི་སྲས་རྡོ་རྗེ་སྲིན་ཕྲུག་ལ་བཞག་པའོ། །དེ་ལྟར་བསྟན་པའི་རུ་ཏྲ་དེ་རང་རྒྱུད་པ་ཡིན་ནམ་སྤྲུལ་པ་བ་ཡིན། སྤྲུལ་པ་བ་ཡིན་ན་ལུང་རིག་པ་མན་ངག་གསུམ་དང་འགལ་ཏེ། ལེའུ་ཉི་ཤུ་པའི་མཚན་དང་འགལ་བ་དང་གཅིག །ལེའུ་ཉེར་བཞི་པ་ལས་འདས་པའི་དུས་ན་སྔོན་བྱུང་ལྟར། ད་ལྟར་དུས་འདི་ཉིད་དུ་བྱུང་བ་དང་གཉིས་

(༤༠༨)ཉེར་དགུ་པ་ལས་དང་པོ་བཀའ་བསྒོ་ལོག་པས་ཉེས། ཞེས་པ་ལ་སོགས་པ་དང་། སོ་གཅིག་པ་ལས་ད་ལྟར་སྐལ་བ་བཟང་པོ་འདིའི་ཡུན་དུ་གནས་ནས་རྣལ་འབྱོར་ཡོངས་ཀྱི་མགོན་པོ་དགེ་གཉེན་ལེགས་ལྡན་ནག་པོ་ཞེས་པ་ལ་སོགས་པ་ཆོས་སྐྱོང་དུ་ཁས་བླངས་པ་དང་འགལ་ལོ། །གསང་སྔགས་ཀྱི་རྩ་བའི་དམ་ཉམས་ཡིན་པ་དང་། ཐེག་་པ་ཐུན་མོང་བའི་སྡོམ་པ་ལ་སོགས་པ་ཉམས་པ་དང་། མཚམས་མེད་པ་ལྔ་ལ་སོགས་པ་བྱས་པས་ངན་སོང་གི་སྡུག་བསྔལ་མྱོང་བ་བཤད་པས་བཀའ་སྤྱི་དང་འགལ་ལོ། །མན་ངག་གི་ནི་འགྲེལ་ཆེན་ལས། དེའི་རྩལ་གྱིས་དགེ་བའི་མྱུ་གུ་རྒྱུན་བཅད་དེ། ཐམས་ཅད་ལམ་དུ་དྲངས་ཏེ་ལྷུང་བ་དང་བཅས་པ་རྣམས་སྒྲ་ཅི་བཞིན་ནོ། །ཞེས་སོ། །རིག་པ་ནི་གདུལ་བྱ་རང་རྒྱུད་པ་མེད་པས་སྤྲུལ་པ་ལ་དོན་མེད་པར་ཐལ་བ་དང་། སྤྲུལ་པའི་མཛད་པ་ནོར་བ་དང་། སྔར་སྔགས་ལ་སྤྱད་ཀྱང་རུ་ཏྲ་རང་རྒྱུད་པ་མིན་ཏེ། སྔགས་ལ་སྤྱོད་པ་ཀུན་བཀའ་བསྒོ་ལོག་པ་ལ་འབྱུང་བས་སྡིགས་རི་བཀུར་བའི་དགོས་ཆེད་ཡོད་ཅེ་ན། དེ་མི་འཐད་དེ་སྔར་སྔགས་ཀྱི་བསྟན་པ་དང་། དེ་ཉམས་སུ་ལེན་པའི་ལམ་པ་ཡོད་ཀྱང་དེ་བཀའ་བསྒོ་ལོག་ནས་རུ་ཏྲ་མ་བྱུང་ན་ད་ཡང་མི་འབྱུང་སྟེ། རྒྱུ་རྐྱེན་ལ་ཁྱད་པར་མེད་པའི་ཕྱིར་རོ། །འོ་ན་ཁྱོད་སེམས་ཅན་སྔར་སངས་མ་རྒྱས་པས་ད་ཡང་སངས་མི་རྒྱ་བར་ཐལ། དེ་ཅིས་ན་རྒྱུ་རྐྱེན་ལ་ཁྱད་པར་མེད་པའི་ཕྱིར་རོ། །ཟེར་ན། དེ་ལྟར་བསྟན་པའང་བྱུང་སྟེ། ཉམས་སུ་བླངས་པས་སངས་རྒྱས་ཀྱང་བྱུང་སྟེ་ཡང་བྱུང་བས་དེས་མགོ་མི་ཚུགས་སོ། །གལ་ཏེ་རང་རྒྱུད་པ་ཡིན་ན་ཡང་གསུམ་དང་འགལ་ཏེ། ལུང་ནི་ལེའུ་ཉེར་གཅིག་པ་ནས་འགྲོ་བའི་དོན་དུ་སྔོན་བྱུང་བ་

(༤༠༩)ཞེས་པ་དང་། ཉེར་གཅིག་པ་ནས་གསང་བ་མཆོག་ནི་བདག་ཡིན་པས་ཤེས་པ་དང་། སུམ་བཅུ་པ་ལས་བཅོམ་ལྡན་འདས་ཐམས་ཅད་མཆོག་ནི་བདག་ཡིན་ཏེ། ཞེས་བཀའ་འདི་དང་འགལ་ལོ། །ཐུན་མོང་བ་རྣམས་ནི་བཅོམ་ལྡན་འདས་ཀྱིས་ནི་འཆི་བདག་གི་བདུད་བཅོམ་ཞིང་འདུལ་བའི་ཚེ། འཁོར་ཉན་ཐོས་ལ་གསུངས་པ་དེའི་ཚེ་དེའི་དུས་ན་བདུད་སྡིག་ཅན་ངེས་པར་གཞན་དུ་མ་རྟོགས་ཤིག །དེ་ནི་ང་ཉིད་ཡིན་ནོ་ཞེས་གསུངས་པས་བཀའ་སྤྱི་དང་མི་འགལ་ལོ། །མན་ངག་ལུང་བསྟན་ལས་ཇི་སྐད་དུ་བཤད་པའི་མཐུ་འདི་དག་རང་རྒྱུད་པ་ལ་ཡོད་པ་མ་ཡིན་གྱི། སྤྲུལ་པ་ཡིན་པ་སོམ་ཉི་མི་ཟའོ། །ཞེས་སོ། །རིག་པ་ནི་དེ་བཞིན་གཤེགས་པ་བས་རང་རྒྱུད་པ་མཐུ་ཆེ་བར་ཐལ། ཅིས་ན་ཤཱཀྱ་ཐུབ་པ་དང་རྟ་མགྲིན་གྱིས་མ་ཐུལ་བར་བཤད་པའི་ཕྱིར་རོ། །ཡང་ན་སྡིག་པ་གང་ཆེ་བ་ནས་སངས་རྒྱ་བར་ཐལ། ཅེས་ན་སངས་རྒྱས་ཐལ་བའི་དབང་པོའི་དབྱངས་སུ་ལུང་བསྟན་པའི་ཕྱིར་རོ། །འོ་ན་ཅི་ལྟར་ན། རིམ་དང་གཅིག་ཅར་བ་གཉིས་སུ་སྐྱོན་བསལ་ཏེ། ཅིག་ཅར་ནི་སྤྲུལ་པ་ཡང་ཡིན་ལ། རང་རྒྱུད་པ་ཡང་ཡིན་བྱའོ། །དེ་ལ་སྐྱོན་སྔ་མ་གཉིས་མི་འོང་ངམ་ཞེ་ན། སྤྲུལ་པ་དང་རང་རྒྱུད་པ་གཉིས་ཀ་ཁས་བླངས་པས་སྔ་མའི་སྐྱོན་གཉིས་ཀ་སེལ་ལོ། །རིམ་གྱིས་གསལ་བ་ནི་སྤྲུལ་པར་མངོན་པའི་སྐྱོན་དེ་རྣམས་དཀྱུས་རང་འཐད་དུ་བཤད་ལ། རང་རྒྱུད་པས་འབྲས་བུ་དཀྱུས་ལ་བཤད་པས་སྤྲུལ་པར་མངོན་ནོ། །དེས་འདྲེ་སྟེ་རང་རྒྱུད་པའི་འབྲས་བུ་དྲང་ཐད་དུ་འཐད་ལ། སྤྲུལ་པའི་འབྲས་བུ་ལྟར་སྣང་དུ་བཤད་པས་རང་རྒྱུད་པར་མངོན་ནོ། །དང་པོ་ལྟར་མི་འགལ་ཏེ་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ན། རྣམ་སྨིན་འདི་ལྟར་མྱོང་བར་བསྟན་པའི་དོན་དུ་མ་དག་པའི་སྐྱེ་

(༤༡༠)རྒྱུད་བླངས་པ་ལྟར་སྣང་ངོ། །ལེའུ་ཉེར་བཞི་པའི་འདས་པའི་དུས་ན་སྔོན་བྱུང་ལྟར། ད་ལྟར་དུས་འདི་ཉིད་དུ་བྱུང་ཞེས་པ་དེ། སྤྲུལ་ནས་བྱུང་བ་ལྟར་བསྟན་ནོ། །སོ་གཅིག་པའི་ཆོས་སྲུངས་ནི། དངོས་སུ་གྲུབ་ནས་ཕན་གནོད་བྱེད་པ་མ་ཡིན་ཏེ། ཕན་གནོད་བྱེད་པ་ལྟར་བསྟན་ཏེ་འགལ་བ་མེད་དོ། །གཉིས་པ་ཉེར་གཉིས་པ་ལ་སོགས་པ་དང་མི་འགལ་ཏེ། ཤཱཀ་ཐུབ་དང་རྟ་མགྲིན་གྱིས་མ་ཐུལ་བ་ནི་མི་ཡིན་ཏེ། དབང་དག་གི་ཆེ་བ་དབྱུང་བའི་དོན་གྱི་ཕྱིར་མ་ཐུལ་བ་ལྟར་བསྟན་པའོ། །རྒྱལ་བའི་ཞལ་མཐོང་ཡང་རུ་ཏྲས་འགྲན་ཟླར་མཐོང་གི་རྒྱལ་བར་ངོ་མ་ཤེས་སོ། །སོ་གཅིག་པའི་ཐམས་ཅད་མཆོག་ནི་བདག་ལགས་ཏེ་ཞེས་པ་ནི། རྒྱལ་བས་སྤྱོད་པའི་ཚིག་ཡིན་ཏེ། ཞིང་ཁམས་སུ་གྲགས་པའི་ལད་མོ་འདས་པ་ཡིན་ཏེ། དཔེར་ན་སེམས་བསྐྱེད་འབོགས་པའི་ཚེ་སློབ་དཔོན་གྱིས་ཚིག་དེ་སློབ་མས་ལད་མོ་བཟླས་པས་བཞིན་ནོ། །བྱུང་ཚུལ་དྲུག་པའ་དཀའ་བ་ཅུང་ཟད་ཙམ་དཀྲོལ་བའོ། །ལེའུ་བཅུ་གཅིག་པ་ལམ་པས་རྙེད་པར་དཀའ་བ་ལ་གཉིས། དྲིས་པ་དང་། ལན་ནོ། །དེ་ལ་བཞི་ལས། རྒྱལ་ཚབ་སྐྱེས་བུས་ལམ་ལྔ་ཕྲག་གཉིས་སུ་བགྲོད་པའི་དང་པོའི་སྐབས་སུ་རྩལ་ཆེན་རྫོགས་པའི་སྐབས་སུ་སེམས་གསུམ་བསྐྱེད་ཅིང་མཐའ་དྲུག་ཆུབ་ཅེས་པ་ལ། ལས་དང་པོ་དང་དབུགས་ཆེན་འབྱིན་པའི་སྐབས་སུ་བསླབ་པའི་མཐའ་བཅུ་གཅིག་ནས། རྩལ་ཆེན་འབྱིན་པ་འདིར་དྲུག་ལས་མ་ཆུབ་པས་ངན་དུ་སོང་ངམ་ཞེ་ན། མ་སོང་སྟེ། མདོ་ལས་འབྱུང་བ་previous hit དགོངས་འདུས་ཀྱི་ལུང་ལས། །བསླབ་ next hit་བཅུའི་སྒྲ་གཅིག་ལས། །ཟག་བཅས་བཞི་དང་བར་ཆད་མེད། །ཟག་མེད་ལམ་ལྔར་བསླབ་པ་དང་།

(༤༡༡)། སློབ་པའི་ལུགས་དང་ལོབས་པ་དང་། །ནུས་མཐུ་དང་ནི་ངོ་བོ་དང་། །བསླབ་བྱ་ཡུལ་གྱི་ཁྱད་པར་འགྱུར། །ཞེས་པས་ལྔ་སྟེ། དང་པོ་སློབ་ལུགས་ཀྱི་ཁྱད་པར་ནི། ཟག་བཅས་སུ་ཚིག་དང་ཡི་གེ་ལ་བརྟེན་ནས་སློབ་བར་ཆད་མེད་པ་ནི་ཚིག་ཡི་གེ་དང་རིག་པ་གཉིས་ཀ་ལ་བརྟེན་ནས་སློབ། ཟག་མེད་ནི་ཆོས་ཉིད་མངོན་སུམ་དུ་རྟོགས་པ་ལ་བརྟེན་ནས་སློབ་པའོ། །ལོབས་པའི་ཁྱད་པར་ནི། ཟག་བཅས་སུ་མི་ཟད་པའི་ཆོས་ཉིད་རྟོགས་པ་མི་གསལ། བར་ཆད་མེད་པ་དེ་བསལ། ཟག་མེད་རྟོགས་པ་དེ་གསལ་བའོ། །ནུས་མཐུའི་ཁྱད་པར་ནི་ཟག་བཅས་རང་གི་སྒྲིབ་པ་དག་ཅིང་དེ་རང་གི་འབྲས་བུ་ཐོབ། བར་ཆོད་མེད་པའང་དེ་བཞིན་ནོ། །ཟག་མེད་ཀྱང་། དེ་བཞིན་ནོ། །ངོ་བོའི་ཁྱད་པར་ནི་ཟག་བཅས་བཞི་དང་བར་ཆོད་མེད་པའི་བསླབ་བྱའི་ངོ་བོ་ཟག་བཅས་ཡིན། ཟག་མེད་ཀྱི་བསླབ་བྱའི་ངོ་བོ་ནི་ཟག་མེད་དོ། །བསླབ་བྱའི་ཡུལ་ནི། ཟག་པ་དང་བཅས་པའི་གང་ཟག་ཆོས་མིག་ཅན་ནམ་མཁའ་ལྟ་དགོས་ཀྱི་དྲོད་ཅན་ལ་སློབ། བར་ཆད་མེད་པ་ནི་རིག་འཛིན་ལ་སློབ་པའོ། །ཟག་མེད་ནི་རྒྱལ་བ་ལ་སློབ་པའོ། །དེས་ན་ལས་དང་པོ་པའི་སྐབས་སུ་སྨོན་པ་ཙམ་གྱི་སློབ་པའི་མཐའ་བཅུ་ལས་མ་ཆུབ། དེས་འགྲེ་རྩལ་ཆེན་རྫོགས་པ་རང་གི་བསླབ་པའི་མཐའ་བཅུ་པའོ། །ཆོས་ཀྱི་རྒྱལ་པོ་གང་དེའི་ཅེས་པ་ནི་རྒྱལ་བ་མར་མེ་མཛད། གདུང་ཚོབ་དགའ་ལྡན་ཐེག་ཆེན་སྟོན་ཞེས་པ་ནི། །དེའི་གདུང་ཚོབ་ནི་དམ་པ་ཏོག་དཀར་པོའོ། །ལྷ་ལ་དགའ་ལྡན་གྱི་གནས་ན་ཐེག་པ་

(༤༡༢)ཆེན་པོའི་ཆོས་སྟོན། མིའི་གནས་སུ་བཅུ་པའི་དུས་ནས་ཚེ་ལོ་བརྒྱ་པའི་དུས་སོ། །དུས་ནི་ཚེ་ལོ་བཅུ་པའི་དུས་སུ་ལམ་ལྔ་ཕྲག་གཉིས་བྱུང་བ་ནི་ལྡབས་སམ་སྙམ་པ་ལ་འདོད་ལུགས་ལྔ་སྟེ། གོང་མ་རྒྱུ་མཚན་ཉིད་དང་། འོག་མ་གསང་སྔགས་སུ་རུང་ངམ། ཡང་གོང་མ་ཕྱི་རྒྱུད་ལ་འོག་མ་ནང་པར་རུང་ངམ། ཡང་གོང་མ་རང་དོན་ལ་འོག་མ་གཞན་དོན་དུ་རུང་ངམ། ཡང་གོང་མ་ནི་སྔོན་བྱུང་ལ། འོག་མ་རྗེས་འཇུག་ཏུ་རུང་ངམ། ཡང་གོང་མ་གྲོལ་ལམ་ལ་འོག་མ་ཐབས་ལམ་དུ་རུང་ངམ་གསུང་ངོ་། །དེ་དག་ལ་འཐད་པའི་མུ་ལྔ། མི་འཐད་པའི་མུ་ལྔ་ལས། སྔ་མ་མཚན་ཉིད་དུ་བྱས་ན་དབང་བསྒྱུར་ཐབས་ཀྱི་ཐེག་པ་སྟོན། ཞེས་པ་དང་། འབྲས་བུ་ཉིད་ལས་ལམ་ཤེས་པས་འགལ་ལོ། །གོང་མ་ཕྱི་པར་བྱས་ནའང་དབང་བསྐུར་ཐབས་ཀྱི་ཐེག་པ་སྟོན་ཞེས་པས་འོག་མ་ནང་པར་འཐད་ཀྱང་གོང་མ་ཕྱི་པར་མི་འཐད་དོ། །གོང་མ་བདག་དོན་འོག་མ་གཞན་དོན་ན་ཡང་གོང་མ་ལས་གཞན་དག་སྨིན་པར་བྱ་བའི་ཕྱིར། ཞེས་པས་མི་འཐད་དོ། །ཡང་གོང་མ་གཞན་དོན་འོག་མ་རང་དོན་ན་ཡང་གོང་འོག་འཆོལ་པའི་སྐྱོན་དུ་འགྱུར་ཏེ་མི་འཐད་དོ། །བཞི་པ་གཉིས་ཀ་སྔོན་བྱུང་ཡིན་པས་འོག་མ་རྗེས་འཇུག་ཏུ་མི་འཐད་དོ། །ལྔ་པ་གྲོལ་ལམ་ནས་བགྲོད་ནས་ཐབས་ལམ་ནས་བགྲོད་ནའང་། གསང་སྔགས་ཉེ་ལམ་མིན་པར་འགྱུར་བས་མི་འཐད་དོ། །འཐད་པ་ལྔ་ནི་རྒྱུད་འཁྲུགས་པ་ཡིན་པས། གཞན་དོན་བདག་དོན་དུ་བྱ་བ་དང་བདག་དོན་བྱས་ན། སྐྱོན་སྔ་མ་གཉིས་མི་འོང་ངམ་ཞེ་ན། རྗེ་ཡང་

(༤༡༣)ཁྱེད་ནི་བདག་དོན་དུ་བསྒོད་པ་ལ་གཞན་དོན་བྱེད་པ་མི་འགལ་ཏེ། ཆོས་ཉན་བཤད་བྱེད་པའི་དྲི་བ་བཞིན་ནོ་གསུང་། གཉིས་པ་ས་བཅད་ཀྱིས་གསེར་གཟོང་གི་སྔོན་བྱུང་དང་། རྗེས་འཇུག་གི་དབང་དུ་བསྟན་ནོ། །གསུམ་པ་ནི། གོང་མ་གྲོལ་ལམ། འོག་མ་ཐབས་ལམ་སྟེ། དེ་ཅིས་ན་སངས་རྒྱས་གསུམ་ཁྲི་སུམ་སྟོང་ལས་སོགས་ལ་ཐེ་ཚོོམ་བཅད་ཀྱང་ངེས་པ་མ་རྙེད་དོ། །ཞེས་པས་སོ། །ཐབས་ལམ་ནི་དབང་བསྐུར་བའི་ལྟས་ལྔ་འོག་མས་བཤད་པས་ཤེས་སོ། །འོ་ན་གསང་སྔགས་ཉེ་ལམ་མ་ཡིན་པར་འགྱུར། །ཞེ་ན། ལམ་གཉིས་ཀ་ནས་བསྒྲོད་པའི་ཕྱིར་རོ། །ཞེ་ན། མ་ཡིན་ཏེ། མ་འོངས་པའི་གདུལ་བྱ་དྲང་ཕྱིར་གསུངས་པ་ལས། དོན་ལ་གང་ནས་བསྒྲོད་ཀྱང་ངོ་བོ་གཅིག་ཏུ་བསྒྲོད་པའོ། །བཞི་པ་བདེ་མཆོག་རྡོ་རྗེ་ལས་ལམ་གྱི་རིམ་པ་དང་སྦྱར་ཏེ། རིམ་གྱིས་པ་དང་ཐུགས་རྗེའི་རིམ་པ་དང་སྦྱར་ཏེ་གཅིག་ཅར་དུ་གསུངས་པ་ཡང་ཡོད། ཡང་ཐེག་པ་ཐུན་མོང་པའི་ལམ་དང་འོག་མ་མདོ་ཁྱད་པར་དུ་འཐད་དམ་གསུང་། ལམ་ལྔ་ཕྲག་གཉིས་པ་ལྡབས་པའི་དགོས་པ་སེལ་བ་ལ་སྤྱིར་མང་ན་ཡང་། སྔ་མ་ཐེག་པ་ཐུན་མོང་ལམ་ནས་བསྒྲོད་ཕྱི་མ་མདོ་ཁྱད་པར་གྱི་ལམ་ནས་བསྒྲོད་པ་ཡིན་ཏེ། དེ་ཡང་ལེའུ་བཅུ་གཉིས་པ་རྒྱབ་རྟེན་དུ་བཞག་ནས་སྔ་མ་ཐུན་མོང་དུ་གསལ་ཏེ། བཅུ་གཉིས་པ་ལས་ཨེ་མ་ནོ་བདག་ཅག་རྣམས་ཀྱིས་སྔོན་ཐོས་པ་ལྟར་ན་སྔོན་གྱི་བྱང་ཆུབ་དམ་པ་རྣམས་ནི་བྱང་ཆུབ་ནི་བློ་ངོ་ཉོན་མོངས་པ་ནི་དོར་རོ་ཞེས་སོ། །ཕྱི་མའི་ནང་ནས་ཉེ་ལམ་འདི། །ཐབས་ཀྱི་ནང་

(༤༡༤)ནས་དམ་པ་ནི། །སྔོན་དུ་མ་ཐོས་སྐལ་བ་ཆུང་། །ཞེས་པ། ཡང་ཕྱོགས་གཅིག་ནས་ལམ་ཚོགས་སྦྱོར་གཉིས་ཉན་རང་གི་ཐེག་པ་དང་སྦྱར། མཐོང་ལམ་བྱང་སེམས་ཐེག་པ་དང་སྦྱར་སྒོམ་ལམ་ཕྱི་རྒྱུད་སྡེ་གསུམ་དང་སྦྱར། མཐར་ལམ་མཧཱ་དང་སྦྱར། མཧཱའི་རྒྱལ་ཚབ་བྱེད་དོ། །གཞན་དོན་དུ་ཡང་གདུང་འཚོབ་དགའ་ལྡན་ཐེག་ཆེན་སྟོན། མི་གནས་བཅུ་དུས་ཆོ་འཕྲུལ་སྣང་། །ཞེས་སོ། །དེ་ལ་དང་པོ་ཐུན་མོང་ནས་སྒྲོད་ནས་མཧཱ་ཡོ་གའི་རྩལ་ཆེན་རྫོགས་པའི་རྣལ་འབྱོར་དུ་གྱུར་ཏེ་སྤྲུལ་སྐུའི་རྒྱལ་ཚབ་བྱེད་དོ། །དེ་རིམ་གྱིས་པའི་སེམས་ལ་ཉམས་གསུམ་སྐྱེ་སྟེ། ཐོབ་པ་དང་གོམས་པ་བརྟན་པའོ། །དེར་མཐར་ལམ་རང་གི་བསླབ་པའི་མཐའ་དྲུག་ཆུབ་སྟེ། དམ་ཚིག་དང་ཐོས་པ་དང་། སྒྲོ་སྐུར་བ་དང་། ཕུལ་དུ་དབྱུང་བ་དང་། ལ་དོར་བ་དང་། ཉམས་སུ་བླང་བའོ། །ད་རུང་བཞི་མ་ཆུབ་བོ། །དེ་ནས་མདོའི་ཁྱད་པར་གྱི་ལམ་ལ་འཇུག་སྟེ། ལས་དང་པོ་པའི་རིགས་ཀྱི་བུ་དེ་དག་ནི་ཞེས་པས་ཨ་ནུ་ཡོ་ག་ལ་འཇུག་པའི་ལས་དང་པོ་པའོ། །མི་བུ་རིགས་ལྔར་སྐྱེ་བ་བླངས་པའོ། །བསྐལ་པ་དཔག་ཏུ་མེད་པ་བརྗོད་པ་ལས་འདས་པའི་དུས་ཞེས་པ་བར་ཆོད་པ་ནི་འགལ་ལོ་སྙམ་པ་ལ། མཐར་ལམ་གྱི་མཉམ་བཞག་ཐུན་གཅིག་ཡིན་པ་སྟེ། ལེའུ་བཅོ་ལྔ་པ་ལས། བསྐལ་པ་དང་བསྐལ་པ་ཚད་མེད་པས་སོ། །ཞེས་སོ། །དེ་ནས་ཨ་ནུའི་ལམ་ལ་བསྒྲོད་པའོ། །ཁྱེའུ་ལྔས་ཨ་ནུའི་ལམ་རྩལ་ཆེན་རྫོགས་པར་འགྱུར་ཏེ། ཨ་ནུའི་རྒྱལ་ཚབ་བྱེད་དོ། །དེས་བློ་དངོས་པོ་གཉིས་མེད་ཀྱི་གསང་སྔགས་མ་རྙེད་དེ།

(༤༡༥)མཉམ་པ་ལ་འཇོག་དགོས་པའི་ཕྱིར་རོ། །དེ་ལྟར་ལྔ་ཕྲག་གཉིས་མས་སྦྱངས་པའི་དུས་ནས་རྩལ་ཆེན་རྫོགས་པ་ཐོབ་ནས། ཨ་ནུ་ལ་འཇུག་པ་དེ་འདུ་བྱེད་ལས་ཀྱི་སྒྲིབ་པ་སྦྱོང་བ་འགལ་ཞེ་ན། མི་འགལ་ཏེ། གཞི་ནས་སེམས་བསྐྱེད་པ་དང་། ལམ་ནས་སྐྱེ་བ་དང་འབྲས་བུ་ལ་སྐྱེ་བ་ནས་ཨ་ནུའི་མཐར་ལམ་དུ་སྐྱེ་བའོ། །འོ་ན་ལྔ་ཕྲག་འོག་མའི་ལམ་བཞི་པོ་མི་དགོས་པར་འགྱུར་ཞེས་པ་ལ། ཁྱད་པར་ཨ་ནུ་ལ་འཇུག་པ་དེ་སྐལ་པ་དཔག་ཏུ་མེད་པ་ནས་སངས་རྒྱས་ལྔ་ལ་སེམས་བསྐྱེད། རྣམ་པར་སྣང་མཛད་ཀྱི་བུ་ལྔར་སྐྱེས། ལམ་ལྔ་བསྒྲོད་དེ། དང་པོ་ལ་ལས་ཀྱི་སྒྲིབ་པ་སྦྱོང་བ་ལ་སོགས་བསྟན་ཀྱང་ཁྱེའུ་ལྔ་པོ་སྤྲུལ་པ་ཡིན་པར་དང་པོ་ཚོགས་ལམ་ནས་སངས་རྒྱས་སུམ་ཁྲི་སུམ་སྟོང་གི་ཞལ་མཐོང་བས་མངོན་ནོ། །ལམ་ལྔ་ཕྲག་གཉིས་པ་ཕྱི་རབས་ཀྱི་དོན་དུ་འབྱུང་ངོ་། །དེར་གསང་སྔགས་རྡོ་རྗེ་ཐེག་པ་ལས་ཞུགས་པ་དང་། དབང་ཐོབ་ངེས་པ་རྙེད་དེ། ལེའུ་བཅུ་གཉིས་པ་དང་བཅུ་གསུམ་པས་སྟོན་ནོ། །ལྟ་བ་རྟོགས་པའི་ཐབས་ཞུས་པ་ནི། བདག་ཅག་བློ་གྲོས་ངེས་པར་ཆུབ་པའི་དམ་པའི་previous hit དགོངས next hit་བསྟན་དུ་གསོལ་ཞེས་སོ། །དེ་ལེའུ་བཅུ་གསུམ་པ་ནས་སྐྱེས་བུ་དམ་པ་རྣམས་ལེགས་སོ་ངེས་སོ། །འདི་ལྟ་སྟེ། previous hit དགོངས next hit་གསང་བ་དེ་ཁོ་ན་དེ་ནི་བརྗོད་པ་ཐམས་ཅད་དང་བྲལ་བ། མཐའ་དང་དབུས་མི་དམིགས་པ་ཞེས་སོ། །གསང་སྔགས་བསྟན་པས་ལྟ་བ་རྟོགས་པ་ནི་ཡང་དག་པའི་ངེས་previous hit ་ཡོངས་སུ་རྙེད་དོ། །ཞེས་སོ། །སངས་རྒྱས་དང་མཉམ་དགོངས next hit་འདུས་ལས། དང་པོ་ཉིད་ཏུ་གྲོལ། དེ་ཉིད་ཆེན་པོར་ལྷུན་གྱིས་གྲུབ། །ཅེས་པས། མདོ་དོན་གཅིག་ཏུ་བསྡུ་བ་

(༤༡༦)རྫོགས་སོ། །དོན་མན་ངག་གི་སྒྲུབ་པ་ནི། དོན་གྱི་སྔོན་བྱུང་དང་རྗེས་འཇུག་གཉིས་ཀར་འགྲོ་སྟེ། སྔོན་བྱུང་དུ་ཡང་བདུན་པ་སེམས་དཔའི་རྣལ་འབྱོར་ནས། རྩལ་ཆེན་རྫོགས་པ་ཕྱིར་འགྲོ་ལ། རྗེས་འཇུག་ཏུའང་ལམ་ལྔའི་དབང་ཡིན་ནོ། །ལེའུ་གོང་དུ་བྱུང་བ་ནི་རྒྱུད་འཁྲུལ་པ་ཡིན་ཏེ། དོན་གྱི་དབང་བསྐུར་ནས་ངེས་པར་རྙེད་པའོ། །ལེའུ་བཅུ་གཅིག་པ་ནས། དེ་ནས་རྒྱལ་ཚབ་སྐྱེས་བུ་དེ་དང་ཆོས་ཀྱི་རྒྱལ་པོ་གང་དེ་ཡི། ཞེས་པ་དང་གཅིག །ཡང་རིགས་ཀྱི་བུ་དེ་དག །རྒྱལ་ཚབ་སྐྱེས་བུར་གྱུར་པ་ན། །ཞེས་པ་དང་གཉིས། བཅུ་གཉིས་པ་ནས། ཆོས་ཀྱི་རྒྱལ་པོ། རྒྱལ་ཚབ་སྐྱེས་བུ་དམ་པ་ཞེས་བྱ་བར་འགྱུར་རོ། །ཞེས་པ་དང་གསུམ་པོ་དེ་ལྡབས་སོ་ཞེ་ན། མ་ལྡབས་ཏེ། ཕྱོགས་གཅིག་ནས་སྐུ་གསུམ་དང་སྦྱར་ཏེ། དང་པོ་སྤྲུལ་སྐུའི་རྒྱལ་ཚབ། གཉིས་པ་ལོངས་སྐུའི་རྒྱལ་ཚབ། གསུམ་པ་ཆོས་སྐུའི་རྒྱལ་ཚབ་ཡིན་ནོ། །ཕྱོགས་གཅིག་ཏུ་ཐེག་པ་དང་སྦྱར་ཏེ། དང་པོ་མཧཱ་རྒྱལ་ཚབ། བར་པ་ཨ་ནུའི་རྒྱལ་ཚབ། ཐ་མ་ཨ་ཏིའི་རྒྱལ་ཚབ་བྱེད་དོ། །ཕྱོགས་གཅིག་ཏུ་དེ་རྒྱུ་མཚན་ཉིད་ཀྱི་སྤྲུལ་སྐུའི་རྒྱལ་ཚབ་ཡིན་པར་ཕྱི་རྒྱུད་གསུམ་གྱི་ཐ་མས་མ་ཧཱ་ཡོ་གའི་རྒྱལ་ཚབ་བྱེད་དོ། །ལེའུ་བཅུ་གཅིག་པ་དང་བཅུ་གཉིས་པའི་ཀ་ཏིག་གོ།། །།ལེའུ་བཅུ་གསུམ་པའི་སྟོད་རྒྱལ་ཚབ་སྐྱེས་བུར་གྱུར་ཟིན་པའི་རྗེས་ལ་སྐྱེས་བུ་གསང་སྔགས་པའི་བདག་པོ་སྐྱེས་བུ་དམ་པ་དེ་དག་དམ་པ་རྣམས་ཀྱི་ཞིང་དུ་ཅི་ལྟར་གྲགས་པ་ལགས་ཞེས་དྲིས་པ་ནི། རྒྱུ་མཚན་ལྔས་གྲགས་ཏེ། རྒྱལ་བའི་རྒྱུད་དུ་བྱུང་བ་དང་། །མཚན་དཔེ་དང་ལྡན་པ་དང་། ཆོས་ཤེས་པ་དང་། འཁོར་དང་ལྡན་པ་དང་། དབང་བཅུ་ཐོབ་པ་སྟེ་ལྔ་པོ་དེས་རྒྱལ་ཚབ་ཏུ་གྲགས་སོ། །ཐབས་

(༤༡༧)གང་གི་ཐབས་དབང་གི་གྲགས་སོ། །ངེས་ཚིག་ཅིའི་ཕྱིར་རྒྱལ་ཚབ་ཡིན་ན། སྐུ་གསུམ་མམ་ཐེག་པ་གསུམ་གྱི་རྒྱལ་ཚབ་བྱེད་པའི་ཕྱིར་རྒྱལ་ཚབ་ཡིན་ནོ། །དབང་ནི་འགྲེལ་ཆེན་གྱིས་རྟགས་ཡན་ཆད་སྔོན་བྱུང་། དོན་མན་ཆད་རྗེས་འཇུག་ཏུ་བཤད་དོ། །བླ་མ་རྣམས་སྔོན་བྱུང་ཁོ་ནར་བཞེད་དོ། །ལུང་བསྟན་གྱི་སྔོན་བྱུང་རྗེས་འཇུག ཁོ་ནས་བཀར་བཀྲོལ་ཏེ། སྔོན་བྱུང་རྒྱལ་བའི་མཛད་སྤྱོད་ཀྱི་སྒོ་ནས་གདུལ་བྱ་སྤྲོ་བ་བསྐྱེད་པའི་དབང་དང་རྗེས་འཇུག་ཉམས་ལེན་ཐབས་ཀྱི་སྒོ་ནས་གདུལ་བྱ་ཆུད་མི་ཟ་བར་བསྐུལ་བའི་ཐབས་སོ། །དང་པོ་ནི། ཁུངས་དང་གྲགས་པ་ཆུ་བོ་ལ་སོགས་པ་བཅུ་པོ་ཉིད་དོ། །ཇི་ལྟར་རྒྱལ་བ་སྲས་དང་བཅས་པ་ལ། །མཛེས་པའི་ཡོན་ཏན་རྫོགས་པ་ཡིས། །དབང་བསྐུར་ཁུངས་སུ་ཡིད་ཆེས་ནས། །དམ་པ་བརྒྱུད་པའི་མན་ངག་གི། རྗེས་འཇུག་དུའང་ཤེས་པར་བྱ། །ཞེས་པས། འདི་ལྟར་ཁུངས་ཀྱི་གོ་བ་ནི། །དཔེར་ན་རྒྱལ་པོ་རིགས་རྒྱུདདང་ལྡན་པ་ལ། འབངས་ཀྱིས་རྒྱལ་སྲིད་སྟབས་པས་ཀུན་གྱིས་བསྐུར་གནས་སུ་གྱུར་པ་བཞིན། སྐྱེས་བུ་ལྔ་འཆད་པའི་ཆོས་ལྔ་དང་ལྡན་པ་ལ། ལྷའི་སྟོན་པ་མངའ་ཕུལ་ནས་མཛད་པ་མཐར་ཕྱུང་ནས་སངས་རྒྱས་པ་ཡིན་ནོ། །དེ་རྗེས་འཇུག་གི་དབང་གི་དུས་སུ་ལོ་རྒྱུས་རྙེད་པས་ཡིད་ཆེས་པའི་ཕྱིར་ཁུངས་ཡིན་ནོ། །རྒྱལ་ཚབ་དམ་པར་དབང་བསྐུར་བའི་རིམ་པ་ནི། །ཐེག་པ་དགུ་གཅིག་ལ་གཅིག་བརྟེན་དུ་དབང་བསྐུར་ཞིང་ཡོངས་སུ་རྫོགས་པར་གྱུར་ན་རྒྱལ་བ་སྲས་དང་བཅས་པའི་དཀྱིལ་འཁོར་གཟུགས་སྐུ་གདུལ་བྱའི་གྲངས་དང་མཉམ་པ་རྒྱུན་ཆད་མེད་པར་ཕྱོགས་མེད་དུ་འབྱོན་པར་འགྱུར་རོ། །ཕྱི་སྣོད་ནང་བཅུད་འཁོར་

(༤༡༨)བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དབང་བསྐུར་བའི་རྟེན་དང་། དབང་གི་རྒྱུ་དང་། དབང་གི་རྫས་དང་། དབང་གི་ས་དང་། ལམ་དང་འབྲས་བུར་མ་གྱུར་པ་གང་ཡང་མེད་པ་ཡིན་པའི་ཕྱིར་ན། ཐེག་པ་དགུའི་ཆོས་ཀྱི་འཁོར་ལོ་དབང་གི་སྦྱོར་དངོས་རྗེས་གསུམ་དུ་ཤེས་པར་བྱའོ། །དེ་ནས་ཞེས་པའི་སྐབས་སུ་རྒྱུད་ནས་ལུགས་ཀྱི་བྱུང་ཚུལ་གྱིས་ས་བཅད། ནང་ཚན་བསྟན་པ་སོང་ནས་ལས་རྒྱུད་གཅོད་པས་དེ་ནས་ཁྱད་པར་རྩལ་འཕང་དུ་དབང་དུ་ལམ་འབྲས་ལས་འབྲས་བུ་དེ་ལ་བདག་གཞན་གཉིས་ལས་གཞན་དོན་ལ་ལྔ་ལས། རྒྱུད་གཅོད་པ་སྟོན་པས་དེ་ནས་དྲིས་ལན་གྱིས་ས་བཅད་ན། previous hit དགོངས next hit་ཚིག་གསུམ་བསྒྲོ་བ་མཛོད་ཀྱི་ལན་ནོ། །གདུལ་བྱ་གདུལ་ཐབས་སྤྱིར་བསྟན་པའི་སྐབས་སུ། གདུལ་བྱ་ནི་གསུམ་ཞེས་པས་འདོད་ཡོན་ཏན་ལྔ་དངོས་སམ། བག་ཆགས་ཀྱི་ཚུལ་དུ་ཞེན་པའམ་བསྐྱེད་པའི་རྒྱུ་འཚོ་བའི་རྐྱེན་བརྟེན་པའི་གནས་ལ་དངོས་སམ་བག་ཆགས་ཀྱི་ཚུལ་དུ་ཞེན་པའོ། །ངེས་པར་འབྱུང་བ་ནི་དེའི་སྟེང་དུ་ངེས་པར་འབྱུང་བའི་བསམ་རྒྱུད་དང་ལྡན་པའོ། །གདུལ་དཀའ་དྲག་པོ་ནི་ཐེག་པ་གཉིས་ཀྱིས་མ་ཐུལ་དུག་གསུམ་རགས་པར་སྨིན་པའོ། །ཐེག་པ་གསུམ་ནི་འཁོར་ལོ་རྒྱུན་དང་དོན་དམ་ངེས། ཆོ་འཕྲུལ་མངོན་པར་འབྱུང་བ་གསུམ། །ཞེས་པས། འཁོར་ལོ་རྒྱུན་ནི། འབྱུང་བ་ལྔ་རྒྱུན་དུ་འབྱུང་ཞིང་རྒྱུན་དུ་འཁོར་ལ། དེས་མཚམས་བཅད་དུ་དོན་བྱེད་པའོ། །དོན་དམ་ངེས་པའི་ཐེག་པ་ནི། ཆོས་ཉིད་ངེས་པའི་དོན་ཕྱོགས་འགའ་འམ་ཅི་ལྟ་བ་བཞིན་བསྟན་ནས་གདུལ་བྱའི་བློ་དང་འཚམ་པར་དོན་བྱེད་པའོ། །ཆོ་འཕྲུལ་མངོན་བྱུང་གི་སེམས་ཉིད་དམ། ཐུགས་རྗེའི་ཆོ་འཕྲུལ་ཕྱི་ནང་གི་སྐལ་བ་ཟུང་

(༤༡༩)གསུམ། ཡ་དྲུག་ཏུ་སྣང་ནས་དེས་འདུལ་བའོ། །འདུལ་ཐབས་ནི། རང་བཞིན་ཤུགས་དང་གཉེན་པོ་ཐབས་ལ་རྒྱུད་གཅོད་པ་འགའ་ཞིག་གོ། །ཞེས་པས། རང་བཞིན་ཤུགས་ནི། གདུལ་བྱ་དེ་གདུལ་བ་དང་། རྩོལ་རྟོག་མེད་པར་ཤུགས་ཀྱིས་འདུལ་བའོ། །གཉེན་པོ་ཐབས་ནི། ཐབས་སམ་གཉེན་པོའི་སྒོ་ནས་གདུལ་བྱ་རང་ཡན་དུ་མི་གཏོང་བར་འདུལ་བའོ། །ལས་རྒྱུན་གཅོད་པ་ནི་འདུལ་ཐབས་དྲག་པོས་གདུལ་བྱ་རང་དབང་མེད་པར་འདུལ་ཞིང་གཅོད་པའོ། །བྱེ་བྲག་ལ་འཁོར་ལོ་རྒྱུན་གྱི་ཐེག་པས་དོན་མཛད་པ་ནི། ཡེ་ནས་སངས་རྒྱས་གྲགས་པ་ལྔ། །ཞེས་པའི་གོ་བ་ནི་འགྲེལ་པ་ཀུན་ན་གསལ་ལོ། །སངས་རྒྱས་ལྔ་པོ་ནི་རྒྱུད་དག་པ་ཡིན་ནམ། ཡེ་ཅི་བཞིན་པ་ཡིན། རྒྱུད་དག་ན་ཐོས་བསམ་གྱིས་རྒྱུད་སྦྱངས་ནས་དག་གམ་མ་སྦྱངས་པར་དག །སྦྱངས་ན་སྦྱོང་བའི་རྩོལ་རྟོག་དང་བཅས་པའི་ཕྱིར་རྟོག་བཅས་སུ་ཐལ། འདོད་ཐོག་ཟེར་ན་བེམས་པོ་ལྟར་སྣང་བས་བསལ། མ་སྦྱངས་པར་དག་ན་སེམས་ཅན་ཐམས་ཅད་སྔོན་ཉིད་དུ་འགྲོ་བར་ཐལ། ཅིས་ན་རྒྱུད་མ་སྦྱངས་པའི་དག་པའི་ཕྱིར་རོ། །འདོད་ཐོག་ཟེར་ན་མངོན་སུམ་གྱིས་བསལ་ལོ། །ཡེ་ཇི་བཞིན་པ་ཡིན་ན་གདུལ་བྱ་དང་འདུལ་བྱེད་ལ་ཁྱད་པར་མེད་པར་ཐལ། ཅིའི་ཕྱིར་ན་འདུལ་བྱེད་གཉིས་ཀ་ཡེ་ཇི་བཞིན་པ་ཡིན་པའི་ཕྱིར་རོ། །འདོད་ཐོག་ཟེར་ན་གཉིས་སུ་ཕྱེ་བས་གསལ་ལོ། །ངེས་པར་ན་རྒྱུད་དག་པའི་སངས་རྒྱས་ཀྱི་མཛད་པ་སྣང་བ་ཡིན་ནོ། །འཁོར་ལོ་རྒྱུན་གྱི་ཐེག་པ་འདི་ལ་གདུལ་བྱ་དང་། ཐེག་པ་དང་། འདུལ་ཐབས་གསུམ་པོ་རེ་རེ་ལ་ཡང་བརྒལ་བ་དང་ལན་ཏེ། དང་པོ་འདོད་ཞེན་གྱི་གདུལ་བྱ་

(༤༢༠)ནི་བརྟེན་པའི་གནས་བསྐྱེད་པའི་རྒྱུ་འཚོ་བའི་ཟས་གསུམ་ལས་འདོད་ཅིང་ཞེན་པ་ཡིན་ནམ་མ་ཡིན། ཡིན་ན་གདུལ་བྱ་སེམས་ཅན་ཡིན་པས་གཟུགས་མེད་ཀྱི་ཁམས་ན་དེ་དག་ཡོད་པར་ཐལ། ཅི་ཡིས་ན། གནས་དང་། ཟས་དང་། གྲོགས་དང་གསུམ་ལ་ཞེན་ཅིང་ཆགས་པ་དང་བཅས་པའི་ཕྱིར་རོ། །འདོད་ཐོག་ཟེར་ན་གཟུགས་མེད་ཡིན་པས་གསལ་ལོ། །ཞེན་པ་མིན་ན་གཞུང་ནས། བསྐྱེད་དང་འཚོ་དང་། སྟེན་པ་ཡིས། །རྒྱུ་དང་རྐྱེན་དང་གནས་པའོ། །ཞེས་པས་གསལ་ལོ། །ངེས་པར་ན་འདོད་ཡོན་ལྔ་ལ་མངོན་པར་ཞེན་པ་དངོས་སམ་བག་ཆགས་ཀྱི་ཚུལ་དུ་ཞེན་པའོ། །གཉིས་པ་ཐེག་པ་ནི། འཁོར་ལོ་རྒྱན་འདི་ཐེག་པ་རྟག་པ་བ་ཡིན་ནམ་མཚན་ཉིད་པ་ཡིན། དང་པོ་ལྟར་ན་དོན་བྱེད་མི་ནུས་པར་ཐལ། ཅི་ཡིས་ན་བརྟགས་པ་བར་འདོད་པའི་ཕྱིར་རོ། །འདོད་ཐོག་ཟེར་ན་ཕྱི་གཅོད་ནས་ཚིམ་བྱེད་བདེ་བའི་དོན་བྱེད་པ་ལ་སོགས་པ་བཤད་པས་འགལ་ལོ། །མཚན་ཉིད་པ་ཡིན་ན། འབྱུང་བ་ལྔ་ལ་སྤྱད་པས་གདུལ་བྱ་མཐར་ཐུག་ཏུ་གྲོལ་བར་ཐལ། འདོད་ཐོག་ཟེར་ན། མངོན་སུམ་གྱིས་བསལ། ངེས་པར་ན་ངོ་བོ་ནས་མཚན་ཉིད་པ་ཡིན་ཏེ། ཀུན་བྱེད་ལས། སྟོན་པའི་སྐུར་འབྱུང་ནས་ཚིག་དང་ཡི་གེར་མི་སྟོན་ཏེ། བདག་དུ་མི་རྟོག་གཞན་མི་རྟོག །མཉམ་པའི་ཆོས་ཉིད་སྐུར་སྟོན་པ། །ཞེས་སོ། །ཡང་ན་མཐར་ཐུག་མི་གྲོལ་ཡང་དོན་བྱེད་ནུས་པའི་ཕྱིར་མཚན་ཉིད་པའོ། །འདུལ་ཐབས་ཀྱི་ངོས་ནས་རང་བཞིན་ཤུགས་ཀྱིས་འདུལ་ཐབས་འདིས་དོན་བྱེད་དངོས་སུ་ནུས་སམ་མི་ནུས་

(༤༢༡)ནུས་ན་རང་བཞིན་ཤུགས་མ་ཡིན་པར་ཐལ། འདོད་ཐོག་ཟེར་ན་རང་བཞིན་ཤུགས་ཞེས་པས་གསལ་མི་ནུས་ན་དོན་བྱེད་ནུས་པ་མངོན་སུམ་གྱིས་བསལ་ལོ། །ངེས་པར་ན་དོན་མཛད་པའི་རྩོལ་རྟོག་མེད་པར་རང་བཞིན་ཤུགས་ཀྱིས་འབྱུང་བས་འགལ་བ་མེད་དོ། །དེ་ཡང་གཞུང་ལས། མི་རྟོག་ངང་གིས་ཀུན་འབྱུང་བ། །ཞེས་སོ། །དོན་དམ་ངེས་པའི་ཐེག་པ་ལ་གསུམ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིགས། །དབང་བསྐུར་ཐབས་ཀྱི་ཐེག་པའོ། །ཞེས་པས། ཀུན་འབྱུང་འདྲེན་པ་ནི་སྤྲུལ་པའི་སྐུ་ཀུན་དུ་འཛིན་དུ་བྱུང་ནས་དེས་མཚན་ཉིད་དེ་གསུམ་གསུངས། གདུལ་བྱ་ཕལ་མོ་ཆེ་ཀུན་ཐར་པའི་ལམ་ལ་བཀོད་འདྲེན་པའོ། །དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ནི། ཕྱི་ནང་གི་དམ་ཚིག་བསྲུང་དཀའ་ཐུབ་ཅིང་། ཕྱིའི་གཞུང་ཇི་ལྟ་བ་བཞིན་དུ་དོན་བྱེད་པའོ། །དབང་བསྒྱུར་ཐབས་ནི་རིག་པ་ལ་རང་དབང་བསྒྱུར་ཞིང་ཉོན་མོངས་པ་ལ་སྤྱད་ཀྱང་མི་འཆི་ཞིང་གྲོལ་བའོ། །ཀུན་འབྱུང་འདྲེན་པ་ནི་མཚན་ཉིད་སྡེ་གསུམ། དཀའ་ཐུབ་རིག །ཕྱི་པ་གསུམ། དབང་བསྒྱུར་ཐབས་ནང་པ་གསུམ་མོ། །དེ་དག་བཀོལ་མདོ་བཞི་འམ་ལྔ་ནས་འཇུག་པ་ནི་ཁུངས་དང་འགྲེལ་པ་ནས་གསལ་བ་བཞིན་ཏོ། །དེ་ལ་མ་ཧཱའི་འབྲས་བུ་རྩལ་ཆེན་རྫོགས་པ་ནི་ཞེས་པས། ཐར་ལམ་པ་ཡིན་པས། མ་ཧཱའི་མཐར་ཐུག་ཡིན་པ་འགལ་ཞེ་ན། མི་འགལ་ཏེ། ཐེག་པ་གནས་སྐབས་དང་སྦྱར་བ་ཡིན་ལ། མཐར་ཐུག་པདྨ་ཅན་ཡིན་པས་སོ། །ཨ་ནུའི་མཐར་ཐུག་ཡི་གེ་འཁོར་ལོ་ཚོགས་ཆེན་ཡིན། ཨ་ཏིའི་མཐར་ཐུག་ཀུན་ཏུ་བཟང་པོ་དབྱེ་བ་མེད་

(༤༢༢)པའོ། །འདིར་སྨོས་པ་འདི་དག་ནི་གནས་སྐབས་སོ། །འདི་གདུལ་བྱ་ཐེག་པ་འདུལ་ཐབས་གསུམ་རེ་རེ་ལ་བརྒལ་ལན་ནི། གདུལ་བྱ་ནི་ངེས་པར་འབྱུང་བ་ཞེས་པས། འདི་མཐར་ཐུག་གསང་སྔགས་སུ་ངེས་པར་འབྱུང་ངམ་མི་འབྱུང་། འབྱུང་ན་རང་རྒྱལ་གྱི་འབྲས་བུ་ལས་མི་ཐོབ་པར་བཤད་པ་དང་འགལ་ལོ། །མི་འབྱུང་ན་ངེས་པར་འབྱུང་ཞེས་པ་དང་འགལ་ལོ། །ངེས་པར་ན། གནས་སྐབས་སུ་རང་རྒྱལ་གྱི་འབྲས་བུ་ལ་སྦྱོར་ལ། ལམ་བརྒྱུད་ནས་མཐར་ཐུག་གསང་སྔགས་ཀྱི་འབྲས་བུ་ལ་སྦྱོར་རོ། །གཉིས་པ་ནི། དོན་དམ་ངེས་པའི་ཐེག་པ་འདིས་ངེས་དོན་ཅི་ལྟ་བ་བཞིན་སྟོན་ནམ་མི་སྟོན། སྟོན་ན་ཐེག་པ་འོག་མ་བས་ཀྱང་གསང་སྔགས་ངེས་དོན་སྟོན་པར་ཐལ། འདོད་ཐོག་ཟེར་ན་ས་དང་རྣམ་ཐར་བདེ་བར་བསྐྲུན། །ཞེས་པ་ལ་སོགས་པས་གསལ་ལོ། །ངེས་པར་ན་ཕྱོགས་འགའ་འམ་ཇི་ལྟ་བ་བཞིན་སྟོན་པའི་སྒོ་ནས་འགལ་བ་མེད་དོ། །གསུམ་པ་འདུལ་ཐབས་འདི་གཉེན་པོ་ཐབས་ཀྱི་འདུལ་ཐབས་ཡིན་ནམ་མིན། ཡིན་ན་ཨ་ཏི་རྫོགས་ཆེན་ཡང་གཉེན་པོས་འདུལ་བར་ཐལ་ལོ། །འདོད་ཐོག་ཟེར་ན། རྩལ་མེད་རྫོགས་བྲལ་ཞེས་བཤད་པས་གསལ་ལོ། །མ་ཡིན་ན་གཉེན་པོས་བཏགས་ཞེས་པས་འགལ་ལོ། །ངེས་པར་ན་ཐེག་པ་བརྒྱད་གཙོ་ཆེ་བའི་ངོས་ནས་སྨོས་སོ། །ཡང་ན་ཨ་ཏི་ལ་ཐབས་དང་གཉེན་པོས་དོན་བྱེད་པས་བཀག་པ་མེད་དེ། ཨ་ཏི་ལ་ཕྱོགས་སུ་ལྷུང་བ་དང་རྒྱར་ཆད་པ་མེད་པའི་ཕྱིར་རོ། །ཆོ་འཕྲུལ་སྔོན་འབྱུང་གིས་དོན་འབྱེད་པའི་སྐབས་སུ། ནམ་མཁའ་ཁྲོ་བོ་ཟ་བྱེད་ཆེ། །ཞེས་པ་ནི། སྣོད་བཅུད་ཐམས་ཅད་སྟོང་པ་ཉིད་དུ་བཅོམ་པའི་ངོས་ནས་སྨོས་སོ། །དེ་བཞིན་དུ་བསྒྲལ་བའི་མཆོག་ཅེས་པས།

(༤༢༣)དེ་ཉིད་རང་འཐད་ཡིན་ནམ་མིན། ཡིན་ན་དོན་དམ་ངེས་པས་ཆོ་འཕྲུལ་སྔོན་བྱུང་དང་ཁྱད་པར་མེད་པར་ཐལ། ཅིས་ན་དེ་བཞིན་ཉིད་དུ་བསྒྲལ་བའི་ཕྱིར་རོ། །འདོད་ཐོག་ཟེར་ན། ཐ་མའི་ཐ་མ་ཡིན་པས་བཤད་པས་བསལ་ལོ། །མིན་ན་དེ་ཉིད་དང་འགལ་ལོ། །ངེས་པར་ན་ཕྱི་ནང་སྣོད་བཅུད་ཐམས་ཅད་སྟོངས་པའི་དུས་ན་དེ་བཞིན་ཉིད་previous hit དགོངས next hit་སྤྲོས་བྲལ་དང་མཐུན་པའི་ངོས་ནས་སྨོས་སོ། །སྲིད་ཞི་འཚེ་བྲལ་སྐལ་བ་ཡིས། །ཞེས་པ་ལ་སོགས་པ་ནི་ཕྱི་ནང་གི་སྐལ་བ་ཟུང་གསུམ་ཡ་དྲུག་གིས་འཇིགས་པར་བྱེད་པ་ལ་མུ་གེའི་སྐལ་པ་ཚེ་ལོ་སུམ་བཅུ་པ་ལ་ལུང་བསྟན་པ་ལོ་བདུན་དུ་བཤད། བླ་མ་རྣམས་ལོ་བདུན་ཟླ་བདུན་ཞག་བདུན་དུ་འབྱུང་བར་གསུངས། ནད་ཀྱི་བསྐལ་པ་ནི་ཚེ་ལོ་ཉི་ཤུ་པའི་དུས་སུ་འབྱུང་སྟེ། འགྲེལ་པས་ཟླ་བ་བདུན། བླ་མ་རྣམས་ལོ་བདུན་ཟླ་བ་བདུན་དུ་གསུངས། མཚོན་གྱི་བསྐལ་པ་ནི་སྐྱེ་དགུ་ཚེ་ལོ་ཉི་ཤུ་པའི་དུས་སུ་འབྱུང་སྟེ། འགྲེལ་པས་ཞག་བདུན། བླ་མ་རྣམས་ལོ་བདུན་ཞག་བདུན་གསུང་། དེ་ཡང་བསྐལ་པ་ཐོར་བུ་དང་གནས་སྐབས་ཚང་ཚུལ་ཙམ་རེ་འབྱུང་། རྫོགས་པ་ནི་སངས་རྒྱས་སྟོང་རྩ་གཉིས་གྲངས་དང་མཐུན་པ་བྱུང་ནས་སྟོངས་པར་འགྱུར་གསུང་ངོ། །འཇིག་ཆགས་སྟོངས་གནས་བཞི་ཡུན་མཉམ་མོ། །ཡང་སྣོད་འཇིག་པ་ནི། ལྷག་མཐོང་མེའི་ཏིང་ངེ་འཛིན་ཡིས། །ཞེས་པ་ལ་སོགས་པ་ནི། མེའི་ཡིས་བསམ་གཏན་དང་པོ་མན་ཆད་འཇིག །གཉིས་པ་ཆུ་ཡིས་འཇིག །གསུམ་པ་མན་ཆད་རླུང་གིས་འཇིག་གོ། །བཞི་པ་ནས་འཇིག་པའི་གཉེན་པོ་ཡོད་དམ་མེད། ཡོད་ན། བཞི་པ་

(༤༢༤)གནས་མེད་མི་གཡོའི་ཕྱིར། །ཞེས་པ་དང་འགལ། མེད་ན་རྟག་པའི་དངོས་པོ་སྲིད་པར་ཐལ་ལོ། །འདོད་ཐོག་ཟེར་ན། ཤེས་རབ་ནམ་མཁའ་སྐལ་པ་ཡིས། །མཚན་མའི་རྒས་རྒུད་ཐམས་ཅད་སྟོངས། ཞེས་པས་གསལ་ལོ། །ངེས་པར་ན་ཕྱི་སྣོད་མེད་པས་འཇིག་པ་མེད་ཀྱང་། ནང་ཏིང་ངེ་འཛིན་ལ་བདག་འཛིན་ཡོད་པས་འཇིག་གོ། ཡང་གདུལ་བྱ་འདུལ་ཐབས་གསུམ་གྱི་རྒལ་ལ་ནི། གདུལ་དཀའ་དྲག་པོ་ཞེས་པས། ཐེག་པ་གཉིས་ཀྱིས་མ་ཐུལ་ཞིང་དུག་གསུམ་རགས་པར་སྨིན་པས་གདུལ་དཀའ་དྲག་པོ་ཡིན་ནམ་མ་ཡིན། ཡིན་ན་འབྱུང་བ་བཞིས་མ་ཐུལ་བར་ཐལ། ཅིས་ན་འབྱུང་བཞིས་མ་ཐུལ་བའི་ཕྱིར་རོ། །འདོད་ཐོག་ཟེར་ན། ལྷག་མཐོང་མེའི་སྐལ་བ་ལ་སོགས་ཀྱིས་ཐུལ་བར་བཤད་པས་གསལ་ལོ། །མིན་ན་དོན་དམ་ངེས་པ་དང་། འཁོར་ལོ་རྒྱུན་གཉིས་ཀྱིས་དོན་ཡི་བྱེད་པར་ཐལ། ཅིས་ན་ཐེག་པ་གཉིས་ཀྱིས་དོན་མི་བྱེད་པའི་ཕྱིར་རོ། །འདོད་ཐོག་ཟེར་ན་འདས་ནས་ནུབ་པོ། །ཞེས་པ་ལ། མ་འདས་མ་ནུབ་དེ་ཉིད་ནི། །དུས་དེར་ཤུགས་ཀྱིས་འདུལ་བར་བྱེད། །ཅེས་པས་བསལ་ལོ། །ངེས་པར་ན། གདུལ་བྱ་ཉོན་མོངས་པ་རང་རྒྱུད་པར་སྣང་བས་འདུལ་བྱེད་ཀྱི་ཐེག་པས་རང་དབང་མེད་པར་འདུལ་བས་གོང་མ་གཉིས་ཀྱིས་མ་ཐུལ་བ་སྐད་དུ་སྨོས་སོ། །ཐེག་པའི་ངོས་ནས་ཆོ་འཕྲུལ་མངོན་བྱུང་ཞེས་པས། སངས་རྒྱས་ཀྱི་ཐུགས་རྗེ་ཡིན་ནམ་མིན། ཡིན་ན་ཐུགས་རྗེའི་མཛད་པ་ནོར་བར་ཐལ། ཅིས་ན་ཐུགས་རྗེའི་ལུགས་ཀྱི་ཕན་འདོགས་པ་ཡིན་པ་ལ་འདིར་གནོད་པས་སྡུག་བསྔལ་ལ་སྦྱར་བ་འདི་ཐུགས་རྗེར་འདོད་པའི་ཕྱིར་རོ། །འདོད་ཐོག་ཟེར་ན། འདི་ཀུན་གསང་བ་དམ་པའི་དབྱིངས་ལས་མ་གཡོས་

(༤༢༥)པའི་ཕྱིར་རོ། །སྟོང་པ་ཁོ་ན་དབྱིངས་ཉིད་ལས། །སྟོང་པའི་ཆོས་རྣམས་སྣང་བར་ཟད། །ཅེས་པས་གསལ་ལོ། །མ་ཡིན་ན་གོང་མས་སོལ་ལོ། །ངེས་པར་ན་ཅི་ལྟར་མཛད་ཀྱང་རྒྱལ་བའི་མཛད་པ་ལས་གཡོས་པ་མེད་པས་མི་འགལ་ལོ། །གསུམ་པ་གདུལ་ཐབས་ཀྱིས་གདུལ་བྱའི་ལས་རྒྱུན་ཆོད་དམ་མ་ཆོད། ཆོད་ན་འཁོར་བ་དོང་སྤྲུགས་པར་ཐལ། མ་ཆོད་ན། དོན་བྱས་པ་དོན་མེད་དུ་ཐལ། །འདོད་ཐོག་ཟེར་ན་ལས་ངན་དག་པས་རྒྱུན་བཅད་ནས། །ཞེས་པ་ལ་སོགས་ཀྱིས་གསལ་ལོ། །ངེས་པར་ཆོད་ན་ཆོད་ལུགས་ཡོད་དོ། །ལ་ལ་ན་རེ། གཅིག་འགའ་མཐར་ཐུག་ཏུ་ཆོད་པའང་ཡོད་སྲིད་པས་མི་འགེགས་སོ། །ལ་ལ་གནས་སྐབས་སུ་ཆོད་དོ། །ལེའུ་ཆོ་འཕྲུལ་མངོན་བྱུང་བྱུང་ཚུལ་ནི་ལས་རྒྱུན་གཅོད་པར་བཤད་པ་འདི་གཞུང་ཐེག་པ་གཉིས་པ་གཙོ་ཆེ་བ་ལ་འདིར་ཐ་མ་ཁོ་ན་སྨོས་པ་འགལ་ལོ་ཞེ་ན། མི་འགལ་ཏེ། གསང་སྔགས་ཀྱི་ངོས་ནས་ཉོན་མོངས་པ་རགས་པ་འདུལ་བ་གཙོ་ཆེ་བ་དང་། ཐེག་པ་གཉིས་པོའང་ཐུགས་རྗེའི་ཆོ་འཕྲུལ་འགྲོ་བ་དང་། དྲང་དོན་གྱིས་མ་ཐུལ་བ་ལ་ངེས་དོན་གྱི་བསྟན་པས་འདུལ་བས་མཚོན། ཐ་མ་སྨོས་པས་སྐྱོན་མེད་དོ། །ལེའུ་ཞེ་བཞི་པའི་བྱུང་ཚུལ་བཅུ་གཅིག་པའི་དཀའ་བ་ཅུང་ཟད་བཀོད་པ་ལགས་སོ། །ཨ་ནུ་ཡོ་གའི་ཐེག་པའི་དབང་དུ་བྱས་ན། ཐེག་པ་རིམ་པ་དགུའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་ཨ་ནུ་ཡོ་ག་ཡོས་འབྱེད་པ་ཡིན་པའི་ཕྱིར་ན། ཨ་ནུ་ཡོ་ག་ལ་མ་འདུས་པ་གང་ཡང་མེད་པ་ཡིན། དེའི་ཕྱིར་ན་ཨ་ནུ་ཡོ་གའི་རྒྱུད་ཐམས་ཅད་ཀྱི་རྩ་བ་མདོ་previous hit དགོངས next hit

(༤༢༦)འདུས་པ་ཡིན་པའི་ཕྱིར་ན་རྒྱུད་ཀྱི་ལུང་གི་བྱུང་ཚུལ། ཅུང་ཟད་ཙམ་དབྱེ་བ་ལགས་ཏེ། དེ་ལ་ཨ་ནུ་ཡོ་གའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་ལ། ཨ་ནུ་ཡོ་གའི་བསྟན་པ་ཕུན་སུམ་ཚོགས་པ་བོད་ལ་འགྱུར་བའི་དབང་དུ་བྱས་ན། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་previous hit དགོངས next hit་གཅིག་ཏུ་འདུས་པ་མདོ་ཆེན་པོ་རྩ་བའི་རྒྱུད་ལས་འཕྲོས་པ་མདོ་བཅུ་སྟེ། བྱང་ཆུབ་སེམས་ལུང་རྣལ་འབྱོར་ཆེན་པོའི་རྒྱུད་དང་། རྨ་བྱ་འཇིང་བསྣོལ་གྱི་རྒྱུད་ལས་སྐུ་གདུང་རིང་བསྲེལ་རྒྱས་པར་བསྟན་པའི་རྒྱུད་དང་། དབང་བསྒྱུར་བླ་མ་རིན་པོ་ཆེའི་རྒྱུད་དང་། བྱང་ཆུབ་སེམས་དཔའ་ཡེ་ཤེས་ལས་རྨ་བྱའི་རྒྱལ་པོའི་རྒྱུད་དང་། ཡེ་ཤེས་གསལ་བ་འཁོར་ལོའི་རྒྱུད་དང་། བཤད་པ་བཏུས་པ་ལས་མཐའི་ཆུ་བོ་ཆེན་པོའི་རྒྱུད་དང་། ཡེ་ཤེས་བླ་མ་ཆེན་པོའི་རྒྱུད་དང་། ལྷ་མོ་འོད་ཟེར་ཅན་གྱི་ལུང་གི་རྒྱུད་དང་། རྨ་བྱ་འཇིང་བསྣོལ་གྱི་རྒྱུད་དང་། རྒྱུད་ཐམས་ཅད་སྙིང་པོ་འཁོར་བ་དོང་སྤྲུགས་ཀྱི་ལུང་དང་། ཀུན་འདུས་རིག་པའི་མདོ་དང་། དུར་ཁྲོད་ཁྲག་འཐུང་ཁུ་བྱུག་རོལ་པའི་རྒྱུད་དང་། ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་རྒྱུད་དང་། དེའི་ཕྱི་མ་དང་། རྒྱུད་ཀྱི་རྒྱལ་པོ་དབང་རྒྱུད་ཆེན་པོའི་རྒྱུད་དང་ཏིང་ངེ་འཛིན་མཆོག་གི་རྒྱུད་དང་། རྡོ་རྗེ་ལུང་འཇོག་གི་རྒྱུད་ཆེན་པོ་དང་། ལུང་མཆོག་གསང་བའི་རྒྱུད་དང་། ཡེ་ཤེས་འཁོར་ལོའི་ལུང་གི་རྒྱུད་སྡེ། ཕུར་པ་མྱ་ངན་ལས་འདས་པའི་རྒྱུད་ལ་སོགས་པ་ཕུར་པའི་རྒྱུད་མང་རབ་ཀྱི་ཨ་ནུ་ཡོ་ག་ལ་རྟོགས་པ་ལགས། རྟ་མཆོག་རོལ་པའི་རྒྱུད་ལ་སོགས་པ་པདྨ་དབང་གི་རྒྱུད་མང་རབ་ཀྱང་ཨ་ནུ་ཡོ་ག་ལ་གཏོགས་པ་ལགས། བདུད་རྩི་བམ་བརྒྱད་ལ་སོགས་པ་བདུད་རྩིའི་རྒྱུད་མང་རབ་ཀྱང་ཨ་ནུ་ཡོ་ག་ལ་གཏོགས་པ་ལགས། ཆེ་མཆོག་ཡོན་ཏན་གྱི་རྒྱུད་མང་རབ་ཀྱང་ཨ་ནུ་ལ་གཏོགས་པ་ལགས་སོ། །ཁྲོ་བོ་སུན་དྷ་རི་ཀའི་རྒྱུད་ལ་སོགས་པ་སྒྱུ་འཕྲུལ་གྱི་རྒྱུད་ཀྱང་མང་རབ་ཨ་ནུ་ལ་གཏོགས་པ་ལགས་སོ། །སྤྱོད་པ་ཐབས་ཀྱི་རྒྱུད་

(༤༢༧)ཀྱི་རྒྱལ་པོ་བརྩོན་པ་དོན་ལྡན་ལ་སོགས་པ་དམ་ཚིག་གི་རྒྱུད་མང་རབ་ཀྱང་ཨ་ནུ་ལ་གཏོགས་པ་ཡིན། དྲེགས་པ་ཀུན་འདུས་ཀྱི་རྒྱུད་ཀྱང་ཨ་ནུ་ལ་གཏོགས་པ་ཡིན། མ་མོ་སྲིད་པའི་རྒྱུད་ལུང་ལ་སོགས་པའི་དབྱིངས་ཀྱི་མ་མོའི་རྒྱུད་རྣམས་ཀྱང་ཨ་ནུ་ལ་གཏོགས་པ་ཡིན། ཨ་ནུ་ཡོ་གའི་བསྟན་བསྲུངས་རུ་ཏྲ་མགོན་པོའི་སྐྱེ་རྒྱུད་སྟེ། ཨ་ནུ་ཡོ་ག་ཤིན་ཏུ་རྒྱ་ཆེ་བའི་ཕྱིར་ན། བཅོས་མ་ཕྲ་མེན་གྱི་ས། ཉན་རང་གི་ས་དང་། རིགས་ཆེན་འབྱེད་པ་བྱང་ཆུབ་སེམས་དཔའི་ས་དང་། དབུགས་འབྱིན་པ་ཕྱི་རྒྱུད་གསུམ་དང་། མཧཱ་ཡོ་ག་ཡན་ཆོད་ཀྱི་ས་དང་། ལུང་ཆེན་ཐོབ་པ་ཨ་ནུ་ཡོ་གའི་ས་དང་། རྩལ་ཆེན་རྫོགས་པ་ཨ་ཏི་ཡོ་གའི་ས་ཏེ། ས་ལྔ་པོ་འདི་ཐེག་པ་དགུའི་སྤྱི་ཆིངས་ཐེག་པ་དགུ་ལས་འདིར་མ་འདུས་པ་དང་མ་རྫོགས་པ་གང་ཡང་མེད་པ་ལས། རྙིང་མ་ཞེས་བྱའི་རྣམ་གྲངས་ནི་སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ་ཡིན་པ་ལས། འདུལ་བ་ལུང་སྡེ་བཞི་ཕྲན་ཚེགས་དང་བཅས་པ་དང་པོར་གསུངས་པའི་ཕྱིར་ན་རྙིང་མའི་རྙིང་མ་དང་པོ་ཡིན། རང་རྒྱལ་གྱི་ཐེག་པ་རྙིང་མའི་བར་པ་ཡིན། བྱང་ཆུབ་སེམས་དཔའི་ཐེག་པ་སྤྲུལ་སྐུའི་ཐེག་པ་ཡིན། རྙིང་མའི་གསར་མ་སྟེ་ཐ་མར་གསུངས་པ་ལོངས་སྐུའི་བསྟན་པ་ཐེག་པ་གསུམ་ལ་བྱ་བའི་རྒྱུད་རྙིང་མའི་རྙིང་མ་སྟེ་དང་པོར་གསུངས་པ་དེའོ། །སྤྱོད་པའི་རྒྱུད་རྙིང་མའི་བར་པ་ཡིན། རྣལ་འབྱོར་གྱི་རྒྱུད་ཕྱི་རྒྱུད་ཐ་མར་གསུངས་པའོ། །ཆོས་སྐུའི་བསྟན་པ་མ་ཧཱ་ཡོ་ག་རྙིང་མ་ལ་གཏོགས་ཚད་རྣམས་ཐུབ་པ་ཆེན་པོ་previous hit དགོངས next hit་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་གཉིས་ན་བྱུང་བའི་ཕྱིར་ན། གསང་སྔགས་ནང་པའི་རྙིང་པ་དང་ཨ་ནུ་ཡོ་ག་ངོ་བོ་ཉིད་ཀྱི་

(༤༢༨)བསྟན་པ་སྟེ། བར་དུ་བྱུང་བ་ཡིན་ཏེ་ཡང་ན་དུས་མཉམ་དུ་བྱུང་བར་བཞེད་པ་ཡོད་པའི་ཕྱིར་ན། ལུང་རྙིང་མ་བར་པ་ཡིན། །རྫོགས་པ་ཆེན་པོ་རང་བཞིན་གྱི་སྐུའི་བསྟན་པ་ཡིན་པ་ལས་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེའི་རིང་ལ་བྱུང་བའི་ཕྱིར་ན་རྙིང་མའི་ཐ་མའམ། རྙིང་མའི་གསར་མ་ཞེས་ཐ་སྙད་འདོགས་ཀྱང་མི་འགལ། དེའི་ཕྱིར་ན་སྐུ་ལྔའི་བསྟན་པ་ཐེག་པ་དགུ་ལས་གསུམ་གསུམ་དུ་དབྱེ་བ་ནི་གཅིག་རྒྱབ་གཅིག་གིས་སྐྱོང་བའི་ཚུལ་དུ་བྱུང་བ་ནི་རྙིང་མའི་ཐེག་པ་དགུ་གཞི་ལམ་འབྲས་བུར་རྫོགས་ཤིང་། གང་ཡང་མ་ཚང་བ་མེད་པའོ། །དེ་ལ་གསར་མ་དང་རྙིང་མའི་ཞེས་པར་ཐ་སྙད་སོ་སོར་འདོགས་པ་ལས། གསར་རྙིང་གི་ས་མཚམས་དེ་ཐེག་པ་གཞན་པ་གང་ལ་ཡང་ཡོད་པ་མ་ཡིན། མ་ཧཱ་ཡོ་ག་ལས་སོ་སོར་འབྱེད་པ་ཡིན་པའི་ཕྱིར་ན། གསར་མ་ལས་ཕ་རྒྱུད་མ་རྒྱུད་གཉིས་ལས་གྲངས་ཅན་གཅིག་མི་ཡུལ་དུ་བྱོན་པ་སྟེ། དེ་ལ་གསར་རྙིང་གཉིས་ཕུན་སུམ་ཚོགས་པ་རྣམ་པ་ལྔ་སོ་སོར་ངོ་བོ་ཉིད་ཀྱིས་ཕྱེ་ནས་ཡོད་པའི་ཕྱིར་ན། གཅིག་ཏུ་འདྲེན་མི་ཉན་པའི་ཕྱིར་ན། མ་ཧཱ་ཡོ་ག་གསར་རྙིང་གི་ནང་དུ་ཐམས་ཅད་སོ་སོར་ཕྱེ་ནས་ཡོད་པའི་ཕྱིར་ན་དེ་རུ་གོ་ཞིང་ཤེས་པར་མཛོད། །མ་ཧཱ་ཡོ་ག་གསར་རྙིང་གཉིས་ཀྱི་ལས་བྱང་ཕྲིན་ལས་ཀྱི་སྐོར་སོ་སོར་དབྱེ་བ། གསང་སྔགས་རྙིང་མ་ལས་མདོས་དང་བསྐང་བ་དང་སྦྱོར་བ་དང་སྒྲོལ་བ་ལ་སོགས་གར་བྱུང་ཡང་། རྙིང་མའི་ཕྲིན་ལས་ཀྱི་ཆ་ལག་ཡིན་པར་ཤེས་པར་བྱའོ། །གསང་སྔགས་གསར་མ་ལས། ཚོགས་དང་ཚོགས་ཀྱི་འཁོར་ལོ་དང་ཕྱག་རྒྱ་བཞི་དང་ལྡན་པའི་སྦྱོར་བའི་ཆོ་ག་གདམ་ངག་ཟབ་ལ་རྒྱ་ཆེ་བ་རྣམས་ཡོད་པ་ཡིན། གསང་སྔགས་གསར་

(༤༢༩)རྙིང་གཉིས་ཆ་ལག་དང་དམ་རྫས་ལྷ་སྐོར་ཐམས་ཅད་འདྲ་བ་ལས་ཕུར་པ་འདི་རྙིང་མའི་ལག་ཆ་ཡིན། གསར་མའི་སྤུ་གྲི་གླད་གཟེར་གྱི་རྒྱུད་ན། བསྐང་བ་དང་མདོས་ཀྱི་ལེའུ་གཅིག་ཡོད་དེ་མིན། གསར་མའི་རྒྱུད་ཐམས་ཅད་ན་བསྐང་མདོས་ཅན་མི་སྣང་། དེའི་ཕྱིར་ན་མ་འོངས་པའི་སྒོམ་ཆེན་པ་དང་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་གསང་སྔགས་ཕྱི་ནང་གི་ས་མཚམས་ཤེས་པར་བྱའོ། །གསང་སྔགས་གསར་རྙིང་གི་ཁྱད་པར་ས་མཚམས་ཤེས་པར་བྱ་སྟེ། རྒྱུད་དང་མན་ངག་འབྲེལ་ཚུལ་སོ་སོར་ཤེས་པར་བྱ་ཞིང་མ་འཁྲུལ་བར་སྒྲུབས་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་རྒྱ་ཆེན་པོ་མྱུར་དུ་ཐོབ་པར་འགྱུར་རོ། །ལུང་ཆེན་ཨ་ནུ་ཡོ་ག་ལ་ཐེག་པ་དགུའི་འབྲེལ་ཚུལ་དང་གསང་སྔགས་གསར་རྙིང་གི་ས་མཚམས་མདོར་བསྡུས་པའི་ས་མཚམས་ལགས་སོ། །ཨ་ནུ་ཡོ་ག་ལ་གསུམ་དུ་དབྱེ་སྟེ། ཨ་ནུ་ཡོ་གའི་མ་ཧཱ་ཡོ་ག་དང་། ཨ་ནུ་ཡོ་གའི་ཨ་ནུ་ཡོ་ག་དང་། ཨ་ནུ་ཡོ་གའི་ཨ་ཏི་ཡོ་ག་སྟེ། ཨ་ནུ་ཡོ་གའི་མ་ཧཱ་ཡོ་གའི་ས་ནི་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཡིན། ཨ་ནུའི་ཨ་ནུའི་ས་ནི་ཡེ་ཤེས་བླ་མ་འོད་ཅེས་ཀྱང་། བཅུ་བཞི་རྡོ་རྗེ་རྒྱལ་པོ་རང་གི་ངོ་བོའི་ས་ཡིན། ཨ་ནུའི་ཨ་ཏི་ཡོ་ག་ནི། རྫོགས་པ་ཆེན་པོ་ལ་སྒྲོལ་ཤན་འབྱེད་ཀྱི་ཐེག་པ་མན་ཆོད་ཡིན་ཏེ། ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་བཅོ་ལྔ་མན་ཆོད་དུ་བཞེད་པ་ཡིན། རྫོགས་པ་ཆེན་པོ་རང་བཞིན་ལྷུན་གྱིས་གྲུབ་པར། ས་དང་ལམ་དང་འབྲས་བུ་དང་ཐེག་པ་ཐམས་ཅད་རང་བཞིན་ལྷུན་གྱིས་གྲུབ་པའི་རྫོགས་པ་དང་ས་བཅོ་ལྔ་ཡང་ས་གཅིག་ཏུ་རྫོགས་པ་སྟེ། རྫོགས་པ་ཆེན་པོ་ས་གཅིག་བྱ་བ་ནི་ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་

(༤༣༠)ས་འདིར་ཡེ་ནས་མ་འདུས་པའམ་མ་རྫོགས་པ་གང་ཡང་མེད་པའི་ཕྱིར་ན། ས་ལམ་བསྒྲོད་དུ་མེད། འབྲས་བུ་ལ་ཐོབ་དུ་མེད། རྟོགས་ན་ནི་སྐུ་ལྔ་ཡོངས་སུ་རྫོགས་པའི་སངས་རྒྱས་ཡིན་ལ། མ་རྟོགས་ན་ནི་གནས་ལུགས་ཡེ་ནས་ལྷུན་གྱིས་གྲུབ་ཀྱང་ད་རུང་ཁམས་གསུམ་འཁོར་བ་ལས་མི་གཡོ་མི་འདའ་མི་འཕགས་པའི་ཕྱིར་ན། གཞི་ལ་ཡེ་ནས་རྫོགས་ཀྱང་མངོན་སུམ་དུ་མ་གྱུར་པའི་ཕྱིར་ན་ཁ་འབྱམ་ལྷུན་གྲུབ་བྱ་བ་ཡིན་པས། དེ་རྫོགས་པ་ཆེན་པོའི་གོ་སར་བཞེད་པ་ཡིན། བྱེ་བྲག་ལྷུན་གྲུབ་བྱ་བ་ནི། །འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཐད་ཀ་ཐ་སོར་ལྷུན་གྱིས་གྲུབ་པའི་སྒྲ་དང་དོན་རེ་རེ་སོ་སོར་འཇུག་པའི་ཕྱིར་ན་ལྷུན་གྲུབ་ཀྱིས་མ་ཁྱབ་པ་གང་ཡང་མེད་པ་ཡིན། དེའི་ཕྱིར་ན་བྱེ་བྲག་ལྷུན་གྲུབ་ཅེས་བྱ་བ་ནི་ཐེག་པ་དགུ་ཁའི་རྒྱུ་འབྲས་སུ་འཇུག་པའི་ཕྱིར་ན། འབྲས་བུ་ཡོངས་སུ་རྫོགས་པའི་ལྷུན་གྲུབ་ཏུ་མ་རྫོགས་པ་མེད་པའི་ཕྱིར་ན། རྫོགས་པ་ཆེན་པོ་རྟོགས་པ་མཐའ་དབུས་མེད་པ་ལས་མ་བྱུང་བ་དང་མ་རྫོགས་པ་དང་མ་རྟོགས་པ་གང་ཡང་མེད་པའི་ཕྱིར། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་སངས་རྒྱས་སེམས་ཅན་གང་གི་ཡང་ཐ་སྙད་མི་འདོགས་ཤིང་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ན་ཐེག་པའི་རིམ་པ་དང་གྲུབ་མཐའི་བྱེ་བྲག་རྣམས་མ་རྟོགས་པ་དང་འཁྲུལ་པ་དཀར་ནག་ཁྲའོ་གསུམ་གྱི་སྣང་བ་སྣ་ཚོགས་སུ་ཤར་བ་སྟེ། ངར་འཛིན་པའི་ལྟ་བ་དང་། ཁས་ལེན་སྣ་ཚོགས་ཡོད་ཀྱི་བར་དུ་ཅི་ལྟར་དུ་བཤད་ཀྱང་རྫོགས་པ་ཆེན་པོའི་དོན་མ་རྟོགས་པར་ཤེས་པར་བྱའོ། །ཨ་ནུ་ཡོ་ག་འདི་ཐེག་པ་ཐམས་ཅད་ཀྱི་སྤྱི་ལུང་ཡིན་པའི་ཕྱིར་ན། ཐེག་པ་དང་གྲུབ་མཐའ་ཐམས་ཅད་ཨ་ནུ་ཡོ་གར་ཤན་ཕྱེ་ཞིང་གཏན་ལ་ཕབ་པ་ཡིན་པའི་ཕྱིར་ན་

(༤༣༡)ཨ་ནུ་ཡོ་གའི་ཐེག་པའི་ཕུན་སུམ་ཚོགས་པ་རྣམ་པ་ལྔའི་སོ་སོར་འབྱེད་པ་འདི་ཡིན་ནོ། །ཐེག་པ་ཐམས་ཅད་སོ་སོར་གོ་ཞིང་ཡོངས་སུ་རྫོགས་ཤིང་ཕྱོགས་མེད་དུ་རྟོགས་པར་བྱའོ། །ལུང་ཆེན་པོ་ཨ་ནུ་ཡོ་ག་ནི་རྒྱ་མཚོ་ཆེན་པོ་དང་འདྲ་བ་ལས། ཐེག་པ་དང་གྲུབ་མཐའ་གཞན་ས་ཐམས་ཅད་ཆུ་བོ་དང་ཆུ་བྲན་བཞིན་སོ་སོར་ཤེས་པར་བྱ་སྟེ། ཨ་ནུ་ཡོ་གར་ཐེག་པ་ཐམས་ཅད་འདུས་སོ། །ཨ་ནུ་ཡོ་གའི་འབྲས་བུ་ཡོངས་སུ་རྫོགས་པ་ནི་རྫོགས་པ་ཆེན་པོ་སྟེ། མིང་དང་ཐ་སྙད་སྤང་བྱ་དང་བླང་བྱའི་འབྲས་བུ་སྣ་ཚོགས་ཀྱི་ཐོབ་བྱ་གང་ཡང་མེད་པ་སྟེ། དངོས་པོ་གཤིས་ཀྱི་གནས་ལུགས་ཞེས་ཀྱང་བྱ། གནས་ཕྱི་མོ་ཞེས་ཀྱང་བྱ་སྟེ། ཀུན་ཏུ་བཟང་པོ་རང་ས་ཟིན་ཞིང་རང་ངོ་ཤེས་ཤིང་རྟོགས་པ་རབ་འབྱམས་སྐུ་ལྔ་ཡོངས་སུ་རྫོགས་པའི་སངས་རྒྱས། འབྲས་བུ་ཡོངས་སུ་རྫོགས་པ་ལྷུན་གྱིས་གྲུབ་པ་ཡིན་ཏེ། འདི་གང་གི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ན། ཐེག་པ་འོག་མ་རྣམས་ཀྱིས་སྒྲོ་དང་སྐུར་པ་འདེབས་ཤིང་ཤིན་ཏུ་སྐྲག་ནས་འབྲོས་པར་བྱེད་པ་སྟེ། འཇམ་དཔལ་མཚན་རྗོད་ཀྱི་ལུང་ལས་ཀྱང་། སྟོང་ཉིད་སེང་གེའི་སྒྲ་སྒྲོག་པ། མུ་སྟེགས་རི་དགས་ངན་འཇིགས་བྱེད། །ཅེས་གསུང་པའི་དོན་ཀྱང་འདི་ལྟ་བུ་ལ་previous hit དགོངས next hit་ཡིན་གང་ཟག་དབང་པོ་ཡང་རབ་གཅིག་ཅར་བ་དོན་ལ་སྦྱང་བ་གཅིག་ཅར་བ་རྣམས་ཀྱིས་ནི། རྫོགས་པ་ཆེན་པོ་རྒྱ་མཚོ་ཀློང་ལ་སོགས་པ་རྣམས་མཐོང་བའམ་ཐོས་པ་ཙམ་གྱིས་ཀྱང་རྟོགས་པ་དང་གྲོལ་བ་དུས་མཚུངས་པའི་ཕྱིར་ན་ལུང་ལས་ཀྱང་། ཀུན་དུ་ལྟ་བ་མཆོག་ཏུ་དགའ། །གཟི་བརྗིད་ཕྲེང་བ་ལྟ་ན་སྡུག །འོད་བཟངས་འབར་བ་དཔལ་གྱི་བེའུ། །ཞེས་གསུངས་པའི་དོན་ཡང་དབང་པོ་ཡང་རབ་སྐྱེས་བུ་སྐལ་བ་དང་ལྡན་པ་གཅིག་ཅར་བ་རྣམས་ལ་

(༤༣༢)previous hit དགོངས next hit་ཡིན། འོག་མིན་བདེ་བ་ཅན་གྱི་ཕྲོང་ནས། སྐུ་ལྔ་ཡོངས་སུ་རྫོགས་པའི་རྡོ་རྗེ་འཆང་། འཁོར་ལོ་བདེ་མཆོག་རྗེ་ཏཻ་ལོ་པ་དང་ཐ་དད་མེད་པར་བཞུགས་པ་ཡིས་བྱིན་གྱིས་བརླབས་པ་རྗེ་བཙུན་ཆེན་པོ་ནཱ་རོ་པ་ཡི་ཐུགས་གཉིས་སུ་མེད་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་བརྒྱུད་པ། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་འཛམ་བུའི་གླིང་དུ་རྒྱུན་ཆད་མེད་པར་བྱོན་པ་རྣམས་ཀྱི་previous hit དགོངས next hit་དང་རྟོགས་པ་རབ་འབྱམ་མཐའ་ཡས་པ་ཡོངས་སུ་རྫོགས་པ་མཐར་ཕྱིན་ཞིང་སྐལ་བ་དང་ལྡན་པ་གནམ་གྱི་སྐར་མ་ཙམ་སྨིན་ཅིང་གྲོལ་བར་མཛད་པ་ནི། གྲུབ་མཐའ་དང་ཐེག་པ་འགྲོ་བ་དྲུག་གི་ངར་འཛིན་པའི་ལྟ་བ་ཉི་ཤུ་རྩ་གཅིག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་ཤིང་། ལྷུན་རྫོགས་བདེ་བ་ཆེན་པོར་སངས་རྒྱས་ཏེ། ཐེག་པ་གཞན་གྱི་ལུགས་བཞིན་དུ་ས་ལམ་རིམ་གྱིས་བསྒྲོད་པ་དང་། སངས་རྒྱས་གཞན་ནས་ཐོབ་པར་འདོད་པ་དང་། ཁམས་གསུམ་འཁོར་བ་ལས་རྒལ་བར་འདོད་པ་མ་ཡིན་ཏེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་ནས་ཁམས་གསུམ་སྐུ་གསུམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་སྟེ། ཀུན་གཞི་ལྷན་ཅིག་སྐྱེས་པའི་མ་རིག་པ་བག་ཆགས་དང་བཅས་པ་དེ་རང་རིག་པའི་ཡེ་ཤེས་ལྷན་ཅིག་སྐྱེས་པར་རྟོགས་པ་དང་། གཏི་མུག་གི་ཡུལ་དུ་ཡུལ་ཅན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ཞེ་སྡང་དང་ཞེ་སྡང་གི་ཡུལ་ཅན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། འདོད་ཆགས་དང་འདོད་ཆགས་ཀྱི་ཡུལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ང་རྒྱལ་དང་ང་རྒྱལ་གྱི་ཡུལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ཕྲ་དོག་དང་ཕྲ་དོག་གི་ཡུལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ཕུང་པོ་ལྔ་དང་འབྱུང་བ་ལྔ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། དབང་

(༤༣༣)པོ་ལྔ་དང་དབང་པོའི་ཡུལ་ལྔ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། སྐྱེ་མཆེད་དྲུག་དང་ཁམས་དྲུག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། རྟེན་འབྲེལ་བཅུ་གཉིས་དང་བྱེད་པའི་སྐྱེས་བུ་བཅུ་གཉིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། དགེ་བ་བཅུ་དང་མི་དགེ་བ་བཅུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། འདུས་བྱས་དང་འདུས་མ་བྱས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། དོན་དམ་དང་ཀུན་རྫོབ་གཉིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ཐབས་དང་ཤེས་རབ་གཉིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། དམིགས་པ་དང་མི་དམིགས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། སྐྱེ་བ་དང་འགག་པ་གཉིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ཕྱི་རོལ་མུ་སྟེགས་ཀྱི་གྲུབ་མཐའ་དང་ནང་པ་སངས་རྒྱས་པའི་གྲུབ་མཐའ་གཉིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ཐེག་པ་དགུའི་ཞེ་འདོད་རབ་འབྲིང་ཐ་མ་དགུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ཟག་བཅས་དང་ཟག་པ་མེད་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ཚོགས་ལམ་དང་སྦྱོར་ལམ་གཉིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། མཐོང་ལམ་སྒོམ་ལམ་གཉིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ཟུང་འཇུག་ཅེས་བྱ་བའི་ཟུང་ཞེས་བྱ་བ་ནི་གཉིས་ཡིན་ཏེ། འཇུག་ཅེས་བྱ་བ་ནི་བློས་རིག་པའི་ཤེས་པས་གཅིག་ཏུ་འཇུག་པ་སྟེ། འདི་ཡང་དུས་ནམ་ཞིག་སོ་སོར་འབྱེད་པའི་དུས་ཚོད་ཡིན་པའི་ཕྱིར་ན། དོན་དམ་མཐར་ཐུག་མ་ཡིན། རྗེ་ནཱ་རོ་པའི་བཞེད་ཀྱིས། སློབ་པའི་ཟུང་འཇུག་མི་སློབ་པའི་ཟུང་འཇུག་གཉིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ས་བཅུ་དང་ལམ་ལྔ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། སེམས་ཙམ་དབུ་མ་རབ་ཏུ་མི་གནས་པ་གསུམ་

(༤༣༤)ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། གསང་སྔགས་ཀྱི་དམ་ཚིག་དང་བྱང་ཆུབ་སེམས་དཔའི་བསླབ་པ་ཉན་ཐོས་ཀྱི་འདུལ་ཁྲིམས་གསུམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ལོངས་སྐུའི་བསྟན་པ་ཕྱི་རྒྱུད་གསུམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ཆོས་སྐུའི་བསྟན་པ་མ་ཧཱ་ཡོ་ག་གསར་རྙིང་གཉིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། བསྐྱེད་རྫོགས་གཉིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ཨ་ནུའི་བསྟན་པ་དཀྱིལ་འཁོར་གསུམ་དབྱིངས་དང་ཡེ་ཤེས་རོ་མཉམ་པར་འདོད་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ཨ་ནུའི་ངོ་བོ་ཉིད་ཀྱི་སྐུའི་བསྟན་པ་ལུང་དང་མན་ངག་རྒྱུད་སྡེ་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། རང་བཞིན་གྱི་སྐུའི་བསྟན་པ་རྫོགས་པ་ཆེན་པོ་ལྷུན་གྲུབ་གསུམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། བཅུ་གཅིག་ཀུན་ཏུ་འོད་ནས་ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་སའི་བར་འབྲས་བུ་གྲུབ་པའི་ས་དྲུག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ཁམས་གསུམ་འཁོར་བའི་འདོད་ཁམས་གནས་རིས་ཉི་ཤུའི་འདོད་སྲེད་དང་། གཟུགས་ཁམས་གནས་རིས་བཅུ་བདུན་གྱི་ང་རྒྱལ་དང་། གཟུགས་མེད་སྐྱེ་མཆེད་མུ་བཞིའི་ཡིད་ལུས་དང་། ཁམས་གསུམ་པའི་བདེ་སྡུག་རྣམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། ངན་སོང་དང་མཐོ་རིས་ཀྱི་འགྲོ་བ་རིགས་དྲུག་དང་། མུ་སྟེགས་རྟག་ཆད་གཉིས། བྱེ་བྲག་གསང་བ་པ་གསུམ་སྟེ་དགུ་ནང་པ་སངས་རྒྱས་པའི་གྲུབ་མཐའ་ཐེག་པ་རིམ་པ་དགུ་དང་བཅོ་བརྒྱད་རྫོགས་པ་ཆེན་པོའི་ལྷུན་གྲུབ་གསུམ་སྟེ། ངར་འཛིན་པའི་ལྟ་བ་ཉི་ཤུ་རྩ་གཅིག་དང་། འཁོར་འདས་ལམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་ནི། རྟོགས་པ་རབ་འབྱམས་མཐའ་དང་དབུས་མེད་པ་ཞེས་བྱ་སྟེ། བྲམ་ཟེ་ཆེན་པོ་ས་ར་ཧའི་ཞལ་ནས་ཀྱང་། འཁོར་

(༤༣༥)འདས་ལམ་གྱི་ཆོས་རྣམས་ཀུན། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་བཞིན། །རང་གི་རང་རིག་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་གསུངས་པའི་ཕྱིར་ན། རྒྱ་གར་ན་སྒྲ་ཐང་ལོག་སྐད་དུ་ཡོད་པ་ལས། མ་ཧཱ་མུ་དྲ་ཟེར་བོད་ཀྱིས་དྲང་པོར་ཟླ་བདེ་བ་ལ་previous hit དགོངས་ནས་ཕྱག་རྒྱ་ཆེན་པོར་བཏགས་ next hit་སྟེ། དོན་དམ་པར་ན་ཕྱག་རྒྱ་ཆེན་པོ་བྱ་བ་ཡིན། རྒྱ་ནི་ངར་འཛིན་གྱི་ལྟ་བ་ཉི་ཤུ་རྩ་གཅིག་སྟེ། རྒྱ་ཉི་ཤུ་རྩ་གཅིག་གིས་འཐུམས་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་མ་རྟོགས་པའི་ཕྱིར་ན། ཕྱག་ཅེས་བྱ་བ་ནི་ཆོས་ཅན་དང་ཆོས་ཉིད་སྣང་སྲིད་འཁོར་འདས་ཐམས་ཅད་ལྷན་ཅིག་སྐྱེས་པ་རང་གི་ཡེ་ཤེས་སུ་རྟོགས་པ་མཐའ་ཡས་རབ་འབྱམ་སྐུ་ལྔ་ཡོངས་སུ་རྫོགས་པའི་སངས་རྒྱས་སུ་རང་བཞིན་ལྷུན་གྱིས་གྲུབ་པར་ཕྱོགས་པའི་ཕྱིར་ན། ཆེན་པོ་འདི་ལས་གོང་ན་ཡོད་རེ་ཀན། ནཱ་རོ་བརྒྱུད་པས་བྱིན་རླབས་ཤིང་། །རྣལ་འབྱོར་རང་བྱུང་རྡོ་རྗེ་ཡིས། །ངར་འཛིན་ལྟ་བ་ཉི་ཤུ་གཅིག །ལྷན་སྐྱེས་རང་བྱུང་ཡེ་ཤེས་སུ། །རྟོགས་པ་རབ་འབྱམ་རྩལ་རྫོགས་ནས། །མ་འོངས་གདུལ་བྱ་སྣོད་ལྡན་གྱི། །མ་རིག་མུན་པ་སེལ་བའི་ཕྱིར། །ཡང་དག་དོན་གྱི་འོག་མིན་ན། །རྟོགས་པ་རབ་འབྱམ་རྣལ་འབྱོར་བཞུགས། །འཁོར་འདས་ལམ་གྱིས་བསྡུས་པའི་ཆོས། །མ་རྟོགས་པ་ནི་གང་ཡང་མེད། །སྒོམ་ཆེན་རྣམས་ཀྱིས་མཁྱེན་པར་མཛོད། །ཨ་ནུ་ཡོ་གའི་ཕུན་སུམ་ཚོགས་པ་ལྔར་ཐེག་པ་རིམ་པ་དགུའི་ལུང་ཐམས་ཅད་འདུས་ཤིང་རྟོགས་པའི་བར་སྐབས་ལགས་སོ།། །།ཡང་དག་དོན་གྱི་འོག་མིན་ན། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན་ཡེ་ནས་སངས་རྒྱས་པའི་

(༤༣༦)བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། །འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དངོས་པོ་གཤིས་ཀྱི་གནས་ལུགས་ལ་ངོ་བོ་མཚན་ཉིད་ལྔ་ལྡན་དུ། སྟོན་པ། བསྟན་པ། གནས་དང་། འཁོར་དང་། དུས་ཕུན་སུམ་ཚོགས་པ་རྣམ་པ་ལྔ་རང་བཞིན་ངོ་བོ་ཉིད་ཀྱིས་རྫོགས་པར་བཞུགས་པ་ནི། རྒྱུ་དང་འབྲས་བུ་ངོ་བོ་ན་ཏུ་རྫོགས་པའི་རྫོགས་པ་ཆེན་པོའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ། ཆོས་ཀྱི་དབྱིངས་མཐའ་ཡས་པར་མཐའ་དང་དབུས་མེད་པར་བཞུགས་པའོ། །དེ་ལྟ་བུར་བཞུགས་པ་ལ་སྟོན་པ་བསྟན་པ་གང་ཡང་ཐ་སྙད་མེད་པར་འཁོར་དང་གནས་གང་གི་ཡང་ས་འཚམས་མེད་པའི་ཕྱིར་ཀུན་བཟང་རྒྱལ་པོ་དབྱིངས་ན་བཞུགས། ངོ་བོ་ཉིད་ཀྱིས་ལྷུན་རྫོགས་ཤིང་། །ཀུན་དང་ཕྱག་རྒྱ་གང་ཡང་མེད་ཅེས། ཀུན་བཟང་རོལ་པའི་རྒྱུད་ལས་གསུངས་པ་ཡང་གནས་སྐབས་འདི་རུ་previous hit དགོངས next hit་ཡིན། ཀུན་བྱེད་རྒྱལ་པོའི་ལུང་ལས་ཀྱང་། བྱང་ཆུབ་སེམས་ཀྱི་ཡེ་ཤེས་ནི། །སྟོན་པ་དམ་པའི་སྐུར་བྱུང་ནས། །ཚིག་དང་ཡི་གེ་མི་སྟོན་ཏེ། །རང་གི་རང་བཞིན་སྟོན་པར་བྱེད། །བདག་ཏུ་མི་རྟོག་གཞན་མི་རྟོག །མི་རྟོག་མཉམ་པའི་previous hit དགོངས next hit་ཅན། །ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །དེ་རྟོགས་སངས་རྒྱས་ཀུན་དང་མཉམ། །ཞེས་གསུངས་པའི་ཕྱིར་ན། འབྱུང་བ་བཞི་པོ་ཀུན་ཡང་དེས་འགྲེའོ། །དེའི་ཕྱིར་ན་འབྱུང་བ་ལྔ་ཡིས་ཁྱབ་ཚད་ཀྱང་ཀུན་ཏུ་བཟང་མོར་བཤད་པ་ཡིན། རྩོལ་བའི་ཆོས་ཀྱིས་རྩོལ་མེད་གྲུབ། །སྒྲ་དང་དྲི་དང་རོ་དང་རེག །འགྲོ་དྲུག་ལོངས་སྤྱོད་རྫོགས་པར་སྟོན། །ཀུན་ཏུ་བཟང་པོ་རང་གིས་རང་ལ་རོལ་བའི་རྒྱུད་ལས་གསུངས་པ་ཡང་། ཕུང་པོ་ཁམས་དང་སྐྱེ་མཆེད་རྟེན་ཅིང་འབྲེལ་པར་འབྱུང་བ་གྲངས་ཅན་དྲུག་བཅུ་

(༤༣༧)རྩ་བཞི་དང་། གྲངས་མེད་ཚད་ལས་འདས་པ་རྣམས་ཀུན་ཏུ་བཟང་པོ་རང་གི་ངོ་བོ་སྟེ། གདོད་ནས་རང་བཞིན་གྱིས་རྫོགས་པའི་ཕྱིར་ན། རྒྱ་མཚོ་ཀློང་གི་རྒྱུད་ལས་ཀྱང་། སྐུ་རྫོགས་གསུང་རྫོགས་ཐུགས་ཀྱང་རྫོགས། །འཁོར་བ་རྫོགས་ཤིང་འདགས་རྫོགས། །ཐམས་ཅད་རྫོགས་ཕྱིར་ལྷུན་གྲུབ་པས། །ཞེས་གསུངས་པའི་ཕྱིར་ན། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀུན་ཏུ་བཟང་པོ་ལ་མ་རྫོགས་པ་གང་ཡང་མེད་པའི་ཕྱིར་ན། ཉི་མ་ལ་ཉི་མའི་འོད་ཟེར་རྫོགས་པ་བཞིན་དུ་ཕུན་སུམ་ཚོགས་པ་ལྔ་ངོ་བོ་ཉིད་ཀྱིས་རྫོགས་ཤིང་། རང་བཞིན་དུ་གནས་པའི་ཕྱིར་ན། །ཡང་དག་དོན་གྱི་འོག་མིན་དུ། །ཀུན་བཟང་རྒྱལ་པོ་ལྷུན་བཞུགས་པས། །ཚིག་དང་ཡི་གེ་མི་སྟོན་ཡང་། །ཆོས་དབྱིངས་རབ་འབྱམ་བྱིན་གྱིས་རློབ། ཅེས་གསུང་པའི་ཕྱིར་ན། ཀུན་ཏུ་བཟང་པོ་རང་བཞིན་གྱིས་ཕུན་སུམ་ཚོགས་པར་བཞུགས་པའི་དུས་ཚོད་ལགས་སོ། །ཐུགས་རྗེའི་འབྲེལ་པས་བྱང་ཆུབ་སེམས་ཀྱིས་བྱིན་གྱིས་བརླབས་ཀྱི། ལྷ་དང་མིའི་ཡུལ་དུ་བྱོན་པའི་གླེང་གཞི་ནི། དེ་ནས་རྒྱུད་ཅི་ལྟར་དུ་བྱོན་པའི་ཁུངས་བསྟན་པ་ལས། བདེ་བར་གཤེགས་པའི་previous hit དགོངས next hit་བྱིན་གྱིས་རླབས་ཀྱི་ཁ་ས་མུ་ཏྲའི་རྒྱུད་ལས་ཀྱང་། མི་དང་ལྷའི་ཡུལ་དུ་རྒྱུ་འབྲས་ཀྱི་ཐེག་པ་ནི་བརྟན་ཅིང་མཐར་ཕྱིན་ཏོ། །རྒྱུ་འབྲས་ལས་འདས་པའི་ཐེག་པ་མ་བྱུང་བའི་དོན་དུ་སུམ་བཅུ་རྩ་གསུམ་ལྷའི་ཡུལ་དུ་ལྷ་དེ་ཝ་བཟང་སྐྱོང་ལ་བུ་གསུམ་ཡོད་པའི་ཆེ་བ་ལྷའི་བུ་ཀུན་དགའ་སྙིང་པོ་བྱ་བར་སྐུ་འཁྲུངས་ནས། དེ་ལ་བཟང་སྐྱོང་དུ་མཚན་བཏགས་སོ། །དེ་ཆུང་ཆུང་ནས་ཤེས་བྱ་ཀུན་ལ་མཁས་ཤིང་རིག་པ་

(༤༣༨)ཁྱད་པར་དུ་འཕགས་པ་ཅིག་བྱུང་། ལྷའི་བུ་དེ་གཅིག་པུར་འདུག་པ་ལ་དགའ་ཞིང་། ལྷའི་བུ་གཞན་རྣམས་རང་རང་གི་རྫིང་བུར་འདུ་རྫི་དང་རྩེད་མོ་ལ་འགྲོ་ན་ཡང་། །ལྷའི་བུ་བཟང་སྐྱོང་སངས་རྒྱས་ཀྱི་སྐུ་གཟུགས་ཆོས་ཀྱི་གཙུག་ལག་ལྟ་བར་བྱེད། དེ་ལྟ་བུའི་ཁྱད་པར་དུ་འཕགས་པའི་ཁྱེའུ་ཅིག་བྱུང་བ་དེ་ནུབ་མོ་ཉལ་བའི་སྲོད་ཀྱི་རྨི་ལམ་ན་ལྷའི་དབང་པོ་བརྒྱ་བྱིན་གྱིས་སྣ་དྲངས་ནས་ལྷ་རྣམས་ཀྱིས་རིན་པོ་ཆེའི་ཁྲི་ལ་ལྷའི་བུ་བཟང་སྐྱོང་བཞག་ནས་བསྐོར་བ་བྱས་མདུན་དུ་བདར་ཏེ་ཁོའི་སྤྱི་བོའི་གཙུག་ཏུ་ཐིམ་པ་རྨིས་སོ། །ཡང་ནམ་ཕྱེད་ན་ནམ་མཁའ་ལ་ཉི་ཟླ་ཤར་བ་དང་། ཉི་ཟླ་གཉིས་པོ་ཉི་མའི་འཁོར་ལོ་གཅིག་ཏུ་གྱུར་ནས་རྣམ་པར་རྒྱལ་བའི་ཁང་བཟངས་ཀྱི་སྲོག་ཤིང་གི་རྩེ་མོ་ལ་བབས་ཏེ། ལྷའི་བུ་ཡིས་བླངས་ནས་འོད་ཟེར་ཕྱོགས་བཅུར་ཁྱབ་པ་རྨིས། ཡང་ཐོ་རངས་ཀྱི་རྨི་ལམ་ན། ལྷ་མཆོག་མཧཱ་དེ་ཝ་དེ་འཇིག་རྟེན་ན་དབང་ཆེ་བར་གྲགས་པ་དེ་ལྷའི་བུ་ཡིས་ཟོས་པ་རྨིས་སོ། །ནང་པར་བརྒྱ་བྱིན་ལ་ཇི་ལྟར་རྨིས་པ་རྣམས་བཟླས་པས། བརྒྱ་བྱིན་གྱིས་མ་ཤེས་ནས། བཛྲ་སཏྭ་ས་མ་ཡ་ཞེས་བརྗོད་དེ། །སྤྲུལ་པའི་ལྷའི་དབང་པོ་ཅིག་སྤྱན་དྲངས་ཏེ། རྨི་ལམ་བཟང་ངན་དེ་ལ་དྲིས་པས། སྲོད་ཀྱི་རྨི་ལམ་དེ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་previous hit དགོངས next hit་ཐུགས་སུ་ཆུད་པའི་རྟགས་ཡིན། ནམ་གུང་གི་རྨི་ལམ་དེ་ནི་རྒྱུ་འབྲས་ལས་འདས་པའི་ཆོས་ཀྱི་ཐེག་པ་ཐུགས་ལ་འཆར་བ་སྟེ། ཉི་མའི་འོད་ལྟར་དྲོ་ཞིང་གསལ་བའི་རྟགས་ཡིན། ཐོ་རངས་ཀྱི་རྨི་ལམ་དེ་དུག་གསུམ་རྩད་ནས་བཅད་དེ། མངོན་པར་རྫོགས་པར་སངས་རྒྱས་པའི་རྟགས་ཡིན་གསུང་སྟེ། མཚན་མ་བཟང་བར་ལུང་བསྟན། དེར་ལྷའི་བུ་ཤིན་ཏུ་དགྱེས་ནས་

(༤༣༩)ཞལ་ཕྱོགས་བཞིར་གཟིགས་ཤིང་བསྐུལ་བ་སངས་རྒྱས་ཐམས་ཅད་ལ་གསོལ་བ་བཏབ་པ་ནི། ཁྱེད་ནི་སྐུ་གསུམ་རྡོ་རྗེའི་བདག །རྩོལ་མེད་ཐེག་པ་མཐར་ཕྱུང་ནས། །ཐུགས་རྗེ་ཆེན་པོ་བྷཱུ་ཏ་ཧ། གདུལ་བྱ་མཆོག་ལྡན་ཡོད་པས་ནི། རྩོལ་མེད་ཀུན་རྫོགས་བཤད་དུ་གསོལ། །ཞེས་བསྐུལ་བས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ནམ་མཁའ་ལ་སྤྲིན་བཞིན་དུ་འདུས་ནས། previous hit དགོངས next hit་གཅིག་ཏུ་བསྟུན་ནས་དཔལ་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་བཀའ་བསྒོའོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེའི་རང་བཞིན་ཁྱོད་ཡིན་པས། །སངས་རྒྱས་ཀུན་གྱི་མཛད་པར་ཤར། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་རང་བཞིན་ཁྱོད་ཡིན་པས། །ཡེ་ཤེས་ཐམས་ཅད་གསལ་བར་མཛོད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་ངོ་བོ་ཁྱོད་ཡིན་པས། །རྨད་བྱུང་རོལ་པའི་སྐུ་རུ་ཤར། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་བདག་ཉིད་རིག་པའི་གསུངས། །རྨད་བྱུང་རོལ་པའི་གསུང་དུ་ཤར། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །ཐུགས་རྗེའི་རང་བཞིན་ཁྱོད་ཡིན་པས། །ཡོན་ཏན་ཕྲིན་ལས་ལ་སོགས་པ། །ཚིག་གཅིག་དོན་དུ་ཀུན་རྫོགས་བདག །རིན་ཆེན་འཕྲུལ་གྱི་སྙིང་པོའི་སྒོ། །སྐལ་ལྡན་རྣམས་ལ་བསྟན་དུ་གསོལ། །རྡོ་རྗེ་སེམས་དཔའ་ལ་བསྐུལ་ཞིང་གསོལ་བ་བཏབ་སོ། །ཡང་འདི་སྐད་ཞེས་བསྐུལ་ལོ། །རིན་ཆེན་འཕྲུལ་གྱི་ཐབས་ལྡན་པས། གསང་མཛོད་མཐུན་པའི་སྒོ་དེ་ནས། རྩོལ་མེད་དབྱིག་དང་ལྡན་པར་མཛོད། །ཅེས་བསྐུལ་ལོ། །བྱང་ཆུབ་སེམས་ཀྱི་དངོས་པོ་ལས། །ཐ་སྙད་བརྗོད་དུ་མ་མཆིས་ཀྱང་། །མ་རྟོགས་བླ་ཡི་ཚིག་སྒོ་ནས། །གསུང་གི་སྒྲོན་མ་གསལ་བར་མཛོད། ཅེས་རྡོ་རྗེ་སེམས་དཔའ་ལ་བསྟོད་ནས། དཔལ་རྡོ་རྗེ་སེམས་དཔས་སྐད་ཅིག་མའི་ཏིང་ངེ་འཛིན་གྱིས་ཕྱག་ན་རྡོ་རྗེ་དངོས་སུ་སྤྲུལ་ནས། རིན་པོ་ཆེ་འོད་རང་བཞིན་གྱིས་འབར་བ་ཕྱག་ཏུ་གཏད་ནས་འདི་སྐད་ཅེས་བསྒོའོ། །དབྱེར་མེད་ཡེ་ཤེས་གསང་བའི་

(༤༤༠)དོན། །བྱར་མེད་མ་བཙལ་ཡེ་སངས་རྒྱས། །རང་བཞིན་ལྷུན་གྲུབ་རྫོགས་པ་ཆེ། །འདུས་པའི་ཚོགས་ལ་ཁྱོད་ཀྱིས་སྟོན། །ཞེས་ལུང་བསྟན་ནོ། །དེ་ནས་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསུངས་སོ། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། ཚིག་གི་སྤྱོད་ཡུལ་མ་ཡིན་པས། །ཚིག་ཚོགས་དག་གིས་བཀྲོལ་པར་ཤིན་ཏུ་དཀའ། །མ་རྟོགས་བློ་ལ་ཚིག་སྒོ་ནས། །མཚོན་ནས་རྟོགས་པར་བྱ་བའི་ཕྱིར། །ཇི་ལྟར་རྣམ་རིག་རྣམ་པར་གྲོལ། །ཞེས་ཞལ་གྱིས་བཞེས་ནས་དམ་བཅས་སོ། །ཕྱག་ན་རྡོ་རྗེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་previous hit དགོངས next hit་དང་མི་འགལ་བར་བྱ་བའི་ཕྱིར། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་རིགས་ལྔར་འདུས་ལ། རིགས་ལྔའི་previous hit དགོངས next hit་ཉམས་སུ་བླང་བའི་ཕྱིར་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རྡོ་རྗེས་རྣམ་པར་གནོན་པའི་ཞིང་ཁམས་ན། བདེ་བར་གཤེགས་པ་རྡོ་རྗེ་གསང་བའི་བྲག་སྟེངས་ན་བཞུགས་ནས། མི་ཕྱེད་པའི་འཁོར་ན་གསང་སྔགས་ཀྱི་དེ་ཁོ་ན་ཉིད་དུས་གསུམ་དུ་སྟོན་ཞིང་བཞུགས་པ་ལ་ཞུས་པ། སེམས་ཉིད་རྡོ་རྗེ་ལྟ་བུ་ལ། །སྐྱེ་དང་འགག་པ་ཇི་ལྟར་བྱུང་། །ཞེས་ཞུས་པ། རྡོ་རྗེ་སེམས་དཔས་བཀའ་སྩལ་པ། སེམས་ཉིད་མི་འགྱུར་རྡོ་རྗེ་ལ། །སྐྱེ་འགག་ཡོད་པ་ཡོང་མ་ཡིན། །རྣམ་རྟོག་སྐྱེ་དང་འགག་པར་སྣང་། །ཞེས་གསུངས་པས་ཐེ་ཙོམ་བསལ་ལོ། །ལྷོ་ཕྱོགས་རིན་ཆེན་ཞིང་སྣང་བའི་ཞིང་ཁམས་ན། །བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་རིན་པོ་ཆེའི་རང་བཞིན་གྱི་འོད་འབར་བའི་གདན་ལ་བཞུགས་ནས་མི་ཕྱེད་པའི་འཁོར་རྣམས་ལ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཞིང་བཞུགས་པ་ལ་ཞུས་པ། བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །རྒྱུ་རྐྱེན་རྩོལ་བས་མ་སྒྲུབས་པར།

(༤༤༡)ཡོན་ཏན་འབྲས་བུ་ཇི་ལྟར་འཆར། །ཞེས་ཞུས་པས་བཀའ་བསྩལ་པ། ཨུ་དུམ་ཝ་རའི་འབྲས་བུ་ལྟར། །རྒྱུ་འབྲས་མཐར་ཕྱིན་གཞི་ན་རྫོགས། །ཐམས་ཅད་རང་བྱུང་སྙིང་པོའི་མཆོག་གསང་བའི་ཐབས་ཀྱིས་རྟོགས་གྱུར་ན། །ཉི་མའི་འོད་ལྟར་འབྲས་བུ་རང་ལ་གྲུབ། །ཅེས་ཐེ་ཚོམ་བཅད་དོ། ཡང་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་པདྨོ་ཅན་ཞེས་བྱ་བ། བཅོམ་ལྡན་འདས་སྣང་བ་མཐའ་ཡས་པདྨོ་དྲི་མ་མེད་པའི་གདན་ལ་བཞུགས་ནས། བདག་གཞན་དབྱེར་མེད་པའི་འཁོར་རྣམས་ལ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཞིང་བཞུགས་པ་ལ་འདི་སྐད་ཅེས་ཞུས་སོ། །སེམས་ཉིད་པདྨ་ལྟ་བུར་དྲི་མེད་ལ། །གཟུང་འཛིན་དྲི་མ་ཇི་ལྟར་བྱུང་ཞེས་ཞུས་པས། བཀའ་བསྩལ་པ། པདྨ་འདམ་ལ་གནས་བཞིན་དུ། །འདམ་གྱི་སྐྱོན་གྱིས་གོས་པ་མེད། །བྱང་ཆུབ་སེམས་ཀྱི་ངོ་བོ་ནི། །འཁོར་བའི་རྟོག་པར་མི་འགྱུར་ཏེ། །མ་རྟོགས་བློ་ལ་འཁོར་བ་བྱུང་། ཞེས་ཐེ་ཚོམ་བཅད་དོ། །བྱང་ཕྱོགས་དོན་ཡོད་གྲུབ་པ་ཞེས་བྱ་བའི་ཞིང་ཁམས་ན། བདེ་བར་གཤེགས་པ་དོན་ཡོད་གྲུབ་པ་རྡོ་རྗེ་རྒྱ་གྲམ་གྱི་གདན་ལ་བཞུགས་པ་ལ་འདི་སྐད་ཅེས་ཞུས་སོ། །རྩལ་མེད་སེམས་ཀྱི་རང་བཞིན་ལ། །འགྲོ་དོན་མཛད་པ་ཇི་ལྟར་བྱུང་། །ཞེས་ཞུས་པས་བཀའ་བསྩལ་པ། རང་བྱུང་ཡེ་ཤེས་རྟོགས་གྱུར་ན། །མཛད་པ་བྱིན་རླབས་རང་ལ་འཆར། །ཞེས་གསུངས་པས་ཐེ་ཚོམ་བསལ་ལོ། །དབུས་ཀྱི་ཕྱོགས་ན་མཐའ་དང་དབུས་མེད་པ་ཞེས་བྱ་བའི་ཞིང་ཁམས་ན། བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་འཁོར་ལོའི་གདན་ལ་བཞུགས་ནས། previous hit དགོངས next hit་ཆོས་ཉིད་

(༤༤༢)ལས་མི་གཡོ་བར། ཉིད་ལས་མི་གཞན་པའི་འཁོར་རྣམས་ལ་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཅིང་བཞུགས་པ་ལས། ཐུགས་ལས་སྤྲུལ་པའི་ཕྱག་ན་རྡོ་རྗེས་ཞུ་བ་སྤོབས་ནས། འཛུམ་པའི་མདངས་ཀྱིས་ཞབས་དྲུང་དུ་བསྡད་པ་ལས། རྣམ་པར་སྣང་མཛད་ཉིད་ཀྱིས་དངོས་སུ་བཀའ་བསྩལ་བ། འདུས་པའི་འཁོར་ཚོགས་ཁྱེད་རྣམས་ཀྱིས། །རྒྱལ་བ་ཀུན་གྱི་ཐུགས་ཀྱི་བཅུད། །ཡེ་ཤེས་གསང་དོན་རྟོགས་པར་ཤོག །དོན་དེ་ངེས་པར་མ་རྟོགས་ན། །བིམ་པ་ར་ཡི་འབྲས་བུ་བཞིན། ཞེས་གསུངས་པ་ལས། དེའི་ཚེ་དེའི་དུས་ན་ཕྱག་ན་རྡོ་རྗེ་སྟན་ལས་ལངས་ནས། སེང་གེའི་ལྟ་སྟངས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཁྱེད་ནི་གསུང་གི་ཡི་གེ་སྟེ། །བདག་ཅག་ཡེ་ཤེས་གསང་སྔགས་དོན་མ་རྟོགས་པས། བིམ་པ་རའི་འབྲུ་བཞིན་དུ། སྨིན་ཡང་འབྲས་བུ་མི་འབྱུང་བས། །ཡེ་ཤེས་གསང་དོན་རྟོགས་པར་འཚལ། །ཐུགས་རྗེའི་བདག་པོ་ཁྱོད་ཀྱིས་གསུངས། །དེང་དུས་བདག་ཅག་རྣམས་ཀྱིས་མ་རིག་པས། །ཡེ་ཤེས་གསང་དོན་བསྟན་དུ་གསོལ། །ཞེས་ཞུས་པས་བཀའ་སྩལ་བ། ཡེ་ཤེས་གང་བའི་ངོ་བོ་ནི། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །ནམ་མཁའ་བཞིན་དུ་སྐུ་ལ་ཁྱབ། །མ་རིག་ཡེ་ཤེས་ཐ་དད་མེད། །མ་རྟོགས་རྟོགས་པའི་ངོ་བོར་གཅིག །ཡེ་ཤེས་གསང་བའི་མཚན་ཉིད་ནི། །རང་གི་འོད་གསལ་རྣམ་པར་དག །རྣམ་རྟོག་ཡེ་ཤེས་ཉིད་དུ་གསལ། །གཞིར་བཞག་རང་ལུགས་རང་བཞིན་མཛོད། །རང་བྱུང་མ་རྩལ་གདོད་ནས་དག །ཡེ་ཤེས་གསང་བའི་དམ་པ་ཡིན། །སྣ་ཚོགས་སྣང་ལ་དངོས་སུ་མེད། །མི་དམིགས་མ་སྐྱེས་ལྷུན་གྲུབ་འདི། རྟོགས་ཤིང་ཡེ་ཤེས་རང་བྱུང་ལྟ་

(༤༤༣)བ་ཡིན། །ཞེས་གསུངས་པས་ཐེ་ཚོམ་བསལ་ནས། ལྟ་བ་རྟོགས་པའི་གདེང་དང་ལྡན་ནོ། །དེ་ནས་སྤྱོད་པའི་ཐབས་དང་ཤེས་རབ་previous hit དགོངས next hit་ཀློང་དུ་ཕེབས། དེའི་ཕྱིར་ན་རྒྱལ་བ་རིགས་ལྔའི་previous hit དགོངས next hit་ཕྱག་ན་རྡོ་རྗེའི་ཐུགས་ལ་ཤར་ནས། དེ་ནས་ཕྱག་ན་རྡོ་རྗེ་ལྷའི་གནས་གསུམ་དུ་ཕེབས་ཏེ། སྤྲུལ་པ་གྲངས་མེད་པ་སྐྱེ་ནས་སྐྱེ་མཆེད་མུ་བཞིའི་གནས་སུ། མཚན་དཔེ་རྣམ་གསུམ་མུན་པ་ཆུ་དང་ཉི་མ་ལྟ་བུས་བསྟན། ལུས་མེད་ཡིད་ལ་དབང་པོའི་སེམས་ཀྱིས་ཐེ་ཚོམ་བསལ་ལོ། །དེ་ཡང་མདོ་བཅུའི་ལུང་ལས། གཟུགས་མེད་ཆོས་ནི་དངོས་མ་གྲུབ། །ཡིད་ཡུལ་ཆོས་ལ་བཞི་རུ་ལྟ། །གཟུང་འཛིན་མེད་པས་རིག་པའི་ཆོས། །སྟོན་པ་སྐུ་དང་གསུང་དོར་ཏེ། །མི་གནས་མཚན་མའི་ཡུལ་འདས་ཐུགས། །ཞེས་གོ་ཞིང་རྟོགས་པས་ཡིད་ཆེས་སོ། །དེ་ནས་གཟུགས་ཁམས་གནས་རིས་བཅུ་བདུན་དུ་སྤྲུལ་ཏེ། བྲག་ཅི་ལྟར་བཤད་པས་གཟུགས་ཁམས་ཀྱི་ལྷ་ལ་འདི་སྐད་ཅེས་གསུངས་སོ། །མར་མེ་པདྨ་འབབ་ཆུ་སོགས། །དོན་དང་ཚིག་ལ་སྐབས་ཀྱིས་སྦྱོར། །ཞེས་གསུངས་པས། ངོ་བོ་གཉིས་མེད་དུ་རྟོགས་པས་པདྨ་ལྟར་བརྟན། མཚན་ཉིད་གསལ་བ་མར་མེ་ལྟ་བུ། དངོས་པོ་གཤིས་ཀྱི་གནས་ལུགས་རྒྱུན་མི་འཆད་པ་ཆུ་རྒྱུན་ལྟ་བུ། དེ་ཡང་གཟུགས་ཀྱི་ཁམས་ཀྱི་གནས་ནི་ཆགས་པའི་གནས། ང་རྒྱལ་ཞིང་ཆགས་པས་མངོན་པར་འགྲུབ་པ། གཟུགས་ལ་ང་རྒྱལ་མི་ཡིས་སྟོན་པས་བསྟན་པ་གསུམ་དུ་སྟོན། ལྟུང་བར་ཆགས་མེད་གསུང་དུ་བསྟན། །ཞེས་པས་ལྷ་ཚངས་པ་ཆེན་པོ་ལ་སོགས་པ་བསམ་གཏན་བཞི་ལ་ལྷ་བཅུ། གཙང་མ་རིགས་ཀྱི་ལྷ་ལྔ་ནི། །འདིར་

(༤༤༤)ནི་འདོད་ལྷ་མི་དགེ་དག་བསམ་གཏན་དང་པོས་ག་ན་མེད། །ཅེས་པས། དྲི་རོ་རེག་བྱ་མེད་པས་གཉིས་མེད་འདོད་ཆགས་མེད། མི་དགེ་བཅུ་མེད་གཟུགས་ནི་འཇའ་ཚོན་ལྟར། སྐྱེ་ཡང་གཞལ་ཡས་ཁང་དུ་མཉམ་པར་སྐྱེ། ཤི་བའི་ཚེ་ཡང་འཇའ་ཚོན་ཡལ་བཞིན་འགྲོ། ཞེས་མི་སྣང་བ་ཙམ་གྱི་ལྷུན་གྲུབ་གསུམ་དུ་གོ་ཞིང་གདེང་རྙེད་དོ། །རྫོགས་པ་ཆེན་པོའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ། གཟུགས་མེད་ཁམས་དང་། གཟུགས་ཁམས་གནས་རིས་བཅུ་བདུན་དུ་བྱོན་པའི་བར་སྐབས་ལགས་སོ།། །།དེ་ནས་འདོད་ཁམས་ཀྱི་ལྷ་དྲུག་ལ། སུམ་བཅུ་རྩ་གསུམ་གྱི་གནས། རི་རབ་ཀྱི་སྟེང་ལྕོག་ཆེན་པོ་བཞིའི་ན་རོལ་ནས། ཚལ་ཆེན་པོ་བརྒྱད་ཀྱི་དབུས་ནས། གྲོང་ཁྱེར་ཆེན་པོ་ལྟ་ན་སྡུག་ཅེས་བྱ་བ། དེའི་དབུས་ན་རྣམ་པར་རྒྱལ་བའི་ཁང་བཟངས་ཀྱི་འོག་གི་གཞི་ནི་གསེར་ལས་བྱས་པ། ལོགས་དང་ཟུགས་རྣམས་ཀྱི་རྩིག་པ་རིན་པོ་ཆེ་སྣ་ཚོགས་ལས་བྱས་པ། གློ་འབུར་དང་དབུ་རྩེ་རིམ་པ་གསུམ་དང་ལྡན་པ། དེའི་རྩེ་མོ་ན་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ཡོད་པ། ལྷ་དེ་བ་བཟང་སྐྱོང་གི་བུ་ཀུན་དགའ་སྙིང་པོ་ལས་ཅན་དུ་གཟིགས་ནས། ཐུགས་ཀྱི་སྤྲུལ་པ་ཕྱག་ན་རྡོ་རྗེ་ནི། སྲོག་ཤིང་གི་རྩེ་ན་ཡར་ཤིང་ཏ་ལ་བདུན་སྲིད་ཙམ་ན། previous hit དགོངས next hit་མི་གཡོ་བར་གསལ་ཞིང་ཕྱག་གསེར་གྱི་ཁ་དོག་ཅན་ལས་འོད་ཟེར་ཕྲོས་ནས་ཀུན་དགའ་སྙིང་པོ་རྒྱལ་བྱེད་ཀྱི་ཚལ་ཀུན་དགའ་ར་བ་ན་བསམ་གཏན་ལ་ལངས་ནས་འོད་ཀྱི་སྐས་ལ་འཛེགས་ཏེ། སྲོག་ཤིང་གི་རྩེ་མོ་གསེར་གྱི་འཁོར་ལོའི་ག་ན་ལ་བཞུགས་ཏེ། རིན་པོ་ཆེ་

(༤༤༥)རང་བཞིན་གྱིས་འོད་འབར་བའི་གདུགས་ཕུབ་ནས་གདུགས་ཕུབ་ནས། ལྟ་བའི་ས་ནི་ཁ་ས་མུ་ཏྲའི་རྒྱུད་ལས། ངོ་བོ་མ་གྲུབ་ཀུན་གྱི་དངོས། །མཚན་ཉིད་མི་འདྲ་རྟག་པར་དཀའ། །རྣམ་པ་ཅིར་ཡང་མ་འགགས་ཤར། །ཞེས་པས་ལྷུན་གྲུབ་གསུམ་རྒྱས་པར་བསྟན་ཞིང་ངོ་སྤྲད་དོ། །རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར་ནས། །གདམ་ངག་འཕྲུལ་གྱི་ལུང་དགུ་ཕོག །ཐིག་ལེ་ཆེན་པོའི་དབང་བསྐུར་ནས། །སེམས་ཉིད་འགྱུར་མེད་ཀྱི་གདམ་ངག་བྱིན། །མི་འགྱུར་བརྟན་པའི་དབང་བསྐུར་ནས། །སྤྱོད་ལམ་རིག་པའི་གདམ་ངག་བྱིན། །རྡོ་རྗེ་ལུང་གི་དབང་བསྐུར་ནས། །ཡེ་ཤེས་ངོས་གཟུང་གི་གདམ་ངག་བྱིན། །ལྷུན་གྲུབ་གསུམ་གྱི་དབང་བསྐུར་ནས། །སྐུ་གསུམ་ཐུག་ཕྲད་ཀྱི་གདམ་ངག་བྱིན། །གཉིས་མེད་འབྲེལ་བའི་དབང་བསྐུར་ནས། །ཕྱག་རྒྱ་ཆེན་པོའི་གདམ་ངག་བྱིན། །རྡོ་རྗེ་ཐུགས་ཀྱི་དབང་བསྐུར་ནས། །རྒྱལ་ཚབ་བསྐོ་བའི་གདམ་ངག་བྱིན། །དབང་དང་འབྲེལ་བའི་གདམ་ངག་བདུན་བྱིན། གཞན་ཡང་སྣང་བ་མཐའ་དག་གནང་སྟེ། རྒྱུད་སྡེ་དྲུག་བཅུ་ལྷ་ཡུལ་དུ་བཤད་དོ། །དེ་ནས་རྒྱལ་ཐབས་ཀྱིས་མི་ཡུལ་དུ་བསྟན་པ་སྒྲོགས་ཤིག །ཅེས་ལུང་བསྟན་ཏོ། །ཕྱག་ན་རྡོ་རྗེའི་ཞལ་ནས། ཡེ་ཤེས་རྩོལ་མེད་གསལ་བའི་ཐེག་པ་འདི། །ལྷ་གནས་གསུམ་དུ་གྲགས་གྱུར་ན། །ཡང་སྤྲུལ་གང་ཟག་ཐུགས་ཀྱིས་ནི། །འཛམ་གླིང་དབུས་སུ་རྒྱས་པར་བྱོས། ཞེས་ལུང་བསྟན་ཏོ། །འདོད་པའི་ཁམས་ཀྱི་ལྷ་ལ་དཔེ་གསུམ་གྱིས་བསྟན་ཏེ། རྒྱ་མཚོ་ཉི་མ་རིན་ཆེན་གཏེར། །ཞེས་པས། ངོ་བོ་གཉིས་མེད་རྒྱ་མཚོའི་དབྱིངས་ལྟར་མི་གཡོ་བར་བཤད། མཚན་

(༤༤༦)ཉིད་རང་རིག་ཉི་མ་ཤར་བ་ལྟར་བཏང་སྙོམས་ཆེན་པོས་ཀུན་ལ་ཁྱབ་པར་བཤད། རྣམ་པ་སྣ་ཚོགས་རྒྱུ་མ་རྩལ་བ་ནོར་བུ་རིན་པོ་ཆེ་ལྟ་བུར་དགོས་འདོད་ཐམས་ཅད་འབྱུང་བར་བསྟན། དེར་འདོད་པའི་ཁམས་ཀྱི་ལྷ་རྣམས་ཀྱི་ཐམས་ཅད་རྫོགས་པ་ཆེན་པོར་རྟོགས་ཏེ། སྤྱོད་པ་ཉམས་སུ་ལེན་དགོས་པ་སངས་རྒྱས་དང་མཉམ་མོ། །རྫོགས་པ་ཆེན་པོའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་ནི། འདོད་ཁམས་གསུམ་བཅུ་རྩ་གསུམ་བྱུང་བའི་དུས་ཀྱི་བར་ལགས་སོ། །དེ་ནས་རྫོགས་པ་ཆེན་པོ་ནས་ཕུན་སུམ་ཚོགས་པ་ལྔ་ནི། །འཛམ་བུའི་གླིང་དུ་བྱོན་པའི་གླེང་གཞི་ནི། རྒྱ་གར་གྱི་ཡུལ་འཛམ་བུའི་གླིང་གི་དབུས། རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །ཡུལ་རྒྱ་ཕུག །དྷ་ན་ཀོ་ཤའི་གླིང་། མཚོ་ཀུ་ཀྲ་ཀའི་འགྲམ་མངའ་བདག་རྒྱལ་པོ་དྷ་ན་ཏ་ལོ་ཞེས་བྱ་བ་ཡོད། དེའི་སྲས་ཐུ་བོ་ར་ཛ་ཧ་སྟི་བྱ་བ་ལ། སྲས་མོ་པ་ར་མི་ཏ་ཞེས་བྱ་བ་དང་། ཚ་མོ་བདེ་བྱེད་པ་ར་ནི་ཞེས་བྱ་བ་ཡོད་པ་ལས། སྲས་མོ་དེ་previous hit དགོངས next hit་ངེས་པའི་སེམས་ལྷག་པར་ཆེ་བས་དད་པ་དང་། བརྩོན་འགྲུས་ཀྱི་གོ་ཆ་དང་མི་འབྲལ་བས། སྐུ་རབ་ཏུ་བྱུང་ནས་དགེ་སློང་གི་ཁྲིམས་ཉི་བརྒྱ་ལྔ་བཅུ་བསྲུང་ཞིང་འཁོར་དགེ་སློང་མ་ལྔ་བརྒྱས་བསྐོར་ཏེ་གནས་པ་ལས། དེའི་དུས་ན། སྟོན་ཟླ་ཉའི་ཐོ་རངས་ཁ་གཉིད་དུ་སོང་བའི་རྨི་ལམ་ན། ཉི་མ་ཅིག་ཤར་ཏེ། རྐང་མཐིལ་ནས། ཡར་ཁོང་དུ་ཐིམ་ཞིང་། འོད་ཀྱིས་ལུས་ཐམས་ཅད་ཁྱབ་པར་རྨིས་སོ། །དེ་ལ་སེམས་དགའ་ཞིང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་སོ། །སྲས་མོ་མཚོ་ཀུ་ཀྲ་ཀའི་འགྲམ་དུ་ཁྲུས་ལ་ཕྱིན་ནས། ཞུས་བྱས་ཏེ་ཆོས་

(༤༤༧)སྤྱོད་རྫོགས་པར་བྱས་ནས། ཁ་ཤར་དུ་བལྟས་ཏེ་འདུག་ཙམ་ན། བྱ་ངང་པ་ལྔ་ཡང་བབས་ནས་ཁྲུས་བྱས་ནས་ཕྱིར་ནམ་མཁའ་ལ་འཕུར་ཏེ་སླར་ལོག་ནས། གཅིག་ཡར་བྱུང་ནས་སྲས་མོའི་ཐུགས་ཀར་ཆགས་ཏེ། གསེར་གྱི་གཤོག་པ་ཅན་དེས་མཆུ་ལན་གསུམ་གཏུགས་ནས། ཐུགས་ཀར་གསེར་གྱི་རྡོ་རྗེ་རྩེ་དགུ་པ་འོད་འབར་བ་ཅིག་བཞག་གོ། །དེར་སྲས་མོ་ཡ་མཚན་སྐྱེས་ཏེ། ཡབ་དང་འཁོར་ཐམས་ཅད་ལ་རྨི་ལམ་དེ་བཤད་པས། ཐམས་ཅད་ཤིན་ཏུ་དགའ་ནས། ཡབ་རྒྱལ་པོའི་ཞལ་ནས། སངས་རྒྱས་ཀྱི་བསྟན་པ་ཅིག་འབྱུང་ངེས་པར་འདུག་གསུངས་ཏེ། བསྲུང་བ་དང་རིམ་གྲོ་ཆེར་མཛད་དོ། །དེ་ནས་ཟླ་བ་ལྔ་ནས་སྲས་མོའི་ཐུགས་ཀ་ནས། ཕྱག་ན་རྡོ་རྗེ་བསྣམས་པའི་སྐྱེས་བུ་ཅིག་བྱོན་ཏེ། ཞལ་ནས། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། ཞེས་སྒྲོགས་པའི་ཞལ་མདངས་དང་ལྡན་པ་ཅིག་བྱོན་ནོ། །བྲམ་ཟེ་མཚན་མཁན་ལ་མཚན་བལྟས་པས། བྲམ་ཟེ་ན་རེ། སྲས་འདི་ནི་ཐོག་མ་ནས་ཀྱང་རྒྱལ་པོ་ཡབ་སྲས་འཁོར་དང་བཅས་པ་དགྱེས་ཤིང་མདངས་དང་ལྡན་པ་དང་། ཕྱག་ན་ཡང་རྡོ་རྗེ་བསྣམས་ཤིང་ངག་དུ་ཡང་། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ཞེས་སྒྲོགས་པའི་ཕྱིར་ན། མཚན་ཡང་དགའ་རབ་རྡོ་རྗེ་ཞེས་ཐོགས་ཤིག །ཅེས་བྲམ་ཟེ་གསུང་ངོ་། །སྲས་དེའི་བོངས་དང་ན་ཚོད་ཤིན་ཏུ་རྒྱས་ནས། གཞོན་ནུ་རོལ་རྩེད་ལ་སོགས་པ་ཐམས་ཅད་མཐར་ཕྱིན་པར་བྱས་ནས་རྒྱལ་ས་གཟུང་བ་དང་། རྒྱལ་ཁྲིམས་ཀུན་བསྲུངས་ནས། ཐུགས་རང་རྡོལ་དུ་བྱུང་ནས་ཆོས་བཤད་པར་བརྩམས་པ་ལ། རྒྱལ་པོའི་ཐུགས་ལ། ཐོ་ཅོ་དང་རང་གར་སོང་གྱིས་དོགས་ནས་ཐ་མལ་

(༤༤༨)པའི་སྐྱེ་བོ་ཀུན་གྱིས་མཐོང་བར། ལྷ་མོ་རེ་མ་ཏིའི་རྐང་འགྱོགས་གྲུབ་པའི་ལྕགས་ཀྱི་དྲེལ་རྟ་རྐང་གསུམ་ཞོན་པ་ཅིག་བང་ཆེན་དུ་བཏང་ནས། རི་རབ་ཀྱི་རྩེ་མོ་ནས་ནམ་མཁའི་མཐོངས་ནས། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་མཚན་དང་དཔེ་བྱད་དང་ལྡན་པ་ཅིག་སྤྱན་དྲངས་ནས། དེ་ལ་རིན་པོ་ཆེ་དགུ་བརྩེགས་ཀྱི་གདན་བཏིང་ནས་བཞུགས་སུ་གསོལ་ཏེ། །མཆོད་པ་དང་བསྟོད་པ་བྱས་ནས་ཆོས་ཞུས་སོ། །དེ་ནས་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར་ནས་མན་ངག་འཕྲུལ་གྱི་ལུང་དགུ་ཕོག། ཐིག་ལེ་ཆེན་པོའི་དབང་བསྐུར་ནས། །སེམས་ཉིད་འགྱུར་མེད་ཀྱི་མན་ངག་བྱིན། །མི་འགྱུར་བརྟན་པའི་དབང་བསྐུར་ནས། །སྤྱོད་ལམ་ལྷུག་པའི་མན་ངག་བྱིན། །རྡོ་རྗེ་ལུས་ཀྱི་དབང་བསྐུར་ནས། །ཡེ་ཤེས་གཟུངས་ཀྱི་མན་ངག་བྱིན། །ལྷུན་གྲུབ་གསུམ་གྱི་དབང་བསྐུར་ནས། །སྐུ་གསུམ་ཐུག་ཕྲད་ཀྱི་གདམ་ངག་བྱིན། །དབྱེར་མེད་རང་གྲོལ་གྱི་དབང་བསྐུར་ནས། །ཕྱག་རྒྱ་ཆེན་པོའི་གདམ་ངག་བྱིན། །རྡོ་རྗེ་ལུང་བསྟན་གྱི་དབང་བསྐུར་ནས། །རྒྱལ་ཚབ་སྐྱེས་བུའི་ལུང་བསྟན་གནང་། །དབང་དང་འབྲེལ་བའི་གདམ་ངག་བདུན་ཕོག་ནས། །གདམ་ངག་མཐའ་དག་རྒྱུད་སྡེ་དྲུག་བཅུ་བཤད། སྣང་བ་བྱིན། དབང་རྟགས་གསེར་གྱི་ཕྱག་ཤིང་ལག་ཏུ་གཏད་དེ། དགའ་རབ་རྡོ་རྗེ་ད་ནི་རྒྱལ་ཐབས་སུ་བཞག་སྟེ། །བསྟན་པ་སྒྲོགས་ཤིག་པར་ལུང་བསྟན་ཏོ། །བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་དེས་ལུང་འདི་ལྟར་བསྒྲགས་ཏེ། སྐུ་སྤྲུལ་ཐུགས་རྡོ་རྗེའི་སྐུ་ཡིས་ཟིལ་གྱིས་གནོན། གསུང་ནི་རིག་པའི་གསུང་གིས་བསྟན་པ་རྒྱས་པར་སྒྲོགས། ཀུན་ཀྱང་རང་བྱུང་ང་ཡི་ཐུགས་སུ་མ་ཆུད་མེད། རྣམ་པ་མཚན་ཉིད་རང་བཞིན་གསུམ། །

(༤༤༩)ལ་བཅོས་བདེ་བ་ལྷུན་གྱིས་གྲུབ། །previous hit དགོངས next hit་འབྱུང་བ་ལྔ་ལ་རག་མ་ལུས། །སྐུ་གསུང་ཐུགས་ལ་རྟན་མི་བཅད། །ཅི་ལའང་རིག་པ་བློ་ཡིས་མ་སླད་ན། །རང་བཞིན་ཐོག་ཏུ་ཕེབས་པ་ཡིན། །ཞེས་གསུངས་ནས་ཆོས་ཀྱི་དབྱིངས་སུ་ཐིམ་མོ། །དེ་ལ་མངོན་པར་ཤེས་པ་ལྔ་དང་ལྡན་པའི་དགའ་རབ་རྡོ་རྗེ་ཉམས་མྱོང་གི་ལུང་ལས། བདག་ནི་དགའ་རབ་རྡོ་རྗེ་སྟེ། །མངོན་པར་ཤེས་པ་ལྔ་དང་ལྡན། །མངོན་ཤེས་ཤའི་སྤྱན་གྱིས་སྟོང་གསུམ་གཟིགས། ལྷའི་སྤྱན་གྱིས་དམྱལ་བའི་སྡུག་བསྔལ་ཡན་ཆད་ནས། དགའ་ལྡན་ལྷ་ཡུལ་མན་ཆད་ཀྱི། །འཆི་འཕོ་སྐྱེ་བ་ཐམས་ཅད་མཐོང་། །མངོན་ཤེས་ཤེས་རབ་སྤྱན་དང་ལྡན། །ཆོས་དབྱིངས་སྐྱེ་འགག་མེད་པར་རྟོགས། །ཐམས་ཅད་གདོད་ནས་ཡེ་སངས་རྒྱས་པར་མཁྱེན། །མངོན་ཤེས་སངས་རྒྱས་སྤྱན་གྱིས་ནི། །ལྷུན་གྲུབ་གསུམ་གྱི་གདེང་དང་ལྡན། །སངས་རྒྱས་ས་གསུམ་དུས་གཅིག་མནོན། །སྐྱེ་ཤི་མེད་པའི་ཆོས་སྐུར་རྟོགས། །སེམས་ལ་སྐྱེ་འགག་མེད་པས་ནམ་མཁའ་འདྲ། །སེམས་ཀྱི་རང་བཞིན་སངས་རྒྱས་ཏེ། །སེམས་ཉིད་མ་བཅོས་བཞག་པས་སྒོམ་པ་ཡིན། །དཔེར་ན་ནམ་མཁའི་མཐོངས་དག་ནས། །ནམ་མཁའ་ཡི་ནི་ཆོ་འཕྲུལ་བྱུང་། །རང་བྱུང་རང་བཞིན་ནམ་མཁའ་ཉིད་ཀྱི་དབྱིངས། །སེམས་ཀྱི་ཀློང་ནས་སེམས་ཀྱི་བྱུང་ཚོར་སྣ་ཚོགས་བྱུང་། །རང་བྱུང་རང་ཞི་བྱར་མེད་སྒོམ་པ་སྟེ། །དེ་སྐད་ཅེས་གསུངས་པས། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གསང་སྔགས་གསང་བའི་སྣོད་དུ་རུང་བ་ཐམས་ཅད་འདུས་སོ། རྫོགས་པ་ཆེན་པོ་མི་ཡུལ་དུ་བྱོན་པའི་ཕུན་སུམ་ཚོགས་པ་ལྔ་ནི། སྟོན་པ་ཕུན་སུམ་ཚོགས་པ་ནི་སྤྲུལ་པའི་སྐུ་ཕྱག་ན་རྡོ་རྗེའོ། གནས་ཕུན་སུམ་ཚོགས་པ་ནི། རྡོ་རྗེ་གདན་གྱི་བྱང་

(༤༥༠)ཕྱོགས་རྒྱ་ཕུག་དྷ་ན་ཀོ་ཤའི་གླིང་། མཚོ་ཀུ་ཀྲ་ཀའི་འགྲམ་མོ། །བསྟན་པ་ཕུན་སུམ་ཚོགས་པ་ནི་རྫོགས་པ་ཆེན་པོའི་རྒྱུད་སྡེ་གྲངས་མེད་པའོ། །འཁོར་ཕུན་སུམ་ཚོགས་པ་དགའ་རབ་རྡོ་རྗེ་དང་ར་ཙ་ཧ་སྟི་ལ་སོགས་པ་གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་སོ། །དུས་ཕུན་སུམ་ཚོགས་པ་ནི་ཡ་ཐོག་དང་པོའི་དུས་སོ། །དེ་ནི་མི་ཡུལ་དུ་བྱོན་པའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་ཡིན། བསྐལ་པ་གྲངས་མེད་པ་ནས་སྒྲིབ་པ་སྦྱངས་ཤིང་འཕགས་པ་འཇམ་དཔལ་ལ་གྲུབ་པ་བརྙེས་པ། མཁྱེན་པ་གསལ་བར་གྱུར་པ་འཇམ་དཔལ་བཤེས་གཉེན་ལ་རྡོ་རྗེ་གདན་དུ་བཤད་དོ། །དེ་ནས་འཇམ་དཔལ་བཤེས་གཉེན་གྱིས་མཆོག་གི་དངོས་གྲུབ་ཐོབ་ནས། བདག་ཉིད་ཀྱི་རྟོགས་པའི་previous hit དགོངས next hit་བཏང་བ། བདག་ནི་འཇམ་དཔལ་བཤེས་གཉེན་ཏེ། །སྒྲིབ་པ་རྣམ་གཉིས་སྔོན་ནས་སྦྱངས། ཐམས་ཅད་མཁྱེན་པའི་ཡེ་ཤེས་གསལ། །གཤིན་རྗེ་གཤེད་ཀྱི་དངོས་གྲུབ་ཐོབ། །འཁོར་འདས་གཉིས་མེད་མཉམ་པའི་དོན་རྟོགས་པས། །འབྱུང་ལྔ་རིགས་ཀྱི་ཡུམ་ལྔར་མཉམ། །ཡུམ་ལྔ་རིགས་ཀྱི་ཡབ་ལྔར་མཉམ། སེམས་ཉིད་ཀུན་བཟང་རྡོ་རྗེ་སེམས་དཔར་མཉམ། དེ་ལྟར་རྟོགས་པས་མཉམ་པ་ཆེན་པོ་སྟེ། །མཉམ་པའི་དོན་ལ་མ་ཡེངས་སྒོམ་པ་ཡིན། །ཞེས་འཇམ་དཔལ་བཤེས་གཉེན་གྱིས་གསུངས་སོ། །དེ་ཡན་ཆད་ཡང་དག་དོན་གྱི་འོག་མིན་དང་། ལྷ་རིས་གསུམ་དང་མིའི་ཡུལ་དུ་རྫོགས་པ་ཆེན་པོ་བྱོན་ལུགས་ཀྱི་ཕུན་སུམ་ཚོགས་པ་ལྔ་ལྔའི་རིམ་པ་བསྟན་པའོ། །རྫོགས་པ་ཆེན་པོ་རང་བཞིན་གྱི་སྐུའི་བསྟན་པ་ཕུན་སུམ་ཚོགས་པ་ནི། ཡང་དག་དོན་གྱི་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། དཔལ་ཀུན་ཏུ་བཟང་པོ་རང་བཞིན་གྱི་ཕུན་སུམ་ཚོགས་པར་བཞུགས་པ་ལས་

(༤༥༡)དཔལ་རྡོ་རྗེ་སེམས་དཔས་ནམ་མཁའི་དབྱིངས་ནས་མཉན། བཤད་ཅིང་གོ་བ་མ་ཡིན་ཏེ། བྱིན་གྱིས་བརླབས་ཀྱི་གོ་བར་ཟད། །རྡོ་རྗེ་སེམས་དཔས་ནམ་མཁའི་དབྱིངས་ནས་བཤད། །ཕྱག་ན་རྡོ་རྗེས་གཟུགས་མེད་ཁམས་ནས་མཉན། །བཤད་ཅིང་གོ་བ་མ་ཡིན་ཏེ། །བྱིན་གྱིས་བརླབས་ཀྱིས་གོ་བར་ཟད། ཕྱག་ན་རྡོ་རྗེས་ལྷ་ཡུལ་གསུམ་ནས་བཤད། །དགའ་རབ་རྡོ་རྗེས་རི་རབ་རྩེ་ནས་མཉན། །བཤད་པས་གོ་བ་མ་ཡིན་ཏེ། །བྱིན་གྱི་རླབས་ཀྱིས་གོ་བར་ཟད། །དགའ་རབ་རྡོ་རྗེས་རིའི་རྩེ་ནས་བཤད། །འཇམ་དཔལ་བཤེས་གཉེན་རྒྱ་མཚོའི་གླིང་ནས་མཉན། །བཤད་པས་གོ་བ་མ་ཡིན་ཏེ། །བྱིན་གྱིས་བརླབས་ཀྱིས་གོ་བར་ཟད། །འཇམ་དཔལ་བཤེས་གཉེན་རྒྱ་མཚོའི་གླིང་ནས་བཤད། །ཀླུ་རྒྱལ་འཇོག་པོས་རྒྱ་མཚོའི་གཏིང་ནས་མཉན། །བཤད་པས་གོ་བ་མ་ཡིན་ཏེ། །བྱིན་གྱིས་བརླབས་ཀྱིས་གོ་བར་ཟད། །ཀླུ་རྒྱལ་འཇོག་པོ་ལ་སོགས་པས། །ཀླུའི་ཡུལ་དང་། རྒྱ་གར་མི་ཡུལ་དུ་ཐེག་པ་བརྒྱད་ལ་རྒྱུད་སྦྱང་བའི་ལས་ཅན་སྐལ་བ་དང་ལྡན་པ་གནམ་གྱི་སྐར་མ་ཙམ། མཆོག་གི་དངོས་གྲུབ་ཐོབ་ཅིང་། རྡོ་རྗེ་སེམས་དཔའ་དང་previous hit དགོངས next hit་མཉམ་པར་གྱུར་ཏོ། ། དེ་ཡན་ཆད་བདེ་བར་གཤེགས་པས་བྱིན་གྱིས་བརླབས་པའི་བརྒྱུད་པ་དང་། རིག་འཛིན་རྡོ་རྗེ་འཛིན་པའི་བརྒྱུད་པའོ། །ནུབ་བདེ་བ་ཅན་དང་ཐ་དད་མེད་པའི་སྐུ་རྒྱལ་བོད་ཀྱི་ཡུལ་དུ་རྫོགས་པ་ཆེན་པོའི་སྟོན་པ་བྱོན་པ་ནི། སློབ་དཔོན་པདྨ་སམྦྷ་ཝ་དང་། བཻ་རོ་ཙ་ན་དང་། བི་མ་ལ་མི་ཏྲ་དང་། གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་དང་། གནུབས་པདྨ་དབང་རྒྱལ། ནམ་མཁའི་སྙིང་པོ་ལ་སོགས་པ་རྣམས་ཀྱིས་རྒྱ་གར་ནས་གདན་

(༤༥༢)དྲངས་ནས། འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་དར་ཞིང་རྒྱས་པར་མཛད་པའོ། །གཞན་ཡང་པཎྜི་ཏ་མང་པོ་དང་། ལོ་ཙ་བ་དཔག་ཏུ་མེད་པ་བྱོན་ནས་རྫོགས་པ་ཆེན་པོའི་བསྟན་པ་དར་ཞིང་རྒྱས་པར་མཛད་དོ། །རྗེ་ཁྲི་སྲོང་ལྡེ་བཙན་གྱིས་དབུ་མཛད་པའི་རྒྱལ་བུ་གཡུ་སྒྲ་བརྙིང་པོ་ལ་སོགས་པའི་སྐལ་བ་དང་ལྡན་པ་གནམ་གྱི་སྐར་མ་ཙམ་མཆོག་གི་དངོས་གྲུབ་ཐོབ་ཅིང་ཐམས་ཅད་རིག་འཛིན་གྱི་སར་གཤེགས་སོ། །རྒྱུ་འབྲས་ལས་འདས་པའི་ཐེག་པ། ཐེག་པ་དགུའི་ཡང་རྩེ་རྫོགས་པ་ཆེན་པོ་ལ་ཡང་དབྱེ་ན་རྣམ་པ་གསུམ་དུ་འབྱེད་དོ། །རྫོགས་པ་ཆེན་པོ་ཨ་ནུ་དང་ཆ་མཐུན་པ་དང་། རྫོགས་པ་ཆེན་པོ་ལ་སྒྲོལ་ཤན་འབྱེད་ཀྱི་ཐེག་པ་དང་། རང་བཞིན་ལྷུན་གྱིས་གྲུབ་པའི་རྫོགས་པ་ཆེན་པོ་ཐེག་པ་ཀུན་ལས་འདས་པའི་རྒྱ་མཚོ་ཀློང་ཆེན་རབ་འབྱམ་དཔལ་ཀུན་ཏུ་བཟང་པོའི་previous hit དགོངས next hit། གཞི་ཅི་བཞིན་པ་ནམ་མཁའ་ལྟར་རྒྱ་ཆེ་ཞིང་མཐའ་ཡས་པས། ཉི་ཟླ་ལྟར་མདངས་གསལ་ཞིང་སྒྲིབ་པ་མེད་པའི་རང་བྱུང་གི་ཡེ་ཤེས། ཀུན་གསལ་ཆེན་པོའི་རྫོགས་པ་ཆེན་པོ་སྟེ། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་བོད་སྐད་དུ། ཤིན་ཏུ་རྣལ་འབྱོར་གྱི་བསྟན་པ་ལ་ཡང་རྒྱུད་དང་མན་ངག་གཉིས་ཡིན་པ་ལས། འདིར་བསྟན་པ་ཕུན་སུམ་ཚོགས་པ་རྒྱུད་དང་མན་ངག་གཉིས་ཀའི་བསྟན་པ་ལས། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོའི་རྒྱུད་དང་། རྫོགས་པ་ཆེན་པོ་ངེས་དོན་འདུས་པའི་རྒྱུད། ལྟ་བ་ཐམས་ཅད་ཀྱི་སྙིང་པོ་རིན་པོ་ཆེ་རྣམ་པར་བཀོད་པ་དང་། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ཅེས་བྱ་བ་དང་། །རྫོགས་པ་ཆེན་པོ་ལ་

(༤༥༣)རིག་མུན་པ་སེལ་བར་བྱེད་པའི་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་དང་། རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པའི་ཆོས་སྐུ་སྐྱེ་མེད་རིག་པའི་རྒྱུད་དང་། རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པའི་རྒྱུད་རིན་པོ་ཆེ་གཏེར་གྱི་འབྱུང་གནས་ཀྱི་རྒྱུད་དང་། མན་ངག་རྒྱ་མཚོ་ཀློང་དང་། མན་ངག་རིག་པའི་གནད་དགུ་དང་། །མན་ངག་བྱང་ཆུབ་ཀྱི་སེམས་ཀྱི་ཡང་ཐིག་གི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བའི་རྒྱུད་དང་། སྤྱི་གཅོད་ཀྱི་མན་ངག་དང་། མན་ངག་རྩ་བ་བསྡུས་པའི་རྒྱུད་དང་། མན་ངག་ཉག་གཅིག་དགོངས་པའི་རྒྱུད་དང་། མན་ངག་ཡི་གེ་མེད་པའི་རྒྱུད་དང་། མན་ངག་མཐའ་དགུ་སེལ་བའི་རྒྱུད་དང་། དྲི་མེད་རྣམ་པར་དག་པའི་རྒྱུད་དང་། མན་ངག་འགྱུར་མེད་རྡོ་རྗེའི་རྒྱུད་དང་། མན་ངག་བསམ་གཏན་ཅོག་བུའི་རྒྱུད་དང་། མན་ངག་ཐུགས་ཀྱི་ཡང་གཏེར་གྱི་རྒྱུད་དང་། མན་ངག་འཕྲུལ་གྱི་ཡང་གཏེར་གྱི་རྒྱུད་དང་། མུ་ཏིག་ཕྲེང་བ་ཐམས་ཅད་ཀྱི་རྒྱུད་དང་། ཀློང་ཆེན་རབ་འབྱམ་ལས་ལྟ་བ་མཐར་ཐུག་པ་སྟོན་པར་བྱེད་པ་ལས། ཀློང་ཆེན་རབ་འབྱམ་གཞི་གསུངས་པ་ལས། རྫོགས་པ་ཆེན་པོ་ཐམས་ཅད་ཀྱི་ལྟ་བ་མཐར་ཐུག་པ་སྟོན་པ་ནི་ཀློང་ཆེན་གོང་མའོ། །ཀློང་ཆེན་འོག་མ་དང་བར་མའི་སྡེ་ཚན་ལ་རྫོགས་པ་ཆེན་པོ་སྤྱི་གཅིག་དང་། རྩེ་མོ་བྱུང་རྒྱལ་དང་། ཡིད་བཞིན་ནོར་བུ་དང་། ཀློང་ཡངས་རྒྱ་མཚོ་བདེ་འབྱམ་དང་། བྱང་ཆུབ་ཀྱི་སེམས་སྒོམ་པ་དོན་དྲུག་པ་དང་། སྤྱི་བཅིངས་སྔགས་ཀྱི་ལུང་དང་། ཡེ་ཤེས་གསང་བའི་སྒྲོན་མ་དང་། རིན་པོ་ཆེ་མན་ངག་གི་རྒྱུད་དང་། རྫོགས་ཆེན་ངེས་དོན་འདུས་པའི་མན་ངག་གི་

(༤༥༤)ཡང་སྙིང་ཀུན་ཏུ་བཟང་པོའི་ཡེ་ཤེས་ཀློང་གི་རྒྱུད་དང་། རིན་པོ་ཆེ་གསེར་གྱི་ཡང་ཞུན་གྱི་རྒྱུད་དང་། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་དང་། རྫོགས་པ་ཆེན་པོ་ས་གཅིག་པའོ། །ལྟ་བ་ཀློང་ཆེན་རབ་འབྱམས་སངས་རྒྱས་ཀྱི་previous hit དགོངས next hit་གཞི་ཅི་བཞིན་པའི་མན་ངག་རྣམས་སོ། །རྫོགས་པ་ཆེན་པོ་ཀུན་བྱེད་རྒྱལ་པོ་དང་། དེ་ལས་འཕྲོས་པ་རྩལ་ཆེན་སྤྲུལ་པ་དང་། སེམས་སྒོམ་ཐིག་ལེ་དྲུག་པ་དང་། །ཁྱུང་ཆེན་ལྡིང་བ་དང་། རིག་པའི་ཁུ་བྱུག་དང་། རྡོ་རྗེ་སེམས་དཔའི་ལྟ་བ་ནམ་མཁའ་ཆེ་དང་། བྱང་ཆུབ་ཀྱི་སེམས་བསྒོམ་པ་རྡོ་རྗེ་ལ་གསེར་ཞུན་དང་། ལྟ་བ་ནམ་མཁའི་རྒྱལ་པོ་དང་། རིན་པོ་ཆེ་ཕྲ་བཀོད་དང་། རྗེ་ཙན་དམ་པ་དང་། བྱང་ཆུབ་ཀྱི་སེམས་སྤྲོས་པ་མེད་པའི་ཏིང་ངེ་འཛིན་དང་། རིན་པོ་ཆེ་ཀུན་འདུས་སྲོག་གི་འཁོར་ལོའོ། །རྫོགས་པ་ཆེན་པོ་ཐམས་ཅད་ཀུན་གྱི་རྩ་བ། རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་བཀྲ་ཤིས་མི་འགྱུར་གསལ་བར་གནས་པའི་རྒྱུད་དང་། ཡོན་ཏན་རྫོགས་པ་རྣམ་པར་རོལ་བའི་རྒྱུད་དང་། ཀུན་ལ་འཇུག་པ་རྣམ་དག་རྟོག་པའི་རྒྱུད་དང་། ཐིག་ལེ་རྒྱ་མཚོ་གནས་ལ་འཇུག་པའི་རྒྱུད་དང་། རིན་ཆེན་བཀོད་པ་རྣམ་པར་དབྱེ་བའི་རྒྱུད་དང་། ནམ་མཁའ་ཆེ་རྡོ་རྗེ་ཚིག་གི་སྤྲིན་ཞེས་བྱའོ། །རྒྱུད་དེ་རྣམས་ཐམས་ཅད་ནི་ཤིན་ཏུ་རྣལ་འབྱོར་ཆེན་པོ་ཀུན་ལ་ཁྱབ་པའི་སྤྱི་རྒྱུད་དོ། །རྫོགས་པ་ཆེན་པོའི་ལྟ་སྒོམ་ཐམས་ཅད་ཀྱི་རྩ་བ་སྙིང་པོའི་རྒྱུད་ནི། རྫོགས་པ་ཆེན་པོའི་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལྟ་སྒོམ་ཐམས་ཅད་ཀྱི་སྙིང་པོ། རིན་པོ་ཆེ་རྣམ་པར་བཀོད་པའི་རྒྱུད་ཆེན་པོ་དང་། དེ་ལས་

(༤༥༥)འཕྲོས་པ་ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་དང་། སངས་རྒྱས་ཐམས་ཅད་འབྱུང་བའི་རྒྱུད་ཡེ་ཤེས་ཆོས་སྐུ་དོན་འདུས་རིག་པའི་རྒྱུད་དང་། གསུང་གསང་བ་ཐུགས་ཀྱི་ཏིང་ངེ་འཛིན་རང་བྱུང་བདེ་བའི་འཁོར་ལོ་མཐར་ཕྱིན་པའི་འབྲས་བུའི་རྒྱུད་དང་། ཐིག་ལེ་ཀུན་གསལ་ཆེན་པོའི་རྒྱུད་དང་། མན་ངག་རྫོགས་པ་ཆེན་པོའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱས་པའི་རྒྱུད་ཆེན་པོ་དང་། རིན་པོ་ཆེ་རྒྱས་པའི་རྒྱུད་ཕྱི་མ་དང་། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་སུ་འདུས་པའི་མདོ་དང་། བྱང་ཆུབ་ཀྱི་སེམས་སྐྱོབ་པ་ཞེས་བྱ་སྟེ། རྫོགས་པ་ཆེན་པོ་ལྟ་བ་དང་སྤྱོད་པ་དང་སྒོམ་པ་དང་འབྲས་བུ་ཐམས་ཅད་ཡོངས་སུ་རྫོགས་པར་སྟོན་པའི་རྒྱུད་རྣམས་སོ། །བང་མཛོད་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་དང་། བང་མཛོད་ཀྱི་རྒྱུད་ཀྱི་ཕྱི་མ་ཡང་འབྱེད་འཕྲུལ་གྱི་ལྡེ་མིག་དང་། ཕྱི་མའི་ཕྱི་མ་བང་མཛོད་འཕྲུལ་གྱི་མེ་ལོང་ཞེས་བྱ་བ་དང་། བང་མཛོད་ཀྱི་རྒྱུད་ཀྱི་རྩེ་མོ་མན་ངག་ཐམས་ཅད་ཀྱི་སྡོམ་ཞེས་བྱ་བའི་རྒྱུད་དེ། དེ་རྣམས་ཐམས་ཅད་བང་མཛོད་ཀྱི་རྒྱུད་ཀྱི་སྐོར་རོ། །རྫོགས་པ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་previous hit དགོངས next hit་གཅིག་ཏུ་བཀའ་སྒྲུབས་པ་དང་། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ཅེས་བྱ་བ་དང་། དེའི་ཕྱི་མ་སྐུ་གསུམ་ཡེ་ཤེས་ལྔའི་རྒྱུད། འཇམ་དཔལ་ཡེ་ཤེས་previous hit དགོངས next hit་ཞེས་བྱ་བ་དང་། དེའི་ཕྱི་མ་སྐུ་གསུམ་སྣང་བ་ངོ་སྤྲོད་པ་ཞེས་བྱ་བ་སྟེ། ཀུན་གྱི་ཆིངས། གསུང་གི་རྒྱུད་རྡོ་རྗེ་རྩེ་མོ། །འདུས་པ་ལ་རྒྱུད་ཕྲན་བདུན་ཡོད་པ་ལས་གཅིག་ཏུ་བརྩིས་པ་ཞེས་བྱ་བ་དང་། དཔལ་ཀུན་ཏུ་བཟང་པོའི་ཐུགས་ཀྱི་རྒྱུད་རིན་པོ་ཆེས་

(༤༥༦)སྤྲས་པའི་རྒྱན་ཞེས་བྱ་བ་སྟེ། བང་མཛོད་འདི་རྣམས་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སོ་སོར་འབྱེད་ཅིང་སྟོན་པར་བྱེད་པ་སྟེ། དཔེར་ན་རྒྱལ་པོའི་བང་མཛོད་ཕྱེ་ན་རྫས་དང་ལོངས་སྤྱོད་ཅི་ཡང་མི་འབྱུང་བ་མེད་པ་དེ་བཞིན་དུ་རྫོགས་པ་ཆེན་པོའི་རྒྱུད་འདི་རྣམས་ཀྱང་འཁོར་འདས་ལ་སྒྲོལ་ཞིང་ཤན་འབྱེད་ཨ་ནུའི་ཨ་ཏི་ཙམ་ཡིན་པའི་ཐེག་པ་ཙམ་ཡིན། རྫོགས་པ་ཆེན་པོའི་ཀློང་ཆེན་རབ་འབྱམས་ལ་ཀློང་རྒྱ་བཞི་ཡོད་པ་ལས། འཁོར་འདས་གཉིས་ཀྱི་གནས་ལུགས་ཀུན་ཏུ་བཟང་པོ་ཡེ་ནས་སངས་རྒྱས་པ་ལས། previous hit དགོངས next hit་གཞི་ཅི་བཞིན་པ་ཐེག་པ་གང་དུ་ཡང་མི་འདོགས་ཤིང་། ནམ་མཁའ་མཐའ་ཡས་པ་ལྟ་བུའི་རྫོགས་པ་ཆེན་པོ་ལས་ཕྱི་སྣོད་ནང་བཅུད་ཐམས་ཅད་ནམ་མཁའ་ལས་བྱུང་ཞིང་ནམ་མཁའ་ལ་བརྟེན་ནས་ནམ་མཁའི་ཁོངས་སུ་མ་ཆུད་པ་མེད་པ་དེ་བཞིན་དུ། ལྟ་བ་རྟོགས་པ་གནས་ལུགས་མཐར་ཐུག་པ། རྒྱ་མཚོ་ནམ་མཁའི་ཀློང་འབྱམ་ཀླས་པ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་བྱུང་ཡང་རྒྱ་མཚོའི་ཀློང་ལས་བྱུང་། གནས་ཀྱང་རྒྱ་མཚོའི་ཀློང་ལ་གནས། ཐིམ་ཡང་རྒྱ་མཚོའི་ཀློང་དུ་ཐིམ་པ་སྟེ། རྫོགས་ཀྱང་རྒྱ་མཚོའི་ཀློང་དུ་རྫོགས། རྒྱ་མཚོའི་ཀློང་གིས་མ་ཁྱབ་པ་དང་། མ་བྱུང་བ་དང་། མ་རྫོགས་པ་གང་ཡང་མེད་པ་ཡིན་པའི་ཕྱིར་ན། རྫོགས་པ་ཆེན་པོ་མདོ་བཅུ་གཉིས་པའི་ལུང་ལས་ཀྱང་། ཆོས་སྐུ་བྱང་ཆུབ་ཀྱི་སེམས་རྒྱ་མཚོ་ཀློང་ཉིད་ལ། སངས་རྒྱས་རྫོགས་ལ་སེམས་ཅན་རྫོགས། །འཇིག་རྟེན་རྫོགས་ལ་འདས་པ་རྫོགས། །བདེ་དང་སྡུག་བསྔལ་གཉིས་མེད་རྫོགས། །ཐེག་པ་རྫོགས་ལ་ཆོས་ཉིད་རྫོགས། ཡོད་པའི་མཐའ་རྫོགས་

(༤༥༧)མེད་མཐའ་རྫོགས། །གཅིག་རྫོགས་གཉིས་རྫོགས་ཐམས་ཅད་རྫོགས། །བདེ་དང་སྡུག་བསྔལ་གཉིས་མེད་རྫོགས། །ཐེག་པ་རྫོགས་ལ་ཆོས་ཉིད་རྫོགས། །དུས་གསུམ་སངས་རྒྱས་previous hit དགོངས next hit་རྫོགས། །འཇིག་ཆགས་མུ་གེའི་སྐལ་བ་དང་། །སྡུག་བསྔལ་ཆོ་འཕྲུལ་ཆེན་པོ་རྫོགས། །རྫོགས་པ་ཆེན་པོར་ཀུན་རྫོགས་ཏེ། །ཀློང་ཆེན་རབ་འབྱམ་དོན་རྟོགས་པའི། །ཤིན་ཏུ་རྣལ་འབྱོར་རབ་རྣམས་ལ། །ཐ་དད་དུ་མར་འཆར་མི་སྲིད། །ཆོས་དབྱིངས་མཐའ་ཡས་མུ་མེད་ལ། །རིམ་དགུ་བཀའ་དང་བསྟན་བཅོས་སོགས། །གྲངས་མཐའ་ཡས་པར་བཞུགས་ལགས་ཀྱང་། །ཀློང་ཆེན་རབ་འབྱམ་ཆ་ལག་ཡིན། །ཀློང་ཆེན་རབ་འབྱམ་ཉིད་ལ་རྫོགས། ཞེས་གསུངས་པའི་ཕྱིར་ན། དེ་རྟོགས་ཤིང་ཉམས་བསྐྱེད་པའི་ཐབས་ལ། རྫོགས་ཆེན་གྱི་རྒྱུད་སྡེ་ཐམས་ཅད་བྱུང་བ་སྟེ། བོད་ལ་འགྱུར་བའི་དབང་དུ་བྱས་ན་ཡང་། སྔ་འགྱུར་ཕྱི་འགྱུར་བཅུ་གསུམ། བཀའ་གཤའ་མ་རྒྱུད་སྡེ་དྲུག་བཅུ་ཐམ་པའོ། །བམ་པོ་ཉི་ཁྲི་བཞུགས་སོ། །དེ་ལས་འཕྲོས་པ་རྫོགས་ཆེན་གྱི་མན་ངག་དང་རྒྱུད་ལ་སོགས་པ་མང་པོ་འགྱུར་བ་སྟེ། དེ་ཡང་རྒྱ་མཚོ་ཀློང་གི་ཆ་ལག་ཡིན། རྒྱ་མཚོ་ཀློང་ལ་སྐོར་རྣམ་པ་བཞི་ཡོད་པ་སྟེ། གོང་དུ་མན་ངག་ངག་གི་སྐོར་རྣམས་བྲིས་པ་ལགས། དགའ་རབ་རྡོ་རྗེའི་དུས་སུ་མིའི་ཡུལ་དུ་གསུང་ཚད་ལ་བམ་པོ་ཉི་ཁྲི་བཞུགས་པར་བཞེད་པ་ཡིན། སྐབས་འདི་ན་ཀློང་ཆེན་པོའི་གཞུང་བར་མ་འོག་མ་གཉིས་ལས། རྫོགས་པ་ཆེན་པོའི་ཀློང་ཆེན་རབ་འབྱམ་ཞེས་བྱ་བ་དང་། ཐིག་ལེ་ཀློང་ཡངས་སྐྱེ་ཤི་རྩད་གཅོད་ཀྱི་སྒྲོན་མ་ཞེས་བྱ་བ་དང་། མཐའི་མུན་སེལ་སྒྲོན་མ་ཞེས་བྱ་བ་དང་། མན་ངག་གསང་བའི་ཡང་ཐིག་གི་སྒྲོན་མ་ཞེས་བྱ་བ་དང་། མཐའི་མུན་སེལ་སྒྲོན་མ་

(༤༥༨)ཆེན་པོ་ཞེས་བྱ་བ་དང་། ཡེ་ཤེས་ཀྱི་སྒྲོན་མ་ཞེས་བྱ་བ་དང་། དམིགས་སེལ་གྱི་སྒྲོན་མ་ཞེས་བྱ་བ་དང་། །བསྡུས་པའི་སྒྲོན་མ་ཞེས་བྱ་བ་དང་། ཁ་གཏིང་མེད་པའི་དབྱིངས་ཀྱི་སྒྲོན་མ་ཞེས་བྱ་བ་དང་། སྐུ་གསུམ་བཀོད་པའི་བསམ་གཏན་ཞེས་བྱ་བ་དང་། བསམ་གཏན་གྱི་རྒྱལ་པོ་དྲིས་ཚིག་བརྒྱད་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དྲིས་ཚིག་བཞི་པའི་བསམ་གཏན་ཞེས་བྱ་བ་དང་། ཐིག་ལེ་བཞི་པའི་བསམ་གཏན་ཞེས་བྱ་བ་དང་། མཐར་ཐུག་སྲོག་གི་བསམ་གཏན་གྱི་མན་ངག་ཅེས་བྱ་བ་དང་། ཡིད་བཞིན་གཏེར་གྱི་བསམ་གཏན་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་འོད་ནོར་བུའི་བསམ་གཏན་ཞེས་བྱ་བ་དང་། བདེ་ཆེན་ཀློང་འབྱམ་གྱི་བསམ་གཏན་ཞེས་བྱ་བ་དང་། རིག་པ་ཀློང་ཡངས་ཞེས་བྱ་བ་དང་། མན་ངག་འཕྲུལ་ཆུང་ཞེས་བྱ་བ་དང་། རིག་པ་ཀློང་རྡོལ་གྱི་མན་ངག་ཅེས་བྱ་བ་དང་། ཀློང་ཆེན་སྤྱི་རྡོལ་གྱི་མན་ངག་ཅེས་བྱ་བ་དང་། གསེར་གྱི་སྣུབ་མཆུ་ཞེས་བྱ་བ་དང་། ཟངས་ཀྱི་སྣུབ་མཆུ་ཞེས་བྱ་བ་དང་། མན་ངག་གསང་བའི་དངུལ་གྱི་སྣུབ་མཆུ་ཞེས་བྱ་བ་དང་། མན་ངག་ཕྲ་མེན་གྱི་སྣུབ་མཆུ་ཞེས་བྱ་བ་དང་། ཤེས་བྱའི་མཐའ་གཅོད་ཅེས་བྱ་བ་དང་། ལུང་གི་མཐའ་གཅོད་ཅེས་བྱ་བ་དང་། རིག་པའི་མཐའ་གཅོད་ཅེས་བྱ་བ་དང་། མན་ངག་གི་མཐའ་གཅོད་ཅེས་བྱ་བ་དང་། ཐེག་པ་མདུད་བཀྲོལ་གྱི་མན་ངག་ཅེས་བྱ་བ་དང་། མན་ངག་གསང་བའི་མདུད་དཀྲོལ་ཞེས་བྱ་བ་དང་། དབྱིངས་ཀྱི་ཡོན་ཏན་ཟད་མེད་གཏེར་ཆེན་ཞེས་བྱ་བ་དང་། རིག་པ་སྤྱི་བླུགས་ཞེས་བྱ་བ་དང་། དབང་པོ་གཅེར་མཐོང་སྐུ་གསུམ་ཕྲད་བྱེད་ཅེས་བྱ་བ་དང་། ཚོགས་དྲུག་ཟིལ་གནོན་ཞེས་བྱ་བ་དང་། མཚན་མ་རང་སར་གྲོལ་བའི་མན་ངག་ཅེས་

(༤༥༩)བྱ་བ་དང་། གཅེས་པ་ཐུགས་བྱུང་གི་མན་ངག་ཅེས་བྱ་བ་དང་། སྐྱེ་མེད་གཅིག་ཆོད་ཀྱི་མན་ངག་ཅེས་བྱ་བ་དང་། སྐྱེ་ཤི་རྒྱུན་གཅོད་དང་རིག་པ་རང་གསལ་ཞེས་བྱ་བ་དང་། རྡོ་རྗེ་མཁར་རྫོགས་མན་ངག་ཀློང་ཞེས་བྱ་བ་དང་། རིག་པ་ཁ་ཡན་གྱི་ཀློང་ཞེས་བྱ་བ་དང་། སྐུ་ལྔ་གནད་ཀྱི་ཀློང་ཞེས་བྱ་བ་དང་། གསེར་གྱི་ཡང་ཞུན་ཆུང་ངུའི་ཀློང་ཞེས་བྱ་བ་དང་། མན་ངག་འཇུག་ཚུད་ཀློང་ཞེས་བྱ་བ་དང་། མན་ངག་ཕུར་ཚུགས་ཀློང་ཞེས་བྱ་བ་དང་། འཁོར་འདས་གཞི་རྩ་གཅོད་པའི་མན་ངག་ཞེས་བྱ་བ་དང་། མན་ངག་གསེར་ཕུག་ཅེས་བྱ་བའི་ཀློང་དང་། མན་ངག་གསང་བའི་ཀློང་རྡོལ་ཞེས་བྱ་བ་དང་། རྫོགས་པ་ཆེན་པོ་རྒྱ་མཚོའི་ཀློང་དབང་པོ་རབ་འབྲིང་ཐ་མ་ཡིས་བསྒོམས་ཤིང་ཉམས་སུ་བླངས་ནས་རྟོགས་པ་མཐར་ཕྱིན་ན། གཞི་དང་མམ་དང་ས་དང་འབྲས་བུ་སྣ་ཚོགས་བསྒྲོད་ཅིང་ཐོབ་པའི་རྟགས་སུ་དཔེ་ནམ་མཁའ་མེད་པ་སྐུ་གདུང་འབར་བའི་རྒྱུད་དོ། །རྫོགས་པ་ཆེན་པོ་རྒྱུད་ལས་མ་བྱུང་ཞིང་རྐྱེན་གྱིས་མ་བསྐྱེད་པར་དངོས་པོ་གཤིས་ཀྱི་གནས་ལུགས། གཞི་མལ་མལ་དང་རྟོགས་ཅམ་ཅམ་ཆས་ཀྱི་དབྱིངས་རབ་འབྱམ་ལ་རྒྱུད་དང་ལུང་མན་ངག་ལ་སོགས་པ་རྣམས་གདོད་མ་ནས་འབྱུང་མ་མྱོང་ཞིང་ཐ་སྙད་གང་དུ་ཡང་མི་འདོགས་པ་ཡིན་པ་ལས། གདུལ་བྱ་རབ་འབྲིང་ཐ་མ་གསུམ་གྱི་དབང་གིས་རང་གི་གནས་རྟོགས་པར་བྱ་བའི་ཕྱིར། རྒྱུད་དང་མན་ངག་གྲངས་མེད་པ་རྣམས་ལྷ་དང་མིའི་ཡུལ་དུ་བྱོན་པ་སྟེ། འགའ་ཞིག་ནི་སེམས་གནས་པར་བྱེད་པ་བསམ་གཏན་གྱི་རྫོགས་ཆེན། རྒྱུད་འགའ་ཞིག་ཨ་ནུ་ཡོ་ག་དང་ཆ་མཐུན་པ་ཡིན། རྒྱུད་

(༤༦༠)འགའ་ཞིག་ལྷུན་གྲུབ་རྣམ་པ་གསུམ་ཡེ་ནས་རང་བཞིན་གྱིས་གནས་པའི་གནས་ལུགས་སྟོན་པ་ཡིན། རྒྱུད་འགའ་ཞིག་ལ་སྒྲོལ་ཤན་འབྱེད་པའི་རྫོགས་ཆེན་ཡིན། རྫོགས་ཆེན་འགའ་ཞིག་གིས་སྤྱོད་པ་སྟོན་པ་ཡིན། འགའ་ཞིག་གིས་སྐྱོན་དང་ཡོན་ཏན་ཤན་འབྱེད་པ་ཡིན། འགའ་ཞིག་གིས་འབྲས་བུ་ཀུན་བཟང་རོལ་པ་རང་ལ་རྫོགས་པར་སྟོན་པ་སྟེ། དེ་རྣམས་ཐམས་ཅད་ཀྱང་ཀློང་ཆེན་རབ་འབྱམ་ལྟ་བ་མཐའ་ཡས་པ་གནས་ལུགས་ཡེ་སངས་རྒྱས་པ་དགེ་བ་དང་སྡིག་པ། སྐྱོན་དང་ཡོན་ཏན་ས་ལམ་འབྲས་བུ་ཐམས་ཅད་གནས་ལུགས་རྒྱ་མཚོ་ཀློང་གི་རྣམ་འཕྲུལ་ཏེ། གསང་བ་ཡེ་ཤེས་བདག་རྟག་ཅེས་གསུངས་པའི་ཕྱིར་ན། ཐམས་ཅད་ཁོ་གཅིག་སུ་ལ་རྫོགས་ཤིང་གནས་ལུགས་ཀྱི་རྣམ་འཕྲུལ་ཏེ། འཁོར་འདས་ཐམས་ཅད་ཀྱི་བདག་ཉིད་ཆེན་པོ་ལས་འཕོ་ཞིང་འགྱུར་བ་མེད་པའི་ཕྱིར་ན། རྟག་པའི་རྒྱལ་པོ་རྒྱ་མཚོ་ཀློང་། ཐམས་ཅད་ཀུན་གྱི་འཕོ་འགྱུར་ཡེ་ནས་ཤེས་པའི་ཕྱིར་ན། ཡེ་ཤེས་དབྱིངས། དེ་ལྟ་བུའི་གནས་ལུགས་ལ་རང་གིས་རང་ངོ་ཤེས་ཤིང་གནས་ལུགས་རང་ས་ཟིན་ནས་རྟོགས་པ་རབ་འབྱམ་མཐའ་དབུས་མེད་པར་འཆར་ན། ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་ས། །ཀུན་བཟང་དབྱེ་བ་མེད་པའི་གནས། །ཡང་དག་དོན་གྱི་འོག་མིན་ཏེ། །ཚིག་འབྲུ་གཅིག་ཙམ་གྱིས་རྒྱུད་དང་མན་ངག་ཀྱང་མི་དགོས་ཏེ། སངས་རྒྱས་སྐུ་ལྔ་རང་ལ་རྫོགས་པ་ཡིན། དེ་ལྟ་བུ་མ་རྟོགས་ནས་རྒྱུད་དང་མན་ངག་གི་རྗེས་སུ་འབྲངས་ན་གོ་བ་ཁ་འབྱམ་དུ་ཤོར་ན། ཀློང་ཆེན་ནག་འབྱམ་བྱ་བ་ཡིན་པས། མ་ཏྲམ་རུ་ཏྲའི་རྒྱུད་ལྟ་བུའི་འབྱུང་བའི་རྒྱུད་ཡིན་པའི་ཕྱིར་ན། ཁ་ཡེ་ལྟང་ཆེན་

(༤༦༡)པོའི་ལྟ་བ་དེ། རྫོགས་ཆེན་པ་ཡི་རྟུགས་ཆོས་ཡིན། །དགེ་སྡིག་རྒྱུ་འབྲས་ཁྱད་དུ་བསོད། །མི་དགེ་སྣ་ཚོགས་འཆོལ་པར་སྤྱོད། །ཆོས་དང་གང་ཟག་དོན་མ་རྟོགས། །མ་ཏྲམ་ཁ་ནི་རུ་ཏྲ་དང་། །ཁ་ཏོང་ཁ་ནི་རུ་ཏྲ་སྟེ། །ཨ་ཀར་ཤ་ནི་རུ་ཏྲར་གནས། །རུ་ཏྲ་སྡེ་གསུམ་གནས་སུ་གོལ། །ཡང་དག་རྫོགས་པའི་དོན་མ་རྟོགས། །ཁ་འབྱམ་ལྷུན་གྲུབ་གོལ་སར་བཞེད། །རང་བཞིན་ངོ་བོ་ཉིད་ཀྱི་སྐུ། །བྱིན་གྱིས་བརླབས་ཀྱིས་རང་བཞིན་རྟོགས། །ཚིག་དང་ཡི་གེ་བཤད་དུ་མེད། །དཔེ་དང་བརྡ་ཡིས་མཚོན་དུ་མེད། །གནས་ལུགས་ཆོས་དབྱིངས་མཐའ་ཡས་ལ། །འཁོར་འདས་གཟུགས་བརྙན་སྣ་ཚོགས་ཤར། །རྟོགས་ན་ཆོས་སྐུ་གདལ་ཁྱབ་ཆེ། །མ་རྟོགས་འཁོར་བའི་གཟུགས་བརྙན་རྣམས། །རིགས་དྲུག་གནས་སུ་སོ་སོར་སྣང་། །རྟོགས་དང་མ་རྟོགས་ས་མཚམས་དེ། །ཉི་མ་གྲིབ་མའི་ས་མཚམས་འདྲ། །རྒྱུ་རྐྱེན་གང་གིས་བསྐྱེད་པ་མིན། །རྒྱུ་འབྲས་འདས་པའི་གནས་ལུགས་དེ། །ཡང་རབ་གཅིག་ཅར་སྤྱོད་ཡུལ་ཏེ།ཐེག་ཆུང་རིམ་འཇུག་གང་ཟག་གི། སྤྱོད་ཡུལ་བློ་ཡི་རིམ་པ་མིན། །དེ་ཕྱིར་སྐྱེས་ཆེན་དམ་པ་རྣམས། །རང་གི་གནས་ལུགས་མ་རྟོགས་ན། །རྒྱ་མཚོ་ཆུ་རྣམས་རྣག་ཚ་སྟེ། །འགྲོ་དྲུག་སེམས་ཅན་ཡིག་མཁན་དུ། །རྩི་ཤིང་ནགས་ཚལ་སྨྱུ་གུར་བྱས། །ནམ་མཁའ་དབྱིངས་ཀྱི་ཤོག་གུ་ལ། །རྫོགས་ཆེན་རྒྱུད་དང་མན་ངག་རྫོགས། །གྲངས་མེད་བསྐལ་པར་བྲིས་ལགས་ཀྱང་། །གཏིང་མཐའ་ཐུག་པའི་དུས་ཚོད་མེད། །གནས་ལུགས་རབ་འབྱམ་མ་རྟོགས་ན། །ཡིག་ཚོགས་མང་པོ་འཁྲུལ་པའི་གཞི། །ཡང་དག་དོན་ལ་ཡིག་ཚོགས་མེད།

(༤༦༢)ཡང་དག་དོན་གྱི་འོག་མིན་ན། །ཀུན་བཟང་རྒྱལ་པོ་ལྷུན་གྲུབ་བཞུགས། །ཕུན་སུམ་ཚོགས་པ་ལྔ་ཡང་རྫོགས། །དེ་ལྟར་ལྷུན་རྫོགས་དབྱིངས་ཉིད་ལ། །རྒྱུད་དང་གདམས་ངག་ཐེག་པ་སོགས། །ཅུང་ཟད་ཙམ་ཡང་ཐ་སྙད་མེད། །སྟོན་པ་བསྟན་པ་ཡེ་ནས་རྫོགས། །འཁོར་དང་གནས་དུས་རང་བཞིན་རྫོགས། །རང་བཞིན་ཉིད་ཀྱི་ཀུན་བཟང་ལ། །ངོ་བོ་ཉིད་ཀྱིས་དབྱིངས་ན་གནས། །དེ་ལྟར་དབང་པོ་ཡང་རབ་ཀྱི། །སྐྱེས་ཆེན་སྐྱེས་བུ་མཆོག་རྣམས་ཀྱི། །རང་གིས་རང་གི་གནས་ལུགས་རྟོགས། །ལྷུན་གྲུབ་ཡེ་ཤེས་རྩལ་རྫོགས་པས། །གཞན་སྣང་མི་རུ་སྣང་ན་ཡང་། །རང་སྣང་ཡེ་ཤེས་ལྷུན་རྫོགས་ཕྱིར། །འཁོར་འདས་རེ་དོགས་སྤུ་ཙམ་མེད། །དེ་འདྲའི་previous hit དགོངས next hit་མ་རྫོགས་ན། །རྒྱུད་དང་ལུང་དང་མན་ངག་སོགས། །མི་གེའི་བྱེ་བྲག་སྣ་ཚོགས་ལ། །ཐ་དད་རྟོགས་གེས་སོ་སོར་འབྱེད། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱང་། །རྫོགས་ཆེན་འཆད་པའི་བཤེས་གཉེན་དུ། །མཁས་ལ་ལུང་རིག་མཁྱེན་པ་རྒྱས། །རེ་རེ་དག་གི་ལུས་པོ་ལ། །མགོ་བོ་འབུམ་ཕྲག་གྲངས་མེད་གྱུར། །དེ་སྙེད་ལྕེའི་རྣམ་འགྱུར་གྱིས། །རྫོགས་ཆེན་སྒྲ་དོན་འཆད་ན་ཡང་། །སྒྲ་ཕྱིར་འབྲང་བ་མ་གཏོགས་པ། །ཡང་དག་དོན་གྱི་རྫོགས་ཆེན་དེ། །རང་བྱུང་རང་ངོ་མ་ཤེས་ན། །བཤད་པ་པོ་ཡང་འཁྲུལ་གཞི་སྟེ། །ཉན་པ་པོ་ཡང་ཚིག་ཕྱིར་འབྲེང་། །ནམ་མཁའི་ཚད་གཞལ་མི་རྙེད་ལྟར། །བརྗོད་པའི་ཚིག་ལ་ཟད་མཐའ་མེད། །སེམས་ཅན་ལོག་རྟོག་མ་ཟད་ཚེ། །བདེ་གཤེགས་བཀའ་ཡི་དམ་ཆོས་དང་། །རྫོགས་ཆེན་རྒྱུད་དང་མན་ངག་རྫོགས། །ནམ་ཡང་ཟད་པར་མི་འགྱུར་ཏེ། །སྙིང་པོ་དོན་གྱི་གནས་ལུགས་ལ།ཁ་དོག་

(༤༦༣)དབྱིབས་སུ་གྲུབ་མ་མྱོང་། །རྫོགས་ཆེན་རྒྱུད་དང་མན་ངག་ལམ། །ཁ་དོག་དབྱིབས་སུ་གྲུབ་པ་མེད། །གནས་ལུགས་ཆོས་དབྱིངས་མཐའ་ཡས་ལ། །དབུ་ཞབས་སྟེང་འོག་ས་མཚམས་མེད། །རྒྱུ་འབྲས་འདས་པའི་ཐེག་པ་སྟེ། །རྫོགས་པ་ཆེན་པོའི་རྒྱུད་རྣམས་ལམ། །དབུ་ཞབས་དང་ནི་སྟེང་འོག་སྟེ། །ས་ལམ་རིམ་གྱིས་བསྒྲོད་དུ་མེད། །གནས་ལུགས་བདེ་འབྱམ་ཡོངས་རྫོགས་ལ། །སྐྱོན་སེལ་ཡོན་ཏན་སྒྲུབ་པ་དང་། །དགེ་སྤྱོད་སྡིག་པ་སྤངས་པ་དང་། །བཟང་ངན་བྱེ་བྲག་སྣ་ཚོགས་རྣམས། །ཡེ་ནས་རང་ལ་རྫོགས་པ་སྟེ། །རྫོགས་ཆེན་རྒྱུད་དང་བསྟན་བཅོས་སོགས། །བཀའ་དག་ལྷུན་གྲུབ་སྤྱི་གཅིག་པ། །བྱེ་བྲག་གྲུབ་མཐའ་སྣ་ཚོགས་རྣམས། །སོ་སོར་འབྱེད་ན་རྫོགས་ཆེན་མིན། །ཐེག་བརྒྱད་གནས་སུ་ལྟུང་བའི་ཕྱིར། །རྒྱལ་པོ་འབངས་སུ་ལྟུང་དང་མཚུངས། །ཡང་དག་དོན་གྱི་རྫོགས་ཆེན་ལ། །ཚིག་དང་ཡི་གེ་ཐ་སྙད་སོགས། །སེམས་ཅན་རྣམས་ཀྱི་ལྕེ་ཡིས་ཀྱང་། །ཅུང་ཟད་ཙམ་ཡང་བརྗོད་དུ་མེད། །བརྗོད་མེད་དབྱིངས་སུ་ཀུན་མཁྱེན་ཐུགས། །སྒྲིབ་པ་མེད་པའི་ཡེ་ཤེས་ཏེ། །སྤྲིན་མེད་མཁའ་ལ་ཉི་ཤར་འདྲ། །ཐུགས་རྗེའི་འོད་ཟེར་གསལ་སྒྲིབ་མེད། །མ་སྒྲོད་པ་རྣམས་ནོན་པ་དང་། །འཕོ་འགྱུར་མེད་པར་རང་སར་གནས། །བྱ་རྩལ་མེད་པར་ཀུན་ཁྱབ་ཅིང་། །བཟང་ངན་མེད་པར་གདམ་ཁྱབ་དབྱིངས། །རྩོལ་སྒྲུབ་མེད་ཕྱིར་རྩལ་ཆེན་རྫོགས། །ཡངས་དོག་མེད་པར་ནམ་མཁའ་ཆེ། །རྩིས་གདབ་མེད་ཕྱིར་དབྱིངས་གཅིག་རོལ། །དུས་གསུམ་དུས་མེད་ཐམས་ཅད་དུ། །བདག་ཉིད་ཀུན་བཟངས་རང་གི་དབྱིངས།

(༤༦༤)འཁོར་དང་མྱ་ངན་འདས་པ་ཡི། །སྐུ་དང་ཞིང་ཁམས་ཆོ་འཕྲུལ་སོགས། །རིགས་དྲུག་གྲོང་ཁྱེར་ཅི་བྱུང་ཡང་། །ལྷུན་གྲུབ་ཆོ་འཕྲུལ་ཆེན་པོ་སྟེ། །གནས་ལུགས་རྫོགས་པ་ཆེན་པོ་སྟེ། །རྟོགས་པ་རབ་འབྱམ་མཐའ་ཡས་དབྱིངས།།མཁའ་ལས་འབྱུང་ཞིང་དབྱིངས་སུ་ཐིམ། །རྟོགས་པ་རབ་འབྱམ་ངང་ཉིད་ལས། །མ་བྱུང་བ་ནི་གང་ཡང་མེད། །ང་ཡིས་མ་ཁྱབ་མེད་པའི་ཕྱིར། །གདལ་ཁྱབ་ཆེན་པོ་ཞེས་ཀྱང་བྱ། །རང་བཞིན་ཡེ་ནས་ཀུན་རྫོགས་ཕྱིར། །སྟོབས་ཅན་རྒྱལ་བ་ཐམས་ཅད་ཀྱི། །ལྷུན་རྫོགས་རྒྱལ་པོ་འཇིགས་སུ་མེད། །ཁམས་གསུམ་འཁོར་བའི་སྒྲིབ་གཡོགས་ཀྱིས། །རང་བྱུང་ཡེ་ཤེས་སྒྲིབ་དུ་མེད།སྒྲིབ་པ་གཉིས་ཀྱང་ཡེ་ཤེས་སོ། །ཨ་ཏི་ཡོ་ག་ཆོས་ཀྱི་དབྱིངས། །ཐེག་དགུ་ཡོངས་སུ་རྫོགས་པ་སྟེ། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །ཁམས་གསུམ་སྐྱེ་གནས་ཐམས་ཅད་དུ། །རྫོགས་ཆེན་རྟོགས་པའི་ཡེ་ཤེས་ཀྱིས། །མ་ཁྱབ་པ་ནི་སྤུ་ཙམ་མེད། །དུས་གསུམ་དུས་མེདཐམས་ཅད་་དུ། །འགྱུར་མེད་རྟག་པའི་རྒྱལ་པོ་ཡིན། །བྱ་བའི་ཆོས་དང་བྱེད་པའི་ཡིད། །དགེ་དང་སྡིག་པ་ལ་སོགས་པ། །རང་བཞིན་བཤིས་ལ་སྐྱེ་འགག་མེད། །མཚན་ཉིད་ཕྱོགས་མེད་འཆང་བ་སྟེ། །ཀུན་བཟང་རྒྱལ་པོའི་རྣམ་འཕྲུལ་ཡིན། །དེ་ལྟ་བུ་ཡི་རྫོགས་ཆེན་ལ། །རྟོགས་ཤིང་བརྟན་པ་མཐར་ཕྱིན་ན། །གྲུབ་མཐའ་ཀུན་ལས་གྲོལ་བའི་ཕྱིར། །ཆོས་དབྱིངས་རབ་འབྱམས་མཐའ་ཡས་པ། །རྟོགས་པ་དོན་གྱི་སྣང་བ་ལ། །ཆོས་སྐུ་དྲི་མེད་ཉག་གཅིག་སྟེ།།མ་རྟོགས་རྨོངས་པས་རྟོག་ཅིང་དཔྱོད། །ཡིད་བྱེད་ཉམས་ཀྱི་འཛིན་པ་ཡིས། །རེ་དོགས་འཁོར་ལོ་སྣ་ཚོགས་བསྐོར། །སྲིན་བུ་

(༤༦༥)ཁ་ཆུས་རང་ཉིད་འཆིང་། །བསྐལ་པ་བྱེ་བར་བསྒྲུབས་ལགས་ཀྱང་། །རང་སེམས་དྲི་མེད་རྟོགས་པ་ཉུང་། །རྒྱ་ལ་གལ་ཏེ་རྟོགས་ལགས་ཀྱང་། །གཡེང་བ་སྣ་ཚོགས་སྤངས་ནས་སུ། །གོམས་ཤིང་བརྟེན་པར་བྱེད་པ་ནི། །སྤྱིར་ཡང་ཆོས་མཛད་ཐམས་ཅད་དང་། །ཕྱག་རྫོགས་སྒོམ་པའི་སྒོམ་ཆེན་རྣམས། །སྒོམ་པ་མང་སྟེ་རྟོགས་པ་ཉུང་། །མ་རིག་འཁྲུལ་པ་འགོག་ཡུན་རིང་། །མ་རྟོགས་སེམས་ཅན་སྙིང་རེ་རྗེ། །རང་བཞིན་ཡོངས་རྫོགས་ཀུན་ཏུ་བཟང་། །རང་བཞིན་སྐུ་ཡི་བསྟན་པ་ནི། །ཤིན་ཏུ་རྣལ་འབྱོར་ཞེས་སུ་གསུངས། །ངོ་བོ་ཉིད་སྐུའི་བསྟན་པ་ནི། །ཨ་ནུ་ཡོ་ག་ལུང་གི་མཛོད། །ཆོས་ཀྱི་སྐུ་ཡི་བསྟན་པ་ནི། །མ་ཧཱ་ཡོ་ག་བླ་མེད་དེ། །ལོངས་སྤྱོད་དག་ནི་རྫོགས་པ་ཡི། །བསྟན་པ་སྤྱི་རྒྱུད་གསུམ་དུ་གསུངས། །སྤྲུལ་སྐུ་དག་གི་བསྟན་པ་ནི། །སྡེ་སྣོད་གསུམ་གྱི་ཐེག་པ་སྟེ། །ཐེག་དགུ་ཆོས་ཀྱི་འཁོར་ལོ་ཡང་། །གདུལ་བྱ་བློ་ཡི་བྱེ་བྲག་གིས། །མ་འདྲེས་སོ་སོར་སྣང་བ་སྟེ། །ངོ་བོ་གཅིག་ལ་མཐོང་ཚུལ་གྲངས་མཐའ་ཡས།།ལ་ལས་བཀག་པའི་གནས་སུ་གོ། །ལ་ལས་སྤང་དང་ཐོབ་པར་བཞེད། །འགའ་ཞིག་དབུ་མ་སེམས་ཙམ་སྟེ། །སྟོང་པ་ཉིད་དུ་བཤིག་པར་བྱེད། །འགའ་ཞིག་དག་བྱའི་ཡུལ་དུ་མཐོང་། །ལ་ལས་སྤྱོད་བྱེད་མཐའ་ལ་ཞུགས། །འགའ་ཞིག་སྒྱུར་ཞིང་འབྲས་བུར་འདོད། །ལ་ལས་ཡིན་ལུགས་ཤེས་ཤིང་གཉིས་སྤྲད་ནས། །མི་གཙང་ལ་སོགས་ཁམས་རྣམས་ལ། །ལོངས་སྤྱོད་རྫོགས་པའི་ལྷ་རུ་

(༤༦༦)བཞེད། །འགའ་ཞིག་སྒོ་ཕུགས་གཉིས་བལྟ་ཞིང་། །དབྱིངས་དང་ཡེ་ཤེས་གཉིས་སུ་འཛིན། །ཐེག་བརྒྱད་རྫོགས་པའི་རྫོགས་ཆེན་གྱིས། །ཐམས་ཅད་རང་ལ་རྫོགས་བྱེད་ཅིང་། །རང་གི་རྣམ་འཕྲུལ་ཆོ་འཕྲུལ་དུ། །གདལ་ཁྱབ་ཆེན་པོར་རྫོགས་སོ་སྐད། །གྲུབ་མཐའ་མེད་པའི་རྫོགས་ཆེན་གྱི། །ཁྱུང་ཆེན་ནམ་མཁར་ལྡིང་བ་འདྲ། །སྟེང་འོག་གར་ཡང་སྟན་མ་འཆས། །རྟེན་མེད་ཀུན་རྫོགས་མཐའ་ཡས་ལ། །གང་ཟག་འགའ་ཞིག་གྲུབ་མཐའ་བཞེད། །ལ་ལས་ལྷུན་གྲུབ་དག་ཏུ་དང་། །འགའ་ཞིག་ཀ་དག་ཡིན་ནོ་སྐད། །འདི་གཉིས་གཉིས་ཀ་གྲུབ་མཐའ་སྟེ། །ནམ་མཁར་མདའ་འཕངས་ས་ལ་ལྷུང་བ་འདྲ། །མ་སྒྲོལ་ཤན་འབྱེད་རྫོགས་ཆེན་གྱི། །འབྲས་བུ་ཡི་ནི་མཐར་ཐུག་སྟེ། །ཀློང་ཆེན་ནམ་མཁའ་རབ་འབྱམ་གྱི། །གནས་ལུགས་རྒྱ་མཚོ་གཏིང་དཔག་དཀའ། །དེ་དོན་རྟོགས་པའི་རྣལ་འབྱོར་ལ། །ཤིན་ཏུ་རྣལ་འབྱོར་ཆེན་པོ་སྟེ། །རང་བྱུང་རྣལ་འབྱོར་རྡོ་རྗེ་ནི། །གྲུབ་མཐའ་གང་དང་གང་གི་ཡང་། །དུས་གསུམ་དུས་མེད་ཁས་པ་མེད། །ཆོས་དབྱིངས་རབ་འབྱམ་ཀུན་ཏུ་བཟང་། །ཆོས་སྐུ་རང་བྱུང་རྡོ་རྗེ་འཆང་། །ལོངས་སྐུ་རིགས་ལྔ་ཡབ་ཡུམ་བཅུ། །སྤྲུལ་སྐུ་ཐུབ་པ་སྟོང་ལ་སོགས། །སྐུ་ལྔ་ཡོངས་རྫོགས་སངས་རྒྱས་ཀྱི། །བསྟན་པ་རྒྱ་མཚོ་མཐའ་ཡས་པ།རྡོ་རྗེ་སེམས་དང་རྡོ་རྗེ་འཛིན། །དགའ་རབ་རྡོ་རྗེ་ལ་སོགས་པ། །རྒྱ་བོད་ལོ་པཎ་ཐམས་ཅད་ཀྱི། །previous hit དགོངས next hit་མཁའ་ལ་ཉི་མ་ཤར།སྒྲ་དོན་ཕུན་སུམ་ཚོགས་པ་ཡི། །ཐེག་དགུ་བཀའ་དང་བསྟན་བཅོས་སོགས། །ཁ་བ་ཅན་ལྗོངས་བྱང་ཕྱོགས་འདིར། །སྣང་སྲིད་ཆོས་ཀྱི་

(༤༦༧)ཕུང་པོར་བཞུགས། །དེ་དོན་རྟོགས་པའི་བཤེས་གཉེན་རྣམས། །མཁས་ལ་གྲུབ་ཐོབ་གྲངས་མེད་བྱོན། །ཨེ་མ་ངོ་མཚར་མི་ཆེའམ། །རྡོ་རྗེ་འཆང་ཆེན་རྣམ་པར་འཕྲུལ། །འཁོར་ལོ་བདེ་མཆོག་འགྲོ་བའི་མགོན། །ཏཻ་ལོ་སངས་རྒྱས་ཉག་གཅིག་སྟེ། །དེ་ཡི་བྱིན་རླབས་ནཱ་རོ་པ། །རྒྱ་བོད་ལོ་པཎ་གྲུབ་ཐོབ་རྣམས། །ཁྲི་གདུགས་མཁའ་ལ་ཤར་བ་འདྲ། །ཟླ་འོད་གཞོན་ནུའི་བྱིན་རླབས་ཀྱིས། །སྔགས་འཆང་རང་བྱུང་རྡོ་རྗེ་ཡང་། །མ་རིག་མུན་པ་རང་སར་དག།རྟོགས་པ་ཡེ་ཤེས་རབ་འབྱམ་འཆར། །སྟོན་པ་ལྔ་ཡི་བསྟན་པ་ནི། །རྒྱ་མཚོ་མཐའ་ཡས་རབ་འབྱམ་སྟེ། །དེ་ཡི་བཀའ་དང་བསྟན་བཅོས་སོགས། །ཕྱོགས་མེད་གསུངས་པར་གདའ་ན་ཡང་། །ཐམས་ཅད་ཀུན་གྱི་སྒྲ་དོན་རྣམས། །མ་འདྲེས་སོ་སོར་རྟོགས་པའི་ཕྱིར།།ཕུན་སུམ་ཚོགས་པ་ལྔར་ལྡན་ཞིང་། །གསལ་བྱེད་སྒྲོན་མ་རྒྱ་མཚོ་ལྟར། །གཏིང་དཔག་དཀའ་བའི་ཡེ་ཤེས་ཤར། །ངར་འཛིན་ཉི་ཤུ་རྩ་གཅིག་དེ། །ཞེ་འདོད་མེད་པར་རང་སར་གྲོལ། །འཆིང་གྲོལ་མེད་པའི་རྣལ་འབྱོར་པས། །དགག་སྒྲུབ་མེད་ཅིང་མཉམ་པ་ཉིད། །སྤངས་ཐོབ་མེད་པར་ལྷུན་རྫོགས་ཏེ། །མ་འོངས་སྐལ་ལྡན་དོན་ཆེད་དུ། །བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི། །ཕུན་སུམ་ཚོགས་པ་དཔག་མེད་ལས། །གསལ་བྱེད་སྒྲོན་མ་མཐའ་ཡས་པ། །བསྟན་པ་རབ་འབྱམ་གཏིང་དཔག་དཀའ། །ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་ན།རྒྱལ་བའི་དཀྱིལ་འཁོར་གྲངས་མེད་བཞུགས། །བསྟན་པ་འདི་ཡི་རྣམ་འཕྲུལ་ཡིན། །རིག་འཛིན་བྱང་ཆུབ་སེམས་དཔའ་དང་། །ཉན་རང་ཐེག་པའི་ཚོགས་རྣམས་ཀྱང་།བསྟན་པ་འདི་རུ་ས་

(༤༦༨)ལམ་བསྒྲོད། ཆོས་དབྱིངས་རབ་འབྱམ་ཞིང་ཁམས་ན། །མཁས་ལ་གྲུབ་པ་ཐོབ་པ་ཡི། །བཤེས་གཉེན་གྲངས་མཐའ་ཡས་པ་རྣམས། །ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་། །བསྟན་པ་རྒྱ་མཚོ་མཐའ་ཡས་ལས། །གསུང་གི་འོད་ཟེར་ཕྱོགས་བཅུར་འཕྲོས། །མི་ཟད་ཆོས་ཀྱི་རྔ་སྒྲ་སྒྲོག།ཐེག་དགུ་ཆོས་ཀྱི་འཁོར་ལོ་ལས། །མ་བྱུང་བ་དང་མ་རྫོགས་པ། །མི་གནས་པ་ནི་གང་ཡང་མེད། །ཨེ་མ་ངོ་མཚར་མི་ཆེའམ། །མ་འོངས་དུས་ཀྱི་གདུལ་བྱ་རྣམས། །འདི་དང་འདི་དོན་རྟོགས་ནས་ཀྱང་། །རྟོགས་པ་རབ་འབྱམ་ཡེ་ཤེས་དབྱིངས། །མཁྱེན་པ་ཕྱོགས་མེད་རབ་རྒྱས་ནས། །འགྲོ་རྣམས་སྨིན་ཅིང་གྲོལ་བར་མཛོད། །བསྟན་པ་བསྲུང་བའི་དམ་ཅན་རྣམས། །རྒྱལ་བའི་བཀའ་བསྲུངས་རྫུ་འཕྲུལ་ཅན། །ཡེ་ཤེས་ལས་དང་འཇིག་རྟེན་སོགས། །མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང་། །བསྟན་པ་རྒྱ་མཚོ་མཐའ་ཡས་ནི། །གང་དང་གང་གིས་བྲི་བ་དང་། །ཀློག་དང་འཆད་དང་ཁ་ཏོན་བྱེད། །ཉན་བཤད་དེ་དོན་སྒོམ་པ་དང་། །རྟོགས་པ་ཡེ་ཤེས་རབ་རྒྱས་ནས། །ཕྱོགས་བཅུར་འགྲོ་དོན་མཛད་པའི་ཚེ། །ཆོས་སྐྱོང་རྣམས་ཀྱིས་བསྟན་པ་བསྲུངས། །བསྲུང་སྐྱོབས་མཛད་ཅིང་བར་ཆད་སོལ། །ཕོ་ཉ་ལས་མཁན་མཛད་ནས་ཀྱང་། །ཆོས་འདི་དར་ཞིང་རྒྱས་པར་མཛོད། །སྒོམ་ཆེན་མི་ཤེས་རྨོངས་པ་ཡི། །སྒྲ་དོན་ཟུང་དུ་མི་འཇུག་ཅིང་། །མཁྱེན་པ་གཉིས་ལྡན་མི་མངའ་སྟེ། །ཡོན་ཏན་མ་རྫོགས་སྐྱོན་བཅས་འདི། །མཁས་པས་མཐོང་ན་ཞེ་རེ་ཁྲེལ། །འོན་ཀྱང་སྙིགས་མའི་དུས་འདི་རུ། །མཁས་པས་བྱ་བའང་དཀའ་བར་གདའ།འཇིག་རྟེན་གསུམ་ན་མཁས་

(༤༦༩)པ་རྫོགས་སངས་རྒྱས། དེ་ལ་གང་ཡང་འདྲན་དུ་མེད། །མདོ་ཆུང་བརྒྱ་ཙམ་ཀློ་བ་བྱེད་ཅིང་། །དེ་ཡི་སྒྲ་དོན་ཤེས་གྱུར་ན། །མཁས་པ་ཚད་ལྡན་པར་བཞེད། །རྒྱུད་དང་རྒྱུད་ཀྱི་ཕྱི་མ་སྟེ། །རྒྱུད་ཆུང་བརྒྱ་ཡི་བཀའ་འགྲེལ་ལས།།གདམ་ངག་སྟོང་ཙམ་འཆད་ཤེས་ན། །དེ་ཡང་མཁས་པ་ཚད་ལྡན་ཞེས། །བདག་གཞན་འདྲན་ཟླ་མེད་པར་བཞེད། །ཨེ་མ་ངོ་མཚར་མི་ཚེའམ། །རབ་འབྱམ་བཀའ་ཡི་སྒྲ་དོན་རྣམས། །གཅིག་ཤེས་ཀུན་གྲོལ་མཁྱེན་པ་རྒྱས།།ཕྱོགས་མེད་དག་ཏུ་རྟོགས་ལགས་ན། །སྒོམ་ཆེན་ཚད་དང་ལྡན་པ་ཡིན། །ཨེ་མ་ངོ་མཚར་མི་ཆེའམ།། །།ཤད་བར་གཅིག་པ་མ་བུ་གཉིས་ལས་འཕྲོས་པ་བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་གཞུང་ཆེན་མོ་དང་། དེ་ལས་འཕྲོས་པ་ཕུན་སུམ་ཚོགས་པ་མཐའ་ཡས་པ་གསལ་བར་བྱེད་པའི་སྒྲོན་མ་དང་། ཞུས་ལན་མ་རིག་མུན་སེལ་རྒྱ་མཚོ་མཐའ་ཡས་དང་། ཉན་རང་གི་ཐེག་པ་ལས་ཕྲོས་པ་འདུལ་བ་རྒྱ་མཚོ་མཐའ་ཡས་ཏེ། ཐེག་པ་ཀུན་གྱི་ཞེ་འདོད་སོ་སོར་འབྱེད་པ་འདོད་པ་རྒྱ་མཚོ་མཐའ་ཡས་འབྲལ་བ་མེད་ཅིང་འབྲེལ་པ་མེད་པ། འབྲེལ་པ་མེད་ཅིང་འབྲེལ་བ་མེད་པ། དེ་རྣམས་ཐམས་ཅད་ཀྱི་བཅུད་བསྡུས་པ་གདམ་ངག་རྒྱ་མཚོ་མཐའ་ཡས་ལས་འཕྲོས་པ་ཟབ་ཆོས་རྒྱ་མཚོ་མཐའ་ཡས་དང་། དེ་རྣམས་ཀུན་གྱི་འབྲས་བུ་རྟོགས་པ་རྒྱ་མཚོ་མཐའ་ཡས་ཀུན་ལ་ཁྱབ་པའོ། །རིག་པ་རྒྱ་མཚོ་མཐའ་ཡས་ཞོར་ལ་སྟོན། འདི་རྣམས་ཐམས་ཅད་གཅིག་རྒྱབ་གཅིག་གིས་སྐྱོང་བ་སྟེ། འདི་རྣམས་ཀྱི་སྒྲ་དོན་ཐམས་ཅད་སོ་སོར་གོ་ཞིང་རྟོགས་པར་བྱ་བའི་སྒོམ་ཆེན་པའི་ཆོས་ཡིན་པའི་ཕྱིར་ན། སྒྲ་གཙོ་བོར་མི་བྱ་ཞིང་དོན་

(༤༧༠)གཙོ་བོར་བྱེད་པ་སྟེ། རྟོགས་པ་རྒྱ་མཚོ་རབ་འབྱམ་མཐའ་ཡས་པ་རྟོགས་པར་བྱའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་བསགས་དང་རྟོགས་པ་ཡི། །བསོད་ནམས་རྒྱ་ཆེན་མཐའ་ཡས་དེས།འགྲོ་དྲུག་སེམས་ཅན་མ་ལུས་པ། །སངས་རྒྱས་རང་ལ་མྱུར་རྟོགས་ཤོག །བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་ཕུན་སུམ་ཚོགས་པ་རྒྱ་མཚོ་མཐའ་ཡས་གསལ་བྱེྱད་སྒྲོན་མ་གཞུང་གི་ཡིག་སྣ་ལྟ་བུ། ཐེག་པ་རིམ་པ་དགུའི་དམར་ཁྲིད་སྒོམ་ཆེན་པ་རྣམས་ཀྱི་གདམ་ངག་རྒྱ་མཚོ་ལྟ་བུ་རྫོགས་སོ།། །།དགེའོ། །ཅིག་ཞུས།

(༤༧༡)བསྟན་པ་རྒྱ་མཚོ་མཐའ་ཡས་བྱིན་གྱིས་བརླབས་པའི་བཀའ་ཆེན་བཞུགས་སོ། །

(༤༧༢)བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ།འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོ་ལ་ཕྱག་འཚལ་ལོ། །སྟོན་པ་དེ་ཡིས་བྱིན་གྱིས་བརླབས་པའི་བཀའ། །ཐེག་པ་ཆེན་པོའི་མདོ་སྡེ་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ས་བཅུ་ལམ་ལྔ་ཕ་རོལ་ཏུ་ཕྱིན་པ་བཅུ། ལམ་བསྒྲོད་པ་དང་ལམ་གྱི་དྲོད་ཚད་ཡོན་ཏན་བསྟན་པ་དང་། ས་བཅུ་ལ་སྒྲིབ་པའི་སྐྱོན་ཐམས་ཅད་ཕར་སྤངས། འབྲས་བུ་ཕུན་སུམ་ཚོགས་པ་ཚུར་ཐོབ་པ་དང་། ས་བཅུ་རྒྱུན་གྱི་ཐ་མ་ལ་ས་བཅུ་པའི་བྱང་ཆུབ་སེམས་དཔའ་དང་། རྫོགས་པའི་སངས་རྒྱས་ཀྱི་ས་མཚམས་འབྱེད་པ་ལ་སོགས་པ། ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་གཞི་ལམ་འབྲས་བུའི་གདམ་ངག་མདོར་བསྡུས་པ་འཆད་ཅིང་བསྟན་པ་ལ་སོགས་

(༤༧༣)ཀྱིས། སྐྱེ་བ་གྲངས་མེད་པ་ནས་བྱང་ཆུབ་ཀྱི་སེམས་རྣམ་པ་གསུམ་ལས། གོམས་འདྲིས་རྩལ་རྫོགས་པའི་སྐྱེས་བུ་དམ་པ་རྣམས་བསན་པར་ཞུ། བྱང་ཆུབ་སེམས་དཔའི་ཐེག་པ། བསྐལ་པ་གྲངས་མེད་པ་གསུམ་གྱིས་སངས་རྒྱ་བར་བཞེད་པ་ལས། བསྐལ་པ་གྲངས་མེད་གཅིག་གིས་ཚོགས་ལམ་བཞི་གསུམ་བཅུ་གཉིས་དང་། སྦྱོར་ལམ་ངེས་པར་འབྱེད་པ་བཞིས་ཟག་པ་དང་བཅས་པའི་ལམ་བསྒྲོད་ནས། ས་དང་པོ་རབ་ཏུ་དགའ་བ། མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །མཐོང་ལམ་དང་པོ་ས་དང་པོའི་མཐོང་ལུགས། དེ་ནི་རྒྱས་པ་དང་བསྡུས་པ་བསྟན་པར་བགྱི། །བྱང་ཆུབ་སེམས་དཔའ་ས་དང་པོའི་བདེན་པ་མཐོང་བ་དེ་རབ་ཏུ་དགའ་བ་མང་བ་ཡིན། ཡིད་བདེ་བ་མང་བ་ཡིན། ཡང་དག་པའི་དོན་ལ་མོས་པ་མང་བ་ཡིན། རང་ལ་སྤྲོ་བ་རྒྱ་ཆེན་པོ་བསྐྱེ་བ་ཡིན། རྩོལ་སྒྲུབ་མེད་པ་མང་བ་ཡིན། །གཞན་ལ་འཚེ་བ་མེད་པ་མེད་པ་ཡིན།སངས་རྒྱས་ཆོས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། རྗེས་སུ་དྲན་ཅིང་དགའ་བ་ཡིན། །བྱང་ཆུབ་ཀྱི་སྤྱོད་པ་དང་། སྦྱིན་པའི་ཕ་རོལ་ཏུ་སྦྱིན་པ་དང་། ས་དང་པོའི་སྤྱོད་ཡུལ་མི་འཕྲོག་པ་རྗེས་སུ་དྲན་ཅིང་དགའ་བ་ཡིན། སངས་རྒྱས་ཀྱི་གདམ་ངག་དང་། ལུས་ངག་ཡིད་གསུམ་ལོངས་སྤྱོད་འཕངས་པ་མེད་པར་

(༤༧༤)སེམས་ཅན་ལ་གཏོང་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་ལ་འཇུག་པའི་ཐབས་སྣ་ཚོགས་ལ་འཇུག་ཅིང་། འདི་སྙམ་དུ་སེམས་ཏེ། བདག་ནི་འགྲོ་བ་ཐམས་ཅད་ཀྱི་འདུ་ཤེས་དང་། ཡུལ་ལས་ཕྱིར་ལོག་སྟེ། སངས་རྒྱས་ཀྱི་ས་དང་པོ་དང་ཉེ་བར་གྱུར་ཏོ། །ཞེས། དེ་ལྟ་བུ་ལ་སོགས་པའི་དགའ་བ་སྣ་ཚོགས་སྐྱེ་བར་འགྱུར་རོ། །བདག་ནི་ཉན་རང་གི་ས་ལས་རིང་དུ་གྱུར་ཏོ། །ཡེ་ཤེས་ཀྱི་ས་དང་ཉེ་བར་གྱུར་ཏོ། །ངན་སོང་གི་འཇིགས་པ་རྒྱུན་ཆད་དོ། །སེམས་ཅན་ཐམས་ཅད་ཀྱི་སྐྱབས་སུ་གྱུར་ཏོ། །སེམས་ཅན་རྣམས་མཐོང་བ་དང་ཉེ་བར་གྱུར་ཏོ། །བདག་ནི་བྱང་ཆུབ་ཀྱི་སེམས་མཉམ་པ་ཉིད་དང་ལྡན་པར་གྱུར་ཏོ། །འཇིགས་པ་དང་འཁོར་བའི་སྡུག་བསྔལ་མཐའ་དག་ལ་སོགས་པ། སྡུག་བསྔལ་མཐའ་དག་དང་བྲལ་ཞེས་རབ་ཏུ་དགའ་བ་བསྐྱེད་དོ། །ས་ཐོབ་འཇིགས་པ་ལྔ་དང་བྲལ་བས་ཏེ། མི་སྔགས་མན་ངག་པས་འཇིགས་པའམ། ཤི་བས་འཇིགས་པའམ།ངན་སོང་གིས་འཇིགས་པའམ་ཐམས་ཅད་ལ་བག་ཚ་བའམ་འཇིག་པ་མེད་པ་སྟེ། འཇིགས་དང་ཉམ་ང་ཡོད་ན་ས་དང་པོའི་བདེན་པ་མ་མཐོང་བར་ཤེས་པར་བྱའོ། །འཇིགས་པ་མེད་པ་དྲུག་བཤད་པར་བྱ་སྟེ། དེའི་ཕྱིར་ན། འདི་ལྟ་སྟེ། བདག་གི་འདུ་ཤེས་དང་བྲལ་བས་དེ་ལས་བདག་འཕངས་པའང་མེད་ན། ཡོ་བྱད་ཐམས་ཅད་འཕངས་པར་སེམ་པ་ལྟ་ག་ལ་ཡོད་དེ། དེའི་ཕྱིར་ན། དེ་ལ་འཚོ་བས་འཇིགས་པ་མེད་དོ། །དེ་ནི་སུ་ལས་ཀྱང་རིམ་གྲོར་བྱ་བ་ཅུང་ཟད་ཙམ་ཡང་རེ་བ་མེད་ལ། གཞན་དུ་ན་བདག་ཉིད་ཀྱིས་སེམས་ཅན་དག་ལ་ཡོ་བྱད་མང་པོ་ཐམས་ཅད་ཀྱིས་བསྡུད་པར་བྱའོ་སྙམ་དུ་སེམས་པ། འཚོ་བ་མེད་པས་འཇིགས་པའམ། དེའི་ཕྱིར་དེ་ལ་མི་སྔགས་པའི་འཇིགས་པ་མེད་དོ། །དེ་བདག་ཏུ་ལྟ་བ་དང་བྲལ་

(༤༧༥)བས་དེ་ལ་བདག་གི་མེད་དེ། དེའི་ཕྱིར་དེ་ལ་འཆི་བའི་འཇིགས་པ་མེད་དོ། །བདག་འཆི་ནས་ཀྱང་གདོན་མི་ཟ་བར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་དང་མི་འབྲལ་བར་གྱུར་རོ། ཞེས། དེ་ལ་དེའི་ཕྱིར་ངན་སོང་གི་འཇིགས་པ་མེད་དོ། །དེ་འདི་སྙམ་དུ་སེམས་ཏེ། བདག་གི་བསམ་པ་དང་། འཇིག་རྟེན་ན་མཚུངས་པ་སུ་ཡང་མེད་ན། ལྷག་པ་ལྟ་ག་ལ་ཡོད་ཅེས། །དེའི་ཕྱིར་དེ་ལ་། འཁོར་དུ་བག་ཚ་བ་མེད་དོ། །དེའི་ཕྱིར་ན། འཇིགས་པ་དང་དངངས་པ་དང་བག་ཚ་བ་དང་སྐྱི་གཡའ་བ་མེད་པའི་བྱང་ཆུབ་སེམས་དཔའ་ནི་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས། ལྷག་པའི་བསམ་པ་ལ་ཉམས་པ་མི་མངའ་བས། །དེ་བས་ཀྱང་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྡུ་བའི་ཕྱིར་རབ་ཏུ་རྩོལ་བར་བྱེད་དོ། །དེའི་ཕྱིར་ན་དད་པ་ལ་དབང་བསྒྱུར་བ་དང་། མོས་པ་མང་བ་དང་། ཡིད་ཆེས་ཤིན་ཏུ་རྣམ་པར་དག་པ་དང་། རྟོགས་པ་མང་བ་དང་། སྙིང་བརྩེ་བ་དང་། སྙིང་རྗེས་མངོན་པར་སྒྲུབ་པ་དང་། །བྱམས་པ་ཆེན་པོ་དང་ལྡན་པ་དང་། ཡིད་སྐྱོ་བ་མེད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པའི་རྒྱན་དང་། བཟོད་ཅིང་དེས་པ་དང་ལྡན་པ་དང་། སངས་རྒྱས་རྣམས་ཀྱི་བསྟན་པ་ལ་རིམ་གྲོ་དང་། བཀུར་བསྟི་དང་། རི་མོ་ཡོད་པ་དང་། ཉིན་མཚན་དུ་མི་ངོམས་པར་དགེ་བའི་རྩ་བ་ལ་སོགས་པ་དང་། དགེ་བའི་བཤེས་གཉེན་ལ་བསྟེན་པ་དང་། ཆོས་ཀྱི་དགའ་བས་དགའ་བར་གནས་པ་དང་། མི་ངོམས་པར་མང་དུ་ཐོས་པ་འཚོལ་བ་དང་། ཅི་སྐད་དུ་ཐོས་པའི་ཆོས་ཚུལ་བཞིན་དུ་རྟོགས་པ་དང་། གནས་མེད་པའི་ཡིད་དང་།འཐོབ་པ་དང་བཀུར་

(༤༧༦)བསྟི་དང་། སྔགས་པ་ལ་ཆགས་པ་མེད་པ་དང་། ཡོ་བྱད་ཐམས་ཅད་ལ་འཕངས་པར་སེམས་ཤིང་ཆགས་པ་མེད་པ་དང་། སེམས་བསྐྱེད་པ་རིན་པོ་ཆེ་ལྟ་བུ་ངོམས་པ་མེད་པར་སྒྲུབ་པ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་ས་ལ་མངོན་པར་མོས་པ་དང་། སངས་རྒྱས་ཀྱི་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་མི་དམིགས་པ་དང་། ཕ་རོལ་ཏུ་ཕྱིན་པའི་ཚོགས་ཡོངས་སུ་འཚོལ་བ་དང་། རྒྱུ་དང་གཡོ་ཡོངས་སུ་སྤངས་པ་དང་། ཇི་སྐད་དུ་སྨྲས་པ་དེ་བཞིན་དུ་བྱེད་པ་དང་། རྟག་ཏུ་རྒྱུན་མི་འཆད་པར་བདེན་པའི་ཚིག་རྗེས་སུ་བསྲུང་བ་དང་། སངས་རྒྱས་ཀྱི་རིགས་ལ་སྐྱོན་དུ་འགྱུར་བར་མི་བྱེད་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་མི་གཏོང་བ་དང་། རིའི་དབང་པོ་རྒྱལ་པོ་ཆེན་པོ་ལྟར་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སེམས་མི་གཡོ་བ་དང་། འཇིག་རྟེན་བྱ་བ་ཐམས་ཅད་ལ་མངོན་པར་དགའ་བ་མེད་པ་དང་། འཇིག་རྟེན་ལས་འདས་པའི་དགེ་བའི་ལམ་དང་ལྡན་པ་དང་། མི་ངོམས་པར་བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་རབ་ཏུ་རྫོགས་པ་དང་། རྟག་ཏུ་རྒྱུན་མི་འཆད་པར་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པའི་ལམ་འཚོལ་བ་དང་། ས་ཡོངས་སུ་སྦྱོར་བའི་ཆོས་ཀྱི་རྣམ་པ་འདི་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ནི། བྱང་ཆུབ་སེམས་དཔའ་ས་རབ་ཏུ་དགའ་བ་ལ་གནས་པ་ཡིན་ཏེ།ས་རབ་ཏུ་དགའ་བ་དེ་ལ་ཤིན་དུ་གནས་ཤིང་། རྣམ་པ་འདི་ལྟ་བུའི་སྨོན་ལམ་ཆེན་པོ་དང་། རྩོལ་བ་ཆེན་པོ་དང་། མངོན་པར་སྒྲུབ་པ་ཆེན་པོ་འདི་དག་མངོན་པར་སྒྲུབ་པ་སྟེ། སངས་རྒྱས་ཐམས་ཅད་མ་ལུས་པ། །ལྷག་མ་མེད་པ་འདི་དག་ལ། །མཆོད་ཅིང་རིམ་གྲོ་བྱ་བའི་ཕྱིར། །རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ། མོས་པ་རྒྱ་ཆེན་པོས་རྣམ་པར་དག་པ། ཆོས་ཀྱི་དབྱིངས་ཀྱི་བྱ་

(༤༧༧)བ་རྒྱ་ཆེ་བ། ནམ་མཁའི་དབྱིངས་ཀྱི་མཐར་ཐུག་པ། །ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་གྲངས་མེད་པ་ཐམས་ཅད་ཀྱི་སངས་རྒྱས་སྐྱེ་བ་གྲངས་མེད་པ་ལ་རིམ་གྲོ་དང་། མཆོད་པ་ཆེན་པོ་བྱ་བ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་པོ། དེའི་ཕྱིར་ན་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཀྱི་ཚུལ་ཡང་དག་པར་བསླབ་པ་དང་། སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ཕྱིར་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་པ་རྒྱ་ཆེ་བ། ནམ་མཁའི་དབྱིངས་མཐར་ཐུག་པ། ཕྱི་མཐའ་མུར་ཐུག་པ་བསྐལ་པ་གྲངས་མེད་པ་ཐམས་ཅད་ཀྱིས་སངས་རྒྱས་འབྱུང་བ་གྲངས་མེད་པ། དམ་པའི་ཆོས་ཡོངས་སུ་གཟུང་བ་རྒྱུན་མི་འཆད་པ་སྟེ། སྐུ་བལྟམས་པ་དང་། གཤེགས་པ་དང་། བཞུགས་པ་དང་། བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་དང་། རབ་ཏུ་བྱུང་བ་དང་། བྱང་ཆུབ་ཏུ་གཤེགས་པ་དང་། བདུད་འདུལ་བ་དང་། སངས་རྒྱས་པ་དང་། གསོལ་བ་བཏབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་འདའ་ཚུལ་སྟོན་པའི་དྲུང་དུ་འགྲོ་ཞིང་། མཉེས་པ་སྣ་ཚོགས་ཀྱིས་མཉེས་པར་བྱེད་ཅིང་ས་དང་པོའི་ཆོས་ཀྱི་རྣམ་གྲངས། ཐེག་པ་ཆེན་པོའི་ཆོས་ཀྱི་ཕུང་པོ་ཞུ་བ། ཅི་ལྟ་བུ་བསྟན་པ་ལས། ཕྱི་མའི་མུ་མཐར་ཐུག་པའི་བར་དུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སྦྱོང་བར་བྱེད་པ་དང་། བྱང་ཆུབ་ཀྱི་སྤྱོད་པ་སྣ་ཚོགས་སུ་སེམས་བསྐྱེད་ཅིང་། སྨོན་ལམ་རྒྱུན་ཆད་མེད་པར་འདེབས་པའོ། །སྐྱེ་གནས་ཐམས་ཅད་དུ་སེམས་ཅན་གྱི་དོན་མ་གཏོགས་པ། མ་རིག་འཁྲུལ་པའི་དབང་གིས་མི་སྐྱེ་ཞིང་། བསམས་བཞིན་དུ་སྲིད་པ་ཉེ་བར་བླངས་ནས། འགྲོ་བ་རིགས་དྲུག་གི་གྲོང་ཁྱེར་ཐམས་ཅད་དུ་དགག་པ་དང་སྒྲུབ་པ་མེད་པ་སྐྱེ་ཞིང་། ཉོན་མོངས་པ་དང་བཅས་པའི་སེམས་ཅན་ཐམས་ཅད་ལ། སྣ་ཚོགས་

(༤༧༨)ཐབས་ཀྱིས་དོན་བྱེད་ཅིང་། །ནམ་མཁའི་དབྱིངས་ཀྱིས་མཐར་ཐུག་པ་མཐའ་ཡས་པར་བསྐལ་པ་གྲངས་མེད་པ་རྣམས་སུ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལ་སྨོན་ལམ་རྒྱུན་མི་འཆད་པར་འདེབས་ཤིང་སྒྲུབ་པའོ། །སངས་རྒྱས་འཇིག་རྟེན་དུ་འབྱུང་བ་རྣམས་པ་སེམས་བསྐྱེད་ཅིང་། དེ་བཞིན་གཤེགས་པའི་previous hit དགོངས next hit་དང་མཐུ་དང་། །ཡེ་ཤེས་ཁོང་དུ་ཆུད་པར་བྱ་བ་དང་། མ་ཉམས་ཤིང་རྗེས་སུ་འབྲང་བའི་མངོན་པར་ཤེས་པ་རབ་ཏུ་ཐོབ་པར་བྱ་བ་དང་། སེམས་ཅན་རྣམས་ཀྱི་དོན་དུ་འཇིག་རྟེན་པའི་ཁམས་ཀུན་ཏུ་རྒྱུ་བར་བྱ་བ་དང་། ཐེག་པ་ཆེན་པོའི་རྗེས་སུ་འབྲང་ཞིང་། ཐེག་པ་ཆུང་ངུའི་རྗེས་སུ་མི་འབྲང་བ་དང་། སངས་རྒྱས་རྣམས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་ཆགས་ཐོགས་མེད་པར་ཐེག་པ་ཆེན་པོའི་ཆོས་ཀྱི་ཕུང་པོ་མཉན་པ་དང་། སྐྱེ་བའི་སྐྱེ་གནས་ཐམས་ཅད་དུ་དྲན་པ་ཤེས་བཞིན་དུ་སྐྱེ་ཞིང་འགྲོ་བར་བྱ་བ་དང་། ཐེག་པ་ཆེན་པོ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་མི་འཆད་པར་སྤྱོད་པ་སྟེ། ལུས་དང་། ངག་དང་། ཡིད་ལ་དོན་ཡོད་པར་བྱ་བ་དང་། མཐོང་མ་ཐག་ཏུ་སངས་རྒྱས་ཀྱི་ཆོས་སྐད་ཅིག་ཉིད་ལ་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་གསུང་ཐོས་ལ་ཐག་ཏུ་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བ་དང་། དད་པར་གྱུར་མ་ཐག་ཏུ་ཉམས་པ་ཕྱིར་བཟློག་པར་བྱ་བ་དང་། བསམ་པ་སྨན་གྱི་རྒྱལ་པོ་ལྟ་བུ་དང་། ལུས་ཡིད་བཞིན་གྱི་ནོར་བུར་བྱ་བ་དང་། བྱང་ཆུབ་ཀྱི་སྤྱོད་པ་བསྐལ་པ་གྲངས་མེད་པ་རྣམས་སུ་ཕྱིར་མི་ལྡོག་པའི་འཁོར་ལོ་སྤྱོད་པ། འབྲས་བུ་དོན་ཡོད། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་ནས། རྫུ་འཕྲུལ་དང་། ཆོ་འཕྲུལ་དང་། རྣམ་པར་འཕྲུལ་བ་བསམ་གྱིས་མི་ཁྱབ་པ། སྐད་ཅིག་ཙམ་གྱིས་སངས་རྒྱས་ནས་སེམས་ཅན་

(༤༧༩)འགྲོ་བ་སྣ་ཚོགས་ཀྱི་དོན་བྱེད་པ་དང་། མྱ་ངན་ལས་འདས་པ་ཆེན་པོ་ཡོངས་སུ་བསྟན་པ་དང་། ཐེག་པ་ཆེན་པོའི་ས་ལ་སེམས་ཅན་རྣམས་དགོད་ཅིང་། ཆོས་ཀྱི་ཕུང་པོ་གྲངས་མེད་པ་ཤེས་པའི་རྫུ་འཕྲུལ་གྱི་རྒྱུ་དང་། དབང་པོ་ཐོགས་པ་མེད་པ་ཡིས་ཆོས་ཀྱི་དབྱིངས་ཐམས་ཅད་ཁྱབ་པར་འབྱུང་བ། ཡེ་ཤེས་ཆེན་པོའི་མངོན་པར་ཤེས་པ་རྒྱུན་མི་འཆད་པའི་སྨོན་ལམ་སྒྲུབ་པའོ། །རྣམ་པ་འདི་ལྟ་བུའི་སྨོན་ལམ་ཆེན་པོ་དང་། བརྩོན་འགྲུས་ཆེན་པོ་དང་། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུ། མངོན་པར་སྒྲུབ་པའི་སྨོན་ལམ་གྱི་སྒོ་བཅུ་པོ་འདི་དག་ལ་སོགས་པ། སྨོན་ལམ་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུ་ཚང་བ་དག །ས་དང་པོ་རབ་ཏུ་དགའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐོབ་བོ།།སྨོན་ལམ་དེ་དག་ཀྱང་མཐར་ཐུག་པའི་གནས་བཅུ་མངོན་པར་སྒྲུབ་སྟེ། བཅུ་གང་ཞེ་ན། སེམས་ཅན་གྱི་ཁམས་མཐར་ཐུག་པ་དང་། འཇིག་རྟེན་གྱི་ཁམས་མཐར་ཐུག་པ་དང་། ནམ་མཁའི་ཁམས་མཐར་ཐུག་པ་དང་། ཆོས་ཀྱི་ཁམས་མཐར་ཐུག་པ་དང་། མྱ་ངན་ལས་འདས་པའི་ཁམས་མཐར་ཐུག་པ་དང་། སངས་རྒྱས་འབྱུང་བའི་ཁམས་མཐར་ཐུག་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་མཐར་ཐུག་པ་དང་། སེམས་ཅན་གྱི་དམིགས་པ་མཐར་ཐུག་པ་དང་། ཡེ་ཤེས་སྒྲུབ་པ་མཐར་ཐུག་པ་དང་། འཇིག་རྟེན་གྱི་རྒྱུད་དང་། ཆོས་ཀྱི་རྒྱུད་དང་། ཡེ་ཤེས་ཀྱི་རྒྱུད་ཀྱི་ཁམས་མཐར་ཐུག་པ་དག་གོ། །དེ་ལྟར་དུ་ས་དང་པོ་ལ་གནས་པ་རྣམས་ཀྱིས་ཀྱང་སྨོན་ལམ་རྒྱ་ཆེན་པོ་འདི་དག་སེམས་ཅན་རྣམས་ཀྱི་མཐའ་གར་ཐུག་པ་དེར་སྨོན་ལམ་རྣམ་པར་དག་པའི་མཐའ་དེར་

(༤༨༠)ཐོབ་པར་གྱུར་ཅིག །ཅེས་རྒྱུན་ཆད་མེད་པར་འདེབས་པའོ། །དེ་བཞིན་དུ། འཇིག་རྟེན་དང་། ནམ་མཁའ་དང་། ཆོས་དང་། མྱ་ངན་ལས་འདས་པ་དང་། སངས་རྒྱས་འབྱུང་བ་དང་། ཡེ་ཤེས་ཀྱི་མཐའ་དང་། སེམས་ཅན་གྱི་དམིགས་པ་དང་། ཡེ་ཤེས་སྒྲུབ་པ་དང་། འཇིག་རྟེན་གྱི་རྒྱུད་དང་། ཆོས་དང་། ཡེ་ཤེས་ཀྱི་རྒྱུད་ལ་སོགས་པ་དེ་རྣམས་ལས་མཐར་ཐུག་པ་ཡོད་ན། བདག་གི་སྨོན་ལམ་ལ་ཡང་མཐར་ཐུག་པ་ཡོད་ཀྱིས། དེ་རྣམས་ལ་མཐར་ཐུག་པ་མེད་པའི་ཕྱིར་ན། བདག་གི་སྨོན་ལམ་རྣམ་པར་དག་པ་ལ་ཡང་མཐར་ཐུག་པ་མེད་ཅིང་། དགེ་བའི་རྩ་བ་འདི་དག་ཀྱང་ཐུག་པ་མེད་པར་གྱུར་ཅིག །ཅེས་དེ་ལྟར་སྨོན་ལམ་བཞིན་དུ་སྒྲུབ་ཅིང་ཕན་པའི་སེམས་དང་ལྡན་པས། འཇམ་པའི་སེམས་དང་ལྡན་པས། འཁྲུལ་པ་མེད་པའི་སེམས་དང་ལྡན་པ་ཡིས། ས་དང་པོ་རབ་ཏུ་དགའ་བའི་རྟོགས་པ་ནི། གང་ལ་ཡང་ཐེ་ཚོམ་མི་ཟ་བ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཡིད་ཆེས་པ་ཡིན། ཕ་རོལ་ཏུ་ཕྱིན་པ་བཅུ་དང་། ས་ཡང་དག་པར་སྒྲུབ་པའི་དང་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་མཐོང་ཞིང་ཐོས་ན་ཡིད་ཤིན་ཏུ་ཆེས་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སྙིང་རྗེ་དང་བྱམས་པ་དེ་ལྟ་བུའི་རྣལ་པ་དང་ལྡན་པའི་ལྷག་པའི་བསམ་པས་ས་དང་པོ་ལ་གནས་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དེ། ཕྱི་ནང་གི་དངོས་པོས་ཐམས་ཅད་ལ་ཆགས་ཐོགས་མེད་པར་སྦྱིན་པ་དང་སྦྱིན་པ་ཆེན་པོ་ལ་

(༤༧༡)བསྟན་པ་རྒྱ་མཚོ་མཐའ་ཡས་བྱིན་གྱིས་བརླབས་པའི་བཀའ་ཆེན་བཞུགས་སོ། །

(༤༧༢)བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོ་ལ་ཕྱག་འཚལ་ལོ། །སྟོན་པ་དེ་ཡིས་བྱིན་གྱིས་བརླབས་པའི་བཀའ། །ཐེག་པ་ཆེན་པོའི་མདོ་སྡེ་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ས་བཅུ་ལམ་ལྔ་ཕ་རོལ་ཏུ་ཕྱིན་པ་བཅུ། ལམ་བསྒྲོད་པ་དང་ལམ་གྱི་དྲོད་ཚད་ཡོན་ཏན་བསྟན་པ་དང་། ས་བཅུ་ལ་སྒྲིབ་པའི་སྐྱོན་ཐམས་ཅད་ཕར་སྤངས། འབྲས་བུ་ཕུན་སུམ་ཚོགས་པ་ཚུར་ཐོབ་པ་དང་། ས་བཅུ་རྒྱུན་གྱི་ཐ་མ་ལ་ས་བཅུ་པའི་བྱང་ཆུབ་སེམས་དཔའ་དང་། རྫོགས་པའི་སངས་རྒྱས་ཀྱི་ས་མཚམས་འབྱེད་པ་ལ་སོགས་པ། ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་གཞི་ལམ་འབྲས་བུའི་གདམ་ངག་མདོར་བསྡུས་པ་འཆད་ཅིང་བསྟན་པ་ལ་སོགས་

(༤༧༣)ཀྱིས། སྐྱེ་བ་གྲངས་མེད་པ་ནས་བྱང་ཆུབ་ཀྱི་སེམས་རྣམ་པ་གསུམ་ལས། གོམས་འདྲིས་རྩལ་རྫོགས་པའི་སྐྱེས་བུ་དམ་པ་རྣམས་བསན་པར་ཞུ། བྱང་ཆུབ་སེམས་དཔའི་ཐེག་པ། བསྐལ་པ་གྲངས་མེད་པ་གསུམ་གྱིས་སངས་རྒྱ་བར་བཞེད་པ་ལས། བསྐལ་པ་གྲངས་མེད་གཅིག་གིས་ཚོགས་ལམ་བཞི་གསུམ་བཅུ་གཉིས་དང་། སྦྱོར་ལམ་ངེས་པར་འབྱེད་པ་བཞིས་ཟག་པ་དང་བཅས་པའི་ལམ་བསྒྲོད་ནས། ས་དང་པོ་རབ་ཏུ་དགའ་བ། མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །མཐོང་ལམ་དང་པོ་ས་དང་པོའི་མཐོང་ལུགས། དེ་ནི་རྒྱས་པ་དང་བསྡུས་པ་བསྟན་པར་བགྱི། །བྱང་ཆུབ་སེམས་དཔའ་ས་དང་པོའི་བདེན་པ་མཐོང་བ་དེ་རབ་ཏུ་དགའ་བ་མང་བ་ཡིན། ཡིད་བདེ་བ་མང་བ་ཡིན། ཡང་དག་པའི་དོན་ལ་མོས་པ་མང་བ་ཡིན། རང་ལ་སྤྲོ་བ་རྒྱ་ཆེན་པོ་བསྐྱེ་བ་ཡིན། རྩོལ་སྒྲུབ་མེད་པ་མང་བ་ཡིན། །གཞན་ལ་འཚེ་བ་མེད་པ་མེད་པ་ཡིན། སངས་རྒྱས་ཆོས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། རྗེས་སུ་དྲན་ཅིང་དགའ་བ་ཡིན། །བྱང་ཆུབ་ཀྱི་སྤྱོད་པ་དང་། སྦྱིན་པའི་ཕ་རོལ་ཏུ་སྦྱིན་པ་དང་། ས་དང་པོའི་སྤྱོད་ཡུལ་མི་འཕྲོག་པ་རྗེས་སུ་དྲན་ཅིང་དགའ་བ་ཡིན། སངས་རྒྱས་ཀྱི་གདམ་ངག་དང་། ལུས་ངག་ཡིད་གསུམ་ལོངས་སྤྱོད་འཕངས་པ་མེད་པར་

(༤༧༤)སེམས་ཅན་ལ་གཏོང་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་ལ་འཇུག་པའི་ཐབས་སྣ་ཚོགས་ལ་འཇུག་ཅིང་། འདི་སྙམ་དུ་སེམས་ཏེ། བདག་ནི་འགྲོ་བ་ཐམས་ཅད་ཀྱི་འདུ་ཤེས་དང་། ཡུལ་ལས་ཕྱིར་ལོག་སྟེ། སངས་རྒྱས་ཀྱི་ས་དང་པོ་དང་ཉེ་བར་གྱུར་ཏོ། །ཞེས། དེ་ལྟ་བུ་ལ་སོགས་པའི་དགའ་བ་སྣ་ཚོགས་སྐྱེ་བར་འགྱུར་རོ། །བདག་ནི་ཉན་རང་གི་ས་ལས་རིང་དུ་གྱུར་ཏོ། །ཡེ་ཤེས་ཀྱི་ས་དང་ཉེ་བར་གྱུར་ཏོ། །ངན་སོང་གི་འཇིགས་པ་རྒྱུན་ཆད་དོ། །སེམས་ཅན་ཐམས་ཅད་ཀྱི་སྐྱབས་སུ་གྱུར་ཏོ། །སེམས་ཅན་རྣམས་མཐོང་བ་དང་ཉེ་བར་གྱུར་ཏོ། །བདག་ནི་བྱང་ཆུབ་ཀྱི་སེམས་མཉམ་པ་ཉིད་དང་ལྡན་པར་གྱུར་ཏོ། །འཇིགས་པ་དང་འཁོར་བའི་སྡུག་བསྔལ་མཐའ་དག་ལ་སོགས་པ། སྡུག་བསྔལ་མཐའ་དག་དང་བྲལ་ཞེས་རབ་ཏུ་དགའ་བ་བསྐྱེད་དོ། །ས་ཐོབ་འཇིགས་པ་ལྔ་དང་བྲལ་བས་ཏེ། མི་སྔགས་མན་ངག་པས་འཇིགས་པའམ། ཤི་བས་འཇིགས་པའམ། ངན་སོང་གིས་འཇིགས་པའམ་ཐམས་ཅད་ལ་བག་ཚ་བའམ་འཇིག་པ་མེད་པ་སྟེ། འཇིགས་དང་ཉམ་ང་ཡོད་ན་ས་དང་པོའི་བདེན་པ་མ་མཐོང་བར་ཤེས་པར་བྱའོ། །འཇིགས་པ་མེད་པ་དྲུག་བཤད་པར་བྱ་སྟེ། དེའི་ཕྱིར་ན། འདི་ལྟ་སྟེ། བདག་གི་འདུ་ཤེས་དང་བྲལ་བས་དེ་ལས་བདག་འཕངས་པའང་མེད་ན། ཡོ་བྱད་ཐམས་ཅད་འཕངས་པར་སེམ་པ་ལྟ་ག་ལ་ཡོད་དེ། དེའི་ཕྱིར་ན། དེ་ལ་འཚོ་བས་འཇིགས་པ་མེད་དོ། །དེ་ནི་སུ་ལས་ཀྱང་རིམ་གྲོར་བྱ་བ་ཅུང་ཟད་ཙམ་ཡང་རེ་བ་མེད་ལ། གཞན་དུ་ན་བདག་ཉིད་ཀྱིས་སེམས་ཅན་དག་ལ་ཡོ་བྱད་མང་པོ་ཐམས་ཅད་ཀྱིས་བསྡུད་པར་བྱའོ་སྙམ་དུ་སེམས་པ། འཚོ་བ་མེད་པས་འཇིགས་པའམ། དེའི་ཕྱིར་དེ་ལ་མི་སྔགས་པའི་འཇིགས་པ་མེད་དོ། །དེ་བདག་ཏུ་ལྟ་བ་དང་བྲལ་

(༤༧༥)བས་དེ་ལ་བདག་གི་མེད་དེ། དེའི་ཕྱིར་དེ་ལ་འཆི་བའི་འཇིགས་པ་མེད་དོ། །བདག་འཆི་ནས་ཀྱང་གདོན་མི་ཟ་བར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་དང་མི་འབྲལ་བར་གྱུར་རོ། །ཞེས། དེ་ལ་དེའི་ཕྱིར་ངན་སོང་གི་འཇིགས་པ་མེད་དོ། །དེ་འདི་སྙམ་དུ་སེམས་ཏེ། བདག་གི་བསམ་པ་དང་། འཇིག་རྟེན་ན་མཚུངས་པ་སུ་ཡང་མེད་ན། ལྷག་པ་ལྟ་ག་ལ་ཡོད་ཅེས། །དེའི་ཕྱིར་དེ་ལ་། འཁོར་དུ་བག་ཚ་བ་མེད་དོ། །དེའི་ཕྱིར་ན། འཇིགས་པ་དང་དངངས་པ་དང་བག་ཚ་བ་དང་སྐྱི་གཡའ་བ་མེད་པའི་བྱང་ཆུབ་སེམས་དཔའ་ནི་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས། ལྷག་པའི་བསམ་པ་ལ་ཉམས་པ་མི་མངའ་བས། །དེ་བས་ཀྱང་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྡུ་བའི་ཕྱིར་རབ་ཏུ་རྩོལ་བར་བྱེད་དོ། །དེའི་ཕྱིར་ན་དད་པ་ལ་དབང་བསྒྱུར་བ་དང་། མོས་པ་མང་བ་དང་། ཡིད་ཆེས་ཤིན་ཏུ་རྣམ་པར་དག་པ་དང་། རྟོགས་པ་མང་བ་དང་། སྙིང་བརྩེ་བ་དང་། སྙིང་རྗེས་མངོན་པར་སྒྲུབ་པ་དང་། །བྱམས་པ་ཆེན་པོ་དང་ལྡན་པ་དང་། ཡིད་སྐྱོ་བ་མེད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པའི་རྒྱན་དང་། བཟོད་ཅིང་དེས་པ་དང་ལྡན་པ་དང་། སངས་རྒྱས་རྣམས་ཀྱི་བསྟན་པ་ལ་རིམ་གྲོ་དང་། བཀུར་བསྟི་དང་། རི་མོ་ཡོད་པ་དང་། ཉིན་མཚན་དུ་མི་ངོམས་པར་དགེ་བའི་རྩ་བ་ལ་སོགས་པ་དང་། དགེ་བའི་བཤེས་གཉེན་ལ་བསྟེན་པ་དང་། ཆོས་ཀྱི་དགའ་བས་དགའ་བར་གནས་པ་དང་། མི་ངོམས་པར་མང་དུ་ཐོས་པ་འཚོལ་བ་དང་། ཅི་སྐད་དུ་ཐོས་པའི་ཆོས་ཚུལ་བཞིན་དུ་རྟོགས་པ་དང་། གནས་མེད་པའི་ཡིད་དང་། འཐོབ་པ་དང་བཀུར་

(༤༧༦)བསྟི་དང་། སྔགས་པ་ལ་ཆགས་པ་མེད་པ་དང་། ཡོ་བྱད་ཐམས་ཅད་ལ་འཕངས་པར་སེམས་ཤིང་ཆགས་པ་མེད་པ་དང་། སེམས་བསྐྱེད་པ་རིན་པོ་ཆེ་ལྟ་བུ་ངོམས་པ་མེད་པར་སྒྲུབ་པ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་ས་ལ་མངོན་པར་མོས་པ་དང་། སངས་རྒྱས་ཀྱི་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་མི་དམིགས་པ་དང་། ཕ་རོལ་ཏུ་ཕྱིན་པའི་ཚོགས་ཡོངས་སུ་འཚོལ་བ་དང་། རྒྱུ་དང་གཡོ་ཡོངས་སུ་སྤངས་པ་དང་། ཇི་སྐད་དུ་སྨྲས་པ་དེ་བཞིན་དུ་བྱེད་པ་དང་། རྟག་ཏུ་རྒྱུན་མི་འཆད་པར་བདེན་པའི་ཚིག་རྗེས་སུ་བསྲུང་བ་དང་། སངས་རྒྱས་ཀྱི་རིགས་ལ་སྐྱོན་དུ་འགྱུར་བར་མི་བྱེད་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་མི་གཏོང་བ་དང་། རིའི་དབང་པོ་རྒྱལ་པོ་ཆེན་པོ་ལྟར་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སེམས་མི་གཡོ་བ་དང་། འཇིག་རྟེན་བྱ་བ་ཐམས་ཅད་ལ་མངོན་པར་དགའ་བ་མེད་པ་དང་། འཇིག་རྟེན་ལས་འདས་པའི་དགེ་བའི་ལམ་དང་ལྡན་པ་དང་། མི་ངོམས་པར་བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་རབ་ཏུ་རྫོགས་པ་དང་། རྟག་ཏུ་རྒྱུན་མི་འཆད་པར་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པའི་ལམ་འཚོལ་བ་དང་། ས་ཡོངས་སུ་སྦྱོར་བའི་ཆོས་ཀྱི་རྣམ་པ་འདི་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ནི། བྱང་ཆུབ་སེམས་དཔའ་ས་རབ་ཏུ་དགའ་བ་ལ་གནས་པ་ཡིན་ཏེ། ས་རབ་ཏུ་དགའ་བ་དེ་ལ་ཤིན་དུ་གནས་ཤིང་། རྣམ་པ་འདི་ལྟ་བུའི་སྨོན་ལམ་ཆེན་པོ་དང་། རྩོལ་བ་ཆེན་པོ་དང་། མངོན་པར་སྒྲུབ་པ་ཆེན་པོ་འདི་དག་མངོན་པར་སྒྲུབ་པ་སྟེ། སངས་རྒྱས་ཐམས་ཅད་མ་ལུས་པ། །ལྷག་མ་མེད་པ་འདི་དག་ལ། །མཆོད་ཅིང་རིམ་གྲོ་བྱ་བའི་ཕྱིར། །རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ། མོས་པ་རྒྱ་ཆེན་པོས་རྣམ་པར་དག་པ། ཆོས་ཀྱི་དབྱིངས་ཀྱི་བྱ་

(༤༧༧)བ་རྒྱ་ཆེ་བ། ནམ་མཁའི་དབྱིངས་ཀྱི་མཐར་ཐུག་པ། །ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་གྲངས་མེད་པ་ཐམས་ཅད་ཀྱི་སངས་རྒྱས་སྐྱེ་བ་གྲངས་མེད་པ་ལ་རིམ་གྲོ་དང་། མཆོད་པ་ཆེན་པོ་བྱ་བ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་པོ། །དེའི་ཕྱིར་ན་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཀྱི་ཚུལ་ཡང་དག་པར་བསླབ་པ་དང་། སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ཕྱིར་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་པ་རྒྱ་ཆེ་བ། ནམ་མཁའི་དབྱིངས་མཐར་ཐུག་པ། ཕྱི་མཐའ་མུར་ཐུག་པ་བསྐལ་པ་གྲངས་མེད་པ་ཐམས་ཅད་ཀྱིས་སངས་རྒྱས་འབྱུང་བ་གྲངས་མེད་པ། དམ་པའི་ཆོས་ཡོངས་སུ་གཟུང་བ་རྒྱུན་མི་འཆད་པ་སྟེ། སྐུ་བལྟམས་པ་དང་། གཤེགས་པ་དང་། བཞུགས་པ་དང་། བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་དང་། རབ་ཏུ་བྱུང་བ་དང་། བྱང་ཆུབ་ཏུ་གཤེགས་པ་དང་། བདུད་འདུལ་བ་དང་། སངས་རྒྱས་པ་དང་། གསོལ་བ་བཏབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་འདའ་ཚུལ་སྟོན་པའི་དྲུང་དུ་འགྲོ་ཞིང་། མཉེས་པ་སྣ་ཚོགས་ཀྱིས་མཉེས་པར་བྱེད་ཅིང་ས་དང་པོའི་ཆོས་ཀྱི་རྣམ་གྲངས། ཐེག་པ་ཆེན་པོའི་ཆོས་ཀྱི་ཕུང་པོ་ཞུ་བ། ཅི་ལྟ་བུ་བསྟན་པ་ལས། ཕྱི་མའི་མུ་མཐར་ཐུག་པའི་བར་དུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སྦྱོང་བར་བྱེད་པ་དང་། བྱང་ཆུབ་ཀྱི་སྤྱོད་པ་སྣ་ཚོགས་སུ་སེམས་བསྐྱེད་ཅིང་། སྨོན་ལམ་རྒྱུན་ཆད་མེད་པར་འདེབས་པའོ། །སྐྱེ་གནས་ཐམས་ཅད་དུ་སེམས་ཅན་གྱི་དོན་མ་གཏོགས་པ། མ་རིག་འཁྲུལ་པའི་དབང་གིས་མི་སྐྱེ་ཞིང་། བསམས་བཞིན་དུ་སྲིད་པ་ཉེ་བར་བླངས་ནས། འགྲོ་བ་རིགས་དྲུག་གི་གྲོང་ཁྱེར་ཐམས་ཅད་དུ་དགག་པ་དང་སྒྲུབ་པ་མེད་པ་སྐྱེ་ཞིང་། ཉོན་མོངས་པ་དང་བཅས་པའི་སེམས་ཅན་ཐམས་ཅད་ལ། སྣ་ཚོགས་

(༤༧༨)ཐབས་ཀྱིས་དོན་བྱེད་ཅིང་། །ནམ་མཁའི་དབྱིངས་ཀྱིས་མཐར་ཐུག་པ་མཐའ་ཡས་པར་བསྐལ་པ་གྲངས་མེད་པ་རྣམས་སུ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལ་སྨོན་ལམ་རྒྱུན་མི་འཆད་པར་འདེབས་ཤིང་སྒྲུབ་པའོ། །སངས་རྒྱས་འཇིག་རྟེན་དུ་འབྱུང་བ་རྣམས་པ་སེམས་བསྐྱེད་ཅིང་། དེ་བཞིན་གཤེགས་པའི་previous hit དགོངས next hit་དང་མཐུ་དང་། །ཡེ་ཤེས་ཁོང་དུ་ཆུད་པར་བྱ་བ་དང་། མ་ཉམས་ཤིང་རྗེས་སུ་འབྲང་བའི་མངོན་པར་ཤེས་པ་རབ་ཏུ་ཐོབ་པར་བྱ་བ་དང་། སེམས་ཅན་རྣམས་ཀྱི་དོན་དུ་འཇིག་རྟེན་པའི་ཁམས་ཀུན་ཏུ་རྒྱུ་བར་བྱ་བ་དང་། ཐེག་པ་ཆེན་པོའི་རྗེས་སུ་འབྲང་ཞིང་། ཐེག་པ་ཆུང་ངུའི་རྗེས་སུ་མི་འབྲང་བ་དང་། སངས་རྒྱས་རྣམས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་ཆགས་ཐོགས་མེད་པར་ཐེག་པ་ཆེན་པོའི་ཆོས་ཀྱི་ཕུང་པོ་མཉན་པ་དང་། སྐྱེ་བའི་སྐྱེ་གནས་ཐམས་ཅད་དུ་དྲན་པ་ཤེས་བཞིན་དུ་སྐྱེ་ཞིང་འགྲོ་བར་བྱ་བ་དང་། ཐེག་པ་ཆེན་པོ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་མི་འཆད་པར་སྤྱོད་པ་སྟེ། ལུས་དང་། ངག་དང་། ཡིད་ལ་དོན་ཡོད་པར་བྱ་བ་དང་། མཐོང་མ་ཐག་ཏུ་སངས་རྒྱས་ཀྱི་ཆོས་སྐད་ཅིག་ཉིད་ལ་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་གསུང་ཐོས་མ་ཐག་ཏུ་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བ་དང་། དད་པར་གྱུར་མ་ཐག་ཏུ་ཉམས་པ་ཕྱིར་བཟློག་པར་བྱ་བ་དང་། བསམ་པ་སྨན་གྱི་རྒྱལ་པོ་ལྟ་བུ་དང་། ལུས་ཡིད་བཞིན་གྱི་ནོར་བུར་བྱ་བ་དང་། བྱང་ཆུབ་ཀྱི་སྤྱོད་པ་བསྐལ་པ་གྲངས་མེད་པ་རྣམས་སུ་ཕྱིར་མི་ལྡོག་པའི་འཁོར་ལོ་སྤྱོད་པ། འབྲས་བུ་དོན་ཡོད། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་ནས། རྫུ་འཕྲུལ་དང་། ཆོ་འཕྲུལ་དང་། རྣམ་པར་འཕྲུལ་བ་བསམ་གྱིས་མི་ཁྱབ་པ། སྐད་ཅིག་ཙམ་གྱིས་སངས་རྒྱས་ནས་སེམས་ཅན་

(༤༧༩)འགྲོ་བ་སྣ་ཚོགས་ཀྱི་དོན་བྱེད་པ་དང་། མྱ་ངན་ལས་འདས་པ་ཆེན་པོ་ཡོངས་སུ་བསྟན་པ་དང་། ཐེག་པ་ཆེན་པོའི་ས་ལ་སེམས་ཅན་རྣམས་དགོད་ཅིང་། ཆོས་ཀྱི་ཕུང་པོ་གྲངས་མེད་པ་ཤེས་པའི་རྫུ་འཕྲུལ་གྱི་རྒྱུ་དང་། དབང་པོ་ཐོགས་པ་མེད་པ་ཡིས་ཆོས་ཀྱི་དབྱིངས་ཐམས་ཅད་ཁྱབ་པར་འབྱུང་བ། ཡེ་ཤེས་ཆེན་པོའི་མངོན་པར་ཤེས་པ་རྒྱུན་མི་འཆད་པའི་སྨོན་ལམ་སྒྲུབ་པའོ། །རྣམ་པ་འདི་ལྟ་བུའི་སྨོན་ལམ་ཆེན་པོ་དང་། བརྩོན་འགྲུས་ཆེན་པོ་དང་། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུ། མངོན་པར་སྒྲུབ་པའི་སྨོན་ལམ་གྱི་སྒོ་བཅུ་པོ་འདི་དག་ལ་སོགས་པ། སྨོན་ལམ་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུ་ཚང་བ་དག །ས་དང་པོ་རབ་ཏུ་དགའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐོབ་བོ། །སྨོན་ལམ་དེ་དག་ཀྱང་མཐར་ཐུག་པའི་གནས་བཅུ་མངོན་པར་སྒྲུབ་སྟེ། བཅུ་གང་ཞེ་ན། སེམས་ཅན་གྱི་ཁམས་མཐར་ཐུག་པ་དང་། འཇིག་རྟེན་གྱི་ཁམས་མཐར་ཐུག་པ་དང་། ནམ་མཁའི་ཁམས་མཐར་ཐུག་པ་དང་། ཆོས་ཀྱི་ཁམས་མཐར་ཐུག་པ་དང་། མྱ་ངན་ལས་འདས་པའི་ཁམས་མཐར་ཐུག་པ་དང་། སངས་རྒྱས་འབྱུང་བའི་ཁམས་མཐར་ཐུག་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་མཐར་ཐུག་པ་དང་། སེམས་ཅན་གྱི་དམིགས་པ་མཐར་ཐུག་པ་དང་། ཡེ་ཤེས་སྒྲུབ་པ་མཐར་ཐུག་པ་དང་། འཇིག་རྟེན་གྱི་རྒྱུད་དང་། ཆོས་ཀྱི་རྒྱུད་དང་། ཡེ་ཤེས་ཀྱི་རྒྱུད་ཀྱི་ཁམས་མཐར་ཐུག་པ་དག་གོ། །དེ་ལྟར་དུ་ས་དང་པོ་ལ་གནས་པ་རྣམས་ཀྱིས་ཀྱང་སྨོན་ལམ་རྒྱ་ཆེན་པོ་འདི་དག་སེམས་ཅན་རྣམས་ཀྱི་མཐའ་གར་ཐུག་པ་དེར་སྨོན་ལམ་རྣམ་པར་དག་པའི་མཐའ་དེར་

(༤༨༠)ཐོབ་པར་གྱུར་ཅིག །ཅེས་རྒྱུན་ཆད་མེད་པར་འདེབས་པའོ། །དེ་བཞིན་དུ། འཇིག་རྟེན་དང་། ནམ་མཁའ་དང་། ཆོས་དང་། མྱ་ངན་ལས་འདས་པ་དང་། སངས་རྒྱས་འབྱུང་བ་དང་། ཡེ་ཤེས་ཀྱི་མཐའ་དང་། སེམས་ཅན་གྱི་དམིགས་པ་དང་། ཡེ་ཤེས་སྒྲུབ་པ་དང་། འཇིག་རྟེན་གྱི་རྒྱུད་དང་། ཆོས་དང་། ཡེ་ཤེས་ཀྱི་རྒྱུད་ལ་སོགས་པ་དེ་རྣམས་ལས་མཐར་ཐུག་པ་ཡོད་ན། བདག་གི་སྨོན་ལམ་ལ་ཡང་མཐར་ཐུག་པ་ཡོད་ཀྱིས། དེ་རྣམས་ལ་མཐར་ཐུག་པ་མེད་པའི་ཕྱིར་ན། བདག་གི་སྨོན་ལམ་རྣམ་པར་དག་པ་ལ་ཡང་མཐར་ཐུག་པ་མེད་ཅིང་། དགེ་བའི་རྩ་བ་འདི་དག་ཀྱང་ཐུག་པ་མེད་པར་གྱུར་ཅིག །ཅེས་དེ་ལྟར་སྨོན་ལམ་བཞིན་དུ་སྒྲུབ་ཅིང་ཕན་པའི་སེམས་དང་ལྡན་པས། འཇམ་པའི་སེམས་དང་ལྡན་པས། འཁྲུལ་པ་མེད་པའི་སེམས་དང་ལྡན་པ་ཡིས། ས་དང་པོ་རབ་ཏུ་དགའ་བའི་རྟོགས་པ་ནི། གང་ལ་ཡང་ཐེ་ཚོམ་མི་ཟ་བ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཡིད་ཆེས་པ་ཡིན། ཕ་རོལ་ཏུ་ཕྱིན་པ་བཅུ་དང་། ས་ཡང་དག་པར་སྒྲུབ་པའི་དང་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་མཐོང་ཞིང་ཐོས་ན་ཡིད་ཤིན་ཏུ་ཆེས་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སྙིང་རྗེ་དང་བྱམས་པ་དེ་ལྟ་བུའི་རྣལ་པ་དང་ལྡན་པའི་ལྷག་པའི་བསམ་པས་ས་དང་པོ་ལ་གནས་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དེ། ཕྱི་ནང་གི་དངོས་པོས་ཐམས་ཅད་ལ་ཆགས་ཐོགས་མེད་པར་སྦྱིན་པ་དང་སྦྱིན་པ་ཆེན་པོ་ལ་

(༤༨༡)སོགས་པ་སེམས་ཅན་རྣམས་ལ་ཕྱོགས་རིས་མེད་པར་བཏང་ཞིང་། ཐེག་པ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པར་བྱེད་དོ། །ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། ཤེས་དང་ཤེས་བྱའི་ཤེས་རབ་དང་ལྡན་པ་སྟེ། ཕྱི་ནང་གི་གཙུག་ལག་དང་། རིག་པའི་གནས་ཀུན་ལ་མཁས་ཤིང་། བྱ་བ་དང་མི་བྱ་བའི་ས་མཚམས་རབ་ཏུ་རྟོགས་པའི་ཕྱིར་ན། སེམས་ཅན་རབ་དང་འབྲིང་གི་དོན་བྱེད་པས་ན། སེམས་ཅན་རྣམས་ཀྱི་ཁམས་རྒྱུད་ཤེས་པའི་ཕྱིར་ན། མིའི་འཇིག་རྟེན་གྱི་ཁམས་སུ་སོང་ཞིང་། འཇིག་རྟེན་ཤེས་པས་དུས་དང་དུས་ཚོད་རན་པར་སྤྱོད་ཅིང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ཤིན་ཏུ་བརྒྱན་པས། བདག་དང་གཞན་གྱི་དོན་དུ་རབ་ཏུ་བརྩོན་པར་བྱེད་དེ། དེའི་ཕྱིར་ན། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ཡིན། སྦྱོར་བ་དེ་དག་ལའང་འབྱུང་བར་སྤྱོད་པ་ཡིན། ཕྱིར་མི་ལྡོག་ཅིང་། ཕྱིར་མི་ཟློག་པའི་བརྩོན་འགྲུས་དང་། སྟོབས་ཀྱི་ཤུགས་ཀྱང་རབ་ཏུ་ཐོབ་པ་ཡིན་ཏེ། དེ་ལྟར་དེའི་དགེ་བའི་སྟོབས་དང་། ཤུགས་ཡོངས་སུ་སྐྱེས་པ་ཡིན། དགེ་བའི་སྟོབས་དང་། ཤུགས་རབ་ཏུ་ཐོབ་པས་སངས་རྒྱས་དེ་དག་མཐོང་ནས། བསམ་པ་རྒྱ་ཆེན་པོས། སངས་རྒྱས་ཆོས་དང་བྱང་ཆུབ་སེམས་དཔའ་རྣམས་རྒྱུན་ཆད་མེད་པར་བསྙེན་བསྐུར་ཞིང་། དགེ་བ་སེམས་ཅན་གྱི་དོན་དུ་བསྔོ་བར་བྱེད་པའོ། །ས་དང་པོ་རབ་ཏུ་དགའ་བ་ལ་གནས་པ་ཡིས། གོང་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། དགེ་བའི་བཤེས་གཉེན་ལ་ས་བཅུའི་བར་དུ། གཞི་དང་། ལམ་དང་། འབྲས་བུའི་ཐོབ་ཚུལ་རྣམས་མཉན་པར་བྱའོ། །ཤེས་པར་བྱའོ། །རྟོགས་པར་བྱའོ། །དེས་ས་ལམ་དང་མི་མཐུན་ཕྱོགས་ཐམས་ཅད་ལ་མཁས་ཤིང་སྤང་བར་

(༤༨༢)བྱའོ། །ས་ཐོབ་པར་བྱ་བ་དང་། རྣམ་པར་བསྒོམ་པར་བྱ་བ་ལ་མཁས་པར་བྱའོ། །སའི་རྣམ་པ་ཡོངས་སུ་སྦྱང་བ་ལ་མཁས་པར་བྱའོ། །ས་ནས་སར་འཕར་བ་ལ་མཁས་པར་བྱའོ། །ས་དང་ས་ལ་རྣམ་པར་གནས་པ་ལ་མཁས་པར་བྱའོ། །ས་ནས་སའི་གནས་གཞན་དུ་འཕོ་བར་བྱ་བ་ལ་མཁས་པར་བྱའོ། །ས་ནས་སར་ཡོངས་སུ་སྦྱང་བའི་ཁྱད་པར་གྱི་ཡེ་ཤེས་ལ་མཁས་པར་བྱའོ། །ས་ནས་ས་ཐོབ་ནས་ཕྱིར་མི་ལྡོག་པའི་ཡེ་ཤེས་ལ་མཁས་པར་བྱའོ། །བྱང་ཆུབ་སེམས་དཔའི་ས་ཡོངས་སུ་སྦྱངས་པས་སངས་རྒྱས་ཀྱི་སར་གནས་པ་ལ་མཁས་པར་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་གནས་པའི་ཚེ། སའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་མཁས་པ་དང་། ས་འགྲུབ་པ་དང་། འཇིག་པ་ལ་མཁས་པ་དང་། སའི་རྣམ་པ་དང་རྒྱུ་མཐུན་པའི་འབྲས་བུ་ལ་མཁས་པ་དང་། ས་འབོབ་པར་བྱ་བ་དང་། རྣམ་པར་བསྒོམ་པ་ལ་མཁས་པ་དང་། སའི་ཡན་ལག་ཡོངས་སུ་སྦྱང་བ་ལ་མཁས་པ་དང་། ས་ནས་སར་ན་འཕར་བར་བྱ་བ་ལ་མཁས་པ་དང་། ས་ནས་སར་རྣམ་པར་གནས་པ་ལ་མཁས་པ་དང་། ས་ནས་སར་ཁྱད་པར་དུ་གྱུར་པའི་ཡེ་ཤེས་ལ་མཁས་པ་དང་། ས་ནས་ས་ཐོབ་པ་ལ་མཁས་པ་དང་། ས་ནས་ས་ཐོབ་པ་ལ་མཁས་ཤིང་ཕྱིར་མི་ལྡོག་པ་ལ་མཁས་པ་དང་། བྱང་ཆུབ་སེམས་དཔའ་ས་ཐམས་ཅད་ཡོངས་སུ་སྦྱངས་པས། སངས་རྒྱས་ཀྱི་ས་ནོན་པ་ལ་མཁས་པར་གྱུར་པ་དེའི་ཚེ། བསོད་ནམས་ཀྱི་ཚོགས་ཆེན་པོ་རྒྱ་ཡོངས་སུ་གཟུང་བ་དང་། ཡེ་ཤེས་ཀྱི་ཚོགས་ཆེན་པོ་ལ་རྣམ་པར་དབྱེ་བ་ཤིན་དུ་བྱས་པ་དང་། སེམས་ཅན་གྱི་ལམ་སྒྲོགས་མང་པོ་ཡོངས་སུ་གདོན་པའི་

(༤༨༣)བསམ་པ་དང་ལྡན་པས། ཐམས་ཅད་མཁྱེན་པའི་གྲོང་གདལ་ཆེན་པོར་བྱིན་པ་བྱ་བར་འདོད་ཅིང་། ཐོག་མ་ནས་སའི་ལམ་དང་། སའི་ལམ་གྱི་ཡོན་ཏན་དང་། སའི་ལམ་གོལ་བའི་ཉེས་པ་དང་། སའི་ལམ་གྱི་བར་ལམ་གྱི་ཁྱད་པར་དང་། སའི་ལམ་གྱི་བར་ལམ་འཁྲུལ་ན། ཉེས་པར་གྱུར་ན་སད་པ་དང་། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བཤམས་ཤིང་བསོག་པ་དག་ཀྱང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དག་དང་། དགེ་བའི་བཤེས་གཉེན་དག་ལས་ཡོངས་སུ་ཚུལ་བཞིན་འདྲེས་ཏེ། བར་གྱི་བར་དང་པོ་ནས་གྱེན་དུ་མ་འཕགས་པར། ཐམས་ཅད་མཁྱེན་པའི་གྲོང་རྡལ་ཆེན་པོར་ཕྱིན་པར་བྱ་བའི་བར་དུ་མཁས་པ་ཡིན། དེ་ལྟར་ཡེ་ཤེས་ཀྱི་ཚོགས་རྣམ་པར་རྟོགས་པའི་བློ་དང་། བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཕུན་སུམ་ཚོགས་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པའི་ཚུལ་དུ། འཁོར་བའི་མྱ་ངན་དང་སྡུག་བསྔལ་ཐམས་ཅད་བསྒྲལ་ཞིང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱ་མཚོར་ཕྱིན་ཞིང་འཇིགས་པ་མེད་པར་བྱེད་དོ། །དེའི་ཕྱིར་ན་བྱང་ཆུབ་སེམས་དཔའ་ཆེན་པོས། ཡོངས་སུ་སྐྱོ་བ་མེད་པའི་ཡིད་ནི་ཡོངས་སུ་སྦྱང་བའི་ཁྱད་པར་ལ་བརྩོན་པར་བྱའོ། །སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྣམ་པའི་བར་དུ་མཁས་པར་བྱའོ། །དེའི་ཕྱིར་ན་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་ས་དང་པོ་རབ་ཏུ་དགའ་བའི་སྒོར་འཇུག་པ་མདོར་བསྡུས་ཏེ་བསྟན་པའོ། །རྒྱ་ཆེར་ནི་ཤིན་ཏུ་བསྟན་པ་བརྒྱ་སྟོང་གྲངས་མེད་པ་རྣམ་པའི་མུར་ཐུག་པ་མེད་དེ། བསྐལ་པ་གྲངས་མེད་པའི་མཐར་ཐུག་པ་ཤིན་དུ་བསྟན་པའི་ཚུལ་གྱིས་ཁོང་དུ་ཆུད་པར་བྱའོ། །དེ་ལ་གནས་

(༤༨༤)པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ནི། ཕལ་ཆེར་འཛམ་བུའི་གླིང་གི་རྒྱལ་པོར་འགྱུར་ཏེ། སྲིད་པ་ཆེན་པོ་ལས་དབང་བསྒྱུར་བ་རབ་ཏུ་ཐོབ་ཅིང་། ཆོས་ཀྱིས་ཡོངས་སུ་བསྐྱངས་པ། སེམས་ཅན་རྣམས་སྦྱིན་པ་ཆེན་པོས་ཡོངས་སུ་བསྡུ་བ་ལ་མཁས་ཤིང་མཐུ་སོང་བ་ཡིན། སེམས་ཅན་རྣམས་ཀྱི་གཟུང་འཛིན་གྱི་དྲི་མ་ཟློག་པ་ལ་མཁས་པ་ཡིན། སྦྱིན་པ་ཆེན་པོས་རྩོལ་བ་ཡོངས་སུ་དུབ་པར་མི་འགྱུར་བ་ཡིན། དེ་སྦྱིན་འམ་ངག་སྙན་པའམ། དོན་སྒྲུབ་པའམ། དོན་མཐུན་པས་དགེ་བའི་རྩ་བ་གང་ཅི་ཙམ་ཡང་རུང་སྟེ། དེ་ཅིའི་ཕྱིར་ན། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར། གཙོ་བོར་འགྱུར། ཐུ་བོར་འགྱུར། ཕུལ་དུ་འགྱུར། དམ་པར་འགྱུར། བླ་ན་མེད་པར་འགྱུར། འདྲེན་པར་འགྱུར། རྣམ་པར་འདྲེན་པར་འགྱུར། ཡོངས་སུ་འདྲེན་པར་འགྱུར་བ་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བརྟེན་པའི་བར་དུ་འགྱུར་སྙམ་དུ་སྟེ། སངས་རྒྱས་ཡིད་ལ་བྱ་བ་དང་། ཆོས་ཡིད་ལ་བྱ་བ་དང་། དགེ་འདུན་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའི་ས་ཡིད་ལ་བྱ་བ་དང་། ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱ་བ་དང་། སྟོབས་ཡིད་ལ་བྱ་བ་དང་། མི་འཇིགས་པ་ཡིད་ལ་བྱ་བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡིད་ལ་བྱ་བ་དང་། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་ཐམས་ཅད་མཁྱེན་པའོ། །ཡེ་ཤེས་ཀྱི་བར་དུ་ཡིད་ལ་བྱ་བ་དང་མི་འབྲལ་བ་ཡིན། དེ་འདོད་ནས་སྐད་ཅིག་ཡུད་ཙམ་ཐང་གཅིག་ཏུ་ཁྱིམ་དང་། ཆུང་མ་དང་། བྱ་བ་ཐམས་ཅད་ཡོངས་སུ་སྤངས་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བ་དང་། རབ་ཏུ་བྱུང་ནས་ཀྱང་

(༤༨༥)སྐད་ཅིག་ཡུད་ཙམ་ཐང་གཅིག་ཏུ་ཏིང་ངེ་འཛིན་བརྒྱ་རབ་ཏུ་ཐོབ་ཅིང་སྙོམས་པར་འཇུག་པ་དང་། སངས་རྒྱས་བརྒྱ་མཐོང་བ་དང་། དེ་གང་གིས་བྱིན་གྱིས་བརླབས་ཀྱང་ཡང་དག་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བརྒྱ་སྟོང་བསྐྱོད་པ་དང་། སངས་རྒྱས་ཀྱི་ཞིང་བརྒྱར་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་བརྒྱ་སྟོང་སྣང་བར་བྱས་པ་དང་། སེམས་ཅན་བརྒྱ་ཡོངས་སུ་སྨིན་པར་བྱས་པ་དང་། བསྐལ་པ་བརྒྱར་གནས་པར་བྱ་བ་དང་། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་བསྐལ་པ་བརྒྱ་ལ་རབ་ཏུ་འཇུག་པ་དང་། ཆོས་ཀྱི་སྒོ་བརྒྱ་ཡོངས་སུ་འབྱེད་པ་དང་། ལུས་བརྒྱ་ཡོངས་སུ་བསྟན་པ་དང་། དུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་བརྒྱ་བརྒྱ་ཡང་དག་པར་བསྟན་པར་བྱ་བའི་ཕྱིར་བརྩོན་འགྲུས་ཀྱི་རྣམ་པ་དེ་ལྟ་བུ་བརྩོམ་མོ། །བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་སྟོབས་ཀྱིས་བསྐལ་པ་གྲངས་མེད་པར་སེམས་ཅན་གྱི་དོན་བྱེད་པ་ལ་སྐྱོ་བ་དང་དུབ་པ་མེད་པར་འགྱུར་རོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་ཤཱཀྱ་ཐུབ་པ་ཆེན་པོ་མངོན་པར་རྫོགས་པར་སངས་རྒྱས་ནས། ཞག་དང་པོའི་དུས་སུ་རྫུ་འཕྲུལ་དང་ཆོ་འཕྲུལ། རྣམ་པར་འཕྲུལ་པ་ཆེན་པོ་ཡིས། གཞི་དང་སྙིང་པོ་མེ་ཏོག་དྲ་བ་འབྲེལ་བའི་ཞིང་ཁམས་ལ་སོགས་པ་སྐད་ཅིག་ཉིད་ལ་བྱིན་གྱིས་བརླབས་པའི་བཀའ་ཆེན་པོ། སངས་རྒྱས་ཀྱི་ཞིང་རྣམ་པར་བཀོད་པའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། སེམས་དཔའ་རང་བྱུང་རྡོ་རྗེ་ཡིས། །ས་དང་པོ་རབ་ཏུ་དགའ་བའི་སྒྲ་དང་དོན་གསལ་བར་བྱེད་པའི་སྒྲོན་མ་བསྟན་པ་སྟེ་དང་པོའོ།། །།དེའི་ཕྱིར་ན་བྱང་ཆུབ་སེམས་དཔའི་ས་ནས་སར་འཕར་ཏེ།

(༤༨༦)ས་དང་པོ་ཡོངས་སུ་སྦྱང་བ་དེས་ས་གཉིས་པ་ལ་མོས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་བྱ་ཞིང་། ཕ་རོལ་ཏུ་ཕྱིན་པ་གཞན་ཡང་ཅི་ནུས་སུ་སྤྱོད་པར་བྱེད་དེ། དེའི་ཕྱིར་ན། ས་གཉིས་པ་ལ་གནས་པ་ལ། ལྷག་པའི་བསམ་པ་བཅུ་འབྱུང་བ་ནི། དྲང་པོའི་བསམ་པ་དང་། འཇམ་པའི་བསམ་པ་དང་། ལས་སུ་རུང་བའི་བསམ་པ་དང་། དུལ་བའི་བསམ་པ་དང་། ཞི་བའི་བསམ་པ་དང་། དགེ་བའི་བསམ་པ་དང་། མ་འདྲེས་པའི་བསམ་པ་དང་། མི་ལྟོས་པའི་བསམ་པ་དང་། བརླབས་པོ་ཆེའི་བསམ་པ་དང་། སེམས་ཀྱི་བསམ་པ་བཅུ་པོ་འདི་དག་འབྱུང་སྟེ། དེ་དག་གིས་བྱང་ཆུབ་སེམས་དཔའི་ས་གཉིས་པ་དྲི་མ་དང་བྲལ་བ་ལ་གནས་པ་ཡིན། དེའི་ཕྱིར་ན་བྱང་ཆུབ་སེམས་དཔའི་དྲི་མ་དང་བྲལ་བའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་སྲོག་གཅོད་པ་དང་བྲལ་བ་ཡིན་ཏེ། དབྱིག་པ་སྤངས། མཚོན་ཆ་སྤངས། འཁོན་དུ་འཛིན་པ་སྤངས་པ་སྟེ། ངོ་ཚ་དང་ལྡན་པས་སྲོག་ཆགས་སུ་གྱུར་པ་ཐམས་ཅད་ལ་ཕན་པ་དང་བདེ་བས་ཕན་འདོགས་ཤིང་བྱམས་པའི་སེམས་དང་ལྡན་པ་ཡིན་ཏེ། དེ་ཡིད་ཀྱིས་ཡོངས་སུ་རྟོག་པ་ཙམ་གྱིས་ཀྱང་སྲོག་ཆགས་ལ་འཚེ་བ་མི་བྱེད་ན་སེམས་ཅན་གཞན་ལ་སེམས་ཅན་དུ་འདུ་ཤེས་ཤིང་ཆེད་དུ་བསམས་ཏེ། ལུས་ལ་བརྩེ་བ་ཆེན་པོ་བྱ་བ་ལྟ་ཅི་སྨོས། བདག་གི་ལོངས་སྤྱོད་ཀྱིས་ཆོག་ཤེས་ཤིང་གཞན་གྱི་ལོངས་སྤྱོད་ལ་རེ་བ་མེད་པས། མ་བྱིན་པར་ལེན་པ་དང་བྲལ་བ་ཡིན་ཏེ། དེ་གཞན་གྱིས་ཡོངས་སུ་གཟུང་བའི་དངོས་པོ་ལས་གཞན་གྱིས་ཡོངས་སུ་གཟུང་བར་འདུ་ཤེས་ཤིང་ལྟ་བུ་སེམས་ཉེ་བར་བཞག་སྟེ། ཆུང་ངུ་ན་རྩ་དང་ལོ་

(༤༨༧)མ་ཡང་མ་བྱིན་པར་མི་ལེན་ན། འཚོ་བའི་ཡོ་བྱད་གཞན་ལྟ་ཅི་སྨོས། བདག་གི་ཆུང་མས་ཆོག་ཤེས་ཤིང་། གཞན་གྱི་ཆུང་མ་ལ་རེ་བ་མེད་པས་འདོད་པས་ལོག་པར་གཡེམ་པ་དང་བྲལ་ཏེ། དེའི་ཕྱིར་ན་གཞན་གྱིས་ཡོངས་སུ་གཟུང་བའི་བུད་མེད་གཞན་གྱི་ཆུང་མ་རུས་དང་། མཚན་མ་དང་། ཆོས་ཀྱིས་བསྲུང་བ་རྣམས་ལ་ཆགས་སེམས་ཀྱང་མི་སྐྱེ་ན། གཉིས་ཀྱིས་གཉིས་ཕྲད་པར་བྱ་བ་ལྟ་ཅི་སྨོས། ཡང་དག་པར་སྨྲ་ཞིང་བདེན་པར་སྨྲ་བ་དང་། དུས་སུ་སྨྲ་བ་དང་། ཚོད་དུ་སྨྲ་བ་ལ་ཅི་སྐད་དུ་སྨྲས་པ་དེ་བཞིན་དུ་བྱེད་པས། བརྫུན་དུ་སྨྲ་བ་དང་བྲལ་བ་ཡིན། དེ་ཆུང་དུ་ན་རྨི་ལམ་དུ་ཡང་བརྫུན་གྱི་ཚིག་མི་བརྗོད་ན། ཆེད་དུ་བསམས་ཏེ་བརྗོད་པ་ལྟ་ཅི་སྨོས། དེ་སེམས་ཅན་གྱི་དབྱེན་མི་བྱེད་ཅིང་མི་འཚེ་བ་ལ་ཞུགས་པས་ཕྲ་མའི་ཚིག་དང་བྲལ་བ་ཡིན་ཏེ། དེ་དག་དབྱེ་བའི་ཕྱིར་རོ། །གང་དང་གང་དུ་ཡང་ཆོས་དང་མི་མཐུན་པའི་གཏམ་མི་བྱེད་ཅིང་། འདུམ་པ་རྣམས་དབྱེ་བར་མི་བྱེད། དབྱེ་བ་རྣམས་ལ་འདུམ་པར་བྱ། འདུམ་པ་ལ་དགའ་ཞིང་། མི་འདུམ་པ་ལ་མོས་པ་མ་ཡིན་པས། བདེན་ནམ་བརྫུན་ཡང་རུང་། མི་འདུམ་པར་བྱ་བའི་ཚིག་མི་སྨྲའོ། །ཞེ་གཅོད་པའི་ཚིག་དང་བྲལ་བ་ཡིན། རྙོག་པ་དང་། སླང་བ་དང་། རྩུབ་པ་དང་། གཞན་ལ་གནོད་པ་དང་། ངེད་གནད་པར་འགྱུར་བ་དང་། ཉེས་པ་ངོར་བརྗོད་པ་དང་། ཉེས་པ་ངོར་བརྗོད་པ་ལས་གཞོལ་བ་དང་། གྲོང་ཚིག་དང་། མ་རབས་ཀྱི་ཚིག་དང་། གཟུགས་སུ་གྱུར་པ་མ་ཡིན་པ་དང་། རྣ་བར་མི་སྙན་པ་དང་། ཁྲོ་བ་དང་། གཤེ་བ་ལས་བྱུང་བ་དང་། སྙིང་

(༤༨༨)ན་བར་བྱེད་པ་དང་། ཡིད་ཡོངས་སུ་གདུང་བར་བྱེད་པ་དང་། མི་སྙན་པ་དང་། ཡིད་དུ་མི་འོང་བ་དང་། བདག་དང་གཞན་གྱི་སེམས་མ་རུངས་པར་བྱེད་པའི་ཚིག་གི་རྣམ་པ་དེ་ལྟ་བུ་སྤངས་ཏེ། གང་འདི་འཇམ་པ་དང་། ཡིད་དུ་འོང་བ་དང་། སྙན་པ་དང་། གཟུགས་སུ་གཟུང་བ་དང་། རྣ་བར་འོང་བ་དང་། སྙིང་དུ་སྡུག་པ་དང་། ཕོ་བྲང་གི་ཚིག་དང་། གཅིག་པ་དང་། རྩལ་བ་དང་། འགོ་བ་དང་། མཉན་པར་འོས་པ་དང་། མི་གནས་པ་དང་། སྐྱེ་བོ་མང་པོ་དགའ་བར་འགྱུར་བ་དང་། སྐྱེ་བོ་མང་པོའི་ཡིད་དུ་འོང་བ་དང་། མཁས་པས་བསྔགས་པ་དང་། །ཐམས་ཅད་ལ་ཕན་ཞིང་བདེ་བར་གྱུར་པ་དང་། ཡིད་བདེ་བར་བྱེད་པ་དང་། ཡིད་ཚིམ་པར་བྱེད་པ་དང་། བདག་དང་གཞན་གྱི་སེམས་དང་བར་བྱེད་པ་དང་། འདོད་ཆགས་དང་། ཞེ་སྡང་། གཏི་མུག་དང་། ཉོན་མོངས་པ་ཐམས་ཅད་ཞི་བར་བྱེད་པའི་ཚིག་གི་རྣམ་པ་དེ་ལྟ་བུ་དག་བརྗོད་དེ། ཚིག་འཁྱལ་བ་སྤངས་པ་ཡིན་ཏེ། ལེགས་པར་ལན་ལྡོན་པའི་ཚིག་དང་དུས་སུ་སྨྲ་བ་དང་། བདེན་པར་སྨྲ་བ་དང་། དོན་དུ་སྨྲ་བ་དང་། ཆོས་སུ་སྨྲ་བ་དང་། རིགས་པར་སྨྲ་བ་དང་། དུལ་བར་སྨྲ་བ་དང་། དུས་ལ་བབ་པར་ཤིན་ཏུ་གོ་བའི་ཚིག་གཏན་ཚིགས་དང་བཅས་པ་སྨྲས། དེ་ཆུང་དུ་ན་གཞན་དུ་བྱ་བ་ཙམ་གྱིས་ཚིག་ལ་ཡང་ཡོངས་སུ་སྤང་བར་བྱ་བ་ཡོངས་སུ་སྤོངས་ན། དགོས་པ་དོན་དུ་གཉེར་ཞིང་། ཚིག་གི་རྣམ་པར་འཁྲུལ་བ་ལྟ་ཅི་སྨོས། ཆགས་སེམས་མེད་པ་ཡིན་ཏེ། དེ་གཞན་གྱི་ནོར་དང་། གཞན་གྱི་འདོད་པ་དང་། གཞན་དབང་བའི་ཡོ་བྱད་གཞན་གྱིས་ཡོངས་སུ་གཟུང་བ་ལ། ཅི་ལྟར་ན་གང་གཞན་གྱི་ཡིན་པ་དེ་དག་བདག་གིར་འགྱུར་ཏེ། ཆགས་སེམས་མི་སྐྱེད། གང་ལའང་མི་

(༤༨༩)རེ་མི་གནོད་ཅིང་འདོད་པའི་སེམས་མི་སྐྱེད་དོ། །གནོད་སེམས་དང་བྲལ་བ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་དང་། ཕན་པའི་སེམས་དང་། སྙིང་བརྩེ་བའི་སེམས་དང་། བདེ་བའི་སེམས་དང་། འཇམ་པའི་སེམས་དང་། འགྲོ་བ་ཐམས་ཅད་ལ་ཕན་གདགས་པའི་སེམས་དང་། འབྱུང་པོ་ཐམས་ཅད་ལ་ཕན་ཞིང་སྙིང་བརྩེ་བའི་སེམས་དང་ལྡན་པས། གང་འདི་ཁྲོ་བ་དང་། མདུད་པར་འཛིན་པ་དང་། ཐོབ་པ་དང་། དྲི་བ་དང་། གནོད་སེམས་དང་། ཁོང་ཁྲོ་བ་ལ་སོགས་པ་དེ་དག་སྤངས་ཏེ། གང་འདི་ལ་ཕན་པ་དང་ལྡན་པ། བྱམས་པ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་ཕྱིར། རྣམ་པར་རྟོག་ཤིང་རྣམ་པར་སྤྱོད་པ་དེ་དག་ལ་རྣམ་པར་རྟོགས་པ་ཡིན། ཡང་དག་པར་ལྟ་བ་དང་། བརྟན་ཞིང་ངོ་མཚར་བ་དང་། བཀྲ་ཤིས་དང་། ངང་ཚུལ་ངན་པའི་ལྟ་བ་སྣ་ཚོགས་དང་བྲལ་བ་ཡིན་ཏེ། ལྟ་བ་དྲང་ཞིང་གཡོ་མེད་ལ་སྒྱུ་མེད་པས། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་ངེས་པ་ཡིན་ཏེ། དེ་དགེ་བ་བཅུའི་ལས་ཀྱི་ལམ་འདི་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་ཞིང་། འདི་ལྟར་སེམས་ཀྱི་བསམ་པ་མངོན་པར་སྒྲུབས་ཏེ། སེམས་ཅན་རྣམས་ཀྱི་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་ཡོད་པ་གང་ཡང་རུང་བ་སྟེ། དེ་དག་ཐམས་ཅད་མི་དགེ་བ་བཅུའི་ལམ་ཡོངས་སུ་བླང་བའི་རྒྱུ་ལས་བྱུང་གི། བདག་གིས་ནི་འདི་ལྟར། བདག་ཉིད་ཡང་དག་པའི་ཡོན་ཏན་ལ་གནས་ཏེ། གཞན་ཡང་ཡང་དག་པའི་ཡོན་ཏན་ལ་དགོད་པར་བྱའོ། །ཡང་དག་པའི་ཡོན་ཏན་ལ་གནས་པར་བསྟན་ཏོ། །ཡངས་ཤིང་ཚད་མེད་པའི་སེམས་དང་། སྙིང་

(༤༩༠)བརྩེ་ཞིང་སྙིང་རྗེ་དང་ལྡན་པ་དང་། ཐབས་ལ་མཁས་པས་ཡང་དག་པར་གཟུང་བ་དང་། སྨོན་ལམ་རྒྱ་ཆེན་པོར་བཏབ་པ་དང་། སེམས་ཅན་ཐམས་ཅད་མི་གཏོང་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་རྒྱ་ཆེན་པོར་རྟོགས་པར་བྱ་ཞིང་སྦྱངས་ན་བྱང་ཆུབ་སེམས་དཔའི་ས་ཡོངས་སུ་དག་པ་དང་། ཚུལ་ཁྲིམས་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་པ་རྒྱ་ཆེན་པོ་རྒྱུན་ཆད་མེད་པར་འགྲུབ་པར་འགྱུར་རོ། །དེའི་ཕྱིར་ན་སེམས་ཅན་རྣམས་མི་དགེ་བ་བཅུ་ལ་སྤྱོད་པ་དག་མཐོང་ན་དགེ་བ་བཅུ་ལ་དགོད་པར་བྱའོ། །སེམས་ཅན་རྣམས་ལོག་པའི་ལམ་ལ་ཞུགས་པ་མཐོང་ན་ཡང་དག་པའི་ལམ་ལ་དགོད་པར་བྱའོ། །ཁམས་གསུམ་པའི་སེམས་ཅན་རྣམས་གནས་དང་གནས་མ་ཡིན་པ་ལ་ཆགས་ཤིང་ཞེན་པའི་སེམས་ཅན་རྣམས་ཆགས་ཤིང་ཞེན་པ་མེད་པའི་བྱང་ཆུབ་སེམས་དཔའི་ལམ་ལ་དགོད་པར་བྱའོ། །སེམས་ཅན་འདི་དག་ནི་ཞེས་སེམས་བསྐྱེད་དོ། །འདི་ནས་ཆད་པ། །སེམས་ཅན་འདི་དག་ནི་མི་མཐུན་ཞིང་རྩོད་པ་དང་། འཐབ་པ་དང་། ཁོང་འཁྲོ་བ་དང་། འཁོན་དུ་འཛིན་པ་རྣམས་བདག་གིས་བླ་ན་མེད་པའི་བྱམས་པ་ཆེན་པོ་ཉེ་བར་སྒྲུབ་པ་ལ་རབ་ཏུ་སྒྲུབ་པར་བྱའོ། །སེམས་ཅན་འདི་དག་ནི་ཆོག་མི་ཤེས་ཤིང་གཞན་གྱི་ནོར་ལ་མངོན་པར་ཞེན་ཏེ་ལོག་པའི་འཚོ་བ་ཡིན་གྱིས། སེམས་ཅན་འདི་རྣམས་བདག་གིས་ལུས་ངག་ཡིད་གསུམ་གྱི་ལས་དག་པའི་འཚོ་བ་ལ་བཀོད་པར་བྱའོ། །སེམས་ཅན་འདི་རྣམས་ནི་དུག་གསུམ་དང་། འདོད་སྲེད་དང་། ཉོན་མོངས་སྣ་ཚོགས་ཀྱི་མེ་ལྕེ་རྟག་ཏུ་རྒྱུན་མི་འཆད་པར་ཀུན་ཏུ་འབར་བར་གྱུར་ཀྱང་། འདི་ལས་ཐར་བའི་ཐབས་མི་འཚོལ་བ་ཡིན་གྱི། བདག་གི་ཉོན་མོངས་པ་ཐམས་ཅད་ཞི་ཞིང་འཚེ་བ་མེད་པའི་

(༤༩༡)མྱ་ངན་ལས་འདས་པ་ལ་དགོད་པར་བྱའོ། །སེམས་ཅན་འདི་དག་ནི་འདོད་ཆགས་དང་། དུག་གསུམ་དང་། སྲེད་པའི་གཞི་དང་ལྡན་ཞིང་། ཉོན་མོངས་པ་སྣ་ཚོགས་ཀྱི་མེ་ལྕེ་རྟག་ཏུ་རྒྱུན་མི་འཆད་པར་ཀུན་ཏུ་འབར་བར་གྱུར་ཀྱང་། འདི་ལས་འབྱུང་བའི་ཐབས་ཡོངས་སུ་མི་འཚོལ་བ་ཡིན་གྱི། དེ་དག་བདག་གི་ཉོན་མོངས་པ་ཐམས་ཅད་ཤིན་ཏུ་ཞི་ཞིང་འཚེ་བ་མེད་པའི་མྱ་ངན་ལས་འདས་པ་ལ་རབ་ཏུ་དགོད་པར་བྱའོ། །སེམས་ཅན་འདི་དག་དུག་གསུམ་དང་ལིང་ཐོག་གིས་བསྒྲིབས་ཤིང་མུན་པ་ཆེན་པོར་འཐིབས་པའི་ནང་དུ་སོང་བས། ཤེས་རབ་ཀྱི་སྣང་བ་དང་རིང་དུ་གྱུར་ཏེ། འཁོར་བའི་མྱ་ངན་ཆེན་པོ་ལས་མ་འདས་ཤིང་ལྟ་བ་ངན་པའི་མྱ་ངན་ལས་གཞོལ་བར་གྱུར་པ་ཡིན་གྱི། དེ་བདག་གིས་ཅི་ནས་ཀྱང་ཆོས་ཐམས་ཅད་ཀྱི་ཡང་དག་པ་ཅི་ལྟ་བ་ཉིད་སྒྲིབས་པ་ཁོང་དུ་ཆུད་པར་གྱུར་པ་དང་། གཞན་གྱི་དྲིང་མི་འཇོག་པར་ཐོབ་པར་གྱུར་པ་ཤེས་རབ་ཀྱི་མིག་སྒྲིབས་པ་མེད་པ་ཡོངས་སུ་སྦྱང་བར་བྱའོ། །སེམས་ཅན་འདི་དག་ནི་འཁོར་བའི་མྱ་ངན་དང་དགོན་པ་ཆེན་པོར་ལུས་ཤིང་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་སམ་ངན་སོང་གསུམ་གྱི་གཡང་ས་ལ་མངོན་དུ་བལྟས་པས། ལྟ་བ་ངན་པ་མི་ཟད་པའི་དྲ་བ་ཀུན་ནས་འཁོར་བ་གཏི་མུག་གི་འཐིབས་པོས་ཀུན་ནས་གཡོགས་པ། ལོག་པའི་ལམ་ལ་ཞུགས་པ། ལོང་བར་གྱུར་པ་དགེ་བའི་མགོན་མེད་པ། འབྱུང་བ་མ་ཡིན་པ་ལ་འབྱུང་བར་བལྟ་བ། བདུད་ཀྱི་ཞགས་པས་བཅིངས་པ། ཡུལ་གྱི་རྐུན་པོས་ཟིན་པ། བདུད་ཀྱི་བསལ་པ་འཐིབས་པོར་ནུས་པ། སངས་རྒྱས་བསམ་པ་དང་རིང་

(༤༩༢)དུ་གྱུར་པ་ཡིན་གྱིས། དེ་དག་བདག་གི་རྣམ་པ་དེ་ལྟ་བུ་འཁོར་བའི་དགོན་པ་དང་། མྱ་ངན་རྒལ་དཀའ་བ་ལས་བསྒྲལ་ཏེ། འཇིགས་པ་མེད་པའི་གནས་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་ཆེན་པོར་འཚེ་བ་མེད་པར་རབ་ཏུ་དགོད་པར་བྱའོ། །སེམས་ཅན་རྣམས་ནི་ཐབས་སྣ་ཚོགས་ཀྱིས་ཆོས་བྱེད་ཀྱང་། བློ་ཆུང་ཞིང་ཐེག་པ་ཆེན་པོར་འབྱུང་བའི་སེམས་མི་བསྐྱེད་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་སྨོན་པ་དང་། དེ་དག་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོའི་བློ་གྲོས་དང་ལྡན་ཞིང་། ཐེག་པ་ཆེན་པོ་ལ་དགོད་པར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོའི་སྟོབས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། སྦྱིན་པ་བརྩོན་འགྲུས་བཟོད་པ་དང་། བསམ་གཏན་རྣམ་པར་གྲོལ་བའི་ཕུང་པོ་ལ་སོགས་པ་སྨོན་ལམ་གྱི་སྟོབས་ཀྱིས་སངས་རྒྱས་གྲངས་མེད་པ་མཐོང་ཞིང་། དེ་རྣམས་ལ་ཆོས་ཉན་པ་དང་། བསྙེན་བཀུར་བྱེད་ཅིང་མཆོད་པ་འབུལ་བ་དང་། སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་ཤིང་། བྱང་ཆུབ་ཀྱི་ས་ལམ་བསྒྲོད་པའི་བར་ཆད་སེལ་བ་དང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོའོ། །ས་གཉིས་པ་དྲི་མ་མེད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། བསྐལ་པ་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་ལས་ཀྱང་གྲངས་མེད་པར་སེར་སྣའི་སྐྱོན་དང་། ཚུལ་ཁྲིམས་ངན་པའི་དྲི་མ་མེད་ཅིང་ཚུལ་ཁྲིམས་རྣམ་པར་དག་པ་ལ་ཡང་དག་པར་འབྱུང་ཞིང་གནས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་དྲི་མ་དང་བྲལ་བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་བསྐལ་པ་དུ་མ་ནས་བསྐལ་པ་དུ་མར་སེར་སྣའི་ཉེས་པ་དང་། ཚུལ་

(༤༩༣)ཁྲིམས་ངན་པའི་དྲི་མ་མེད་པས་གཏོང་བ་དང་། ཚུལ་ཁྲིམས་རྣམ་པར་དག་པའང་ཡང་དག་པར་འབྱུང་ཞིང་གནས་སོ། །དེའི་བསྡུ་བའི་དངོས་པོ་བཞི་ལས་ངག་སྙན་པ་ཤས་ཆེ་བ་ཡིན། ཕ་རོལ་ཏུ་ཕྱིན་པ་བཅུ་ལས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། ལྷག་མ་རྣམས་ཀྱང་ཚུལ་ཅི་ནུས་སུ་ཡང་དག་པར་མི་སྒྲུབ་པ་མ་ཡིན་ནོ། །དེའི་ཕྱིར་ན། འདི་ནི་བྱང་ཆུབ་སེམས་དཔའི་ས། དྲི་མ་མེད་པ་ཞེས་བྱ་སྟེ། །བྱང་ཆུབ་སེམས་དཔའི་ས་གཉིས་པ་མདོར་བསྟན་པའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཕལ་ཆེར་འཁོར་ལོས་སྒྱུར་བའི་རྒྱལ་པོ་གླིང་བཞི་ལ་དབང་པར་འགྱུར་ཏེ། ཆོས་ཀྱི་དབང་རབ་ཏུ་ཐོབ་ཅིང་རིན་པོ་ཆེ་བདུན་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་སེར་སྣའི་སྐྱོན་དང་། ཚུལ་ཁྲིམས་ངན་པའི་དྲི་མ་བཟློག་པར་བྱ་བ་ལ་མཁས་ཤིང་མཐུ་ཡོད་པ་དང་། སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་དགོད་པར་བྱ་བར་ཤིན་ཏུ་མཁས་པ་དང་། སྦྱིན་པ་ཆེན་པོ་རྩོམ་པས་ཐུབ་པ་མེད་པ་ཡིན་ཏེ། སྦྱིན་པའམ། སྙན་པའམ། དོན་གྲུབ་པའམ། དོན་མཐུན་པས་དགེ་བའི་རྩ་བ་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་ཅི་ལྟར་ན་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་ཏོ། །དེའི་ཕྱིར་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མ་བརྟེན་པའི་བར་དུ་འགྱུར་སྙམ་སྟེ། སངས་རྒྱས་ཡིད་ལ་བྱ་བ་དང་། ཆོས་ཡིད་ལ་བྱ་བ་དང་། དགེ་འདུན་ཡིད་ལ་བྱ་བ་དང་། བྱང་སེམས་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའི་ས་ཡིད་ལ་བྱ་བ་དང་། ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱ་བ་དང་། སྟོབས་ཡིད་ལ་བྱ་བ་དང་། མི་འཇིགས་པ་ཡིད་ལ་བྱ་བ་དང་། སངས་རྒྱས་ཀྱི་ཆོས་

(༤༩༤)མ་འདྲེས་པ་ཡིད་ལ་བྱ་བ་ནས་རྣམ་པའི་མཆོག་ཐམས་ཅད་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཡིད་ལ་བྱ་བ་དང་མི་འབྲལ་བ་ཡིན་ནོ། །དེའི་ཕྱིར་ན། འཁོར་དང་ལོངས་སྤྱོད་ཡོངས་སུ་སྤངས་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བ་དང་། རབ་ཏུ་བྱུང་ནས་ཀྱང་སྐད་ཅིག་ཡུད་ཙམ་ཐང་གཅིག་ཏུ་ཏིང་ངེ་འཛིན་སྟོང་རབ་ཏུ་ཐོབ། སྙོམས་པར་འཇུག་པ་དང་། ཏིང་ངེ་འཛིན་སྟོང་རབ་ཏུ་ཐོབ་ཅིང་དེ་དག་ལ་སྙོམས་པར་འཇུག་པ་དང་། སངས་རྒྱས་སྟོང་མཐོང་བ་དང་། དེ་དག་གི་བྱིན་རླབས་ཀྱང་ཡང་དག་པར་ཤེས་པ་དང་། འཇིག་རྟེན་གྱི་ཁམས་སྟོང་བསྐྱོད་པ་དང་། སངས་རྒྱས་ཀྱི་ཞིང་སྟོང་དུ་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་སྟོང་རབ་ཏུ་བྱེད་པ་དང་། སེམས་ཅན་སྟོང་ཡོངས་སུ་སྨིན་པར་བྱེད་པ་དང་། བསྐལ་པ་སྟོང་དུ་གནས་པ་དང་། སྔོན་གྱི་མཐའ་དང་། ཕྱི་མའི་བསྐལ་པ་སྟོང་དུ་འཇུག་པ་དང་། ཆོས་ཀྱི་སྒོ་མོ་སྟོང་རབ་ཏུ་འབྱེད་པ་དང་། ལུས་སྟོང་ཡོངས་སུ་བསྟན་པ་དང་། ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་སྟོང་ཡང་དག་པར་བསྟན་པར་བྱ་བའི་ཕྱིར། བརྩོན་འགྲུས་དེ་ལྟ་བུ་བརྩོམ་མོ། །དེ་ཡན་ཆད་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་མཐུ་ཅན་རྣམས་སྨོན་ལམ་གྱི་ཁྱད་པར་གྱི་རྣམ་པར་འཕྲུལ་པ་སྟེ། དེ་དག་ནི་ལུས་སམ་འོད་དམ། རྫུ་འཕྲུལ་ལམ། མིག་གམ། སྤྱོད་ཡུལ་ལམ། དབྱངས་སམ། སྤྱོད་པའམ། རྒྱན་ནམ། བྱིན་གྱིས་བརླབས་སམ། མོས་པའམ། མངོན་པར་འདུ་བྱེད་པ་དག་ཀྱང་བསྐལ་པ་དུ་མ་དང་། བསྐལ་པ་བརྒྱ་ཕྲག་དུ་མ་དང་། བསྐལ་པ་སྟོང་ཕྲག་དུ་མ་དང་། བསྐལ་པ་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མའི་བར་གྱིས་བགྲང་བར་དཀའོ། །ཤཱཀྱ་ཐུབ་པ་

(༤༩༥)ཆེན་པོ། རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་སངས་རྒྱས་ནས། སྐད་ཅིག་དེ་ཉིད་ལ་རྫུ་འཕྲུལ་དང་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པའི་བྱིན་གྱིས་བརླབས་པའི་བཀའ། སངས་རྒྱས་ཀྱི་ཞིང་རྣམ་པར་འཕྲུལ་པའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། བྱང་ཆུབ་སེམས་དཔའི་ས་དྲི་མ་མེད་པ་བསྟན་པའི་སྐབས་སོ།། །།ས་གཉིས་པ་དྲི་མ་མེད་པའི་ཡོན་ཏན་ཐམས་ཅད་རྫོགས་ནས། དེ་ལྟར་ཡང་གནས་པར་མི་བགྱི་ཞིང་། ས་ནས་སར་འཕར་ཏེ། ས་གསུམ་པ་ལ་འཇུག་པར་བྱའོ། །དག་པའི་བསམ་པ་དང་། རྟོགས་པའི་སེམས་ཡིད་ལ་བྱ་བ་དང་། མི་གཡོ་བའི་སེམས་ཀྱི་བསམ་པ་ཡིད་ལ་བྱ་བ་དང་། སྐྱེ་བའི་སེམས་ཀྱི་བསམ་པ་ཡིད་ལ་བྱ་བ་དང་། འདོད་ཆགས་དང་བྲལ་བའི་སེམས་ཀྱི་བསམ་པ་ཡིད་ལ་བྱ་བ་དང་། ཕྱིར་མི་ལྡོག་པའི་སེམས་ཀྱི་བསམ་པ་ཡིད་ལ་བྱ་བ་དང་། བརྟན་པའི་སེམས་ཀྱི་བསམ་པ་ཡིད་ལ་བྱ་བ་དང་། སྦྱང་བའི་སེམས་ཀྱི་བསམ་པ་ཡིད་ལ་བྱ་བ་དང་། སློབ་པའི་སེམས་ཀྱི་བསམ་པ་ཡིད་ལ་བྱ་བ་དང་། རླབས་པོ་ཆེའི་སེམས་ཀྱིས་བསམ་པ་ཡིད་ལ་བྱ་བ་དང་། བདག་ཉིད་ཆེ་བའི་སེམས་ཀྱི་བསམ་པ་ཡིད་ལ་བྱ་བའོ། །རྟན་པའི་སེམས་ཀྱི་བསམ་པ་ཡིད་ལ་བྱ་བ་དང་། དེའི་ཕྱིར་ན་ས་གསུམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ལ་མི་རྟག་པར་ཡང་དག་པར་ཅི་ལྟ་བ་བཞིན་དུ་རབ་ཏུ་རྟོག་གོ། །སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པ་དང་། ཡིད་བརྟན་དུ་མི་རུང་བ་དང་། རྣམ་པར་འཇིག་པ་དང་།

(༤༩༦)རིང་དུ་མི་གནས་པ་དང་། སྐད་ཅིག་དུ་འབྱུང་ཞིང་འགག་པ་དང་། མི་ཟད་ཅིང་མི་སྐྱེ་མི་འགག་པ་དང་། སྔོན་གྱི་མཐའ་ཀུན་ནས་མ་བྱུང་བ་དང་། ཕྱི་མའི་མཐའ་འཕོ་བ་མེད་པ་དང་། ད་ལྟར་བྱུང་བ་མི་གནས་པར་རབ་ཏུ་བརྟག་གོ། །དེ་འདུ་བྱེད་ཀྱི་རྣམ་པ་དེ་ལྟ་བུ་ལ་རབ་ཏུ་རྟོག་པའི་ཚེ། མངོན་པར་འཇིག་པ་དང་། མྱ་ངན་ཅན་སྨྲེ་སྔགས་འདོན་པ་དང་། འཁྲུལ་པ་ཅན་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ་རྣམ་པར་བཅིངས་པ། སྡུག་བསྔལ་དང་། ཡིད་མི་བདེ་བ་མང་བ། དུག་གསུམ་རབ་ཏུ་འབར་བ་ནད་དུ་མས་རབ་ཏུ་བསྐྱེད་པ། སྒྱུ་མའི་རང་བཞིན་ལྟ་བུར་མཐོང་ནས། དེའི་ཕྱིར་ན་འདུ་བྱེད་ཐམས་ཅད་ལས་སེམས་གྱེན་དུ་བསྐྱོད་ཅིང་། སངས་རྒྱས་ཀྱི་ཡེ་ཤེས་ལ་རབ་ཏུ་གཏོང་སྟེ། སངས་རྒྱས་ཀྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ལ་རྗེས་སུ་མཐོང་སྟེ། མཚུངས་པ་མེད་པ་དང་། གཞལ་དུ་མེད་པ་དང་། རྙེད་པར་དཀའ་བ་དང་། མ་འདྲེས་པ་དང་། གནོད་པ་མེད་པ་དང་། འཁྲུལ་པ་མེད་པ་དང་། མི་འཇིགས་པའི་གྲོང་རྡལ་དུ་འགྲོ་བ་དང་། ཕྱིར་མི་ལྡོག་པ་དང་། འགྲོ་བ་མང་པོས་ཡོངས་སུ་སྐྱོབ་པ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེའི་ཕྱིར་ན། སངས་རྒྱས་ཀྱི་ཡེ་ཤེས་དེ་ལྟར་ཚད་མེད་པར་མཐོང་སྟེ། འདུ་བྱེད་ཀྱི་རྣམ་པ་དེ་ལྟར་སྡུག་བསྔལ་མང་པོས་བཙེས་པར་མཐོང་ནས། སེམས་ཅན་ཐམས་ཅད་ལ་དེ་བས་ཀྱང་ཤས་ཆེར་སེམས་ཀྱི་བསམ་པ་བཅུ་ཉེ་བར་བཞག་གོ། །དེའི་ཕྱིར་ན་བཅུ་ནི། མགོན་མེད་པ་དང་། སྐྱབས་མེད་པ་དང་། བརྟེན་པའི་སེམས་ཀྱི་བསམ་པ་དང་། རྟག་ཏུ་འཕོངས་པའི་སེམས་ཀྱི་བསམ་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། དུག་གསུམ་གྱི་མེ་

(༤༩༧)ཀུན་ནས་རབ་ཏུ་འབར་བའི་སེམས་ཀྱི་བསམ་པ་དང་། བརྟག་པའི་སེམས་ཀྱི། སྲིད་པའི་བཙོན་ར་གཟུང་བའི་སེམས་ཀྱི་བསམ་པ་དང་། རྟག་ཏུ་རྒྱུན་མི་འཆད་པར་ཉོན་མོངས་པའི་འཐེབས་པོས་སྒྲིབས་པའི་སེམས་ཀྱི་བསམ་པ་དང་། རྟག་པའི་སེམས་ཀྱི་མཐུ་མེད་པའི་སེམས་ཀྱི་བསམ་པ་དང་། དགེ་བའི་ཆོས་ལ་མོས་པ་མེད་པའི་བསམ་པ་མེད་པའི་བསམ་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལས་ཤིན་དུ་གོལ་བའི་སེམས་ཀྱི་བསམ་པ་དང་། འཁོར་བའི་རྒྱུད་ཀྱི་རྗེས་སུ་འབྲང་བའི་སེམས་ཀྱི་བསམ་པ་དང་། ཐར་པའི་ལམ་གྱིས་བསྔགས་པའི་སེམས་ཀྱི་བསམ་པ་དང་། སེམས་ཀྱི་བསམ་པ་འདི་བཅུ་ཉེ་བར་བཞག་གོ། །དེས་དེ་ལྟར་སེམས་ཀྱི་བསམ་པ་བརྩེ་བ་མང་པོ་ཅན་མཐོང་ནས། བརྩོན་འགྲུས་འདི་ལྟར་བརྩོམ་སྟེ། སེམས་ཅན་འདི་དག་ནི་བདག་གིས་བསྐྱབ་པར་བྱ་བ། ཡོངས་སུ་སྒྲོལ་བར་བྱ་བ་ཡོངས་སུ་བྱང་བར་བྱ་བ། ཤིན་དུ་གནོན་པར་བྱ་བ། རབ་ཏུ་གནོན་པར་བྱ་བ། རབ་ཏུ་དགོད་པར་བྱ་བ། ཤིན་ཏུ་བརྟེན་པར་བྱ་བ། ཡོངས་སུ་ཚིམ་པར་བྱ་བ། གནས་སུ་ཚིམ་པར་བྱ་བ་ལ་རྣམ་པར་བརྟུལ་བར་བྱ་བ་ཡོངས་སུ་མྱ་ངན་ལས་འདས་པར་བྱ་བ་ཡིན་ནོ། །ཞེ་ན། དེའི་ཕྱིར་ན། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ལས་སྐྱེ་བའི་རྗེས་སུ་སོང་ཞིང་། སེམས་ཅན་ཐམས་ཅད་རབ་ཏུ་ལྟ་བའི་རྗེས་སུ་སོང་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དེའི་རྗེས་སུ་སོང་སྟེ། སངས་རྒྱས་ཀྱི་ཡེ་ཤེས་ལ་རབ་ཏུ་བརྟེན་པས། སེམས་ཅན་ཐམས་ཅད་ཡོངས་སུ་སྒྲུབ་པར་བྱ་བ་ལ་བརྩོན་པ་དེ། འདི་ལྟར་ཡོངས་སུ་རྟོག་སྟེ། རྒྱུ་དང་གཞི་

(༤༩༨)དང་ཚུལ་དང་། ཐབས་འགའ་ཞིག་གིས་འདི་ལྟར་སྡུག་བསྔལ་དང་། ཉེ་བའི་ཉོན་མོངས་པ་ལྟུང་བའི་རྒྱུའི་སེམས་ཅན་འདི་དག་མངོན་པར་གདོན་པར་ནུས། རྒྱུ་དང་། གཞི་དང་། ཚུལ་དང་། ཐབས་གང་ཞིག་ནི་ཤིན་ཏུ་བདེ་བའི་མྱ་ངན་ལས་འདས་པའི་སར་འགོད་པར་ནུས་སྙམ་ནས། དེའི་ཕྱིར་ན། བྱང་ཆུབ་འདི་སྙམ་དུ་སེམས་ཏེ། སྒྲིབ་པ་མེད་པའི་ཡེ་ཤེས་རྣམ་པར་གནས་པར་རྟོགས་པར་གཞན་གྱིས་མི་ནུས་སོ། །སྒྲིབ་པ་མེད་པའི་ཡེ་ཤེས་རྣམ་པར་ཐར་པའི་གནས་དེ་ཡང་། ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་མ་གཏོགས་པ་གཞན་གྱིས་ཐོབ་པར་མི་ནུས་སོ། །ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་རྒྱུ་མེད་ཅིང་། སྐྱེ་བ་མེད་པ་ལ་སྤྱོད་པའི་ཤེས་རབ་མ་རྟོགས་པར་གཞན་གྱིས་ཁོང་དུ་ཆུད་པར་མི་ནུས་སོ། །ཤེས་རབ་ཀྱི་སྣང་བ་དེའང་བསམ་གཏན་ལ་མཁས་ཤིང་རྟོགས་པའི་བློས། རབ་ཏུ་རྟོགས་པ་མེད་པར་གཞན་གྱིས་ཐོབ་པར་མི་རུང་ངོ་། །བསམ་གཏན་ལ་མཁས་ཤིང་རྟོག་པའི་བློས་རབ་ཏུ་རྟོག་པ་དེ་ཡང་ཐོབ་པར་མཁས་པར་མི་འབྱུང་ངོ་། །དེའི་ཕྱིར་ན་ཤིན་ཏུ་བརྟགས་པའི་ཤེས་པ་དང་ལྡན་པས། དེ་བས་ཀྱང་ཤས་ཆེར་དམ་པའི་ཆོས་འཚོལ་བ་ལ་མངོན་པར་བརྩོན་པར་གནས་ཏེ། ཉིན་མཚན་དུ་ཐེག་པ་ཆེན་པོའི་བྱང་ཆུབ་ཀྱི་ཆོས་ཐམས་ཅད་མཉན་པ་དོན་ཡོད་དུ་གཉེར་བ་ཡིན། སངས་རྒྱས་ཀྱིས་བརྩལ་བའི་དོན་དུ་ཆོས་ལ་མོས་ཤིང་། ཆོག་མི་ཤེས་པ་རྒྱུན་མི་འཆད་པ་ཡིན། ཆོས་ལ་དགའ་ཞིང་སྤྲོ་བ་དང་། ཆོས་ལ་རབ་ཏུ་འཇུག་པ་ཡིན། གཞོལ་ཞིང་འབབ་

(༤༩༩)པ་དང་། ཆོས་ལ་བརྟེན་ཞིང་སངས་རྒྱས་ལ་སྐྱབས་འཚོལ་བ་ཡིན། ཆོས་དོན་དུ་གཉེར་བ་ལ་བརྩོན་པ་ཡིན་ཏེ། དེ་ལྟར་ཆོས་འཚོལ་བ་ལ་བརྩོན་པས། ཐེག་པ་ཆེན་པོའི་ཆོས་སྟོན་པའི་དགེ་བའི་བཤེས་གཉེན་ལ། རྒྱུན་ཆད་མེད་པར་དད་པ་མོས་གུས་དང་། ལྷ་དང་མིའི་ལོངས་སྤྱོད་ཐམས་ཅད་ཀྱིས་བསྙེན་བཀུར་གྱིས་མཆོད་པ་དང་། རང་གི་ལུས་ངག་ཡིད་གསུམ་ལ་ཡང་འཕངས་པ་མེད་པར་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་གྱིས་ཕྱོགས་སུ་གཏོང་བ་སྟེ། ཆོས་ཀྱི་ཕྱོགས་སུ་བསོད་ནམས་ཀྱི་ཚོགས་ཆགས་ཐོགས་མེད་པར་མི་བསག་པ་གང་ཡང་མེད་པའོ། །ང་རྒྱལ་དང་ལྷག་པའི་ང་རྒྱལ་ཡོངས་སུ་བཏང་བས། ང་རྒྱལ་མེད་པ་ལ་སྤྱད་པ་གང་ཡང་རུང་སྟེ། ཉམས་སུ་མི་ལེན་པ་གང་ཡང་མེད་དོ། །ལུས་ཀྱི་གནད་པ་གང་ཡང་རུང་སྟེ། ཉམས་སུ་མི་ལེན་པ་གང་ཡང་མེད་དོ། །དེའི་ཕྱིར་ན་ཐོབ་པའི་ཆོས་ཀྱི་ཚིག་ཐོས་པ་ནོར་ཆེ་བར་འཛིན་གྱི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོངས་སུ་གང་བའི་རིན་པོ་ཆེའི་ཕུང་པོ་ཐོབ་པས་ནི་མ་ཡིན་ནོ། །ལེགས་པར་བཤད་པའི་ཚིགས་སུ་བཅད་པ་གཅིག་ཐོས་པས་སེམས་དགའ་བར་འགྱུར་གྱི། བརྒྱ་བྱིན་དང་། ཚངས་པ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲིད་པ་བསྐལ་པ་བརྒྱ་སྟོང་མང་པོའི་མཐར་ཐུག་པར་གནས་པ་ནི་མ་ཡིན་ནོ། །དེའི་ཕྱིར་ན་འདི་སྐད་དུ་ཟེར་ཏེ། གལ་ཏེ་ཁྱོད་ཀྱིས་མེའི་དོང་ཆེན་པོར་ལུས་བོར་ཏེ། སྡུག་བསྔལ་གྱི་ཚོར་བའི་ཕུང་པོ་ཆེན་པོ་རང་གི་ལུས་ཀྱིས་ཉམས་སུ་བླང་བར་ནུས་ན། ངས་ཁྱོད་ལ་ཆོས་ཀྱི་

(༥༠༠)ཚིག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་སྦྱོང་བ་འདི་བཤད་པར་བྱའོ། །ཞེས་བརྗོད་ན་ཡང་དེ་འདི་སྙམས་སུ་སེམས་ཏོ། །ཆོས་ཀྱི་ཚིག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་སྦྱོང་བའི་དོན་དུ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་གང་བར་ཡང་ཚངས་པའི་འཇིག་རྟེན་ནས་བདག་གིས་བདག་དོར་བར་མོས་ནས་མེའི་དོང་ཐ་མལ་པ་འདི་ལྟ་བུ་ཞིག་ཏུ་བདག་དོར་བ་ལྟ་ཅི་སྨོས་ཀྱིས། དེ་བས་སེམས་ཅན་དམྱལ་བའི་སྡུག་བསྔལ་ཐམས་ཅད་ཉམས་སུ་མྱོང་བས་ཀྱང་། བདག་གིས་ཆོས་བཙལ་བར་བྱས། མིའི་སྡུག་བསྔལ་དང་འགྲོགས་པར་ལྟ་ཁྱད་དུ་གསོད་ཞེ་ན། དེ་རྣམས་ལ་དེ་ལྟ་བུའི་བརྩོན་འགྲུས་བརྩོམ་པས་ཆོས་ཡོངས་སུ་འཚོལ་ལོ། །ཅི་སྐད་དུ་ཐོས་པའི་ཆོས་རྣམས་ལ་ཡང་ཚུལ་བཞིན་དུ་རབ་ཏུ་རྟོགས་པའི་ངང་ཚུལ་ཅན་ཡིན་ཏེ། དེས་ཆོས་དེ་དག་ཐོས་ནས་ཀྱང་། རྗེས་ལ་རང་སེམས་པར་བཞག་པས་གཅིག་པུ་དབེན་པ་ནི་འདུག་ཅིང་འདི་ལྟར་རྟོག་གོ། །ཆོས་དོན་དུ་གཉེར་བའི་ཆོས་ལ་ནན་ཏན་དུ་བྱས་པས་སངས་རྒྱས་ཀྱི་ཆོས་ཁོང་དུ་ཆུད་པར་བྱ་བའི་ཚིག་གི་ལས་ཡོངས་སུ་དག་པ་འབའ་ཞིག་མ་ཡིན་ནོ། །ཞེས་ཏེ། བྱང་ཆུབ་སེམས་དཔའ་འོད་བྱེད་པ་ལ་གནས་ཤིང་། བསམ་གཏན་བཞི་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སོགས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའི་སྒྲ་དང་དོན་ལ་མཁས་ཤིང་། དེའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ཅིང་རྩལ་རྫོགས་ན་

(༥༠༡)ཡང་། ཐེག་པ་ཆུང་ངུའི་དྲི་མས་མི་གོས་ཤིང་། བདག་གཞན་ཐེག་པ་ཆེན་པོར་དབུགས་དབྱུང་ངོ་། བྱང་ཆུབ་སེམས་དཔའི་གཞི་དང་རྟེན་དུ་གྱུར་པ། བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་ཚད་མེད་པ་བཞི་ལ་བློ་སྦྱོང་ཞིང་། ཁམས་གསུམ་པའི་སེམས་ཅན་ཐམས་ཅད་སྐད་ཅིག་ཉིད་ལ་བླ་ན་མེད་པའི་སངས་རྒྱས་ལ་དགོད་པར་དམ་བཅའོ། །དེའི་ཕྱིར་ན། རྫུ་འཕྲུལ་གྱི་རྣམ་པ་དུ་མ་མྱོང་བར་བྱེད་དེ། ས་འདི་ཡང་གཡོ་བར་བྱེད་དོ། །གཅིག་ཏུ་གྱུར་ནས་མང་པོར་གྱུར་རོ། །མང་པོར་གྱུར་ནས་གཅིག་ཏུ་འགྱུར་རོ། །སྣང་བ་དང་མི་སྣང་བ་ལའང་རབ་ཏུ་སྤྱོད་དེ། རྩིག་པ་ལ་ཐག་ཐོགས་མེད་པ་དང་། ར་བ་ལ་ཐག་ཐོགས་མེད་པ་དང་། རི་ལ་ཡང་དཔེར་ན་ནམ་མཁའ་བཞིན་དུ་ཐག་ཐོགས་མེད་ཅིང་། ཆགས་པ་མེད་པར་འགྲོའོ། །དཔེར་ན་ནམ་མཁའ་ལ་ལྡིང་བའི་བྱ་བཞིན་དུ། ནམ་མཁའ་ལ་ཡང་སྐྱིལ་དཀྲུངས་ཀྱིས་གནས་པར་བྱེད་དོ། །ཆུ་བཞིན་དུ་ས་ལ་ནུབ་ཅིང་འབྱུང་བ་སྟོན་ཏོ། །ས་བཞིན་དུ་ཆུ་ལ་ཡང་འབྱིང་བ་མེད་པར་འགྲོའོ། །མེའི་ཕུང་པོ་ཆེན་པོ་བཞིན་དུ་འཐུལ་ལོ། །མེ་ལྕེ་འབར་རོ། །སྤྲིན་ཆེན་པོ་བཞིན་དུ་ལུས་ལས་ཆར་འབེབས་སོ། །ཉི་མ་དང་ཟླ་བ་འདི་དག་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་། འདི་ལྟར་མཐུ་ཆེ་ལ་འདི་ལྟར་དབང་ཆེ་བར་བགྲང་བ་དག་ཀྱང་ལག་པས་བྱུག་ཅིང་རེག་པར་བྱེད་དོ། །ཚངས་པའི་འཇིག་རྟེན་གྱི་བར་དུ་ཡང་ལུས་ཀྱི་དབང་བསྒྱུར་ཏེ། དེའི་ལྷའི་རྣ་བའི་ཁམས་རྣམ་པར་དག་པ་མི་ལས་འདས་པས་ལྷ་དང་མིའི་སྒྲ་གཉིས་ཀ་ཡང་ཉན་ནོ། །རིང་ཡང་རུང་། ཉེ་ཡང་རུང་སྟེ། ཆུང་ངུ་ན་སྦྲང་བུ་དང་། ཤ་སྦྲང་དང་།

(༥༠༢)བུང་བ་དང་། སྲིན་བུའི་སྒྲ་ཡང་ཐོས་སོ། །ས་གསུམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་མངོན་པར་ཤེས་པའི་བྱེ་བྲག་ཇི་སྙེད་པ་ཙམ་འབྱུང་སྟེ། སེམས་ཅན་རྣམས་ཀྱི་འཆི་འཕོ་དང་། སྐྱེ་རྒ་ན་བ་དང་། རིགས་དྲུག་གི་གྲོང་ཁྱེར་དུ་ཅི་ལྟར་སྐྱེས་པ་དང་། ལས་བདེ་སྡུག་སྣ་ཚོགས་མྱོང་བ་ཡང་མཁྱེན་ཏེ། བདག་དང་གཞན་གྱི་ཚེ་རབས་གྲངས་མེད་པ་ཡང་ཆགས་ཐོགས་མེད་པར་དྲན་ནོ། །ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་བདེ་སྡུག་སྣ་ཚོགས་མྱོང་བ་ཡང་མཁྱེན་ཏོ། །བདག་དང་གཞན་གྱི་ཚེ་རབས་གྲངས་མེད་པ་ཡང་ཆགས་ཐོགས་མེད་པར་དྲན་ནོ། །ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་འཇིག་པ་དང་ཆགས་པ་སྟོང་བ་ལ་སོགས་པ་གྲངས་མེད་པ་རྗེས་སུ་དྲན་ནོ། །བདག་ནི་བསྐལ་པ་གྲངས་མེད་པ་ནས་ལས་དགེ་སྡིག་གི་དབང་གིས། འགྲོ་བ་རིགས་དྲུག་གི་གནས་ཐ་དད་པར་སྐྱེ་ཞིང་། སྡུག་བསྔལ་གྲངས་མེད་པར་མྱོང་བ་རྗེས་སུ་དྲན་ནོ། བྱང་ཆུབ་སེམས་དཔའི་ས་འོད་བྱེད་པ་འདི་ལ་གནས་པའི་ཚེ། དེའི་ལྟ་སྒོམ་སྤྱོད་ཡུལ་རྒྱ་ཆེན་པོ་དང་། སྨོན་ལམ་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་མང་པོ་མཐོང་བར་འགྱུར་ཞིང་། སངས་རྒྱས་མཐོང་བ་རྣམས་ལ་དད་པ་དང་། མོས་གུས། མཆོད་པ་དང་། བསྟོད་པ། འབུལ་བ་དང་། བསྙེན་བཀུར་བསམ་གྱིས་མི་ཁྱབ་པ་རྒྱུན་ཆད་མེད་པར་བྱེད་དོ། །དགེ་བའི་རྩ་བ་ཐམས་ཅད་ཀྱང་སེམས་ཅན་གྱི་དོན་དུ་བསྔོའོ། །སངས་རྒྱས་རྣམས་ལ་ཆོས་ཉན་ཞིང་ཆོས་ཐོས་པ་ཡིན་བྱང་ཆུབ་སེམས་དཔའི་ཐེག་པའི་སྒྲ་དང་དོན་ལ་མཁས་ཤིང་། བདག་མེད་རྣམ་པ་གཉིས་ཀྱི་དོན་རྟོགས་ནས། སྟོང་པ་སྙིང་རྗེ་དབྱེར་མེད་པས་

(༥༠༣)སེམས་ཅན་གྱི་དོན་རྒྱུན་ཆད་མེད་པར་བྱེད་དོ། །ས་གསུམ་པ་འོད་བྱེད་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་དུག་ལྔ་མི་དགེ་བའི་ཚོགས་ཐམས་ཅད་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་དུ་མ་སྤངས་ཤིང་མི་སོགས་པར་གནས་སོ། །ས་གསུམ་པ་འོད་བྱེད་པ་འདི་ལ་གནས་པའི་སྐྱེས་བུ་དམ་པ་ནི་མི་དགེ་བའི་ཚོགས་ཐམས་ཅད་བྱང་བར་འགྱུར་རོ། །དགེ་བའི་ཚོགས་ཐམས་ཅད་གོང་ནས་གོང་དུ་རྫོགས་པ་ཡིན། བསྡུ་བའི་དངོས་པོ་བཞིས་སེམས་ཅན་བསྡུས་པ་ཡིན། ཕ་རོལ་ཏུ་ཕྱིན་པ་བཅུ་ལས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གལ་ཆེ་བ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ཀྱང་ཅི་ནུས་སུ་སྒྲུབ་པ་ཡིན། འོད་བྱེད་པའི་ས་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའི་ས་གསུམ་པའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། ཕལ་ཆེར་ལྷའི་དབང་པོར་འགྱུར་ཏེ། སེམས་ཅན་རྣམས་ཀྱི་འདོད་སྲེད་ལ་སོགས་ཏེ། མི་དགེ་བ་ཐམས་ཅད་ལས་བཟློག་ནས་འགྲོ་བ་ཐམས་ཅད་ཀྱི་འདྲེན་པར་འགྱུར་རོ། །དུས་རྒྱུན་དུ་དཀོན་མཆོག་གསུམ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡིད་ལ་བྱེད་པ་དང་མི་འབྲལ་བར་འགྱུར་རོ། །ས་ལམ་སྒྲོད་པ་ལ་ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཡིད་ལ་བྱེད་པ་དང་མི་འབྲལ་བ་ཡིན་ཏེ། ས་གསུམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། སྐད་ཅིག་ཡུད་ཙམ་ཐང་གཅིག་ལ་ཏིང་ངེ་འཛིན་རབ་ཏུ་ཐོབ་ཅིང་། སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་དུ་འཇུག་པ་དང་། འཇིག་རྟེན་གྱི་ཁམས་བརྒྱ་སྟོང་དུ་གཡོ་བ་དང་། འཇིག་རྟེན་གྱི་ཁམས་བརྒྱ་སྟོང་འོད་

(༥༠༤)ཀྱིས་སྣང་བར་བྱ་བ་དང་། སེམས་ཅན་བརྒྱ་སྟོང་སྨིན་པར་བྱའོ། །བསྐལ་པ་བརྒྱ་སྟོང་དུ་གནས་པར་བྱ་བ་དང་། དུས་གསུམ་དུ་བསྐལ་པ་བརྒྱ་སྟོང་དུ་སེམས་ཅན་གྱི་དོན་དུ་འཇུག་པ་དང་། ཆོས་ཀྱི་སྒོ་བརྒྱ་སྟོང་དུ་རྣམ་པར་འབྱེད་པ་དང་། ལུས་བརྒྱ་སྟོང་ཡོངས་སུ་བསྟན་པ་དང་། ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་བརྒྱ་སྟོང་བསྟན་པའི་བརྩོན་འགྲུས་ཀྱིས་རྣམ་པ་དེ་ལྟ་བུ་ཙམ་མོ། །དེ་ཡན་ཆད་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་མཐུ་སྟོབས་ཀྱི་ཁྱད་པར་གྱིས་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཚོགས་རྣམས་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་ཏུ་བགྲང་ཞིང་བཤད་ཀྱང་རྫོགས་པར་མི་འགྱུར་རོ། །དེའི་ཕྱིར་ན། ས་གསུམ་པ་འོད་བྱེད་པ་ཞེས་བྱའོ། །བྱིན་གྱིས་བརླབས་པའི་བཀའ། ཤཱཀྱ་ཐུབ་པ་ཆེན་པོ་རྣམ་པར་སྣང་མཛད་ཀྱིས་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་བསྟན་པའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ས་གསུམ་པ་བསྟན་པའི་བར་སྐབས་ལགས་སོ།། །།སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཀྱིས། ས་གསུམ་པ་བཞི་པར་འཕོ་ཞིང་འཇུག་པ་སྟེ། དེ་ལ་ཆོས་སྣང་བ་ལ་འཇུག་པ་བཅུ་ཡོངས་སུ་སྟོན་ཏོ། །སེམས་ཅན་གྱི་ཁམས་རྣམ་པར་སྤྱད་པ་སྣང་བ་ལ་འཇུག་པ་དང་། ཆོས་ཀྱི་ཁམས་རྣམ་པར་སྤྱད་པ་སྣང་བ་ལ་འཇུག་པ་དང་། ནམ་མཁའི་ཁམས་རྣམ་པར་སྤྱད་པ་སྣང་བ་ལ་འཇུག་པ་དང་། རྣམ་པར་ཤེས་པའི་ཁམས་རྣམ་པར་སྤྱད་པ་སྣང་བ་ལ་འཇུག་པ་དང་། འདོད་པའི་ཁམས་རྣམ་པར་སྤྱད་པ་སྣང་བ་ལ་འཇུག་པ་དང་། གཟུགས་ཀྱི་ཁམས་རྣམ་པར་

(༥༠༥)སྤྱད་པ་སྣང་བ་ལ་འཇུག་པ་དང་། གཟུགས་བརྒྱད་མེད་པའི་ཁམས་རྣམ་པར་སྤྱད་པ་སྣང་བ་ལ་འཇུག་པ་དང་། བསམ་པ་དང་མོས་པ་ཡངས་པའི་ཁམས་རྣམ་པར་སྤྱད་པ་སྣང་བ་ལ་འཇུག་པ་དང་། བདག་ཉིད་ཆེ་བའི་བསམ་པ་དང་མོས་པའི་ཁམས་རྣམ་པར་སྤྱད་པ་སྣང་བ་ལ་འཇུག་པ་དང་། ཆོས་སྣང་བ་ལ་འཇུག་པ་བཅུ་པོ་འདི་དག་གིས་ཡོངས་སུ་གནོན་ནོ། །དེའི་ཕྱིར་ན། བྱང་ཆུབ་སེམས་དཔའི་འོད་འཕྲོ་བ་ཅན་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་རིགས་སུ། དེའི་བདག་ཉིད་ཀྱི་ཆོས་རབ་ཏུ་ཐོབ་པའི་ཕྱིར། ཡེ་ཤེས་ཡོངས་སུ་སྨིན་པར་བྱེད་པའི་ཆོས་བཅུ་ཡང་དག་པར་འབྱུང་བ་ཡིན། བཅུ་གང་ཞེ་ན། འདི་ལྟ་སྟེ། མི་ལྡོག་པའི་བསམ་པ་དང་། དཀོན་མཆོག་གསུམ་ལ་དད་པ་མི་ཕྱེད་པ་རབ་ཏུ་ཐོབ་པའི་མཐར་ཐུག་པ་དང་། འདུ་བྱེད་སྐྱེ་བ་དང་། འཇིག་པ་རྣམ་པར་བསྒོམ་པ་དང་། རང་བཞིན་གྱིས་མ་སྐྱེས་པ་རྣམ་པར་བསྒོམ་པ་དང་། འཇིག་རྟེན་རྒྱུ་ཞིང་ལྡོག་པ་རྣམ་པར་བསྒོམ་པ་དང་། ལས་ཀྱི་སྲིད་པར་སྐྱེ་བ་རྣམ་པར་བསྒོམ་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་རྣམ་པར་བསྒོམ་པ་དང་། སེམས་ཅན་གྱི་ཞིང་དང་ལས་རྣམ་པར་བསྒོམ་པ་དང་། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་རྣམ་པར་བསྒོམ་པ་དང་། མེད་པའི་མཐའ་དང་ཟད་པའི་མཐའ་རྣམ་པར་བསྒོམ་པ་སྟེ། དེའི་ཕྱིར་ན། དེ་ཡེ་ཤེས་སུ་སྨིན་པར་བྱེད་པའི་ཆོས་བཅུ་པོ་འདི་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ནི། སངས་རྒྱས་ཀྱི་རིགས་སུ་དེའི་བདག་ཉིད་ཀྱི་ཆོས་རབ་ཏུ་ཐོབ་པར་བྱ་བའི་

(༥༠༦)ཕྱིར་ཡང་དག་པར་འབྱུང་བ་ཡིན། དེའི་ཕྱིར་ན། བྱང་ཆུབ་སེམས་དཔའི་ས་འོད་འཕྲོ་བ་ཅན་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཆོས་ཐམས་ཅད་ཟུང་དུ་འཇུག་པས་སྤྱོད་པ་ཡིན། དེའི་ཕྱིར་ན། ཚོགས་སྦྱོར་གཉིས་ཀྱི་དུས་སུ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ཟག་པ་དང་བཅས་པར་སྤྱོད་ཅིང་བསྒོམ་པའོ། །ས་བཞི་པའི་དུས་སུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ལ་སློབ་པའི་ཟུང་འཇུག་ཏུ་སྦྱངས་ཤིང་སྒོམ་ལ་སྤྱོད་པའོ། །དེའི་ཕྱིར་ན། དྲན་པ་ཉེ་བར་བཞག་པ་བཞི་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ལ་རིམ་གྱིས་ཟུང་དུ་འཇུག་ཅིང་སློབ་པའོ། །ཟློག་པའི་ཟུང་འཇུག་ཡོངས་སུ་སྦྱོང་བ་དང་ལྡན་ཞིང་། ཤེས་བཞིན་དྲན་པ་དང་ལྡན་པར་འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་སྤངས་ཏེ། ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བར་གནས་སོ། །ཡོངས་སུ་སྦྱོང་བ་དང་ལྡན་ཞིང་། ཤེས་བཞིན། དྲན་པ་དང་ལྡན་པ། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་སྤངས་ཏེ། ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བར་གནས་སོ། །སྦྱོང་བ་དང་ལྡན་ཞིང་ཤེས་བཞིན་ཅན་དྲན་པ་དང་ལྡན་པར་འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་སྤངས་ཏེ་ཕྱི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བར་གནས་སོ། །དེའི་ཕྱིར་ན། ནང་གི་ཚོར་བ་དང་། དེ་བཞིན་དུ་ནང་གི་སེམས་དང་། ཕྱི་རོལ་གྱི་སེམས་དང་། ཕྱི་ནང་གི་སེམས་ལ་བལྟས་ཏེ། སྦྱོང་བ་དང་ལྡན་ཞིང་། ཤེས་བཞིན་ཅན་དྲན་པ་དང་ལྡན་པར་འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་རྣམ་པར་སྤངས་ཏེ། ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བར་གནས་སོ། །ཡོངས་སུ་སྦྱོང་བ་དང་ལྡན་ཞིང་། ཤེས་བཞིན་ཅན་དྲན་པ་དང་ལྡན་པར་འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་

(༥༠༧)རྣམ་པར་སྤངས་ཏེ། ཕྱི་རོལ་གྱི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བར་གནས་སོ། །ཡོངས་སུ་སྦྱོང་བ་དང་ལྡན་ཞིང་། ཤེས་བཞིན་ཅན་དྲན་པ་དང་ལྡན་པར་འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་སྤངས་ཏེ། ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བར་གནས་སོ། །བྱང་ཆུབ་སེམས་དཔའ་ས་བཞི་པ་ལ་གནས་པས་སྔོན་དུ་སྦྱོང་བ་དང་ལྡན་ཞིང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སློབ་ཅིང་ཟུང་དུ་འཇུག་གོ། །སྔོན་དུ་སྦྱོང་བ་དང་ལྡན་པས། ཡང་དག་པར་སྤོང་བ་བཞི་ལ་སློབ་ཅིང་ཟུང་དུ་འཇུག་གོ། །སྔོན་དུ་སྦྱོང་བ་དང་ལྡན་པས་དབང་པོ་ལྔ་ལ་སློབ་ཅིང་ཟུང་དུ་འཇུག་གོ། །སྔོན་དུ་དྲན་པ་དང་ལྡན་པས་སྟོབས་ལྔ་ལ་སློབ་ཅིང་ཟུང་དུ་འཇུག་གོ། །དྲན་བཞིན་དུ་བྱང་ཆུབ་ཀྱི་ཡན་ལག་ལ་སློབ་ཅིང་ཟུང་དུ་འཇུག་གོ། །དོན་དམ་ཀུན་རྫོབ་དབྱེར་མེད་པར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སློབ་ཅིང་ཟུང་དུ་འཇུག་པ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་དང་། དོན་དམ་ཀུན་རྫོབ་ཟུང་དུ་འཇུག་ཅིང་རྩལ་སྦྱང་བར་བྱའོ། །དེའི་ཕྱིར་ན། སེམས་ཅན་ཐམས་ཅད་ལ་ལྟ་ཞིང་སྔོན་གྱི་སྨོན་ལམ་མངོན་པར་སྒྲུབས་པས་མངོན་པར་བསྟན་པ་དང་། སེམས་ཅན་ཐམས་ཅད་ལ་སྟོང་པ་སྙིང་རྗེ་དབྱེར་མེད་དུ་སྒོམ་པ་དང་། བྱམས་པ་ཆེན་པོ་དང་ལྡན་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དམིགས་པ་སྟེ། སངས་རྒྱས་ཀྱི་ཞིང་སྒྲུབ་ཅིང་། མི་ཟད་པའི་རྒྱན་སྒྲུབ་པ་དང་། སྟོབས་དང་མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། མཚན་དང་དཔེ་བྱད། གསུང་དབྱངས་ཕུན་སུམ་ཚོགས་པ། སངས་རྒྱས་ཀྱི་ཡོན་ཏན་རྣམས་ལ་སློབ་ཅིང་ཟུང་དུ་འཇུག་པ་དང་། སྒོམ་པའོ། །གོང་ནས་

(༥༠༨)གོང་དུ་ཁྱད་པར་དུ་འཕགས་པའི་ཆོས་བཙལ་བ་དང་། སངས་རྒྱས་ཀྱི་རྣམ་ཐར་ཐོས་ཤིང་ཁོང་དུ་ཆུད་པ་དང་། ཤེས་རབ་དང་ཐབས་ལ་མཁས་ཤིང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཟུང་དུ་འཇུག་པའོ། །བྱང་ཆུབ་སེམས་དཔའི་ས་འདི་ལ་གནས་པ་རྣམས་ནི་ཕུང་པོ་ཁམས་དང་སྐྱེ་མཆེད། བྱེད་པའི་སྐྱེས་བུ་བཅུ་གཉིས་མ་རིག་པ་ལ་སོགས་རབ་ཏུ་ཤེས་པར་བདེ་ཅིང་། སྤོང་བར་ཡང་བྱེད། ཟུང་དུ་ཡང་འཇུག་གོ། །སངས་རྒྱས་ཀྱིས་དམ་པའོ། །ཀུན་ནས་ཉོན་མོངས་པ་དང་ལྡན་པའི་འདུ་བྱེད་ཀྱི་ཕུང་པོ་སྤོངས་ཤིང་། ཟུང་དུ་འཇུག་པ་ལ་སློབ་པོ། །དེའི་ཕྱིར་ན་ཐབས་དང་ཤེས་རབ། དོན་དམ་དང་ཀུན་རྫོབ་ཀྱིས་ཉེ་བར་བསྡུས་པའི་ལམ་ཡང་དག་པར་སྒྲུབ་པའི་ལམ་གྱི་ཡན་ལག་རྣམས་བསྒོམ་པ་དེ་ལྟར་འཇམ་པའི་སེམས་དང་ལྡན་པ་ཡིན། མཉེན་པའི་སེམས་དང་ལྡན་པ་ཡིན། ལས་སུ་རུང་བའི་སེམས་དང་ལྡན་པ་ཡིན། ཕན་པ་དང་བདེ་བ་བསྐྱེད་པའི་སེམས་དང་ལྡན་པ་ཡིན། ཀུན་ནས་ཉོན་མོངས་པ་མེད་པའི་སེམས་དང་ལྡན་པ་ཡིན། གོང་ནས་གོང་དུ་ཁྱད་པར་ཡོངས་སུ་འཚོལ་བའི་སེམས་དང་ལྡན་པ་ཡིན། ཡེ་ཤེས་ཀྱི་ཁྱད་པར་ལ་མོས་པའི་སེམས་དང་ལྡན་པ་ཡིན། འགྲོ་བ་ཐམས་ཅད་ཡོངས་སུ་སྐྱབ་པའི་སེམས་དང་ལྡན་པ་ཡིན། བླ་མ་ལ་རིམ་གྲོ་དང་མཐུན་པའི་སེམས་དང་ལྡན་པ་ཡིན། ཇི་སྐད་དུ་ཐོས་པའི་ཆོས་ལ་ནན་ཏན་དུ་བྱེད་པའི་སེམས་དང་ལྡན་པ་ཡིན་ཏེ། དེ་ནི་བྱས་པ་ཤེས་པ་དྲིན་དུ་བཟོ་བ་ཡིན། འགྲོགས་ན་བདེ་ཞིང་དེས་པ་ཡིན། འཇམ་ཞིང་མཉེན་པ་ཡིན། རྒྱུ་མེད་ཅིང་ང་རྒྱལ་མེད་

(༥༠༩)པ། འཐིབས་པོ་མེད་ཅིང་སྤྱོད་པ་ཡིན། མཐུན་པར་འཛིན་ཞིང་ང་ལོ་བདེ་བ་ཡིན། དེའི་ཕྱིར་ན་བཟོད་པ་དང་། དེ་ལྟར་དུལ་བ་དང་ལྡན། དེ་ལྟར་ཞི་བ་དང་ལྡན་ཏེ། དེ་ལྟར་བཟོད་ཅིང་དུལ་ལ་ཞི་བ་དང་ལྡན་པས། གོང་དུ་ས་སྦྱོང་བའི་ལམ་རྣམས་ཡིད་ལ་བྱེད་ཅིང་ཡང་དག་པར་སྤྱོད་པ། ཕྱིར་མི་ལྡོག་པའི་བརྩོན་འགྲུས་དང་ལྡན་པ་ཡིན། ཐུན་མ་ཆད་པའི་བརྩོན་འགྲུས་དང་ལྡན་པ་ཡིན། མཐའ་ཡས་པའི་བརྩོན་འགྲུས་དང་ལྡན་པ་ཡིན། ཤིན་ཏུ་སྦྱངས་པའི་བརྩོན་འགྲུས་དང་ལྡན་པ་ཡིན། མི་མཉམ་པའི་བརྩོན་འགྲུས་དང་ལྡན་པ་ཡིན། མི་འཕྲོག་པའི་བརྩོན་འགྲུས་དང་ལྡན་པ་ཡིན། སེམས་ཅན་ཐམས་ཅད་སྨིན་པར་བྱེད་པའི་བརྩོན་འགྲུས་བརྩོམ་མོ། །ཚུལ་དང་བྱེ་བྲག་ཕྱེད་པའི་བརྩོན་འགྲུས་བརྩོམ་མོ། །ལྷག་པའི་བསམ་པ། རྣམ་པར་དག་པ་དང་། མི་འབྲལ་ལོ། །ཆོས་ཅན་དང་ཆོས་རྟོགས་པ་ལ་ཐེ་ཚོམ་མི་ཟའོ། །དགའ་བ་དང་བག་ཡངས་པ་དང་རྒྱ་ཆེན་པོ་ཐོབ་པར་འགྱུར་རོ། །སངས་རྒྱས་ལ་དད་པ་རླབས་པོ་ཆེ་སྐྱེ་ཞིང་སངས་རྒྱས་མངོན་དུ་འགྱུར་རོ། །སེམས་ཀྱི་བསམ་པ་ཚད་མེད་པ་ཡང་དག་པར་བསྐྱེད་དོ། །བྱང་ཆུབ་སེམས་དཔའི་ས་འོད་འཕྲོ་བ་ཅན་ལ་གནས་པའི་ཚེ། སྨོན་ལམ་གྱི་སྟོབས་ཀྱིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་མང་པོ་མཐོང་བར་འགྱུར་ཏེ། མཐོང་ནས་ཀྱང་བསམ་པ་རྒྱ་ཆེན་པོས་དུས་གསུམ་རྒྱུན་མི་འཆད་པར་མཆོད་པ་དང་། བསྙེན་བཀུར་དང་། ཕྱག་ལ་སོགས་པ་རྒྱུན་ཆད་མེད་པར་བསྙེན་བསྐུར་རོ། །རྒྱལ་བའི་སྲས་རྣམས་

(༥༡༠)ལ་ཡང་བསྙེན་བཀུར་བྱེད་ཅིང་། དགེ་བའི་རྩ་བ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོའོ། །སངས་རྒྱས་རྣམས་ལ་ཐེག་པ་ཆེན་པོའི་ཆོས་ཉན་ཞིང་། སྒྲ་དང་དོན་ལ་མཁས་པར་བསླབས་ཏེ། སྒོམ་དུ་མེད་པའི་སྒོམ་ལམ་ལ་ཟུང་དུ་འཇུག་ཅིང་སྒོམ་པ་དང་སྤྱོད་དོ། །འོད་འཕྲོ་བའི་ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་ལྷག་པའི་བསམ་པ་རྣམ་པར་དག་པ་ལ་མོས་ཤིང་མཉམ་པ་ཉིད་དུ་གནས་སོ། །དགེ་བའི་རྩ་བ་ཐམས་ཅད་ཀྱང་འོད་གསལ་ཞིང་དག་པར་འགྱུར་རོ། །ས་འོད་འཕྲོ་བ་ཅན་འདི་ལ་གནས་པ་ཡིས། དགེ་བའི་རྩ་བ་ཐམས་ཅད་ཀྱང་ས་འོག་མ་ལ་གནས་པ་རྣམས་ཀྱིས་མི་གནོན་པ་ཡིན་ནོ། །དེ་བཞིན་དུ་འོད་འཕྲོ་བའི་ས་ལ་གནས་པ་ཡིས། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་བདུད་དང་ཉོན་མོངས་པའི་ཚོགས་རྣམས་ཟིལ་གྱིས་གནོན་ཏེ། བསྡུ་བའི་དངོས་པོ་བཞི་དང་། ཕ་རོལ་དུ་ཕྱིན་པ་བཅུ་ལས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་ཆེར་རྫོགས་པ་ཡིན། ཕ་རོལ་ཏུ་ཕྱིན་པ་གཞན་མི་སྒྲུབ་པ་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ས་བཞི་སྟེ། འོད་འཕྲོ་བ་ཞེས་ཀྱང་བྱ། དེ་ལ་སྦྱང་དཀའ་བ་ཞེས་ཀྱང་བྱ། ས་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཕལ་ཆེར་ལྷའི་རྒྱལ་པོ་རབ་འཚེ་མར་འགྱུར་ཏེ། སེམས་ཅན་རྣམས་ཀྱི་འཇིག་ཚོགས་ཀྱི་ལྟ་བ་འཇོམས་པའི་མཐུ་ཡོད་པ་ཡིན། བསྡུ་དངོས་རྣམ་པ་བཞི་ཡིས་བརྩོན་འགྲུས་བརྩོམ་སྟེ། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་ཞིང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བརྟེན་པའི་བར་དུ་འགྱུར་སྙམ་སྟེ། དཀོན་མཆོག་གསུམ་

(༥༡༡)ཡིད་ལ་བྱ་བ་དང་། བྱང་ཆུབ་ཀྱི་གཞི་ལམ་འབྲས་བུ་ཡིད་ལ་བྱ་བ་དང་། སྟོབས་དང་མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཡིད་ལ་བྱ་བ་མི་འབྲལ་བར་བྱ་བ་ཡིན་ཏེ། དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ཡིན། སྐད་ཅིག་ཙམ་ལས་ཏིང་ངེ་འཛིན་ཁྲག་ཁྲིག་ཐོབ་ཅིང་། དེ་དག་ལ་སྙོམས་པར་འཇུག་པ་ཙམ་གྱིས་སངས་རྒྱས་ཁྲག་ཁྲིག་མཐོང་ཞིང་། སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་ཀྱིས། འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་གཡོ་ཞིང་འགུལ་བར་ནུས་པ་དང་། སངས་རྒྱས་ཀྱི་ཞིང་ཁྲག་ཁྲིག་ཏུ་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་སྣང་བར་བྱས་པ་དང་། སེམས་ཅན་ཁྲག་ཁྲིག་སྨིན་པར་བྱེད་པ་དང་། བསྐལ་པ་ཁྲག་ཁྲིག་དུ་གནས་པ་དང་། དུས་གསུམ་བསྐལ་པ་ཁྲག་ཁྲིག་ལ་རབ་ཏུ་འཇུག་པ་དང་། ཆོས་ཀྱི་སྒོ་ཁྲག་ཁྲིག་འབྱེད་པ་དང་། ལུས་ཁྲག་ཁྲིག་བསྟན་པ་དང་། ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་ཁྲག་ཁྲིག་བསྟན་པའི་ཕྱིར། བརྩོན་འགྲུས་བརྩོམ་མོ། །སྨོན་ལམ་གྱི་སྟོབས་ཀྱི་རྣམ་པར་འཕྲུལ་ཏེ། བྱང་ཆུབ་སེམས་དཔའ་དེ་དག་གི་ཡོན་ཏན་གྱི་ཚོགས་ནི། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་བར་དུ་བགྲང་བར་ཤིན་ཏུ་དཀའོ། །ཤཱཀྱ་ཐུབ་པ་ཆེན་པོ་ཆོས་ཀྱི་དབྱིངས་སུ་སངས་རྒྱས་མ་ཐག་ཏུ་རྫུ་འཕྲུལ་དང་། ཆོ་འཕྲུལ། རྣམ་པར་འཕྲུལ་པ་ཡིས་བྱིན་གྱིས་བརླབས་པའི་བཀའ། བསྟན་པ་རྒྱ་མཚོ་

(༥༡༢)མཐའ་ཡས་ལས། ས་བཞི་པ་འོད་འཕྲོ་བསྟན་པའི་བར་སྐབས་ལགས་སོ།། །།རྣམ་སྣང་རྒྱལ་པོས་བྱིན་གྱིས་བརླབས་ཀྱིས། ས་བཞི་པའི་བྱང་ཆུབ་སེམས་དཔའ་ས་ལྔ་པར་འཕོ་བ་ལས། སེམས་ཀྱི་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་བཅུ་འཇུག་གོ། །བཅུ་གང་ཞེ་ན། འདས་པའི་སངས་རྒྱས་ཀྱིས་ཆོས་མཉམ་པ་ཉིད་དང་། མ་བྱོན་པའི་སངས་རྒྱས་ཀྱི་ཆོས་མཉམ་པ་ཉིད་དང་། ད་ལྟར་བྱུང་བའི་ཆོས་མཉམ་པ་ཉིད་དང་། ཚུལ་ཁྲིམས་རྣམ་པར་དག་པ་མཉམ་པ་ཉིད་དང་། སེམས་ཀྱི་དག་པ་མཉམ་པ་ཉིད་དང་། དེའི་ཕྱིར་ན། ནོར་བུ་དང་དགོས་པ་བཙལ་བས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། ལམ་དང་ལམ་མ་ཡིན་པ་ཤེས་པས་རྣམ་པར་དག་པ་མཉམ་པ་ཉིད་དང་། ནན་ཏན་དང་སྤོང་བ་ཤེས་པས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་གོང་ནས་གོང་དུ་རྣམ་པར་བསྒོམས་པས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དེ། དེའི་ཕྱིར་ན། སེམས་ཅན་གྱི་བསམ་པ་རྣམ་པར་དག་པ་བཅུ་པོ་འདི་དག་གིས་དེ་ལ་འཇུག་སྟེ། བྱང་ཆུབ་སེམས་དཔའི་ས་ལྔ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་ནི། བྱང་ཆུབ་ཀྱི་ཕྱོགས་དང་ལམ་གྱི་ཡན་ལག་དེ་དག་ཉིད་ལ་སྦྱོང་བ་ཤིན་ཏུ་བྱས་ཤིང་། ལྷག་པའི་བསམ་པ་ཤིན་ཏུ་སྦྱངས་པས་དེའི་གོང་དུ་ལམ་གྱི་ཁྱད་པར་རྩོལ་ཞིང་། དེ་བཞིན་ཉིད་ཀྱི་རྗེས་སུ་ཞུགས་པ་དང་། སྨོན་ལམ་གྱི་མཐུ་དང་། ཤུགས་དང་

(༥༡༣)སྙིང་རྗེ་དང་། བྱམས་པས་སེམས་ཡོངས་སུ་གཏོང་བ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རབ་ཏུ་བསགས་པ་དང་། ཡོངས་སུ་རྒྱུན་ཆད་མེད་པ་དང་། ཐབས་ལ་མཁས་པས་མངོན་པར་སྒྲུབ་པ་དང་། གོང་ནས་གོང་དུ་སའི་སྣང་བ་ལྟ་བ་དང་། སངས་རྒྱས་ཀྱི་བྱིན་གྱིས་བརླབས་བསྩལ་བ་དང་། དྲན་པ་དང་། བློ་གྲོས་དང་། རིག་པ་དང་། བློའི་སྟོབས་དང་། ཐུགས་ཀྱི་ཡིད་ལ་བྱ་བའི་ཕྱིར། མི་ལྡོག་པར་བྱ་བ་སྟེ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱ་བར་ཡང་དག་པ་ཅི་ལྟ་བ་རབ་ཏུ་ཤེས་སོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བ། འདི་ནི་སྡུག་བསྔལ་འགོག་པ། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ། འཕགས་པའི་བདེན་པ་ཞེས་བྱ་བར་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། འདི་ཀུན་རྫོབ་ཀྱི་བདེན་པ་ལ་མཁས་པ་ཡིན། དོན་དམ་པའི་བདེན་པ་ལ་མཁས་པ་ཡིན། མཚན་ཉིད་ཀྱི་བདེན་པ་ལ་མཁས་པ་ཡིན། རྣམ་པར་དབྱེ་བའི་བདེན་པ་ལ་མཁས་པ་ཡིན། རྟག་པའི་བདེན་པ་ལ་མཁས་པ་ཡིན། དངོས་པོའི་བདེན་པ་ལ་མཁས་པ་ཡིན། འབྱུང་བའི་བདེན་པ་ལ་མཁས་པ་ཡིན། བྱང་ཞིང་མི་བདེ་བ་ལ་མཁས་པ་ཡིན། ལམ་གྱི་ཡེ་ཤེས་ལ་འཇུག་པའི་བདེན་པ་ལ་མཁས་པ་ཡིན། བྱང་ཆུབ་སེམས་དཔའི་སའི་རིམ་པ་མཚམས་སྦྱར་བ་འགྲུབ་པ་ཡིན། སངས་རྒྱས་ཀྱི་ཡེ་ཤེས་ལ་ཡང་དག་པར་བསྐྱེད་པའོ། །རབ་ཏུ་བསམ་པ་ཡིན་ཏེ། དེ་སེམས་ཅན་གཞན་ལ་བསམ་པ་ཅི་ལྟ་བ་བཞིན་དུ་དགའ་བར་བྱེད་པས། ཀུན་རྫོབ་ཀྱི་བདེན་པ་ཡང་རབ་ཏུ་ཤེས་སོ། །ཐེག་པ་གཅིག་ཏུ་ཡང་དག་པར་གཞོལ་བས། དོན་དམ་པའི་བདེན་པ་རབ་ཏུ་ཤེས་སོ། །ཆོས་ཀྱི་རང་གི་མཚན་

(༥༡༤)ཉིད་ཁོང་དུ་ཆུད་པས། མཚན་ཉིད་ཀྱི་བདེན་པ་ཡང་རབ་ཏུ་ཤེས་སོ། །ཆོས་ཀྱི་བྱེ་བྲག་རྣམ་པར་དགོད་པ་ཁོང་དུ་ཆུད་པ་རྣམ་པར་དབྱེ་བའི་བདེན་པ་ཡང་རབ་ཏུ་ཤེས་སོ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་དགོད་པ་རྟོག་པའི་བདེན་པ་ཡང་རབ་ཏུ་ཤེས་སོ། །ལུས་དང་སེམས་ལ་གནོད་པ་ཉམས་སུ་འབབ་པས་དང་པོའི་བདེན་པ་ཡང་རབ་ཏུ་ཤེས་སོ། །འགྲོ་བ་རྒྱུད་ཀྱི་མཚམས་སྦྱོར་བས་འབྱུང་བའི་བདེན་པ་ཡང་རབ་ཏུ་ཤེས་སོ། །རིགས་དང་ཡོངས་སུ་གདུང་བ་ཐམས་ཅད་ཤིན་ཏུ་ཞི་བས་སྦྱང་ཞིང་། མི་སྐྱེ་བའི་བདེན་པ་ཡང་རབ་ཏུ་ཤེས་སོ། །མི་གཉིས་པས་མངོན་པར་སྒྲུབ་པས་ལམ་གྱི་ཡེ་ཤེས་ལ་འཇུག་པའི་བདེན་པ་ཡང་རབ་ཏུ་ཤེས་སོ། །རྣམ་པ་ཐམས་ཅད་དུ་མངོན་པར་འཚང་རྒྱ་བ་དང་། བྱང་ཆུབ་སེམས་དཔའི་སའི་རིམ་ཐམས་ཅད་མཚམས་སྦྱར་བ་རབ་ཏུ་བསྒྲུབས་པས། སངས་རྒྱས་ཀྱི་ཡེ་ཤེས་ཡང་དག་པར་འབྱུང་བའི་བདེན་པ་ཡང་རབ་ཏུ་ཤེས་སོ། །དེ་ཡང་མོས་པས་ཤེས་པའི་སྟོབས་དང་། ཤུགས་ཀྱིས་དེ་ལྷག་མ་ལུས་པར་ཡེ་ཤེས་ཁོང་དུ་ཆུད་པས་ནི་མ་ཡིན་ནོ། །དེའི་ཕྱིར་ན། དེ་ལྟར་བདེན་པ་ལ་མཁས་པ་མངོན་པར་སྒྲུབ་པའི་བློས་འདུས་བྱས་བསོག་བསོག་བརྫུན་པ་བསླུ་བའི་ཆོས་དགུ་བྱེད་པ། བྱིས་པ་འདྲིད་པ་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་སྔོན་པས་ཀྱང་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་མངོན་དུ་འགྱུར་རོ། །བྱམས་པའི་སྣང་བ་ཡང་རབ་ཏུ་འབྱུང་སྟེ། དེ་ལྟར་ཡེ་ཤེས་ཀྱི་སྟོབས་དང་ཤུགས་རབ་ཏུ་ཐོབ་ཅིང་། སེམས་ཅན་ཐམས་ཅད་ལ་ལྟ་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་ལ་མོས་པས་འདུ་བྱེད། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་རབ་ཏུ་རྟོགས་ཏེ། དེའི་ཕྱིར་ན། སྔོན་

(༥༡༥)གྱི་མཐའ་མ་རིག་པ་དང་། སྲིད་པ་དང་། སྲེད་པ་ལས་རབ་དུ་བྱུང་བའི་སེམས་ཅན་འཁོར་བའི་རྒྱུད་དུ་བབས་པ། ཕུང་པོའི་གནས་ལས་མ་འཕགས་པ། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་བདག་མེད་པ། སེམས་ཅན་མེད་པ། སྲོག་མེད་པ་ཞེས་རྣམ་པར་འབྲེལ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདི་ལྟར་ཕྱི་མའི་མཐའ་མེད་པ་ལ་རྨོངས་པའི་འདོད་པ་འདི་ཉིད་རྒྱུན་བཅད་པ་དང་། མཐར་དབྱུང་བ་དང་། དབྱུང་བར་བྱ་བ་དང་། ཡོད་པ་དང་། མེད་པ་དེ་ཡང་དག་པ་ཅི་ལྟ་བ་བཞིན་དུ་ཤེས་ཏེ། དེ་འདི་སྙམ་དུ་སེམས་སོ། །དེ་ལས་ལུས་གྲངས་མེད་པ་ཞིག་འགགས་ལ། འགག་པར་འགྱུར་ཞིང་། འགགས་བཞིན་ཏེ། འདི་ལྟར་རྒྱུད་པར་འགྱུར་ཡང་ལུས་མ་སྐྱོ་བ་མི་སྐྱེད་ཅིང་། སྡུག་བསྔལ་ཞི་བར་བྱེད་དོ། །འཁོར་བའི་རྒྱུ་ལས་ཕྱིར་མི་ལྡོག་ཅིང་། ཕུང་པོའི་གནས་མི་གཏོང་བ་དང་། ཁམས་ཀྱི་སྦྲུལ་གྱི་སྐྱེ་བར་མི་འགྱུར་བ་དང་། ང་རྒྱལ་དང་ལྟ་བའི་ཟུག་རྔུ་མི་འབྱིན་ཞིང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་མེ་ལྕེ་འབར་བ་ཞི་བར་མི་བྱེད་པ་དང་། ཡ་རིག་པའི་མུན་པ་ཆེན་པོ་མི་སེལ་ཞིང་། སྲིད་པའི་མཚོ་མི་སྐམས་པ་ལ། སྟོབས་བཅུའི་དེད་དཔོན་མི་འཚོལ་ཞིང་། བདུད་ཀྱི་བསམ་པ་འཐིབས་པོའི་རྗེས་སུ་སོང་སྟེ། འཁོར་བའི་རྒྱ་མཚོ་ཆུ་སྲིན་གྱིས་དཀྲུགས་པས་ཡོངས་གཡེང་བར་འཁོར་ཞིང་། བྱིས་པ་སོ་སོ་སྐྱེ་བོས་དེ་ལྟར་མི་ཤེས་ཤིང་། རྨོངས་པ་ནི་ངོ་མཚར་ཆེས་མང་ལ། བདག་གིས་སེམས་ཅན་དེ་ལྟར་སྡུག་བསྔལ་གྱིས་མནར་བ། མགོན་མེད་པ། དཔུང་མེད་པ། སྐྱབས་

(༥༡༦)མེད་པ། གནས་མེད་པ། གཞི་མེད་པ། རྟེན་མེད་པ། ལོང་བར་གྱུར་པ། མ་རིག་སྒོ་ངའི་སྦུབས་དང་སྤྲིས་གཡོགས་པ། མུན་པས་ཁེབས་པ་དེ་དག་གི་དོན་དུ། བདག་གཅིག་པུ་གཉིས་སུ་མེད་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པར་བསག་པར་བྱ་བ། ཅི་ལྟ་བུ་བསགས་པས་སེམས་ཅན་དེ་དག་ཤིན་ཏུ་རྣམ་པར་དག་པ་ཐོབ་པར་འགྱུར་བ་དང་། སྟོབས་བཅུའི་སྟོབས་ཀྱི་ཡེ་ཤེས་ཆགས་པ་མེད་པའི་བར་གྱིས་མཐར་ཐུག་པ་ཐོབ་པར་འགྱུར་བའི་རྣམ་པ་དེ་ལྟ་བུའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་བྱ་བའམ་སྙམ་སྟེ། དེ་ལྟར་ལྟ་བ་དང་། ནེམ་ནུར་དང་། རྟོགས་པ་བརྩལ་བས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། ལམ་དང་ལམ་མ་ཡིན་པ་ཤེས་པས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། ནན་ཏན་དང་སྤོང་བ་ཤེས་པས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་གོང་ནས་གོང་དུ་རྣམ་པར་བསྒོམས་པས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། དེའི་ཕྱིར་ན་སེམས་ཅན་གྱི་བསམ་པ་རྣམ་པར་དག་པ་བཅུ་པོ་འདི་དག་གིས་དེ་ལ་འཇུག་སྟེ། བྱང་ཆུབ་སེམས་དཔའི་ས་ལྔ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་ནི་བྱང་ཆུབ་ཀྱི་ཕྱོགས་དང་ལམ་གྱི་ཡན་ལག་དེ་དག་ཉིད་ལ་ཤིན་ཏུ་སྦྱང་བ་བྱས་ཏེ། ལྷག་པའི་བསམ་པ་ཤིན་ཏུ་སྦྱངས་པས། དེའི་གོང་དུ་ལམ་གྱི་ཁྱད་པར་འཚོལ་ཞིང་། དེ་བཞིན་ཉིད་ཀྱི་རྗེས་སུ་ཞུགས་པ་དང་། སྨོན་ལམ་གྱི་མཐུ་དང་། ཤུགས་དང་། སྙིང་རྗེ་དང་། བྱམས་པ་དང་། སེམས་ཅན་ཡོངས་སུ་མི་གཏོང་བ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་

(༥༡༧)ཚོགས་རབ་ཏུ་རྫོགས་པ་དང་། ཡོངས་སུ་རྒྱུན་ཆད་པ་མེད་པ་དང་། ཐབས་ལ་མཁས་པས་མངོན་པར་བསྒྲུབས་པ་དང་། གོང་ནས་གོང་དུ་སའི་སྣང་བ་དང་། སངས་རྒྱས་པའི་བྱིན་རླབས་བསྩལ་བ་དང་། དྲན་པ་དང་། བློ་གྲོས་དང་། རིག་པ་དང་། བློའི་སྟོབས་དང་། ཐུགས་ཀྱི་ཡིད་ལ་བྱ་བའི་ཕྱིར་མི་ལྡོག་པ་སྟེ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བ། འདི་ནི་སྡུག་བསྔལ་འགོག་པ། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཞེས་བྱ་བར་ཡང་དག་པ་ཅི་ལྟ་བ་བཞིན་དུ་ཤེས་ཏེ། དེ་ཀུན་རྫོབ་ཀྱི་བདེན་པ་ལ་མཁས་པ་ཡིན། དོན་དམ་པའི་བདེན་པ་ལ་མཁས་པ་ཡིན། མཚན་ཉིད་ཀྱི་བདེན་པ་ལ་མཁས་པ་ཡིན། རྣམ་པར་དབྱེ་བའི་བདེན་པ་ལ་མཁས་པ་ཡིན། བརྟག་པའི་བདེན་པ་ལ་མཁས་པ་ཡིན། ལམ་གྱི་ཡེ་ཤེས་ལ་འཇུག་པའི་བདེན་པ་ལ་མཁས་པ་ཡིན། བྱང་སེམས་ཀྱི་སའི་རིམ་པ་ས་མཚམས་སྦྱར་བ། གྲུབ་པ་གྲུབ་པར་བྱ་བས། སངས་རྒྱས་ཀྱི་ཡེ་ཤེས་ཡང་དག་པར་བསྐྱེད་པའི་བར་དུ་མཁས་པ་ཡིན་ཏེ། དེའི་སེམས་ཅན་གཞན་དང་། གང་ཟག་གཞན་ལ་བསམ་པ་ཇི་ལྟ་བ་བཞིན་དུ་དགའ་འགུར་བྱེད་པས། ཀུན་རྫོབ་དུ་བདེན་པ་ཡང་རབ་ཏུ་ཤེས་སོ། །ཐེག་པ་གཅིག་ཏུ་ཡང་དག་པར་གཞོལ་བས། དོན་དམ་པའི་བདེན་པ་ཡང་རབ་ཏུ་ཤེས་སོ། །ཆོས་ཀྱི་རང་གི་མཚན་ཉིད་ཁང་དུ་ཆུད་པས་མཚན་ཉིད་ཀྱི་བདེན་པ་ཡང་རབ་ཏུ་ཤེས་སོ། །ཆོས་ཀྱི་བྱེ་བྲག་རྣམ་པར་དགོད་པ་ཁོང་དུ་ཆུད་པས་རྣམ་

(༥༡༨)པར་དབྱེ་བའི་བདེན་པ་ཡང་རབ་ཏུ་ཤེས་སོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམ་པར་དགོད་པ་རྟོག་པའི་བདེན་པ་ཡང་རབ་ཏུ་ཤེས་སོ། །ལུས་དང་སེམས་ལ་གནོད་པ་ཉམས་སུ་འབབ་པས་དངོས་པོའི་བདེན་པ་ཡང་རབ་ཏུ་ཤེས་སོ། །འགྲོ་བ་རྒྱུད་ཀྱི་མཚམས་སྦྱོར་བའི་འབྱུང་བའི་བདེན་པ་ཡང་རབ་ཏུ་ཤེས་སོ། །རིམས་དང་ཡོངས་སུ་གདུང་བ་ཐམས་ཅད་ཤིན་ཏུ་ཞི་བར་བྱ་ཞིང་མི་སྐྱེ་བའི་བདེན་པ་ཡང་རབ་ཏུ་ཤེས་སོ། །མི་གཉིས་པས་མངོན་པར་སྒྲུབ་པའི་བློ་དགེ་བའི་རྩ་བ་གང་ཅི་བརྩོམ་ཡང་། དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་ལས་ཡོངས་སུ་བསྐྱབ་པ་དང་། སེམས་ཅན་ལ་ཕན་པ་དང་། སེམས་ཅན་ལ་བདེ་བ་དང་། སེམས་ཅན་ལ་སྙིང་བརྩེ་བ་དང་། སེམས་ཅན་ལ་འཚེ་བ་མེད་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྒྲོལ་བ་དང་། སེམས་ཅན་དྲང་བ་དང་། སེམས་ཅན་དད་པར་བྱ་བ་དང་། སེམས་ཅན་གདུལ་བ་དང་། སེམས་ཅན་མྱ་ངན་ལས་འདའ་བའི་ཕྱིར་རབ་ཏུ་བརྩོན་ཏེ། བྱང་ཆུབ་སེམས་དཔའི་ས་ལྔ་ལ་ཤིན་ཏུ་དགའ་བར་དཀའ་བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་དེ་བས་ཀྱང་ཉམས་པར་མི་འགྱུར་བའི་ཆོས་ཉིད་དྲན་པ་དང་ལྡན་པ་ཡིན། ཤིན་དུ་ངེས་པར་རྟོགས་པའི་ཡེ་ཤེས་ཀྱི་བློ་གྲོས་དང་ལྡན་པ་ཡིན། མདོའི་དོན་དང་ཚུལ། ངག་ཁོང་དུ་ཆུད་པས་རིག་པ་དང་ལྡན་པ་ཡིན། བདག་དང་གཞན་གྱིས་རྗེས་སུ་བསྲུང་བས་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ཡིན། སྡོམ་པ་དང་ཚུལ་ཁྲིམས་མ་ནོར་བས་དགའ་བ་དང་ལྡན་པ་ཡིན། གནས་དང་གནས་མ་ཡིན་པ་ལ་མཁས་ཤིང་། ཤིན་ཏུ་བརྟག་པས་བློ་དང་ལྡན་པ་ཡིན། གཞན་གྱི་དྲིང་མི་འཇོག་པས་ཡེ་ཤེས་ལྔ་དང་ལྡན་པ་ཡིན། །དོན་དང་དོན་མ་ཡིན་

(༥༡༩)པའི་ཚོགས་ཡང་དག་པར་དབྱེ་བ་ལ་མཁས་པ་ཡིན། སྒོམ་པ་མངོན་ཤེས་ཐོབ་པ་ཡིན། འཇིག་རྟེན་གྱི་རྗེས་སུ་འབྲངས་པས་ཐབས་ལ་མཁས་པ་ཡིན། བསོད་ནམས་ཀྱི་ཚོགས་རྫོགས་པས་ཆོག་མི་ཤེས་པ་ཡིན། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པས་བརྩོན་འགྲུས་རྒྱུན་མི་འཆད་པ་ཡིན། བྱམས་པ་དང་སྙིང་རྗེ་ཆེན་པོའི་ཚོགས་ཡང་དག་པར་རྫོགས་པས་སྐྱེ་བ་མེད་པ་བསམ་པ་དང་ལྡན་པ་ཡིན། སངས་རྒྱས་ཀྱི་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡོངས་སུ་འཚོལ་བས། སྙོམ་ལས་མེད་པས་ཡོངས་སུ་འཚོལ་བ་ལ་བརྩོན་པ་ཡིན། །སངས་རྒྱས་ཀྱི་ཞིང་སྒྲུབ་པ་དང་། རྒྱན་མངོན་པར་བཤམས་པས་མངོན་པར་སྒྲུབ་པའི་ཡིད་དང་ལྡན་པ་ཡིན། །མཚན་དང་དཔེ་བྱད་བཟང་པོ་ཡང་དག་པར་སྒྲུབས་པས་དགའ་བ་རྣམ་པ་སྣ་ཚོགས་ལ་བརྩོན་པ་ཡིན། ས་ལྔ་པ་རྒལ་དཀའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཕལ་ཆེར་ལྷའི་རྒྱལ་པོ་རབ་དགའ་ལྡན་དུ་འགྱུར་ཏེ། སེམས་ཅན་རྣམས་མུ་སྟེགས་ཀྱི་གནས་ལས་བཟློག་པ་ལ་མཁས་ཤིང་མཐུ་ཡོད་པ་ཡིན། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྒྱན་ཡོངས་སུ་འཚོལ་བས་རྟག་ཏུ་རྒྱུན་མི་འཆད་པར་བརྩོན་པ་ཡིན། བྱང་ཆུབ་སེམས་དཔའ་དང་། ཆོས་སྨྲ་བ་དང་། རིམ་གྲེ་བྱེད་པས་བསྙེན་བཀུར་བ་དང་། སྲིད་ཞུ་ཆེན་པོའི་ངང་ཚུལ་ཡིན། བྱང་ཆུབ་ཀྱི་སེམས་དང་ཐབས་མཁས་པ་ཆེན་པོའི་ཚུལ་དང་ལྡན་པར་འཇིག་རྟེན་དུ་རུང་བས། ཁོང་ཁྲོ་བ་མེད་པའི་སེམས་དང་ལྡན་པ་ཡིན། སེམས་ཅན་ཐམས་ཅད་སྨིན་པར་བྱ་བ་ལ་མངོན་པར་བརྩོན་པས་

(༥༢༠)རྒྱུན་ཆད་མེད་པར་བསྡུ་དངོས་བཞི་ཡིས་སེམས་ཅན་རྣམས་བསྡུས་པ་ཡིན། སེམས་ཅན་རྣམས་ཀྱི་སྐད་དང་མཐུན་པར་ཆོས་བཤད་པ་དང་། རྫུ་འཕྲུལ་ཆེན་པོ་མངོན་པར་སྒྲུབ་པ་དང་། དཀོན་མཆོག་གསུམ་དང་། སངས་རྒྱས་ཀྱི་ཡོན་ཏན་སྣ་ཚོགས་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་སྒྲུབ་ཅིང་། ཡིད་ལ་བྱེད་པ་དང་མི་འབྲལ་བ་ཡིན། ས་ལྔ་པ་སྦྱང་དཀའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། སྐད་ཅིག་ཙམ་གྱིས་ཏིང་ངེ་འཛིན་ཁྲག་ཁྲིག་སྟོང་ཐོབ་ཅིང་། དེ་དག་ལ་སོགས་ཏེ་འཇུག་པ་དང་། སངས་རྒྱས་ཁྲག་ཁྲིག་སྟོང་མཐོང་ཞིང་། སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པར་ཤེས་པ་དང་། འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་སྟོང་གཡོ་བར་ནུས་པ་དང་། བསྐལ་པ་ཁྲག་ཁྲིག་སྟོང་དུ་གནས་པ་དང་། འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་སྟོང་དུ་འོད་ཟེར་གནས་པ་དང་། སེམས་ཅན་ཁྲག་ཁྲིག་སྟོང་སྨིན་པ་དང་། དུས་གསུམ་གྱི་བསྐལ་པ་ཁྲག་ཁྲིག་སྟོང་ལ་འཇུག་པ་དང་། ཆོས་ཀྱི་སྒོ་ཁྲག་ཁྲིག་ལ་འཇུག་ཅིང་འབྱེད་མཁས་པ་དང་། ལུས་ཁྲག་ཁྲིག་སྟོང་གི་སྤྲུལ་པ་འགྱེད་པ་དང་། ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་ཁྲག་ཁྲིག་སྟོང་གིས་བསྐོར་ཞིང་། བརྩོན་འགྲུས་བརྩོམ་པ་དང་། དེ་ཡན་ཆད་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་མཐུ་ཅན་རྣམས་རྫུ་འཕྲུལ་དང་ཆོ་འཕྲུལ། ཅི་སྐད་པ་ཙམ་བསྟན་ནུས་པ་སྟེ། དེ་དག་གིས་ཡོན་ཏན་གྱི་རྣམ་གྲངས་ནི། བསྐལ་པ་བྱེ་བ་ཁྲག་ཁྲིག་སྟོང་དུ་ཡང་། བརྗོད་པ་དཀའ་བ་ཡིན། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོ་རྣམ་པར་སྣང་མཛད་སངས་རྒྱས་པ་ཡིས། རྫུ་འཕྲུལ་དང་ཆོ་འཕྲུལ་རྣམ་པར་འཕྲུལ་པ། ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པ། ཆོས་

(༥༢༡)ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ་རྩིས་ལས་འདས་པའི་གྲངས་མེད་བྱིན་གྱིས་བརླབས་པའི་བཀའ་ཆེན་པོ་འདི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། །བྱང་ཆུབ་སེམས་དཔའི་ས་ལྔ་པ་རྒལ་དཀའ་བ་བསྟན་པའི་བར་སྐབས་ལགས་སོ།། །།ཐུབ་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། ས་ལྔ་པ་ས་དྲུག་པར་ས་ནས་སར་འཕར་བ་ལ། གོང་ནས་གོང་དུ་རྫོགས་པར་བྱེད་པ་ཆོས་མཉམ་པ་ཉིད་བཅུས་འཇུག་སྟེ། བཅུ་གང་ཞེ་ན། ཆོས་ཐམས་ཅད་མཚན་མ་མེད་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་མཚན་ཉིད་མེད་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་མི་སྐྱེ་བ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་མ་བྱུང་བ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་དབེན་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་སྔར་ནས་མཉམ་པ་ཉིད་དང་། ཆོས་ཐམས་ཅད་སྤྲོས་པ་མེད་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་བླང་བ་མེད་པ་མཉམ་པ་ཉིད་དང་། །དོར་བ་མེད་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་སྒྱུ་མ་དང་། རྨི་ལམ་དང་། མིག་གཡོར་དང་། སྒྲ་བརྙན་དང་། ཆུ་ཟླ་དང་། གཟུགས་བརྙན་དང་། སྤྲུལ་པ་དང་མཚུངས་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་དངོས་པོ་ཡོད་པ་དང་། དངོས་པོ་མེད་པ་དང་། གཉིས་ཀ་མ་ཡིན་པ་མཉམ་པ་ཉིད་དེ། དེའི་ཕྱིར་ན། ཆོས་མཉམ་པ་ཉིད་བཅུ་པོ་འདི་དག་གིས་བྱང་ཆུབ་སེམས་དཔའི་ས་དྲུག་པ་ལ་འཇུག་གོ། །དེ་ཆོས་ཐམས་ཅད་རང་བཞིན་དེ་དང་འདྲ་བར་རྟོག་ཅིང་དཔྱོད་པ་དང་མཐུན་པར་སེམས་ཤིང་། མི་མཐུན་པར་མི་བྱེད་པས། བྱང་ཆུབ་སེམས་དཔའི་ས་དྲུག་པ་བདུན་པའི་བཟོད་པ་རྣོན་པོས་འཐོབ་སྟེ། འོན་ཀྱང་ད་རུང་མི་སྐྱེ་བའི་ཆོས་ལ་བཟོད་པ་མངོན་

(༥༢༢)དུ་གྱུར་པ་ནི་ཐོབ་པ་མ་ཡིན་ནོ། །དེ་ཆོས་ཐམས་ཅད་རང་བཞིན་དེ་ལྟར་རྟོགས་པའི་ཚེ། དེ་བས་ཀྱང་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་དང་། སྙིང་རྗེ་ཆེན་པོ་ལ་དབང་བསྒྱུར་བ་དང་། སྙིང་རྗེ་ཆེན་པོས་ཡོངས་སུ་རྫོགས་པར་ཁྱབ་པའི་ཕྱིར། འཇིག་རྟེན་འབྱུང་བ་དང་། འཇིག་རྟེན་པ་ལ་མངོན་པར་བལྟའོ། །དེ་དེ་ལ་ལྟ་བའི་ཚེ་འདི་སྙམ་སྟེ། འཇིག་རྟེན་ཀུན་དུ་རྒྱུ་བའི་སྐྱེ་བ་ཅི་ཡོད་པ་དེ་དག་ཐམས་ཅད་བདག་ཏུ་མངོན་པར་ཞེན་པ་ལས་བྱུང་སྟེ། བདག་ཏུ་མངོན་པར་ཞེན་པ་དང་བྲལ་བ་འབྱུང་བ་མེད་པར་འགྱུར་རོ། །བྱིས་པའི་བློ་ཅན་བདག་ཏུ་མངོན་པར་ཞེན་པ། མི་ཤེས་པའི་རབ་རིབ་ཀྱིས་བསྒྲིབས་པ་ཡོད་པ་དང་། མེད་པ་ལ་མངོན་པར་མོས་པ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་གཞོལ་བ། ཡང་དག་པ་མ་ཡིན་པར་རབ་ཏུ་ཞུགས་པ། ལོག་པའི་རྗེས་སུ་འབྲང་བ་དེ་དག་ནི་བསོད་ནམས་དང་། བསོད་ནམས་མ་ཡིན་པའི་འདུ་བྱེད་ཉེ་བར་རྫོགས་ཏེ། འདུ་བྱེད་དེ་དག་གིས་ཡོངས་སུ་བསྒོམས་པའི་སེམས་ཀྱིས་ས་བོན་ཟག་པ་དང་བཅས་པ། ཉེ་བར་ལེན་པ་དང་བཅས་པ་ནི་མ་འོངས་པའི་སྐྱེ་བ་དང་། རྒ་ཤི་དང་། ཡང་སྲིད་པ་མངོན་པར་འགྲུབ་པར་འབྱུང་བ་ཉེ་བར་སོང་བ་ཡིན་ཏེ། ལས་ཀྱི་ཞིང་གི་གཞི་དང་། མ་རིག་པའི་མུན་པ་དང་། སྲེད་པའི་མུན་་པ་དང་། ང་རྒྱལ་གྱིས་བརླམས་པའི་ལྟ་བའི་རྣམ་པ་དང་། དྲ་བ་རབ་ཏུ་འཕེལ་བས་མིང་དང་གཟུགས་ཀྱི་མྱུ་གུ་འབྱུང་སྟེ། བྱུང་ནས་རྣམ་པར་འཕེལ་ལོ། །མིང་དང་གཟུགས་ཀྱི་མྱུ་གུ་རྣམ་པར་འཕེལ་ནས། དབང་པོ་ལྔ་འབྱུང་བར་འགྱུར་རོ། །དབང་པོ་ལྔ་བྱུང་ནས་ཕན་ཚུན་འདུས་ཤིང་ཕྲད་པས་རེག་

(༥༢༣)པར་འགྱུར་རོ། །རེག་པ་འདུས་པས་ཚོར་བ་འབྱུང་ངོ་། །ཚོར་ནས་དེའི་རྗེས་མངོན་པར་སྨོན་པས་སྲིད་པ་འབྱུང་ངོ་། །སྲིད་པ་ནི་ཉེ་བར་ལེན་པ་རྣམ་པར་འཕེལ་བར་འགྱུར་རོ། །ཉེ་བར་ལེན་པ་རྣམ་པར་འཕེལ་བས་སྲིད་པ་འབྱུང་བར་འགྱུར་རོ། །སྲིད་པ་བྱུང་ནས་ཕུང་པོ་ལྔ་པོ་འབྱུང་བར་འགྱུར་ཏེ། ཕུང་པོ་ལྔ་བྱུང་ནས་ལམ་གྱི་རྒྱུད་ལྟར་རིམ་གྱིས་དེངས་པར་འགྱུར་རོ། །དེ་ནས་འབྲལ་བར་འགྱུར་ཏེ། དེངས་ཤིང་བྲལ་བས་མི་དགའ་ཞིང་ཡོངས་སུ་གདུང་བར་འགྱུར་རོ། །མི་དགའ་བ་དང་ཡོངས་སུ་གདུང་བའི་རྒྱུས། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་ཡིད་མི་བདེ་བ་དང་། འཁྲུལ་པ་འབྱུང་བར་འགྱུར་ཡང་། དེ་དག་ལ་སུའང་འབྱུང་བར་བྱེད་པ་མེད་དོ། །རང་བཞིན་དང་ལྷུན་གྱིས་གྲུབ་པར་འཇིག་པར་འགྱུར་ཡང་། དེ་དག་ལ་འཇིགས་པར་བྱེད་པ་སུ་ཡང་མེད་དོ། །ཞེས། དེ་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོ་ལུགས་སུ་མཐུན་པར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རབ་ཏུ་རྟོག་གོ། །དེའི་ཕྱིར་ན། འདི་སྙམ་དུ་སེམས་ཏེ། བདེན་པ་མངོན་པར་མི་ཤེས་པ་ནི་ཡང་དག་པ་མ་ཡིན་པ་སྟེ། མ་རིག་པས་བྱེད་པའི་ལས་ཀྱི་རྣམ་པར་སྨིན་པ་ནི་འདུ་བྱེད་རྣམས་སོ། །འདུ་བྱེད་ལ་གནས་པའི་སེམས་དང་པོ་ནི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་དང་ལྷན་ཅིག་ཏུ་སྐྱེས་པའི་ཉེ་བར་ལེན་པའི་ཕུང་པོ་བཞི་ནི་མིང་དང་གཟུགས་སོ། །མིང་དང་གཟུགས་རྣམས་འཕེལ་བ་ནི་དྲུག་གི་སྐྱེ་མཆེད་དོ། །དབང་པོ་དང་། ཡུལ་དང་། རྣམ་པར་ཤེས་པ་གསུམ་ཕྲད་པ་ནི་ཟག་པ་དང་

(༥༢༤)བཅས་པ་ནི་རེག་པའོ། །རེག་པ་ལས་སྐྱེས་པ་ནི་ཚོར་བའོ། །ཚོར་བ་ལས་ཆགས་པ་ནི་སྲེད་པའོ། །སྲེད་པ་དང་རྣམ་པར་འཕེལ་བ་ནི་ཉེ་བར་ལེན་པའོ། །ཉེ་བར་ལེན་པ་ལས་བྱུང་བའི་ལས་ཟག་པ་དང་བཅས་པ་ནི་སྲིད་པའོ། །སྐྱེ་བ་འདི་ནི་ཕུང་པོ་འབྱུང་བའོ། །ཕུང་པོ་ཡོངས་སུ་སྨིན་པ་ནི་རྒ་བའོ། །རྒས་ནས་ཕུང་པོ་འཇིག་པ་ནི་འཆི་བའོ། །འཆི་ཞིང་འབྲལ་བའི་ཚེ་ཉོན་མོངས་ཤིང་ཆགས་པར་གྱུར་པའི་སེམས་ལ་ཡོངས་སུ་གདུང་བ་ནི་མྱ་ངན་ཏོ། །མྱ་ངན་ལས་བྱུང་བའི་ཚིག་བརྗོད་པ་ནི་སྨྲེ་སྔགས་འདོན་པའོ། །དབང་པོ་ལྔའི་ཉམས་སུ་བབ་པ་ནི་སྡུག་བསྔལ་བའོ། །ཡིད་ཀྱི་ལྟ་བའི་ཉམས་སུ་བབ་པ་ནི་ཡིད་མི་བདེ་བའོ། །སྡུག་བསྔལ་དང་ཡིད་མི་བདེ་བ་མང་པོ་འབྱུང་བ་ནི་འཁྲུལ་པ་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་དང་། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབར་ཤིང་བྱེད་པ་པོ་དང་། ཚོར་བ་པོ་མེད་པ་མངོན་པར་བསྒྲུབ་པར་འགྱུར་རོ། །དེ་འདི་སྙམ་དུ་སེམས་ཏེ། བྱེད་པ་པོ་ལ་མངོན་པར་ཆགས་པ་རྣམས་ཡོད་པར་འགྱུར་རོ། །གང་ན་བྱེད་པ་པོ་མེད་པ་ཞེ་ན། དོན་དམ་པར་ན་ལས་ཀྱང་མི་དམིགས་སོ། །དེའི་ཕྱིར་ན། འདི་སྙམ་དུ་སེམས་ཏེ། འདི་ལྟར་ཁམས་གསུམ་པ་འདི་ནི་སེམས་ཙམ་སྟེ། གང་འདི་སྲིད་པའི་ཡན་ལག་བཅུ་གཉིས་པོ་་འདི་སངས་རྒྱས་ཀྱིས་རབ་ཏུ་དབྱེ་སྟེ། དེའི་ཕྱིར་ན་དེ་དག་ཐམས་ཅད་ཀྱང་སེམས་གཅིག་ལ་གནས་པ་དག་གོ། །དེའི་ཕྱིར་ན། དངོས་པོ་གང་ལ་འདོད་ཆགས་དང་བྲལ་བའི་སེམས་བསྐྱེད་པ་དེ་ནི་རྣམ་པར་ཤེས་པའོ། །དངོས་པོ་ནི་འདུ་བྱེད་དོ། །འདུ་བྱེད་ལ་མགོ་

(༥༢༥)རྨོངས་པ་ནི་མ་རིག་པའོ། །མ་རིག་པའི་སེམས་དང་ལྷན་ཅིག་སྐྱེས་པ་ནི་མིང་དང་གཟུགས་སོ། །མིང་དང་གཟུགས་རྣམ་པར་འཕེལ་བ་དྲུག་གི་སྐྱེ་མཆེད་དོ། །དྲུག་གི་སྐྱེ་མཆེད་འབྲེལ་བ་ནི་རེག་པའོ། །རེག་པ་དང་ལྷན་ཅིག་སྐྱེས་པ་ནི་ཚོར་བའོ། །ཚོར་བས་མི་ངོམས་པ་ནི་སྲེད་པའོ། །སྲེད་པས་མནར་ཏེ། སྡུག་ཅིང་མི་གཏོང་བ་ནི་ཉེ་བར་ལེན་པའོ། །སྲིད་པའི་ཡན་ལག་འབྱུང་བ་འདི་དག་ནི་སྲིད་པའོ། །སྲིད་པ་འབྱུང་བ་ནི་སྐྱེ་བའོ། །སྐྱེ་བ་ཡོངས་སུ་སྨིན་པ་ནི་རྒས་པའོ། །རྒས་པ་དང་བྲལ་བ་ནི་འཆི་བའོ། །དེ་ལ་མ་རིག་པ་ནི་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། སེམས་ཅན་རྣམས་ཀྱང་དམིགས་པ་ལ་རྨོངས་པར་བྱེད་དོ། །འདུ་བྱེད་མངོན་པར་སྒྲུབ་པའི་རྒྱུ་ཡང་འབྱིན་ཏོ། །འདུ་བྱེད་རྣམས་ཀྱང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། མ་འོངས་པའི་རྣམ་པར་སྨིན་པ་ཡང་མངོན་པར་སྒྲུབ་པར་བྱེད་དོ། །མངོན་པར་ཤེས་པའི་བྱ་བ་གཉིས་སུ་གནས་པ་ཡིན་ཏེ། སྲིད་པར་ཉིང་མཚམས་ཀྱང་སྦྱོར་རོ། །མིང་དང་གཟུགས་མངོན་པར་སྒྲུབ་པའི་རྒྱུ་ཡང་ཡིན་ཏེ། མིང་དང་གཟུགས་ཀྱང་གཉིས་སུ་གནས་པ་ཡིན་ཏེ། ཕན་ཚུན་གནས་པར་ཡང་བྱེད་དེ། སྐྱེ་མཆེད་དྲུག་འགྲུབ་པའི་རྒྱུ་ཡང་ཡིན་ཏེ། སྐྱེ་མཆེད་དྲུག་ཀྱང་གཉིས་སུ་གནས་པ་ཡིན་ཏེ། དྲུག་པོ་སོ་སོར་འབྱེད་པར་བྱེད་དོ། །རེག་པ་འགྲུབ་པའི་རྒྱུ་ཡང་གཉིས་ཡིན་ཏེ། གཉིས་གཅིག་ལ་རེག་པའི་ཕྱིར་རེག་ཅེས་བྱའོ། །ཚོར་བ་མངོན་པར་སྒྲུབ་པའི་རྒྱུ་ཡང་འབྱིན་ཏོ། །

(༥༢༦)ཚོར་བ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་གཉིས་ཀ་མ་ཡིན་པར་ཚོར་བ་ཡང་བསྐྱེད་དོ། །སྲིད་པ་མངོན་པར་སྒྲུབ་པའི་རྒྱུ་ཡང་འབྱིན་ཏོ། །སྲིད་པ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ནོ། ཆགས་པར་འགྱུར་བའི་དངོས་པོ་ལ་མངོན་པར་ཆགས་པར་ཡང་བྱེད་དོ། །ཉེ་བར་ལེན་པ་མངོན་པར་སྒྲུབ་པའི་རྒྱུ་ཡང་འབྱིན་ཏོ། །ཉེ་བར་ལེན་པ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། ཀུན་ནས་ཉོན་མོངས་པ་འཆིང་བ་ཡང་བྱེད་དོ། །སྲིད་པ་མངོན་པར་འབྱུང་བའི་རྒྱུ་ཡང་འབྱིན་ནོ། །སྲིད་པ་སྤང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། སྲིད་པའི་རྒྱུད་གཞན་དུ་ཡང་གནས་པར་བྱེད་དོ། །སྐྱེ་བ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ། །སྐྱེ་བ་སྤང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན། ཕུང་པོ་འབྱུང་བ་ཡང་འབྱེད་དོ། །དགའ་བ་མངོན་པར་འགྱུ་བ་ཡང་འབྱིན་ཏོ། །དགའ་བས་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། དབང་པོ་ཡོངས་སུ་འགྱུར་བ་ཡང་བྱེད་དོ། །འཆི་བར་འགྱུར་བའི་རྒྱུ་ཡང་འབྱིན་ཏེ། འཆི་བ་ཡང་བྱ་བར་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། འདུ་བྱེད་འཇིག་པར་ཡང་བྱེད་དོ། །ཡོངས་སུ་མ་ཤེས་པ་རྒྱུན་མི་འཆད་པའི་རྒྱུ་ཡང་འབྱིན་ཏོ། །དེ་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཤེས་བྱ་བ་ནི། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་རྒྱུན་མི་འཆད་ཅིང་བསྟེན་པའོ། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པའོ། ཅེས་བྱ་བ་ནི། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་གཟུགས་རྒྱུན་མི་འཆད་ཅིང་

(༥༢༧)གནས་པའོ། །མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱ་བ་ནི། མིང་དང་གཟུགས་ཀྱི་རྐྱེན་གྱིས་དྲུག་གི་སྐྱེ་མཆེད་རྒྱུན་མི་འཆད་ཅིང་གནས་པའོ། །དྲུག་གི་སྐྱེ་མཆེད་ཀྱི་རྐྱེན་གྱིས་རེག་པའོ། །ཞེས་བྱ་བ་ནི། དྲུག་གི་སྐྱེ་མཆེད་ཀྱི་རྐྱེན་གྱིས་རེག་པ་རྒྱུན་མི་འཆད་ཅིང་གནས་པའོ། །རེག་པའི་རྐྱེན་གྱིས་ཚོར་བ་འོ་ཞེས་བྱ་བ་ནི་རེག་པའི་རྐྱེན་གྱི་ཚོར་བ་རྒྱུན་མི་འཆད་ཅིང་གནས་པའོ། །ཚོར་བའི་རྐྱེན་གྱིས་སྲེད་པའི་ཞེས་བྱ་བ་ནི། ཚོར་བའི་རྐྱེན་གྱིས་སྲེད་པ་རྒྱུན་མི་འཆད་ཅིང་གནས་པའོ། །སྲེད་པའི་རྐྱེན་གྱིས་ཉེ་བར་ལེན་པའོ། ཞེས་བྱ་བ་ནི་སྲེད་པའི་རྐྱེན་གྱིས་ཉེ་བར་ལེན་པ་རྒྱུན་མི་འཆད་ཅིང་གནས་པའོ། ཉེ་བར་ལེན་པའི་རྐྱེན་གྱིས་སྲིད་པའོ། །ཞེས་བྱ་བ་ནི། ཉེ་བར་ལེན་པའི་རྐྱེན་གྱིད་སྲིད་པ་རྒྱུན་མི་འཆད་ཅིང་གནས་པའོ། །སྲིད་པའི་རྐྱེན་གྱིས་སྐྱེ་བའོ། །ཞེས་བྱ་བ་ནི། སྲིད་པའི་རྐྱེན་གྱིས་སྐྱེ་བ་རྒྱུན་མི་འཆད་ཅིང་གནས་སོ། །སྐྱེ་བའི་རྐྱེན་གྱིས་རྒ་ཤིའོ། །ཞེས་བྱ་བ་ནི། སྐྱེ་བའི་རྐྱེན་གྱིས་རྒ་ཤི་རྒྱུན་མི་འཆད་ཅིང་གནས་སོ། །མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་གོ། །ཞེས་བྱ་བ་ནི། མ་རིག་པའི་རྐྱེན་མེད་པས་འདུ་བྱེད་རྣམས་ཉེ་བར་ཞི་ཞིང་གནས་པ་མེད་པའོ། །འདུ་བྱེད་རྣམས་འགགས་པས་རྣམ་པར་ཤེས་པ་འགག་གོ། །ཞེས་བྱ་བ་ནི། འདུ་བྱེད་ཀྱི་རྐྱེན་མེད་པས་རྣམ་པར་ཤེས་པ་ཉེ་བར་ཞི་ཞིང་གནས་མེད་

(༥༢༨)པའོ། །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག་གོ། །ཞེས་བྱ་བ་ནི་རྣམ་པར་ཤེས་པའི་རྐྱེན་མེད་པས། མིང་དང་གཟུགས་ཉེ་བར་ཞི་ཞིང་གནས་པ་མེད་པའོ། །མིང་དང་གཟུགས་འགགས་པས་དྲུག་གི་སྐྱེ་མཆེད་འགག་གོ་ཞེས་བྱ་བ་ནི། མིང་དང་གཟུགས་ཀྱི་རྐྱེན་མེད་པས། དྲུག་གི་སྐྱེ་མཆེད་ཉེ་བར་ཞི་གནས་པ་མེད་པའོ། །དྲུག་གི་སྐྱེ་མཆེད་འགགས་པས་རེག་པ་འགག་གོ། །ཞེས་བྱ་བ་ནི། དྲུག་གི་སྐྱེ་མཆེད་ཀྱི་རྐྱེན་མེད་པས་རེག་པ་ཉེ་བར་ཞི་ཞིང་ཉེ་བར་གནས་པ་མེད་པའོ། །རེག་པ་འགགས་པས་ཚོར་བ་འགག་གོ་ཞེས་བྱ་བ་ནི། རེག་པ་ནི། རེག་པའི་རྐྱེན་མེད་པས་ཚོར་བ་ཉེ་བར་ཞི་ཞིང་གནས་པ་མེད་པའོ། །ཚོར་བ་འགགས་པས་སྲེད་པ་འགགས་སོ། །ཞེས་བྱ་བ་ནི། ཚོར་བའི་རྐྱེན་མེད་པས་སྲེད་པ་ཉེ་བར་ཞི་ཞིང་གནས་པ་མེད་པའོ། །སྲེད་པ་འགགས་པས་ལེན་པ་འགག་གོ། །ཞེས་བྱ་བ་ནི། སྲེད་པའི་རྐྱེན་མེད་པས་སྐྱེ་བ་འགག་གོ། །ཞེས་བྱ་བ་ནི་སྲིད་པའི་རྐྱེན་མེད་པས་སྐྱེ་བ་ཉེ་བར་ཞི་ཞིང་གནས་པ་མེད་པའོ། །སྐྱེ་བ་འགགས་པས་རྒ་ཤི་འགག་གོ་ཞེས་བྱ་བ་ནི། སྐྱེ་བའི་རྐྱེན་མེད་པས་རྒ་ཤི་ཉེ་བར་ཞི་ཞིང་གནས་མེད་པའོ། །དེ་ལ་རེག་པ་དང་། སྲེད་པ་དང་། ཉེ་བར་ལེན་པ་ནི་ཉོན་མོངས་པའི་ལམ་གྱི་རྒྱུད་མི་འཆད་པའོ། །འདུ་བྱེད་དང་སྲིད་པ་རྒྱུན་མི་འཆད་པའོ། །ལྷག་མ་རྣམས་ནི་སྡུག་བསྔལ་གྱི་ལམ་གྱི་རྒྱུན་མི་འཆད་པའོ། །རབ་ཏུ་རྣམ་པར་ཕྱེ་བས་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་འགག་པས་ལམ་གྱི་རྒྱུན་ཆད་པའོ། །

(༥༢༩)དེ་ལྟར་ལམ་འདི་གསུམ་ནི་བདག་མེད་ཅིང་བདག་དང་བདག་གི་དང་བྲལ་བར་འབྱུང་ཞིང་འཇིགས་པས་ཏེ། རང་བཞིན་གྱིས་མདུང་ཁྱིམ་ལྟ་བུའོ། །དེ་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཤེས་བྱ་བ་འདི་ནི་སྔོན་གྱི་མཐའ་ལས་བལྟས་པའོ། །རྣམ་པར་ཤེས་པ་དང་། མིང་དང་། གཟུགས་དང་། དྲུག་གི་སྐྱེ་མཆེད་དང་། རེག་པ་དང་། ཚོར་བ་འདི་དག་གི་ད་ལྟར་བྱུང་བ་བལྟས་པའོ། །སྲེད་པ་དང་ཉེ་བར་ལེན་པ་དང་། སྲིད་པ་དང་། སྐྱེ་བ་ཞེས་བྱ་བ་འདི་ནི་ཕྱི་མའི་མཐའ་ལ་བལྟས་པས་ཏེ། དེ་ཕན་ཆད་དུའང་དེ་དག་རྒྱུན་དུ་འབྱུང་ངོ་། །མ་རིག་པ་འགགས་པས་འདུ་བྱེད་རྣམས་འགགས་ཤེས་བྱ་བ་འདི་ནི། ད་ལྟ་རྒྱུན་ཆད་པས་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །ཡང་འདི་ལྟར། སྲིད་པའི་ཡན་ལག་བཅུ་གཉིས་པོ་འདི་དག་གི་རྒྱུས་སྡུག་བསྔལ་གསུམ་འབྱུང་སྟེ། དེ་ལ་མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་། གཟུགས་དང་། དྲུག་གི་སྐྱེ་མཆེད་ཅེས་བྱ་བ་འདི་ནི་འདུ་བྱེད་ཀྱི་སྡུག་བསྔལ་ལོ། །རེག་པ་དང་ཚོར་བ་ཞེས་བྱ་བ་འདི་ནི་སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ལོ། །སྲེད་པ་དང་ཉེ་བར་ལེན་པ་དང་། སྲིད་པ་དང་། སྐྱེ་བ་ནས་འཁྲུག་པ་ཞེས་བྱ་བའི་བར་འདི་ནི་འགྱུར་བའི་སྡུག་བསྔལ་ལོ། །མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་ཅེས་བྱ་བ་འདི་ནི་སྡུག་བསྔལ་གསུམ་གྱི་རྒྱུན་ཆད་པའོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཤེས་བྱ་བ་ནི། འདུ་བྱེད་རྣམས་རྒྱུ་དང་རྐྱེན་ལས་བྱུང་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །མ་རིག་པ་འགགས་པས་འདུ་བྱེད་འགགས་

(༥༣༠)ཞེས་བྱ་བ་འདི་ནི་འདུ་བྱེད་རྣམས་མེད་པ་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། ཤེས་བྱ་བ་ནི། སྐྱེ་བ་རྣམ་པར་འབྲེལ་པ་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན། མ་རིག་པ་འགགས་པས་འདུ་བྱེད་འགགས། ཤེས་བྱ་བ་ནི། འཇིག་པར་རྣམ་པར་འབྲེལ་བ་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །མ་རིག་པའི་རྐྱེན་གྱིས་འདུ་ཤེས་རྣམས། ཤེས་བྱ་བ་ནི། སྲིད་པ་ལུགས་སུ་མཐུན་པར་བརྟགས་པ་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་ནི། ཟད་པར་དང་འཇིགས་པའི་ལུགས་སུ་མཐུན་པར་བརྟག་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །ཞེས་དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ལུགས་སུ་མཐུན་པ་དང་། མི་མཐུན་པའི་ཚུལ་དུ་རབ་ཏུ་རྟོག་པར་བརྟགས་པ་སྟེ། འདི་ལྟར་སྲིད་པའི་ཡན་ལག་རྗེས་སུ་འབྲེལ་བ་དང་། སེམས་གཅིག་ཏུ་ཡང་དག་པར་འདུ་བ་དང་། རང་གི་ལམ་མ་འདྲེས་པ་དང་། ཆེད་དུ་བྱེད་པ་མེད་པ་དང་ལམ་གསུམ་གྱི་རྒྱུད་དུ་འབྲེལ་བ་དང་། སྔོན་གྱི་མཐའ་དང་། ད་ལྟར་བྱུང་བ་དང་། ཕྱི་མའི་མཐའ་ལ་ལྟ་བ་དང་། སྡུག་བསྔལ་གསུམ་འབྱུང་བ་དང་། རྒྱུ་དང་རྐྱེན་ལས་བྱུང་བ་དང་། སྐྱེ་བ་དང་། འཇིག་པ་རྣམ་པར་འབྲེལ་བ་དང་། སྲིད་པའི་ལུགས་སུ་མཐུན་པ་དང་། ཟད་པར་འགྱུར་བ་རབ་ཏུ་རྟོག་པའོ། །དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པ་བཅུར་རབ་ཏུ་རྟོག་ཅིང་། བདག་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་དང་།

(༥༣༡)ངོ་བོ་ཉིད་ཀྱིས་སྟོང་བ་དང་། རང་བཞིན་གྱིས་བྱེད་ཚོར་བ་པོ་མེད་པར་རབ་ཏུ་རྟོག་པའི་ཚེ། སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་སྐྱེ་བ་ཡིན། སྲིད་པའི་ཡང་དག་འདི་དག་གི་རང་བཞིན་འགགས་ཤིང་རྣམ་པར་ཐར་པ་ལ་ཤིན་ཏུ་ཉེ་བར་གནས་པས་ཆོས་ཀྱི་མཚན་མ་མི་སྐྱེ་སྟེ། །དེའི་མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོ་སྐྱེ་བ་ཡིན། དེ་ལྟར་སྟོང་པ་ཉིད་དང་། མཚན་མ་མེད་པ་ལ་ཞུགས་པས་སྙིང་རྗེ་ཆེན་པོ་སྔོན་དུ་གཏོང་ཞིང་། སེམས་ཅན་ཡོངས་སུ་སྨིན་པས་བྱས་པ་མ་གཏོགས་པར་འདོད་པ་གང་ཡང་མི་སྐྱེ་སྟེ། དེས་དེའི་སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་སྐྱེས་པ་ཡིན། དེའི་ཕྱིར་ན་རྣམ་པར་ཐར་པའི་སྒོ་གསུམ་པོ་འདི་དག་བསྒོམས་པས། བདག་དང་ཕ་རོལ་འདུ་ཤེས་དང་བྲལ་བ་ལ། བྱེད་པ་པོ་དང་། ཚོར་བ་པོའི་འདུ་ཤེས་དང་བྲལ་བ་དང་། ཡོད་པ་དང་མེད་པའི་འདུ་ཤེས་དང་བྲལ་བས། བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་རྫོགས་པ་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། སྙིང་རྗེ་ཆེན་པོ་སྔོན་དུ་བཏང་སྟེ། དེ་བས་ཀྱང་ཤིན་དུ་བརྩོན་པར་བྱེད་དོ། །དེའི་ཕྱིར་ན་འདི་སྙམ་དུ་སེམས་ཏེ། འདུ་བ་ཡོད་པས་ནི་འདུས་བྱས་འཕེལ་བར་འགྱུར་རོ། །འདུ་བ་དང་བྲལ་བས་ནི་འཕེལ་བ་མེད་དོ། །རྒྱུ་རྐྱེན་དང་ལྡན་པས་ནི་འདུ་བྱེད་འཕེལ་བར་འགྱུར་རོ། །རྒྱུ་རྐྱེན་དང་མི་ལྡན་པས་འཕེལ་བ་མེད་དོ། །དེ་ལྟར་བདག་གིས་དེ་ལྟ་བུ་འདུས་བྱས་ཉེས་པ་མང་པོ་སྐྱོན་ཅན་དུ་ཤེས་པར་བྱས་ཏེ། འདུ་བ་དང་རྒྱུ་རྐྱེན་

(༥༣༢)དང་ལྡན་པ་འདི་དག་རྒྱུན་བཅད་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། འདུ་བྱེད་རྣམས་ཤོལ་དུ་ཞི་བ་ལ་མངོན་དུ་མི་བྱའོ། །དེའི་ཕྱིར་ན། འདུ་བྱེད་དེ་ལྟར་ཉེས་པ་མང་པོའི་སྐྱོན་ཅན་སྙིང་པོ། རང་བཞིན་མེད་པ། སྐྱེ་བ་མེད་པ། འགག་པ་མེད་པའི་རང་བཞིན་དུ་རྟོགས་པ་དང་། སྙིང་རྗེ་ཆེན་པོ་རབ་ཏུ་བསྒྲུབ་པ་དང་། སེམས་ཅན་ཡོངས་སུ་མི་གཏོང་བས་ཆགས་པ་མེད་པའི་ཡེ་ཤེས་མངོན་དུ་བྱས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་སྣང་བའི་ཚུལ་དུ་མངོན་སུམ་དུ་འགྱུར་རོ། །དེ་ལྟ་བུའི་ཡེ་ཤེས་དང་ལྡན་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པས་སྣང་བར་གྱུར་ཀྱང་། བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་བསྡུད་པའི་རྐྱེན་ཉེ་བར་རྫོགས་ཤིང་ཡང་དག་པར་བསྡུད་དོ། །འདུས་བྱས་དང་གནས་པར་འགྲོགས་པར་མི་གནས་སོ། །འདུ་བྱེད་རྣམས་རང་བཞིན་གྱིས་ཞི་བ་ལ་རབ་ཏུ་རྟོག་གོ། །འོན་ཀྱང་བྱང་ཆུབ་ཀྱི་ཡན་ལག་རྣམས་མ་རྫོགས་པའི་ཕྱིར། དེ་ལ་མི་གནས་ཏེ། ས་མངོན་སུམ་པ་ལ་གནས་པའི་ཚེ། ཏིང་ངེ་འཛིན་གྱི་ཕུང་པོ་གྲངས་མེད་པ་དང་། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྲངས་ཅན་དང་གྲངས་མེད་བརྒྱ་སྟོང་ཕྲག་བཅུ་མངོན་སུམ་དུ་གྱུར་རོ། རྣམ་པར་ཐར་པའི་སྒོ་གསུམ་གྱི་ཏིང་ངེ་འཛིན་བརྒྱ་ཕྲག་བཅུ་གསུམ་མངོན་དུ་རྟོགས་པར་འགྱུར་རོ། །ས་མངོན་སུམ་ཉིད་ལ་གནས་པ་དེ་ཕྱིར་ཞིང་གི་ཕྱེད་པའི་བསམ་པ་ཡོངས་སུ་རྫོགས་པ་ཐོབ་བོ། ངེས་པའི་བསམ་པ་དང་། དགེ་བའི་བསམ་པ་དང་། ཟག་པ་མེད་པའི་བསམ་པ་དང་། ཕྱིར་མི་ལྡོག་པའི་

(༥༣༣)བསམ་པ་དང་། རྒྱུན་མི་འཆད་པའི་བསམ་པ་དང་། དྲི་མ་མེད་པའི་བསམ་པ་དང་། མཐའ་ཡས་པའི་བསམ་པ་དང་། ཡེ་ཤེས་ལ་མོས་པའི་བསམ་པ་དང་། དོན་དམ་ཀུན་རྫོབ་དབྱེར་མེད་པའི་བསམ་པ་རྫོགས་པ་ཐོབ་སྟེ། བསམ་པ་བཟང་པོ་བཅུ་པོ་འདི་དག་ནི། དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་རྗེས་སུ་སོང་བ་ཡིན། །ཕས་ཀྱི་རྒོལ་བས་ཕྱིར་མི་བཟློག་པ་ཡིན། ཡེ་ཤེས་ཀྱི་ས་ལ་ཉེ་བ་ཡིན། ཉན་རང་གི་ས་ལས་ཕྱིར་ལོག་པ་ཡིན། སངས་རྒྱས་ཀྱི་ཡེ་ཤེས་སུ་ངེས་པ་ཡིན། བདུད་དང་ཉོན་མོངས་ཀྱིས་མི་ལྡོགས་པ་ཡིན། རྣམ་པར་ཐར་པའི་སྒོ་གསུམ་རྟོགས་ཤིང་བསྒོམ་པ་ཡིན། ལྟ་བའི་རྟོགས་པ་རྒྱ་ཆེན་པོ་དང་། སྨོན་ལམ་གྱི་སྟོབས་ཀྱིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་མང་པོ་མཐོང་བར་འགྱུར་ཏེ། དུས་རྒྱུན་ཆད་མེད་པར་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་ཀུན་ཏུ་བཟང་པོའི་སྤྲིན་ཕུང་གིས་མཆོད་པ་སྟེ། བསྙེན་བཀུར་དང་བཀུར་སྟི་རྒྱུན་ཆད་མེད་པ་ལྟར་བྱེད་དོ། །སངས་རྒྱས་རྣམས་ལ་ཆོས་ཉན་ཞིང་ཐོས་པ་ཡང་ཆུད་མི་བསོན་ཞིང་ཆོས་ཐམས་ཅད་ཀྱི་སྒྲ་དོན་རྟོགས་པར་བྱེད་དོ། །དགེ་བའི་རྩ་བ་ཐམས་ཅད་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་མཛོད་དེ་ཡིས་ཐོབ་པ་ཡིན། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར། འོད་ཟེར་ཆེན་པོ་སྣང་ཞིང་འགྱེད་པ་ཡིན། བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་དེ་དག་ཀྱང་། དོན་དམ་ཀུན་རྫོབ་ཀྱིས་བརྟགས་པས་སྔོན་མས་ཀྱང་ཇི་བཞིན་དུ་བྱང་ལ།

(༥༣༤)འདོལ་ཞིང་བྱང་ལ་དང་པོ་ཡིན་ཏེ། ཉན་རང་ཞི་བས་མི་འཕྲོག་འགྲོགས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་དེ་དག་ཀྱང་སེམས་ཅན་དུ་མའི་ཉོན་མོངས་པ་འབར་བ་ཡང་ཞི་ཞིང་ཟད་ནུས་པའོ། །བདུད་ཀྱི་ལམ་གྱི་བདུད་བཞིས་ཀྱང་མི་འགྲོགས་པ་ཡིན། ཕ་རོལ་ཏུ་ཕྱིན་པ་བཅུ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་གཞན་རྣམས་ཀྱང་མི་སྒྲུབ་པ་ནི་མ་ཡིན་ནོ། །ས་དྲུག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། ཕལ་ཆེར་ལྷའི་རྒྱལ་པོ་འཕྲུལ་དགར་འགྱུར་ཏེ། སེམས་ཅན་རྣམས་ཀྱི་ལྷག་པའི་ང་རྒྱལ་ཞི་བར་བྱ་བ་ལ་མཁས་ཤིང་མཐུ་ཡོད་པ་ཡིན། གང་དང་གང་གིས་ཆོས་དྲིས་པ་ལ་ལན་ཐེབས་ཤིང་མི་འཕྲོགས་པ་ཡིན། བསྡུ་དངོས་བཞི་ཡིས་དགེ་བའི་རྩ་བ་ཅི་ཙམ་ཡང་རུང་སྟེ། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་བསྔོ་ཞིང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་གནས་པའི་བར་དུ་འགྱུར་སྙམ་སྟེ། དཀོན་མཆོག་གསུམ་ཡིད་ལ་བྱེད་པ་དང་། བྱང་ཆུབ་དང་བྱང་ཆུབ་ཀྱི་སྤྱོད་པ་དང་། བྱང་ཆུབ་ཀྱི་ས་དང་། བྱང་ཆུབ་ཀྱི་ས་དང་། ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་དང་མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཡིད་ལ་བྱ་བའི་ཏིང་ངེ་འཛིན་དང་མི་འབྲལ་བ་ཡིན་དེ། དེ་འདི་སྐད་ཙམ་ལ། ཏིང་ངེ་འཛིན་ཁྲག་ཁྲིག་བརྒྱ་སྟོང་ཐོབ་ཅིང་། དེ་ལ་མཉམ་པར་བཞག་པ་དང་། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་གཡོ་ཞིང་འགུལ་ནུས་པ་དང་། སེམས་ཅན་ཁྲག་ཁྲིག་བརྒྱ་སྟོང་སྨིན་ནུས་པ་དང་། བསྐལ་པ་ཁྲག་ཁྲིག་བརྒྱ་སྟོང་དུ་གནས་པར་བྱ་བ་དང་། དུས་ཀྱི་མཐའ་ནི། བསྐལ་པ་ཁྲག་ཁྲིག་བརྒྱ་སྟོང་

(༥༣༥)དུ་སེམས་ཅན་གྱི་དོན་ལ་འཇུག་པ་དང་། ཆོས་ཀྱི་སྒོ་བྱེ་བ་ཁྲག་ཁྲིག་འབྱེད་པར་བྱེད་པ་ཡིན། ལུས་བྱེ་བ་ཁྲག་ཁྲིག་ཡོངས་སུ་བསྟན་པ་དང་། ལུས་རེ་རེ་ལ་ཡང་འཁོར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བསྟན་པར་བྱ་བའི་བརྩོན་འགྲུས་ཀྱིས་རྣམ་པ་དེ་ལྟ་བུ་བརྩོམ་མོ། །དེ་ཡན་ཆད་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་མཐའ་ཅན་གྱིས་རྣམ་པར་འཕྲུལ་ཏེ། དེ་དག་གི་ལུས་སམ་འོད་དམ་རྫུ་འཕྲུལ་ལམ། མངོན་པར་ཤེས་པའི་ཆའམ། སྤྱན་ལྔའི་ཆའམ། ཡོན་ཏན་གྱི་ཚོགས་མཐའ་ཡས་པ་ནི། བསྐལ་པ་བྱེ་བ་ཁྲག་ཁྲིག་གི་བར་དུ་བརྗོད་པར་དཀའ་འོ། །རྣམ་པར་སྣང་མཛད་དང་པོར་མངོན་པར་རྫོགས་པར་བྱང་ཆུབ་པའི་དུས་སུ། རྫུ་འཕྲུལ་དང་ཆོ་འཕྲུལ་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པས། རང་བཞིན་གྱི་སྐུའི་ཞིང་ཁམས་ཚད་མེད་པ་ལ་སོགས་པ་སྣོད་དུ་མི་རུང་བ་རྣམས་རུང་བར་བྱིན་གྱིས་བརླབས་པའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས་ས་དྲུག་པ་མངོན་དུ་གྱུར་པའི་བར་སྐབས་བསྟན་པའོ། །ས་ནས་སར་འཕར་ཏེ་ས་དྲུག་པ་བདུན་པར་འཕར་བ་ལས། དོན་དམ་ཀུན་རྫོབ་ཀྱིས་མངོན་པར་སྒྲུབ་པའི་ལམ། བསམ་པའི་ཁྱད་པར་བཅུར་ས་བདུན་པ་ཡོངས་སུ་ནོན་ཏེ། རྣམ་པར་ཐར་པའི་སྒོ་གསུམ་གྱི་ཏིང་ངེ་འཛིན་བསྒོམ་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ་ཡིན། ཐོབ་པ་ཡིན། བདག་གཞན་མེད་པའི་ཆོས་ལ་འཇུག་པ་ཡིན། ཚད་མེད་པ་བཞི་སྒྲུབ་པ་མི་གཏོང་བ་ཡིན། བསོད་ནམས་ཀྱི་ཚོགས་ཐོབ་པའི་ཕ་རོལ་དུ་

(༥༣༦)ཕྱིན་པ་ལ་ཆོས་གང་ལ་ཡང་ཆགས་པ་མེད་པ་ཡིན། ཁམས་གསུམ་ལ་དབྱེ་བར་གྱུར་པའི་གནས་སོ། །ཁམས་གསུམ་པ་བསྡུ་བ་དང་། གཏོང་བ་དང་། གཏོར་བ་དང་། རྒྱན་དུ་ཐོགས་པ་ལ་དབང་ཐོབ་པ་ཡིན། བདག་གཞན་གྱི་ཉོན་མོངས་འབར་བ་ཐམས་ཅད་ཀྱི་མེ་ལ་རབ་ཏུ་འབར་བ་ཞི་བར་ནུས་པའོ། །ཕྱི་ནང་གི་དངོས་པོ་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དུ་གོ་ཞིང་རྟོགས་ནས་གང་ལ་ཡང་མི་ཆགས། མི་ཞེན་པ་ཡིན་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ཆོས་ཀྱི་དབྱིངས་དང་མཉམ་པར་སྒོམ་ཞིང་རྟོགས་ན། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་དང་། ཕ་རོལ་ཏུ་ཕྱིན་པ་བདུན་ནམ་བཅུ་ཡོངས་སུ་རྫོགས་པར་བྱེད་པ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་ཆོས་ཀྱི་སྐུ་དང་། གཟུགས་སྐུ་མཚན་དང་དཔེ་བྱད་རྫོགས་པར་བྱེད་པ་དང་། སངས་རྒྱས་ཀྱི་གསུང་ཡན་ལག་ལྔ་དང་ལྡན་པ་ལ་ཡིད་ཆེས་ཤིང་། སེམས་ཅན་རྣམས་ཀྱི་སྐད་དང་མཐུན་པར་ཆོས་སྟོན་པ་དང་། སྒྲུབ་པ་དང་སངས་རྒྱས་རྣམས་ཀྱི་སྐད་ཅིག་ལ་ཐུགས་སུ་ཆུད་པ་ཡིན། དུས་དང་བསྐལ་པའི་གྲངས། མཚན་གཞི་དང་། མཚོན་བྱེད་ཐ་དད་པ་རྣམས་བསླབ་ཅིང་རྟོགས་ནས། མཁས་པར་བྱ་བ་ལ་བསླབ་པར་དོན་དམ་ཀུན་རྫོབ་ཀྱི་མངོན་པར་སྒྲུབ་པའི་ལམ། རྩལ་པའི་ཁྱད་པར་འདི་བཅུས། བྱང་ཆུབ་སེམས་དཔའ་ས་དྲུག་པ་རྣམ་པར་དབྱེ་བར་བྱས་པས་ས་བདུན་པ་ཡོངས་སུ་གནོན་ཏོ། །ལམ་གྱི་ཚོགས་ཀུན་རྫོབ་དང་དོན་དམ་ལ་ཟུང་དུ་འཇུག་པའི་ཁྱད་པར་གྱི་སྣང་བ་འདི་དག་གིས་ས་བདུན་གནོན་ཞེས་བྱ་སྟེ། ས་བདུན་པ་ལ་གནས་པ་དེ་ནི་སེམས་ཅན་གྱི་ཁམས་ཚད་མེད་པ་ལ་འཇུག་གོ། །སངས་རྒྱས་རྣམས་ཀྱིས་སེམས་ཅན་སྨིན་པར་མཛད་

(༥༣༧)པ་དང་། སེམས་ཅན་འདུལ་བའི་ཕྲིན་ལས་ཚད་མེད་པ་ལ་འཇུག་གོ། །སངས་རྒྱས་ཀྱི་རྣམ་པར་དག་པ་ཚད་མེད་པ་ལ་འཇུག་གོ། །ཆོས་ཐ་དད་པའི་སྒྲ་དོན་གྲངས་མེད་པ་ལ་འཇུག་གོ། །ཡེ་ཤེས་ཐོགས་པ་མེད་པ་ཚད་མེད་པ་ལ་འཇུག་གོ། །སངས་རྒྱས་རྣམས་ཀྱིས་དུས་གསུམ་དུ་ཐུགས་སུ་ཆུད་པ་ཚད་མེད་པས་སེམས་ཅན་གྱི་མོས་པ་ཁྱད་པར་ཅན་ཚད་མེད་པ་དང་། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་ཚད་མེད་པས་སྟོན་པ་ལ་སོགས་པ་རྣམས་ལ་འཇུག་གོ། །སངས་རྒྱས་རྣམས་ཀྱི་གསུང་རབ་རྒྱ་མཚོ་ལས། སེམས་ཅན་རྣམས་ཀྱི་དབང་པོ་ཐ་དད་པ་དང་། བསྟུན་ནས། སྒྲ་དང་དོན་བཤད་པ་ལ་འཇུག་གོ། །དུས་གསུམ་གྱི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་རང་ལ་སོགས་པ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ཇི་ལྟ་བ་བཞིན་མཁྱེན་པའི་ཡེ་ཤེས་ལ་ཆགས་ཐོགས་མེད་པར་བསླབ་ཅིང་རྟོགས། ཐམས་ཅད་མཁྱེན་པ་སྟེ་གསུམ་གྱི་སྤྱོད་ཡུལ་ཏེ། བདག་གིས་རྟོགས་ཤིང་མཁས་ནས་ལྷུན་གྱིས་གྲུབ་པར་བྱའོ། །རྡུལ་དང་བྲལ་བའི་ཏིང་ངེ་འཛིན། བདག་མེད་རྣམ་པ་གཉིས་ཀྱི་སྒྲ་དོན་རྟོགས་པར་བྱའོ། །ཞེས་རྟོགས་པའི་ཡེ་ཤེས་དང་། མངོན་པར་ཤེས་པ་དང་ལྡན་ཞིང་། རྟག་ཏུ་རྒྱུན་མི་འཆད་པར་བརྩོན་པ་ནི། དོན་དམ་ཀུན་རྫོབ་ཟུང་དུ་འཇུག་པའི་སྒོམ་པའི་ལམ་གྱི་ཚོགས་རྒྱ་ཆེན་པོ་ཡི་ཡེ་ཤེས་ལས་མི་གཡོ་བའི་ཚུལ་གྱིས་ཡོངས་སུ་གནས་པ་ཡིན། གཡོ་འགུལ་མེད་པའི་བྱང་ཆུབ་ནི་སྐད་ཅིག་ཙམ་ལ་ཡང་གཡེང་བར་མི་བྱེད་དོ། །སྤྱོད་ལམ་ཐམས་ཅད་དུ་འདི་ལྟ་བུའི་ཡེ་ཤེས་ཡིད་ལ་བྱ་བ་དང་མི་འབྲལ་བ་ཡིན། ས་བདུན་པ་ལ་གནས་པ་ནི། སྤྱོད་ལམ་ཐམས་ཅད་དང་། རྨི་ལམ་ལ་སོགས་པར་ཡང་ཡེ་ཤེས་ཡིད་ལ་བྱ་བ་དང་མི་འབྲལ་བ་ཡིན། སེམས་བསྐྱེད་པ་

(༥༣༨)རེ་ལ་ཡང་ཕ་རོལ་དུ་ཕྱིན་པ་བཅུ་དང་། ས་བཅུ་སྒྲུབ་པ་རྒྱུན་ཆད་མེད་པ་ཡིན། སྙིང་རྗེ་སྔོན་དུ་བཏང་བའི་སེམས་བསྐྱེད་པ་རེ་རེ་ལ་ཡང་སངས་རྒྱས་སྒྲུབ་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་དོན་དུ་བསྔོ་བས། སངས་རྒྱས་ཀྱི་ཡེ་ཤེས་ཚུལ་བཞིན་སེམས་ཅན་གྱི་དོན་དུ་བདག་གི་ལུས་ངག་ཡིད་གསུམ་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་ཐམས་ཅད། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས། ཕ་རོལ་ཏུ་ཕྱིན་པ་བཅུ་ཡོངས་སུ་རྫོགས་ཏེ། བསྡུ་དངོས་བཞི་ཡོངས་སུ་རྫོགས་པར་གྱུར་ཅིག །ཅེས་བྱིན་གྱིས་བརླབས་པ་བཅུ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ལ་སོགས་པ་བྱང་ཆུབ་ཀྱི་ཡན་ལག་གི་ཆོས་ཐམས་ཅད་སྐད་ཅིག་ཉིད་ལ་རྫོགས་པར་འགྱུར་རོ། །ས་བདུན་པ་ལ་གནས་པའམ་ཞིག་གིས། སྐད་ཅིག་ཉིད་ལ་རྫོགས་པར་འགྱུར་རམ། འོན་ཏེ་ས་བཅུ་པ་ཐམས་ཅད་ལ་ཡང་། དེ་བཞིན་རྫོགས་པར་འགྱུར་རོ། །སྙམ་ན་བྱང་ཆུབ་ཀྱི་ཡན་ལག་ཐམས་ཅད་ས་བཅུ་པ་ཀུན་ལ་ཡང་། བྱང་ཆུབ་ཀྱི་ཡན་ལག་ཐམས་ཅད་སྐད་ཅིག་གཅིག་ཏུ་རྫོགས་པར་ག་ལ་ཡང་འགྱུར་ཏེ། ས་བདུན་པོ་འདི་ལ་དེ་དག་ལྷག་པར་ཡོངས་སུ་རྫོགས་པར་འགྱུར་རོ། །ས་འདི་ཡོན་ཏན་གྱི་བྱ་བའི་སྤྱོད་པ་རྫོགས་པར་བྱེད་དེ། ཡེ་ཤེས་མངོན་ཤེས་ཀྱི་སྤྱོད་པས་གནོན་ཏེ། ས་དང་པོ་ནི་སྨོན་ལམ་གྱི་ལྷག་པས་དམིགས་ལ། གཉིས་པ་ལ། སེམས་ཀྱི་དྲི་མ་ཐམས་ཅད་བསལ་ཞིང་། གསུམ་པ་ལ་སྨོན་ལམ་གྱིས་འབྲལ་བར་ཆོས་ཀྱི་སྣང་བ་ཐོབ་པས་ས་བཞི་པ་ལ་འཇུག་པའོ། །ལམ་ལ་འཇུག་པའོ། །འཇིག་རྟེན་གྱི་སྤྱོད་པའི་རྗེས་སུ་འབྲངས་པས། ས་ལྔ་པ་གནོན་ནོ། །དྲུག་པ་ལ་ཆོས་ཟབ་མོའི་སྒོར་འཇུག་པས། བྱང་ཆུབ་ཀྱི་ཡན་ལག་རྫོགས་པར་འགྱུར་ཏེ། ས་བདུན་པ་འདི་ནི། ཆོས་ཐམས་ཅད་སྒྲུབ་

(༥༣༩)པས་བྱང་ཆུབ་ཀྱི་ཡན་ལག་རྣམས་འགྲུབ་པར་འགྱུར་རོ། །ས་དང་པོ་ནས་གཟུང་སྟེ། ས་བདུན་པའི་བར་དུ་ས་སྒྲུབ་པའི་ཡེ་ཤེས། སྒྲུབ་པའི་སྦྱོར་བའི་ཡན་ལག་ས་བརྒྱད་པ་ཡན་ཆད་མྱུར་དུ་འགྲུབ་བོ། །ཤིན་དུ་ཀུན་ནས་ཉོན་མོངས་ཤིང་། རྣམ་པར་དག་པའི་འཇིག་རྟེན་གྱི་ཁམས་གཉིས་ཀྱི་བར་ན། སྨོན་ལམ་དང་། དོན་དམ་ཀུན་དང་། མངོན་པར་ཤེས་པའི་སྟོབས་ཆེན་པོ་མ་གཏོགས་པར་ནམ་འདོད་འདོད་རྒལ་བར་མི་ནུས་སོ། །མ་དག་པ་ཁམས་གསུམ། དག་པ་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་སོགས་པའོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སྤྱོད་པ་མ་འདྲེས་པ། ཡོངས་སུ་དག་པའི་བར་ཡང་། སྨོན་པ་དོན་དམ་ཀུན་རྫོབ་མངོན་ཤེས་ཡེ་ཤེས་ཀྱི་སྟོབས་མ་གཏོགས་པ་གང་གིས་ཀྱང་ནམ་འདོད་འདོད་རྒལ་བར་མི་ནུས་སོ། །ས་བདུན་པ་ལ་གནས་པའི་བྱང་ཆུབ་ཀྱི་སྤྱོད་པ། ཉོན་མོངས་པའི་སྤྱོད་པས་ཀུན་ནས་ཉོན་མོངས་པར་ཡིད་ཆེས་པས་བྱ་བ་ཡིན་སྙམ་ན། རྒྱལ་བའི་སྲས་ས་དང་པོ་རབ་ཏུ་དགའ་བ་ཉིད་ཐོབ་ནས་གཟུང་བ་ཡན་ཆད་དུ། བྱང་ཆུབ་ཀྱི་སྤྱོད་པ། དགེ་བའི་རྩ་བ་བསྔོ་བའི་དབང་གིས། ཉོན་མོངས་པའི་རྙོག་པ་དང་བྲལ་བར་འོས་པའི་ཚུལ་གྱིས་ལམ་མཉམ་པ་ཉིད་ཀྱིས་ཡིད་ཆེས་པར་བྱ་སྟེ། དེ་ཙམ་གྱིས་ས་བདུན་པོ་རྣམས་སུ། ཉོན་མོངས་པའི་སྤྱོད་པ་ལས་འདས་པར་ཤེས་ནས་མི་བྱ་ཞིང་བྱེད་པར་མི་འགྱུར་ཏོ། །དཔེར་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་མིའི་ཡུལ་ནས་འདས་ཏེ། ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་དེའི་ཚེ། སྟོང་གི་འཇིག་རྟེན་གྱི་ཁམས་ལས་དབང་བསྒྱུར་ཞིང་། ཚངས་པའི་གཟུགས་བརྙན་སྟོན་ཏེ། དེ་སྐད་ཅིག་མ་

(༥༤༠)དང་པོ་ལ་མ་ཡིན་ཏེ། སྐད་ཅིག་མ་གཉིས་པ་ལ་ཚངས་པ་ཞེས་བརྗོད་དོ། །དེ་བཞིན་དུ་ས་དང་པོ་ཡན་ཆད་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་མིན་ཅིང་། འགྲོ་བ་དྲུག་གི་སྐྱེ་གནས་རྒྱུ་བའི་ཉོན་མོངས་པའི་ཉེས་པ་རྣམས་ཀྱང་ཤེས་ཏེ། ཉོན་མོངས་པའི་དྲི་མ་རྣམས་ཀྱིས་ཡང་དག་པའི་ལམ་དུ་ཞུགས་པ་ལ་གོས་པར་མི་འགྱུར་རོ། །འོན་ཀྱང་དེ་ཙམ་གྱིས་ས་བདུན་པོ་རྣམས་ན་ཉོན་མོངས་པའི་ཉེས་པ་རྣམས་ལས་འདས་ཤིང་མི་བྱ་སྟེ། ནམ་སྦྱོར་བ་ཅན་གྱི་སྤྱོད་པ་ཐམས་ཅད་སྤངས་ཏེ། ས་བདུན་པོ་ནས་ས་བརྒྱད་པ་ཡོངས་སུ་ནོན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཐེག་པ་དག་པ་ལ་ཞེན་ཅིང་། རིགས་དྲུག་གི་སྐྱེ་གནས་སུ་རྒྱུ་བའི་ཚེ། ཉོན་མོངས་པའི་ཉེས་པ་ཐམས་ཅད་ཤེས་ཏེ། འཇིག་རྟེན་གྱི་བྱ་བ་ལས་འདས་པས་ཉེས་པ་དེ་དག་གི་ཉོན་མོངས་པར་འགྱུར་ཞེས་མི་བྱའོ། །ས་བདུན་པ་འདི་ལ་གནས་པ་ནི་ཉོན་མོངས་པ་ཐམས་ཅད་ཀྱང་ཤས་ཆེ་བར་འདས་ཏེ། ས་བདུན་པ་འདི་ལ་ཡོད་པ་ནི། ཉོན་མོངས་པ་ཅན་ཞེས་ཀྱང་མི་བྱའོ། །ཉོན་མོངས་པ་མེད་པ་ཞེས་ཀྱང་མི་བྱའོ། །ཉོན་མོངས་པ་ཐམས་ཅད་རྒྱུ་བ་མེད་པས་ཉོན་མོངས་པ་ཅན་ཞེས་ཀྱང་མི་བྱའོ། །སངས་རྒྱས་ཀྱི་ཡེ་ཤེས་འདོད་ཅིང་། ཚོགས་གཉིས་མཐར་ཐུག་པར་མ་རྫོགས་པས། ཉོན་མོངས་པ་མེད་པ་ཞེས་ཀྱང་མི་བྱའོ། །ས་བདུན་པ་ལ་གནས་པ་ནི་ལྷག་པའི་བསམ་པ་དག་པ་ཡིས། ལུས་ཀྱི་ལས་དག་པ་དང་ལྡན་པ་ཡིན། ངག་དང་ཡིད་ཀྱི་ལས་དག་པ་དང་ལྡན་པ་ཡིན། མི་དགའ་བའི་ལས་དང་ཉོན་མོངས་པའི་ཚོགས་ཐམས་ཅད་ལས་ཡང་དག་པར་འདས་པ་ཡིན། སངས་རྒྱས་ཀྱིས་བསྔགས་པའི་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་རྒྱུན་མི་འཆད་པར་རྫོགས་ཤིང་། ས་

(༥༤༡)ལྔ་པ་ལ། གཟོའི་གནས་ལ་སོགས་པ་རིག་པའི་གནས་ལྔའམ། དེའི་ཡན་ལག་གྲངས་མེད་པ་ལ་སོགས་པ། ཤེས་དང་ཤེས་བྱའི་ཚོགས་རྣམས་ལ་མཁས་ཤིང་། དེའི་སྒྲ་དོན་རྟོགས་པ་ལས། དེ་བས་ཀྱང་ཁྱད་པར་དུ་འཕགས་པ་ཐམས་ཅད་ས་ཡོངས་སུ་རྫོགས་པའི་ཕྱིར་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་སློབ་དཔོན་བྱ་བ་ཡིན་ཏེ། ས་བརྒྱད་པ་ཡན་ཆད་ཀྱི་བྱང་ཆུབ་སེམས་དཔའ་མ་རྟོགས་པར། ས་དེའི་ཡོན་ཏན་ཏིང་ངེ་འཛིན་གྱི་ཚོགས་རྣམས་ལ་གང་གིས་ཀྱང་མཉམ་པར་མི་ནུས་སོ། །འདིར་ཡང་ས་བདུན་པ་ལ་གནས་པའི་བསམ་གཏན་དང་། ཏིང་ངེ་འཛིན་སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་དང་། རྣམ་པར་ཐར་པའི་ཚོགས་བསྒོམ་ཞིང་སྒྲུབ་པའི་གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་རྣམས་མངོན་དུ་འགྱུར་ཏེ། འོན་ཀྱང་ད་དུང་ས་བརྒྱད་པ་ལ་ཅི་ལྟ་བ་བཞིན་དུ་ནི་རྣམ་པར་སྨིན་པ་ཡོངས་སུ་རྫོགས་པ་མ་ཡིན་ནོ། །ས་བདུན་པ་འདི་ལ་གནས་པ་ནི་དོན་དམ་དང་ཀུན་རྫོབ་ཟུང་དུ་འཇུག་ཅིང་། སྒོམ་དུ་མེད་པའི་སྟོབས་རྫོགས་པར་འགྱུར་ཏེ། མངོན་པ་ལས་ཀྱང་། བྱང་ཆུབ་ཀྱི་ཡན་ལག་ཐམས་ཅད་རྫོགས་ཤིང་ཐོབ་བོ། ས་བདུན་པ་ལ་གནས་པའི་ཚེ། ཏིང་ངེ་འཛིན་རྣམ་པར་དབྱེ་བ། ཤིན་ཏུ་རྣམ་པར་ཕྱེ་བ་ཞེས་བྱ་བ་ལ་མཉམ་པར་འཇོག་སྟེ། ཏིང་ངེ་འཛིན་གྱི་སྒོ་མང་པོ་ལ་སྙོམས་པར་འཇུག་ཅིང་། ཆོས་ཀྱི་དབྱིངས་སུ་སྦྱངས་པ་ཞེས་བྱ་བ་དང་། ཡེ་ཤེས་ཆེན་པོའི་སྒོའི་ཏིང་ངེ་འཛིན་ཡོངས་སུ་སྦྱོང་བ་ལ་སོགས་པ་མཐར་ཕྱིན་ཏེ། ཉན་ཐོས་ཀྱི་ས་ལས་འདས་པ་ཡིན། དོན་དམ་ཀུན་རྫོབ་ཟུང་དུ་འཇུག་པ་ཡིས་ས་མངོན་དུ་གྱུར་པ་ཡིན། ལུས་ངག་ཡིད་གསུམ་ལས་ཚད་མེད་པ་

(༥༤༢)མཚན་ཉིད་མེད་པའི་དོན་རྟོགས་པར་འགྱུར་རོ། །ས་བདུན་པ་འདི་ལ་གནས་པའི་ཚེ་རང་གི་བློ་ཡི་སྤྱོད་ཡུལ་རྣམ་པར་སྤྱོད་པ་ལ་དབང་ཐོབ་པས། ཉན་ཐོས་དང་རང་སངས་རྒྱས་སུ་མི་ལྡོག་པ་ཡིན། གོང་ནས་གོང་དུ་ནར་སོན་པའི་ཚེ། ཟུང་འཇུག་གི་སྟོབས་ཆེན་པོ་རྫོགས་པས་ཕ་རོལ་ཏུ་ཕྱིན་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་ཕྱིར་ན། བྱང་ཆུབ་སེམས་དཔའ་ཁམས་གསུམ་དུ་སྐྱེ་ཡང་སྨོན་ལམ་གྱི་དབང་གིས་མངོན་པར་སྒྲུབ་པ་ལས་འཇིག་རྟེན་གྱི་ཉེས་པས་མི་གོས་པ་ཡིན། ཞི་ཞིང་རབ་ཏུ་ཞི་བ་ཡིན་ལ། སངས་རྒྱས་ཀྱི་ཡེ་ཤེས་ལ་འཇུག་ཅིང་། སངས་རྒྱས་ཀྱི་ཞིང་གི་མཐིལ་དུ་ཡང་ཕྱིན་ལ། བདུད་ཀྱི་ཡུལ་ན་འདུག་པ་ཡང་གནས་པ་ཡིན། བདུད་ཀྱི་ལས་བཞི་ལས་འདས་ཤིང་། བདུད་ཀྱི་ཡུལ་དང་སྤྱོད་ཡུལ་ཡང་སྟོན་པ་ཡིན། བྱང་ཆུབ་སེམས་དཔའ་མུ་སྟེགས་ཅན་གྱི་གནས་སྐབས་ན་ཡང་འདུག་པར་གནང་ལ། སངས་རྒྱས་ཀྱིས་མུ་སྟེགས་ཀྱི་གནས་ཀྱི་བསམ་པ་ཡང་མི་གཏོང་བ་ཡིན། འཇིག་རྟེན་གྱི་བྱ་བ་ཐམས་ཅད་དང་ལྡན་པར་གནས་ལ། འཇིག་རྟེན་ལས་འདས་པའི་ཚུལ་ལ་གནས་པ་ཡིན་ཏེ། འཇིག་རྟེན་ཆེན་པོ་རྣམས་ལས་ཁྱད་པར་དུ་འཕགས་ཤིང་། ལོངས་སྤྱོད་རྒྱ་ཆེན་པོ་དང་ལྡན་ན་ཡང་། འཇིག་རྟེན་གྱི་དྲི་མས་མི་གོས་པ་ཡིན། ས་རིང་དུ་སོང་བ་འདི་ལ་གནས་པའི་ཚེ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་མཐོང་བར་འགྱུར་རོ། །སངས་རྒྱས་སྲས་དང་བཅས་པ་རྣམས་ལ་མཆོད་པ་དང་བསྙེན་བཀུར་རྒྱུན་མི་འཆད་པར་བྱེད་དོ། །དགེ་བའི་རྩ་བ་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོའོ། །དེ་སྔོན་པས་ཀྱང་སེམས་ཅན་ལ་ཕན་འདོགས་པའི་ཆོས་ཀྱི་བཟོད་པ་ཐོབ་པ་ཡིན། ས་བདུན་

(༥༤༣)པ་རིང་དུ་སོང་བ་འདི་ལ་གནས་པའི་དགེ་བའི་རྩ་བ་དེ་དག་གོང་ནས་གོང་དུ་རྫོགས་པར་འགྱུར་བ་ཡིན། ཀུན་ནས་ཉོན་མོངས་ཤིང་མི་དགེ་བའི་ཚོགས་རྣམས་ཡོངས་སུ་བྱང་བ་ཡིན། བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་དང་རང་སངས་རྒྱས་ལ་ཁྱད་པར་དུ་འཕགས་ཤིང་། གོང་ནས་གོང་དུ་རྫོགས་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བརྟེན་པའི་བར་དུ་གོང་དུ་བསྟན་པ་ཐམས་ཅད་གོང་དུ་རྫོགས་པ་ཡིན་སྙམ་སྟེ། དཀོན་མཆོག་གསུམ་ཡིད་ལ་བྱ་བ་དང་། བྱང་ཆུབ་དང་བྱང་ཆུབ་ཀྱི་སྤྱོད་པ་ཡིད་ལ་བྱ་བ་དང་། ས་དང་ཕ་རོལ་དུ་ཕྱིན་པ་ཡིད་ལ་བྱ་བ་དང་། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཡིད་ལ་བྱེད་ཅིང་ཟུང་འཇུག་ཆེན་པོས་ས་ལམ་བསྒྲོད་དོ། །སྐད་ཅིག་ལ་ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་། ཐོབ་ཅིང་སྙོམས་པར་འཇུག་གོ། །འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་། སྣང་བར་བྱ་བ་དང་། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྨིན་པར་བྱ་བ་དང་། དུས་གསུམ་གྱི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལ་འཇུག་པ་དང་། ཆོས་ཀྱི་སྒོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་འབྱེད་པ་དང་། ལུས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་བསྟན་པ་དང་། ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོས་བསྐོར་བར་བསྟན་པའི་བརྩོན་འགྲུས་བརྩོམ་མོ། །དེ་ཡན་ཆད་སྨོན་ལམ་གྱི་མཐུ་དང་། སྟོབས་ཀྱི་ཁྱད་པར་གྱིས་རྣམ་པར་འཕྲུལ་ཏེ། དེ་དག་གི་ཡོན་ཏན་གྱི་ཚོགས་དང་། ཕྲིན་ལས་ཀྱི་ཚོགས་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོར་ཡང་བརྗོད་པར་དཀའ་འོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་ནས། རིང་པོ་མ་ལོན་ཞིང་ལྷུན་གྱིས་

(༥༤༤)གྲུབ་པའི་དགའ་ལྡན་གྱི་ཕོ་བྲང་ན་བཞུགས་པའི་དུས་སུ། རྫུ་འཕྲུལ་དང་ཆོ་འཕྲུལ་རྣམ་པར་འཕྲུལ་པ་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་བྱིན་གྱིས་བརླབས་པའི་བཀའ་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ས་བདུན་པ་རིང་དུ་སོང་བའི་བར་སྐབས་བསྟན་པའོ།། །།ས་བདུན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཚོགས་ཐམས་ཅད་གོང་ནས་གོང་དུ་རྫོགས་ཤིང་ས་བརྒྱད་པ་ནོན་ཞིང་། ས་ནས་སར་འཕར་བའོ། །ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཇུག་པའི་སྒོ་དང་། སྒོམ་པ་སྤྱོད་པ་ཡོན་ཏན་དྲོད་ཚད། དོན་དམ་ཀུན་རྫོབ་ཀྱིས་ཟུང་དུ་འཇུག་ཅིང་ལམ་སྦྱངས་པ་དང་འབྲས་བུའི་བྱེ་བྲག་རྣམས་ལ་སོགས་པ་འདི་ལྟར་དུ་ཤེས་པར་བྱའོ། །བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་ཀྱིས་མངོན་པར་འཕགས་པ། སྙིང་རྗེ་དང་སྙིང་བརྩེ་བ་ཆེན་པོས་སེམས་ཅན་རྣམས་མི་གཏོགས་བའི་སྦྱོར་བ་དང་ལྡན་པ། ཡེ་ཤེས་ཀྱི་ལམ་ཚད་མེད་པའི་རྗེས་སུ་སོང་བ། ཆོས་ཐམས་ཅད་ཐོག་མ་ནས་མ་བྱུང་བ་ཉིད་ལ་རྟོགས་ཤིང་འཇུག་གོ། །རྣམ་པ་ཐམས་ཅད་དུ་སེམས་དང་། ཡིད་དང་། རྣམ་པར་ཤེས་པའི་རྣམ་པར་རྟོག་པ་ལ་འདུ་ཤེས་དང་བྲལ་ཞིང་། ཆགས་ཐོགས་མེད་པ་ལ་ནམ་མཁའི་རང་བཞིན་ཁོང་དུ་ཆུད་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅེས་བྱའོ། །དེ་ལྟ་བུའི་བཟོད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་ས་བརྒྱད་པ་མི་གཡོ་བ་ཐོབ་མ་ཐག་ཏུ་གནད་ཟབ་མོ་ཤེས་པ་དཀའ་བ། ཐ་མི་དད་པ་མཚན་མར་འཛིན་པ་ཐམས་ཅད་དང་བྲལ། འདུ་ཤེས་ཀྱི་བགེགས་ལས་ཕྱིར་ལོག་པ། ཚད་མེད་པ། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་

(༥༤༥)མི་འཕྲོགས་ཤིང་། དབེན་པ་མངོན་དུ་གྱུར་པ་ས་བརྒྱད་པ་མི་གཡོ་བ་འདི་ཐོབ་མ་ཐག་ཏུ། བྱ་རྩོལ་དང་བྲལ་ཞིང་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཐོབ་ཅིང་། ལུས་ངག་ཡིད་གསུམ་གྱི་རྩོལ་བ་མེད་དེ། བདག་མེད་རྣམ་པ་གཉིས་ཀྱི་དོན་རྟོགས་པས། རྩོལ་སྒྲུབ་མེད་པའི་དབེན་པ་ན་བཞུགས་སོ། །ཉོན་མོངས་པའི་ཆུ་ཀླུང་ཆེན་པོ་བཞིས་སེམས་ཅན་རྣམས་ཁྱེར་བར་ཤེས་ནས། དེ་རྣམས་འདོན་པའི་དོན་དུ་བརྩོན་འགྲུས་ཆེན་པོ་བརྩོམ་མོ། །མི་གཡོ་བའི་ས་ཐོབ་མ་ཐག་ཏུ་རྩོལ་སྒྲུབ་མེད་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེན་པོས་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་ལོ། །རྡུལ་དང་བྲལ་བ་མཉམ་པ་ཉིད་ཀྱི་དོན་རྟོགས་ཀྱང་རྒྱལ་བ་སྲས་དང་བཅས་པ་རྣམས་ཐ་དད་མེད་ཅིང་མཉེས་པ་དང་། མཆོད་པ་རྒྱ་ཆེན་པོ་འབུལ་ཞིང་གར་ཡང་ཆགས་ཐོགས་མེད་པར། འཕགས་པ་མཆོད་ཅིང་སེམས་ཅན་སྦྱིན་ལ་བརྩོན་ནོ། །མི་གཡོ་བའི་ས་ལ་གནས་པའི་བྱང་ཆུབ་ནི་སྔོན་གྱི་སྨོན་ལམ་གྱི་སྟོབས་དང་། རང་བཞིན་ཤུགས་ལ་གནས་པའི་སྒྲ་དོན་རྟོགས་པའི་ཕྱིར་ན། ཆོས་ཀྱི་སྒོའི་རྒྱུད་མི་འབྱེད་པ་སྟེ། དེ་ལ་སངས་རྒྱས་རྣམས་ཀྱིས་ཀྱང་ཡེ་ཤེས་སྒྲུབ་ཅིང་བྱིན་གྱིས་བརློབ་སོ། །སངས་རྒྱས་ཀྱི་ཆོས་རྗེས་སུ་རྟོགས་པར་བྱ་བ་ཡང་། དོན་དམ་པའི་ཆོས་ལ་བཟོད་པ་ཡིན། འོན་ཀྱང་སངས་རྒྱས་རྣམས་ཀྱིས་ལུང་སྟོན་སྟེ། ངེད་ཀྱི་སྟོབས་བཅུ་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་དེ་ཁྱོད་ལ་མེད་ཀྱིས། སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་བཙལ་བའི་ཕྱིར། བརྩོན་འགྲུས་བརྩོམས་ཤིག །བཟོད་པའི་སྒོར་ཡང་མ་བཏང་ཅིག །ཁྱོད་ཀྱིས་དེ་ལྟར་ཞི་བའི་རྣམ་

(༥༤༦)པར་ཐར་པ་ཐོབ་ཀྱང་། བྱིས་པ་སོ་སོ་སྐྱེ་བོ་འདི་ཞི་བ་མ་ཡིན། རབ་ཏུ་ཞི་བ་མ་ཡིན་ཏེ། དེ་ལྟར་རྣམ་པར་རྟོག་པ་སྣ་ཚོགས་ཀྱིས་མནར་བ་ལ་སེམས་ཤིག་ལྟོས་ཤིག །སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སེམས་ཅན་གྱི་དོན་བྱ་བ་ལ་སྨོན་ལམ་རྒྱུན་ཆད་མེད་པར་ཐོབ་ཅིག །ཡེ་ཤེས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་དྲན་པར་གྱིས་ཤིག །ཆོས་རྣམས་ཀྱི་ཆོས་ཉིད་འདི་ཡིན་ཏེ། ཆོས་ཀྱི་དབྱིངས་དང་ཆོས་ཀྱི་གནས་ཉིད་རྟོགས་ན་དེ་བཞིན་གཤེགས་པ་དང་། ཉན་རང་གི་ཚོགས་རྣམས་ཀྱང་ཆོས་ཉིད་འདིས་རྟོགས་ཤིང་ཐོབ་པར་འགྱུར་རོ། །ངེད་སངས་རྒྱས་རྣམས་ཀྱི་སྐུ་ཚད་མེད་པ་དང་། ཡེ་ཤེས་ཚད་མེད། སངས་རྒྱས་ཀྱི་ཞིང་ཚད་མེད་ཡེ་ཤེས་སྒྲུབ་པ་ཚད་མེད། འོད་ཚད་མེད། དབྱངས་ཀྱི་ཡན་ལག་ཚད་མེད་པ་རྣམས་ལ་ཁྱོད་ཀྱིས་ལྟོས་ཤིག །ས་དགུ་པ་ལ་གནས་པས་ཀྱང་དེ་བཞིན་དུ་སྒྲུབ་པར་བྱ་དགོས་སོ། །ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པ་དེ་ནི་ཁྱེད་ཀྱིས་རྟོགས་པ་ཡིན་ཏེ། སངས་རྒྱས་རྣམས་ཀྱི་ཆོས་གནང་བ་ནི་ཁྱོད་ཀྱི་འདི་དང་མི་འདྲ་སྟེ། མཐའ་ཡས་པར་རྟོགས་ཤིང་ལྷུན་གྱིས་གྲུབ་པ་སྟེ། ཁྱོད་ཀྱིས་ཀྱང་ནི་མྱུར་དུ་རྟོགས་པར་བྱ་བའི་ཕྱིར། རྩོལ་སྒྲུབ་མེད་པར་བསྒྲུབས་ཤིག །ཕྱོགས་བཅུའི་ཞིང་ཚད་མེད་ཅིང་། སེམས་ཅན་ཚད་མེད་པ་ལ་ཆོས་རྣམ་པར་ཕྱེ་ཞིང་བསྲུང་བ་ལྟོས། ཁྱོད་ཀྱིས་ཡང་ཆོས་རྣམས་མ་ནོར་བར་བགྲང་ཞིང་ཤེས་པར་གྱིས་ཤིག །ཡེ་ཤེས་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་རྣམས་ཀྱིས་ཡེ་ཤེས་རྣམ་པར་ཕྱེ་བའི་ཚུལ་དུ་སྒྲིབ་པ་མེད་ཅིང་རྫོགས་པར་བྱེད་དོ། །དེའི་ཕྱིར་ན་སངས་རྒྱས་རྣམས་ཀྱིས་ཡེ་ཤེས་མངོན་པར་

(༥༤༧)སྒྲུབ་ན་ཞི་བའི་མཐའ་ལས་བརྒལ་བར་མི་འགྱུར་ཏེ། ཉན་རང་ཞི་བར་ལྟུང་བའི་ཕྱིར་ན། ཐམས་ཅད་མཁྱེན་པར་སངས་རྒྱས་པར་མི་འགྱུར། ཐོག་མར་སེམས་བསྐྱེད་ཚུན་ཆད་སངས་རྒྱས་ཀྱི་ས་ལ་གནས་ཀྱི་བར་དུ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟུང་འཇུག་ཆེན་པོའི་སྟོབས་ཀྱིས་ཐབས་མཁས་པའི་ཡེ་ཤེས་ཀྱིས་ལྷུན་གྱིས་གྲུབ་པ་ལ་བཞུགས་ཤིང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སྤྱོད་ཅིང་འཇིག་རྟེན་གྱི་ཁམས་འཇིག་པ་དང་ཆགས་པ་དང་སྟོངས་པ་ཡང་རབ་དུ་ཤེས་སོ། །འབྱུང་བ་ལྔའི་ཁམས་ཀྱི་བྱེ་བྲག་སྣ་ཚོགས་དང་། ཞིང་གི་རྡུལ་སྙེད་ཕྲ་ཞིང་ཕྲ་བ་རྣམས་ཀྱང་ཤེས་སོ། །ཁམས་གསུམ་འགྲོ་བ་རིགས་དྲུག་གིས་བསྡུས་པའི་སྐྱེ་གནས་བཞི་དང་། རྒ་ན་འཆི་བའི་ཆུ་བོ་བ་དང་། འཆི་འཕོ་ལྟུང་བྱེད་དང་། རིགས་དྲུག་པོའི་ལམ་གྲངས་ཀྱི་བྱེ་བྲག་རྣམས་ཀྱང་ཤེས་སོ། །སེམས་ཅན་རྣམས་ཀྱི་ལུས་དབྱེ་བ་ལ་མཁས་ཤིང་སེམས་ཅན་སྨིན་པར་བྱ་བའི་ཕྱིར་སེམས་ཅན་རྣམས་ཀྱི་ལུས་དང་མཐུན་པར་རང་གི་ལུས་ཀྱང་དེ་ལྟ་བུར་བྱིན་གྱིས་རློབ་ཅིང་། སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བར་བྱ་ཞིང་། སེམས་ཅན་གྱི་མོས་པ་ཅི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་ལས་ཀྱང་གྲངས་མེད་པར་སྤྲུལ་ཞིང་གང་བར་བྱས་ནས་སངས་རྒྱས་ཀྱི་ཞིང་མཐའ་ཡས་པར། སྐད་ཅིག་ཙམ་གྱིས་ཕྱིན་པར་བྱ་ཞིང་ནུས་པ་དང་། སངས་རྒྱས་ཀྱི་ཞིང་ཁམས་ཅི་འདྲ་བ་དེ་འདྲ་བར་རང་གི་ལུས་སྟོན་ཏེ། དགེ་སྦྱོང་བྲམ་ཟེ། ཁྱིམ་བདག་

(༥༤༨)རྒྱལ་རིགས། རྗེ་རིགས་རྒྱལ་པོའི་གཟུགས་དང་། ལྷ་རིགས་གསུམ་བཅུ་རྩ་བདུན་གྱིས་འདུལ་བ་ལ་ལྷའི་ལུས་སྣ་ཚོགས་སུ་སྟོན་པ་དང་། ཉན་རང་བྱང་ཆུབ་སེམས་དཔའ། སངས་རྒྱས་ཀྱིས་འདུལ་བ་རྣམས་ལ་རྒྱལ་བ་སྲས་དང་བཅས་པའི་སྐུ་གཟུགས་སུ་སྟོན་པ་དང་། ཆོས་ཀྱི་དབྱིངས་དང་མཉམ་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་རྣམ་པར་འཕྲུལ་པ་ཇི་ལྟར་ཡོད་པ་བཞིན་དུ་རང་གིས་ཀྱང་ལུས་ཀྱི་རྣམ་པར་འཕྲུལ་པ་དེ་ལྟ་བུར་སྤྲུལ་ནས་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་བསྙེན་བཀུར་དང་མཆོད་པ་རྒྱུན་ཆད་མེད་པར་བྱེད་ཅིང་། སངས་རྒྱས་རྣམས་ལ་གསོལ་བ་གདབ་པ་ལ་དབང་ཐོབ་པ་དང་། སངས་རྒྱས་རྣམས་ཀྱིས་ཆོས་གསུངས་པ་ཉམས་རིང་ཡང་རུང་སྟེ། ཐོས་ཤིང་ཆོས་ལ་དབང་ཐོབ་པ། ལུས་ཀྱི་ཡེ་ཤེས་དེ་ལྟ་བུ་ལ་དབང་ཐོབ་པས་བསྐལ་པ་གྲངས་མེད་པར་ཚེ་ལ་དབང་ཐོབ་བོ། །ཏིང་ངེ་འཛིན་རྟོགས་པའི་ཡེ་ཤེས་མཐའ་ཡས་པ་ལ་འཇུག་པའི་ཕྱིར་སེམས་ལ་དབང་ཐོབ་བོ། །འཇིག་རྟེན་གྱི་ཁམས་མཐའ་ཡས་གྲངས་མེད་པར་ལྷ་རྣམས་ནི་ལོངས་སྤྱོད་ཀྱིས་གང་ཞིང་སྤྲུལ་ནུས་པའི་ཕྱིར་ན་ཡོ་བྱད་ལ་དབང་ཐོབ་བོ། །ལས་ཀྱི་རྣམ་པར་སྨིན་པའི་བྱིན་རླབས་མངོན་པར་ལས་སྣ་ཚོགས་བསྟན་ནུས་པའི་ཕྱིར་ན། ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་དབང་ཐོབ་པ། བསམས་བཞིན་དུ་སྲིད་པ་ཉེ་བར་བླངས་ནས། སེམས་ཅན་རྣམས་ཀྱི་དོན་དུ་ཆགས་ཐོགས་མེད་པར་སྐྱེ་བའི་ཕྱིར་ན་སྐྱེ་བ་ལ་དབང་ཐོབ་བོ། །སངས་རྒྱས་ཤིང་གང་དང་གང་དུ་ཅི་དང་ཅི་ལྟར་དགའ་བ་དང་། ཅི་ལྟར་འདོད་པ་བཞིན་དུ་སངས་རྒྱས་པར་བསྟན་པའི་ཕྱིར་ན། སྨོན་ལམ་ལ་དབང་ཐོབ་བོ། འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱིས་

(༥༤༩)གང་བར་བསྟན་པའི་ཕྱིར་ན་མོས་པ་ལ་དབང་ཐོབ་བོ། །སངས་རྒྱས་ཀྱི་ཞིང་རྣམས་སུ་རྫུ་འཕྲུལ་ཆོ་འཕྲུལ་བསྟན་པའི་ཕྱིར་རྫུ་འཕྲུལ་ལ་དབང་ཐོབ་བོ། །སྟོབས་དང་མི་འཇིགས་པ་དང་། མ་འདྲེས་པའི་ཆོས་དང་། མཚན་དང་། དཔེ་བྱད་རྫོགས་པར་བསྟན་པའི་ཕྱིར་ཡེ་ཤེས་ལ་དབང་ཐོབ་བོ། །མཐའ་དབུས་མེད་པའི་ཆོས་སྐུ་བསྟན་པའི་ཕྱིར་ཆོས་ལ་དབང་ཐོབ་བོ། །ས་བརྒྱད་པ་ཡིས་དབང་བཅུ་པོ་འདི་དག་ཐོབ་མ་ཐག་ཏུ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དང་ལྡན་པ་ཡིས། ཚད་མེད་པའི་ཡེ་ཤེས། ཡངས་པའི་ཡེ་ཤེས་མི་འཕྲོགས་པའི་ཡེ་ཤེས་ལ་སོགས་ཏེ། རྨོངས་པ་མེད་པའི་ཡེ་ཤེས་དང་ལྡན་པས་ལུས་ངག་ཡིད་གསུམ་གྱི་ཁ་ན་མ་མཐོབ་མེད་ཅིང་། དུས་གསུམ་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །ཤེས་རབ་ཕ་རོལ་ཕྱིན་པར་དབང་བསྒྱུར་བས་སྙིང་རྗེ་སྔོན་དུ་འགྲོ་བ་ཡིས་ཐབས་མཁས་པའི་སྨོན་ལམ་གྱི་སྟོབས་བསྡུས་པའོ། །སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པས་སེམས་ཅན་གྱི་དོན་རྒྱུན་ཆད་མེད་པ་འབྱུང་ངོ་། །ས་མི་གཡོ་བ་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་ལུས་ངག་ཡིད་གསུམ་གྱིས་སངས་རྒྱས་ཀྱི་ཆོས་བསྡུས་པའི་ཕྱིར་སངས་རྒྱས་ཀྱི་ཞིང་རྣམས་དང་། སེམས་ཅན་གྱི་ཁམས་རྣམས་སུ་རྒྱུ་ཞིང་འབྱུང་ངོ་། །མི་གཡོ་བའི་ས་ཐོབ་པས་ཉོན་མོངས་པའི་ཚོགས་དང་བྲལ་ཞིང་། སྟོང་པ་སྙིང་རྗེ་དབྱེར་མེད་བརྟན་པ་ཡིན། ལམ་མི་འབྲལ་བའི་ཕྱིར་ལྷག་པའི་བསམ་པ་བརྟན་པ་ཡིན། སེམས་ཅན་མི་གཏོང་བའི་ཕྱིར་སྙིང་རྗེའི་སྟོབས་བརྟན་པ་ཡིན། འགྲོ་བ་སྐྱོབ་པའི་ཕྱིར་བྱམས་པའི་སྟོབས་བརྟན་པ་ཡིན། ཉམས་པ་མེད་པའི་ཆོས་ཉིད་རྟོགས་པའི་ཕྱིར་གཟུགས་ཀྱི་སྟོབས་

(༥༥༠)བསྟན་པ་ཡིན། སངས་རྒྱས་རྣམས་ཀྱི་ཆོས་སོ་སོར་འབྱེད་པའི་ཕྱིར་སྤོབས་པའི་སྟོབས་བརྟན་པ་ཡིན། འཇིག་རྟེན་གྱི་ཁམས་མཐའ་ཡས་པར་སྒྲིབས་པ་མེད་པའི་ཕྱིར་ན་མངོན་པར་ཤེས་པ་བརྟན་པ་ཡིན། བྱང་ཆུབ་ཀྱི་བྱ་བ་མི་གཏོང་བའི་ཕྱིར་ན་སྨོན་ལམ་བརྟན་པ་ཡིན། སངས་རྒྱས་ཀྱི་ཆོས་སྒྲུབ་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་སྟོབས་བརྟན་པ་ཡིན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མཁས་པས་སངས་རྒྱས་ཀྱི་བྱིན་རླབས་བརྟན་པ་ཡིན་ཏེ། དེ་ལྟ་བུའི་སྟོབས་དང་ལྡན་པས་སེམས་ཅན་གྱི་བྱ་བ་སྣ་ཚོགས་སྟོན་ཞིང་། བྱ་བ་གང་དང་གང་སྒྲུབ་ན་ཡང་ཁ་ན་མ་ཐོ་བ་མེད་པ་ཡིན། ཡེ་ཤེས་ཀྱི་ས་བརྒྱད་པ་སྟེ་འོག་མ་རྣམས་ཀྱིས་མི་འཕྲོགས་པའི་ཕྱིར་ན། མི་གཡོ་བ་ཞེས་བྱའོ། །ཡེ་ཤེས་མི་ལྡོག་པའི་ཕྱིར་ན་མི་འགྱུར་བ་ཞེས་བྱའོ། །འགྲོ་བ་རྣམས་དང་ཐེག་པ་འོག་མ་རྣམས་ཀྱིས་ཤེས་པར་དཀའ་བའི་ཕྱིར་ན་ཐོབ་པར་དཀའ་བ་ཞེས་བྱའོ། །ཁ་ན་མ་མཐོ་བ་མེད་པའི་ཕྱིར་གཞོན་ནུའི་ས་ཞེས་བྱའོ། །བསམ་པ་ཅི་ལྟ་བ་བཞིན་དུ་དབང་བསྒྱུར་བས་སྐྱེ་བའི་ས་ཤེས་བྱའོ། །གཞི་ལམ་འབྲས་བུ་མ་རྫོགས་པ་མེད་པས་རྫོགས་པའི་ས་ཞེས་བྱའོ། །ཡེ་ཤེས་ཀྱི་དབྱེ་བས་བྱས་པ་རྟོགས་པའི་ས་ཞེས་བྱའོ། །སྨོན་ལམ་སྒྲུབ་པས་མངོན་པར་མྱ་ངན་ལས་འདས་པའི་ས་ཞེས་བྱའོ། །གཞན་གྱིས་འཁྲུག་པར་མི་ནུས་པས་བྱིན་རླབས་ཀྱི་ས་ཞེས་བྱའོ། །སྔོན་གྱི་མཐར་སྒྲུབ་པས་ལྷུན་གྲུབ་ཀྱི་ས་ཞེས་བྱའོ། །དེ་ལྟ་བུའི་ཡེ་ཤེས་སྒྲུབ་པས་སངས་རྒྱས་ཀྱི་རིགས་རྗེས་སུ་སོང་ཞིང་སངས་རྒྱས་ཀྱི་ཡུལ་མངོན་དུ་གྱུར་པ་འདི་ནི་རྒྱུན་མི་འཆད་

(༥༥༡)པར་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་ཡིན། འཇིག་རྟེན་གསུམ་གྱི་མགོན་པོ་རྣམས་ཀྱིས་གསུང་ཞིང་བསྙེན་བསྐུར་བྱེད་པ་ཡིན། ཕྱག་ན་རྡོ་རྗེས་རྟག་ཏུ་རྗེས་སུ་འབྲང་བ་ཡིན། ཏིང་ངེ་འཛིན་གྱི་སྟོབས་ཡོངས་སུ་མ་བཏང་བས་ལུས་ཀྱི་རྣམ་འཕྲུལ་མཐའ་ཡས་པ་སྒྲུབ་པ་ཡིན། མངོན་པར་ཤེས་པ་ཏིང་ངེ་འཛིན་མཐའ་ཡས་པ་ལས་དབང་བསྒྱུར་བ་ཡིན། སངས་རྒྱས་རྣམས་ཀྱི་ལུང་བསྟན་དཔག་མེད་ཐོབ་པ་ཡིན། སེམས་ཅན་སྨིན་པའི་ཕྱིར་སངས་རྒྱས་ཚུལ་སྟོན་པ་ཡིན་ཏེ། དེ་ལྟ་བུའི་ས་དང་། ཐེག་པ་ཆེན་པོའི་དཀྱིལ་འཁོར་དུ་ཞུགས་པ་རྣམ་པར་སྤྱད་པའི་ཡེ་ཤེས་ཡོང་བར་ཤེས་པ། རྟག་ཏུ་རྒྱུན་མི་འཆད་པར་ཤེས་རབ་སྣང་བའི་འོད་ཟེར། ཆོས་ཀྱི་དབྱིངས་ཐེག་པའི་ལམ་དུ་ཞུགས་པ། སེམས་ཅན་རྣམས་ཀྱི་ལམ་རྣམ་པར་དབྱེ་བ་ལ་མཁས་པ། སངས་རྒྱས་ཀྱི་སྤྱོད་ཡུལ་གྱི་རྗེས་སུ་ཞུགས་པ་ནི་ཕྱིར་མི་ལྡོག་པའི་ཚུལ་གྱིས་མི་གཡོ་བའི་ས་ཐོབ་པ་ཡིན་ཞེས་བྱའོ། །མི་གཡོ་བ་ཐོབ་པའི་བྱང་ཆུབ་ནི། ཏིང་ངེ་འཛིན་གྲངས་མཐའ་མེད་པ་ལ་སྙོམས་པར་འཇུག་ཅིང་། དེ་བཞིན་གཤེགས་པ་མཐའ་ཡས་པ་མཐོང་ཞིང་མི་འབྲལ་ལོ། །སངས་རྒྱས་མཐའ་ཡས་གྲངས་མེད་ལ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་བསྙེན་བཀུར་མཆོད་པ་དཔག་མེད་འབུལ་ལོ། །འཇིག་རྟེན་གྱི་ཁམས་རྣམ་པར་དབྱེ་བ་སྔོན་དུ་འགྲོ་བའི་ཆོས་ཀྱི་སྒོ་མཐའ་ཡས་པ་འབྱེད་ཅིང་ཡང་དག་པར་སྒྲུབ་བོ། །རྒྱལ་བའི་སྲས་དེ་སྔོན་པས་ཀྱང་། སངས་རྒྱས་ཀྱི་ཆོས་ཀྱི་མཛོད་ཐོབ་པས་སངས་རྒྱས་ཀྱི་ཞིང་དང་སེམས་ཅན་གྱི་ཁམས་ཐམས་ཅད་དྲིས་ཀྱང་ཆོས་བསྟན་སོ་སོར་འབྱེད་པ་མི་འཕྲོག་པ་ཡིན།

(༥༥༢)བྱང་ཆུབ་ཀྱི་དགེ་བའི་རྩ་བ་ནི། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་སེམས་ཅན་གྱི་དོན་དུ་རྫོགས་པ་ཡིན། མི་གཡོ་བའི་ས་ལ་གནས་པ་ཡིན། དགེ་བའི་རྩ་བ་ནི། ཉན་རང་ས་བདུན་པ་མན་ཆད་ཀྱིས་མི་འཕྲོགས་པ་ཡིན། ས་འདི་ནོན་པ་ནི། ཡེ་ཤེས་ཀྱི་འོད་ཡེ་ཤེས་ཀྱི་སྒོ་ཕྱེ་བས་སེམས་ཅན་རྣམས་ཀྱི་ཉོན་མོངས་བསལ་ཏེ་མི་གཡོ་བ་ལ་གནས་པ་ཡང་། སངས་རྒྱས་སྟོང་ཕྲག་བཅུའི་རྡུལ་སྙེད་ཀྱི་ཞིང་ཁམས་རྒྱས་པར་འགེངས་ཤིང་། སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་གདུང་བ་ཞི་བར་བྱེད་དོ། །ཕ་རོལ་ཏུ་ཕྱིན་པ་བཅུ་ལས་སྨོན་ལམ་གྱི་ཕ་རོལ་དུ་ཕྱིན་པ་ཤས་ཆེར་སྤྱོད་དོ། །ཕར་ཕྱིན་གཞན་ཡང་མི་སྒྲུབ་པ་ནི་མ་ཡིན་ནོ། །མི་གཡོ་བའི་ས་ཞེས་བྱ་སྟེ། ས་བརྒྱད་པ་མདོར་བསྟན་པའོ། །རྒྱས་པར་ནི་བསྐལ་པ་གྲངས་མེད་པར་བསྟན་ཀྱང་མཐར་ཐུག་པར་མི་འགྱུར་རོ། །མི་གཡོ་བའི་ས་ལ་གནས་པ་ནི་ཕལ་ཆེར་སྟོང་གི་བདག་པོ་ཚངས་པ་ཆེན་པོར་གྱུར་ཏེ། གཞན་རྣམས་ཟིལ་གྱིས་གནོན་ཞིང་། དོན་མཐོང་ཞིང་དབང་ཐོབ་པ་སྟེ། སེམས་ཅན་རྣམས་ལ་ཉན་རང་བྱང་ཆུབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ལ་མཁས་ཤིང་མཐུ་ཡོད་པ་ཡིན། རྩོལ་བ་མེད་པར་བསྡུ་དངོས་རྣམ་བཞི་ཡིས་འགྲོ་དོན་བྱེད་ཅིང་། སེམས་ཅན་རྣམས་ཀྱི་མཆོག་བླ་ན་མེད་པར་འགྱུར་ཏེ། དཀོན་མཆོག་གསུམ་དང་། བྱང་ཆུབ་སེམས་དཔའ་དང་། ཕ་རོལ་ཏུ་ཕྱིན། སྟོབས། མི་འཇིགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཡིད་ལ་བྱེད་པ་ཐམས་ཅད་རྫོགས་པ་ཡིན་ཏེ། སྐད་ཅིག་ཙམ་གྱིས་ཏིང་ངེ་འཛིན་སྟོང་གསུམ་བརྒྱ་ཕྲག་བཅུའི་

(༥༥༣)རྡུལ་ཕྲ་བ་སྙེད་ཐོབ་ཅིང་སྙོམས་པར་འཇུག་པ་དང་། སངས་རྒྱས་སྟོང་གསུམ་བརྒྱ་ཕྲག་བཅུའི་རྡུལ་སྙེད་མཐོང་བ་དང་། སངས་རྒྱས་ཀྱི་བྱིན་རླབས་མཐའ་ཡས་ཤེས་པ་དང་། སྟོང་གསུམ་བརྒྱ་ཕྲག་བཅུའི་རྡུལ་རྙེད་གཡོ་འགུལ་ནུས་པ་དང་། ཞིང་ཁམས་སྟོང་གསུམ་བརྒྱ་སྟོང་བཅུའི་རྡུལ་སྙེད་དུ་འགྲོ་བ་དང་། སྟོང་གསུམ་བརྒྱ་ཕྲག་བཅུའི་རྡུལ་སྙེད་འོད་ཀྱིས་འགེངས་པ་དང་། སེམས་ཅན་སྟོང་གསུམ་བརྒྱ་སྟོང་བཅུའི་རྡུལ་རྙེད་སྨིན་པར་ནུས་པ་དང་། བསྐལ་པ་སྟོང་གསུམ་བརྒྱ་སྟོང་བཅུའི་རྡུལ་སྙེད་ལ་གནས་པར་བྱ་བ་དང་། སྔོན་མཐའ་ཕྱི་མཐའི་བསྐལ་པ་སྟོང་གསུམ་བརྒྱ་སྟོང་བཅུའི་རྡུལ་རྙེད་ལ་འཇུག་པ་དང་། ཆོས་ཀྱི་སྒོ་སྟོང་གསུམ་བརྒྱ་སྟོང་བཅུའི་རྡུལ་སྙེད་ཕྱེད་པ་དང་། ལུས་སྟོང་གསུམ་བརྒྱ་སྟོང་བཅུའི་རྡུལ་སྙེད་བསྟན་པ་དང་། ལུས་རེ་རེ་ལ་ཡང་འཁོར་སྟོང་གསུམ་བརྒྱ་སྟོང་བཅུའི་རྡུལ་སྙེད་ཀྱིས་བསྐོར་བའི་བརྩོན་འགྲུས་བརྩོམ་མོ། །དེ་ཡན་ཆད་བྱང་ཆུབ་ཀྱི་སྨོན་ལམ་གྱི་མཐུ་ཅན་རྣམས་སྨོན་ལམ་གྱི་རྣམ་པར་འཕྲུལ་ཏེ། བྱང་ཆུབ་སེམས་དཔའ་དེ་དག་གི་མཐུ་སྟོབས་ཡོན་ཏན་གྱི་ཚོགས་ནི། བསྐལ་པ་གངྒ་ཀླུང་གི་བྱེ་མ་སྙེད་དུ་བགྲངས་ཀྱང་། མཐར་ཐུག་པ་ཤིན་དུ་དཀའ་འོ། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོ་རྣམ་པར་སྣང་མཛད་དང་པོར་སངས་རྒྱས་ནས། ཕོ་བྲང་རང་བཞིན་ལྷུན་གྱིས་གྲུབ་པའི་དགའ་ལྡན་གྱི་ཕོ་བྲང་དང་པོ་ན་བཞུགས་པའི་དུས་སུ་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམ་པར་འཕྲུལ་པས། ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་བྱིན་གྱིས་བརླབས་པའི་བཀའ། བསྟན་པ་རྒྱ་མཚོ་མཐའ་ཡས་ལས། བྱང་ཆུབ་སེམས་དཔའི་ས་བརྒྱད་པ་མི་གཡོ་བ་

(༥༥༤)བསྟན་པ་ལགས་སོ།། །།བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ལ་གནས་པ་ནི། ཚད་མེད་པའི་ཡེ་ཤེས་རྣམ་པར་སྤྱོད་པས་ས་དགུ་ལེགས་པའི་བློ་གྲོས་ནོན་ཏེ། ས་གོང་ནས་གོང་དུ་འཕར་ཞིང་། སངས་རྒྱས་ཀྱི་ཡེ་ཤེས་རྫོགས་པ་རྣམ་པར་སྤྱད་པས། སངས་རྒྱས་ཀྱི་གསང་བའི་རྗེས་སུ་འཇུག་ཅིང་། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཆེ་བ་ཉིད། དབྱེ་བ་དང་གཟུངས་ཉིད། ཏིང་ངེ་འཛིན་མངོན་ཤེས་རྒྱ་ཆེན་པོ་སྦྱང་ཞིང་སྒྲུབ་པ་དང་། དབྱེ་ཞིང་ཁོང་དུ་ཆུད་པ་དང་། སྟོབས་དང་མི་འཇིགས་པ་དང་། མ་འདྲེས་པར་མི་འཕྲོགས། སྦྱང་བ་དང་། སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་བ་དང་། ཁྱུ་མཆོག་མཐུའི་རྗེས་སུ་འབྲང་བ་དང་། སྙིང་རྗེ་ཆེན་པོའི་མཐུས་མི་གཏོང་བར་བྱེད་པ་དང་། ས་དགུ་པ་གནོན་ཏེ། ས་འདི་ལ་གནས་པའི་ཚེ། དགེ་མི་དགེ་ལུང་བསྟན་ལུང་མ་བསྟན་གྱི་ཆོས་རྣམས་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཟག་བཅས་ཟག་མེད། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ། བསམ་དུ་ཡོད་པ་དང་། བསམ་དུ་མེད་པའི་ཆོས། ངེས་པ་དང་། མ་ངེས་པའི་ཆོས། ཉན་རང་གི་ཆོས། བྱང་ཆུབ་སྤྱོད་པའི་ཆོས། འདུས་བྱས་འདུས་མ་བྱས་ཀྱི་ཆོས་ལ་སོགས་ཏེ། མངོན་པར་འདུ་བྱ་བའི་བྱེ་བྲག་རྣམས་སོ་སོར་ཤེས་ཤིང་ཁོང་དུ་ཆུད་པའི་བློས། སེམས་ཅན་མ་རིག་པའི་འཐིབས་པོས་ཉོན་མོངས་པའི་ཚོགས་རྣམས་ལས། དབང་པོ། མོས་པ། ཁམས། བསམ་པ། བག་ལ་ཉལ་བ་སྐྱེ། བག་ཆགས་ཀྱི་མཚམས་སྦྱོར་བ། ཕུང་པོ་གསུམ་དུ་རྣམ་པར་གནོན་པ། མ་རིག་པའི་འཁྲུལ་འཁོར་གྱི་ཚོགས་ཐམས་ཅད། ས་དགུ་པའི་བྱང་ཆུབ་སེམས་དཔའ་ཡང་དག་པ་

(༥༥༥)ཇི་ལྟ་བ་བཞིན་དུ་ཤེས་སོ། །མཁྱེན་ནོ། །སེམས་ཅན་རྣམས་ཀྱི་སེམས་ཀྱི་རྣམ་པ་ཐ་དད་པ་དང་། སེམས་ཅན་རྣམ་པ་སྣ་ཚོགས་ཀྱི་སེམས་སྐད་ཅིག་ལ་འགྱུར་ཞིང་། རྣམ་པར་རྟོག་པ་ཐ་དད་ཅིང་སེམས་ལུས་མེད་པ་དང་། སེམས་མཐའ་ཡས་ཤིང་ཐམས་ཅད་དབང་དུ་བྱེད་པ་དང་། སེམས་ཀྱི་གཤིས་འོད་གསལ་ཞིང་དངས་པ་དང་། སེམས་མ་རྟོགས་པ་ཉོན་མོངས་པ་དང་བཅས་པ། ཉོན་མོངས་མེད་པ་དང་། སེམས་བཅིངས་པ་དང་། གྲོལ་བ་དང་སེམས་སྒྱུ་མ་ལྟ་བུར་སྒྲུབ་པ་དང་། སེམས་འགྲོ་བའི་བདུད་བཞིན་དུ་གནས་ནས་སེམས་རྣམ་པ་སྣ་ཚོགས། སྟོང་ཕྲག་དུ་མའི་བར་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཉོན་མོངས་པ་ལས་རིང་དུ་སོང་བ་ཡང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཏེ། སྦྱོར་བ་མཐའ་ཡས་པ་དང་། ལྷན་ཅིག་སྐྱེས་ཤིང་ཐ་མི་དད་པ་དང་། ཀུན་ནས་འཁོར་བའི་གནས་བཅུ་དྲུག་པ་དང་། སེམས་དང་ལྡན་མི་ལྡན་སྐྱེ་བའི་མཚམས་སྦྱོར་བ་དང་། ལམ་གྱི་རྒྱུད་ཇི་ལྟ་བ་བཞིན་དུ། གནས་དང་། སྲེད་པ། མ་རིག་ལྟ་བའི་ཟུག་རྔུ། ང་རྒྱལ། གཏི་མུག །ཁ་ན་མ་ཐོ་བ་ཆེན་པོ་ལས་རྣམ་པ་གསུམ་གྱི་གཞི་རྒྱུན་མི་འཆད་པ་རྣམས་མདོར་བསྡུས་ན། ཉོན་མོངས་པའི་རྒྱུད་སྟོང་ཕྲག་བརྒྱད་བཅུ་རྩ་བཞིའི་བར་དུ་རྗེས་སུ་འཇུག་པར་བྱ་བ་ཡང་ས་དགུ་པ་ལ་རབ་ཏུ་གནས་པའི་ས་ཤེས་སོ། །ལས་དགེ་བ་དང་། མི་དགེ་བ་དང་། དམིགས་པ་དང་། མི་དམིགས་པ་དང་། ཐེག་པ་དང་། ཐེག་པ་མ་ཡིན་པར་ངེས་པ་དང་། མ་ངེས་པ་ལས་ཐ་དད་པ་སྟོང་ཕྲག་བརྒྱད་བཅུ་རྩ་བཞིའི་བར་དུ་ཡང་རབ་ཏུ་ཤེས་སོ། །སེམས་དབང་པོ་ཞན་པ་དང་། འབྲིང་དང་། རབ་དང་། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་མ་སོགས་པ་ཐ་དད་པ་བསམ་གྱིས་མི་ཁྱམས་པ་སོགས། ཡངས་པ་དང་དོག་པའི་བྱེ་བྲག་ལ་སོགས་པ་

(༥༥༦)རྣམས་ཀྱང་། ལེགས་པའི་བློ་གྲོས་ཀྱི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཁྱེན་ཏེ། ས་དེ་ལ་གནས་པ་ནི་སངས་རྒྱས་ཀྱི་མཛོད་ཡོངས་སུ་བསྲུངས་པ་ཡིན། དེ་ཆོས་སྨྲ་བའི་ཚུལ་དང་ལྡན་པས་ཡེ་ཤེས་ལ་མཁས་པ་ཚད་མེད་པའི་རྗེས་སུ་སོང་ཞིང་། ཐ་དད་པ་ཡང་དག་པར་ཤེས་པ་བཞིས་མངོན་པར་སྒྲུབ་པ་བྱང་ཆུབ་སེམས་དཔའི་ཚིག་གིས་ཆོས་སྟོན་ཏེ། དེ་ལ་བྱང་ཆུབ་སེམས་དཔའི་ཐ་དད་པ་ཡང་དག་པར་ཤེས་པ་བཞི་རྟག་ཏུ་རྒྱུན་མི་འཆད་ཅིང་མ་འདྲེས་པར་ཡང་དག་པར་འབྱུང་ངོ་། །བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐ་དད་པ་ཡང་དག་པར་ཤེས་པ་དང་། དོན་ཐ་དད་པ་ཡང་དག་པར་ཤེས་པ་དང་། ངེས་པའི་ཚིག་ཐ་དད་པ་ཡང་དག་པར་ཤེས་པ་དང་། སྤོང་བ་ཡང་དག་པར་ཤེས་པའོ། །དེ་ཆོས་ཐ་དད་པ་ཡང་དག་པར་ཤེས་པས། ཆོས་རྣམ་པ་རང་གི་མཚན་ཉིད་ཡང་དག་པར་ཤེས་སོ། །དོན་ཐ་དད་པ་ཡང་དག་པར་ཤེས་པས་ཆོས་རྣམས་ཀྱི་དབྱེ་བ་རབ་ཏུ་ཤེས་སོ། །ངེས་པའི་ཚིག་ཐ་དད་པ་ཡང་དག་པར་རབ་ཏུ་ཤེས་པས། ཆོས་རྣམས་མ་འདྲེས་པར་ཡང་དག་པར་བསྟན་པ་རབ་ཏུ་ཤེས་སོ། །སྤོབས་པ་མཐའ་དག་པར་ཤེས་པས། ཆོས་རྣམས་མཐུན་པར་རྗེས་སུ་འཚམ་པ་རྒྱུན་མི་འཆད་པར་རབ་ཏུ་ཤེས་སོ། །གཞན་ཡང་ཆོས་ཐམས་ཅད་ཐ་དད་པ་ཡང་དག་པར་ཤེས་པས་ཆོས་རྣམས་ཀྱི་རང་བཞིན་མེད་པར་རབ་ཏུ་ཤེས་སོ། །དོན་ཐ་དད་པར་ཡང་དག་པར་ཤེས་པས། ཆོས་རྣམས་ཀྱི་འབྱུང་བ་དང་འཇིག་པ་རབ་ཏུ་ཤེས་སོ། །ངེས་པའི་ཚིག་ཐ་དད་པར་རབ་ཏུ་ཤེས་པས་ཆོས་ཐམས་ཅད་རྣམ་པར་བགོད་པ་རྒྱུན་ཆད་མེད་པར་སྟོན་ཏོ། །སྤོབས་པ་

(༥༥༧)ཐ་དད་པར་ཡང་དག་པར་ཤེས་པས། ཇི་ལྟར་རྣམ་པར་བགོད་པ་བཞིན་དུ་འཁྲུག་པ་མེད་པར་མཐའ་ཡས་པར་ཆོས་སྟོན་ཏོ། །གཞན་ཡང་ཐ་དད་པ་ཡང་དག་པར་ཤེས་པས་ད་ལྟར་བྱུང་བའི་ཆོས་ཐམས་ཅད་རྣམ་པར་འབྱེད་པ་ཤེས་སོ། །དོན་ཐ་དད་པ་ཡང་དག་པར་ཤེས་པས། འདས་པ་དང་མ་འོངས་པའི་ཆོས་རྣམ་པར་འབྱེད་བ་རབ་ཏུ་ཤེས་སོ། །ངེས་པའི་ཚིག་ཐ་དད་པ་ཡང་དག་པར་ཤེས་པ་དང་། སྤོབས་པ་ཡང་དག་པར་ཤེས་པའོ། །འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བ་མ་འདྲེས་པའི་ཆོས་སྟོན་ཏོ། །སྤོབས་པ་ཐ་དད་པ་ཡང་དག་པར་ཤེས་པས་དུས་རེ་རེ་ཞིང་ཆོས་ཀྱི་སྣང་བ་མུ་མེད་པར་ཆོས་སྟོན་ཏོ། །གཞན་ཡང་ཆོས་ཐ་དད་པ་ཡང་དག་པར་ཤེས་པས་ཆོས་ཀྱི་བྱེ་བྲག་རབ་ཏུ་ཤེས་སོ། །དོན་ཐ་དད་པ་ཡང་དག་པར་ཤེས་པས། དོན་གྱི་བྱེ་བྲག་རབ་ཏུ་ཤེས་སོ། །ངེས་པའི་ཚིག་ཐ་དད་པ་རབ་ཏུ་ཡང་དག་པར་ཤེས་པས། ཆོས་ཀྱི་བྱེ་བྲག་རབ་ཏུ་ཤེས་སོ། །སྐད་ཇི་ལྟ་བ་བཞིན་དུ་བསྟན་པས་ཆོས་སྟོན་ཏོ། སྟོབས་ཐ་དད་པ་ཡང་དག་པར་ཤེས་པས་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་ཏོ། །གཞན་ཡང་ཆོས་ཐ་དད་པ་ཡང་དག་པར་ཤེས་པས་ཆོས་ཀྱི་རྒྱུ་རྣམ་པར་དབྱེ་བ་མ་འདྲེས་པས་མཁས་པར་རབ་ཏུ་ཤེས་སོ། །དོན་ཐ་དད་པ་ཡང་དག་པར་རབ་ཏུ་ཤེས་པས། རྗེས་སུ་འགྲོ་བའི་ཡེ་ཤེས་དེ་བཞིན་ཉིད་དུ་རྣམ་པར་བགོད་པ་རབ་ཏུ་ཤེས་སོ། །ངེས་པའི་ཚིག་ཐ་དད་པ་ཡང་དག་པར་ཤེས་པས་ཀུན་རྫོབ་ཀྱི་རྒྱུས་ཡང་དག་པར་བསྟན་པས་ཆོས་སྟོན་ཏོ། །སྤོབས་པ་ཐ་དད་པ་ཡང་དག་པར་ཤེས་པས། དོན་དམ་པའི་རྒྱུ་ལ་མཁས་པས་ཆོས་བསྟན་ཏེ། གཞན་

(༥༥༨)ཡང་ཆོས་ཐ་དད་པ་ཡང་དག་པར་ཤེས་པས། ཆོས་རྣམས་ཚུལ་གཅིག་ལས་མི་འགྱུར་བར་རབ་ཏུ་ཤེས་སོ། །དོན་ཐ་དད་པ་ཡང་དག་པར་ཤེས་པས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པར་ཁོང་དུ་ཆུད་པར་བྱ་བ་ལ་ཡང་དག་པར་འཇུག་གོ། །ངེས་པའི་ཚིག་ཐ་དད་པ་ཡང་དག་པར་ཤེས་པས་འགྲོ་བ་ཐམས་ཅད་མངོན་པ་སྨོན་པའི་སྒྲ་དབྱངས་ཤིན་ཏུ་སྙན་པའི་ཚིགས་ཆོས་བསྟན་ནོ། །སྤོབས་པ་མཐའ་ཡས་པར་ཤེས་པས་ཕྱི་ཕྱིར་ཞིང་དྲན་པ་མཐའ་ཡས་པས་སྟོན་ཏོ། །གཞན་ཡང་ཆོས་ཐ་དད་པ་ཡང་དག་པར་ཤེས་པས། ཐེག་པ་གཅིག་ལ་ཡང་དག་པར་གཞོལ་བ་ཐ་དད་པར་རབ་ཏུ་ཤེས་སོ། །དོན་ཐ་དད་པ་ཡང་དག་པར་ཤེས་པས། ཐེག་པ་རབ་ཏུ་རྣམ་པར་ཕྱེ་བའི་རྣམ་པ་ཐ་དད་པ་རབ་ཏུ་ཤེས་སོ། །ངེས་པའི་ཚིག་ཐ་དད་པར་རབ་ཏུ་ཤེས་པས། ཐེག་པ་ཐམས་ཅད་ཐ་དད་པ་མེད་པར་རབ་ཏུ་ཤིན་ཏུ་སྟོན་ཏེ། སྤོབས་པ་ཐ་དད་པ་ཡང་དག་པར་ཤེས་པས། ཐེག་པ་རེ་རེ་ལ་ཡང་ཆོས་ཀྱི་སྣང་བ་མུ་མེད་པར་ཤིན་ཏུ་བསྟན་ཏོ། །གཞན་ཡང་ཆོས་ཐ་དད་པ་ཡང་དག་པར་ཤེས་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། ཡེ་ཤེས་ཀྱི་སྤྱོད་པ་དང་། ཆོས་ཀྱི་སྤྱོད་པ་ཐམས་ཅད་ཡེ་ཤེས་ཀྱི་ཁོང་དུ་ཆུད་པར་བྱ་བ་ལ་རབ་ཏུ་འཇུག་གོ། །དོན་ཐ་དད་པར་ཤེས་པས་ས་བཅུ་རྣམ་པར་བགོད་ཅིང་ཤིན་ཏུ་བསྟན་པ་རྣམ་པར་ཕྱེ་བ་ལ་རབ་ཏུ་འཇུག་གོ། །ངེས་པའི་ཚིག་ཐ་དད་པ་ཡང་དག་པར་ཤེས་པས་ལམ་ཇི་ལྟ་བ་བཞིན་དུ་ཉེ་བར་སྒྲུབ་པ་ཐ་མི་དད་པར་ཡང་དག་པར་སྟོན་ཏོ། །སྤོབས་པ་ཐ་དད་པར་ཡང་དག་པར་ཤེས་པས་ས་རེ་རེ་ཞིང་རྣམ་

(༥༥༩)པ་མུ་མེད་པ་ཡང་དག་པར་སྟོན་ཏོ། །གཞན་ཡང་ཆོས་ཐ་དད་པ་ཡང་དག་པར་རབ་ཏུ་ཤེས་པས། སངས་རྒྱས་ཐམས་ཅད་མཚན་ཉིད་གཅིག་ཏུ་ཁོང་དུ་ཆུད་པར་བྱ་བ་ལ་རབ་ཏུ་འཇུག་གོ། །དོན་ཐ་དད་པ་ཡང་དག་པར་ཤེས་པས། དུས་དང་། དངོས་པོ་དང་། མཚན་ཉིད་རྣམ་པར་ཕྱེ་བ་སྣ་ཚོགས་ཁོང་དུ་ཆུད་པར་བྱ་བ་ལ་རབ་ཏུ་ཤེས་སོ། །ངེས་པའི་ཚིག་ཐ་དད་པ་ཡང་དག་པར་ཤེས་པས། ཁོང་དུ་ཆུད་པ་རྣམ་པར་ཕྱེ་བ་ཇི་ལྟ་བ་བཞིན་དུ་བསྟན་པས་ཆོས་བསྟན་ཏོ། །སྤོབས་པ་ཐ་དད་པ་ཡང་དག་པར་ཤེས་པས། ཆོས་ཀྱི་ཚིག་རེ་རེ་ལ་ཡང་བསྐལ་པ་མཐའ་ཡས་པར་རྒྱུན་མི་འཆད་པར་ཆོས་བསྟན་ཏོ། །གཞན་ཡང་ཆོས་ཐ་དད་པ་ཡང་དག་པར་ཤེས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་དང་། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་དང་། བྱམས་པ་ཆེན་པོ་དང་། ཐུགས་རྗེ་ཆེན་པོ་དང་། ཐ་དད་པ་ཡང་དག་པར་མཁྱེན་པའི་ཚུལ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྟོགས་པ་རབ་ཏུ་ཤེས་སོ། །དོན་ཐ་དད་པ་ཡང་དག་པར་ཤེས་པས་སོ་སོར་ཡང་དག་པར་རབ་ཏུ་འཇུག་གོ། །སེམས་ཅན་གྱི་སྤྱོད་པ་སྟོང་ཕྲག་བརྒྱད་བཅུ་རྩ་བཞི་དང་། བསམ་པ་ཇི་ལྟ་བ་དང་། དབང་པོ་ཇི་ལྟ་བ་དང་། མོས་པ་ཇི་ལྟ་བ་བཞིན་ཏུ་སངས་རྒྱས་ཀྱིས་གསུངས་པ་ཤེས་སོ། །ངེས་པའི་ཚིག་ཐ་དད་པར་ཤེས་པས། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་དང་མ་འདྲེས་པའི་སངས་རྒྱས་ཀྱི་གསུང་རྗེས་སུ་བསྒྲགས་པས་ཆོས་བསྟན་ཏོ། །སྤོབས་པ་ཐ་དད་པ་ཡང་དག་པར་ཤེས་པས། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་འོད་གསལ་བ་དང་། སྤྱོད་པའི་དཀྱིལ་འཁོར་ལ་མོས་པས་ཆོས་བསྟན་ཏོ། །དེའི་ཕྱིར་ན་དེ་ལྟར་

(༥༦༠)ཐ་དད་པའི་ཡང་དག་པར་ཤེས་པའི་ཡེ་ཤེས་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཀྱི་མཛོད་ཐོབ་ཅིང་། བྱང་ཆུབ་སེམས་དཔའི་ས་དགུ་ལ་གནས་པ། ཆོས་སྨྲ་བ་ཆེན་པོའི་གོ་འཕང་ལ་གནས་པའི་ཚེ། དོན་དང་ལྡན་པའི་གཟུངས་ཐོབ་པ་ཡིན་ནོ། །ཆོས་དང་ལྡན་པའི་གཟུངས་རབ་ཏུ་ཐོབ་པ་ཡིན་ནོ། །ཡེ་ཤེས་མངོན་པར་སྒྲུབ་པ་དང་ལྡན་པའི་གཟུངས་རབ་ཏུ་ཐོབ་པ་ཡིན། སྣང་བ་དང་ལྡན་པའི་གཟུངས་རབ་ཏུ་ཐོབ་པ་ཡིན། བློ་གྲོས་བཟང་པོ་དང་ལྡན་པའི་གཟུངས་དང་། དབྱིག་དང་ལྡན་པའི་གཟུངས་དང་། གྲགས་པ་དང་ལྡན་པའི་གཟུངས་དང་། གཟི་བརྗིད་དང་ལྡན་པའི་གཟུངས་དང་། ཆགས་པ་མེད་པའི་སྒོའི་གཟུངས་དང་། མཐའ་ཡས་པ་དང་ལྡན་པའི་གཟུངས་དང་། དོན་སྣ་ཚོགས་ཀྱི་མཛོད་ལྡན་པའི་གཟུངས་ཐོབ་པ་དང་། དེ་གཟུགས་དེ་དག་ལ་སོགས་པ་གཟུངས་ཀྱི་སྒོ་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུ་ཡོངས་སུ་ཚང་བར་མཐོང་སྟེ། གཟུངས་ཀྱི་སྒོ་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུ་དང་ལྡན་པའི་དབྱངས་ཀྱི་ཡན་ལག་ལ་མཁས་པ་དང་། དེ་སྙེད་དུ་ཚད་མེད་པ་ཉིད་དང་ལྡན་པའི་སྤོབས་པ་རྣམ་པར་བྱེ་བའི་སྒོ་ནས་ཆོས་བསྟན་ཏོ། །དེའི་ཕྱིར་ཚད་མེད་པའི་གཟུངས་ཀྱི་སྒོ་བརྒྱ་སྟོང་གྲངས་མེད་པས། ཚད་མེད་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་ཆོས་ཉན་ཞིང་ཐོས་ནས་ཀྱང་བརྗོད་པར་མི་བྱ་སྟེ། ཇི་སྐད་དུ་ཐོས་པ་ཡང་ཚད་མེད་པར་དབྱེ་བས་ཤིན་ཏུ་བསྟན་ཏོ། །དེའི་ཕྱིར་ན། སངས་རྒྱས་གཅིག་ལས་གསུང་གི་སྒོ་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུས་ཆོས་ཁོང་དུ་ཆུད་པར་བྱེད་དོ། །སངས་རྒྱས་གཅིག་ལས་ཇི་ལྟ་བ་བཞིན་དུ་ཡང་དག་པར་རྫོགས་པའི་

(༥༦༡)སངས་རྒྱས་མཐའ་ཡས་ལས། གཟུངས་ཀྱི་སྒོ་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུས་ཁོང་དུ་ཆུད་པར་བྱེད་དོ། །དེ་སྨོན་པ་ཙམ་གྱིས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལས། ཆོས་ཀྱི་སྒོ་སྣང་བ་ཆེས་མང་དུ་ཡང་དག་པར་འཛིན་ཏེ། ཉན་ཐོས་ཤིན་དུ་མང་དུ་ཐོས་པ་དང་ལྡན་པ། ཐོས་པ་འཛིན་པའི་གཟུངས་རབ་ཏུ་ཐོབ་པ་རྣམས་ཀྱིས་ནི་བསྐལ་པ་བརྒྱ་ཕྲག་དུ་ཡང་གཟུང་བའི་བྱིན་གྱིས་བརླབས་ཀྱི་དེ་ལྟར་མི་ཟིན་ཏོ། །གཟུངས་ཐོབ་པའི་སྤོབས་པས། ཆོས་ཀྱི་གཏམ་བྱ་བའི་ཕྱིར་འདུག་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྒྱས་པར་བསྐང་སྟེ་ཆོས་ཀྱི་སྟན་ལ་འདུག་ཅིང་། སེམས་ཅན་རྣམས་ལ་བསམ་པ་ཇི་ལྟ་བར་མ་བཞིན་དུ་རྣམ་པར་ཕྱེ། ཆོས་སྟོན་ཏོ། །དེའི་ཆོས་ཀྱི་གཏམ་ཡང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དབང་བསྐུར་བའི་ས་ཐོབ་པ་མ་གཏོགས་པ་ཐམས་ཅད་ལངས་ཤིང་། སྣང་བ་ཚད་མེད་པ་དང་ལྡན་པ་ཡིན། དེ་འདོད་ན་ཆོས་ཀྱི་སྟན་ལ་འདུག་ཅིང་། དབྱངས་གཅིག་གིས་འཁོར་ཐམས་ཅད་དུ་སྒྲ་སྐད་སྣ་ཚོགས་རྣམ་པ་ཐ་དད་པས་གོ་བར་བྱེད་དོ། །སྒྲ་སྐད་སྣ་ཚོགས་དང་། དབྱངས་ཀྱི་ཡན་ལག་ཐ་དད་པས་རབ་ཏུ་ཕྱེ་བས་འཁོར་ཐམས་ཅད་གོ་བར་བྱེད་དོ། །འོད་ཟེར་གྱི་སྒོ་ཉེ་བར་སྒྲུབས་པས་ཆོས་ཀྱི་སྒོ་རབ་ཏུ་བརྗོད་དོ། །བ་སྤུའི་བུ་ག་ཐམས་ཅད་ནས་དབྱངས་རྣམ་པར་བྱེ་བ་ཤིན་ཏུ་བརྗོད། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གཟུགས་སུ་སྣང་བ་ཇི་སྙེད་ཡོད་པ། གཟུགས་སུ་སྣང་བ་དེ་ལས་ཆོས་ཀྱི་སྒྲ་འབྱུང་བར་བྱེད་དོ། །དབྱངས་ཀྱི་ཡན་ལག་གཅིག་གིས་སྒྲ་ཆོས་ཀྱི་དབྱིངས་ཐམས་ཅད་ཁོང་དུ་ཆུད་

(༥༦༢)པར་བྱེད་དོ། །སྒྲ་དང་དབྱངས་ཐམས་ཅད་ཆོས་ཀྱི་སྒྲར་བྱིན་གྱིས་བརློབ། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གླུ་དང་། རོལ་མོ་བརྡུང་བ་དང་། དཀྲོལ་བའི་སྒྲ་ཆོས་ཀྱི་སྒྲར་ཆོས་འབྱུང་བར་བྱེད་དོ། །ཡི་གེ་གཅིག་གི་སྒྲ་ལས་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་ཕྱེ་བའི་སྒྲ་འབྱུང་བར་བྱེད་དེ། འཇིག་རྟེན་གྱི་ཁམས་མཐའ་ཡས་ཤིང་བརྗོད་དུ་མེད་པའི་ས་དང་ཆུ་དང་མེ་དང་རླུང་གི་ཕུང་པོ་རྡུལ་ཤིན་དུ་ཕྲ་བ་རེ་རེ་ལས་ཆོས་ཀྱི་སྒོ་བརྗོད་དུ་མེད་པ་འབྱུང་བར་བྱེད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ཡོངས་ཏེ། སྐད་ཅིག་ཡུད་ཙམ་ཐང་གཅིག་ཏུ་དྲི་བ་ཡོངས་སུ་དྲི་ཞིང་། དེ་དག་རེ་རེས་ཀྱང་། སྒྲ་རྣམ་པ་ཐ་དད་པ་ཚད་མེད་ཡོངས་སུ་དྲིས་པར་གྱུར་ལ། གང་གིས་གང་དྲིས་པ་དེ་བཞིན་མི་འདྲི་བར་གྱུར་ན། དེ་ལ་བྱང་སེམས་དེས་སེམས་ཅན་དེ་དག་ཐམས་ཅད་སྒྲ་ཚིག་སོ་སོ་དང་། ཡི་གེའི་འབྲུ་རེ་རེ་མ་ལུས་པར་གཟུང་སྟེ། གཟུང་ནས་ཀྱང་ཚིག་གཉིས་མ་ལུས་པར་མངོན་པར་བརྗོད་པས་སེམས་ཅན་དེ་རྣམས་ཀྱི་སེམས་དང་བསམ་པ་ཚིམ་པར་བྱེད་པས་ན། འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་བར་དུ་རྟོགས་པའི་སེམས་ཅན་ཐམས་ཅད་ཀྱིས། སྐད་ཅིག་དྲི་བ་ཡོངས་སུ་དྲིས་པ་ཡོངས་སུ་དྲིས་ཏེ། དེ་དག་རེ་རེ་ཞིང་ཡང་སྒྲ་རྣམ་པ་ཐ་དད་ཚད་མེད་པས་དྲི་བར་གྱུར་ནས། གཅིག་གིས་གཅིག་དྲིས་པ་དེ་དག་གཞན་མི་འདྲི་བར་གྱུར་ན་ཡང་། དེ་དག་ཐམས་ཅད་བྱང་སེམས་དེས་སྐད་ཅིག་ཏུ་འདུས་པར་གཟུང་སྟེ། སྒྲ་གཅིག་བརྗོད་པས་དེ་དག་ཐམས་ཅད་ཁོང་དུ་ཆུད་པར་བྱེད་དོ། །འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཀྱང་རྒྱས་པར་བསྐང་ཞིང་། སེམས་ཅན་རྣམས་ཀྱི་བསམ་པ་དང་། དབང་པོ་དང་། མོས་པ་ཇི་ལྟ་བ་བཞིན་དུ་

(༥༦༣)ཆོས་བསྟན་ཏོ། །ཆོས་ཀྱི་གཏམ་ལ་ཞུགས་པའི་ཚེ་ཡང་། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ལེན་ཞིང་། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་ལ་ཉེ་བར་གནས་པ་ཡིན། འདི་ལྟ་བུའི་ཡེ་ཤེས་སྣང་བས་ཏིང་ངེ་འཛིན་ཡོངས་སུ་བརྩོམ་སྟེ། སྐྲའི་རྩེ་མོའི་གོ་གཅིག་ལ་ཡང་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་རྡུལ་གཅིག་ཤིན་ཏུ་ཕྲ་བ་ཇི་སྙེད་དེ་སྙེད་ཀྱི་སངས་རྒྱས་་བཞུགས་པ་ལ་དེ་ཡང་ཚད་མེད་པའི་འཁོར་གྱི་དཀྱིལ་འཁོར་དུ་ཆོས་བསྟན་ཏེ། སངས་རྒྱས་རེ་རེས་ཀྱང་། དེ་སྙེད་ཀྱི་སེམས་ཅན་ཚད་མེད་པ་ལ་ཆོས་རྣམ་པར་ཐར་པ་ཤིན་དུ་བསྟན་ཏེ། སེམས་ཅན་གྱི་བསམ་རྒྱུད་རེ་རེ་ལ་ཡང་དེ་སྙེད་དུ་ཆོས་ཉེ་བར་སྒྲུབ་པ་ཚད་མེད་པར་ཉེ་བར་སྒྲུབ་པར་གྱུར་ལ། སངས་རྒྱས་གཅིག་གིས་ཇི་ལྟ་བ་དེ་སངས་རྒྱས་ཐམས་ཅད་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་སྟེ། སྐྲའི་རྩེ་མོའི་གོ་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ་ཆོས་ཀྱི་དབྱིངས་ཐམས་ཅད་དུ་དེ་ལྟར་གྱུར་ཀྱང་དེ་དག་ཐམས་ཅད་ཟིན་པར་གྱུར་ན། འཇིག་རྟེན་གྱི་ཁམས་དེ་ཙམ་དག་གི་སེམས་ཅན་རྣམས་ཀྱིས་ལྟ་སྨོས་ཀྱང་ཅིང་གོས་དེ་ལྟར་བྱང་སེམས་ལ་ལེགས་པའི་བློ་གྲོས་འདི་ཐོབ་པར་བྱ་བའི་སེམས་ནི་ཉིན་མཚན་དུ་ཡིད་ལ་བསམ་པ་གཞན་མེད་པར་སངས་རྒྱས་ཀྱི་སྤྱོད་པ་ལ་ཞུགས་པས། སངས་རྒྱས་དང་འགྲོགས་པ་རབ་ཏུ་ཐོབ་ཅིང་བྱང་སེམས་ཀྱི་རྣམ་པར་ཐར་པ་ཟབ་མོ་རབ་ཏུ་ཐོབ་པ་ཡིན། དེ་ལྟ་བུའི་ཡེ་ཤེས་དང་ལྡན་ཞིང་མཉམ་པར་གཞག་ཀྱང་། སངས་རྒྱས་ཀྱི་ལྟ་བ་ཡོངས་སུ་མི་སྤོང་ཞིང་། བསྐལ་པ་རེ་རེ་ཞིང་ཡང་སངས་རྒྱས་དུ་མ་ནས། སངས་རྒྱས་བརྒྱ་སྟོང་བྱེ་བ་ཁྲག་ཁྲིག་ལྟ་ཞིང་མཐོང་ནས་ཀྱང་། རིམ་གྲོ་དང་། བཀུར་སྟི་དང་།

(༥༦༤)བསྟི་སྟང་དང་། མཆོད་པ་བྱེད་དེ། སངས་རྒྱས་མཐོང་ཞིང་མཆོད་པ་བྱ་བ་རྒྱ་ཆེན་ཡོངས་སུ་མི་གཏོང་ངོ། །སངས་རྒྱས་དེ་དག་ལ་ཡོངས་སུ་ཞུ་བ་ཡང་བྱེད་དོ། །ཆོས་ཀྱི་གཟུངས་རབ་ཏུ་བསྟན་པ་ལས་ཤིན་ཏུ་འབྱུང་བ་ཡིན་། དགེ་བའི་རྩ་བ་དེ་དག་ཀྱང་སྔོན་པས་ཀྱང་ཤིན་དུ་བྱང་ཞིང་མི་འཕྲོ་བར་འགྱུར་ཏེ། དཔེར་ན་གསེར་ས་ལེ་སྦྲམ་དེ་ཉིད་མགར་བ་མཁས་པས་རྒྱན་དུ་བྱས་ཏེ། ཡོངས་སུ་ཟིན་པ་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཡན་ལག་གི་དམ་པ་མགོའམ་མགུལ་དུ་བཏགས་ན། མཁར་གྱི་རྒྱལ་པོ་ཐམས་ཅད་དང་། གླིང་བཞི་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱན་གྱི་རྣམ་པས་མི་འཕྲོག་པ་ཡིན། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་ལེགས་པའི་བློ་གྲོས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱང་ཉན་ཐོས་དང་། རང་སངས་རྒྱས་དང་། ས་འོག་ན་གནས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་མི་འཕྲོགས་ཤིང་མི་ཐུབ་པ་ཡིན། དེའི་དགེ་བའི་རྩ་བ་སྣང་བ་དེས་ནི་སེམས་ཅན་རྣམས་ཉོན་མོངས་པ་དང་། སེམས་ཀྱི་འཐིབས་པོ་རྣམ་པར་བྱང་སྟེ། དེ་ཉིད་ལས་ཕྱིར་མི་ལྡོག་གོ། །དཔེར་ན་སྟོང་གཉིས་ལ་དབང་བའི་ཚངས་པ་ཆེན་པོ་ནི་སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་འཐིབས་པོ་དམའ་བར་གཞོལ་བ་ཡོངས་སུ་གཞོལ་བར་བྱེད་དོ། །དེ་བཞིན་དུ་བྱང་སེམས་ལ་ལེགས་པའི་བློ་གྲོས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་སྣང་བ་དེ་ཡང་སེམས་ཅན་རྣམས་ཀྱི་སྒོ་མོས་པ་དང་། སེམས་ཀྱི་འཐིབས་པོ་སྣང་བར་བྱས་ཏེ། དེ་ཉིད་ལས་ཕྱིར་མི་ལྡོག་གོ། །སྟོབས་ཀྱི་ཕ་རོལ་དུ་ཕྱིན་པ་རྫོགས་ཤིང་། ཕ་རོལ་ཏུ་ཕྱིན་པ་ལྷག་མ་ཅི་ནུས་སུ་སྒྲུབ་པ་ཡིན། ས་དགུ་པ་

(༥༦༥)ལ་གནས་པ་ནི་ཕལ་ཆེར་ཚངས་པར་འགྱུར་ཏེ། སྟོང་གཉིས་ལ་དབང་ཞིང་སེམས་ཅན་རྣམས་ལ་ཉན་རང་བྱང་ཆུབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ལ་མཁས་པ་ཡིན། སེམས་ཅན་གྱི་བསམ་པ་ཐམས་ཅད་ཤེས་པ་ཡིན། སྦྱོར་དངོས་གཞི་ཡིས་སེམས་ཅན་རྣམས་ཀྱི་དོན་མཆོག་བླ་ན་མེད་པ་ཡིན། དཀོན་མཆོག་གསུམ་དང་། བྱང་ཆུབ་ཡིད་ལ་བྱ་བ་དང་། ཐམས་ཅད་མཁྱེན་པའི་བར་དུ་འགྱུར་སྙམ་སྟེ། བྱང་ཆུབ་སྤྱོད་པ། ས་དང་ཕ་རོལ་ཕྱིན་པ། སྟོབས་དང་མི་འཇིགས་པ། མ་འདྲེས་ཆོས་དང་། ཡེ་ཤེས་ཀྱི་བར་དུ་ཡིད་ལ་བྱ་བ་དང་མི་འབྲལ་བ་ཡིན་ཏེ། སྐད་ཅིག་ཙམ་གྱིས་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་བརྒྱ་སྟོང་བཅུ་ཚངས་པའི་རྡུལ་སྙེད་མཐོང་བ་དང་། སངས་རྒྱས་རྣམས་ཀྱི་བྱིན་རླབས་དང་། སངས་རྒྱས་ཀྱི་ཞིང་གྲངས་མེད་པ་བརྒྱ་སྟོང་བཅུ་གཡོ་འགུལ་ནུས་པ་དང་། སངས་རྒྱས་ཀྱི་ཞིང་གྲངས་མེད་པ་སྣང་བར་བྱ་བ་དང་། སེམས་ཅན་གྲངས་མེད་པ་ལས་ཀྱང་གྲངས་མེད་པ་སྨིན་པར་བྱ་བ་དང་། སྔོན་མཐའ་ཕྱི་མཐའ་བསྐལ་པ་གྲངས་མེད་དུ་འཇུག་པ་དང་། ཆོས་ཀྱི་སྒོ་བརྒྱ་སྟོང་གྲངས་མེད་བཅུ་འབྱེད་པ་དང་། ལུས་ལ་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་བརྒྱ་སྟོང་བཅུ་སྟོན་པ་དང་། ལུས་རེ་རེ་ལ་ཡང་བྱང་ཆུབ་ཀྱི་འཁོར་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་བརྒྱ་སྟོང་བཅུ་སྟོན་པའི་བརྩོན་འགྲུས་བརྩོམ་པ། ས་དགུ་པ་ནོན་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཚོགས་དང་། མི་ཟད་པ་ཕྲིན་ལས་ཀྱི་ཚོགས་ཉིད་བསྐལ་པ་གྲངས་མེད་པ་སྟོང་ཕྲག་བཅུའི་བར་དུ་བགྲངས་ཀྱང་བརྗོད་པར་དཀའ་འོ། །ཡང་དག་

(༥༦༦)པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་དང་པོ་མངོན་པར་རྫོགས་པར་སངས་རྒྱས་ནས། རྒྱན་སྟུག་པོ་བཀོད་པའི་འོག་ཡིན། དགའ་ལྡན་གྱི་གནས་ན་བཞུགས་པའི་དུས་སུ། ཐུབ་པ་ཆེན་པོ་རྣམ་སྣང་གིས་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་འཕྲུལ་ཞིང་། བྱིན་གྱིས་བརླབས་པའི་བཀའ། བསྟན་པ་རྒྱ་མཚོ་མཐའ་ཡས་འདི། རྣམ་སྣང་ཤཱཀྱ་ཐུབ་ཆེན་པོ་ཡི་དཔལ་ཀུན་ཏུ་བཟང་པོ་ཕྲུལ། ཀུན་ཏུ་བཟང་པོས་རྡོ་རྗེ་སྙིང་པོ་སྤྲུལ། རྡོ་རྗེ་སྙིང་པོས་སེམས་ཅན་གྱི་རྣམ་ཐར་བཟླས་པ་དང་། ཀུན་ཏུ་མིག་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་རྣམ་པར་འཕྲུལ་ཞིང་བྱིན་གྱིས་བརླབས་པ་ཡིས། ས་དགུ་པ་ལེགས་པའི་བློ་གྲོས་བསྟན་པའི་བར་སྐབས་ལགས་སོ།། །།ས་དགུ་པ་ལེགས་པའི་བློ་གྲོས་ཡོངས་སུ་རྫོགས་ཤིང་། ས་ནས་སར་འཕར་ཏེ་ས་བཅུ་པ་ཆོས་ཀྱི་སྤྲིན་གནོན་པ་ནི་འདི་ལྟར་དུ་ཤེས་ཤིང་རྟོགས་པར་བྱའོ། །ཤེས་པར་བྱ་བ་ཚད་མེད་པ་ཡོངས་སུ་བརྟགས་པའི་བློ་གྲོས་རྣམ་པར་ཕྱེ་བ་ཤིན་དུ་རྣམ་པར་ཕྱེ་བ། ཆོས་དཀར་པོ་ཤིན་ཏུ་རྫོགས་པ། བསག་པར་བྱ་བའི་ཚོགས་མཐའ་ཡས་པ་ཤིན་དུ་བསགས་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཟིན་པ། སྙིང་རྗེ་ཆེན་པོས་ཡོངས་སུ་ཡངས་པ་ཐོབ་པ། འཇིག་རྟེན་གྱི་ཁམས་རྣམ་པར་ཕྱེ་བ་རྣམ་པ་ཐ་དད་པ་ལ་མཁས་པ། སེམས་ཅན་གྱི་ཁམས་འཐིབས་པོས་ཉེ་བར་སྤྱོད་པ་ལ་རབ་ཏུ་ཞུགས་པ། སངས་རྒྱས་ཀྱི་སྤྱོད་ཡུལ་འཇུག་པ་དང་། ལྡན་པའི་

(༥༦༧)འདུ་ཤེས་དང་། ཡིད་ལ་བྱེད་པ་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་ལ་ལྷག་པར་དམིགས་པའི་རྗེས་སུ་སོང་བ་ནི། རྣམ་པ་ཐམས་ཅད་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དབང་བསྐུར་བའི་ས་ཐོབ་པ་ཞེས་བྱའོ། །དེའི་ཕྱིར་ན་བྱང་སེམས་ཡེ་ཤེས་དེ་ལྟ་བུ་དང་ལྡན་ཞིང་། དབང་བསྐུར་བའི་ས་ཐོབ་པ་དེ་ལ་བྱང་སེམས་ཏིང་ངེ་འཛིན་དྲི་མ་མེད་པའི་ཞེས་བྱ་བ་མངོན་དུ་འགྱུར་རོ། །བྱང་སེམས་ཏིང་ངེ་འཛིན་ཆོས་ཀྱི་དབྱིངས་རྣམ་པ་ཕྱེ་བ་ལ་འཇུག་པ་ཞེས་བྱ་བ་དང་། སྙིང་པོ་བྱང་ཆུབ་ཀྱི་རྒྱན་རྣམ་པར་ཕྱེ་བ་ཞེས་བྱ་བ་དང་། འོད་ཟེར་གྱི་མེ་ཏོག་རྣམ་པར་ཕྱེ་བ་ཞེས་བྱ་བ་དང་། རྒྱ་མཚོ་སྙིང་པོ་ཞེས་བྱ་བ་དང་། རྒྱ་མཚོ་རྒྱ་ཞེས་བྱ་བ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་རྣམ་པར་དབྱེ་བ་ཞེས་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་རྗེས་སུ་སོང་བ་ཞེས་བྱ་བ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་མངོན་སུམ་དུ་བཞུགས་པ་ཞེས་བྱ་བ་མངོན་དུ་གྱུར་ཏེ། དེ་ལ་དེ་དག་ལ་སོགས་པ་ཏིང་ངེ་འཛིན་བརྒྱ་སྟོང་གྲངས་མེད་པ་མངོན་དུ་འགྱུར་རོ། །ཏིང་ངེ་འཛིན་དེ་དག་ཐམས་ཅད་ལ་མཉམ་པར་བཞག་ཅིང་རྣམ་པར་ལྡང་ངོ། །དེ་ཏིང་ངེ་འཛིན་ལ་མཁས་པ་དང་ལྡན་པ་ཡིན་ཏེ། ཏིང་ངེ་འཛིན་དེ་དག་ཐམས་ཅད་ལ་ཡང་རབ་ཏུ་སྤྱོད་དོ། །ཏིང་ངེ་འཛིན་གྲངས་མེད་པ་ཕྲག་བཅུའི་ཐ་མ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཁྱད་པར་གྱི་མངོན་པར་དབང་བསྐུར་བ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དུ་གྱུར་ཏེ། མངོན་དུ་གྱུར་མ་ཐག་ཏུ་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་ཐ་གྲུ་དང་མཉམ་པའི་རིན་པོ་ཆེའི་པདྨོ་ཆེན་པོ་རིན་པོ་ཆེ་ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་དུ་སྤྲོ་ཞིང་བརྒྱན་པ་འཇིག་རྟེན་ཐམས་ཅད་ཀྱི་སྤྱོད་ཡུལ་ལས་འདས་པ། འཇིག་རྟེན་ལས་འདས་

(༥༦༨)པའི་དགེ་བའི་རྩ་བ་ལས་བྱུང་བ། སྒྱུ་མའི་རང་བཞིན་དང་སྤྱོད་ཡུལ་གྱིས་ཡོངས་སུ་གྲུབ་པ། ཆོས་ཀྱི་དབྱིངས་ལ་ཤིན་དུ་གནས་པར་སྣང་བ། ལྷ་རྫས་ཀྱི་ཡུལ་ལས་ཤིན་དུ་འདས་པ། ནོར་བུ་རིན་པོ་ཆེ་བཻཌཱུརྱའི་ཡུ་བ་ཅན། ཙནྡ་གྱི་རྒྱལ་པོ་མཚུངས་པ་མེད་པའི་སྙིང་པོ་ཅན། ཨ་སྨྲ་གར་པའི་ཟེ་བ་ཅན། འཛམ་བུ་ཆུ་ཀླུང་གི་གསེར་ལྟར་སྣང་བའི་ལོ་མ་ཅན། འོད་ཟེར་ཚད་མེད་པས་ཤིན་དུ་རྒྱས་པའི་ལྷུན་ཅན། རིན་པོ་ཆེ་ཐམས་ཅད་ཀྱིས་ནང་ཡོངས་སུ་སྤྲས་པ། རིན་པོ་ཆེ་མུ་མེད་པའི་དྲ་བས་ཀུན་ནས་གཡོགས་པ། སྟོང་གསུམ་བརྒྱ་སྟོང་ཕྲག་བཅུ་ཚང་བའི་རྡུལ་ཤིན་དུ་ཕྲ་བ་སྙེད་ཀྱི་རིན་པོ་ཆེའི་པ་མོ་ཆེན་པོའི་འཁོར་དང་ལྡན་པ་འབྱུང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ལུས་ཀྱང་དེ་དང་རྐྱེན་དུ་ཚང་ཞིང་དེའི་ཚུལ་དང་མཐུན་པར་གནས་སོ། །དེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཁྱད་པར་གྱི་དབང་བསྐུར་བ་དང་ལྡན་པའི་ཏིང་ངེ་འཛིན་ཐོབ་མ་ཐག་རིན་པོ་ཆེའི་པདྨོ་རྒྱལ་པོ་ཆེན་པོ་དེ་ལ་འདུག་པར་སྣང་སྟེ། རིན་པོ་ཆེའི་པདྨོའི་རྒྱལ་པོ་དེ་ལ་བྱང་ཆུབ་སེམས་དཔའ་དེ་འདུག་མ་ཐག་ཏུ་རིན་པོ་ཆེའི་པདྨོའི་རྒྱལ་པོ་དེའི་འཁོར་རིན་པོ་ཆེའི་པདྨོ་ཇི་སྙེད་དེ་སྙེད་འབྱུང་བ། བྱང་ཆུབ་སེམས་དཔའི་་ས་བྱང་ཆུབ་སེམས་དཔའ་དེ་ཡོངས་སུ་བསྐོར་ཏེ། རིན་པོ་ཆེའི་པདྨ་དེ་ལ་འཁོད་དེ་བྱང་ཆུབ་སེམས་དཔའ་དེ་ཉིད་ལ་ལྟ་ཞིང་ཡང་ཏིང་ངེ་འཛིན་བརྒྱ་སྟོང་ཕྲག་བཅུ་བཅུ་ལ་སྙོམས་པར་འཇུག་གོ། །བྱང་ཆུབ་སེམས་དཔའ་དེ་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་མཉམ་པར་བཞག་མ་ཐག་ཏུ། འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པར་གཡོ་བར་འགྱུར་རོ། །ངན་སོང་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །ཆོས་ཀྱི་དབྱིངས་ཐམས་ཅད་སྣང་བས་རྒྱས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་

(༥༦༩)ཡོངས་སུ་དག་པར་འགྱུར་རོ། །ཞིང་ཐམས་ཅད་དུ་སངས་རྒྱས་ཀྱི་སྒྲ་སྒྲག་པར་འགྱུར་རོ། །སྐལ་པ་དང་སྤྱོད་པར་འདུན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་འདུལ་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ལྷ་དང་མིའི་རོལ་མོ་བརྡུང་བ་དང་། དཀྲོལ་བའི་སྒྲ་འབྱུང་བར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་བདེ་བ་ཡང་སྐྱེ་བར་འགྱུར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་བསམ་གྱིས་མི་ཁྱབ་པའི་མཆོད་པ་དང་། རིམ་གྲོ་ཡང་རབ་ཏུ་འབྱུང་བར་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་ཡང་རྣམ་པར་དམིགས་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ས་བཅུ་པ་ནོན་མ་ཐག་ཏུ་ཡོན་ཏན་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་སྐད་ཅིག་ཉིད་ལ་རྫོགས་པར་འགྱུར་བ་སྟེ། དེའི་ཕྱིར་ན། འདི་ལྟར་དུ་འབྱུང་བ་ཡིན། བྱང་ཆུབ་སེམས་དཔའ་དེ་རིན་པོ་ཆེ་པདྨའི་རྒྱལ་པོ་དེ་ལ་འདུག་མ་ཐག་ཏུ་རྐང་པའི་མཐིལ་གཉིས་ཀྱི་འོག་ནས་འོད་ཟེར་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུ་འབྱུང་ངོ། །བྱུང་ནས་ཀྱང་ཕྱོགས་བཅུར་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་ཡན་ཆད་སྣང་བར་བྱས་ཏེ། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ། །དཔུས་མོའི་ལྷ་ང་གཉིས་ལས་འོད་ཟེར་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུ་འབྱུང་སྟེ། བྱུང་ནས་ཀྱང་ཕྱོགས་བཅུར་བྱོལ་སོང་གི་སྐྱེ་གནས་ཐམས་ཅད་སྣང་བར་བྱས་ནས། སྡུག་བསྔལ་རྣམས་ཀྱང་རབ་ཏུ་ཞི་བར་བྱེད་དོ། །ལྟེ་བའི་དཀྱིལ་ནས་འོད་ཟེར་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུ་འབྱུང་སྟེ། བྱུང་ནས་ཀྱང་ཕྱོགས་བཅུར་གཤིན་རྗེའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ནས། སྡུག་བསྔལ་རྣམས་ཀྱང་རབ་ཏུ་ཞི་བར་བྱེད་དོ། །གཡས་གཡོན་གྱི་རྩིབས་ལོགས་གཉིས་ནས་འོད་ཟེར་བརྒྱ་སྟོང་གྲངས་མེད་ཕྲག་བཅུ་འབྱུང་

(༥༧༠)སྟེ། བྱུང་ནས་ཀྱང་ཕྱོགས་བཅུར་མིའི་གནས་ཐམས་ཅད་སྣང་བར་བྱས་ཏེ། སྡུག་བསྔལ་རྣམས་ཀྱང་རབ་ཏུ་ཞི་བར་བྱེད་དོ། །ལག་པའི་མཐིལ་གཉིས་ནས་འོད་ཟེར་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུ་འབྱུང་སྟེ། བྱུང་ནས་ཀྱང་ཕྱོགས་བཅུར་ལྷ་དང་ལྷ་མ་ཡིན་གྱི་གནས་རྣམས་ཀྱང་སྣང་བར་བྱས་ནས། སྡུག་བསྔལ་རྣམས་ཀྱང་ཞི་བར་བྱེད་དོ། །ཕྲག་པ་གཉིས་ནས་འོད་ཟེར་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུ་བྱུང་སྟེ། བྱུང་ནས་ཀྱང་ཕྱོགས་བཅུར་ཉན་ཐོས་ཀྱི་ཐེག་པ་རྣམས་ཀྱི་གནས་སྣང་བར་བྱས་ནས། ཆོས་སྣང་བའི་སྒོ་ཡང་ཉེ་བར་སྒྲུབ་བོ། །རྒྱབ་དང་མགུལ་ནས་འོད་ཟེར་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུ་བྱུང་སྟེ། བྱུང་ནས་ཀྱང་སངས་རྒྱས་ཀྱི་གནས་ཐམས་ཅད་སྣང་བར་བྱས་ནས། ཞི་བའི་ཏིང་ངེ་འཛིན་གྱི་ཚུལ་གྱི་སྒོ་ལ་ཉེ་བར་སྒྲུབ་བོ། ཁའི་སྒོ་ནས་འོད་ཟེར་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུ་འབྱུང་སྟེ། བྱུང་ནས་ཀྱང་ཕྱོགས་བཅུར་བྱང་སེམས་དང་པོ་སྐྱེས་པ་ནས་གཟུང་བ་ཡན་ཆད་ས་དགུ་པ་ཐོབ་པའི་བར་དག་སྣང་བར་བྱས་ནས། ཤེས་རབ་དང་ཐབས་ཀྱི་ཚུལ་གྱི་སྒོ་ཡང་ཉེ་བར་སྒྲུབ་བོ། སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུ་བྱུང་སྟེ། བྱུང་ནས་ཀྱང་ཕྱོགས་བཅུར་བདུད་ཀྱི་གནས་ཐམས་ཅད་ཟིལ་གྱིས་མནན་ཏེ། དབང་བསྐུར་བའི་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་སྣང་བར་བྱས་ནས། དེ་དག་གི་གནས་སུ་ནུབ་པར་གྱུར་ཏོ། །ཡན་ལག་དམ་པའི་སྤྱི་གཙུག་ནས་འོད་ཟེར་སྟོང་གསུམ་བརྒྱ་སྟོང་གྲངས་མེད་པ་བཅུ་ཚང་བའི་རྡུལ་ཕྲ་བ་སྙེད་འབྱུང་སྟེ། ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང་གི་དཀྱིལ་འཁོར་སྣང་བར་བྱས་ཏེ། འཇིག་རྟེན་གྱི་ཁམས་ལན་བཅུར་བསྐོར་ནས།

(༥༧༡)འོད་ཟེར་གྱི་ཚུལ་དེ་དག་མཆོད་པའི་ཚགས་སུ་གྱུར་ཏེ། སངས་རྒྱས་རྣམས་ལ་མཆོད་པ་མཛད་དོ། །སེམས་དང་པོ་བསྐྱེད་པ་ནས་ས་དགུ་པ་ཐོབ་པའི་བར་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད་པའི་ཚོགས་ཀྱིས་ནི་ས་བཅུའི་མཆོད་པའི་སྤྲིན་གྱིས་བྱེ་བ་ཁྲག་ཁྲིག་གི་ཁྱད་དུ་ཡང་མི་ཕོད་དོ། །དུས་གསུམ་མཆོད་པའི་སྤྲིན་ཚོགས་རྒྱུན་ཆད་མེད་པར་སྟེང་འོག་ཕྱོགས་འཚམས་ཐམས་ཅད་ན་ལྷུན་གྱིས་གྲུབ་པར་འགྱུར་རོ། །སངས་རྒྱས་རྣམས་ཀྱི་ཞབས་ཀྱི་མཐིལ་གྱི་འོག་ཏུ་ནུབ་པར་འགྱུར་ཏེ། དེ་ནས་སངས་རྒྱས་དེ་དག་དང་། བྱང་སེམས་དེ་དག་གིས། འཇིག་རྟེན་གྱི་འཇམ་ཀླས་པ་མིང་འདི་དང་འདི་ཞེས་བྱ་བ་ཅིག་ཏུ་དེ་ལྟ་བུའི་སྤྱོད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དབང་བསྐུར་བའི་དུས་ལ་བབ་པར་ཐུགས་སུ་ཆུད་དོ། །དེའི་ཕྱིར་ན། ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའི་ས་དགུ་ལ་གནས་པའི་བར་གྱི་བྱང་སེམས་མཐའ་ཡས་པ་འོངས་ཏེ། བྱང་སེམས་དེ་ལ་ཀུན་ནས་བསྐོར་ནས་མཆོད་པ་ཆེན་པོ་བྱ་སྟེ། བྱང་སེམས་དེ་ཉིད་ལ་ཏིང་ངེ་འཛིན་སྟོང་བཅུ་ལ་སོ་སོ་ནས་མཉམ་པར་བཞག་གོ། །བྱང་ཆུབ་སེམས་དཔའ་དབང་བསྐུར་བའི་ས་ཐོབ་པ་རྣམས་ཀྱིས་དཔལ་གྱི་བེའུ་དང་། རྡོ་རྗེ་དང་། བཀྲ་ཤིས་ལས་བདུད་ཀྱི་དགྲ་ལས་རྣམ་པར་རྒྱལ་བ། ཞེས་བྱ་བའོ། །འོད་ཟེར་ཆེན་པོ་གཅིག་འོད་ཟེར་བརྒྱ་སྟོང་གྲངས་མེད་པ་བཅུ་དང་ལྡན་པ་འབྱུང་སྟེ། བྱུང་ནས་ཀྱང་ཕྱོགས་བཅུ་སྣང་བར་བྱས་ནས་ཆོ་འཕྲུལ་མུ་མེད་པ་ཡང་དག་པར་བསྟན་ཏེ། བྱང་སེམས་དེའི་དཔལ་བེའུ་དང་། རྡོ་རྗེ་དང་། བཀྲ་ཤིས་སུ་ནུབ་པར་འགྱུར་རོ། །འོད་ཟེར་དེ་དག་དེར་ནུབ་མ་ཐག་ཏུ་བྱང་སེམས་དེའི་སྟོབས་དང་། མཐུ་ཡང་བརྒྱ་ཕྲག་སྟོང་འགྱུར་བས་ཀྱང་ལྷག་པར་

(༥༧༢)མངོན་པར་འཕེལ་བར་སྣང་ངོ། །དེ་ནས་སངས་རྒྱས་དེ་དག་གི་སྨིན་མཚམས་ཀྱི་མཛོད་སྤུ་ནས་སངས་རྒྱས་ཀྱི་མངོན་པར་ཤེས་པ་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་གྱི་འཁོར་ལོ་གྲངས་མེད་པ་དང་ལྡན་པ་འབྱུང་སྟེ། དེ་དག་གིས་ཕྱོགས་བཅུ་འཇིག་རྟེན་མ་ལུས་སྣང་བར་བྱས་ནས། འཇིག་རྟེན་ལན་བཅུར་བསྐོར་ཏེ། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་བསྟན་ཏེ། བྱང་སེམས་བྱེ་བ་ཁྲག་ཁྲིག་མང་པོ་ཡང་དག་པར་བསྐུལ་ནས། སངས་རྒྱས་ཀྱི་ཞིང་འཇམ་ཀླས་པ་ཐམས་ཅད་རྣམ་པ་དྲུག་ཏུ་བསྐྱོད་དོ། །ངན་སོང་ཐམས་ཅད་ཀྱི་ལམ་གྱི་རྒྱུད་དང་། སྐྱེ་བ་དང་འཆི་འཕོ་མེད་པར་བྱས་ནས། བདུད་ཀྱི་གནས་ཐམས་ཅད་ཟིལ་གྱིས་མནན་ཏེ། སངས་རྒྱས་ཐམས་ཅད་མངོན་པར་སངས་རྒྱས་པའི་གདན་ཡང་དག་པར་བསྟན་ནས་སངས་རྒྱས་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་ས་བརྒྱན་པའི་མཐུ་རབ་ཏུ་བསྟན་ཏེ། འཇིག་རྟེན་གྱི་ཁམས་ཆོས་ཀྱིས་ཀླས་པ་ནམ་མཁའི་མཐས་གཏུགས་པ་ཐམས་ཅད་སྣང་བར་བྱས་ནས་ཕྱིར་ལོག་སྟེ། བྱང་སེམས་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཀྱི་སྟེ་ནས་བསྐོར་བར་བྱས་ཏེ། རྒྱན་ཆེན་པོ་བསྟན་ནས། འོད་ཟེར་དེ་དག་བྱང་སེམས་དེའི་ཡན་ལག་གི་དམ་པར་ནུབ་བོ། །དེའི་འཁོར་གྱི་འོད་ཟེར་རྣམས་ཀྱང་། དེ་ལྟར་འཚོགས་པའི་བྱང་སེམས་རྣམས་ཀྱི་མགོར་ནུབ་པར་འགྱུར་རོ། །འོད་ཟེར་དེ་དག་གིས་ཕོག་མ་ཐག་ཏུ། བྱང་སེམས་དེ་དག་གིས་སྔན་ཆད་མ་ཐོབ་པའི་ཏིང་ངེ་འཛིན་སྟོང་ཕྲག་བཅུ་བཅུ་རབ་ཏུ་འཕྲོས་ཤིང་ཐོབ་བོ། །འོད་ཟེར་དེ་དག་གིས་ཕོག་མ་ཐག་ཏུ་བྱང་སེམས་དེའི་ཡན་ལག་དམ་པ་ལ་འཆར་བར་འགྱུར་ཏེ། བྱང་སེམས་དེ་ཡང་སངས་རྒྱས་ཀྱི་སྤྱོད་ཡུལ་ལས་མངོན་པར་དབང་བསྐུར་བ་ཞེས་བྱའོ། །སྟོབས་བཅུ་ཡོངས་སུ་རྫོགས་ནས་ནི་སངས་རྒྱས་སུ་བགྲངས་མང་ཐོབ་པར་འགྱུར་རོ། །དེ་བཞིན་དུ་རྒྱལ་བའི་སྲས་ས་བཅུ་

(༥༧༣)ནོན་པ་ལ་སངས་རྒྱས་རྣམས་ཀྱིས་དབང་བསྐུར་བས། སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་རྣམས་དེ་མ་ཐག་ཏུ་རྫོགས་ཤིང་། ཁམས་གསུམ་པ་ལ་སོགས་པ་རྣམས་སུ་རྩོལ་བ་དང་སྒྲུབ་པ་མེད་པར་འགྲོ་དོན་རྒྱ་ཆེན་པོ་སྒྲུབ་པར་ནུས་པ་དང་། ཉན་རང་གི་ཚོགས་དང་། བྱང་སེམས་ཀྱི་ཚོགས་དང་། །སངས་རྒྱས་ཀྱི་ཚོགས་གྲངས་མེད་ཅིང་བསམ་གྱིས་མི་ཁྱབ་པར་སྤྲུལ་ཞིང་ཆོས་ཀྱི་འཁོར་ལོར་བསྐོར་བ་དང་། རྫུ་འཕྲུལ་དང་ཆོ་འཕྲུལ་ཐོགས་པ་མེད་པར་སྟོན་ནུས་པའོ། །ས་བཅུ་ནོན་པ་རྒྱལ་བའི་སྲས་ཀྱིས་དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། ལས་དང་ཉོན་མོངས་ཞི་བའི་བྱིན་རླབས་དང་། དུས་དང་སྨོན་ལམ་དང་། ཆོས་སྤྲིན་དང་། སྤྱོད་པ་ལ་སོགས་པ་བསྐལ་པའི་མཐའི་བར་དུ་བྱིན་རླབས་རྒྱུན་ཆད་མེད་པར་འབྱུང་བའོ། །སངས་རྒྱས་རྣམས་ཀྱིས་ཕྲ་ཞིང་ཕྲ་བའི་ཡེ་ཤེས་གྲངས་མཐའ་ཡས་པ་ལ་འཇུག་པ་སྟེ། སྐྱེ་བ་དང་འཕོ་བ་འཕྲ་བའི་ཡེ་ཤེས་དང་། སྐུ་ཚེ་ཕྲ་བ། མངོན་པར་འབྱུང་བ་དང་། མངོན་ཤེས་སྤྱོད་པ་རྣམ་པར་འཕྲུལ་པ་ཕྲ་བ་ལ་འཇུག་པའི་ཡེ་ཤེས་རྣམ་པར་འཕྲུལ་པ་ལ་སོགས་པའི་ཡེ་ཤེས་མངོན་དུ་འཆར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཕྲ་བ་ལ་འཇུག་པའི་ཡེ་ཤེས་གྲངས་ཅན་གྲངས་མེད་མངོན་སུམ་དུ་མཁྱེན་ཞིང་སྒྲིབ་པ་མེད་དོ། །ས་བཅུ་པའི་རྒྱལ་བའི་སྲས་ནི། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་དང་དུས་དང་དུས་མ་ཡིན་པར་ཐུགས་སུ་ཆུད་པའི་གསང་བ། ལུང་བསྟན་པའི་གསང་བ། སེམས་ཅན་བསྡུ་བ་དང་ཚར་བཅད་པའི་གསང་བ། ཐེག་པ་སྣ་ཚོགས་ཀྱི་སྒྲ་དོན་རྟོགས་པའི་གསང་བ། སེམས་ཅན་རྣམས་ཀྱི་དབང་པོ་སྤྱོད་པ།

(༥༧༤)ལས་དང་བྱ་བ་སྣ་ཚོགས་འཇུག་པའི་གསང་བ། ལེགས་པར་སྤྱོད་པ་མཐར་ཕྱིན་ནས་སངས་རྒྱས་པའི་རང་བཞིན་ཐུགས་སུ་ཆུད་པས་གསང་བ་དེ་དག་ཅི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ས་བཅུ་པའི་རྒྱལ་སྲས་ནི་རྫུ་འཕྲུལ་ཆེན་པོ་ཐོབ་པ་སྟེ། བསྐལ་པ་གྲངས་མེད་པ་ལ་བསྐལ་པ་གཅིག་ཏུ་འཇུག་པ་དང་། བསྐལ་པ་གྲངས་མེད་པ་དགུ་སྐད་ཅིག་ཙམ་དུ་འཇུག་པ་དང་། སྐད་ཅིག་ལ་གྲངས་མེད་པར་བྱིན་གྱིས་བརླབ་པ་དང་། སངས་རྒྱས་བཞུགས་པའི་བསྐལ་པ་ལ་སངས་རྒྱས་མི་བཞུགས་པར་འཇུག་པ་དང་། སངས་རྒྱས་མེད་པའི་བསྐལ་པ་ལ་སངས་རྒྱས་སྤྱོད་པར་འཇུག་པ་དང་། དུས་གསུམ་དུས་གཅིག་ཏུ་བྱིན་གྱིས་བརླབས་པ་ནི། དུས་གསུམ་ལ་ད་ལྟར་བ་ལ་དུས་གསུམ་བྱིན་གྱིས་རློབ་ཅིང་དུས་གསུམ་གྱི་བྱེ་བྲག་ཀྱང་གྲངས་མཐའ་ཡས་པར་བྱིན་གྱིས་བརླབས་ཤིང་འཇུག་པའོ། །དུས་རིང་པོ་ལ་ཐུང་བཞིར་བྱིན་གྱིས་བརླབས་པ་དང་། །དུས་ཐུང་བ་ལ་རིང་བར་བྱིན་གྱིས་བརླབས་ཤིང་འཇུག་པ་དང་། དེ་དག་ལ་སོགས་པ་མཁྱེན་པའི་ཡེ་ཤེས་དང་། ཆོ་འཕྲུལ་སྣ་ཚོགས་འབྱུང་བའི་ཡེ་ཤེས་བར་འགྱུར་རོ། །སངས་རྒྱས་རྣམས་ཀྱིས་ཐུགས་སུ་ཆུད་པའི་ཡེ་ཤེས་ས་བཅུ་མགོན་པོ་ཡིས། ཅི་སྙེད་ཙམ་ལ་དབང་བསྒྱུར་ཏེ། སྐྲའི་རྩེ་མོ་ལ་འཇུག་པའི་ཡེ་ཤེས་སམ། རྡུལ་ཤིན་ཏུ་ཕྲ་བ་ལ་འཇུག་པའི་ཡེ་ཤེས་སམ། ཞིང་མང་པོ་མངོན་པར་འཚངས་རྒྱ་བ་ལ་འཇུག་པའི་ཡེ་ཤེས་སམ། སེམས་ཅན་གྱི་ལུས་དང་། སེམས་མངོན་པར་འཚང་རྒྱ་བ་ལ་འཇུག་པའི་ཡེ་ཤེས་སམ། རྟེན་འབྲེལ་གཞིའི་སྤྱོད་པ་ལ། འཇུག་པའི་ཡང་དག་པར་བསྟན་པའི་ཡེ་ཤེས་སམ། ལུགས་དང་མཐུན་པའི་སྤྱོད་པ་ཡང་དག་པར་བསྟན་པ་ལ་འཇུག་པའི་ཡེ་ཤེས་སམ། ལུགས་དང་མི་མཐུན་པའི་སྤྱོད་པ་ཡང་དག་པར་བསྟན་པ་ལ་འཇུག་པའི་ཡེ་ཤེས་

(༥༧༥)སམ། འཇིག་རྟེན་བསམ་དུ་རུང་བ་དང་། བསམ་དུ་མི་རུང་བ་དང་། རྣམ་པར་ཤེས་པར་རུང་བ་དང་། རྣམ་པར་ཤེས་པར་མི་རུང་བའི་སྤྱོད་པ་ཡང་དག་པར་བསྟན་པ་ལ་འཇུག་པའི། ཡེ་ཤེས་སམ། ཉན་ཐོས་ཀྱི་ཤེས་པར་བྱ་བ་དང་། རང་སངས་རྒྱས་ཀྱི་ཤེས་པར་བྱ་བ་དང་། བྱང་སེམས་ཀྱི་ཤེས་པར་བྱ་བ་དང་། སངས་རྒྱས་ཀྱིས་མཁྱེན་པར་བྱ་བ་དང་། སྤྱོད་པ་ཡང་དག་པར་འཇུག་པའི་ཡེ་ཤེས་དེ་དག་ཐམས་ཅད་ཀྱང་ཡང་དག་པར་ལྟ་བ་དེ་བཞིན་དུ་དེས་རབ་ཏུ་ཤེས་སོ། །དེའི་ཕྱིར་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡེ་ཤེས་ཤིན་དུ་ཡངས་པ་ཚད་མེད་པས། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་རབ་ཏུ་ཐོབ་བོ། །སྒྲིབ་པ་མེད་པ་ཞེས་བྱ་བ་དང་། རྣམ་པར་དག་པ་རབ་ཏུ་འབྱེད་པ་ཞེས་བྱ་བ་སྒོ་ཀུན་ཏུ་སྣང་བ་དང་། སངས་རྒྱས་ཀྱི་མཛོད་ཅེས་པ་དང་། འཁོར་ལོ་ཐོགས་མེད་པ་དང་ལྡན་པ་དང་། དུས་གསུམ་གྱི་རྗེས་སུ་སོང་བ་དང་། ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་བྱ་བའོ། །རྣམ་པར་ཐར་པའི་དཀྱིལ་འཁོར་སྣང་བར་བྱ་བ་དང་། ཡུལ་མ་ལུས་པ་དང་། བྱང་སེམས་རྣམ་པར་ཐར་པ་རབ་ཏུ་ཐོབ་བོ། །དེའི་ཕྱིར་ན། བྱང་སེམས་རྣམ་པར་ཐར་པ་བཅུ་པོ་དེ་དག་ལ་སོགས་པ། རྣམ་པར་ཐར་པའི་སྒོ་བརྒྱ་སྟོང་ཉིད་གྲངས་མེད་པ། བྱང་སེམས་ས་བཅུ་པོ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་རབ་ཏུ་ཐོབ་སྟེ། དེ་བཞིན་དུ་ཏིང་ངེ་འཛིན་བརྒྱ་སྟོང་དང་། གཟུངས་དང་མངོན་ཤེས་ཚད་མེད་པར་རྫོགས་པར། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་གྲངས་མེད་པས་སྐད་ཅིག་ཙམ་ལ་བྱིན་གྱིས་བརླབས་པས་ཐེག་པ་ཆེན་པོའི་ཆོས་ཀྱི་ཕུང་པོ་

(༥༧༦)ཐམས་ཅད་ཀྱང་ཆོས་ཀྱི་སྤྲིན་ཆེན་པོ་འཛིན་ཞིང་། ཆོས་ཀྱི་ཆར་རྒྱུན་ཕྱོགས་མེད་དུ་འབེབས་སོ། །ས་བཅུ་པའི་རྒྱལ་བའི་སྲས་ནི་སངས་རྒྱས་ཀྱི་གསང་བ་ལ་འཇུག་སྟེ། ཆོས་ཐམས་ཅད་ཀྱི་སྣང་བ་ཆེན་པོ་དང་། ཆོས་ཀྱི་སྤྲིན་ཆེན་པོ་བསམ་གྱིས་མི་ཁྱབ་པ་འཁྲིགས་པ་ནི་སེམས་ཅན་དང་། ཉན་རང་། ས་དང་པོ་ནས་གཟུང་སྟེ། ས་དགུ་པའི་བར་ལ་གནས་པའི་སྐྱེས་བུ་རྣམས་ཀྱིས་ཤེས་ཤིང་བཟོད་པར་དཀའ་བོ། །ས་བཅུ་ལ་གནས་པ་ཡིས་སྐད་ཅིག་ཙམ་ལ་ཆོས་ཀྱི་སྣང་བ་ཆེན་པོ་དང་། ཆོས་ཀྱི་འོད། ཆོས་ཀྱི་སྤྲིན། ཆོས་ཀྱི་འབྲུག་སྒྲ། ཆོས་ཀྱི་ཆར་རྒྱུན་ལ་སོགས་པ། རྫུ་འཕྲུལ་སྣ་ཚོགས་བསྟན་ནུས་པའོ། །དཔེར་ན། སངས་རྒྱས་རྡོ་རྗེ་པདྨོའི་བླ་མ་ཞེས་བྱ་བ་ཡོད་དེ། དེའི་བློ་རྣམ་པར་རྒྱལ་བ་ཞེས་བྱ་བ་ཡིས་ཆོས་ཐམས་ཅད་ལ་ཐོས་ཤིང་དབང་ཐོབ་པར་འགྱུར་ཏེ། སེམས་ཅན་ཐམས་ཅད་ལ་བསྐལ་པ་གྲངས་མེད་པར་རྫུ་འཕྲུལ་སྣ་ཚོགས་ཀྱིས་ཆོས་བསྟན་ཀྱང་། ས་བཅུ་ཆོས་ཀྱི་སྤྲིན་ལ་གནས་པ་ཡིན། སྐད་ཅིག་ཏུ་ཆོས་བསྟན་པའི་ཆ་ཕྲའུ་ཙམ་ཡང་བསྒྲང་བར་མི་འགྱུར་རོ། །དེའི་ཕྱིར་ན། ས་བཅུ་པའི་རྒྱལ་སྲས་ཀྱིས། གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་ལས་ཇི་སྙེད་པ་ཙམ་མཁྱེན་པར་འགྱུར་རོ། །རང་གི་སྨོན་ལམ་གྱི་སྟོབས་ཀྱིས། སྙིང་རྗེ་ཆེན་པོའི་སྤྲིན་ལས་ཆོས་ཀྱི་འབྲུག་སྒྲ་སྒྲོག་པ་དང་། མི་འཇིགས་པའི་གློག་འགྱུ་བ་དང་། ཆོས་ཀྱི་འོད་ཟེར་འགྱེད་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་སྤྲིན་འཁྲིགས་པ་ལས། ཐེག་པ་སྣ་ཚོགས་པའི་ཆོས་ཀྱི་ཆར་རྒྱུན་གྱིས། འགྲོ་བ་དྲུག་དང་། ས་དགུ་ཡན་ཆོད་ཚིམ་པར་མཛད་པ་དང་། ས་བཅུ་ཆོས་ཀྱི་སྤྲིན་ལ་གནས་

(༥༧༧)པ་ཡིས། ཕྱོགས་བཅུའི་ཞིང་ཁམས་དགའ་ལྡན་དུ་བྱིན་གྱིས་བརླབས་ནས་གྲངས་མེད་པར་དགའ་ལྡན་ནས་འཕོ་བ་དང་། ཡུལ་གྱི་སྐུར་བཞུད་པ་དང་། བལྟམས་པའི་ཚེ་དང་། མངོན་པར་འབྱུང་བ་དང་། སངས་རྒྱས་པ་དང་། གསོལ་བ་བཏབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་འདས་པའི་བར་དུ་སེམས་ཅན་གྱི་བསམ་པ་ཚིམ་པར་བྱེད་པ་དང་། འདུལ་བའི་ཐབས་སྣ་ཚོགས་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཀྱིས། ཆོ་འཕྲུལ་ཆེན་པོ་སྟོན་ཏོ། །འཇིག་རྟེན་གྱི་ཁམས་ཡངས་པ་དོག་པར་བྱིན་གྱིས་བརློབ་བོ། །དོག་པ་ཡངས་པར་བྱིན་གྱིས་བརློབ་རྣམ་པར་དག་པ་ཉོན་མོངས་པར་བྱིན་གྱིས་བརློབ། འཇིག་རྟེན་གྱི་ཁམས་རྟེན་འབྲེལ་གཞི་དང་། སྤྱིའུ་ཚུགས་དང་། བཞིན་མཉམ་པ་ལ་སོགས་པའི་འཇིག་རྟེན་གྱི་ཁམས་གྲངས་མེད་པར་སྤྲུལ་ཞིང་སེམས་ཅན་རྣམས་ཇི་ལྟར་འདོད་པ་བཞིན་དུ་བྱིན་གྱིས་བརླབ་བོ། །འཇིག་རྟེན་གྱི་ཁམས་གྲངས་མེད་པ་རྣམས་འཇིག་རྟེན་གྱི་ཁམས་གཅིག་ཏུ་བསྡུད་ཅིང་བྱིན་གྱིས་བརླབས་ཀྱང་། སེམས་ཅན་རྣམས་ལ་གནས་པར་མི་འགྱུར་རོ། །ཡུལ་ཁམས་གཅིག་ལས་འཇིག་རྟེན་གྱི་ཁམས་གྲངས་མེད་པར་སྤྲུལ་ཡང་། སེམས་ཅན་རྣམས་ལ་མི་གནོད་ཅིང་། མི་ཤེས་སོ། །སྐྲའི་རྩེ་མོ་གཅིག་ལ་སངས་རྒྱས་ཀྱི་ཞིང་ཁམས་གྲངས་མེད་པ་སྤྲུལ་ཞིང་སྟོན་ནུས་སོ། །ས་བཅུ་ལ་གནས་པའི་རྒྱལ་སྲས་ཀྱིས་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་དག་ན། རྡུལ་ཕྲ་བ་ཇི་སྙེད་ཡོད་པའི་གྲངས་དང་མཉམ་པར་སྤྲུལ་པའི་སྐུ་དེ་དང་མཉམ་པར་འགྱེད་དོ། །ལུས་རེ་རེ་ལ་ཡང་དེ་སྙེད་ཀྱི་ལག་པ་སྟོན་ཏེ། ཕྱོགས་བཅུ་དུས་

(༥༧༨)གསུམ་གྱི་གྲངས་མེད་པ་རྣམས་མཆོད་དེ། ཀུན་ཏུ་བཟང་པོའི་སྤྲིན་ཕུང་ལྟར་གྲུབ་པ། བྱེ་བྲག་གྲངས་མཐའ་ཡས་པས་རྒྱུན་ཆད་མེད་པར་མཆོད་ནུས་སོ། །སྤྲུལ་པའི་ལུས་རེ་རེ་ལ་ཡང་། མགོ་དང་། ལྕེ་དང་། སྐད་ལ་སོགས་པ་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས། སངས་རྒྱས་རྣམས་ལ་མཆོད་ཅིང་བསྟོད་པ་དང་། སེམས་ཅན་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་ནུས་སོ། །བྱང་ཆུབ་སེམས་དཔའི་ལུས་ཀྱི་དཀྱིལ་འཁོར་གཅིག་ལ་དུས་གསུམ་གྱི་བཀོད་པ་མ་ལུས་པ་ཚང་བ་ནུས་ཏེ། །རང་གི་ལུས་ལ་སངས་རྒྱས་དང་། རྒྱལ་བ་མ་ལུས་པ་བཞུགས་པར་བྱིན་གྱིས་བརློབ་ཅིང་། སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཐམས་ཅད་འཇིག་ཆགས་སྟོངས་གནས་ལ་སོགས་པ་རང་གི་ལུས་ལ་གནས་ཤིང་སྟོན་པར་ནུས་སོ། །རླུང་གི་དཀྱིལ་འཁོར་ཐམས་ཅད་ཀྱང་བ་སྤུའི་བུ་ག་ནས་གཏོང་སྟེ། སེམས་ཅན་རྣམས་ལ་གནོད་པར་མི་ནུས་སོ། །ཆུའི་ཕུང་པོ་རྒྱ་མཚོ་ལ་སོགས་ཏེ་འབྱུང་བའི་ཚོགས་ཐམས་ཅད་ཀྱང་རང་གི་ལུས་ངག་ཡིད་གསུམ་ལས་བྱུང་ཞིང་ཐོབ་པར་སྟོན་ཏོ། །ཕྱོགས་རང་གི་ལུས་ལས་སངས་རྒྱས་ཀྱི་ཞིང་ཁམས་དང་། སྐུ་དང་། ཉན་རང་གི་ཚོགས་དང་། བྱང་སེམས་ཀྱི་ཚོགས་དང་། ཆོས་ཀྱི་སྒྲ་སྐད་བསམ་གྱིས་མི་ཁྱབ་པ་དང་། སྤྲུལ་པའི་སྐུ་རྣམས་མཉམ་པ་དང་། སངས་རྒྱས་པ་དང་། བདུད་གཏུལ་བ་དང་། མྱ་ངན་ལས་འདས་པ་ལ་སོགས་པ་ཆོ་འཕྲུལ་སྣ་ཚོགས་བྱང་སེམས་ཀྱི་ལུས་ངག་ཡིད་གསུམ་སྟོན་ཞིང་། དངོས་སུ་བསྟན་ཏོ། །དེའི་ཚེ་དེའི་དུས་ན་ཚངས་པ་དང་བརྒྱ་བྱིན་འཇིག་རྟེན་སྐྱོང་བ། འཇིག་རྟེན་གསུམ་གྱི་མགོན་པོ། སྲིད་པ་གསུམ་གྱི་མཐུ་སྟོབས་དང་ལྡན་པ་རྣམས་ཐེ་ཚོམ་ཟོས་ཏེ། བྱང་སེམས་རྣམས་ལ་སྟོབས་འདི་ཙམ་

(༥༧༩)ཡོད། སངས་རྒྱས་རྣམས་ལ་རྫུ་འཕྲུལ་དང་ཆོ་འཕྲུལ་ཅི་ཡོད་སྙམ་ཞིང་། སེམས་ཡམ་ཡོམ་དུ་གྱུར་ཏོ། །དེའི་ཚེ་དེའི་དུས་ན་ཐུབ་པ་ཆེན་པོ་རྣམ་པར་སྣང་མཛད། དེའི་རྣམ་འཕྲུལ་ཀུན་ཏུ་བཟང་པོ། དེ་ཡིས་བྱིན་གྱིས་བརླབས་པ་རྡོ་རྗེ་སྙིང་པོ་ཡིས། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཐེ་ཚོམ་བསལ་བའི་ཕྱིར། སྐད་ཅིག་ཉིད་ལ་ས་བཅུ་ཆོས་ཀྱི་སྤྲིན་གྱིས། ཏིང་ངེ་འཛིན་སངས་རྒྱས་ཀྱི་ཞིང་གི་ལྷུན་དང་། རང་བཞིན་རྣམ་པར་དག་པ་ཞེས་བྱ་བ་ལ་སྙོམས་པར་འཇུག་གོ། །དེའི་ཚེ་དེའི་དུས་ན། རྡོ་རྗེ་སྙིང་པོའི་ལུས་ཀྱི་ཕྱི་ནང་ཐམས་ཅད་ན་སངས་རྒྱས་ཀྱི་ཞིང་དང་། འཇིག་རྟེན་གྱི་ཁམས་གྲངས་མེད་པ་རང་བཞིན་གྱི་ལྷུན་གྱིས་གྲུབ་པར་སྤྲུལ་ཏེ། དེ་བྱང་ཆུབ་ཀྱི་ཤིང་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུར་ཁྱབ་པའི་ལྷུན་ཅན་སྟོང་གསུམ་ཁྲག་ཁྲིག་ཡོངས་སུ་ཚངས་པ་ཙམ་དུ་ཡངས་ཤིང་ཚད་མེད་པའི་ཡལ་ག་ཅན། རྩེ་མོ་ཤིན་ཏུ་མཐོ་བ་བྱུང་སྟེ། དེ་དང་རྐྱེན་དུ་འབབ་པར་དེའི་དྲུང་གི་སྙིང་པོ་བྱང་ཆུབ་ལ་སེང་གེའི་ཁྲི་རྒྱ་ཆེན་པོ་བྱུང་ནས། དེ་ལ་སངས་རྒྱས་ཀྱི་མངོན་པར་ཤེས་པའི་བློ་གྲོས་ཐམས་ཅད་ཀྱི་རྒྱལ་པོ་ཞེས་བྱ་བ། སྙིང་པོ་བྱང་ཆུབ་ཏུ་གཤེགས་ཏེ། བཞུགས་པར་མཐོང་ངོ་། །དེ་ལྟར་དེ་ན་རྒྱན་ཇི་སྙེད་སྣང་བ་དེ་དག་གི་བསྐལ་པ་ཁྲག་ཁྲིག་ཡོངས་སུ་ཚང་བས་ཀྱང་བརྗོད་པར་དཀའ་འོ། །ཆོ་འཕྲུལ་ཆེན་པོ་འདི་བསྟན་པས་བྱང་སེམས་འཁོར་དེ་དག་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་གྱི་མགོན་པོ་དང་། དབང་ཕྱུག་ཆེན་པོ་དང་། གནས་གཙང་མའི་རིགས་སུ་གཏོགས་པའི་འཁོར་དེ་དག་ཐམས་ཅད་སོ་སོའི་གནས་ཇི་བཞིན་དུ་

(༥༨༠)བཀོད་པ་དང་། དེ་ནས་འཁོར་དེ་དག་ཐམས་ཅད་ངོ་མཚར་རྨད་དུ་གྱུར་ནས་མི་སྨྲ་བར། བྱང་སེམས་རྡོ་རྗེ་སྙིང་པོས་དེ་ཉིད་ལ་སེམས་ཤིང་འཁོད་བར་གྱུར་ཏེ། དེ་ནས་བྱང་སེམས་རྣམ་པར་གྲོལ་བའི་ཟླ་བས། བྱང་སེམས་རྡོ་རྗེ་སྙིང་པོ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་བའི་སྲས། ཏིང་ངེ་འཛིན་འདིའི་མཐུ་རྣམ་པར་བཀོད་པ་དེའི་རྨད་དུ་བྱུང་བ་ངོ་མཚར་ཆེ་ན། རྒྱལ་བའི་སྲས། ཏིང་ངེ་འཛིན་དེའི་མིང་ཅི་ཞེས་བྱ་བ། བྱང་སེམས་རྡོ་རྗེ་སྙིང་པོས་ཏིང་ངེ་འཛིན་འདི་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་ལྷུན་གྲུབ་དང་། རང་བཞིན་དག་པར་སྟོན་པ་ཞེས་བྱའོ། །བྱང་སེམས་རྣམ་པར་གྲོལ་བའི་ཟླ་བས། ཏིང་ངེ་འཛིན་འདི་སྤྱོད་ཡུལ་དང་། ཡུལ་དང་རྒྱན་ཇི་ལྟ་བུ་ཡིན། བྱང་སེམས་རྡོ་རྗེ་སྙིང་པོས། བྱང་སེམས་ཀྱི་ཏིང་ངེ་འཛིན་འདི་ལ་ཤིན་ཏུ་གོམས་པ་ནི་འདོད་ལ། སངས་རྒྱས་ཀྱི་ཞིང་འདི་འདྲ་བ་འཇིག་རྟེན་གྱི་ཁམས་ཆུ་ཀླུང་གང་འགའི་བྱེ་མ་སྙེད་དམ། དེ་བས་ཀྱང་མང་དུ་རུང་གིས་ལུས་གྲངས་མེད་པ་བསྟན་ཏོ། །ས་བཅུ་ཆོས་ཀྱི་སྤྲིན་ལ་གནས་པ་ཡིས་ཏིང་ངེ་འཛིན་འདྲ་བ་གྲངས་མེད་པ་ཐོབ་སྟེ། ས་དགུ་པ་རྒྱལ་ཚབ་ཏུ་དབང་བསྐུར་བ་ཡིས་ཀྱང་ཤེས་པར་དཀའ་འོ། །ས་བཅུ་མགོན་པོ་ཡིས་ལུས་ངག་ཡིད་གསུམ་གྱི་རྣམ་འཕྲུལ། ཡེ་ཤེས་དང་ཡེ་ཤེས་ཀྱི་བྱེ་བྲག་དང་། རྣམ་འཕྲུལ་གྱི་བྱིན་རླབས་དང་། ཕྲིན་ལས་ཀྱི་མཐུ་སྟོབས་ལ་སོགས་པ་རྣམས་ནི། རྒྱལ་ཚབ་དུ་དབང་བསྐུར་བའི་ས་དགུ་པ་མན་ཆོད་ཀྱི་ཤེས་པར་སླ་བ་མ་ཡིན་ནོ། །ས་བཅུ་ཆོས་ཀྱི་སྤྲིན་འདི་ནི་མདོར་བསྡུས་ཏེ་བསྟན་ཡང་ཚད་མེད་པ་སྟེ། རྒྱས་པར་ནི་བསྐལ་པ་གྲངས་མེད་པར་བསྟན་ཡང་མཐར་ཐུག་པར་མི་འགྱུར་རོ། །རྒྱལ་སྲས་

(༥༨༡)ས་བཅུའི་མགོན་པོ་ཡིས། སྤྱོད་པའི་ཡུལ་དང་བྱིན་རླབས་ཀྱང་ཚད་མེད་ན། སངས་རྒྱས་རྣམས་ཀྱི་སྤྱད་ཡུལ་དང་། ཡོན་ཏན་གྱི་ཚོགས་རྣམས་ཅི་འདྲ་བ་ཅིག་ཡོད། རྣམ་གྲོལ་ཟླ་བས་དེ་སྐད་ཞུས་པས། རྡོ་རྗེ་སྙིང་པོས་འདི་སྐད་སྨྲས་པ། དཔེར་ན་མི་འགའ་ཞིག་གིས་གླིང་བཞི་རི་རབ་དང་བཅས་པ་ནས་རྡེའུ་སྲན་མ་གསུམ་བླངས་ཏེ། འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དག་ན་སའི་ཁམས་ཇི་སྙེད་ཡོད་པ་དང་། རྡེའུས་ཁྱབ་པར་ཇི་ཙམ་ཡོད་སྙམ་དུ་བསམ་པ་བཞིན་དུ། སངས་རྒྱས་ཀྱི་ཡོན་ཏན་གྱི་ཚོགས་རྣམས་དང་། རྒྱལ་སྲས་ས་བཅུ་པའི་ཡོན་ཏན་གྱི་ཚོགས་རྣམས་དང་ཁྱད་པར་འདི་ཙམ་དུ་ཡོད་དོ། །དཔེར་ན། ས་བཅུ་པའི་ཡོན་ཏན་ནི། ཆུ་ཐིགས་པ་གཅིག་དང་འདྲ་བ་ཡིན་ན། སངས་རྒྱས་ཀྱི་ཡོན་ཏན་ཕྲིན་ལས་ཀྱི་ཚོགས་ནི་རྒྱ་མཚོ་མཐའ་ཡས་པའི་ཆུ་དང་འདྲ་བ་ཡིན། རྒྱ་མཚོ་བ་ལང་རྨིག་རྗེས་ཆུ་དང་མཚུངས། ཤེས་པ་ཡང་དོན་འདི་ལ་previous hit དགོངས next hit་ཡིན། དེའི་ཕྱིར་ན། བྱང་སེམས་ས་བཅུ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡེ་ཤེས་སྣང་བ་ཡང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་སེམས་དང་པོ་ཉེ་བར་གཟུང་བ་ཡན་ཆད། བྱང་ཆུབ་སེམས་དཔའི་ས་དགུ་པ་ལ་གནས་པའི་བར་གྱི་བྱང་སེམས་རྣམས་ཀྱིས་ཀྱང་མི་འཕྲོགས་པ་ཡིན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཆོས་ཉིད་ལ་ཡང་། སེམས་ཅན་རྣམས་རབ་ཏུ་བཞག་གོ། །བྱང་སེམས་ཡེ་ཤེས་དེ་ལྟ་བུ་དང་ལྡན་པ་ཡིན། སངས་རྒྱས་རྣམས་ཀྱིས་དུས་གསུམ་གྱི་ཡེ་ཤེས་ཡང་དག་པར་བསྟན་ནོ། །ཆོས་ཀྱི་དབྱིངས་རབ་ཏུ་ཕྱེ་བའི་ཡེ་ཤེས་དང་། འཇིག་རྟེན་གྱི་ཁམས་རྒྱས་པར་དགང་བ་དང་། འཇིག་རྟེན་

(༥༨༢)གྱི་ཁམས་ཐམས་ཅད་དུ་སྣང་བར་བྱིན་རླབས་པ་དང་། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་གི་ཆོས་ཡོངས་སུ་ཤེས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ལ་འཇུག་པའི་ཡེ་ཤེས་ནས་མདོར་བསྡུས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་བར་དུ་ཡང་དག་པར་བསྟན་ཏོ། །ཕ་རོལ་ཏུ་ཕྱིན་པ་བཅུ་ལས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་སྤྲིན་ཞེས་བྱ་བ་བྱང་སེམས་ས་བཅུ་པ་མདོར་བསྟན་པའོ། །རྒྱ་ཆེར་ནི་བསྐལ་པ་གྲངས་མེད་པ་ནས་བསྟན་པ་མཐར་ཐུག་པ་ཤེས་པར་བྱའོ། །དེ་ལ་གནས་པའི་བྱང་སེམས་ནི། ཕལ་ཆེར་ལྷའི་རྒྱལ་པོ་དབང་ཕྱུག་ཆེན་པོར་འགྱུར་རོ། །སེམས་ཅན་རྣམས་ལ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་སེམས་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ལ་མཁས་ཤིང་། མཐུ་ཡོད་པ་ཡིན། ཆོས་ཀྱི་དབྱིངས་རྣམ་པར་ཕྱེ་བས་ཡོངས་སུ་འདྲིས་པས་བསྟན་པས་མི་འཕྲོག་པ། སྦྱིན་པའམ། ངག་སྙན་པའམ། དོན་སྒྲུབ་པའམ། དོན་མཐུན་པ། དགེ་བའི་རྩ་བ་གང་ཅི་བརྩམ་ཡང་རུང་སྟེ། དེ་དག་ཐམས་ཅད་ཇི་ལྟར་ན་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་གཙོ་བོར་འགྱུར། ཐུ་བོར་འགྱུར། ཕུལ་དུ་འགྱུར། དམ་པར་འགྱུར། བླ་ན་མེད་པར་འགྱུར། འདྲེན་པར་འགྱུར། ཡོངས་སུ་འདྲེན་པར་འགྱུར་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བརྟེན་པའི་དབང་དུ་འགྱུར་སྙམ་སྟེ། སངས་རྒྱས་ཡིད་ལ་བྱ་བ་དང་། ཆོས་ཡིད་ལ་བྱ་བ་དང་། དགེ་འདུན་ཡིད་ལ་བྱ་བ་དང་། བྱང་སེམས་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིད་ལ་བྱ་བ་དང་། ཕ་རོལ་ཏུ་ཕྱིན་པ་ཡིད་

(༥༨༣)ལ་བྱ་བ་དང་། མི་འཇིགས་པ་ཡིད་ལ་བྱ་བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡིད་ལ་བྱ་བ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་བར་དུ་ཡིད་ལ་བྱ་བ་དང་མི་འབྲལ་བ་ཡིན་ཏེ། དེ་འདོད་ན་སྐད་ཅིག་ཡུད་ཙམ་ཐང་གཅིག་ཏུ་ཏིང་ངེ་འཛིན། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བརྒྱ་སྟོང་ཁྲག་ཁྲིག་བཅུའི་རྡུལ་ཤིན་དུ་ཕྲ་བ་སྙེད་རབ་ཏུ་ཐོབ་ཅིང་དེ་ལ་སྙོམས་པར་འཇུག་པ་དང་། སངས་རྒྱས་གྲངས་མེད་པ་མཐོང་བ་དང་། སངས་རྒྱས་གྲངས་མེད་པའི་ཞིང་དུ་རྫུ་འཕྲུལ་སྣ་ཚོགས་ཀྱིས་འགྲོ་བ་དང་། སེམས་ཅན་གྲངས་མེད་ལས་ཀྱང་གྲངས་མེད་པ་སྨིན་ཅིང་གྲོལ་བ་དང་། བསྐལ་པ་གྲངས་མེད་པ་ལས་ཀྱང་གྲངས་མེད་པར་སངས་རྒྱས་ཀྱི་ཞིང་དུ་འཇུག་པ་དང་། ཆོས་ཀྱི་སྒོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བཅུའི་རྡུལ་སྙེད་དབྱེ་བ་ལ་མཁས་ཤིང་། ཕྱོགས་བཅུར་ཆོས་ཀྱི་རྔ་སྒྲ་སྒྲོག་པ་དང་། ལུས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བཅུའི་རྡུལ་དུ་སྤྲུལ་བ་དང་། ལུས་རེ་རེ་ལ་ཡང་འཁོར་གྱི་རྡུལ་སྙེད་གྲངས་མཐའ་ཡས་པ་སྤོར་བའི་བརྩོན་འགྲུས་བརྩོམ་མོ། །སྨོན་ལམ་གྱི་སྟོབས་བསམ་གྱིས་མི་ཁྱབ་པས་ས་བཅུ་ཆོས་ཀྱི་སྤྲིན་ཡོན་ཏན་རྫོགས་པའི་དུས་སུ། སྟོན་པ་སངས་རྒྱས་སྐུ་གསུམ་སྤྲིན་ལྟར་དུ་གཏིབས་ཤིང་དབང་བསྐུར་བ་དང་། གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་སྤྲིན་ལྟར་དུ་གཏིབས་ཤིང་། ཆོས་ཀྱི་ཕུང་པོ་ཆར་ལྟར་དུ་འབབ་པ་དང་། བྱང་སེམས་ཀྱི་ཚོགས་སྤྲིན་ལྟར་དུ་གཏིབས་ཤིང་། རྫུ་འཕྲུལ་དང་ཆོ་འཕྲུལ་རླུང་ལྟར་དུ་འཚུབ་པའོ། །སངས་རྒྱས་ཀྱི་ཞིང་སྤྲིན་ལྟར་དུ་གཏིབས་ཤིང་། གཞལ་ཡས་ཁང་དང་

(༥༨༤)གདན་སེང་གེའི་ཁྲི། དབྱར་གྱི་མེ་ཏོག་པདྨ་ལེགས་པ་ལྟ་བུ། མཆོད་པ་སྣ་ཚོགས་ཀྱི་སྤྲིན་ཕུང་གཏིབས་པ། ཆོས་ཀྱི་དབྱིངས་དང་མཉམ་ཞིང་རྒྱུན་མི་འཆད་པའོ། །རིན་པོ་ཆེ་ལྷ་དང་མིའི་ལོངས་སྤྱོད་ཀྱིས་གཏིབས་ཤིང་ལྷུན་གྱིས་གྲུབ་པ་ལས། སེམས་ཅན་རྣམས་ཀྱིས་ཇི་ལྟར་འདོད་པ་བཞིན་དུ་སྦྱིན་པ་དང་། སྦྱིན་པ་ཆེན་པོ་རྫོགས་པར་བྱེད་དོ། །སྤྱན་ལྔ་ཆ་རེ་ཙམ་རྫོགས་པས། སངས་རྒྱས་ཀྱི་ཞིང་གྲངས་མེད་པ་མཐོང་བས་སྤྲིན་ལྟར་དུ་གཏིབས་པས་སྒྲིབ་པ་མེད་དོ། །ལྷའི་རྣ་བ་དང་ལྡན་པས་སངས་རྒྱས་ཀྱིས་ཆོས་གསུང་བ་ཉེ་རིང་མེད་པར་ཐོས་པས་ཆོས་སྤྲིན་ལྟར་དུ་གཏིབས་པའོ། །དེའི་ཚེ་དེའི་དུས་ན། ཆོས་ཀྱི་རྒྱལ་པོ་སངས་རྒྱས་ཀྱིས་ཡེ་ཤེས་བླ་ན་མེད་པའི་དབང་བསྐུར་ཞིང་། སེམས་ཅན་རྣམས་སངས་རྒྱས་ཀྱི་ཕྲིན་ལས་ཀྱིས་དབང་ཐོགས་པ་མེད་པར་བསྐུར་ནུས་པའི་ཕྱིར་ན། སངས་རྒྱས་ཤེས་བྱ་བའི་གྲངས་སུ་གཏོགས་ཤིང་ཉེ་བ་ཡིན་ཏེ། མཚན་ཉིད་དང་ལྡན་པ་ནི་མ་ལགས་སོ། །དེའི་ཚེ་དེའི་དུས་ན། ལྷ་རིས་སུམ་བཅུ་རྩ་བདུན་ལ་སོགས་པ། འཇིག་རྟེན་ཆེན་པོ་རྣམས་དང་། ཉན་རང་གི་ཚོགས་དང་། ས་དགུ་མན་ཆད་ཀྱི་རྒྱལ་སྲས་རྣམས་དང་། སངས་རྒྱས་ཀྱི་སྤྲུལ་པ་རྣམས་དང་། ས་བཅུའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྤྲིན་ལྟར་དུ་འཁྲིགས་ཤིང་། མཆོད་པ་དང་། བསྟོད་པ་དང་། ཕྱག་འཚལ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཆོས་སྒྲོ་ཞིང་གླེང་བ་ལ་སོགས་པ། སྤྲིན་ལྟར་དུ་འཁྲིགས་པ་ལ་སོགས་པ་སྟེ། ས་བཅུ་ཆོས་ཀྱི་སྤྲིན་བྱ་བར་མིང་། འདོགས་པའི་དོན་ཡང་འདི་ལ་previous hit དགོངས next hit་ཡིན། ས་བཅུ་ལ་གནས་པའི་ཡོན་ཏན་དང་ཕྲིན་ལས་དག་སྣང་མཐར་ཐུག་པ་འདི་རྣམས་ཡིན་ཏེ། བྱང་ཆུབ་སེམས་དཔའི་

(༥༨༥)ལམ་གྱི་རྩེ་མོ་མཐར་ཐུག་པ་ཡིན་ཏེ། རྫོགས་པའི་སངས་རྒྱས་ཀྱི་ཤེས་བྱའི་སྒྲིབ་པ་ཡིན། གཏན་ཚིགས་ཅིའི་ཕྱིར་ན། ཤེས་བྱ་དང་། ཤེས་བྱེད། སྣང་ཆ་དང་། གསལ་ཆ། རྒྱལ་བ་དང་། རྒྱལ་བའི་སྲས་ལ་སོགས་པའི་མཁྱེན་བྱེད་ཙམ་ཡོད་པའི་ཕྱིར་ན། ཤེས་དང་ཤེས་བྱ་ཆ་ཕྲ་བའི་ནང་ནས་ཀྱང་ཤིན་དུ་ཕྲ་བ། ཆོས་ཀྱི་སྤྲིན་དང་། འཇའ་དང་། འོད་ཀྱི་རི་མོ་ཙམ་དུ་དཔེས་མཚོན་པའོ། །དེའི་ཚེ་དེའི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་རིག་ཀུན་རྟོགས། ཀུན་མཁྱེན། རྡོ་རྗེ་དབྱིངས་སུ་རྣམ་པར་སྣང་མཛད་སངས་རྒྱས་ནས་རིང་པོ་མ་ལོན་ཏེ། ཞག་བདུན་ཕྲག་གཉིས་པ་ལ་བབ་པའི་ཚེ། འོག་མིན་གྱི་གནས། རྒྱན་སྟུག་པོ་བཀོད་པའི་ཞིང་ན་བཞུགས་པའི་ཚེ། ལྷ་རྣམས་ཀྱི་སྣང་བ་ལ། ལྷའི་རྒྱལ་པོ་དབང་བྱེད་ཀྱི་གཞལ་མེད་ཁང་ན་བཞུགས་པའི་དུས་སུ། ཐུབ་པ་ཆེན་པོ་ཀུན་རིག་རྒྱལ་པོས་རྫུ་འཕྲུལ་དང་ཆོ་འཕྲུལ། རྣམ་པར་འཕྲུལ་པ་སྐད་ཅིག་ཙམ་གྱིས་ཆོས་ཀྱི་དབྱིངས་མཐའ་ཡས་མུ་མེད་པར་ཁྱབ་ཅིང་བྱིན་གྱིས་བརླབས་པའི་བཀའ། བསྟན་པ་རྒྱ་མཚོ་མཐའ་ཡས་ལས། སེམས་ཅན་ཐམས་ཅད་གདོད་མ་ནས་རྡོ་རྗེའི་སྙིང་པོ་ཅན་ཡིན་པའི་ཕྱིར་ན། དེ་རྟོགས་ཤིང་ས་ལམ་རིམ་གྱིས་རྫོགས་པར་བྱ་བའི་ཕྱིར། རྣམ་པར་སྣང་མཛད་ཀྱིས་ཀུན་ཏུ་བཟང་པོར་ཕྲུལ་ཀུན་ཏུ་བཟང་པོའི་ཐུགས་ཉིད་ལས། རྡོ་རྗེའི་སྙིང་པོར་འཕྲུལ་ཞིང་བྱིན་གྱིས་བརླབས། ཀུན་ཏུ་བཟང་པོའི་ཐུགས་ལས་བྱུང་བ་ལས། ཆོན་འགག་པ་མེད་པ་རྣམ་གྲོལ་ཟླ་བར་རྣམ་པར་འཕྲུལ་པ་དང་།

(༥༨༦)རྡོ་རྗེ་སྙིང་པོ་གཉིས་ཞུ་བ་ཞུ་ལན་གྱི་ཚུལ་དུ་ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་པར་ས་བཅུ་ལམ་ལྔ། ཆོས་ཀྱི་འཁོར་ལོ་མཐའ་ཡས་པའི་སྒོ་ནས་བསྐོར་ཞིང་བྱིན་གྱིས་བརླབས་པ་ལས། སེམས་དཔའ་རང་བྱུང་རྡོ་རྗེ་ཡིས། བྱིན་གྱིས་བརླབས་པའི་བཀའ་མང་པོའི་previous hit དགོངས next hit་སོ་སོར་འབྱེད་ཅིང་གསལ་བར་བགྱིས་པ་ལས། ས་བཅུ་པ་ཆོས་ཀྱི་སྤྲིན་བསྟན་པའི་བར་སྐབས་ལགས་སོ།། །།ཚོགས་སྦྱོར་གཉིས། མཐོང་ལམ། སྒོམ་ལམ། ལམ་གྱི་རྩེ་མོ་ས་བཅུ་སྟེ། ལམ་ལྔ་ཞོར་ལ་བསྟན་པའོ། །དེའི་ཚེ་དེའི་དུས་ན། སྐད་ཅིག་ལག་པ་བརྐྱང་བསྐུམ་ཙམ་ལ་ཐུབ་པ་ཆེན་པོ་རྣམ་པར་སྣང་མཛད་ཀྱི་རྫུ་འཕྲུལ་ཆེན་པོས། ཆོས་ཀྱི་དབྱིངས་མཐའ་ཡས་པ་བྱིན་གྱིས་བརླབས་ནས། ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་གིས་འོད་ཟེར་མཐའ་ཡས་བཀྱེ་བས་ཆོས་ཀྱི་དབྱིངས་དང་མཉམ་པ། མཐའ་ཡས་པ་ན་བཞུགས་པའི་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས། སྐད་ཅིག་ཙམ་གྱིས་གདན་སེང་གེའི་ཁྲི་སྐར་མའི་ཚོགས་ལྟ་བུ་རང་བྱུང་དུ་བྱུང་བ་ལ་བཞུགས་སོ། །དེའི་ཚེ་དེའི་དུས་ན། ཐུབ་པ་ཆེན་པོ་རྣམ་སྣང་གི་སྐུས། ཆོས་ཀྱི་དབྱིངས་ཀྱིས་ཁྱབ་པར་བྱིན་གྱིས་བརླབས་ཏེ། སྐུ་གསུམ་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་བསྟན་པའི་ཏིང་ངེ་འཛིན་ལས་བཞུགས་ཚུལ་མཛད་པའི་དུས་སུ། དེའི་ཚེ་དེའི་དུས་ན། དཔལ་ཀུན་ཏུ་བཟང་པོས་རྣམ་འཕྲུལ་དཔག་ཏུ་མེད་པར་བྱིན་གྱིས་བརླབས་ཏེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་རྣམས་ཐམས་ཅད་རང་གི་ལུས་ངག་ཡིད་གསུམ་སྒྲིབ་པ་མེད་པའི་མིག་དང་ལྡན་

(༥༨༧)པར་བྱིན་གྱིས་བརླབས་ལ། ཡེ་ཤེས་ཡངས་པའི་སྤྱན་གྱིས་ཐུབ་པ་ཆེན་པོའི་སྐུ་ལ་ཞིང་ཁམས་ཐམས་ཅད་རྫོགས་པ། ཞིང་ཁམས་ཐམས་ཅད་སྐུ་ཡིས་ཁྱབ་པ། འདི་ལ་ཁྱོད་རྣམས་ཐལ་མོ་སྦྱོར་ཞིང་ཕྱག་འཚལ་ན། ལྟོས་ཤིག་ཅེས་སྨྲས་ནས། ས་བཅུ་མགོན་པོ་རྣམས་ཀྱིས་དེ་ལྟར་དུ་བྱས་པས་རྣམ་པར་སྣང་མཛད་ཀུན་རིག་རྒྱལ་པོའི་ཞབས་ཀྱི་མཐིལ། འཁོར་ལོ་རྩིབས་སྟོང་དང་ལྡན་པ་ལ། འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་ཞེས་བྱ་ཡོད་པ་དེ་མཐོང་བར་གྱུར་ཏེ། དེ་ན་སངས་རྒྱས་ཆོས་ཀྱི་དབྱིངས་ཀྱི་རྒྱན་ཞེས་བྱ་བ་བཞུགས་ཤིང་ཆོས་སྟོན་པ་མཐོང་ངོ་། །སངས་རྒྱས་ཀྱི་ཞབས་རི་དགས་ཨེ་ན་ཡའི་བྱིན་པ་ལྟ་བུ་གཉིས་ལས་འཇིག་རྟེན་གྱི་ཁམས་ཆགས་པ་མེད་པའི་སྙིང་པོ་ཞེས་བྱ་བ་སྣང་ཞིང་། དེ་ན་སངས་རྒྱས་འོད་རྒྱ་མཚོ་ཆགས་པ་མེད་ཅིང་། དྲི་མ་མེད་པའི་སྙིང་པོ་ཞེས་བྱ་བ། བྱང་སེམས་ཀྱི་ཚོགས་དང་བཅས་པ་བཞུགས་ཤིང་ཆོས་སྟོན་པ་མཐོང་ངོ་། །སངས་རྒྱས་ཀྱི་དཔུས་མོའི་ལྷ་ང་གཉིས་ལས། སངས་རྒྱས་ཀྱི་ཞིང་ས་ལེ་སྦྲམ་ཞེས་བྱ་བ་ཡོད་དེ། དེ་ན་སངས་རྒྱས་གསེར་འབར་ཞེས་བྱ་བ་བྱང་སེམས་ཀྱི་ཚོགས་དང་བཅས་ཤིང་ཆོས་སྟོན་པ་མཐོང་ངོ་། །སངས་རྒྱས་ཀྱི་སྐུ་སྟ་ཟུར་གཉིས་ལས། སངས་རྒྱས་ཀྱི་ཞིང་རིན་པོ་ཆེ་སྣ་ཚོགས་རྒྱན་གྱི་སྙིང་པོ་ཞེས་བྱ་བ་མཐོང་སྟེ། དེ་ན་སངས་རྒྱས་དགེ་བ་སྣ་ཚོགས་ཀྱི་སྙིང་པོ་ཞེས་བྱ་བ་བྱང་སེམས་ཀྱི་ཚོགས་དང་བཅས་པ་ཆོས་སྟོན་པ་མཐོང་ངོ་། །སངས་རྒྱས་ཀྱི་སྐུ་ལྟེ་བའི་དཀྱིལ་ན་སངས་རྒྱས་ཀྱི་ཞིང་རྣམ་སྣང་སྙིང་པོ་ཞེས་བྱ་བ་མཐོང་སྟེ། དེ་ན་སངས་རྒྱས་རྣམ་པར་སྣང་མཛད་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་

(༥༨༨)ཚོགས་དང་བཅས་པ་བཞུགས་ཤིང་ཆོས་སྟོན་པ་མཐོང་ངོ་། །སངས་རྒྱས་ཀྱི་ཐུགས་ཀ་ན་འཇིག་རྟེན་གྱི་ཁམས་འོད་ཟེར་སྙིང་པོ་ཞེས་བྱ་བ་མཐོང་སྟེ། དེ་ན་སངས་རྒྱས་དཔལ་གྱི་བེའུ་རྒྱན་གྱི་སྙིང་པོ་ཞེས་བྱ་བ་མཐོང་ངོ་། །སངས་རྒྱས་ཀྱི་སྐུ་ཕྲག་པ་གཉིས་ལས། སངས་རྒྱས་ཀྱི་ཞིང་གསེར་འོད་ཅེས་བྱ་བ་མཐོང་སྟེ། དེ་ན་སངས་རྒྱས་གསེར་འབར་བའི་སྙིང་པོ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་བཞུགས་ཤིང་ཆོས་སྟོན་པ་མཐོང་ངོ་། སྣང་མཛད་གསུང་གི་དབྱངས་ལ་སངས་རྒྱས་ཀྱི་ཞིང་རིན་པོ་ཆེ་སྣ་ཚོགས་ཞེས་བྱ་བ་མཐོང་སྟེ། དེ་ནས་སངས་རྒྱས་འོད་ཟེར་དཔག་ཏུ་མེད་པ་གཟི་བརྗིད་ཀྱི་རྒྱལ་པོ་བྱང་སེམས་ཀྱི་ཚོགས་དང་བཅས་ཤིང་ཆོས་སྟོན་པ་མཐོང་ངོ་། །སྣང་མཛད་ཀྱི་སྨིན་མཚམས་ན་སངས་རྒྱས་ཀྱི་ཞིང་ཆོས་དབྱིངས་མི་ཟད་མཛོད་ཅེས་བྱ་བ་མཐོང་སྟེ། དེ་ན་སངས་རྒྱས་ཡེ་ཤེས་དུས་གསུམ་མཛོད་ཅེས་བྱ་བ་བྱང་སེམས་ཀྱི་ཚོགས་དང་བཅས་ཤིང་ཆོས་སྟོན་པ་མཐོང་ངོ་། །རྣམ་སྣང་གི་དབུ་ལ། སངས་རྒྱས་ཀྱི་སྤྱི་གཙུག་ལྷུན་གྲུབ་ཡོངས་སུ་འཛིན་པ་ཞེས་བྱ་བ་མཐོང་སྟེ། དེ་ན་སངས་རྒྱས་མེ་ཏོག་བརྩེགས་པ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་ཤིང་ཆོས་སྟོན་པ་མཐོང་ངོ་། །དེའི་ཚེ་དེའི་དུས་ན། ཐུབ་པ་ཆེན་པོ་རྣམ་པར་སྣང་མཛད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དཀྱིལ་འཁོར་མཐའ་ཡས་ཤིང་བསམ་གྱིས་མི་ཁྱབ་པ་ལས། རྡོ་རྗེ་མི་འཁྲུག་པ་ལ། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་བཞུགས་པ་དང་། རྣམ་སྣང་གི་གསུང་ལས། གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་སྣང་བ་མཐའ་ཡས་ཀྱི་ལྷ་ཚོགས་རྫོགས་ཤིང་མཐོང་བ་དང་། རྣམ་སྣང་གི་ཡོན་ཏན་ལས། ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོ། རིན་ཆེན་འབྱུང་

(༥༨༩)ལྡན་གྱི་དཀྱིལ་འཁོར་ལྷུན་གྱིས་རྫོགས་ཤིང་། རྣམ་པར་སྣང་མཛད་ཀྱི་ཕྲིན་ལས་ཀྱི་དཀྱིལ་འཁོར་ལས། ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ། །དོན་ཡོད་གྲུབ་པའི་ལྷ་ཚོགས་ལྷུན་གྱིས་རྫོགས་ཤིང་བཞུགས་པ་མཐོང་ངོ་། །དེའི་ཚེ་དེའི་དུས་ན། ཕྱོགས་བཅུ་དུས་གསུམ་གྱི་བྱང་སེམས་ཐམས་ཅད་ཀྱིས་རྣམ་པར་སྣང་མཛད་ཀུན་རིག་རྒྱལ་པོའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་འབྱམ་ཀླས་པ་ལས། འཁོར་བ་དང་མྱ་ངན་ལས་འདས་པའི་ཞིང་ཁམས་ཐམས་ཅད་མཐོང་བྱ་དང་མཐོང་བྱེད་མཐོང་མ་ཐག་ཏུ། ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་སྐད་ཅིག་དེ་ཉིད་ལ་རྣམ་པར་སྣང་མཛད་རྒྱན་སྟུག་པོ་བཀོད་པའི་དཀྱིལ་འཁོར་དུ། སྐུ་གསུམ་ལྷུན་གྱིས་གྲུབ་པ། སྐུ་བཞི་འདུ་འབྲལ་མེད་པར་སངས་རྒྱས་སོ། སྐད་ཅིག་དང་པོ་ལ་ས་བཅུ་མགོན་པོར་གནས་པ་དང་། སྐད་ཅིག་མ་གཉིས་པ་ལ། ཐམས་ཅད་མཁྱེན་པར་སངས་རྒྱས་པའི་ཕྱིར། སྐད་ཅིག་དང་པོ་ལ་ས་བཅུ་ཆོས་ཀྱི་སྤྲིན་དང་། སངས་རྒྱས་སྐུ་གསུམ་ཡེ་ཤེས་ལྔ་དང་ལྡན་པའི་ས་མཚམས་བྱེ་བྲག་ཕྱེད་ཅིང་། དེ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེའི་ཕྱིར་ན། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་གསུང་པ་ཡང་སྐབས་འདི་ལ་previous hit དགོངས next hit་ཡིན། ཐུབ་པ་ཆེན་པོ་རྣམ་པར་སྣང་མཛད་ཀུན་རིག་རྒྱལ་པོའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལས། ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་རྫོགས་ཤིང་སྣང་བར་བསྟན་པའོ། །རྫུ་འཕྲུལ་དང་ཆོ་འཕྲུལ་རྣམ་པར་འཕྲུལ་པའི་བྱིན་གྱིས་བརླབས་པའི་བཀའ། བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ས་བཅུ་མགོན་པོའི་བྱང་ཆུབ་སེམས་དཔའ་རྣམས་སྐད་ཅིག་ཉིད་ལ་རྣམ་པར་སྣང་མཛད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པ་དང་། རྐང་གཉིས་

(༥༩༠)གཙོ་ལ་སྣང་བ་མེད། ཡེ་ཤེས་དབྱིངས་སུ་ཐམས་ཅད་མཁྱེན་པར་སངས་རྒྱས་པའོ། །རྣམ་པར་སྣང་མཛད་ཐུབ་པ་ཆེན་པོ་སངས་རྒྱས་ནས་ཆོས་ཀྱི་དབྱིངས་རབ་འབྱམ་དུ་བྱིན་གྱིས་བརླབས་པའི་ཆོ་འཕྲུལ་ཆེན་པོ་བསྟན་པའི་བཀའ་རྒྱ་མཚོ་མཐའ་ཡས་ལས། ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་སྐད་ཅིག་ཉིད་ལ་ཤེས་བྱ་ཡོན་ཏན་ཕྲིན་ལས་ཀྱི་སྤྲིན་ཚོགས་རྣམས་རང་སར་ཕྱོགས་མེད་དུ་སངས་རྒྱས་ནས་སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ་སངས་རྒྱས་པའི་བར་སྐབས་བསྟན་པའོ།། །།བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ན། ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་གི་ལམ་བཅུ་གཉིས་མ་ཆགས་པདྨ་ཅན་གྱི་ས་ན་བཞུགས་པའི་རང་བཞིན་ལྷུན་གྱིས་གྲུབ་པའི་རིགས་ལྔ་བཞུགས་པའི་དུས་སུ། ཆོས་སྐུ་རྡོ་རྗེ་འཆང་གིས་འོད་ཟེར་རྣམ་པར་འཕྲུལ་ནས། རང་བཞིན་གྲུབ་པའི་རིགས་ལྔའི་ཐུགས་དམ་གྱི་རྒྱུད་བསྐུལ་ནས། རིགས་ལྔ་ལས་སྤྲུལ་པའི་འོད་ཟེར་ལྔ་འཕྲོས་པས། འཛམ་བུའི་གླིང་མིའི་ཡུལ་དུ་ཕོག་པ་ལས། རྒྱལ་པོ་ཀྲ་ར་པ་ཞེས་བྱ་བ་སྤུན་ལྔར་གྱུར་ཏོ། །སྤྲུལ་པའི་ཕྱིར་ལྔ་པོ་དེས་སངས་རྒྱས་ལྔ་ཁྲི་ལྔ་སྟོང་ལ་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། བསྐལ་པ་གྲངས་མེད་གསུམ་དུ་སངས་རྒྱས་ཀྱི་ཞིང་རྡུལ་སྙེད་ལ་མཆོད་པ་ཕུལ་ཞིང་བསྙེན་བསྐུར་བྱེད་པ་དང་། ཆོས་ཉན་ཞིང་ཕ་རོལ་ཏུ་ཕྱིན་པ་བཅུ་རྫོགས་པའི་ཚུལ་གྱིས་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེས་བསྡུ་དངོས་བཞིས་སེམས་ཅན་རྣམས་ཚིམ་པར་མཛད་དོ། །ས་བཅུ་ལམ་ལྔ་བསྒྲོད་པའི་ཚུལ་བསྟན་ནས་ས་བཅུ་ཆོས་ཀྱི་སྤྲིན་ནོན་པའི་དུས་སུ། རྫུ་འཕྲུལ་དང་ཆོ་འཕྲུལ་སྣ་ཚོགས་པ་བསྟན་ཞིང་།

(༥༩༡)འཇིག་རྟེན་གྱི་ཁམས་མཐའ་ཡས་པར་ཐེག་པ་སྣ་ཚོགས་ཀྱི་ཆོས་ཀྱི་ཆར་ཕབ་པོ། དེ་ལྟ་བུའི་མཛད་པ་ས་ལམ་བསྒྲོད་ཚུལ་རྣམས་སེམས་ཅན་ཐམས་ཅད་ཀྱིས་མཐོང་ཞིང་མངོན་དུ་གྱུར་པ་མཛད་དོ། །དེའི་ཕྱིར་ན། ས་བཅུ་ཆོས་ཀྱི་སྤྲིན་ལ་གནས་པའི་ས། དུས་རིང་པོ་ལ་ཐུང་ངུར་བྱིན་གྱིས་བརླབ་པ་དང་དུས་ཐུང་ངུ་ལ་རིང་པོར་བྱིན་གྱིས་བརླབ་པར་ནུས་པ་ཡིན་ཏེ། འཛམ་བུ་གླིང་པའི་ཉིན་ཞག་གཅིག་ཙམ་ལ། བསྐལ་པ་གྲངས་མེད་གསུམ་དུ་བྱིན་གྱིས་བརླབས་ཤིང་བསྟན་པའོ། །ས་བཅུ་མགོན་པོས་ནི་སྐད་ཅིག་ཉིད་ལ་བྱ་བ་ཐམས་ཅད་རྫོགས་པར་བྱིན་གྱིས་བརླབ་པ་དང་། སྐད་ཅིག་ཉིད་ལ་དུས་དང་མཐའ་མེད་པའི་བསྐལ་པར་བྱིན་གྱིས་བརླབ་ནུས་པ་སྟེ། དེའི་ཕྱིར་ན། སྣང་བ་ཐམས་ཅད་མི་སྣང་བར་བྱིན་གྱིས་བརླབས་ཏེ། འཁོར་བ་སྟོངས་ཤིང་འདུ་བྱེད་ཀྱི་ཕུང་པོ་ཐམས་ཅད་བྱ་བ་རྫོགས་ཤིང་། ཅི་ཡང་མི་སྣང་བར་སྟོན་པ་དང་། སྐད་ཅིག་ཉིད་ལ་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་བསྐལ་པ་དུས་དང་མཐའ་མེད་པར་སངས་རྒྱས་དང་སེམས་ཅན་ཐོག་མ་དང་ཐ་མ་མེད། ཟད་པ་མེད་ཅིང་བྲི་བ་མེད་པར་སྟོན་པའོ། །དེ་ལྟ་བུའི་སྤྲུལ་པའི་མིག་ཡོར་སྒྱུ་མའི་དཔེ་བརྒྱད་ལྟར་ཆགས་ཐོགས་མེད་པར་བྱང་ཆུབ་སེམས་དཔས་རྣམ་པར་འཕྲུལ་ལོ། །དེའི་ཚེ་དེའི་དུས་ན་འོག་མིན་གྱི་གནས། རྒྱན་སྟུག་པོ་བཀོད་པའི་ཞིང་ཁམས་གཞན་ཕྲུལ་དབང་བྱེད། དགའ་ལྡན་དག་པའི་གནས་སུ་རྣམ་པར་སྣང་མཛད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པའི་ཚུལ་བསྟན་ཏེ། སྤྲུལ་པའི་ཁྱེའུ་ལྔའི་ཆེ་བ་རྣམ་པར་སྣང་མཛད་དེ་འོག་རྡོ་རྗེ་

(༥༩༢)སེམས་དཔའ། སྣང་བ་མཐའ་ཡས། རིན་ཆེན་འབྱུང་ལྡན། དོན་ཡོད་གྲུབ་པ། ནུ་བོ་བཞི་ཡང་རིགས་བཞི་སྤྲུལ་པའི་སྐུར་སངས་རྒྱས་པའི་ཚུལ་བསྟན་པའོ། །ཆེ་བ་རྣམ་པར་སྣང་མཛད་ཆེ། །ཞེས་གསུང་པའི་དོན་ཡང་སྐབས་འདིར་previous hit དགོངས next hit་ཡིན། དེའི་ཕྱིར་ན་རྣམ་པར་སྣང་མཛད་ཀྱིས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དཀྱིལ་འཁོར་དུ། རིགས་ལྔ་ཡབ་ཡུམ་བཅུ། སེམས་དཔའ་དང་སེམས་མ་བཅུ་དྲུག་རྣམ་སྣང་གི་སྐུའི་དཀྱིལ་འཁོར་ལ་གྲངས་མེད་དུ་རྫོགས་ཤིང་། གྲངས་མེད་ཚད་ལས་འདས་པ། འཁོར་བ་དང་མྱ་ངན་ལས་འདས་པའི་ཞིང་ཁམས་ཐམས་ཅད་སྐུ་ལ་རྫོགས་ཤིང་། སྐུ་ཡིས་ཞིང་ཁམས་ཐམས་ཅད་ལ་ཁྱབ་པ་ནི་རྣམ་པར་སྣང་མཛད་ཀུན་ཏུ་ཞལ། ཀུན་རིག་ཀུན་ཏུ་ཁྱབ་པར་སངས་རྒྱས་སོ། །དེའི་ཚེ། དེའི་དུས་ན་སྐད་ཅིག་ལག་པ་བརྐྱང་བསྐུམ་ལ། ཀུན་རིག་རྒྱལ་པོས་ཀུན་ཏུ་བཟང་པོ་རྣམ་པར་འཕྲུལ། ཀུན་ཏུ་བཟང་པོས། རྡོ་རྗེ་སེམས་དཔའ། རྡོ་རྗེ་སྙིང་པོ། ཀུན་ཏུ་མིག །རྣམ་གྲོལ་ཟླ་བ། ཚོང་དཔོན་གྱི་བུ་ནོར་བཟངས་ལ་སོགས་པ། ཕྱོགས་བཅུ་དུས་གསུམ་དུ་སངས་རྒྱས་གྲངས་མེད་རྣམ་པར་འཕྲུལ་པ་དང་། བྱང་ཆུབ་སེམས་དཔའ། ཉན་རང་། ཚངས་པ་དང་། བརྒྱ་བྱིན། འཁོར་ལོས་སྒྱུར་རྒྱལ། འཇིག་རྟེན་གསུམ་གྱི་མགོན་པོ། རྣམ་སྣང་སྐུའི་དཀྱིལ་འཁོར་ལ། ཁམས་གསུམ་འཁོར་འདས་གཉིས་ཀྱི་དཀྱིལ་འཁོར་རྣམ་པར་འཕྲུལ་ཞིང་བཞུགས་སོ། །ཀུན་ཏུ་བཟང་པོའི་མཆོད་པ་སྣ་ཚོགས་ཀྱི་སྤྲིན་ཕུང་ལ་སོགས་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་སྤྲིན་ཕུང་གྲངས་མཐའ་ཡས་ཤིང་རྣམ་པར་འཕྲུལ་ལོ། །བྱང་ཆུབ་སེམས་དཔའ་ནོར་བཟངས་ཀྱང་སེམས་ཅན་རྣམས་ལ་བྱང་ཆུབ་ཀྱི་གཞི་ལམ་འབྲས་བུ་སྤྱོད་པ་བསྟན་

(༥༩༣)པའི་ཕྱིར་ཆོས་ཀྱི་དབྱིངས་དང་མཉམ་པར། རིགས་དྲུག་གི་གྲངས་དང་མཉམ་པར་རྣམ་པར་འཕྲུལ་ལོ། །ནོར་བཟངས། ཆོས་ཀྱི་སྒྲོ་འདོགས་གཅོད་པའི་ཚུལ་བསྟན་པ་ལས་ཀུན་གཟིག་རྒྱལ་པོ། ནོར་བཟངས་ཀྱི་བཤེས་གཉེན་ཀུན་ཏུ་བཟང་པོ་ནས། བྱམས་པའི་བར་དུ་གྲངས་ཅན་བརྒྱ་རྩ་བཅུར་འཕྲུལ་ཞིང་། གྲངས་མེད་ཚད་ལས་འདས་ཤིང་། མཐའ་ཡས་པར་འཕྲུལ་ཞིང་། ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་དུ། ཀུན་ཏུ་བཟང་པོ་དང་ནོར་བཟངས་ཀྱི་དབུ་དང་། བཤེས་གཉེན་བརྒྱ་རྩ་བཅུའི་མིང་དང་། དེ་རྣམས་རྫུ་འཕྲུལ་ཆོ་འཕྲུལ་གྲངས་མཐའ་ཡས་པ་བསྟན་ཞིང་། བྱང་ཆུབ་སེམས་དཔའི་གཞི་ལམ་འབྲས་གསུམ་སྤྱོད་པའི་སྒྲ་དབྱངས་ཆེན་པོ། ཆོས་ཀྱི་དབྱིངས་སུ་སྒྲོགས་ཤིང་བྱིན་གྱིས་བརླབས་སོ། །དེའི་ཚེ་དེའི་དུས་ན་རྣམ་པར་སྣང་མཛད་ཀྱིས་འོད་ཟེར་བཀྱེ། ཀུན་བཟང་རྡོ་རྗེ་སེམས་དཔས་བྱིན་གྱིས་བརླབས་ནས། གྲངས་ཅན་འོད་ཟེར་བྱེ་བ་ཕྲག་བརྒྱ། གྲངས་མེད་ཚད་ལས་འདས་པ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་འཕྲོས་ཤིང་བྱིན་གྱིས་བརླབས་སོ། །འོད་ཟེར་གཅིག་དགའ་ལྡན་གྱི་གནས་སུ་དམ་པ་ཏོག་དཀར་ཞེས་བྱ་བར་སྤྲུལ་ནས། འཛམ་བུའི་གླིང་དུ་ཡུམ་ལྷ་མཛེས་ཀྱི་ལྷུམས་སུ་ཞུགས་ཤིང་། མཛད་པ་བཅུ་གཉིས་རྫོགས་པའི་ཚུལ་སྟོན་པ་ནས། རྒྱལ་པོ་ཟས་གཙང་གི་སྲས་ཤཱཀྱ་ཐུབ་པར་གྲགས་པའོ། །གླིང་བཞི་རི་རབ་དང་བཅས་པ་རེ་རེའི་སྟེང་ན་ཡང་དགའ་ལྡན་ཀྱང་རེ་རེ་ཡོད་པ་སྟེ། དེ་ལྟ་བུའི་གླིང་བཞི་རི་རབ་དང་བཅས་པ་དགའ་ལྡན་གྱི་གནས་གཅིག་ནས་གཉིས་སུ་བརྩིས་པའི་སྟོང་ལ་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་

(༥༩༤)གྱི་ཁམས་བྱ་བ་ཡིན། དེ་ལྟ་བུ་སྟོང་ལ་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཤེས་ཀྱང་བྱ། མི་འབྱེད་ཀྱི་ཞིང་ཁམས་ཤེས་ཀྱང་བྱ། སྤྲུལ་པའི་སྐུ་ཆུང་ངུ་ཤཱཀྱ་ཐུབ་པའི་ཞིང་ཁམས་སོ། །དེ་ལྟ་བུ་གཅིག་ནས་གཉིས་སུ་བརྩིས་པའི་བྱེ་བ་ཕྲག་བརྒྱ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཤེས་བྱ་བ་སྟེ། ཐུབ་པ་ཆེན་པོའི་རིགས་ལྔའི་སྤྲུལ་པའི་སྐུ་ཀུན་རིག་རྒྱལ་པོའི་ཞིང་ཁམས་སོ། །ལུང་ལས་ཀྱང་། ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། གསང་སྔགས་ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །ཞེས་གསུང་པའི་དོན་ཡང་སྐབས་འདི་ལ་previous hit དགོངས next hit་ཡིན། སྟོན་པ་ཤཱཀྱ་ཐུབ་བྱེ་བ་ཕྲག་བརྒྱ། གླིང་བཞི་རི་རབ། དགའ་ལྡན། རྒྱ་མཚོ། ཉི་ཟླ། གཟའ་སྐར། ཚངས་པ་དང་། བརྒྱ་བྱིན། འཁོར་ལོ་སྒྱུར་རྒྱལ། ལྷ་སྲིན་སྡེ་བརྒྱད། འཇིག་རྟེན་གསུམ་གྱི་སྟོབས་ཅན་ལ་སོགས་པ་རེ་རེ་ལ་ཡང་བྱེ་བ་ཕྲག་བརྒྱའོ། །རྡོ་རྗེ་གདན་དང་། བྱ་རྒོད་ཕུང་པོ། ཝ་ར་ཎཱ་སྲི། རྩྭ་མཆོག །སེར་སྐྱ། ནྱ་གྲོ་དྷའི་ཕུག །ལྷ་མཛེས། ཟས་གཙང་། སྐུ་བལྟམས། དོན་གྲུབ། མཚན་ལྟ། ཡིག་རྩིས་སློབ་དང་། རོལ་རྩེད། བཙུན་མོའི་འཁོར་དང་། འཁོར་ལས་བྱུང་། རབ་བྱུང་། དཀའ་སྤྱད། བྱང་ཆུབ་ཤིང་དྲུང་། བདུད་བཏུལ། སངས་རྒྱས། ཚངས་པས་ཞུས་ནས་ཆོས་ཀྱི་འཁོར་ལོ་བསྐོར། ཤིང་ཟད་མེ་བཞིན་མྱ་ངན་འདས་ཚུལ་བསྟན། རེ་རེ་ལ་ཡང་བྱེ་བ་ཕྲག་བརྒྱ་སྟོང་གསུམ་རབ་འབྱམ་པར་མཛད་དོ། །ཤཱཀྱ་ཐུབ་པ་ཆེན་པོའི་ཞིང་ཁམས་སྟོང་གསུམ་དུ་བཞེད་པ་སྟེ། ལྷས་བྱིན་མ་སྐྱེས་དགྲ །མུ་སྟེགས་ཀྱི་སྟོན་པ་

(༥༩༥)དྲུག་དང་ནི། མུ་སྟེགས་ལྟ་བ་སུམ་བརྒྱ་དྲུག་བཅུ་སོགས། བསྟན་ལ་བར་དུ་གཅོད་པའི་མི་མཐུན་ཕྱོགས་ཀྱང་བྱེ་བ་ཕྲག་བརྒྱ་ཕྲག་བརྒྱ་སྟེ། སྟོན་པ་ཉིད་ཀྱི་རྣམ་འཕྲུལ་ཕྱག་ན་རྡོ་རྗེ་ལ་སོགས་པ་སེམས་དཔའ་བརྒྱད་དང་། ཉན་ཐོས་བརྒྱད། ཐེག་པ་གསུམ་གྱི་རྒྱལ་སྲས་ཚོགས་རེ་རེ་ལ་ཡང་བྱེ་བ་ཕྲག་བརྒྱ་ཕྲག་བརྒྱའོ། །དེ་ལྟ་བུ་གཅིག་ནས་གཅིག་ཏུ་བརྩིས་པའི་བྱེ་བ་ཕྲག་བརྒྱ་ནི་གཞི་དང་སྙིང་པོ་མེ་ཏོག་དྲ་བར་འབྲེལ་བའི་འཇིག་རྟེན་གྱི་ཁམས་ཡིན་ནོ། རང་བཞིན་ལྷུན་གྱིས་གྲུབ་པའི་རྣམ་པར་སྣང་མཛད་གངས་ཆེན་མཚོ་ལྔའི་ཞིང་ཁམས་ལགས་སོ། །འདི་ཡང་རྣམ་པར་སྣང་མཛད་ཀུན་རིག་རྒྱལ་པོའི་རྫུ་འཕྲུལ་དང་ཆོ་འཕྲུལ་དང་། ཀུན་ཏུ་བཟང་པོས་རྣམ་པར་འཕྲུལ་བའི་ཕྱིར་ན། བཅུ་གཉིས་མ་ཆགས་པདྨ་ཅན་གྱི་ཞིང་ཁམས་འདི་ན་བཞུགས་པའི་གངས་ཆེན་མཚོ་ལྔའི་སྐུའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་སྟེ། མཉམ་བཞག་གི་ཕྱག་རྒྱའི་མཐིལ་ན། སྟོང་གསུམ་ཉི་ཤུ་རྩ་ལྔའི་ཞིང་ཁམས་ཡོད་པ་དང་། བ་སྤུའི་རྩ་བ་རེ་རེ་ན། སྤྲུལ་པའི་སྐུ་བྱེ་བ་ཕྲག་བརྒྱ་ཕྲག་བརྒྱ་སྟེ། བསམ་གྱིས་མི་ཁྱབ་ཅིང་རྗོད་ལས་འདས་པའི་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པའི་བཀའ་བསམ་གྱིས་མི་ཁྱབ་པ་གསུངས་པ་རྣམས། ཤིན་དུ་རྒྱས་པ་སངས་རྒྱས་ཀྱི་ཞིང་གི་རྣམ་པར་བཀོད་པ་བྱིན་གྱིས་བརླབས་པའི་བཀའ་ཆེན་པོ། སངས་རྒྱས་སྨད་ག་བཅད་ཀྱི་ཆོ་འཕྲུལ་ཆེན་པོ་བསྟན་པ་ལས་ཤེས་པར་བྱའོ། །དེ་ལྟ་བུ་གཅིག་ནས་གཉིས་སུ་བརྩིས་པའི་བྱེ་བ་ཕྲག་བརྒྱ་ནི་ནམ་མཁའི་དབྱིངས་དང་མཉམ་པའི་ཞིང་ཁམས་ནི་ཞེས་པ་ཡིན་ཏེ། ཆོས་ གྲངས་ཅན་གྲངས་མེད་ཚད་ལས་འདས་པའོ།

(༥༩༦)སྐུ་དྲུག་པ་རྡོ་རྗེ་འཆང་གི་ཞིང་ཁམས་ཡིན་པའི་ཕྱིར་ན། ནམ་མཁའ་ལ་མཐའ་ཡོད་ན་ཆོས་ཀྱི་སྐུ་ལ་ཡང་མཐའ་ཡོད། ནམ་མཁའ་ལ་མཐའ་མེད་ན་ཆོས་ཀྱི་སྐུ་ལ་ཡང་མཐའ་མེད་དོ། །དེ་ལྟ་བུ་གཅིག་ནས་གཉིས་སུ་བརྩིས་པའི་བྱེ་བ་ཕྲག་བརྒྱ་ནི་ཆོས་ཐམས་ཅད་ཀྱི་དབྱིངས་ཤེས་བྱ་བ་སྟེ། ངོ་བོ་ཉིད་ཀྱི་སྐུའི་ཞིང་ཁམས་ལགས་སོ། །དེ་ལྟ་བུ་གཅིག་ནས་གཉིས་སུ་བརྩིས་པའི་རྩིས་ཀྱི་བྱེ་བྲག་རྣམས་དཔལ་ཀུན་ཏུ་བཟང་པོ་དང་། ཀུན་དུ་མིག་ལ་སོགས་པ་རྣམས་ཀྱི་བློར་མ་ཚུད་ཅིང་བགྲང་མ་ནུས་པའི་ཕྱིར་ན། རྣམ་པར་སྣང་མཛད་ལ་ཕྱག་འཚལ་ཞིང་གསོལ་བ་བཏབ་པ་ལས། རྣམ་པར་སྣང་མཛད་ཀྱི་ཞལ་ནས་ནི་མ་གསུང་ཤིང་། སྨིན་མཚམས་ནས་བྱིན་གྱིས་བརླབས་པའི་སྒྲ་དབྱངས་ཀྱིས་ཀུན་ཏུ་མིག་ལ་བཀའ་སྩལ་པའི་དག་སྣང་ལས། སངས་རྒྱས་ཕལ་པོ་ཆེའི་ལ་ཚིགས་ཞེས་བྱ་བ། རྩིས་ཀྱི་རྣམ་གྲངས་སྒྲ་དབྱངས་སུ་བྱིན་གྱིས་བརླབས་པ་ལས། གཅིག་ནས་བཅུར་བརྩིས། བཅུ་ལས་བརྒྱ། བརྒྱ་ལས་སྟོང་། སྟོང་ལས་ཁྲི། ཁྲི་ལས་འབུམ། འབུམ་ལས་བྱེ་བ། བྱེ་བ་བཅུ་ལས་ས་ཡ། ས་ཡ་བཅུ་ལས་དུང་ཕྱུར། དུང་ཕྱུར་ལ་ཁད་ཁོད། ཉལ་ཉིལ། ཕྱལ་ཕྱུར། ལྟམ་ལྟེམ་ལ་སོགས་པ་སངས་རྒྱས་ཀྱི་མཁྱེན་པའི་ཡེ་ཤེས་ཀྱིས་ཚད་གཞལ་བ་ལས་ཀྱང་། ཚད་གཞལ་མེད་པར་ཆོ་འཕྲུལ་ཆེན་པོས་བྱིན་གྱིས་བརླབས་པ་ནི། སྐུ་གསུམ་ལྷུན་གྱིས་གྲུབ་པ། སྐུ་བཞི་འདུ་འབྲལ་མེད་པ། སྐུ་ལྔ་ཡོངས་སུ་རྫོགས་པ་ལས་ཆོས་ཐམས་ཅད་ཀྱི་རང་བཞིན། རྟོགས་པ་རབ་འབྱམ་ལས་རབ་འབྱམ་རང་བྱུང་གི་ཡེ་ཤེས་ནི་གྲངས་མེད་གྲངས་ལས་འདས་པ་དང་།

(༥༩༧)ཚད་གཞལ་མེད་པའོ། །འདི་ལྟ་བུའི་རང་བྱུང་ཡེ་ཤེས་ཡོངས་སུ་རྫོགས་པ་ནི། བཀའ་གསུམ་ཐེག་པ་དགུ། ཆོས་ཀྱི་འཁོར་ལོ། ལུང་བསྟན་སྐྱེས་བུ་མི་བཞིའི་དགོས་པ་ཏཻ་ལོ་ནཱ་རོ་མཁྱེན་པའི་ཡེ་ཤེས་ཀྱིས། ངར་འཛིན་པའི་ལྟ་བ་ཉི་ཤུ་རྩ་གཅིག །སྐུ་ལྔ་ཡོངས་སུ་རྫོགས་པའི་རང་བྱུང་ཡེ་ཤེས་རབ་འབྱམ། རྟོགས་པ་དང་གྲོལ་བ་དུས་མཚུངས་ན་སྐུ་ལྔ། གསུང་ལྔ། ཐུགས་ལྔ། ཡོན་ཏན་ཕྲིན་ལས་ལྔ། ལྔ་ལྔ་པོ་ཉི་ཤུ་རྩ་ལྔ་ཚད་མེད་གྲངས་ལས་འདས་པའི་རྒྱལ་བ་རྣམས་ཀྱི་མཛད་པ་དང་། གཤིས་ལྔ་མ་རིག་པ་དུག་ལྔ། ཕུང་པོ་ལྔ། འབྱུང་བ་ལྔ། འགྲོ་བ་རིགས་ལྔ། ལྔ་ལྔ་པོ་ཉི་ཤུ་རྩ་ལྔ། ཁམས་གསུམ་ན་འཁོར་བའི་འཁྲུལ་པ་དང་། འཁྲུལ་གཞི། ཕྱི་སྣོད་ནང་བཅུད་ཀྱིས་བསྡུས་པ་འདི་རྣམས་ཏེ། སྲིད་པ་གསུམ་བྱ་བ་ཡིན། སངས་རྒྱས་སྐུ་ལྔ་དང་། སྲིད་པ་གསུམ་གྱིས་བསྡུས་ཚད་ཀྱི་ཆོས་ཐམས་ཅད་སྤང་བླང་མེད་པ། རང་བྱུང་ཡེ་ཤེས། རྟོགས་པ་རབ་འབྱམ་གྱི་དཀྱིལ་འཁོར་དུ་སྐུ་ལྔའི་སངས་རྒྱས་རང་ལ་རྫོགས་པ་ནི། པཎ་ཆེན་ནཱ་རོའི་ཁྱད་ཆོས་ལགས་སོ། །དེའི་ཕྱིར་ན། ཤིན་དུ་རྒྱས་པ་སངས་རྒྱས་ཕལ་པོ་ཆེ་རྣམ་པར་སྣང་མཛད་ཐུབ་པ་ཆེན་པོའི་རྫུ་འཕྲུལ་ཆོ་འཕྲུལ་རྣམ་པར་འཕྲུལ་པའི་བཀའ་ཆེན་པོ་ཡིན་པའི་ཕྱིར་ན། ཕལ་པོ་ཆེའི་དབུ་དང་ཞབས་ཀྱི་བར་དུ་ཀུན་ཏུ་བཟང་པོ་ཀུན་དུ་མིག་གིས་ཐེ་ཙོམ་མ་ཆོད་ནས། སྒྲ་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་བཀའ་ཙམ་དུ། ཀུན་དུ་མིག་གི་ངག་སྣང་དུ་ཐོས་པ་མ་གཏོགས་པ། གཞན་གྱིས་ཐོས་པ་མེད་པ་ཡིན། ཕལ་པོ་ཆེའི་དབུ་

(༥༩༨)ཞབས་སུ་བྱིན་གྱིས་བརླབས་པའི་གསུང་དབྱངས་ཆེན་པོ་ཡིན། གསུམ་མམ། བཞི་ཙམ་ཞིག་བརྡ་བསྟན་པ་མ་གཏོགས་པ། སངས་རྒྱས་དང་གང་གི་ཡང་བཀའ་གསལ་མེད་པ་ཡིན། ཅིའི་ཕྱིར་ན་རྣམ་པར་སྣང་མཛད་ཀྱི་རྣམ་འཕྲུལ་ཆེན་པོས་ཡེ་ཤེས་པ་དང་འཇིག་རྟེན་པ་རྣམས་རང་བཞིན་དུ་འདུས་པ་ལས། དཔལ་ཀུན་ཏུ་བཟང་པོས་རྣམ་པར་འཕྲུལ་པ་བཀྱེ་ཞིང་། སྒྲའི་གླིང་སོ་སོར་མཛད་པའོ། །རྫོགས་པར་དཔལ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་དང་། ཆོ་འཕྲུལ། སྡོང་པོས་བརྒྱན་པའི་བྱང་ཆུབ་སེམས་ཀྱི་ལྗོན་ཤིང་། ཆོས་ཀྱི་དབྱིངས་དང་མཉམ་པར་ལོ་འདབ་རྒྱས་ཤིང་སྟེང་འོག་ཕྱོགས་མཚམས། སེང་གེ་པདྨ། ཉི་ཟླ་གྲངས་མཐའ་ཡས་པའི་གདན་ལ་རྒྱལ་བ་སྲས་བཅས་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་བཞུགས་ཤིང་སྡོང་པོས་བརྒྱན་པའི་མདོ། བཟང་སྤྱོད་སྨོན་ལམ་རབ་འབྱམ་མཐའ་ཡས། རྒྱ་མཚོ། རི་རབ། ལྗོན་ཤིང་། ནམ་མཁའ། ཉི་ཟླ། གཟའ་སྐར། འཇའ་ཚོན། འོད་ཟེར། སྤྲིན་ཚོགས་ལྟ་བུ་ཡིས་མཇུག་བསྡུད་པ་སྟེ། དེའི་ཕྱིར་ན། བྱིན་གྱིས་བརླབས་པའི་བཀའ་ཆེན་པོ་འདི་ལྟ་བུ་རྣམ་པར་འཕྲུལ་བའི་དུས་སུ། ཟས་གཙང་སྲས་པོ། །རང་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ནི། ཐུབ་པ་ཆེན་པོ་ཀུན་རིག་རྒྱལ་པོ་ཡིན། སྐུ་གསུང་ཐུགས་ལ་བཞུགས་པ་མ་རྟོགས་པ་དེའི་ཕྱིར་ན། དགའ་ལྡན་འཛམ་བུའི་གླིང་དུ་མ་བྱོན་པའོ། །དེའི་ཕྱིར་ན་སངས་རྒྱས་ཀྱི་ཞིང་རྣམ་པར་བཀོད་པ། རྣམ་པར་སྣང་མཛད་རྒྱན་སྟུག་པོ་བཀོད་པ། ཤིན་དུ་

(༥༩༩)རྒྱས་པ། སངས་རྒྱས་ཕལ་པོ་ཆེ་འདི་ལ། ཟས་གཙང་སྲས་པོ་ཤཱཀྱ་ཐུབ་པའི་ཞལ་ནས་གསུངས་པའི་བཀའ་མ་འདྲེས་པ་ཡིན། གཏན་ཚིགས་ཅིའི་ཕྱིར་ན། འདི་ནི་རྣམ་སྣང་རྒྱལ་པོས་བྱིན་གྱིས་བརླབས་པ་ཆེན་པོའི་ཕྱིར་ན། ཕྱི་ནང་གི་གྲུབ་མཐའ། བཀའ་གསུམ། བྱེ་བྲག་པ་ཐམས་ཅད་འདི་ལས་འཕྲོས་པ་ཡིན། གཏན་ཚིགས་ཅིའི་ཕྱིར་ན། ཤཱཀྱ་ཐུབ་པ་གསེར་མདོག་ཅན་འདི་ཡིས་གཙོ་བོ་བྱས་ནས། ཤཱཀྱ་ཐུབ་པ་བྱེ་བ་ཕྲག་བརྒྱ་ལ་ཡང་། བཀའ་གསུམ་བྱེ་བྲག་previous hit ་བྱེ་བ་ཕྲག་བརྒྱར་གསུངས་པའོ། །དེའི་ཕྱིར་ན། འདི་ཡིས་སངས་རྒྱས་ཕལ་པོ་ཆེའི་བཞེད་དགོངས next hit་དང་། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་བཞེད་previous hit དགོངས་མདོར་བསྡུས་ next hit་ཡིན་པའི་ཕྱིར་ན། འདི་ཡིས་སངས་རྒྱས་སྒྲ་དོན་འཆད་ཅིང་ངོ་སྤྲོད་ན། སངས་རྒྱས་ཕལ་པོ་ཆེས་བྱིན་གྱིས་བརླབས་པའི་བཀའ་ཆེན་པོ་རྒྱས་པར་འཆད་དགོས་པ་ཡིན། གཏན་ཚིགས་ཅིའི་ཕྱིར་ན། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་བཀའ་དང་། འབྲེལ་པ་མ་ཆད་པར་བཀའ་གསུམ་བྱེ་བྲག་པ་རྣམས་སོ་སོར་གཏན་ལ་ཕབ་པར་བྱའོ། །གཏན་ཚིགས་ཅིའི་ཕྱིར་ན། དཔེར་ན་རྒྱ་མཚོ་ཆེན་པོ་ཆུའི་འབྱུང་ཁུངས་ཡིན་པ་ལས། འཇིག་རྟེན་གྱི་ཁམས་ཀྱི་ཆུ་ཐམས་ཅད་རྒྱ་མཚོ་དང་འབྲེལ་མ་ཆད་ཅིང་། བྱུང་ཡང་རྒྱ་མཚོ་ལས་བྱུང་ཐིམ་ཡང་རྒྱ་མཚོ་ལ་ཐིམ་པ་བཞིན། སངས་རྒྱས་ཕལ་པོ་ཆེ་འདི་ནི། བྱིན་གྱིས་བརླབས་པའི་བཀའ་ཆེན། རྒྱ་མཚོ་མཐའ་ཡས་ལྟ་བུ་སྟེ། སངས་རྒྱས་ཕལ་ཆེན་ཡིན་ལ། ཐུབ་པ་བྱེ་བ་ཕྲག་

(༦༠༠)བརྒྱ་ཡིས་བཀའ་གསུམ་བྱེ་བྲག་བྱེ་བ་ཕྲག་བརྒྱ་ལས་ཆུའི་ཆུ་བྲན་དང་འདྲ་བ་ཡིན། དེའི་ཕྱིར་ན་ལྟོས་པ་ལ་ལྟོས་ཆོས་ཀྱིས་བཀའ་གསུམ་གྱི་བྱེ་བྲག་ནི་གྲངས་མེད་ཅིང་རྩིས་ལས་འདས། མདོར་བསྡུས་ན་གསུམ་ཡིན་ཏེ། བྱིན་གྱིས་བརླབས་པའི་བཀའ་ཆེན་པོ་ནི་སངས་རྒྱས་ཕལ་པོ་ཆེ་ཡིན་ལ། ཞལ་ནས་གསུངས་པའི་བཀའ་བྱེ་བྲག་པ་ཆ་གཅིག་ནི། རང་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་འཛམ་བུའི་གླིང་དང་ལྷའི་ཡུལ་དུ་གསུངས་པ་སྡེ་སྣོད་གསུམ་དང་། ཀྲི་ཡོག་གསུམ་གྱི་ཆེད་དུ་བཞེད་པའོ། །ཤཱཀྱ་ཐུབ་པ་མྱ་ངན་ལས་འདའ་ཀར་ཞལ་ནས་གསུངས་པ་རྣམས་གཏན་ལ་ཕབ། ལུང་བསྟན་སྐྱེས་བུ་མི་བཞི་འབྱུང་བར་ལུང་བསྟན་པ་ཡིན། སྐྱེས་བུ་མི་བཞིའི་རིང་ལ་རྗེས་སུ་གནང་བའི་བཀའ་ཆེན་པོ་བྱེ་བྲག་པ་ཆ་གཅིག་ལས། ཕྱི་རྒྱུད་གསུམ་གྱི་ཕྱེད། མཧཱ་ཡོ་ག །ཨ་ནུ་ཡོ་ག །ཨ་ཏི་ཡོ་ག །ཐེག་པ་ཕྱེད་དང་དྲུག་བྱུང་བའོ། །དེ་ལ་རྗེས་སུ་གནང་བའི་བཀའ་བྱེ་བྲག་པ་ཙམ་དུ་བཞེད་པ་ཡིན། བྱིན་གྱིས་བརླབས་པའི་བཀའ་ཆེན་པོ་སྟོན་པ་ལྔ་དང་། བསྟན་པ་ལྔའི་རྩ་བ་སངས་རྒྱས་ཕལ་པོ་ཆེའི་previous hit དགོངས next hit་འདི་བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་སྒྲ་དོན་འཆད་ཅིང་སྤྲོད་པའི་དུས་སུ། ཐམས་ཅད་ཀྱི་གོང་དུ་འདི་འཆད་ཅིང་བཀའ་གསུམ་ངོ་སྤྲོད་ཅིང་གཏན་ལ་ཕབ་པར་བྱའོ། །དེའི་ཕྱིར་ན། མདོར་བསྡུས་པ་འདི་ལ་མཁས་པར་འདོད་ན། སངས་རྒྱས་ཕལ་པོ་ཆེའི་སྒྲ་དོན་མ་ལུས་པ་ལ་མཁས་ཤིང་བསླབ་པར་བྱའོ། །སྐུ་ལྔ་ཡོངས་སུ་རྫོགས་པའི་རྒྱལ་བ་སྲས་བཅས་རྣམ་འཕྲུལ་ཆོ་འཕྲུལ་དང་བཅས་པ་རྣམས་དང་། ཡེ་ཤེས་འཇིག་རྟེན་

(༦༠༡)ཆོས་ཀྱི་དབྱིངས་དང་མཉམ་པ་ན་བཞུགས་པ་རྣམས་ཀྱིས། ཆོས་འདི་གང་དང་གང་ན་བཞུགས་པ་རྣམས་དང་། ཉན་དང་བཤད་དང་སྒོམ་དང་ཀློག་པ་ལ་སོགས་པ་རྣམས་ལ་དབང་བསྐུར་ཞིང་བྱིན་གྱིས་བརློབས་ཤིག །སྨིན་ཅིང་གྲོལ་བ་དང་བར་ཆོད་སེལ་ཞིང་ཆོས་སྐྱོང་ཆེན་པོ་མཛོད་ཅིག །ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། དུས་གསུམ་བསགས་དང་རྟོགས་པ་ཡིས། འགྲོ་དྲུག་སེམས་ཅན་མ་ལུས་པ། སྐུ་ལྔ་ཡོངས་རྫོགས་སངས་རྒྱས་ཉིད་དུ་ཤོག །སྐུ་ལྔ་ཡོངས་སུ་རྫོགས་པའི་རྣམ་པར་འཕྲུལ་པ་རྣམ་པར་སྣང་མཛད་ཆེན་པོའི་རྣམ་འཕྲུལ་དང་ཆོ་འཕྲུལ་གྲངས་མཐའ་ཡས་པའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། རབ་འབྱམ་ཆོས་ཀྱི་ཕུང་པོ། བཀའ་གསུམ་བྱེ་བ་ཕྲག་བརྒྱའི་རྩ་བ་རྫོགས་སོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །།གཅིག་ཞུས།

(༦༠༢)

(༤༨༡)སོགས་པ་སེམས་ཅན་རྣམས་ལ་ཕྱོགས་རིས་མེད་པར་བཏང་ཞིང་། ཐེག་པ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པར་བྱེད་དོ། །ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། ཤེས་དང་ཤེས་བྱའི་ཤེས་རབ་དང་ལྡན་པ་སྟེ། ཕྱི་ནང་གི་གཙུག་ལག་དང་། རིག་པའི་གནས་ཀུན་ལ་མཁས་ཤིང་། བྱ་བ་དང་མི་བྱ་བའི་ས་མཚམས་རབ་ཏུ་རྟོགས་པའི་ཕྱིར་ན། སེམས་ཅན་རབ་དང་འབྲིང་གི་དོན་བྱེད་པས་ན། སེམས་ཅན་རྣམས་ཀྱི་ཁམས་རྒྱུད་ཤེས་པའི་ཕྱིར་ན། མིའི་འཇིག་རྟེན་གྱི་ཁམས་སུ་སོང་ཞིང་། འཇིག་རྟེན་ཤེས་པས་དུས་དང་དུས་ཚོད་རན་པར་སྤྱོད་ཅིང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ཤིན་ཏུ་བརྒྱན་པས། བདག་དང་གཞན་གྱི་དོན་དུ་རབ་ཏུ་བརྩོན་པར་བྱེད་དེ། དེའི་ཕྱིར་ན། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ཡིན། སྦྱོར་བ་དེ་དག་ལའང་འབྱུང་བར་སྤྱོད་པ་ཡིན། ཕྱིར་མི་ལྡོག་ཅིང་། ཕྱིར་མི་ཟློག་པའི་བརྩོན་འགྲུས་དང་། སྟོབས་ཀྱི་ཤུགས་ཀྱང་རབ་ཏུ་ཐོབ་པ་ཡིན་ཏེ། དེ་ལྟར་དེའི་དགེ་བའི་སྟོབས་དང་། ཤུགས་ཡོངས་སུ་སྐྱེས་པ་ཡིན། དགེ་བའི་སྟོབས་དང་། ཤུགས་རབ་ཏུ་ཐོབ་པས་སངས་རྒྱས་དེ་དག་མཐོང་ནས། བསམ་པ་རྒྱ་ཆེན་པོས། སངས་རྒྱས་ཆོས་དང་བྱང་ཆུབ་སེམས་དཔའ་རྣམས་རྒྱུན་ཆད་མེད་པར་བསྙེན་བསྐུར་ཞིང་། དགེ་བ་སེམས་ཅན་གྱི་དོན་དུ་བསྔོ་བར་བྱེད་པའོ། །ས་དང་པོ་རབ་ཏུ་དགའ་བ་ལ་གནས་པ་ཡིས། གོང་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། དགེ་བའི་བཤེས་གཉེན་ལ་ས་བཅུའི་བར་དུ། གཞི་དང་། ལམ་དང་། འབྲས་བུའི་ཐོབ་ཚུལ་རྣམས་མཉན་པར་བྱའོ། །ཤེས་པར་བྱའོ། །རྟོགས་པར་བྱའོ། །དེས་ས་ལམ་དང་མི་མཐུན་ཕྱོགས་ཐམས་ཅད་ལ་མཁས་ཤིང་སྤང་བར་

(༤༨༢)བྱའོ། །ས་ཐོབ་པར་བྱ་བ་དང་། རྣམ་པར་བསྒོམ་པར་བྱ་བ་ལ་མཁས་པར་བྱའོ། །སའི་རྣམ་པ་ཡོངས་སུ་སྦྱང་བ་ལ་མཁས་པར་བྱའོ། །ས་ནས་སར་འཕར་བ་ལ་མཁས་པར་བྱའོ། །ས་དང་ས་ལ་རྣམ་པར་གནས་པ་ལ་མཁས་པར་བྱའོ། །ས་ནས་སའི་གནས་གཞན་དུ་འཕོ་བར་བྱ་བ་ལ་མཁས་པར་བྱའོ། །ས་ནས་སར་ཡོངས་སུ་སྦྱང་བའི་ཁྱད་པར་གྱི་ཡེ་ཤེས་ལ་མཁས་པར་བྱའོ། །ས་ནས་ས་ཐོབ་ནས་ཕྱིར་མི་ལྡོག་པའི་ཡེ་ཤེས་ལ་མཁས་པར་བྱའོ། །བྱང་ཆུབ་སེམས་དཔའི་ས་ཡོངས་སུ་སྦྱངས་པས་སངས་རྒྱས་ཀྱི་སར་གནས་པ་ལ་མཁས་པར་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་གནས་པའི་ཚེ། སའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་མཁས་པ་དང་། ས་འགྲུབ་པ་དང་། འཇིག་པ་ལ་མཁས་པ་དང་། སའི་རྣམ་པ་དང་རྒྱུ་མཐུན་པའི་འབྲས་བུ་ལ་མཁས་པ་དང་། ས་འབོབ་པར་བྱ་བ་དང་། རྣམ་པར་བསྒོམ་པ་ལ་མཁས་པ་དང་། སའི་ཡན་ལག་ཡོངས་སུ་སྦྱང་བ་ལ་མཁས་པ་དང་། ས་ནས་སར་ན་འཕར་བར་བྱ་བ་ལ་མཁས་པ་དང་། ས་ནས་སར་རྣམ་པར་གནས་པ་ལ་མཁས་པ་དང་། ས་ནས་སར་ཁྱད་པར་དུ་གྱུར་པའི་ཡེ་ཤེས་ལ་མཁས་པ་དང་། ས་ནས་ས་ཐོབ་པ་ལ་མཁས་པ་དང་། ས་ནས་ས་ཐོབ་པ་ལ་མཁས་ཤིང་ཕྱིར་མི་ལྡོག་པ་ལ་མཁས་པ་དང་། བྱང་ཆུབ་སེམས་དཔའ་ས་ཐམས་ཅད་ཡོངས་སུ་སྦྱངས་པས། སངས་རྒྱས་ཀྱི་ས་ནོན་པ་ལ་མཁས་པར་གྱུར་པ་དེའི་ཚེ། བསོད་ནམས་ཀྱི་ཚོགས་ཆེན་པོ་རྒྱ་ཡོངས་སུ་གཟུང་བ་དང་། ཡེ་ཤེས་ཀྱི་ཚོགས་ཆེན་པོ་ལ་རྣམ་པར་དབྱེ་བ་ཤིན་དུ་བྱས་པ་དང་། སེམས་ཅན་གྱི་ལམ་སྒྲོགས་མང་པོ་ཡོངས་སུ་གདོན་པའི་

(༤༨༣)བསམ་པ་དང་ལྡན་པས། ཐམས་ཅད་མཁྱེན་པའི་གྲོང་གདལ་ཆེན་པོར་བྱིན་པ་བྱ་བར་འདོད་ཅིང་། ཐོག་མ་ནས་སའི་ལམ་དང་། སའི་ལམ་གྱི་ཡོན་ཏན་དང་། སའི་ལམ་གོལ་བའི་ཉེས་པ་དང་། སའི་ལམ་གྱི་བར་ལམ་གྱི་ཁྱད་པར་དང་། སའི་ལམ་གྱི་བར་ལམ་འཁྲུལ་ན། ཉེས་པར་གྱུར་ན་སད་པ་དང་། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བཤམས་ཤིང་བསོག་པ་དག་ཀྱང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དག་དང་། དགེ་བའི་བཤེས་གཉེན་དག་ལས་ཡོངས་སུ་ཚུལ་བཞིན་འདྲེས་ཏེ། བར་གྱི་བར་དང་པོ་ནས་གྱེན་དུ་མ་འཕགས་པར། ཐམས་ཅད་མཁྱེན་པའི་གྲོང་རྡལ་ཆེན་པོར་ཕྱིན་པར་བྱ་བའི་བར་དུ་མཁས་པ་ཡིན། དེ་ལྟར་ཡེ་ཤེས་ཀྱི་ཚོགས་རྣམ་པར་རྟོགས་པའི་བློ་དང་། བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཕུན་སུམ་ཚོགས་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པའི་ཚུལ་དུ། འཁོར་བའི་མྱ་ངན་དང་སྡུག་བསྔལ་ཐམས་ཅད་བསྒྲལ་ཞིང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱ་མཚོར་ཕྱིན་ཞིང་འཇིགས་པ་མེད་པར་བྱེད་དོ། །དེའི་ཕྱིར་ན་བྱང་ཆུབ་སེམས་དཔའ་ཆེན་པོས། ཡོངས་སུ་སྐྱོ་བ་མེད་པའི་ཡིད་ནི་ཡོངས་སུ་སྦྱང་བའི་ཁྱད་པར་ལ་བརྩོན་པར་བྱའོ། །སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྣམ་པའི་བར་དུ་མཁས་པར་བྱའོ། །དེའི་ཕྱིར་ན་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་ས་དང་པོ་རབ་ཏུ་དགའ་བའི་སྒོར་འཇུག་པ་མདོར་བསྡུས་ཏེ་བསྟན་པའོ། །རྒྱ་ཆེར་ནི་ཤིན་ཏུ་བསྟན་པ་བརྒྱ་སྟོང་གྲངས་མེད་པ་རྣམ་པའི་མུར་ཐུག་པ་མེད་དེ། བསྐལ་པ་གྲངས་མེད་པའི་མཐར་ཐུག་པ་ཤིན་དུ་བསྟན་པའི་ཚུལ་གྱིས་ཁོང་དུ་ཆུད་པར་བྱའོ། །དེ་ལ་གནས་

(༤༨༤)པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ནི། ཕལ་ཆེར་འཛམ་བུའི་གླིང་གི་རྒྱལ་པོར་འགྱུར་ཏེ། སྲིད་པ་ཆེན་པོ་ལས་དབང་བསྒྱུར་བ་རབ་ཏུ་ཐོབ་ཅིང་། ཆོས་ཀྱིས་ཡོངས་སུ་བསྐྱངས་པ། སེམས་ཅན་རྣམས་སྦྱིན་པ་ཆེན་པོས་ཡོངས་སུ་བསྡུ་བ་ལ་མཁས་ཤིང་མཐུ་སོང་བ་ཡིན། སེམས་ཅན་རྣམས་ཀྱི་གཟུང་འཛིན་གྱི་དྲི་མ་ཟློག་པ་ལ་མཁས་པ་ཡིན། སྦྱིན་པ་ཆེན་པོས་རྩོལ་བ་ཡོངས་སུ་དུབ་པར་མི་འགྱུར་བ་ཡིན། དེ་སྦྱིན་འམ་ངག་སྙན་པའམ། དོན་སྒྲུབ་པའམ། དོན་མཐུན་པས་དགེ་བའི་རྩ་བ་གང་ཅི་ཙམ་ཡང་རུང་སྟེ། དེ་ཅིའི་ཕྱིར་ན། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར། གཙོ་བོར་འགྱུར། ཐུ་བོར་འགྱུར། ཕུལ་དུ་འགྱུར། དམ་པར་འགྱུར། བླ་ན་མེད་པར་འགྱུར། འདྲེན་པར་འགྱུར། རྣམ་པར་འདྲེན་པར་འགྱུར། ཡོངས་སུ་འདྲེན་པར་འགྱུར་བ་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བརྟེན་པའི་བར་དུ་འགྱུར་སྙམ་དུ་སྟེ། སངས་རྒྱས་ཡིད་ལ་བྱ་བ་དང་། ཆོས་ཡིད་ལ་བྱ་བ་དང་། དགེ་འདུན་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའི་ས་ཡིད་ལ་བྱ་བ་དང་། ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱ་བ་དང་། སྟོབས་ཡིད་ལ་བྱ་བ་དང་། མི་འཇིགས་པ་ཡིད་ལ་བྱ་བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡིད་ལ་བྱ་བ་དང་། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་ཐམས་ཅད་མཁྱེན་པའོ། །ཡེ་ཤེས་ཀྱི་བར་དུ་ཡིད་ལ་བྱ་བ་དང་མི་འབྲལ་བ་ཡིན། དེ་འདོད་ནས་སྐད་ཅིག་ཡུད་ཙམ་ཐང་གཅིག་ཏུ་ཁྱིམ་དང་། ཆུང་མ་དང་། བྱ་བ་ཐམས་ཅད་ཡོངས་སུ་སྤངས་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བ་དང་། རབ་ཏུ་བྱུང་ནས་ཀྱང་

(༤༨༥)སྐད་ཅིག་ཡུད་ཙམ་ཐང་གཅིག་ཏུ་ཏིང་ངེ་འཛིན་བརྒྱ་རབ་ཏུ་ཐོབ་ཅིང་སྙོམས་པར་འཇུག་པ་དང་། སངས་རྒྱས་བརྒྱ་མཐོང་བ་དང་། དེ་གང་གིས་བྱིན་གྱིས་བརླབས་ཀྱང་ཡང་དག་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བརྒྱ་སྟོང་བསྐྱོད་པ་དང་། སངས་རྒྱས་ཀྱི་ཞིང་བརྒྱར་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་བརྒྱ་སྟོང་སྣང་བར་བྱས་པ་དང་། སེམས་ཅན་བརྒྱ་ཡོངས་སུ་སྨིན་པར་བྱས་པ་དང་། བསྐལ་པ་བརྒྱར་གནས་པར་བྱ་བ་དང་། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་བསྐལ་པ་བརྒྱ་ལ་རབ་ཏུ་འཇུག་པ་དང་། ཆོས་ཀྱི་སྒོ་བརྒྱ་ཡོངས་སུ་འབྱེད་པ་དང་། ལུས་བརྒྱ་ཡོངས་སུ་བསྟན་པ་དང་། དུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་བརྒྱ་བརྒྱ་ཡང་དག་པར་བསྟན་པར་བྱ་བའི་ཕྱིར་བརྩོན་འགྲུས་ཀྱི་རྣམ་པ་དེ་ལྟ་བུ་བརྩོམ་མོ། །བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་སྟོབས་ཀྱིས་བསྐལ་པ་གྲངས་མེད་པར་སེམས་ཅན་གྱི་དོན་བྱེད་པ་ལ་སྐྱོ་བ་དང་དུབ་པ་མེད་པར་འགྱུར་རོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་ཤཱཀྱ་ཐུབ་པ་ཆེན་པོ་མངོན་པར་རྫོགས་པར་སངས་རྒྱས་ནས། ཞག་དང་པོའི་དུས་སུ་རྫུ་འཕྲུལ་དང་ཆོ་འཕྲུལ། རྣམ་པར་འཕྲུལ་པ་ཆེན་པོ་ཡིས། གཞི་དང་སྙིང་པོ་མེ་ཏོག་དྲ་བ་འབྲེལ་བའི་ཞིང་ཁམས་ལ་སོགས་པ་སྐད་ཅིག་ཉིད་ལ་བྱིན་གྱིས་བརླབས་པའི་བཀའ་ཆེན་པོ། སངས་རྒྱས་ཀྱི་ཞིང་རྣམ་པར་བཀོད་པའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། སེམས་དཔའ་རང་བྱུང་རྡོ་རྗེ་ཡིས། །ས་དང་པོ་རབ་ཏུ་དགའ་བའི་སྒྲ་དང་དོན་གསལ་བར་བྱེད་པའི་སྒྲོན་མ་བསྟན་པ་སྟེ་དང་པོའོ།། །།དེའི་ཕྱིར་ན་བྱང་ཆུབ་སེམས་དཔའི་ས་ནས་སར་འཕར་ཏེ།

(༤༨༦)ས་དང་པོ་ཡོངས་སུ་སྦྱང་བ་དེས་ས་གཉིས་པ་ལ་མོས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་བྱ་ཞིང་། ཕ་རོལ་ཏུ་ཕྱིན་པ་གཞན་ཡང་ཅི་ནུས་སུ་སྤྱོད་པར་བྱེད་དེ། དེའི་ཕྱིར་ན། ས་གཉིས་པ་ལ་གནས་པ་ལ། ལྷག་པའི་བསམ་པ་བཅུ་འབྱུང་བ་ནི། དྲང་པོའི་བསམ་པ་དང་། འཇམ་པའི་བསམ་པ་དང་། ལས་སུ་རུང་བའི་བསམ་པ་དང་། དུལ་བའི་བསམ་པ་དང་། ཞི་བའི་བསམ་པ་དང་། དགེ་བའི་བསམ་པ་དང་། མ་འདྲེས་པའི་བསམ་པ་དང་། མི་ལྟོས་པའི་བསམ་པ་དང་། བརླབས་པོ་ཆེའི་བསམ་པ་དང་། སེམས་ཀྱི་བསམ་པ་བཅུ་པོ་འདི་དག་འབྱུང་སྟེ། དེ་དག་གིས་བྱང་ཆུབ་སེམས་དཔའི་ས་གཉིས་པ་དྲི་མ་དང་བྲལ་བ་ལ་གནས་པ་ཡིན། དེའི་ཕྱིར་ན་བྱང་ཆུབ་སེམས་དཔའི་དྲི་མ་དང་བྲལ་བའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་སྲོག་གཅོད་པ་དང་བྲལ་བ་ཡིན་ཏེ། དབྱིག་པ་སྤངས། མཚོན་ཆ་སྤངས། འཁོན་དུ་འཛིན་པ་སྤངས་པ་སྟེ། ངོ་ཚ་དང་ལྡན་པས་སྲོག་ཆགས་སུ་གྱུར་པ་ཐམས་ཅད་ལ་ཕན་པ་དང་བདེ་བས་ཕན་འདོགས་ཤིང་བྱམས་པའི་སེམས་དང་ལྡན་པ་ཡིན་ཏེ། དེ་ཡིད་ཀྱིས་ཡོངས་སུ་རྟོག་པ་ཙམ་གྱིས་ཀྱང་སྲོག་ཆགས་ལ་འཚེ་བ་མི་བྱེད་ན་སེམས་ཅན་གཞན་ལ་སེམས་ཅན་དུ་འདུ་ཤེས་ཤིང་ཆེད་དུ་བསམས་ཏེ། ལུས་ལ་བརྩེ་བ་ཆེན་པོ་བྱ་བ་ལྟ་ཅི་སྨོས། བདག་གི་ལོངས་སྤྱོད་ཀྱིས་ཆོག་ཤེས་ཤིང་གཞན་གྱི་ལོངས་སྤྱོད་ལ་རེ་བ་མེད་པས། མ་བྱིན་པར་ལེན་པ་དང་བྲལ་བ་ཡིན་ཏེ། དེ་གཞན་གྱིས་ཡོངས་སུ་གཟུང་བའི་དངོས་པོ་ལས་གཞན་གྱིས་ཡོངས་སུ་གཟུང་བར་འདུ་ཤེས་ཤིང་ལྟ་བུ་སེམས་ཉེ་བར་བཞག་སྟེ། ཆུང་དུ་ན་རྩ་དང་ལོ་

(༤༨༧)མ་ཡང་མ་བྱིན་པར་མི་ལེན་ན། འཚོ་བའི་ཡོ་བྱད་གཞན་ལྟ་ཅི་སྨོས། བདག་གི་ཆུང་མས་ཆོག་ཤེས་ཤིང་། གཞན་གྱི་ཆུང་མ་ལ་རེ་བ་མེད་པས་འདོད་པས་ལོག་པར་གཡེམ་པ་དང་བྲལ་ཏེ། དེའི་ཕྱིར་ན་གཞན་གྱིས་ཡོངས་སུ་གཟུང་བའི་བུད་མེད་གཞན་གྱི་ཆུང་མ་རུས་དང་། མཚན་མ་དང་། ཆོས་ཀྱིས་བསྲུང་བ་རྣམས་ལ་ཆགས་སེམས་ཀྱང་མི་སྐྱེ་ན། གཉིས་ཀྱིས་གཉིས་ཕྲད་པར་བྱ་བ་ལྟ་ཅི་སྨོས། ཡང་དག་པར་སྨྲ་ཞིང་བདེན་པར་སྨྲ་བ་དང་། དུས་སུ་སྨྲ་བ་དང་། ཚོད་དུ་སྨྲ་བ་ལ་ཅི་སྐད་དུ་སྨྲས་པ་དེ་བཞིན་དུ་བྱེད་པས། བརྫུན་དུ་སྨྲ་བ་དང་བྲལ་བ་ཡིན། དེ་ཆུང་དུ་ན་རྨི་ལམ་དུ་ཡང་བརྫུན་གྱི་ཚིག་མི་བརྗོད་ན། ཆེད་དུ་བསམས་ཏེ་བརྗོད་པ་ལྟ་ཅི་སྨོས། དེ་སེམས་ཅན་གྱི་དབྱེན་མི་བྱེད་ཅིང་མི་འཚེ་བ་ལ་ཞུགས་པས་ཕྲ་མའི་ཚིག་དང་བྲལ་བ་ཡིན་ཏེ། དེ་དག་དབྱེ་བའི་ཕྱིར་རོ། །གང་དང་གང་དུ་ཡང་ཆོས་དང་མི་མཐུན་པའི་གཏམ་མི་བྱེད་ཅིང་། འདུམ་པ་རྣམས་དབྱེ་བར་མི་བྱེད། དབྱེ་བ་རྣམས་ལ་འདུམ་པར་བྱ། འདུམ་པ་ལ་དགའ་ཞིང་། མི་འདུམ་པ་ལ་མོས་པ་མ་ཡིན་པས། བདེན་ནམ་བརྫུན་ཡང་རུང་། མི་འདུམ་པར་བྱ་བའི་ཚིག་མི་སྨྲའོ། །ཞེ་གཅོད་པའི་ཚིག་དང་བྲལ་བ་ཡིན། རྙོག་པ་དང་། སླང་བ་དང་། རྩུབ་པ་དང་། གཞན་ལ་གནོད་པ་དང་། ངེད་གནད་པར་འགྱུར་བ་དང་། ཉེས་པ་ངོར་བརྗོད་པ་དང་། ཉེས་པ་ངོར་བརྗོད་པ་ལས་གཞོལ་བ་དང་། གྲོང་ཚིག་དང་། མ་རབས་ཀྱི་ཚིག་དང་། གཟུགས་སུ་གྱུར་པ་མ་ཡིན་པ་དང་། རྣ་བར་མི་སྙན་པ་དང་། ཁྲོ་བ་དང་། གཤེ་བ་ལས་བྱུང་བ་དང་། སྙིང་

(༤༨༨)ན་བར་བྱེད་པ་དང་། ཡིད་ཡོངས་སུ་གདུང་བར་བྱེད་པ་དང་། མི་སྙན་པ་དང་། ཡིད་དུ་མི་འོང་བ་དང་། བདག་དང་གཞན་གྱི་སེམས་མ་རུངས་པར་བྱེད་པའི་ཚིག་གི་རྣམ་པ་དེ་ལྟ་བུ་སྤངས་ཏེ། གང་འདི་འཇམ་པ་དང་། ཡིད་དུ་འོང་བ་དང་། སྙན་པ་དང་། གཟུགས་སུ་གཟུང་བ་དང་། རྣ་བར་འོང་བ་དང་། སྙིང་དུ་སྡུག་པ་དང་། ཕོ་བྲང་གི་ཚིག་དང་། གཅིག་པ་དང་། རྩལ་བ་དང་། འགོ་བ་དང་། མཉན་པར་འོས་པ་དང་། མི་གནས་པ་དང་། སྐྱེ་བོ་མང་པོ་དགའ་བར་འགྱུར་བ་དང་། སྐྱེ་བོ་མང་པོའི་ཡིད་དུ་འོང་བ་དང་། མཁས་པས་བསྔགས་པ་དང་། །ཐམས་ཅད་ལ་ཕན་ཞིང་བདེ་བར་གྱུར་པ་དང་། ཡིད་བདེ་བར་བྱེད་པ་དང་། ཡིད་ཚིམ་པར་བྱེད་པ་དང་། བདག་དང་གཞན་གྱི་སེམས་དང་བར་བྱེད་པ་དང་། འདོད་ཆགས་དང་། ཞེ་སྡང་། གཏི་མུག་དང་། ཉོན་མོངས་པ་ཐམས་ཅད་ཞི་བར་བྱེད་པའི་ཚིག་གི་རྣམ་པ་དེ་ལྟ་བུ་དག་བརྗོད་དེ། ཚིག་འཁྱལ་བ་སྤངས་པ་ཡིན་ཏེ། ལེགས་པར་ལན་ལྡོན་པའི་ཚིག་དང་དུས་སུ་སྨྲ་བ་དང་། བདེན་པར་སྨྲ་བ་དང་། དོན་དུ་སྨྲ་བ་དང་། ཆོས་སུ་སྨྲ་བ་དང་། རིགས་པར་སྨྲ་བ་དང་། དུལ་བར་སྨྲ་བ་དང་། དུས་ལ་བབ་པར་ཤིན་ཏུ་གོ་བའི་ཚིག་གཏན་ཚིགས་དང་བཅས་པ་སྨྲས། དེ་ཆུང་དུ་ན་གཞན་དུ་བྱ་བ་ཙམ་གྱིས་ཚིག་ལ་ཡང་ཡོངས་སུ་སྤང་བར་བྱ་བ་ཡོངས་སུ་སྤོངས་ན། དགོས་པ་དོན་དུ་གཉེར་ཞིང་། ཚིག་གི་རྣམ་པར་འཁྲུལ་བ་ལྟ་ཅི་སྨོས། ཆགས་སེམས་མེད་པ་ཡིན་ཏེ། དེ་གཞན་གྱི་ནོར་དང་། གཞན་གྱི་འདོད་པ་དང་། གཞན་དབང་བའི་ཡོ་བྱད་གཞན་གྱིས་ཡོངས་སུ་གཟུང་བ་ལ། ཅི་ལྟར་ན་གང་གཞན་གྱི་ཡིན་པ་དེ་དག་བདག་གིར་འགྱུར་ཏེ། ཆགས་སེམས་མི་སྐྱེད། གང་ལའང་མི་

(༤༨༩)རེ་མི་གནོད་ཅིང་འདོད་པའི་སེམས་མི་སྐྱེད་དོ། །གནོད་སེམས་དང་བྲལ་བ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་དང་། ཕན་པའི་སེམས་དང་། སྙིང་བརྩེ་བའི་སེམས་དང་། བདེ་བའི་སེམས་དང་། འཇམ་པའི་སེམས་དང་། འགྲོ་བ་ཐམས་ཅད་ལ་ཕན་གདགས་པའི་སེམས་དང་། འབྱུང་པོ་ཐམས་ཅད་ལ་ཕན་ཞིང་སྙིང་བརྩེ་བའི་སེམས་དང་ལྡན་པས། གང་འདི་ཁྲོ་བ་དང་། མདུད་པར་འཛིན་པ་དང་། ཐོབ་པ་དང་། དྲི་བ་དང་། གནོད་སེམས་དང་།ཁོང་ཁྲོ་བ་ལ་སོགས་པ་དེ་དག་སྤངས་ཏེ། གང་འདི་ལ་ཕན་པ་དང་ལྡན་པ། བྱམས་པ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་ཕྱིར། རྣམ་པར་རྟོག་ཤིང་རྣམ་པར་སྤྱོད་པ་དེ་དག་ལ་རྣམ་པར་རྟོགས་པ་ཡིན། ཡང་དག་པར་ལྟ་བ་དང་། བརྟན་ཞིང་ངོ་མཚར་བ་དང་། བཀྲ་ཤིས་དང་།ངང་ཚུལ་ངན་པའི་ལྟ་བ་སྣ་ཚོགས་དང་བྲལ་བ་ཡིན་ཏེ། ལྟ་བ་དྲང་ཞིང་གཡོ་མེད་ལ་སྒྱུ་མེད་པས། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་ངེས་པ་ཡིན་ཏེ། དེ་དགེ་བ་བཅུའི་ལས་ཀྱི་ལམ་འདི་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་ཞིང་། འདི་ལྟར་སེམས་ཀྱི་བསམ་པ་མངོན་པར་སྒྲུབས་ཏེ། སེམས་ཅན་རྣམས་ཀྱི་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་ཡོད་པ་གང་ཡང་རུང་བ་སྟེ། དེ་དག་ཐམས་ཅད་མི་དགེ་བ་བཅུའི་ལམ་ཡོངས་སུ་བླང་བའི་རྒྱུ་ལས་བྱུང་གི།བདག་གིས་ནི་འདི་ལྟར། བདག་ཉིད་ཡང་དག་པའི་ཡོན་ཏན་ལ་གནས་ཏེ། གཞན་ཡང་ཡང་དག་པའི་ཡོན་ཏན་ལ་དགོད་པར་བྱའོ། །ཡང་དག་པའི་ཡོན་ཏན་ལ་གནས་པར་བསྟན་ཏོ། །ཡངས་ཤིང་ཚད་མེད་པའི་སེམས་དང་། སྙིང་

(༤༩༠)བརྩེ་ཞིང་སྙིང་རྗེ་དང་ལྡན་པ་དང་། ཐབས་ལ་མཁས་པས་ཡང་དག་པར་གཟུང་བ་དང་། སྨོན་ལམ་རྒྱ་ཆེན་པོར་བཏབ་པ་དང་། སེམས་ཅན་ཐམས་ཅད་མི་གཏོང་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་རྒྱ་ཆེན་པོར་རྟོགས་པར་བྱ་ཞིང་སྦྱངས་ན་བྱང་ཆུབ་སེམས་དཔའི་ས་ཡོངས་སུ་དག་པ་དང་། ཚུལ་ཁྲིམས་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་པ་རྒྱ་ཆེན་པོ་རྒྱུན་ཆད་མེད་པར་འགྲུབ་པར་འགྱུར་རོ། །དེའི་ཕྱིར་ན་སེམས་ཅན་རྣམས་མི་དགེ་བ་བཅུ་ལ་སྤྱོད་པ་དག་མཐོང་ན་དགེ་བ་བཅུ་ལ་དགོད་པར་བྱའོ། །སེམས་ཅན་རྣམས་ལོག་པའི་ལམ་ལ་ཞུགས་པ་མཐོང་ན་ཡང་དག་པའི་ལམ་ལ་དགོད་པར་བྱའོ། །ཁམས་གསུམ་པའི་སེམས་ཅན་རྣམས་གནས་དང་གནས་མ་ཡིན་པ་ལ་ཆགས་ཤིང་ཞེན་པའི་སེམས་ཅན་རྣམས་ཆགས་ཤིང་ཞེན་པ་མེད་པའི་བྱང་ཆུབ་སེམས་དཔའི་ལམ་ལ་དགོད་པར་བྱའོ། །སེམས་ཅན་འདི་དག་ནི་ཞེས་སེམས་བསྐྱེད་དོ། འདི་ནས་ཆད་པ། །སེམས་ཅན་འདི་དག་ནི་མི་མཐུན་ཞིང་རྩོད་པ་དང་། འཐབ་པ་དང་། ཁོང་འཁྲོ་བ་དང་། འཁོན་དུ་འཛིན་པ་རྣམས་བདག་གིས་བླ་ན་མེད་པའི་བྱམས་པ་ཆེན་པོ་ཉེ་བར་སྒྲུབ་པ་ལ་རབ་ཏུ་སྒྲུབ་པར་བྱའོ། །སེམས་ཅན་འདི་དག་ནི་ཆོག་མི་ཤེས་ཤིང་གཞན་གྱི་ནོར་ལ་མངོན་པར་ཞེན་ཏེ་ལོག་པའི་འཚོ་བ་ཡིན་གྱིས། སེམས་ཅན་འདི་རྣམས་དག་གིས་ལུས་ངག་ཡིད་གསུམ་གྱི་ལས་དག་པའི་འཚོ་བ་ལ་བཀོད་པར་བྱའོ། །སེམས་ཅན་འདི་རྣམས་ནི་དུག་གསུམ་དང་།འདོད་སྲེད་དང་། ཉོན་མོངས་སྣ་ཚོགས་ཀྱི་མེ་ལྕེ་རྟག་ཏུ་རྒྱུན་མི་འཆད་པར་ཀུན་ཏུ་འབར་བར་གྱུར་ཀྱང་། འདི་ལས་ཐར་བའི་ཐབས་མི་འཚོལ་བ་ཡིན་གྱི། བདག་གི་ཉོན་མོངས་པ་ཐམས་ཅད་ཞི་ཞིང་འཚེ་བ་མེད་པའི་

(༤༩༡)མྱ་ངན་ལས་འདས་པ་ལ་དགོད་པར་བྱའོ། །སེམས་ཅན་འདི་དག་ནི་འདོད་ཆགས་དང་། དུག་གསུམ་དང་། སྲེད་པའི་གཞི་དང་ལྡན་ཞིང་། ཉོན་མོངས་པ་སྣ་ཚོགས་ཀྱི་མེ་ལྕེ་རྟག་ཏུ་རྒྱུན་མི་འཆད་པར་ཀུན་ཏུ་འབར་བར་གྱུར་ཀྱང་། འདི་ལས་འབྱུང་བའི་ཐབས་ཡོངས་སུ་མི་འཚོལ་བ་ཡིན་གྱི། དེ་དག་བདག་གི་ཉོན་མོངས་པ་ཐམས་ཅད་ཤིན་ཏུ་ཞི་ཞིང་འཚེ་བ་མེད་པའི་མྱ་ངན་ལས་འདས་པ་ལ་རབ་ཏུ་དགོད་པར་བྱའོ། །སེམས་ཅན་འདི་དག་དུག་གསུམ་དང་ལིང་ཐོག་གིས་བསྒྲིབས་ཤིང་མུན་པ་ཆེན་པོར་འཐིབས་པའི་ནང་དུ་སོང་བས། ཤེས་རབ་ཀྱི་སྣང་བ་དང་རིང་དུ་གྱུར་ཏེ། འཁོར་བའི་མྱ་ངན་ཆེན་པོ་ལས་མ་འདས་ཤིང་ལྟ་བ་ངན་པའི་མྱ་ངན་ལས་གཞོལ་བར་གྱུར་པ་ཡིན་གྱི། དེ་བདག་གིས་ཅི་ནས་ཀྱང་ཆོས་ཐམས་ཅད་ཀྱི་ཡང་དག་པ་ཅི་ལྟ་བ་ཉིད་སྒྲིབས་པ་ཁོང་དུ་ཆུད་པར་གྱུར་པ་དང་། གཞན་གྱི་དྲིང་མི་འཇོག་པར་ཐོབ་པར་གྱུར་པ་ཤེས་རབ་ཀྱི་མིག་སྒྲིབས་པ་མེད་པ་ཡོངས་སུ་སྦྱང་བར་བྱའོ། །སེམས་ཅན་འདི་དག་ནི་འཁོར་བའི་མྱ་ངན་དང་དགོན་པ་ཆེན་པོར་ལུས་ཤིང་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་སམ་ངན་སོང་གསུམ་གྱི་གཡང་ས་ལ་མངོན་དུ་བལྟས་པས། ལྟ་བ་ངན་པ་མི་ཟད་པའི་དྲ་བ་ཀུན་ནས་འཁོར་བ་གཏི་མུག་གི་འཐིབས་པོས་ཀུན་ནས་གཡོགས་པ། ལོག་པའི་ལམ་ལ་ཞུགས་པ། ལོང་བར་གྱུར་པ་དགེ་བའི་མགོན་མེད་པ། འབྱུང་བ་མ་ཡིན་པ་ལ་འབྱུང་བར་བལྟ་བ། བདུད་ཀྱི་ཞགས་པས་བཅིངས་པ། ཡུལ་གྱི་རྐུན་པོས་ཟིན་པ། བདུད་ཀྱི་བསལ་པ་འཐིབས་པོར་ནུས་པ། སངས་རྒྱས་བསམ་པ་དང་རིང་

(༤༩༢)དུ་གྱུར་པ་ཡིན་གྱིས། དེ་དག་བདག་གི་རྣམ་པ་དེ་ལྟ་བུ་འཁོར་བའི་དགོན་པ་དང་། མྱ་ངན་རྒལ་དཀའ་བ་ལས་བསྒྲལ་ཏེ། འཇིགས་པ་མེད་པའི་གནས་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་ཆེན་པོར་འཚེ་བ་མེད་པར་རབ་ཏུ་དགོད་པར་བྱའོ། །སེམས་ཅན་རྣམས་ནི་ཐབས་སྣ་ཚོགས་ཀྱིས་ཆོས་བྱེད་ཀྱང་། བློ་ཆུང་ཞིང་ཐེག་པ་ཆེན་པོར་འབྱུང་བའི་སེམས་མི་བསྐྱེད་པ་དང་།ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་སྨོན་པ་དང་། དེ་དག་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོའི་བློ་གྲོས་དང་ལྡན་ཞིང་། ཐེག་པ་ཆེན་པོ་ལ་དགོད་པར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོའི་སྟོབས་དང་། ཏིང་ངེ་འཛིན་དང་།ཤེས་རབ་དང་། སྦྱིན་པ་བརྩོན་འགྲུས་བཟོད་པ་དང་། བསམ་གཏན་རྣམ་པར་གྲོལ་བའི་ཕུང་པོ་ལ་སོགས་པ་སྨོན་ལམ་གྱི་སྟོབས་ཀྱིས་སངས་རྒྱས་གྲངས་མེད་པ་མཐོང་ཞིང་། དེ་རྣམས་ལ་ཆོས་ཉན་པ་དང་། བསྙེན་བཀུར་བྱེད་ཅིང་མཆོད་པ་འབུལ་བ་དང་། སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་ཤིང་། བྱང་ཆུབ་ཀྱི་ས་ལམ་བསྒྲོད་པའི་བར་ཆད་སེལ་བ་དང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོའོ། །ས་གཉིས་པ་དྲི་མ་མེད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། བསྐལ་པ་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་ལས་ཀྱང་གྲངས་མེད་པར་སེར་སྣའི་སྐྱོན་དང་། ཚུལ་ཁྲིམས་ངན་པའི་དྲི་མ་མེད་ཅིང་ཚུལ་ཁྲིམས་རྣམ་པར་དག་པ་ལ་ཡང་དག་པར་འབྱུང་ཞིང་གནས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་དྲི་མ་དང་བྲལ་བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་བསྐལ་པ་དུ་མ་ནས་བསྐལ་པ་དུ་མར་སེར་སྣའི་ཉེས་པ་དང་། ཚུལ་

(༤༩༣)ཁྲིམས་ངན་པའི་དྲི་མ་མེད་པས་གཏོང་བ་དང་། ཚུལ་ཁྲིམས་རྣམ་པར་དག་པའང་ཡང་དག་པར་འབྱུང་ཞིང་གནས་སོ། །དེའི་བསྡུ་བའི་དངོས་པོ་བཞི་ལས་ངག་སྙན་པ་ཤས་ཆེ་བ་ཡིན།ཕ་རོལ་ཏུ་ཕྱིན་པ་བཅུ་ལས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། ལྷག་མ་རྣམས་ཀྱང་ཚུལ་ཅི་ནུས་སུ་ཡང་དག་པར་མི་སྒྲུབ་པ་མ་ཡིན་ནོ། །དེའི་ཕྱིར་ན། འདི་ནི་བྱང་ཆུབ་སེམས་དཔའི་ས། དྲི་མ་མེད་པ་ཞེས་བྱ་སྟེ། །བྱང་ཆུབ་སེམས་དཔའི་ས་གཉིས་པ་མདོར་བསྟན་པའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཕལ་ཆེར་འཁོར་ལོས་སྒྱུར་བའི་རྒྱལ་པོ་གླིང་བཞི་ལ་དབང་པར་འགྱུར་ཏེ། ཆོས་ཀྱི་དབང་རབ་ཏུ་ཐོབ་ཅིང་རིན་པོ་ཆེ་བདུན་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་སེར་སྣའི་སྐྱོན་དང་། ཚུལ་ཁྲིམས་ངན་པའི་དྲི་མ་བཟློག་པར་བྱ་བ་ལ་མཁས་ཤིང་མཐུ་ཡོད་པ་དང་། སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་དགོད་པར་བྱ་བར་ཤིན་ཏུ་མཁས་པ་དང་། སྦྱིན་པ་ཆེན་པོ་རྩོམ་པས་ཐུབ་པ་མེད་པ་ཡིན་ཏེ། སྦྱིན་པའམ། སྙན་པའམ།དོན་གྲུབ་པའམ། དོན་མཐུན་པས་དགེ་བའི་རྩ་བ་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་ཅི་ལྟར་ན་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་ཏོ། །དེའི་ཕྱིར་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མ་བརྟེན་པའི་བར་དུ་འགྱུར་སྙམ་སྟེ། སངས་རྒྱས་ཡིད་ལ་བྱ་བ་དང་། ཆོས་ཡིད་ལ་བྱ་བ་དང་། དགེ་འདུན་ཡིད་ལ་བྱ་བ་དང་། བྱང་སེམས་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའི་ས་ཡིད་ལ་བྱ་བ་དང་། ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱ་བ་དང་། སྟོབས་ཡིད་ལ་བྱ་བ་དང་། མི་འཇིགས་པ་ཡིད་ལ་བྱ་བ་དང་། སངས་རྒྱས་ཀྱི་ཆོས་

(༤༩༤)མ་འདྲེས་པ་ཡིད་ལ་བྱ་བ་ནས་རྣམ་པའི་མཆོག་ཐམས་ཅད་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཡིད་ལ་བྱ་བ་དང་མི་འབྲལ་བ་ཡིན་ནོ། །དེའི་ཕྱིར་ན། འཁོར་དང་ལོངས་སྤྱོད་ཡོངས་སུ་སྤངས་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བ་དང་།རབ་ཏུ་བྱུང་ནས་ཀྱང་སྐད་ཅིག་ཡུད་ཙམ་ཐང་གཅིག་ཏུ་ཏིང་ངེ་འཛིན་སྟོང་རབ་ཏུ་ཐོབ། སྙོམས་པར་འཇུག་པ་དང་། ཏིང་ངེ་འཛིན་སྟོང་རབ་ཏུ་ཐོབ་ཅིང་དེ་དག་ལ་སྙོམས་པར་འཇུག་པ་དང་། སངས་རྒྱས་སྟོང་མཐོང་བ་དང་། དེ་དག་གི་བྱིན་རླབས་ཀྱང་ཡང་དག་པར་ཤེས་པ་དང་། འཇིག་རྟེན་གྱི་ཁམས་སྟོང་བསྐྱོད་པ་དང་། སངས་རྒྱས་ཀྱི་ཞིང་སྟོང་དུ་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་སྟོང་རབ་ཏུ་བྱེད་པ་དང་། སེམས་ཅན་སྟོང་ཡོངས་སུ་སྨིན་པར་བྱེད་པ་དང་། བསྐལ་པ་སྟོང་དུ་གནས་པ་དང་། སྔོན་གྱི་མཐའ་དང་། ཕྱི་མའི་བསྐལ་པ་སྟོང་དུ་འཇུག་པ་དང་། ཆོས་ཀྱི་སྒོ་མོ་སྟོང་རབ་ཏུ་འབྱེད་པ་དང་། ལུས་སྟོང་ཡོངས་སུ་བསྟན་པ་དང་། ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་སྟོང་ཡང་དག་པར་བསྟན་པར་བྱ་བའི་ཕྱིར། བརྩོན་འགྲུས་དེ་ལྟ་བུ་བརྩོམ་མོ། །དེ་ཡན་ཆད་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་མཐུ་ཅན་རྣམས་སྨོན་ལམ་གྱི་ཁྱད་པར་གྱི་རྣམ་པར་འཕྲུལ་པ་སྟེ། དེ་དག་ནི་ལུས་སམ་འོད་དམ། རྫུ་འཕྲུལ་ལམ། མིག་གམ། སྤྱོད་ཡུལ་ལམ། དབྱངས་སམ། སྤྱོད་པའམ། རྒྱན་ནམ། བྱིན་གྱིས་བརླབས་སམ། མོས་པའམ། མངོན་པར་འདུ་བྱེད་པ་དག་ཀྱང་བསྐལ་པ་དུ་མ་དང་། བསྐལ་པ་བརྒྱ་ཕྲག་དུ་མ་དང་། བསྐལ་པ་སྟོང་ཕྲག་དུ་མ་དང་། བསྐལ་པ་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མའི་བར་གྱིས་བགྲང་བར་དཀའོ། །ཤཱཀྱ་ཐུབ་པ་

(༤༩༥)ཆེན་པོ། རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་སངས་རྒྱས་ནས། སྐད་ཅིག་དེ་ཉིད་ལ་རྫུ་འཕྲུལ་དང་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པའི་བྱིན་གྱིས་བརླབས་པའི་བཀའ། སངས་རྒྱས་ཀྱི་ཞིང་རྣམ་པར་འཕྲུལ་པའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། བྱང་ཆུབ་སེམས་དཔའི་ས་དྲི་མ་མེད་པ་བསྟན་པའི་སྐབས་སོ།། །།ས་གཉིས་པ་དྲི་མ་མེད་པའི་ཡོན་ཏན་ཐམས་ཅད་རྫོགས་ནས། དེ་ལྟར་ཡང་གནས་པར་མི་བགྱི་ཞིང་། ས་ནས་སར་འཕར་ཏེ། ས་གསུམ་པ་ལ་འཇུག་པར་བྱའོ། །དག་པའི་བསམ་པ་དང་། རྟོགས་པའི་སེམས་ཡིད་ལ་བྱ་བ་དང་། མི་གཡོ་བའི་སེམས་ཀྱི་བསམ་པ་ཡིད་ལ་བྱ་བ་དང་། སྐྱེ་བའི་སེམས་ཀྱི་བསམ་པ་ཡིད་ལ་བྱ་བ་དང་། འདོད་ཆགས་དང་བྲལ་བའི་སེམས་ཀྱི་བསམ་པ་ཡིད་ལ་བྱ་བ་དང་། ཕྱིར་མི་ལྡོག་པའི་སེམས་ཀྱི་བསམ་པ་ཡིད་ལ་བྱ་བ་དང་། བརྟན་པའི་སེམས་ཀྱི་བསམ་པ་ཡིད་ལ་བྱ་བ་དང་། སྦྱང་བའི་སེམས་ཀྱི་བསམ་པ་ཡིད་ལ་བྱ་བ་དང་། སློབ་པའི་སེམས་ཀྱི་བསམ་པ་ཡིད་ལ་བྱ་བ་དང་། རླབས་པོ་ཆེའི་སེམས་ཀྱིས་བསམ་པ་ཡིད་ལ་བྱ་བ་དང་། བདག་ཉིད་ཆེ་བའི་སེམས་ཀྱི་བསམ་པ་ཡིད་ལ་བྱ་བའོ། །རྟན་པའི་སེམས་ཀྱི་བསམ་པ་ཡིད་ལ་བྱ་བ་དང་། དེའི་ཕྱིར་ན་ས་གསུམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ལ་མི་རྟག་པར་ཡང་དག་པར་ཅི་ལྟ་བ་བཞིན་དུ་རབ་ཏུ་རྟོག་གོ།།སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པ་དང་། ཡིད་བརྟན་དུ་མི་རུང་བ་དང་། རྣམ་པར་འཇིག་པ་དང་།

(༤༩༦)རིང་དུ་མི་གནས་པ་དང་། སྐད་ཅིག་དུ་འབྱུང་ཞིང་འགག་པ་དང་། མི་ཟད་ཅིང་མི་སྐྱེ་མི་འགག་པ་དང་། སྔོན་གྱི་མཐའ་ཀུན་ནས་མ་བྱུང་བ་དང་། ཕྱི་མའི་མཐའ་འཕོ་བ་མེད་པ་དང་། ད་ལྟར་བྱུང་བ་མི་གནས་པར་རབ་ཏུ་བརྟག་གོ། །དེ་འདུ་བྱེད་ཀྱི་རྣམ་པ་དེ་ལྟ་བུ་ལ་རབ་ཏུ་རྟོག་པའི་ཚེ། མངོན་པར་འཇིག་པ་དང་། མྱ་ངན་ཅན་སྨྲེ་སྔགས་འདོན་པ་དང་། འཁྲུལ་པ་ཅན་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ་རྣམ་པར་བཅིངས་པ། སྡུག་བསྔལ་དང་། ཡིད་མི་བདེ་བ་མང་བ། དུག་གསུམ་རབ་ཏུ་འབར་བ་ནད་དུ་མས་རབ་ཏུ་བསྐྱེད་པ། སྒྱུ་མའི་རང་བཞིན་ལྟ་བུར་མཐོང་ནས། དེའི་ཕྱིར་ན་འདུ་བྱེད་ཐམས་ཅད་ལས་སེམས་གྱེན་དུ་བསྐྱོད་ཅིང་། སངས་རྒྱས་ཀྱི་ཡེ་ཤེས་ལ་རབ་ཏུ་གཏོང་སྟེ། སངས་རྒྱས་ཀྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ལ་རྗེས་སུ་མཐོང་སྟེ། མཚུངས་པ་མེད་པ་དང་། གཞལ་དུ་མེད་པ་དང་། རྙེད་པར་དཀའ་བ་དང་། མ་འདྲེས་པ་དང་། གནོད་པ་མེད་པ་དང་། འཁྲུལ་པ་མེད་པ་དང་། མི་འཇིགས་པའི་གྲོང་རྡམ་དུ་འགྲོ་བ་དང་། ཕྱིར་མི་ལྡོག་པ་དང་། འགྲོ་བ་མང་པོས་ཡོངས་སུ་སྐྱོབ་པ་ཡང་དག་པར་རྗེས་སུ་མཐོང་ངོ། །དེའི་ཕྱིར་ན། སངས་རྒྱས་ཀྱི་ཡེ་ཤེས་དེ་ལྟར་ཚད་མེད་པར་མཐོང་སྟེ། འདུ་བྱེད་ཀྱི་རྣམ་པ་དེ་ལྟར་སྡུག་བསྔལ་མང་པོས་བཙེས་པར་མཐོང་ནས། སེམས་ཅན་ཐམས་ཅད་ལ་དེ་བས་ཀྱང་ཤས་ཆེར་སེམས་ཀྱི་བསམ་པ་བཅུ་ཉེ་བར་བཞག་གོ། །དེའི་ཕྱིར་ན་བཅུ་ནི། མགོན་མེད་པ་དང་། སྐྱབས་མེད་པ་དང་། བརྟེན་པའི་སེམས་ཀྱི་བསམ་པ་དང་། རྟག་ཏུ་འཕོངས་པའི་སེམས་ཀྱི་བསམ་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། དུག་གསུམ་གྱི་མེ་

(༤༩༧)ཀུན་ནས་རབ་ཏུ་འབར་བའི་སེམས་ཀྱི་བསམ་པ་དང་། བརྟག་པའི་སེམས་ཀྱི།སྲིད་པའི་བཙོན་ར་གཟུང་བའི་སེམས་ཀྱི་བསམ་པ་དང་། རྟག་ཏུ་རྒྱུན་མི་འཆད་པར་ཉོན་མོངས་པའི་འཐེབས་པོས་སྒྲིབས་པའི་སེམས་ཀྱི་བསམ་པ་དང་། རྟག་པའི་སེམས་ཀྱི་མཐུ་མེད་པའི་སེམས་ཀྱི་བསམ་པ་དང་། དགེ་བའི་ཆོས་ལ་མོས་པ་མེད་པའི་བསམ་པ་མེད་པའི་བསམ་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལས་ཤིན་དུ་གོལ་བའི་སེམས་ཀྱི་བསམ་པ་དང་། འཁོར་བའི་རྒྱུད་ཀྱི་རྗེས་སུ་འབྲང་བའི་སེམས་ཀྱི་བསམ་པ་དང་། ཐར་པའི་ལམ་གྱིས་བསྔགས་པའི་སེམས་ཀྱི་བསམ་པ་དང་། སེམས་ཀྱི་བསམ་པ་འདི་བཅུ་ཉེ་བར་བཞག་གོ།།དེས་དེ་ལྟར་སེམས་ཀྱི་བསམ་པ་བརྩེ་བ་མང་པོ་ཅན་མཐོང་ནས། བརྩོན་འགྲུས་འདི་ལྟར་བརྩོམ་སྟེ། སེམས་ཅན་འདི་དག་ནི་བདག་གིས་བསྐྱབ་པར་བྱ་བ། ཡོངས་སུ་སྒྲོལ་བར་བྱ་བ་ཡོངས་སུ་བྱང་བར་བྱ་བ། ཤིན་དུ་གནོན་པར་བྱ་བ། རབ་ཏུ་གནོན་པར་བྱ་བ། རབ་ཏུ་དགོད་པར་བྱ་བ། ཤིན་ཏུ་བརྟེན་པར་བྱ་བ། ཡོངས་སུ་ཚིམ་པར་བྱ་བ། གནས་སུ་ཚིམ་པར་བྱ་བ་ལ་རྣམ་པར་བརྟུལ་བར་བྱ་བ་ཡོངས་སུ་མྱ་ངན་ལས་འདས་པར་བྱ་བ་ཡིན་ནོ། །ཞེ་ན། དེའི་ཕྱིར་ན། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ལས་སྐྱེ་བའི་རྗེས་སུ་སོང་ཞིང་། སེམས་ཅན་ཐམས་ཅད་རབ་ཏུ་ལྟ་བའི་རྗེས་སུ་སོང་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དེའི་རྗེས་སུ་སོང་སྟེ། སངས་རྒྱས་ཀྱི་ཡེ་ཤེས་ལ་རབ་ཏུ་བརྟེན་པས། སེམས་ཅན་ཐམས་ཅད་ཡོངས་སུ་སྒྲུབ་པར་བྱ་བ་ལ་བརྩོན་པ་དེ། འདི་ལྟར་ཡོངས་སུ་རྟོག་སྟེ།རྒྱུ་དང་གཞི་

(༤༩༨)དང་ཚུལ་དང་། ཐབས་འགའ་ཞིག་གིས་འདི་ལྟར་སྡུག་བསྔལ་དང་། ཉེ་བའི་ཉོན་མོངས་པ་ལྟུང་བའི་རྒྱུའི་སེམས་ཅན་འདི་དག་མངོན་པར་གདོན་པར་ནུས། རྒྱུ་དང་། གཞི་དང་། ཚུལ་དང་། ཐབས་གང་ཞིག་ནི་ཤིན་ཏུ་བདེ་བའི་མྱ་ངན་ལས་འདས་པའི་སར་འགོད་པར་ནུས་སྙམ་ནས། དེའི་ཕྱིར་ན། བྱང་ཆུབ་འདི་སྙམ་དུ་སེམས་ཏེ། སྒྲིབ་པ་མེད་པའི་ཡེ་ཤེས་རྣམ་པར་གནས་པར་རྟོགས་པར་གཞན་གྱིས་མི་ནུས་སོ། །སྒྲིབ་པ་མེད་པའི་ཡེ་ཤེས་རྣམ་པར་ཐར་པའི་གནས་དེ་ཡང་། ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་མ་གཏོགས་པ་གཞན་གྱིས་ཐོབ་པར་མི་ནུས་སོ། །ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་རྒྱུ་མེད་ཅིང་། སྐྱེ་བ་མེད་པ་ལ་སྤྱོད་པའི་ཤེས་རབ་མ་རྟོགས་པར་གཞན་གྱིས་ཁོང་དུ་ཆུད་པར་མི་ནུས་སོ། །ཤེས་རབ་ཀྱི་སྣང་བ་དེའང་བསམ་གཏན་ལ་མཁས་ཤིང་རྟོགས་པའི་བློས། རབ་ཏུ་རྟོགས་པ་མེད་པར་གཞན་གྱིས་ཐོབ་པར་མི་རུང་ངོ་། །བསམ་གཏན་ལ་མཁས་ཤིང་རྟོག་པའི་བློས་རབ་ཏུ་རྟོག་པ་དེ་ཡང་ཐོབ་པར་མཁས་པར་མི་འབྱུང་ངོ་། །དེའི་ཕྱིར་ན་ཤིན་ཏུ་བརྟགས་པའི་ཤེས་པ་དང་ལྡན་པས། དེ་བས་ཀྱང་ཤས་ཆེར་དམ་པའི་ཆོས་འཚོལ་བ་ལ་མངོན་པར་བརྩོན་པར་གནས་ཏེ། ཉིན་མཚན་དུ་ཐེག་པ་ཆེན་པོའི་བྱང་ཆུབ་ཀྱི་ཆོས་ཐམས་ཅད་མཉན་པ་དོན་ཡོད་དུ་གཉེར་བ་ཡིན། སངས་རྒྱས་ཀྱིས་བརྩལ་བའི་དོན་དུ་ཆོས་ལ་མོས་ཤིང་། ཆོག་མི་ཤེས་པ་རྒྱུན་མི་འཆད་པ་ཡིན། ཆོས་ལ་དགའ་ཞིང་སྤྲོ་བ་དང་། ཆོས་ལ་རབ་ཏུ་འཇུག་པ་ཡིན། གཞོལ་ཞིང་འབབ་

(༤༩༩)པ་དང་། ཆོས་ལ་བརྟེན་ཞིང་སངས་རྒྱས་ལ་སྐྱབས་འཚོལ་བ་ཡིན། ཆོས་དོན་དུ་གཉེར་བ་ལ་བརྩོན་པ་ཡིན་ཏེ། དེ་ལྟར་ཆོས་འཚོལ་བ་ལ་བརྩོན་པས། ཐེག་པ་ཆེན་པོའི་ཆོས་སྟོན་པའི་དགེ་བའི་བཤེས་གཉེན་ལ། རྒྱུན་ཆད་མེད་པར་དད་པ་མོས་གུས་དང་། ལྷ་དང་མིའི་ལོངས་སྤྱོད་ཐམས་ཅད་ཀྱིས་བསྙེན་བཀུར་གྱིས་མཆོད་པ་དང་། རང་གི་ལུས་ངག་ཡིད་གསུམ་ལ་ཡང་འཕངས་པ་མེད་པར་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་གྱིས་ཕྱོགས་སུ་གཏོང་བ་སྟེ། ཆོས་ཀྱི་ཕྱོགས་སུ་བསོད་ནམས་ཀྱི་ཚོགས་ཆགས་ཐོགས་མེད་པར་མི་བསག་པ་གང་ཡང་མེད་པའོ། །ང་རྒྱལ་དང་ལྷག་པའི་ང་རྒྱལ་ཡོངས་སུ་བཏང་བས། ང་རྒྱལ་མེད་པ་ལ་སྤྱད་པ་གང་ཡང་རུང་སྟེ། ཉམས་སུ་མི་ལེན་པ་གང་ཡང་མེད་དོ། །ལུས་ཀྱི་གནད་པ་གང་ཡང་རུང་སྟེ། ཉམས་སུ་མི་ལེན་པ་གང་ཡང་མེད་དོ། །དེའི་ཕྱིར་ན་ཐོབ་པའི་ཆོས་ཀྱི་ཚིག་ཐོས་པ་ནོར་ཆེ་བར་འཛིན་གྱི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོངས་སུ་གང་བའི་རིན་པོ་ཆེའི་ཕུང་པོ་ཐོབ་པས་ནི་མ་ཡིན་ནོ། །ལེགས་པར་བཤད་པའི་ཚིགས་སུ་བཅད་པ་གཅིག་ཐོས་པས་སེམས་དགའ་བར་འགྱུར་གྱི། བརྒྱ་བྱིན་དང་། ཚངས་པ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲིད་པ་བསྐལ་པ་བརྒྱ་སྟོང་མང་པོའི་མཐར་ཐུག་པར་གནས་པ་ནི་མ་ཡིན་ནོ། །དེའི་ཕྱིར་ན་འདི་སྐད་དུ་ཟེར་ཏེ། གལ་ཏེ་ཁྱོད་ཀྱིས་མེའི་དོང་ཆེན་པོར་ལུས་བོར་ཏེ། སྡུག་བསྔལ་གྱི་ཚོར་བའི་ཕུང་པོ་ཆེན་པོ་རང་གི་ལུས་ཀྱིས་ཉམས་སུ་བླང་བར་ནུས་ན། ངས་ཁྱོད་ལ་ཆོས་ཀྱི་

(༥༠༠)ཚིག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་སྦྱོང་བ་འདི་བཤད་པར་བྱའོ། །ཞེས་བརྗོད་ན་ཡང་དེ་འདི་སྙམས་སུ་སེམས་ཏོ། །ཆོས་ཀྱི་ཚིག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་སྦྱོང་བའི་དོན་དུ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་གང་བར་ཡང་ཚངས་པའི་འཇིག་རྟེན་ནས་བདག་གིས་བདག་དོར་བར་མོས་ནས་མེའི་དོང་ཐ་མལ་པ་འདི་ལྟ་བུ་ཞིག་ཏུ་བདག་དོར་བ་ལྟ་ཅི་སྨོས་ཀྱིས། དེ་བས་སེམས་ཅན་དམྱལ་བའི་སྡུག་བསྔལ་ཐམས་ཅད་ཉམས་སུ་མྱོང་བས་ཀྱང་། བདག་གིས་ཆོས་བཙལ་བར་བྱས། མིའི་སྡུག་བསྔལ་དང་འགྲོགས་པར་ལྟ་ཁྱད་དུ་གསོད་ཞེ་ན། དེ་རྣམས་ལ་དེ་ལྟ་བུའི་བརྩོན་འགྲུས་བརྩོམ་པས་ཆོས་ཡོངས་སུ་འཚོལ་ལོ། །ཅི་སྐད་དུ་ཐོས་པའི་ཆོས་རྣམས་ལ་ཡང་ཚུལ་བཞིན་དུ་རབ་ཏུ་རྟོགས་པའི་ངང་ཚུལ་ཅན་ཡིན་ཏེ། དེས་ཆོས་དེ་དག་ཐོས་ནས་ཀྱང་། རྗེས་ལ་རང་སེམས་པར་བཞག་པས་གཅིག་པུ་དབེན་པ་ནི་འདུག་ཅིང་འདི་ལྟར་རྟོག་གོ། །ཆོས་དོན་དུ་གཉེར་བའི་ཆོས་ལ་ནན་ཏན་དུ་བྱས་པས་སངས་རྒྱས་ཀྱི་ཆོས་ཁོང་དུ་ཆུད་པར་བྱ་བའི་ཚིག་གི་ལས་ཡོངས་སུ་དག་པ་འབའ་ཞིག་མ་ཡིན་ནོ། །ཞེས་ཏེ། བྱང་ཆུབ་སེམས་དཔའ་འོད་བྱེད་པ་ལ་གནས་ཤིང་། བསམ་གཏན་བཞི་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སོགས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའི་སྒྲ་དང་དོན་ལ་མཁས་ཤིང་། དེའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ཅིང་རྩལ་རྫོགས་ན་

(༥༠༡)ཡང་། ཐེག་པ་ཆུང་ངུའི་དྲི་མས་མི་གོས་ཤིང་། བདག་གཞན་ཐེག་པ་ཆེན་པོར་དབུགས་དབྱུང་ངོ་། བྱང་ཆུབ་སེམས་དཔའི་གཞི་དང་རྟེན་དུ་གྱུར་པ། བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་ཚད་མེད་པ་བཞི་ལ་བློ་སྦྱོང་ཞིང་། ཁམས་གསུམ་པའི་སེམས་ཅན་ཐམས་ཅད་སྐད་ཅིག་ཉིད་ལ་བླ་ན་མེད་པའི་སངས་རྒྱས་ལ་དགོད་པར་དམ་བཅའོ། །དེའི་ཕྱིར་ན། རྫུ་འཕྲུལ་གྱི་རྣམ་པ་དུ་མ་མྱོང་བར་བྱེད་དེ། ས་འདི་ཡང་གཡོ་བར་བྱེད་དོ། །གཅིག་ཏུ་གྱུར་ནས་མང་པོར་གྱུར་རོ། །མང་པོར་གྱུར་ནས་གཅིག་ཏུ་འགྱུར་རོ། །སྣང་བ་དང་མི་སྣང་བ་ལའང་རབ་ཏུ་སྤྱོད་དེ། རྩིག་པ་ལ་ཐག་ཐོགས་མེད་པ་དང་། ར་བ་ལ་ཐག་ཐོགས་མེད་པ་དང་། རི་ལ་ཡང་དཔེར་ན་ནམ་མཁའ་བཞིན་དུ་ཐག་ཐོགས་མེད་ཅིང་། ཆགས་པ་མེད་པར་འགྲོའོ། །དཔེར་ན་ནམ་མཁའ་ལ་ལྡིང་བའི་བྱ་བཞིན་དུ། ནམ་མཁའ་ལ་ཡང་སྐྱིལ་དཀྲུངས་ཀྱིས་གནས་པར་བྱེད་དོ། །ཆུ་བཞིན་དུ་ས་ལ་ནུབ་ཅིང་འབྱུང་བ་སྟོན་ཏོ། །ས་བཞིན་དུ་ཆུ་ལ་ཡང་འབྱིང་བ་མེད་པར་འགྲོའོ། །མེའི་ཕུང་པོ་ཆེན་པོ་བཞིན་དུ་འཐུལ་ལོ། །མེ་ལྕེ་འབར་རོ། །སྤྲིན་ཆེན་པོ་བཞིན་དུ་ལུས་ལས་ཆར་འབེབས་སོ། །ཉི་མ་དང་ཟླ་བ་འདི་དག་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་། འདི་ལྟར་མཐུ་ཆེ་ལ་འདི་ལྟར་དབང་ཆེ་བར་བགྲང་བ་དག་ཀྱང་ལག་པས་བྱུག་ཅིང་རེག་པར་བྱེད་དོ། །ཚངས་པའི་འཇིག་རྟེན་གྱི་བར་དུ་ཡང་ལུས་ཀྱི་དབང་བསྒྱུར་ཏེ། དེའི་ལྷའི་རྣ་བའི་ཁམས་རྣམ་པར་དག་པ་མི་ལས་འདས་པས་ལྷ་དང་མིའི་སྒྲ་གཉིས་ཀ་ཡང་ཉན་ནོ། །རིང་ཡང་རུང་། ཉེ་ཡང་རུང་སྟེ། ཆུང་ངུ་ན་སྦྲང་བུ་དང་། ཤ་སྦྲང་དང་།

(༥༠༢)བུང་བ་དང་། སྲིན་བུའི་སྒྲ་ཡང་ཐོས་སོ། །ས་གསུམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་མངོན་པར་ཤེས་པའི་བྱེ་བྲག་ཇི་སྙེད་པ་ཙམ་འབྱུང་སྟེ། སེམས་ཅན་རྣམས་ཀྱི་འཆི་འཕོ་དང་། སྐྱེ་རྒ་ན་བ་དང་། རིགས་དྲུག་གི་གྲོང་ཁྱེར་དུ་ཅི་ལྟར་སྐྱེས་པ་དང་། ལས་བདེ་སྡུག་སྣ་ཚོགས་མྱོང་བ་ཡང་མཁྱེན་ཏེ། བདག་དང་གཞན་གྱི་ཚེ་རབས་གྲངས་མེད་པ་ཡང་ཆགས་ཐོགས་མེད་པར་དྲན་ནོ། །ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་བདེ་སྡུག་སྣ་ཚོགས་མྱོང་བ་ཡང་མཁྱེན་ཏོ། །བདག་དང་གཞན་གྱི་ཚེ་རབས་གྲངས་མེད་པ་ཡང་ཆགས་ཐོགས་མེད་པར་དྲན་ནོ། །ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་འཇིག་པ་དང་ཆགས་པ་སྟོང་བ་ལ་སོགས་པ་གྲངས་མེད་པ་རྗེས་སུ་དྲན་ནོ། །བདག་ནི་བསྐལ་པ་གྲངས་མེད་པ་ནས་ལས་དགེ་སྡིག་གི་དབང་གིས། འགྲོ་བ་རིགས་དྲུག་གི་གནས་ཐ་དད་པར་སྐྱེ་ཞིང་། སྡུག་བསྔལ་གྲངས་མེད་པར་མྱོང་བ་རྗེས་སུ་དྲན་ནོ། བྱང་ཆུབ་སེམས་དཔའི་ས་འོད་བྱེད་པ་འདི་ལ་གནས་པའི་ཚེ། དེའི་ལྟ་སྒོམ་སྤྱོད་ཡུལ་རྒྱ་ཆེན་པོ་དང་། སྨོན་ལམ་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་མང་པོ་མཐོང་བར་འགྱུར་ཞིང་། སངས་རྒྱས་མཐོང་བ་རྣམས་ལ་དད་པ་དང་། མོས་གུས། མཆོད་པ་དང་། བསྟོད་པ། འབུལ་བ་དང་། བསྙེན་བཀུར་བསམ་གྱིས་མི་ཁྱབ་པ་རྒྱུན་ཆད་མེད་པར་བྱེད་དོ། །དགེ་བའི་རྩ་བ་ཐམས་ཅད་ཀྱང་སེམས་ཅན་གྱི་དོན་དུ་བསྔོའོ། །སངས་རྒྱས་རྣམས་ལ་ཆོས་ཉན་ཞིང་ཆོས་ཐོས་པ་ཡིན་བྱང་ཆུབ་སེམས་དཔའི་ཐེག་པའི་སྒྲ་དང་དོན་ལ་མཁས་ཤིང་། བདག་མེད་རྣམ་པ་གཉིས་ཀྱི་དོན་རྟོགས་ནས། སྟོང་པ་སྙིང་རྗེ་དབྱེར་མེད་པས་

(༥༠༣)སེམས་ཅན་གྱི་དོན་རྒྱུན་ཆད་མེད་པར་བྱེད་དོ། །ས་གསུམ་པ་འོད་བྱེད་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་དུག་ལྔ་མི་དགེ་བའི་ཚོགས་ཐམས་ཅད་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་དུ་མ་སྤངས་ཤིང་མི་སོགས་པར་གནས་སོ། །ས་གསུམ་པ་འོད་བྱེད་པ་འདི་ལ་གནས་པའི་སྐྱེས་བུ་དམ་པ་ནི་མི་དགེ་བའི་ཚོགས་ཐམས་ཅད་བྱང་བར་འགྱུར་རོ། །དགེ་བའི་ཚོགས་ཐམས་ཅད་གོང་ནས་གོང་དུ་རྫོགས་པ་ཡིན། བསྡུ་བའི་དངོས་པོ་བཞིས་སེམས་ཅན་བསྡུས་པ་ཡིན། ཕ་རོལ་ཏུ་ཕྱིན་པ་བཅུ་ལས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གལ་ཆེ་བ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ཀྱང་ཅི་ནུས་སུ་སྒྲུབ་པ་ཡིན། འོད་བྱེད་པའི་ས་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའི་ས་གསུམ་པའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། ཕལ་ཆེར་ལྷའི་དབང་པོར་འགྱུར་ཏེ། སེམས་ཅན་རྣམས་ཀྱི་འདོད་སྲེད་ལ་སོགས་ཏེ། མི་དགེ་བ་ཐམས་ཅད་ལས་བཟློག་ནས་འགྲོ་བ་ཐམས་ཅད་ཀྱི་འདྲེན་པར་འགྱུར་རོ། །དུས་རྒྱུན་དུ་དཀོན་མཆོག་གསུམ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡིད་ལ་བྱེད་པ་དང་མི་འབྲལ་བར་འགྱུར་རོ། །ས་ལམ་སྒྲོད་པ་ལ་ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཡིད་ལ་བྱེད་པ་དང་མི་འབྲལ་བ་ཡིན་ཏེ། ས་གསུམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། སྐད་ཅིག་ཡུད་ཙམ་ཐང་གཅིག་ལ་ཏིང་ངེ་འཛིན་རབ་ཏུ་ཐོབ་ཅིང་། སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་དུ་འཇུག་པ་དང་། འཇིག་རྟེན་གྱི་ཁམས་བརྒྱ་སྟོང་དུ་གཡོ་བ་དང་། འཇིག་རྟེན་གྱི་ཁམས་བརྒྱ་སྟོང་འོད་

(༥༠༤)ཀྱིས་སྣང་བར་བྱ་བ་དང་། སེམས་ཅན་བརྒྱ་སྟོང་སྨིན་པར་བྱའོ། །བསྐལ་པ་བརྒྱ་སྟོང་དུ་གནས་པར་བྱ་བ་དང་། དུས་གསུམ་དུ་བསྐལ་པ་བརྒྱ་སྟོང་དུ་སེམས་ཅན་གྱི་དོན་དུ་འཇུག་པ་དང་། ཆོས་ཀྱི་སྒོ་བརྒྱ་སྟོང་དུ་རྣམ་པར་འབྱེད་པ་དང་། ལུས་བརྒྱ་སྟོང་ཡོངས་སུ་བསྟན་པ་དང་། ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་བརྒྱ་སྟོང་བསྟན་པའི་བརྩོན་འགྲུས་ཀྱིས་རྣམ་པ་དེ་ལྟ་བུ་ཙམ་མོ། །དེ་ཡན་ཆད་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་མཐུ་སྟོབས་ཀྱི་ཁྱད་པར་གྱིས་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཚོགས་རྣམས་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་ཏུ་བགྲང་ཞིང་བཤད་ཀྱང་རྫོགས་པར་མི་འགྱུར་རོ། །དེའི་ཕྱིར་ན། ས་གསུམ་པ་འོད་བྱེད་པ་ཞེས་བྱའོ། །བྱིན་གྱིས་བརླབས་པའི་བཀའ། ཤཱཀྱ་ཐུབ་པ་ཆེན་པོ་རྣམ་པར་སྣང་མཛད་ཀྱིས་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་བསྟན་པའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ས་གསུམ་པ་བསྟན་པའི་བར་སྐབས་ལགས་སོ།། །།སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཀྱིས། ས་གསུམ་པ་བཞི་པར་འཕོ་ཞིང་འཇུག་པ་སྟེ། དེ་ལ་ཆོས་སྣང་བ་ལ་འཇུག་པ་བཅུ་ཡོངས་སུ་སྟོན་ཏོ། །སེམས་ཅན་གྱི་ཁམས་རྣམ་པར་སྤྱད་པ་སྣང་བ་ལ་འཇུག་པ་དང་། ཆོས་ཀྱི་ཁམས་རྣམ་པར་སྤྱད་པ་སྣང་བ་ལ་འཇུག་པ་དང་། ནམ་མཁའི་ཁམས་རྣམ་པར་སྤྱད་པ་སྣང་བ་ལ་འཇུག་པ་དང་། རྣམ་པར་ཤེས་པའི་ཁམས་རྣམ་པར་སྤྱད་པ་སྣང་བ་ལ་འཇུག་པ་དང་། འདོད་པའི་ཁམས་རྣམ་པར་སྤྱད་པ་སྣང་བ་ལ་འཇུག་པ་དང་། གཟུགས་ཀྱི་ཁམས་རྣམ་པར་

(༥༠༥)སྤྱད་པ་སྣང་བ་ལ་འཇུག་པ་དང་། གཟུགས་བརྒྱད་མེད་པའི་ཁམས་རྣམ་པར་སྤྱད་པ་སྣང་བ་ལ་འཇུག་པ་དང་། བསམ་པ་དང་མོས་པ་ཡངས་པའི་ཁམས་རྣམ་པར་སྤྱད་པ་སྣང་བ་ལ་འཇུག་པ་དང་། བདག་ཉིད་ཆེ་བའི་བསམ་པ་དང་མོས་པའི་ཁམས་རྣམ་པར་སྤྱད་པ་སྣང་བ་ལ་འཇུག་པ་དང་། ཆོས་སྣང་བ་ལ་འཇུག་པ་བཅུ་པོ་འདི་དག་གིས་ཡོངས་སུ་གནོན་ནོ། །དེའི་ཕྱིར་ན། བྱང་ཆུབ་སེམས་དཔའི་འོད་འཕྲོ་བ་ཅན་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་རིགས་སུ། དེའི་བདག་ཉིད་ཀྱི་ཆོས་རབ་ཏུ་ཐོབ་པའི་ཕྱིར། ཡེ་ཤེས་ཡོངས་སུ་སྨིན་པར་བྱེད་པའི་ཆོས་བཅུ་ཡང་དག་པར་འབྱུང་བ་ཡིན། བཅུ་གང་ཞེ་ན། འདི་ལྟ་སྟེ། མི་ལྡོག་པའི་བསམ་པ་དང་། དཀོན་མཆོག་གསུམ་ལ་དད་པ་མི་ཕྱེད་པ་རབ་ཏུ་ཐོབ་པའི་མཐར་ཐུག་པ་དང་། འདུ་བྱེད་སྐྱེ་བ་དང་། འཇིག་པ་རྣམ་པར་བསྒོམ་པ་དང་། རང་བཞིན་གྱིས་མ་སྐྱེས་པ་རྣམ་པར་བསྒོམ་པ་དང་། འཇིག་རྟེན་རྒྱུ་ཞིང་ལྡོག་པ་རྣམ་པར་བསྒོམ་པ་དང་། ལས་ཀྱི་སྲིད་པར་སྐྱེ་བ་རྣམ་པར་བསྒོམ་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་རྣམ་པར་བསྒོམ་པ་དང་། སེམས་ཅན་གྱི་ཞིང་དང་ལས་རྣམ་པར་བསྒོམ་པ་དང་། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་རྣམ་པར་བསྒོམ་པ་དང་། མེད་པའི་མཐའ་དང་ཟད་པའི་མཐའ་རྣམ་པར་བསྒོམ་པ་སྟེ། དེའི་ཕྱིར་ན། དེ་ཡེ་ཤེས་སུ་སྨིན་པར་བྱེད་པའི་ཆོས་བཅུ་པོ་འདི་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ནི། སངས་རྒྱས་ཀྱི་རིགས་སུ་དེའི་བདག་ཉིད་ཀྱི་ཆོས་རབ་ཏུ་ཐོབ་པར་བྱ་བའི་

(༥༠༦)ཕྱིར་ཡང་དག་པར་འབྱུང་བ་ཡིན། དེའི་ཕྱིར་ན། བྱང་ཆུབ་སེམས་དཔའི་ས་འོད་འཕྲོ་བ་ཅན་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཆོས་ཐམས་ཅད་ཟུང་དུ་འཇུག་པས་སྤྱོད་པ་ཡིན། དེའི་ཕྱིར་ན། ཚོགས་སྦྱོར་གཉིས་ཀྱི་དུས་སུ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ཟག་པ་དང་བཅས་པར་སྤྱོད་ཅིང་བསྒོམ་པའོ། །ས་བཞི་པའི་དུས་སུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ལ་སློབ་པའི་ཟུང་འཇུག་ཏུ་སྦྱངས་ཤིང་སྒོམ་ལ་སྤྱོད་པའོ། །དེའི་ཕྱིར་ན། དྲན་པ་ཉེ་བར་བཞག་པ་བཞི་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ལ་རིམ་གྱིས་ཟུང་དུ་འཇུག་ཅིང་སློབ་པའོ། །ཟློག་པའི་ཟུང་འཇུག་ཡོངས་སུ་སྦྱོང་བ་དང་ལྡན་ཞིང་། ཤེས་བཞིན་དྲན་པ་དང་ལྡན་པར་འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་སྤངས་ཏེ། ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བར་གནས་སོ། །ཡོངས་སུ་སྦྱོང་བ་དང་ལྡན་ཞིང་། ཤེས་བཞིན། དྲན་པ་དང་ལྡན་པ། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་སྤངས་ཏེ། ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བར་གནས་སོ། །སྦྱོང་བ་དང་ལྡན་ཞིང་ཤེས་བཞིན་ཅན་དྲན་པ་དང་ལྡན་པར་འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་སྤངས་ཏེ་ཕྱི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བར་གནས་སོ། །དེའི་ཕྱིར་ན། ནང་གི་ཚོར་བ་དང་། དེ་བཞིན་དུ་ནང་གི་སེམས་དང་། ཕྱི་རོལ་གྱི་སེམས་དང་། ཕྱི་ནང་གི་སེམས་ལ་བལྟས་ཏེ། སྦྱོང་བ་དང་ལྡན་ཞིང་། ཤེས་བཞིན་ཅན་དྲན་པ་དང་ལྡན་པར་འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་རྣམ་པར་སྤངས་ཏེ། ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བར་གནས་སོ། །ཡོངས་སུ་སྦྱོང་བ་དང་ལྡན་ཞིང་། ཤེས་བཞིན་ཅན་དྲན་པ་དང་ལྡན་པར་འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་

(༥༠༧)རྣམ་པར་སྤངས་ཏེ། ཕྱི་རོལ་གྱི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བར་གནས་སོ། །ཡོངས་སུ་སྦྱོང་བ་དང་ལྡན་ཞིང་། ཤེས་བཞིན་ཅན་དྲན་པ་དང་ལྡན་པར་འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་སྤངས་ཏེ། ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བར་གནས་སོ། །བྱང་ཆུབ་སེམས་དཔའ་ས་བཞི་པ་ལ་གནས་པས་སྔོན་དུ་སྦྱོང་བ་དང་ལྡན་ཞིང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སློབ་ཅིང་ཟུང་དུ་འཇུག་གོ། །སྔོན་དུ་སྦྱོང་བ་དང་ལྡན་པས། ཡང་དག་པར་སྤོང་བ་བཞི་ལ་སློབ་ཅིང་ཟུང་དུ་འཇུག་གོ། །སྔོན་དུ་སྦྱོང་བ་དང་ལྡན་པས་དབང་པོ་ལྔ་ལ་སློབ་ཅིང་ཟུང་དུ་འཇུག་གོ། །སྔོན་དུ་དྲན་པ་དང་ལྡན་པས་སྟོབས་ལྔ་ལ་སློབ་ཅིང་ཟུང་དུ་འཇུག་གོ། དྲན་བཞིན་དུ་བྱང་ཆུབ་ཀྱི་ཡན་ལག་ལ་སློབ་ཅིང་ཟུང་དུ་འཇུག་གོ། །དོན་དམ་ཀུན་རྫོབ་དབྱེར་མེད་པར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སློབ་ཅིང་ཟུང་དུ་འཇུག་པ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་དང་། དོན་དམ་ཀུན་རྫོབ་ཟུང་དུ་འཇུག་ཅིང་རྩལ་སྦྱང་བར་བྱའོ། །དེའི་ཕྱིར་ན། སེམས་ཅན་ཐམས་ཅད་ལ་ལྟ་ཞིང་སྔོན་གྱི་སྨོན་ལམ་མངོན་པར་སྒྲུབས་པས་མངོན་པར་བསྟན་པ་དང་། སེམས་ཅན་ཐམས་ཅད་ལ་སྟོང་པ་སྙིང་རྗེ་དབྱེར་མེད་དུ་སྒོམ་པ་དང་། བྱམས་པ་ཆེན་པོ་དང་ལྡན་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དམིགས་པ་སྟེ། སངས་རྒྱས་ཀྱི་ཞིང་སྒྲུབ་ཅིང་། མི་ཟད་པའི་རྒྱན་སྒྲུབ་པ་དང་། སྟོབས་དང་མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། མཚན་དང་དཔེ་བྱད། གསུང་དབྱངས་ཕུན་སུམ་ཚོགས་པ། སངས་རྒྱས་ཀྱི་ཡོན་ཏན་རྣམས་ལ་སློབ་ཅིང་ཟུང་དུ་འཇུག་པ་དང་། སྒོམ་པའོ། །གོང་ནས་

(༥༠༨)གོང་དུ་ཁྱད་པར་དུ་འཕགས་པའི་ཆོས་བཙལ་བ་དང་། སངས་རྒྱས་ཀྱི་རྣམ་ཐར་ཐོས་ཤིང་ཁོང་དུ་ཆུད་པ་དང་། ཤེས་རབ་དང་ཐབས་ལ་མཁས་ཤིང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཟུང་དུ་འཇུག་པའོ། །བྱང་ཆུབ་སེམས་དཔའི་ས་འདི་ལ་གནས་པ་རྣམས་ནི་ཕུང་པོ་ཁམས་དང་སྐྱེ་མཆེད། བྱེད་པའི་སྐྱེས་བུ་བཅུ་གཉིས་མ་རིག་པ་ལ་སོགས་རབ་ཏུ་ཤེས་པར་བདེ་ཅིང་། སྤོང་བར་ཡང་བྱེད། ཟུང་དུ་ཡང་འཇུག་གོ། །སངས་རྒྱས་ཀྱིས་དམ་པའོ། །ཀུན་ནས་ཉོན་མོངས་པ་དང་ལྡན་པའི་འདུ་བྱེད་ཀྱི་ཕུང་པོ་སྤོངས་ཤིང་། ཟུང་དུ་འཇུག་པ་ལ་སློབ་པོ། །དེའི་ཕྱིར་ན་ཐབས་དང་ཤེས་རབ། དོན་དམ་དང་ཀུན་རྫོབ་ཀྱིས་ཉེ་བར་བསྡུས་པའི་ལམ་ཡང་དག་པར་སྒྲུབ་པའི་ལམ་གྱི་ཡན་ལག་རྣམས་བསྒོམ་པ་དེ་ལྟར་འཇམ་པའི་སེམས་དང་ལྡན་པ་ཡིན། མཉེན་པའི་སེམས་དང་ལྡན་པ་ཡིན། ལས་སུ་རུང་བའི་སེམས་དང་ལྡན་པ་ཡིན། ཕན་པ་དང་བདེ་བ་བསྐྱེད་པའི་སེམས་དང་ལྡན་པ་ཡིན། ཀུན་ནས་ཉོན་མོངས་པ་མེད་པའི་སེམས་དང་ལྡན་པ་ཡིན། གོང་ནས་གོང་དུ་ཁྱད་པར་ཡོངས་སུ་འཚོལ་བའི་སེམས་དང་ལྡན་པ་ཡིན། ཡེ་ཤེས་ཀྱི་ཁྱད་པར་ལ་མོས་པའི་སེམས་དང་ལྡན་པ་ཡིན། འགྲོ་བ་ཐམས་ཅད་ཡོངས་སུ་སྐྱབ་པའི་སེམས་དང་ལྡན་པ་ཡིན། བླ་མ་ལ་རིམ་གྲོ་དང་མཐུན་པའི་སེམས་དང་ལྡན་པ་ཡིན། ཇི་སྐད་དུ་ཐོས་པའི་ཆོས་ལ་ནན་ཏན་དུ་བྱེད་པའི་སེམས་དང་ལྡན་པ་ཡིན་ཏེ། དེ་ནི་བྱས་པ་ཤེས་པ་དྲིན་དུ་བཟོ་བ་ཡིན། འགྲོགས་ན་བདེ་ཞིང་དེས་པ་ཡིན། འཇལ་ཞིང་མཉེན་པ་ཡིན། རྒྱུ་མེད་ཅིང་ང་རྒྱལ་མེད་

(༥༠༩)པ། འཐིབས་པོ་མེད་ཅིང་སྤྱོད་པ་ཡིན། མཐུན་པར་འཛིན་ཞིང་ང་ལོ་བདེ་བ་ཡིན། དེའི་ཕྱིར་ན་བཟོད་པ་དང་། དེ་ལྟར་དུལ་བ་དང་ལྡན། དེ་ལྟར་ཞི་བ་དང་ལྡན་ཏེ། དེ་ལྟར་བཟོད་ཅིང་དུལ་ལ་ཞི་བ་དང་ལྡན་པས། གོང་དུ་ས་སྦྱོང་བའི་ལམ་རྣམས་ཡིད་ལ་བྱེད་ཅིང་ཡང་དག་པར་སྤྱོད་པ། ཕྱིར་མི་ལྡོག་པའི་བརྩོན་འགྲུས་དང་ལྡན་པ་ཡིན། ཐུན་མ་ཆད་པའི་བརྩོན་འགྲུས་དང་ལྡན་པ་ཡིན། མཐའ་ཡས་པའི་བརྩོན་འགྲུས་དང་ལྡན་པ་ཡིན། ཤིན་ཏུ་སྦྱངས་པའི་བརྩོན་འགྲུས་དང་ལྡན་པ་ཡིན། མི་མཉམ་པའི་བརྩོན་འགྲུས་དང་ལྡན་པ་ཡིན། མི་འཕྲོག་པའི་བརྩོན་འགྲུས་དང་ལྡན་པ་ཡིན། སེམས་ཅན་ཐམས་ཅད་སྨིན་པར་བྱེད་པའི་བརྩོན་འགྲུས་བརྩོམ་མོ། །ཚུལ་དང་བྱེ་བྲག་ཕྱེད་པའི་བརྩོན་འགྲུས་བརྩོམ་མོ། །ལྷག་པའི་བསམ་པ། རྣམ་པར་དག་པ་དང་། མི་འབྲལ་ལོ། །ཆོས་ཅན་དང་ཆོས་རྟོགས་པ་ལ་ཐེ་ཚོམ་མི་ཟའོ། །དགའ་བ་དང་བག་ཡངས་པ་དང་རྒྱ་ཆེན་པོ་ཐོབ་པར་འགྱུར་རོ། །སངས་རྒྱས་ལ་དད་པ་རླབས་པོ་ཆེ་སྐྱེ་ཞིང་སངས་རྒྱས་མངོན་དུ་འགྱུར་རོ། །སེམས་ཀྱི་བསམ་པ་ཚད་མེད་པ་ཡང་དག་པར་བསྐྱེད་དོ། །བྱང་ཆུབ་སེམས་དཔའི་ས་འོད་འཕྲོ་བ་ཅན་ལ་གནས་པའི་ཚེ། སྨོན་ལམ་གྱི་སྟོབས་ཀྱིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་མང་པོ་མཐོང་བར་འགྱུར་ཏེ། མཐོང་ནས་ཀྱང་བསམ་པ་རྒྱ་ཆེན་པོས་དུས་གསུམ་རྒྱུན་མི་འཆད་པར་མཆོད་པ་དང་། བསྙེན་བཀུར་དང་། ཕྱག་ལ་སོགས་པ་རྒྱུན་ཆད་མེད་པར་བསྙེན་བསྐུར་རོ། །རྒྱལ་བའི་སྲས་རྣམས་

(༥༡༠)ལ་ཡང་བསྙེན་བཀུར་བྱེད་ཅིང་། དགེ་བའི་རྩ་བ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོའོ། །སངས་རྒྱས་རྣམས་ལ་ཐེག་པ་ཆེན་པོའི་ཆོས་ཉན་ཞིང་། སྒྲ་དང་དོན་ལ་མཁས་པར་བསླབས་ཏེ། སྒོམ་དུ་མེད་པའི་སྒོམ་ལམ་ལ་ཟུང་དུ་འཇུག་ཅིང་སྒོམ་པ་དང་སྤྱོད་དོ། །འོད་འཕྲོ་བའི་ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་ལྷག་པའི་བསམ་པ་རྣམ་པར་དག་པ་ལ་མོས་ཤིང་མཉམ་པ་ཉིད་དུ་གནས་སོ། །དགེ་བའི་རྩ་བ་ཐམས་ཅད་ཀྱང་འོད་གསལ་ཞིང་དག་པར་འགྱུར་རོ། །ས་འོད་འཕྲོ་བ་ཅན་འདི་ལ་གནས་པ་ཡིས། དགེ་བའི་རྩ་བ་ཐམས་ཅད་ཀྱང་ས་འོག་མ་ལ་གནས་པ་རྣམས་ཀྱིས་མི་གནོན་པ་ཡིན་ནོ། །དེ་བཞིན་དུ་འོད་འཕྲོ་བའི་ས་ལ་གནས་པ་ཡིས། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་བདུད་ཉོན་མོངས་པའི་ཚོགས་རྣམས་ཟིལ་གྱིས་གནོན་ཏེ། བསྡུ་བའི་དངོས་པོ་བཞི་དང་། ཕ་རོལ་དུ་ཕྱིན་པ་བཅུ་ལས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་ཆེར་རྫོགས་པ་ཡིན། ཕ་རོལ་ཏུ་ཕྱིན་པ་གཞན་མི་སྒྲུབ་པ་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ས་བཞི་སྟེ། འོད་འཕྲོ་བ་ཞེས་ཀྱང་བྱ། དེ་ལ་སྦྱང་དཀའ་བ་ཞེས་ཀྱང་བྱ། ས་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཕལ་ཆེར་ལྷའི་རྒྱལ་པོ་རབ་འཚེ་མར་འགྱུར་ཏེ། སེམས་ཅན་རྣམས་ཀྱི་འཇིག་ཚོགས་ཀྱི་ལྟ་བ་འཇོམས་པའི་མཐུ་ཡོད་པ་ཡིན། བསྡུ་དངོས་རྣམ་པ་བཞི་ཡིས་བརྩོན་འགྲུས་བརྩོམ་སྟེ། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་ཞིང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བརྟེན་པའི་བར་དུ་འགྱུར་སྙམ་སྟེ། དཀོན་མཆོག་གསུམ་

(༥༡༡)ཡིད་ལ་བྱ་བ་དང་། བྱང་ཆུབ་ཀྱི་གཞི་ལམ་འབྲས་བུ་ཡིད་ལ་བྱ་བ་དང་། སྟོབས་དང་མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཡིད་ལ་བྱ་བ་མི་འབྲལ་བར་བྱ་བ་ཡིན་ཏེ། དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ཡིན། སྐད་ཅིག་ཙམ་ལས་ཏིང་ངེ་འཛིན་ཁྲག་ཁྲིག་ཐོབ་ཅིང་། དེ་དག་ལ་སྙོམས་པར་འཇུག་པ་ཙམ་གྱིས་སངས་རྒྱས་ཁྲག་ཁྲིག་མཐོང་ཞིང་། སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་ཀྱིས། འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་གཡོ་ཞིང་འགུལ་བར་ནུས་པ་དང་། སངས་རྒྱས་ཀྱི་ཞིང་ཁྲག་ཁྲིག་ཏུ་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་སྣང་བར་བྱས་པ་དང་། སེམས་ཅན་ཁྲག་ཁྲིག་སྨིན་པར་བྱེད་པ་དང་། བསྐལ་པ་ཁྲག་ཁྲིག་དུ་གནས་པ་དང་། དུས་གསུམ་བསྐལ་པ་ཁྲག་ཁྲིག་ལ་རབ་ཏུ་འཇུག་པ་དང་། ཆོས་ཀྱི་སྒོ་ཁྲག་ཁྲིག་འབྱེད་པ་དང་། ལུས་ཁྲག་ཁྲིག་བསྟན་པ་དང་། ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་ཁྲག་ཁྲིག་བསྟན་པའི་ཕྱིར། བརྩོན་འགྲུས་བརྩོམ་མོ། །སྨོན་ལམ་གྱི་སྟོབས་ཀྱི་རྣམ་པར་འཕྲུལ་ཏེ། བྱང་ཆུབ་སེམས་དཔའ་དེ་དག་གི་ཡོན་ཏན་གྱི་ཚོགས་ནི། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་བར་དུ་བགྲང་བར་ཤིན་ཏུ་དཀའོ། །ཤཱཀྱ་ཐུབ་པ་ཆེན་པོ་ཆོས་ཀྱི་དབྱིངས་སུ་སངས་རྒྱས་མ་ཐག་ཏུ་རྫུ་འཕྲུལ་དང་། ཆོ་འཕྲུལ། རྣམ་པར་འཕྲུལ་པ་ཡིས་བྱིན་གྱིས་བརླབས་པའི་བཀའ། བསྟན་པ་རྒྱ་མཚོ་

(༥༡༢)མཐའ་ཡས་ལས། ས་བཞི་པ་འོད་འཕྲོ་བསྟན་པའི་བར་སྐབས་ལགས་སོ།། །།རྣམ་སྣང་རྒྱལ་པོས་བྱིན་གྱིས་བརླབས་ཀྱིས། ས་བཞི་པའི་བྱང་ཆུབ་སེམས་དཔའ་ས་ལྔ་པར་འཕོ་བ་ལས། སེམས་ཀྱི་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་བཅུ་འཇུག་གོ། །བཅུ་གང་ཞེ་ན། འདས་པའི་སངས་རྒྱས་ཀྱིས་ཆོས་མཉམ་པ་ཉིད་དང་། མ་བྱོན་པའི་སངས་རྒྱས་ཀྱི་ཆོས་མཉམ་པ་ཉིད་དང་། ད་ལྟར་བྱུང་བའི་ཆོས་མཉམ་པ་ཉིད་དང་། ཚུལ་ཁྲིམས་རྣམ་པར་དག་པ་མཉམ་པ་ཉིད་དང་། སེམས་ཀྱི་དག་པ་མཉམ་པ་ཉིད་དང་། དེའི་ཕྱིར་ན། ནོར་བུ་དང་དགོས་པ་བཙལ་བས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། ལམ་དང་ལམ་མ་ཡིན་པ་ཤེས་པས་རྣམ་པར་དག་པ་མཉམ་པ་ཉིད་དང་། ནན་ཏན་དང་སྤོང་བ་ཤེས་པས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་གོང་ནས་གོང་དུ་རྣམ་པར་བསྒོམས་པས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དེ། དེའི་ཕྱིར་ན། སེམས་ཅན་གྱི་བསམ་པ་རྣམ་པར་དག་པ་བཅུ་པོ་འདི་དག་གིས་དེ་ལ་འཇུག་སྟེ། བྱང་ཆུབ་སེམས་དཔའི་ས་ལྔ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་ནི། བྱང་ཆུབ་ཀྱི་ཕྱོགས་དང་ལམ་གྱི་ཡན་ལག་དེ་དག་ཉིད་ལ་སྦྱོང་བ་ཤིན་ཏུ་བྱས་ཤིང་། ལྷག་པའི་བསམ་པ་ཤིན་ཏུ་སྦྱངས་པས་དེའི་གོང་དུ་ལམ་གྱི་ཁྱད་པར་རྩོལ་ཞིང་། དེ་བཞིན་ཉིད་ཀྱི་རྗེས་སུ་ཞུགས་པ་དང་། སྨོན་ལམ་གྱི་མཐུ་དང་། ཤུགས་དང་

(༥༡༣)སྙིང་རྗེ་དང་། བྱམས་པས་སེམས་ཡོངས་སུ་གཏོང་བ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རབ་ཏུ་བསགས་པ་དང་། ཡོངས་སུ་རྒྱུན་ཆད་མེད་པ་དང་། ཐབས་ལ་མཁས་པས་མངོན་པར་སྒྲུབ་པ་དང་། གོང་ནས་གོང་དུ་སའི་སྣང་བ་ལྟ་བ་དང་། སངས་རྒྱས་ཀྱི་བྱིན་གྱིས་བརླབས་བསྩལ་བ་དང་། དྲན་པ་དང་། བློ་གྲོས་དང་། རིག་པ་དང་། བློའི་སྟོབས་དང་། ཐུགས་ཀྱི་ཡིད་ལ་བྱ་བའི་ཕྱིར། མི་ལྡོག་པར་བྱ་བ་སྟེ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱ་བར་ཡང་དག་པ་ཅི་ལྟ་བ་རབ་ཏུ་ཤེས་སོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བ། འདི་ནི་སྡུག་བསྔལ་འགོག་པ། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ། འཕགས་པའི་བདེན་པ་ཞེས་བྱ་བར་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། འདི་ཀུན་རྫོབ་ཀྱི་བདེན་པ་ལ་མཁས་པ་ཡིན། དོན་དམ་པའི་བདེན་པ་ལ་མཁས་པ་ཡིན། མཚན་ཉིད་ཀྱི་བདེན་པ་ལ་མཁས་པ་ཡིན། རྣམ་པར་དབྱེ་བའི་བདེན་པ་ལ་མཁས་པ་ཡིན། རྟག་པའི་བདེན་པ་ལ་མཁས་པ་ཡིན། དངོས་པོའི་བདེན་པ་ལ་མཁས་པ་ཡིན། འབྱུང་བའི་བདེན་པ་ལ་མཁས་པ་ཡིན། བྱང་ཞིང་མི་བདེ་བ་ལ་མཁས་པ་ཡིན། ལམ་གྱི་ཡེ་ཤེས་ལ་འཇུག་པའི་བདེན་པ་ལ་མཁས་པ་ཡིན། བྱང་ཆུབ་སེམས་དཔའི་སའི་རིམ་པ་མཚམས་སྦྱར་བ་འགྲུབ་པ་ཡིན། སངས་རྒྱས་ཀྱི་ཡེ་ཤེས་ལ་ཡང་དག་པར་བསྐྱེད་པའོ། །རབ་ཏུ་བསམ་པ་ཡིན་ཏེ། དེ་སེམས་ཅན་གཞན་ལ་བསམ་པ་ཅི་ལྟ་བ་བཞིན་དུ་དགའ་བར་བྱེད་པས། ཀུན་རྫོབ་ཀྱི་བདེན་པ་ཡང་རབ་ཏུ་ཤེས་སོ། །ཐེག་པ་གཅིག་ཏུ་ཡང་དག་པར་གཞོལ་བས། དོན་དམ་པའི་བདེན་པ་རབ་ཏུ་ཤེས་སོ། །ཆོས་ཀྱི་རང་གི་མཚན་

(༥༡༤)ཉིད་ཁོང་དུ་ཆུད་པས། མཚན་ཉིད་ཀྱི་བདེན་པ་ཡང་རབ་ཏུ་ཤེས་སོ། །ཆོས་ཀྱི་བྱེ་བྲག་རྣམ་པར་དགོད་པ་ཁོང་དུ་ཆུད་པ་རྣམ་པར་དབྱེ་བའི་བདེན་པ་ཡང་རབ་ཏུ་ཤེས་སོ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་དགོད་པ་རྟོག་པའི་བདེན་པ་ཡང་རབ་ཏུ་ཤེས་སོ། །ལུས་དང་སེམས་ལ་གནོད་པ་ཉམས་སུ་འབབ་པས་དང་པོའི་བདེན་པ་ཡང་རབ་ཏུ་ཤེས་སོ། །འགྲོ་བ་རྒྱུད་ཀྱི་མཚམས་སྦྱོར་བས་འབྱུང་བའི་བདེན་པ་ཡང་རབ་ཏུ་ཤེས་སོ། །རིགས་དང་ཡོངས་སུ་གདུང་བ་ཐམས་ཅད་ཤིན་ཏུ་ཞི་བས་སྦྱང་ཞིང་། མི་སྐྱེ་བའི་བདེན་པ་ཡང་རབ་ཏུ་ཤེས་སོ། །མི་གཉིས་པས་མངོན་པར་སྒྲུབ་པས་ལམ་གྱི་ཡེ་ཤེས་ལ་འཇུག་པའི་བདེན་པ་ཡང་རབ་ཏུ་ཤེས་སོ། །རྣམ་པ་ཐམས་ཅད་དུ་མངོན་པར་འཚང་རྒྱ་བ་དང་། བྱང་ཆུབ་སེམས་དཔའི་སའི་རིམ་ཐམས་ཅད་མཚམས་སྦྱར་བ་རབ་ཏུ་བསྒྲུབས་པས། སངས་རྒྱས་ཀྱི་ཡེ་ཤེས་ཡང་དག་པར་འབྱུང་བའི་བདེན་པ་ཡང་རབ་ཏུ་ཤེས་སོ། །དེ་ཡང་མོས་པས་ཤེས་པའི་སྟོབས་དང་། ཤུགས་ཀྱིས་དེ་ལྷག་མ་ལུས་པར་ཡེ་ཤེས་ཁོང་དུ་ཆུད་པས་ནི་མ་ཡིན་ནོ། །དེའི་ཕྱིར་ན། དེ་ལྟར་བདེན་པ་ལ་མཁས་པ་མངོན་པར་སྒྲུབ་པའི་བློས་འདུས་བྱས་བསོག་བསོག་བརྫུན་པ་བསླུ་བའི་ཆོས་དགུ་བྱེད་པ། བྱིས་པ་འདྲིད་པ་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་སྔོན་པས་ཀྱང་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་མངོན་དུ་འགྱུར་རོ། །བྱམས་པའི་སྣང་བ་ཡང་རབ་ཏུ་འབྱུང་སྟེ། དེ་ལྟར་ཡེ་ཤེས་ཀྱི་སྟོབས་དང་ཤུགས་རབ་ཏུ་ཐོབ་ཅིང་། སེམས་ཅན་ཐམས་ཅད་ལ་ལྟ་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་ལ་མོས་པས་འདུ་བྱེད། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་རབ་ཏུ་རྟོགས་ཏེ། དེའི་ཕྱིར་ན། སྔོན་

(༥༡༥)གྱི་མཐའ་མ་རིག་པ་དང་། སྲིད་པ་དང་། སྲེད་པ་ལས་རབ་དུ་བྱུང་བའི་སེམས་ཅན་འཁོར་བའི་རྒྱུད་དུ་བབས་པ། ཕུང་པོའི་གནས་ལས་མ་འཕགས་པ། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་བདག་མེད་པ། སེམས་ཅན་མེད་པ། སྲོག་མེད་པ་ཞེས་རྣམ་པར་འབྲེལ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདི་ལྟར་ཕྱི་མའི་མཐའ་མེད་པ་ལ་རྨོངས་པའི་འདོད་པ་འདི་ཉིད་རྒྱུན་བཅད་པ་དང་། མཐར་དབྱུང་བ་དང་། དབྱུང་བར་བྱ་བ་དང་། ཡོད་པ་དང་། མེད་པ་དེ་ཡང་དག་པ་ཅི་ལྟ་བ་བཞིན་དུ་ཤེས་ཏེ། དེ་འདི་སྙམ་དུ་སེམས་སོ། །དེ་ལས་ལུས་གྲངས་མེད་པ་ཞིག་འགགས་ལ། འགག་པར་འགྱུར་ཞིང་། འགགས་བཞིན་ཏེ། འདི་ལྟར་རྒྱུད་པར་འགྱུར་ཡང་ལུས་མ་སྐྱོ་བ་མི་སྐྱེད་ཅིང་། སྡུག་བསྔལ་ཞི་བར་བྱེད་དོ། །འཁོར་བའི་རྒྱུ་ལས་ཕྱིར་མི་ལྡོག་ཅིང་། ཕུང་པོའི་གནས་མི་གཏོང་བ་དང་། ཁམས་ཀྱི་སྦྲུལ་གྱི་སྐྱེ་བར་མི་འགྱུར་བ་དང་། ང་རྒྱལ་དང་ལྟ་བའི་ཟུག་རྔུ་མི་འབྱིན་ཞིང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་མེ་ལྕེ་འབར་བ་ཞི་བར་མི་བྱེད་པ་དང་། ཡ་རིག་པའི་མུན་པ་ཆེན་པོ་མི་སེལ་ཞིང་། སྲིད་པའི་མཚོ་མི་སྐམས་པ་ལ། སྟོབས་བཅུའི་དེད་དཔོན་མི་འཚོལ་ཞིང་། བདུད་ཀྱི་བསམ་པ་འཐིབས་པོའི་རྗེས་སུ་སོང་སྟེ། འཁོར་བའི་རྒྱ་མཚོ་ཆུ་སྲིན་གྱིས་དཀྲུགས་པས་ཡོངས་གཡེང་བར་འཁོར་ཞིང་། བྱིས་པ་སོ་སོ་སྐྱེ་བོས་དེ་ལྟར་མི་ཤེས་ཤིང་། རྨོངས་པ་ནི་ངོ་མཚར་ཆེས་མང་ལ། བདག་གིས་སེམས་ཅན་དེ་ལྟར་སྡུག་བསྔལ་གྱིས་མནར་བ། མགོན་མེད་པ། དཔུང་མེད་པ། སྐྱབས་

(༥༡༦)མེད་པ། གནས་མེད་པ། གཞི་མེད་པ། རྟེན་མེད་པ། ལོང་བར་གྱུར་པ། མ་རིག་སྒོ་ངའི་སྦུབས་དང་སྤྲིས་གཡོགས་པ། མུན་པས་ཁེབས་པ་དེ་དག་གི་དོན་དུ། བདག་གཅིག་པུ་གཉིས་སུ་མེད་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པར་བསག་པར་བྱ་བ། ཅི་ལྟ་བུ་བསགས་པས་སེམས་ཅན་དེ་དག་ཤིན་ཏུ་རྣམ་པར་དག་པ་ཐོབ་པར་འགྱུར་བ་དང་། སྟོབས་བཅུའི་སྟོབས་ཀྱི་ཡེ་ཤེས་ཆགས་པ་མེད་པའི་བར་གྱིས་མཐར་ཐུག་པ་ཐོབ་པར་འགྱུར་བའི་རྣམ་པ་དེ་ལྟ་བུའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་བྱ་བའམ་སྙམ་སྟེ། དེ་ལྟར་ལྟ་བ་དང་། ནེམ་ནུར་དང་། རྟོགས་པ་བརྩལ་བས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། ལམ་དང་ལམ་མ་ཡིན་པ་ཤེས་པས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། ནན་ཏན་དང་སྤོང་བ་ཤེས་པས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་གོང་ནས་གོང་དུ་རྣམ་པར་བསྒོམས་པས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། དེའི་ཕྱིར་ན་སེམས་ཅན་གྱི་བསམ་པ་རྣམ་པར་དག་པ་བཅུ་པོ་འདི་དག་གིས་དེ་ལ་འཇུག་སྟེ། བྱང་ཆུབ་སེམས་དཔའི་ས་ལྔ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་ནི་བྱང་ཆུབ་ཀྱི་ཕྱོགས་དང་ལམ་གྱི་ཡན་ལག་དེ་དག་ཉིད་ལ་ཤིན་ཏུ་སྦྱང་བ་བྱས་ཏེ། ལྷག་པའི་བསམ་པ་ཤིན་ཏུ་སྦྱངས་པས། དེའི་གོང་དུ་ལམ་གྱི་ཁྱད་པར་འཚོལ་ཞིང་། དེ་བཞིན་ཉིད་ཀྱི་རྗེས་སུ་ཞུགས་པ་དང་། སྨོན་ལམ་གྱི་མཐུ་དང་། ཤུགས་དང་། སྙིང་རྗེ་དང་། བྱམས་པ་དང་། སེམས་ཅན་ཡོངས་སུ་མི་གཏོང་བ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་

(༥༡༧)ཚོགས་རབ་ཏུ་རྫོགས་པ་དང་། ཡོངས་སུ་རྒྱུན་ཆད་པ་མེད་པ་དང་། ཐབས་ལ་མཁས་པས་མངོན་པར་བསྒྲུབས་པ་དང་། གོང་ནས་གོང་དུ་སའི་སྣང་བ་དང་། སངས་རྒྱས་པའི་བྱིན་རླབས་བསྩལ་བ་དང་། དྲན་པ་དང་། བློ་གྲོས་དང་། རིག་པ་དང་། བློའི་སྟོབས་དང་། ཐུགས་ཀྱི་ཡིད་ལ་བྱ་བའི་ཕྱིར་མི་ལྡོག་པ་སྟེ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བ། འདི་ནི་སྡུག་བསྔལ་འགོག་པ། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཞེས་བྱ་བར་ཡང་དག་པ་ཅི་ལྟ་བ་བཞིན་དུ་ཤེས་ཏེ། དེ་ཀུན་རྫོབ་ཀྱི་བདེན་པ་ལ་མཁས་པ་ཡིན། དོན་དམ་པའི་བདེན་པ་ལ་མཁས་པ་ཡིན། མཚན་ཉིད་ཀྱི་བདེན་པ་ལ་མཁས་པ་ཡིན། རྣམ་པར་དབྱེ་བའི་བདེན་པ་ལ་མཁས་པ་ཡིན། བརྟག་པའི་བདེན་པ་ལ་མཁས་པ་ཡིན། ལམ་གྱི་ཡེ་ཤེས་ལ་འཇུག་པའི་བདེན་པ་ལ་མཁས་པ་ཡིན། བྱང་སེམས་ཀྱི་སའི་རིམ་པ་ས་མཚམས་སྦྱར་བ། གྲུབ་པ་གྲུབ་པར་བྱ་བས། སངས་རྒྱས་ཀྱི་ཡེ་ཤེས་ཡང་དག་པར་བསྐྱེད་པའི་བར་དུ་མཁས་པ་ཡིན་ཏེ། དེའི་སེམས་ཅན་གཞན་དང་། གང་ཟག་གཞན་ལ་བསམ་པ་ཇི་ལྟ་བ་བཞིན་དུ་དགའ་འགྱུར་བྱེད་པས། ཀུན་རྫོབ་དུ་བདེན་པ་ཡང་རབ་ཏུ་ཤེས་སོ། །ཐེག་པ་གཅིག་ཏུ་ཡང་དག་པར་གཞོལ་བས། དོན་དམ་པའི་བདེན་པ་ཡང་རབ་ཏུ་ཤེས་སོ། །ཆོས་ཀྱི་རང་གི་མཚན་ཉིད་ཁང་དུ་ཆུད་པས་མཚན་ཉིད་ཀྱི་བདེན་པ་ཡང་རབ་ཏུ་ཤེས་སོ། །ཆོས་ཀྱི་བྱེ་བྲག་རྣམ་པར་དགོད་པ་ཁོང་དུ་ཆུད་པས་རྣམ་

(༥༡༨)པར་དབྱེ་བའི་བདེན་པ་ཡང་རབ་ཏུ་ཤེས་སོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམ་པར་དགོད་པ་རྟོག་པའི་བདེན་པ་ཡང་རབ་ཏུ་ཤེས་སོ། །ལུས་དང་སེམས་ལ་གནོད་པ་ཉམས་སུ་འབབ་པས་དངོས་པོའི་བདེན་པ་ཡང་རབ་ཏུ་ཤེས་སོ། །འགྲོ་བ་རྒྱུད་ཀྱི་མཚམས་སྦྱོར་བའི་འབྱུང་བའི་བདེན་པ་ཡང་རབ་ཏུ་ཤེས་སོ། །རིམས་དང་ཡོངས་སུ་གདུང་བ་ཐམས་ཅད་ཤིན་ཏུ་ཞི་བར་བྱ་ཞིང་མི་སྐྱེ་བའི་བདེན་པ་ཡང་རབ་ཏུ་ཤེས་སོ། །མི་གཉིས་པས་མངོན་པར་སྒྲུབ་པའི་བློ་དགེ་བའི་རྩ་བ་གང་ཅི་བརྩོམ་ཡང་། དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་ལས་ཡོངས་སུ་བསྐྱབ་པ་དང་། སེམས་ཅན་ལ་ཕན་པ་དང་། སེམས་ཅན་ལ་བདེ་བ་དང་། སེམས་ཅན་ལ་སྙིང་བརྩེ་བ་དང་། སེམས་ཅན་ལ་འཚེ་བ་མེད་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྒྲོལ་བ་དང་། སེམས་ཅན་དྲང་བ་དང་། སེམས་ཅན་དད་པར་བྱ་བ་དང་། སེམས་ཅན་གདུལ་བ་དང་། སེམས་ཅན་མྱ་ངན་ལས་འདའ་བའི་ཕྱིར་རབ་ཏུ་བརྩོན་ཏེ། བྱང་ཆུབ་སེམས་དཔའི་ས་ལྔ་ལ་ཤིན་ཏུ་དགའ་བར་དཀའ་བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་དེ་བས་ཀྱང་ཉམས་པར་མི་འགྱུར་བའི་ཆོས་ཉིད་དྲན་པ་དང་ལྡན་པ་ཡིན། ཤིན་དུ་ངེས་པར་རྟོགས་པའི་ཡེ་ཤེས་ཀྱི་བློ་གྲོས་དང་ལྡན་པ་ཡིན། མདོའི་དོན་དང་ཚུལ། ངག་ཁོང་དུ་ཆུད་པས་རིག་པ་དང་ལྡན་པ་ཡིན། བདག་དང་གཞན་གྱིས་རྗེས་སུ་བསྲུང་བས་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ཡིན། སྡོམ་པ་དང་ཚུལ་མ་ནོར་བས་དགའ་བ་དང་ལྡན་པ་ཡིན། གནས་དང་གནས་མ་ཡིན་པ་ལ་མཁས་ཤིང་། ཤིན་ཏུ་བརྟག་པས་བློ་དང་ལྡན་པ་ཡིན། གཞན་གྱི་དྲིང་མི་འཇོག་པས་ཡེ་ཤེས་ལྔ་དང་ལྡན་པ་ཡིན། །དོན་དང་དོན་མ་ཡིན་

(༥༡༩)པའི་ཚོགས་ཡང་དག་པར་དབྱེ་བ་ལ་མཁས་པ་ཡིན། སྒོམ་པ་མངོན་ཤེས་ཐོབ་པ་ཡིན། འཇིག་རྟེན་གྱི་རྗེས་སུ་འབྲངས་པས་ཐབས་ལ་མཁས་པ་ཡིན། བསོད་ནམས་ཀྱི་ཚོགས་རྫོགས་པས་ཆོག་མི་ཤེས་པ་ཡིན། ཡེ་ཤེས་ཀྱི་རྫོགས་ཡོངས་སུ་རྫོགས་པས་བརྩོན་འགྲུས་རྒྱུན་མི་འཆད་པ་ཡིན། བྱམས་པ་དང་སྙིང་རྗེ་ཆེན་པོའི་ཚོགས་ཡང་དག་པར་རྫོགས་པས་སྐྱེ་བ་མེད་པ་བསམ་པ་དང་ལྡན་པ་མིན། སངས་རྒྱས་ཀྱི་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡོངས་སུ་འཚོལ་བས། སྙོམ་ལས་མེད་པས་ཡོངས་སུ་འཚོལ་བ་ལ་བརྩོན་པ་ཡིན། །སངས་རྒྱས་ཀྱི་ཞིང་སྒྲུབ་པ་དང་། རྒྱན་མངོན་པར་བཤམས་པས་མངོན་པར་སྒྲུབ་པའི་ཡིད་དང་ལྡན་པ་ཡིན། །མཚན་དང་དཔེ་བྱད་བཟང་པོ་ཡང་དག་པར་སྒྲུབས་པས་དགའ་བ་རྣམ་པ་སྣ་ཚོགས་ལ་བརྩོན་པ་ཡིན། ས་ལྔ་པ་རྒལ་དཀའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཕལ་ཆེར་ལྷའི་རྒྱལ་པོ་རབ་དགའ་ལྡན་དུ་འགྱུར་ཏེ། སེམས་ཅན་རྣམས་མུ་སྟེགས་ཀྱི་གནས་ལས་བཟློག་པ་ལ་མཁས་ཤིང་མཐུ་ཡོད་པ་ཡིན། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྒྱན་ཡོངས་སུ་འཚོལ་བས་རྟག་ཏུ་རྒྱུན་མི་འཆད་པར་བརྩོན་པ་ཡིན། བྱང་ཆུབ་སེམས་དཔའ་དང་། ཆོས་སྨྲ་བ་དང་། རིམ་གྲེ་བྱེད་པས་བསྙེན་བཀུར་བ་དང་། སྲིད་ཞུ་ཆེན་པོའི་ངང་ཚུལ་ཡིན། བྱང་ཆུབ་ཀྱི་སེམས་དང་ཐབས་མཁས་པ་ཆེན་པོའི་ཚུལ་དང་ལྡན་པར་འཇིག་རྟེན་དུ་རུང་བས། ཁོང་ཁྲོ་བ་མེད་པའི་སེམས་དང་ལྡན་པ་ཡིན། སེམས་ཅན་ཐམས་ཅད་སྨིན་པར་བྱ་བ་ལ་མངོན་པར་བརྩོན་པས་

(༥༢༠)རྒྱུན་ཆད་མེད་པར་བསྡུ་དངོས་བཞི་ཡིས་སེམས་ཅན་རྣམས་བསྡུས་པ་ཡིན། སེམས་ཅན་རྣམས་ཀྱི་སྐད་དང་མཐུན་པར་ཆོས་བཤད་པ་དང་། རྫུ་འཕྲུལ་ཆེན་པོ་མངོན་པར་སྒྲུབ་པ་དང་། དཀོན་མཆོག་གསུམ་དང་། སངས་རྒྱས་ཀྱི་ཡོན་ཏན་སྣ་ཚོགས་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་སྒྲུབ་ཅིང་། ཡིད་ལ་བྱེད་པ་དང་མི་འབྲལ་བ་ཡིན། ས་ལྔ་པ་སྦྱང་དཀའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། སྐད་ཅིག་ཙམ་གྱིས་ཏིང་ངེ་འཛིན་ཁྲག་ཁྲིག་སྟོང་ཐོབ་ཅིང་། དེ་དག་ལ་སོགས་ཏེ་འཇུག་པ་དང་། སངས་རྒྱས་ཁྲག་ཁྲིག་སྟོང་མཐོང་ཞིང་། སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པར་ཤེས་པ་དང་། འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་སྟོང་གཡོ་བར་ནུས་པ་དང་། བསྐལ་པ་ཁྲག་ཁྲིག་སྟོང་དུ་གནས་པ་དང་། འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་སྟོང་དུ་འོད་ཟེར་གནས་པ་དང་། སེམས་ཅན་ཁྲག་ཁྲིག་སྟོང་སྨིན་པ་དང་། དུས་གསུམ་གྱི་བསྐལ་པ་ཁྲག་ཁྲིག་སྟོང་ལ་འཇུག་པ་དང་། ཆོས་ཀྱི་སྒོ་ཁྲག་ཁྲིག་ལ་འཇུག་ཅིང་འབྱེད་མཁས་པ་དང་། ལུས་ཁྲག་ཁྲིག་སྟོང་གི་སྤྲུལ་པ་འགྱེད་པ་དང་། ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་ཁྲག་ཁྲིག་སྟོང་གིས་བསྐོར་ཞིང་། བརྩོན་འགྲུས་བརྩོམ་པ་དང་། དེ་ཡན་ཆད་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་མཐུ་ཅན་རྣམས་རྫུ་འཕྲུལ་དང་ཆོ་འཕྲུལ། ཅི་སྐད་པ་ཙམ་བསྟན་ནུས་པ་སྟེ། དེ་དག་གིས་ཡོན་ཏན་གྱི་རྣམ་གྲངས་ནི། བསྐལ་པ་བྱེ་བ་ཁྲག་ཁྲིག་སྟོང་དུ་ཡང་། བརྗོད་པ་དཀའ་བ་ཡིན། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོ་རྣམ་པར་སྣང་མཛད་སངས་རྒྱས་པ་ཡིས། རྫུ་འཕྲུལ་དང་ཆོ་འཕྲུལ་རྣམ་པར་འཕྲུལ་པ། ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པ། ཆོས་

(༥༢༡)ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ་རྩིས་ལས་འདས་པའི་གྲངས་མེད་བྱིན་གྱིས་བརླབས་པའི་བཀའ་ཆེན་པོ་འདི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། །བྱང་ཆུབ་སེམས་དཔའི་ས་ལྔ་པ་རྒལ་དཀའ་བ་བསྟན་པའི་བར་སྐབས་ལགས་སོ།། །།ཐུབ་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། ས་ལྔ་པ་ས་དྲུག་པར་ས་ནས་སར་འཕར་བ་ལ། གོང་ནས་གོང་དུ་རྫོགས་པར་བྱེད་པ་ཆོས་མཉམ་པ་ཉིད་བཅུས་འཇུག་སྟེ། བཅུ་གང་ཞེ་ན། ཆོས་ཐམས་ཅད་མཚན་མ་མེད་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་མཚན་ཉིད་མེད་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་མི་སྐྱེ་བ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་མ་བྱུང་བ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་དབེན་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་སྔར་ནས་མཉམ་པ་ཉིད་དང་། ཆོས་ཐམས་ཅད་སྤྲོས་པ་མེད་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་བླང་བ་མེད་པ་མཉམ་པ་ཉིད་དང་། །དོར་བ་མེད་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་སྒྱུ་མ་དང་། རྨི་ལམ་དང་། མིག་གཡོར་དང་། སྒྲ་བརྙན་དང་། ཆུ་ཟླ་དང་། གཟུགས་བརྙན་དང་། སྤྲུལ་པ་དང་མཚུངས་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་དངོས་པོ་ཡོད་པ་དང་། དངོས་པོ་མེད་པ་དང་། གཉིས་ཀ་མ་ཡིན་པ་མཉམ་པ་ཉིད་དེ། དེའི་ཕྱིར་ན། ཆོས་མཉམ་པ་ཉིད་བཅུ་པོ་འདི་དག་གིས་བྱང་ཆུབ་སེམས་དཔའི་ས་དྲུག་པ་ལ་འཇུག་གོ། །དེ་ཆོས་ཐམས་ཅད་རང་བཞིན་དེ་དང་འདྲ་བར་རྟོག་ཅིང་དཔྱོད་པ་དང་མཐུན་པར་སེམས་ཤིང་། མི་མཐུན་པར་མི་བྱེད་པས། བྱང་ཆུབ་སེམས་དཔའི་ས་དྲུག་པ་བདུན་པའི་བཟོད་པ་རྣོན་པོས་འཐོབ་སྟེ། འོན་ཀྱང་ད་རུང་མི་སྐྱེ་བའི་ཆོས་ལ་བཟོད་པ་མངོན་

(༥༢༢)དུ་གྱུར་པ་ནི་ཐོབ་པ་མ་ཡིན་ནོ། །དེ་ཆོས་ཐམས་ཅད་རང་བཞིན་དེ་ལྟར་རྟོགས་པའི་ཚེ། དེ་བས་ཀྱང་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་དང་། སྙིང་རྗེ་ཆེན་པོ་ལ་དབང་བསྒྱུར་བ་དང་། སྙིང་རྗེ་ཆེན་པོས་ཡོངས་སུ་རྫོགས་པར་ཁྱབ་པའི་ཕྱིར། འཇིག་རྟེན་འབྱུང་བ་དང་། འཇིག་རྟེན་པ་ལ་མངོན་པར་བལྟའོ། །དེ་དེ་ལ་ལྟ་བའི་ཚེ་འདི་སྙམ་སྟེ། འཇིག་རྟེན་ཀུན་དུ་རྒྱུ་བའི་སྐྱེ་བ་ཅི་ཡོད་པ་དེ་དག་ཐམས་ཅད་བདག་ཏུ་མངོན་པར་ཞེན་པ་ལས་བྱུང་སྟེ། བདག་ཏུ་མངོན་པར་ཞེན་པ་དང་བྲལ་བ་འབྱུང་བ་མེད་པར་འགྱུར་རོ། །བྱིས་པའི་བློ་ཅན་བདག་ཏུ་མངོན་པར་ཞེན་པ། མི་ཤེས་པའི་རབ་རིབ་ཀྱིས་བསྒྲིབས་པ་ཡོད་པ་དང་། མེད་པ་ལ་མངོན་པར་མོས་པ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་གཞོལ་བ། ཡང་དག་པ་མ་ཡིན་པར་རབ་ཏུ་ཞུགས་པ། ལོག་པའི་རྗེས་སུ་འབྲང་བ་དེ་དག་ནི་བསོད་ནམས་དང་། བསོད་ནམས་མ་ཡིན་པའི་འདུ་བྱེད་ཉེ་བར་རྫོགས་ཏེ། འདུ་བྱེད་དེ་དག་གིས་ཡོངས་སུ་བསྒོམས་པའི་སེམས་ཀྱིས་ས་བོན་ཟག་པ་དང་བཅས་པ། ཉེ་བར་ལེན་པ་དང་བཅས་པ་ནི་མ་འོངས་པའི་སྐྱེ་བ་དང་། རྒ་ཤི་དང་། ཡང་སྲིད་པ་མངོན་པར་འགྲུབ་པར་འབྱུང་བ་ཉེ་བར་སོང་བ་ཡིན་ཏེ། ལས་ཀྱི་ཞིང་གི་གཞི་དང་། མ་རིག་པའི་མུན་པ་དང་། སྲེད་པའི་མུན་་པ་དང་། ང་རྒྱལ་གྱིས་བརླམས་པའི་ལྟ་བའི་རྣམ་པ་དང་། དྲ་བ་རབ་ཏུ་འཕེལ་བས་མིང་དང་གཟུགས་ཀྱི་མྱུ་གུ་འབྱུང་སྟེ། བྱུང་ནས་རྣམ་པར་འཕེལ་ལོ། །མིང་དང་གཟུགས་ཀྱི་མྱུ་གུ་རྣམ་པར་འཕེལ་ནས། དབང་པོ་ལྔ་འབྱུང་བར་འགྱུར་རོ། །དབང་པོ་ལྔ་བྱུང་ནས་ཕན་ཚུན་འདུས་ཤིང་ཕྲད་པས་རེག་

(༥༢༣)པར་འགྱུར་རོ། །རེག་པ་འདུས་པས་ཚོར་བ་འབྱུང་ངོ་། །ཚོར་ནས་དེའི་རྗེས་མངོན་པར་སྨོན་པས་སྲིད་པ་འབྱུང་ངོ་། །སྲིད་པ་ནི་ཉེ་བར་ལེན་པ་རྣམ་པར་འཕེལ་བར་འགྱུར་རོ། །ཉེ་བར་ལེན་པ་རྣམ་པར་འཕེལ་བས་སྲིད་པ་འབྱུང་བར་འགྱུར་རོ། །སྲིད་པ་བྱུང་ནས་ཕུང་པོ་ལྔ་པོ་འབྱུང་བར་འགྱུར་ཏེ། ཕུང་པོ་ལྔ་བྱུང་ནས་ལམ་གྱི་རྒྱུད་ལྟར་རིམ་གྱིས་དེངས་པར་འགྱུར་རོ། །དེ་ནས་འབྲལ་བར་འགྱུར་ཏེ། དེངས་ཤིང་བྲལ་བས་མི་དགའ་ཞིང་ཡོངས་སུ་གདུང་བར་འགྱུར་རོ། །མི་དགའ་བ་དང་ཡོངས་སུ་གདུང་བའི་རྒྱུས། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་ཡིད་མི་བདེ་བ་དང་། འཁྲུལ་པ་འབྱུང་བར་འགྱུར་ཡང་། དེ་དག་ལ་སུའང་འབྱུང་བར་བྱེད་པ་མེད་དོ། །རང་བཞིན་དང་ལྷུན་གྱིས་གྲུབ་པར་འཇིག་པར་འགྱུར་ཡང་། དེ་དག་ལ་འཇིགས་པར་བྱེད་པ་སུ་ཡང་མེད་དོ་། །ཞེས། དེ་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོ་ལུགས་སུ་མཐུན་པར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རབ་ཏུ་རྟོག་གོ། །དེའི་ཕྱིར་ན། འདི་སྙམ་དུ་སེམས་ཏེ། བདེན་པ་མངོན་པར་མི་ཤེས་པ་ནི་ཡང་དག་པ་མ་ཡིན་པ་སྟེ། མ་རིག་པས་བྱེད་པའི་ལས་ཀྱི་རྣམ་པར་སྨིན་པ་ནི་འདུ་བྱེད་རྣམས་སོ། །འདུ་བྱེད་ལ་གནས་པའི་སེམས་དང་པོ་ནི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་དང་ལྷན་ཅིག་ཏུ་སྐྱེས་པའི་ཉེ་བར་ལེན་པའི་ཕུང་པོ་བཞི་ནི་མིང་དང་གཟུགས་སོ། །མིང་དང་གཟུགས་རྣམས་འཕེལ་བ་ནི་དྲུག་གི་སྐྱེ་མཆེད་དོ། །དབང་པོ་དང་། ཡུལ་དང་། རྣམ་པར་ཤེས་པ་གསུམ་ཕྲད་པ་ནི་ཟག་པ་དང་

(༥༢༤)བཅས་པ་ནི་རེག་པའོ། །རེག་པ་ལས་སྐྱེས་པ་ནི་ཚོར་བའོ། །ཚོར་བ་ལས་ཆགས་པ་ནི་སྲེད་པའོ། །སྲེད་པ་དང་རྣམ་པར་འཕེལ་བ་ནི་ཉེ་བར་ལེན་པའོ། །ཉེ་བར་ལེན་པ་ལས་བྱུང་བའི་ལས་ཟག་པ་དང་བཅས་པ་ནི་སྲིད་པའོ། །སྐྱེ་བ་འདི་ནི་ཕུང་པོ་འབྱུང་བའོ། །ཕུང་པོ་ཡོངས་སུ་སྨིན་པ་ནི་རྒ་བའོ། །རྒས་ནས་ཕུང་པོ་འཇིག་པ་ནི་འཆི་བའོ། །འཆི་ཞིང་འབྲལ་བའི་ཚེ་ཉོན་མོངས་ཤིང་ཆགས་པར་གྱུར་པའི་སེམས་ལ་ཡོངས་སུ་གདུང་བ་ནི་མྱ་ངན་ཏོ། །མྱ་ངན་ལས་བྱུང་བའི་ཚིག་བརྗོད་པ་ནི་སྨྲེ་སྔགས་འདོན་པའོ། །དབང་པོ་ལྔའི་ཉམས་སུ་བབ་པ་ནི་སྡུག་བསྔལ་བའོ། །ཡིད་ཀྱི་ལྟ་བའི་ཉམས་སུ་བབ་པ་ནི་ཡིད་མི་བདེ་བའོ། །སྡུག་བསྔལ་དང་ཡིད་མི་བདེ་བ་མང་པོ་འབྱུང་བ་ནི་འཁྲུལ་པ་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་དང་། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབར་ཤིང་བྱེད་པ་པོ་དང་། ཚོར་བ་པོ་མེད་པ་མངོན་པར་བསྒྲུབ་པར་འགྱུར་རོ། །དེ་འདི་སྙམ་དུ་སེམས་ཏེ། བྱེད་པ་པོ་ལ་མངོན་པར་ཆགས་པ་རྣམས་ཡོད་པར་འགྱུར་རོ། །གང་ན་བྱེད་པ་པོ་མེད་པ་ཞེ་ན། དོན་དམ་པར་ན་ལས་ཀྱང་མི་དམིགས་སོ། །དེའི་ཕྱིར་ན། འདི་སྙམ་དུ་སེམས་ཏེ། འདི་ལྟར་ཁམས་གསུམ་པ་འདི་ནི་སེམས་ཙམ་སྟེ། གང་འདི་སྲིད་པའི་ཡན་ལག་བཅུ་གཉིས་པོ་་འདི་སངས་རྒྱས་ཀྱིས་རབ་ཏུ་དབྱེ་སྟེ། དེའི་ཕྱིར་ན་དེ་དག་ཐམས་ཅད་ཀྱང་སེམས་གཅིག་ལ་གནས་པ་དག་གོ། །དེའི་ཕྱིར་ན། དངོས་པོ་གང་ལ་འདོད་ཆགས་དང་བྲལ་བའི་སེམས་བསྐྱེད་པ་དེ་ནི་རྣམ་པར་ཤེས་པའོ། །དངོས་པོ་ནི་འདུ་བྱེད་དོ། །འདུ་བྱེད་ལ་མགོ་

(༥༢༥)རྨོངས་པ་ནི་མ་རིག་པའོ། །མ་རིག་པའི་སེམས་དང་ལྷན་ཅིག་སྐྱེས་པ་ནི་མིང་དང་གཟུགས་སོ། །མིང་དང་གཟུགས་རྣམ་པར་འཕེལ་བ་དྲུག་གི་སྐྱེ་མཆེད་དོ། །དྲུག་གི་སྐྱེ་མཆེད་འབྲེལ་བ་ནི་རེག་པའོ། །རེག་པ་དང་ལྷན་ཅིག་སྐྱེས་པ་ནི་ཚོར་བའོ། །ཚོར་བས་མི་ངོམས་པ་ནི་སྲེད་པའོ། །སྲེད་པས་མནར་ཏེ། སྡུག་ཅིང་མི་གཏོང་བ་ནི་ཉེ་བར་ལེན་པའོ། །སྲིད་པའི་ཡན་ལག་འབྱུང་བ་འདི་དག་ནི་སྲིད་པའོ། །སྲིད་པ་འབྱུང་བ་ནི་སྐྱེ་བའོ། །སྐྱེ་བ་ཡོངས་སུ་སྨིན་པ་ནི་རྒས་པའོ། །རྒས་པ་དང་བྲལ་བ་ནི་འཆི་བའོ། །དེ་ལ་མ་རིག་པ་ནི་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། སེམས་ཅན་རྣམས་ཀྱང་དམིགས་པ་ལ་རྨོངས་པར་བྱེད་དོ། །འདུ་བྱེད་མངོན་པར་སྒྲུབ་པའི་རྒྱུ་ཡང་འབྱིན་ཏོ། །འདུ་བྱེད་རྣམས་ཀྱང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། མ་འོངས་པའི་རྣམ་པར་སྨིན་པ་ཡང་མངོན་པར་སྒྲུབ་པར་བྱེད་དོ། །མངོན་པར་ཤེས་པའི་བྱ་བ་གཉིས་སུ་གནས་པ་ཡིན་ཏེ། སྲིད་པར་ཉིང་མཚམས་ཀྱང་སྦྱོར་རོ། །མིང་དང་གཟུགས་མངོན་པར་སྒྲུབ་པའི་རྒྱུ་ཡང་ཡིན་ཏེ། མིང་དང་གཟུགས་ཀྱང་གཉིས་སུ་གནས་པ་ཡིན་ཏེ། ཕན་ཚུན་གནས་པར་ཡང་བྱེད་དེ། སྐྱེ་མཆེད་དྲུག་འགྲུབ་པའི་རྒྱུ་ཡང་ཡིན་ཏེ། སྐྱེ་མཆེད་དྲུག་ཀྱང་གཉིས་སུ་གནས་པ་ཡིན་ཏེ། དྲུག་པོ་སོ་སོར་འབྱེད་པར་བྱེད་དོ། །རེག་པ་འགྲུབ་པའི་རྒྱུ་ཡང་གཉིས་ཡིན་ཏེ། གཉིས་གཅིག་ལ་རེག་པའི་ཕྱིར་རེག་ཅེས་བྱའོ། །ཚོར་བ་མངོན་པར་སྒྲུབ་པའི་རྒྱུ་ཡང་འབྱིན་ཏོ།

(༥༢༦)ཚོར་བ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་གཉིས་ཀ་མ་ཡིན་པར་ཚོར་བ་ཡང་བསྐྱེད་དོ། །སྲིད་པ་མངོན་པར་སྒྲུབ་པའི་རྒྱུ་ཡང་འབྱིན་ཏོ། །སྲིད་པ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ནོ། ཆགས་པར་འགྱུར་བའི་དངོས་པོ་ལ་མངོན་པར་ཆགས་པར་ཡང་བྱེད་དོ། །ཉེ་བར་ལེན་པ་མངོན་པར་སྒྲུབ་པའི་རྒྱུ་ཡང་འབྱིན་ཏོ། །ཉེ་བར་ལེན་པ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། ཀུན་ནས་ཉོན་མོངས་པ་འཆིང་བ་ཡང་བྱེད་དོ། །སྲིད་པ་མངོན་པར་འབྱུང་བའི་རྒྱུ་ཡང་འབྱིན་ནོ། །སྲིད་པ་སྤང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། སྲིད་པའི་རྒྱུད་གཞན་དུ་ཡང་གནས་པར་བྱེད་དོ། །སྐྱེ་བ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ། །སྐྱེ་བ་སྤང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན། ཕུང་པོ་འབྱུང་བ་ཡང་འབྱེད་དོ། །དགའ་བ་མངོན་པར་འགྱུ་བ་ཡང་འབྱིན་ཏོ། །དགའ་བས་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། དབང་པོ་ཡོངས་སུ་འགྱུར་བ་ཡང་བྱེད་དོ། །འཆི་བར་འགྱུར་བའི་རྒྱུ་ཡང་འབྱིན་ཏེ། འཆི་བ་ཡང་བྱ་བར་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། འདུ་བྱེད་འཇིག་པར་ཡང་བྱེད་དོ། །ཡོངས་སུ་མ་ཤེས་པ་རྒྱུན་མི་འཆད་པའི་རྒྱུ་ཡང་འབྱིན་ཏོ། །དེ་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཤེས་བྱ་བ་ནི། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་རྒྱུན་མི་འཆད་ཅིང་བསྟེན་པའོ། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པའོ། ཅེས་བྱ་བ་ནི། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་གཟུགས་རྒྱུན་མི་འཆད་ཅིང་།

(༥༢༧)གནས་པའོ། །མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱ་བ་ནི། མིང་དང་གཟུགས་ཀྱི་རྐྱེན་གྱིས་དྲུག་གི་སྐྱེ་མཆེད་རྒྱུན་མི་འཆད་ཅིང་གནས་པའོ། །དྲུག་གི་སྐྱེ་མཆེད་ཀྱི་རྐྱེན་གྱིས་རེག་པའོ། །ཞེས་བྱ་བ་ནི། དྲུག་གི་སྐྱེ་མཆེད་ཀྱི་རྐྱེན་གྱིས་རེག་པ་རྒྱུན་མི་འཆད་ཅིང་གནས་པའོ། །རེག་པའི་རྐྱེན་གྱིས་ཚོར་བ་འོ་ཞེས་བྱ་བ་ནི་རེག་པའི་རྐྱེན་གྱི་ཚོར་བ་རྒྱུན་མི་འཆད་ཅིང་གནས་པའོ། །ཚོར་བའི་རྐྱེན་གྱིས་སྲེད་པའི་ཞེས་བྱ་བ་ནི། ཚོར་བའི་རྐྱེན་གྱིས་སྲེད་པ་རྒྱུན་མི་འཆད་ཅིང་གནས་པའོ། །སྲེད་པའི་རྐྱེན་གྱིས་ཉེ་བར་ལེན་པའོ། ཞེས་བྱ་བ་ནི་སྲེད་པའི་རྐྱེན་གྱིས་ཉེ་བར་ལེན་པ་རྒྱུན་མི་འཆད་ཅིང་གནས་པའོ། ཉེ་བར་ལེན་པའི་རྐྱེན་གྱིས་སྲིད་པའོ། །ཞེས་བྱ་བ་ནི། ཉེ་བར་ལེན་པའི་རྐྱེན་གྱིད་སྲིད་པ་རྒྱུན་མི་འཆད་ཅིང་གནས་པའོ། །སྲིད་པའི་རྐྱེན་གྱིས་སྐྱེ་བའོ། །ཞེས་བྱ་བ་ནི། སྲིད་པའི་རྐྱེན་གྱིས་སྐྱེ་བ་རྒྱུན་མི་འཆད་ཅིང་གནས་སོ། །སྐྱེ་བའི་རྐྱེན་གྱིས་རྒ་ཤིའོ། །ཞེས་བྱ་བ་ནི། སྐྱེ་བའི་རྐྱེན་གྱིས་རྒ་ཤི་རྒྱུན་མི་འཆད་ཅིང་གནས་སོ། །མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་གོ། །ཞེས་བྱ་བ་ནི། མ་རིག་པའི་རྐྱེན་མེད་པས་འདུ་བྱེད་རྣམས་ཉེ་བར་ཞི་ཞིང་གནས་པ་མེད་པའོ། །འདུ་བྱེད་རྣམས་འགགས་པས་རྣམ་པར་ཤེས་པ་འགག་གོ། །ཞེས་བྱ་བ་ནི། འདུ་བྱེད་ཀྱི་རྐྱེན་མེད་པས་རྣམ་པར་ཤེས་པ་ཉེ་བར་ཞི་ཞིང་གནས་མེད་

(༥༢༨)པའོ། །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག་གོ། །ཞེས་བྱ་བ་ནི་རྣམ་པར་ཤེས་པའི་རྐྱེན་མེད་པས། མིང་དང་གཟུགས་ཉེ་བར་ཞི་ཞིང་གནས་པ་མེད་པའོ། །མིང་དང་གཟུགས་འགགས་པས་དྲུག་གི་སྐྱེ་མཆེད་འགག་གོ་ཞེས་བྱ་བ་ནི། མིང་དང་གཟུགས་ཀྱི་རྐྱེན་མེད་པས། དྲུག་གི་སྐྱེ་མཆེད་ཉེ་བར་ཞི་གནས་པ་མེད་པའོ། །དྲུག་གི་སྐྱེ་མཆེད་འགགས་པས་རེག་པ་འགག་གོ། །ཞེས་བྱ་བ་ནི། དྲུག་གི་སྐྱེ་མཆེད་ཀྱི་རྐྱེན་མེད་པས་རེག་པ་ཉེ་བར་ཞི་ཞིང་ཉེ་བར་གནས་པ་མེད་པའོ། །རེག་པ་འགགས་པས་ཚོར་བ་འགག་གོ་ཞེས་བྱ་བ་ནི། རེག་པ་ནི། རེག་པའི་རྐྱེན་མེད་པས་ཚོར་བ་ཉེ་བར་ཞི་ཞིང་གནས་པ་མེད་པའོ། །ཚོར་བ་འགགས་པས་སྲེད་པ་འགགས་སོ། །ཞེས་བྱ་བ་ནི། ཚོར་བའི་རྐྱེན་མེད་པས་སྲེད་པ་ཉེ་བར་ཞི་ཞིང་གནས་པ་མེད་པའོ། །སྲེད་པ་འགགས་པས་ལེན་པ་འགག་གོ། །ཞེས་བྱ་བ་ནི། སྲེད་པའི་རྐྱེན་མེད་པས་སྐྱེ་བ་འགག་གོ། །ཞེས་བྱ་བ་ནི་སྲིད་པའི་རྐྱེན་མེད་པས་སྐྱེ་བ་ཉེ་བར་ཞི་ཞིང་གནས་པ་མེད་པའོ། །སྐྱེ་བ་འགགས་པས་རྒ་ཤི་འགག་གོ་ཞེས་བྱ་བ་ནི། སྐྱེ་བའི་རྐྱེན་མེད་པས་རྒ་ཤི་ཉེ་བར་ཞི་ཞིང་གནས་མེད་པའོ། །དེ་ལ་རིག་པ་དང་། སྲེད་པ་དང་། ཉེ་བར་ལེན་པ་ནི་ཉོན་མོངས་པའི་ལམ་གྱི་རྒྱུད་མི་འཆད་པའོ། །འདུ་བྱེད་དང་སྲིད་པ་རྒྱུན་མི་འཆད་པའོ། །ལྷག་མ་རྣམས་ནི་སྡུག་བསྔལ་གྱི་ལམ་གྱི་རྒྱུན་མི་འཆད་པའོ། །རབ་ཏུ་རྣམ་པར་ཕྱེ་བས་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་འགག་པས་ལམ་གྱི་རྒྱུན་ཆད་པའོ།

(༥༢༩)དེ་ལྟར་ལམ་འདི་གསུམ་ནི་བདག་མེད་ཅིང་བདག་དང་བདག་གི་དང་བྲལ་བར་འབྱུང་ཞིང་འཇིགས་པས་ཏེ། རང་བཞིན་གྱིས་མདུང་ཁྱིམ་ལྟ་བུའོ། །དེ་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཤེས་བྱ་བ་འདི་ནི་སྔོན་གྱི་མཐའ་ལས་བལྟས་པའོ། །རྣམ་པར་ཤེས་པ་དང་། མིང་དང་། གཟུགས་དང་། དྲུག་གི་སྐྱེ་མཆེད་དང་། རེག་པ་དང་། ཚོར་བ་འདི་དག་གི་ད་ལྟར་བྱུང་བ་བལྟས་པའོ། །སྲེད་པ་དང་ཉེ་བར་ལེན་པ་དང་། སྲིད་པ་དང་། སྐྱེ་བ་ཞེས་བྱ་བ་འདི་ནི་ཕྱི་མའི་མཐའ་ལ་བལྟས་པས་ཏེ། དེ་ཕན་ཆད་དུའང་དེ་དག་རྒྱུན་དུ་འབྱུང་ངོ། །མ་རིག་པ་འགགས་པས་འདུ་བྱེད་རྣམས་འགགས་ཤེས་བྱ་བ་འདི་ནི། ད་ལྟ་རྒྱུན་ཆད་པས་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །ཡང་འདི་ལྟར། སྲིད་པའི་ཡན་ལག་བཅུ་གཉིས་པོ་འདི་དག་གི་རྒྱུས་སྡུག་བསྔལ་གསུམ་འབྱུང་སྟེ། དེ་ལ་མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་། གཟུགས་དང་། དྲུག་གི་སྐྱེ་མཆེད་ཅེས་བྱ་བ་འདི་ནི་འདུ་བྱེད་ཀྱི་སྡུག་བསྔལ་ལོ། །རེག་པ་དང་ཚོར་བ་ཞེས་བྱ་བ་འདི་ནི་སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ལོ། །སྲེད་པ་དང་ཉེ་བར་ལེན་པ་དང་། སྲིད་པ་དང་། སྐྱེ་བ་ནས་འཁྲུག་པ་ཞེས་བྱ་བའི་བར་འདི་ནི་འགྱུར་བའི་སྡུག་བསྔལ་ལོ། །མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་ཅེས་བྱ་བ་འདི་ནི་སྡུག་བསྔལ་གསུམ་གྱི་རྒྱུན་ཆད་པའོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཤེས་བྱ་བ་ནི། འདུ་བྱེད་རྣམས་རྒྱུ་དང་རྐྱེན་ལས་བྱུང་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །མ་རིག་པ་འགགས་པས་འདུ་བྱེད་འགགས་

(༥༣༠)ཤེས་བྱ་བ་འདི་ནི་འདུ་བྱེད་རྣམས་མེད་པ་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། ཤེས་བྱ་བ་ནི། སྐྱེ་བ་རྣམ་པར་འབྲེལ་པ་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན། མ་རིག་པ་འགགས་པས་འདུ་བྱེད་འགགས། ཤེས་བྱ་བ་ནི། འཇིག་པར་རྣམ་པར་འབྲེལ་བ་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །མ་རིག་པའི་རྐྱེན་གྱིས་འདུ་ཤེས་རྣམས། ཤེས་བྱ་བ་ནི། སྲིད་པ་ལུགས་སུ་མཐུན་པར་བརྟགས་པ་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་ནི། ཟད་པར་དང་འཇིགས་པའི་ལུགས་སུ་མཐུན་པར་བརྟག་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །ཞེས་དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ལུགས་སུ་མཐུན་པ་དང་། མི་མཐུན་པའི་ཚུལ་དུ་རབ་ཏུ་རྟོག་པར་བརྟགས་པ་སྟེ། འདི་ལྟར་སྲིད་པའི་ཡན་ལག་རྗེས་སུ་འབྲེལ་བ་དང་། སེམས་གཅིག་ཏུ་ཡང་དག་པར་འདུ་བ་དང་། རང་གི་ལམ་མ་འདྲེས་པ་དང་། ཆེད་དུ་བྱེད་པ་མེད་པ་དང་ལམ་གསུམ་གྱི་རྒྱུད་དུ་འབྲེལ་བ་དང་། སྔོན་གྱི་མཐའ་དང་། ད་ལྟར་བྱུང་བ་དང་། ཕྱི་མའི་མཐའ་ལ་ལྟ་བ་དང་། སྡུག་བསྔལ་གསུམ་འབྱུང་བ་དང་། རྒྱུ་དང་རྐྱེན་ལས་བྱུང་བ་དང་། སྐྱེ་བ་དང་། འཇིག་པ་རྣམ་པར་འབྲེལ་བ་དང་། སྲིད་པའི་ལུགས་སུ་མཐུན་པ་དང་། ཟད་པར་འགྱུར་བ་རབ་ཏུ་རྟོག་པའོ། །དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པ་བཅུར་རབ་ཏུ་རྟོག་ཅིང་། བདག་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་དང་།

(༥༣༡)ངོ་བོ་ཉིད་ཀྱིས་སྟོང་བ་དང་། རང་བཞིན་གྱིས་བྱེད་ཚོར་བ་པོ་མེད་པར་རབ་ཏུ་རྟོག་པའི་ཚེ། སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་སྐྱེ་བ་ཡིན། སྲིད་པའི་ཡང་དག་འདི་དག་གི་རང་བཞིན་འགགས་ཤིང་རྣམ་པར་ཐར་པ་ལ་ཤིན་ཏུ་ཉེ་བར་གནས་པས་ཆོས་ཀྱི་མཚན་མ་མི་སྐྱེ་སྟེ། །དེའི་མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོ་སྐྱེ་བ་ཡིན། དེ་ལྟར་སྟོང་པ་ཉིད་དང་། མཚན་མ་མེད་པ་ལ་ཞུགས་པས་སྙིང་རྗེ་ཆེན་པོ་སྔོན་དུ་གཏོང་ཞིང་། སེམས་ཅན་ཡོངས་སུ་སྨིན་པས་བྱས་པ་མ་གཏོགས་པར་འདོད་པ་གང་ཡང་མི་སྐྱེ་སྟེ། དེས་དེའི་སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་སྐྱེས་པ་ཡིན། དེའི་ཕྱིར་ན་རྣམ་པར་ཐར་པའི་སྒོ་གསུམ་པོ་འདི་དག་བསྒོམས་པས། བདག་དང་ཕ་རོལ་འདུ་ཤེས་དང་བྲལ་བ་ལ། བྱེད་པ་པོ་དང་། ཚོར་བ་པོའི་འདུ་ཤེས་དང་བྲལ་བ་དང་། ཡོད་པ་དང་མེད་པའི་འདུ་ཤེས་དང་བྲལ་བས། བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་རྫོགས་པ་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། སྙིང་རྗེ་ཆེན་པོ་སྔོན་དུ་བཏང་སྟེ། དེ་བས་ཀྱང་ཤིན་དུ་བརྩོན་པར་བྱེད་དོ། །དེའི་ཕྱིར་ན་འདི་སྙམ་དུ་སེམས་ཏེ། འདུ་བ་ཡོད་པས་ནི་འདུས་བྱས་འཕེལ་བར་འགྱུར་རོ། །འདུ་བ་དང་བྲལ་བས་ནི་འཕེལ་བ་མེད་དོ། །རྒྱུ་རྐྱེན་དང་ལྡན་པས་ནི་འདུ་བྱེད་འཕེལ་བར་འགྱུར་རོ། །རྒྱུ་རྐྱེན་དང་མི་ལྡན་པས་འཕེལ་བ་མེད་དོ། །དེ་ལྟར་བདག་གིས་དེ་ལྟ་བུ་འདུས་བྱས་ཉེས་པ་མང་པོ་སྐྱོན་ཅན་དུ་ཤེས་པར་བྱས་ཏེ། འདུ་བ་དང་རྒྱུ་རྐྱེན་

(༥༣༢)དང་ལྡན་པ་འདི་དག་རྒྱུན་བཅད་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། འདུ་བྱེད་རྣམས་ཤོལ་དུ་ཞི་བ་ལ་མངོན་དུ་མི་བྱའོ། །དེའི་ཕྱིར་ན། འདུ་བྱེད་དེ་ལྟར་ཉེས་པ་མང་པོའི་སྐྱོན་ཅན་སྙིང་པོ། རང་བཞིན་མེད་པ། སྐྱེ་བ་མེད་པ། འགག་པ་མེད་པའི་རང་བཞིན་དུ་རྟོགས་པ་དང་། སྙིང་རྗེ་ཆེན་པོ་རབ་ཏུ་བསྒྲུབ་པ་དང་། སེམས་ཅན་ཡོངས་སུ་མི་གཏོང་བས་ཆགས་པ་མེད་པའི་ཡེ་ཤེས་མངོན་དུ་བྱས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་སྣང་བའི་ཚུལ་དུ་མངོན་སུམ་དུ་འགྱུར་རོ། །དེ་ལྟ་བུའི་ཡེ་ཤེས་དང་ལྡན་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པས་སྣང་བར་གྱུར་ཀྱང་། བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་བསྡུད་པའི་རྐྱེན་ཉེ་བར་རྫོགས་ཤིང་ཡང་དག་པར་བསྡུད་དོ། །འདུས་བྱས་དང་གནས་པར་འགྲོགས་པར་མི་གནས་སོ། །འདུ་བྱེད་རྣམས་རང་བཞིན་གྱིས་ཞི་བ་ལ་རབ་ཏུ་རྟོག་གོ། །འོན་ཀྱང་བྱང་ཆུབ་ཀྱི་ཡན་ལག་རྣམས་མ་རྫོགས་པའི་ཕྱིར། དེ་ལ་མི་གནས་ཏེ། ས་མངོན་སུམ་པ་ལ་གནས་པའི་ཚེ། ཏིང་ངེ་འཛིན་གྱི་ཕུང་པོ་གྲངས་མེད་པ་དང་། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྲངས་ཅན་དང་གྲངས་མེད་བརྒྱ་སྟོང་ཕྲག་བཅུ་མངོན་སུམ་དུ་གྱུར་རོ། རྣམ་པར་ཐར་པའི་སྒོ་གསུམ་གྱི་ཏིང་ངེ་འཛིན་བརྒྱ་ཕྲག་བཅུ་གསུམ་མངོན་དུ་རྟོགས་པར་འགྱུར་རོ། །ས་མངོན་སུམ་ཉིད་ལ་གནས་པ་དེ་ཕྱིར་ཞིང་གི་ཕྱེད་པའི་བསམ་པ་ཡོངས་སུ་རྫོགས་པ་ཐོབ་བོ། ངེས་པའི་བསམ་པ་དང་། དགེ་བའི་བསམ་པ་དང་། ཟག་པ་མེད་པའི་བསམ་པ་དང་། ཕྱིར་མི་ལྡོག་པའི་

(༥༣༣)བསམ་པ་དང་། རྒྱུན་མི་འཆད་པའི་བསམ་པ་དང་། དྲི་མ་མེད་པའི་བསམ་པ་དང་། མཐའ་ཡས་པའི་བསམ་པ་དང་། ཡེ་ཤེས་ལ་མོས་པའི་བསམ་པ་དང་། དོན་དམ་ཀུན་རྫོབ་དབྱེར་མེད་པའི་བསམ་པ་རྫོགས་པ་ཐོབ་སྟེ། བསམ་པ་བཟང་པོ་བཅུ་པོ་འདི་དག་ནི། དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་རྗེས་སུ་སོང་བ་ཡིན། །ཕས་ཀྱི་རྒོལ་བས་ཕྱིར་མི་བཟློག་པ་ཡིན། ཡེ་ཤེས་ཀྱི་ས་ལ་ཉེ་བ་ཡིན། ཉན་རང་གི་ས་ལས་ཕྱིར་ལོག་པ་ཡིན། སངས་རྒྱས་ཀྱི་ཡེ་ཤེས་སུ་ངེས་པ་ཡིན། བདུད་དང་ཉོན་མོངས་ཀྱིས་མི་ལྡོགས་པ་ཡིན། རྣམ་པར་ཐར་པའི་སྒོ་གསུམ་རྟོགས་ཤིང་བསྒོམ་པ་ཡིན། ལྟ་བའི་རྟོགས་པ་རྒྱ་ཆེན་པོ་དང་། སྨོན་ལམ་གྱི་སྟོབས་ཀྱིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་མང་པོ་མཐོང་བར་འགྱུར་ཏེ། དུས་རྒྱུན་ཆད་མེད་པར་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་ཀུན་ཏུ་བཟང་པོའི་སྤྲིན་ཕུང་གིས་མཆོད་པ་སྟེ། བསྙེན་བཀུར་དང་བཀུར་སྟི་རྒྱུན་ཆད་མེད་པ་ལྟར་བྱེད་དོ། །སངས་རྒྱས་རྣམས་ལ་ཆོས་ཉན་ཞིང་ཐོས་པ་ཡང་ཆུད་མི་བསོན་ཞིང་ཆོས་ཐམས་ཅད་ཀྱི་སྒྲ་དོན་རྟོགས་པར་བྱེད་དོ། །དགེ་བའི་རྩ་བ་ཐམས་ཅད་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་མཛོད་དེ་ཡིས་ཐོབ་པ་ཡིན། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར། འོད་ཟེར་ཆེན་པོ་སྣང་ཞིང་འགྱེད་པ་ཡིན། བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་དེ་དག་ཀྱང་། དོན་དམ་ཀུན་རྫོབ་ཀྱིས་བརྟགས་པས་སྔོན་མས་ཀྱང་ཇི་བཞིན་དུ་བྱང་ལ།

(༥༣༤)འདོལ་ཞིང་བྱང་ལ་དང་པོ་ཡིན་ཏེ། ཉན་རང་ཞི་བས་མི་འཕྲོག་འགྲོགས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་དེ་དག་ཀྱང་སེམས་ཅན་དུ་མའི་ཉོན་མོངས་པ་འབར་བ་ཡང་ཞི་ཞིང་ཟད་ནུས་པའོ། །བདུད་ཀྱི་ལམ་གྱི་བདུད་བཞིས་ཀྱང་མི་འགྲོགས་པ་ཡིན། ཕ་རོལ་ཏུ་ཕྱིན་པ་བཅུ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་གཞན་རྣམས་ཀྱང་མི་སྒྲུབ་པ་ནི་མ་ཡིན་ནོ། །ས་དྲུག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། ཕལ་ཆེར་ལྷའི་རྒྱལ་པོ་འཕྲུལ་དགར་འགྱུར་ཏེ། སེམས་ཅན་རྣམས་ཀྱི་ལྷག་པའི་ང་རྒྱལ་ཞི་བར་བྱ་བ་ལ་མཁས་ཤིང་མཐུ་ཡོད་པ་ཡིན། གང་དང་གང་གིས་ཆོས་དྲིས་པ་ལ་ལན་ཐེབས་ཤིང་མི་འཕྲོགས་པ་ཡིན། བསྡུ་དངོས་བཞི་ཡིས་དགེ་བའི་རྩ་བ་ཅི་ཙམ་ཡང་རུང་སྟེ། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་བསྔོ་ཞིང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་གནས་པའི་བར་དུ་འགྱུར་སྙམ་སྟེ། དཀོན་མཆོག་གསུམ་ཡིད་ལ་བྱེད་པ་དང་། བྱང་ཆུབ་དང་བྱང་ཆུབ་ཀྱི་སྤྱོད་པ་དང་། བྱང་ཆུབ་ཀྱི་ས་དང་། བྱང་ཆུབ་ཀྱི་ས་དང་། ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་དང་མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཡིད་ལ་བྱ་བའི་ཏིང་ངེ་འཛིན་དང་མི་འབྲལ་བ་ཡིན་དེ། དེ་འདི་སྐད་ཙམ་ལ། ཏིང་ངེ་འཛིན་ཁྲག་ཁྲིག་བརྒྱ་སྟོང་ཐོབ་ཅིང་། དེ་ལ་མཉམ་པར་བཞག་པ་དང་། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་གཡོ་ཞིང་འགུལ་ནུས་པ་དང་། སེམས་ཅན་ཁྲག་ཁྲིག་བརྒྱ་སྟོང་སྨིན་ནུས་པ་དང་། བསྐལ་པ་ཁྲག་ཁྲིག་བརྒྱ་སྟོང་དུ་གནས་པར་བྱ་བ་དང་། དུས་ཀྱི་མཐའ་ནི། བསྐལ་པ་ཁྲག་ཁྲིག་བརྒྱ་སྟོང་

(༥༣༥)དུ་སེམས་ཅན་གྱི་དོན་ལ་འཇུག་པ་དང་། ཆོས་ཀྱི་སྒོ་བྱེ་བ་ཁྲག་ཁྲིག་འབྱེད་པར་བྱེད་པ་ཡིན། ལུས་བྱེ་བ་ཁྲག་ཁྲིག་ཡོངས་སུ་བསྟན་པ་དང་། ལུས་རེ་རེ་ལ་ཡང་འཁོར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བསྟན་པར་བྱ་བའི་བརྩོན་འགྲུས་ཀྱིས་རྣམ་པ་དེ་ལྟ་བུ་བརྩོམ་མོ། །དེ་ཡན་ཆད་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་མཐའ་ཅན་གྱིས་རྣམ་པར་འཕྲུལ་ཏེ། དེ་དག་གི་ལུས་སམ་འོད་དམ་རྫུ་འཕྲུལ་ལམ། མངོན་པར་ཤེས་པའི་ཆའམ། སྤྱན་ལྔའི་ཆའམ། ཡོན་ཏན་གྱི་ཚོགས་མཐའ་ཡས་པ་ནི། བསྐལ་པ་བྱེ་བ་ཁྲག་ཁྲིག་གི་བར་དུ་བརྗོད་པར་དཀའ་འོ། །རྣམ་པར་སྣང་མཛད་དང་པོར་མངོན་པར་རྫོགས་པར་བྱང་ཆུབ་པའི་དུས་སུ། །རྫུ་འཕྲུལ་དང་ཆོ་འཕྲུལ་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པས། རང་བཞིན་གྱི་སྐུའི་ཞིང་ཁམས་ཚད་མེད་པ་ལ་སོགས་པ་སྣོད་དུ་མི་རུང་བ་རྣམས་རུང་བར་བྱིན་གྱིས་བརླབས་པའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས་ས་དྲུག་པ་མངོན་དུ་གྱུར་པའི་བར་སྐབས་བསྟན་པའོ།། །ས་ནས་སར་འཕར་ཏེ་ས་དྲུག་པ་བདུན་པར་འཕར་བ་ལས། དོན་དམ་ཀུན་རྫོབ་ཀྱིས་མངོན་པར་སྒྲུབ་པའི་ལམ། བསམ་པའི་ཁྱད་པར་བཅུར་ས་བདུན་པ་ཡོངས་སུ་ནོན་ཏེ། རྣམ་པར་ཐར་པའི་སྒོ་གསུམ་གྱི་ཏིང་ངེ་འཛིན་བསྒོམ་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ་ཡིན། ཐོབ་པ་ཡིན། བདག་གཞན་མེད་པའི་ཆོས་ལ་འཇུག་པ་ཡིན། ཚད་མེད་པ་བཞི་སྒྲུབ་པ་མི་གཏོང་བ་ཡིན། བསོད་ནམས་ཀྱི་ཚོགས་ཐོབ་པའི་ཕ་རོལ་དུ་

(༥༣༦)ཕྱིན་པ་ལ་ཆོས་གང་ལ་ཡང་ཆགས་པ་མེད་པ་ཡིན། ཁམས་གསུམ་ལ་དབྱེ་བར་གྱུར་པའི་གནས་སོ། །ཁམས་གསུམ་པ་བསྡུ་བ་དང་། གཏོང་བ་དང་། གཏོར་བ་དང་། རྒྱན་དུ་ཐོགས་པ་ལ་དབང་ཐོབ་པ་ཡིན། བདག་གཞན་གྱི་ཉོན་མོངས་འབར་བ་ཐམས་ཅད་ཀྱི་མེ་ལ་རབ་ཏུ་འབར་བ་ཞི་བར་ནུས་པའོ། །ཕྱི་ནང་གི་དངོས་པོ་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དུ་གོ་ཞིང་རྟོགས་ནས་གང་ལ་ཡང་མི་ཆགས། མི་ཞེན་པ་ཡིན་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ཆོས་ཀྱི་དབྱིངས་དང་མཉམ་པར་སྒོམ་ཞིང་རྟོགས་ན། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་དང་། ཕ་རོལ་ཏུ་ཕྱིན་པ་བདུན་ནམ་བཅུ་ཡོངས་སུ་རྫོགས་པར་བྱེད་པ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་ཆོས་ཀྱི་སྐུ་དང་། གཟུགས་སྐུ་མཚན་དང་དཔེ་བྱད་རྫོགས་པར་བྱེད་པ་དང་། སངས་རྒྱས་ཀྱི་གསུང་ཡན་ལག་ལྔ་དང་ལྡན་པ་ལ་ཡིད་ཆེས་ཤིང་། སེམས་ཅན་རྣམས་ཀྱི་སྐད་དང་མཐུན་པར་ཆོས་སྟོན་པ་དང་། སྒྲུབ་པ་དང་སངས་རྒྱས་རྣམས་ཀྱི་སྐད་ཅིག་ལ་ཐུགས་སུ་ཆུད་པ་ཡིན། དུས་དང་བསྐལ་པའི་གྲངས། མཚན་གཞི་དང་། མཚོན་བྱེད་ཐ་དད་པ་རྣམས་བསླབ་ཅིང་རྟོགས་ནས། མཁས་པར་བྱ་བ་ལ་བསླབ་པར་དོན་དམ་ཀུན་རྫོབ་ཀྱི་མངོན་པར་སྒྲུབ་པའི་ལམ། རྩལ་པའི་ཁྱད་པར་འདི་བཅུས། བྱང་ཆུབ་སེམས་དཔའ་ས་དྲུག་པ་རྣམ་པར་དབྱེ་བར་བྱས་པས་ས་བདུན་པ་ཡོངས་སུ་གནོན་ཏོ། །ལམ་གྱི་ཚོགས་ཀུན་རྫོབ་དང་དོན་དམ་ལ་ཟུང་དུ་འཇུག་པའི་ཁྱད་པར་གྱི་སྣང་བ་འདི་དག་གིས་ས་བདུན་གནོན་ཞེས་བྱ་སྟེ། ས་བདུན་པ་ལ་གནས་པ་དེ་ནི་སེམས་ཅན་གྱི་ཁམས་ཚད་མེད་པ་ལ་འཇུག་གོ། །སངས་རྒྱས་རྣམས་ཀྱིས་སེམས་ཅན་སྨིན་པར་མཛད་

(༥༣༧)པ་དང་། སེམས་ཅན་འདུལ་བའི་ཕྲིན་ལས་ཚད་མེད་པ་ལ་འཇུག་གོ། །སངས་རྒྱས་ཀྱི་རྣམ་པར་དག་པ་ཚད་མེད་པ་ལ་འཇུག་གོ། །ཆོས་ཐ་དད་པའི་སྒྲ་དོན་གྲངས་མེད་པ་ལ་འཇུག་གོ། ཡེ་ཤེས་ཐོགས་པ་མེད་པ་ཚད་མེད་པ་ལ་འཇུག་གོ། །སངས་རྒྱས་རྣམས་ཀྱིས་དུས་གསུམ་དུ་ཐུགས་སུ་ཆུད་པ་ཚད་མེད་པས་སེམས་ཅན་གྱི་མོས་པ་ཁྱད་པར་ཅན་ཚད་མེད་པ་དང་། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་ཚད་མེད་པས་སྟོན་པ་ལ་སོགས་པ་རྣམས་ལ་འཇུག་གོ། །སངས་རྒྱས་རྣམས་ཀྱི་གསུང་རབ་རྒྱ་མཚོ་ལས། སེམས་ཅན་རྣམས་ཀྱི་དབང་པོ་ཐ་དད་པ་དང་། བསྟུན་ནས། སྒྲ་དང་དོན་བཤད་པ་ལ་འཇུག་གོ། །དུས་གསུམ་གྱི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་རང་ལ་སོགས་པ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ཇི་ལྟ་བ་བཞིན་མཁྱེན་པའི་ཡེ་ཤེས་ལ་ཆགས་ཐོགས་མེད་པར་བསླབ་ཅིང་རྟོགས། ཐམས་ཅད་མཁྱེན་པ་སྟེ་གསུམ་གྱི་སྤྱོད་ཡུལ་ཏེ། བདག་གིས་རྟོགས་ཤིང་མཁས་ནས་ལྷུན་གྱིས་གྲུབ་པར་བྱའོ། །རྡུལ་དང་བྲལ་བའི་ཏིང་ངེ་འཛིན། བདག་མེད་རྣམ་པ་གཉིས་ཀྱི་སྒྲ་དོན་རྟོགས་པར་བྱའོ། །ཞེས་རྟོགས་པའི་ཡེ་ཤེས་དང་། མངོན་པར་ཤེས་པ་དང་ལྡན་ཞིང་། རྟག་ཏུ་རྒྱུན་མི་འཆད་པར་བརྩོན་པ་ནི། དོན་དམ་ཀུན་རྫོབ་ཟུང་དུ་འཇུག་པའི་སྒོམ་པའི་ལམ་གྱི་ཚོགས་རྒྱ་ཆེན་པོ་ཡི་ཡེ་ཤེས་ལས་མི་གཡོ་བའི་ཚུལ་གྱིས་ཡོངས་སུ་གནས་པ་ཡིན། གཡོ་འགུལ་མེད་པའི་བྱང་ཆུབ་ནི་སྐད་ཅིག་ཙམ་ལ་ཡང་གཡེང་བར་མི་བྱེད་དོ། །སྤྱོད་ལམ་ཐམས་ཅད་དུ་འདི་ལྟ་བུའི་ཡེ་ཤེས་ཡིད་ལ་བྱ་བ་དང་མི་འབྲལ་བ་ཡིན། ས་བདུན་པ་ལ་གནས་པ་ནི། སྤྱོད་ལམ་ཐམས་ཅད་དང་། རྨི་ལམ་ལ་སོགས་པར་ཡང་ཡེ་ཤེས་ཡིད་ལ་བྱ་བ་དང་མི་འབྲལ་བ་ཡིན། སེམས་བསྐྱེད་པ་

(༥༣༨)རེ་ལ་ཡང་ཕ་རོལ་དུ་ཕྱིན་པ་བཅུ་དང་། ས་བཅུ་སྒྲུབ་པ་རྒྱུན་ཆད་མེད་པ་ཡིན། སྙིང་རྗེ་སྔོན་དུ་བཏང་བའི་སེམས་བསྐྱེད་པ་རེ་རེ་ལ་ཡང་སངས་རྒྱས་སྒྲུབ་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་དོན་དུ་བསྔོ་བས། སངས་རྒྱས་ཀྱི་ཡེ་ཤེས་ཚུལ་བཞིན་སེམས་ཅན་གྱི་དོན་དུ་བདག་གི་ལུས་ངག་ཡིད་གསུམ་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་ཐམས་ཅད། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས། ཕ་རོལ་ཏུ་ཕྱིན་པ་བཅུ་ཡོངས་སུ་རྫོགས་ཏེ། བསྡུ་དངོས་བཞི་ཡོངས་སུ་རྫོགས་པར་གྱུར་ཅིག །ཅེས་བྱིན་གྱིས་བརླབས་པ་བཅུ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ལ་སོགས་པ་བྱང་ཆུབ་ཀྱི་ཡན་ལག་གི་ཆོས་ཐམས་ཅད་སྐད་ཅིག་ཉིད་ལ་རྫོགས་པར་འགྱུར་རོ། །ས་བདུན་པ་ལ་གནས་པའམ་ཞིག་གིས། སྐད་ཅིག་ཉིད་ལ་རྫོགས་པར་འགྱུར་རམ། འོན་ཏེ་ས་བཅུ་པ་ཐམས་ཅད་ལ་ཡང་། དེ་བཞིན་རྫོགས་པར་འགྱུར་རོ། །སྙམ་ན་བྱང་ཆུབ་ཀྱི་ཡན་ལག་ཐམས་ཅད་ས་བཅུ་པ་ཀུན་ལ་ཡང་། བྱང་ཆུབ་ཀྱི་ཡན་ལག་ཐམས་ཅད་སྐད་ཅིག་གཅིག་ཏུ་རྫོགས་པར་ག་ལ་ཡང་འགྱུར་ཏེ། ས་བདུན་པོ་འདི་ལ་དེ་དག་ལྷག་པར་ཡོངས་སུ་རྫོགས་པར་འགྱུར་རོ། །ས་འདི་ཡོན་ཏན་གྱི་བྱ་བའི་སྤྱོད་པ་རྫོགས་པར་བྱེད་དེ། ཡེ་ཤེས་མངོན་ཤེས་ཀྱི་སྤྱོད་པས་གནོན་ཏེ། ས་དང་པོ་ནི་སྨོན་ལམ་གྱི་ལྷག་པས་དམིགས་ལ། གཉིས་པ་ལ། སེམས་ཀྱི་དྲི་མ་ཐམས་ཅད་བསལ་ཞིང་། གསུམ་པ་ལ་སྨོན་ལམ་གྱིས་འབྲལ་བར་ཆོས་ཀྱི་སྣང་བ་ཐོབ་པས་ས་བཞི་པ་ལ་འཇུག་པའོ། །ལམ་ལ་འཇུག་པའོ། །འཇིག་རྟེན་གྱི་སྤྱོད་པའི་རྗེས་སུ་འབྲངས་པས། ས་ལྔ་པ་གནོན་ནོ། །དྲུག་པ་ལ་ཆོས་ཟབ་མོའི་སྒོར་འཇུག་པས། བྱང་ཆུབ་ཀྱི་ཡན་ལག་རྫོགས་པར་འགྱུར་ཏེ། ས་བདུན་པ་འདི་ནི། ཆོས་ཐམས་ཅད་སྒྲུབ་

(༥༣༩)པས་བྱང་ཆུབ་ཀྱི་ཡན་ལག་རྣམས་འགྲུབ་པར་འགྱུར་རོ། །ས་དང་པོ་ནས་གཟུང་སྟེ། ས་བདུན་པའི་བར་དུ་ས་སྒྲུབ་པའི་ཡེ་ཤེས། སྒྲུབ་པའི་སྦྱོར་བའི་ཡན་ལག་ས་བརྒྱད་པ་ཡན་ཆད་མྱུར་དུ་འགྲུབ་བོ། །ཤིན་དུ་ཀུན་ནས་ཉོན་མོངས་ཤིང་། རྣམ་པར་དག་པའི་འཇིག་རྟེན་གྱི་ཁམས་གཉིས་ཀྱི་བར་ན། སྨོན་ལམ་དང་། དོན་དམ་ཀུན་དང་། མངོན་པར་ཤེས་པའི་སྟོབས་ཆེན་པོ་མ་གཏོགས་པར་ནམ་འདོད་འདོད་རྒལ་བར་མི་ནུས་སོ། །མ་དག་པ་ཁམས་གསུམ། དག་པ་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་སོགས་པའོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སྤྱོད་པ་མ་འདྲེས་པ། ཡོངས་སུ་དག་པའི་བར་ཡང་། སྨོན་པ་དོན་དམ་ཀུན་རྫོབ་མངོན་ཤེས་ཡེ་ཤེས་ཀྱི་སྟོབས་མ་གཏོགས་པ་གང་གིས་ཀྱང་ནམ་འདོད་འདོད་རྒལ་བར་མི་ནུས་སོ། །ས་བདུན་པ་ལ་གནས་པའི་བྱང་ཆུབ་ཀྱི་སྤྱོད་པ། ཉོན་མོངས་པའི་སྤྱོད་པས་ཀུན་ནས་ཉོན་མོངས་པར་ཡིད་ཆེས་པས་བྱ་བ་ཡིན་སྙམ་ན། རྒྱལ་བའི་སྲས་ས་དང་པོ་རབ་ཏུ་དགའ་བ་ཉིད་ཐོབ་ནས་གཟུང་བ་ཡན་ཆད་དུ། བྱང་ཆུབ་ཀྱི་སྤྱོད་པ། དགེ་བའི་རྩ་བ་བསྔོ་བའི་དབང་གིས། ཉོན་མོངས་པའི་རྙོག་པ་དང་བྲལ་བར་འོས་པའི་ཚུལ་གྱིས་ལམ་མཉམ་པ་ཉིད་ཀྱིས་ཡིད་ཆེས་པར་བྱ་སྟེ། དེ་ཙམ་གྱིས་ས་བདུན་པོ་རྣམས་སུ། ཉོན་མོངས་པའི་སྤྱོད་པ་ལས་འདས་པར་ཤེས་ནས་མི་བྱ་ཞིང་བྱེད་པར་མི་འགྱུར་ཏོ། །དཔེར་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་མིའི་ཡུལ་ནས་འདས་ཏེ། ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་དེའི་ཚེ། སྟོང་གི་འཇིག་རྟེན་གྱི་ཁམས་ལས་དབང་བསྒྱུར་ཞིང་། ཚངས་པའི་གཟུགས་བརྙན་སྟོན་ཏེ། དེ་སྐད་ཅིག་མ་

(༥༤༠)དང་པོ་ལ་མ་ཡིན་ཏེ། སྐད་ཅིག་མ་གཉིས་པ་ལ་ཚངས་པ་ཞེས་བརྗོད་དོ། །དེ་བཞིན་དུ་ས་དང་པོ་ཡན་ཆད་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་མིན་ཅིང་། འགྲོ་བ་དྲུག་གི་སྐྱེ་གནས་རྒྱུ་བའི་ཉོན་མོངས་པའི་ཉེས་པ་རྣམས་ཀྱང་ཤེས་ཏེ། ཉོན་མོངས་པའི་དྲི་མ་རྣམས་ཀྱིས་ཡང་དག་པའི་ལམ་དུ་ཞུགས་པ་ལ་གོས་པར་མི་འགྱུར་རོ། །འོན་ཀྱང་དེ་ཙམ་གྱིས་ས་བདུན་པོ་རྣམས་ན་ཉོན་མོངས་པའི་ཉེས་པ་རྣམས་ལས་འདས་ཤིང་མི་བྱ་སྟེ། ནམ་སྦྱོར་བ་ཅན་གྱི་སྤྱོད་པ་ཐམས་ཅད་སྤངས་ཏེ། ས་བདུན་པོ་ནས་ས་བརྒྱད་པ་ཡོངས་སུ་ནོན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཐེག་པ་དག་པ་ལ་ཞེན་ཅིང་། རིགས་དྲུག་གི་སྐྱེ་གནས་སུ་རྒྱུ་བའི་ཚེ། ཉོན་མོངས་པའི་ཉེས་པ་ཐམས་ཅད་ཤེས་ཏེ། འཇིག་རྟེན་གྱི་བྱ་བ་ལས་འདས་པས་ཉེས་པ་དེ་དག་གི་ཉོན་མོངས་པར་འགྱུར་ཞེས་མི་བྱའོ། །ས་བདུན་པ་འདི་ལ་གནས་པ་ནི་ཉོན་མོངས་པ་ཐམས་ཅད་ཀྱང་ཤས་ཆེ་བར་འདས་ཏེ། ས་བདུན་པ་འདི་ལ་ཡོད་པ་ནི། ཉོན་མོངས་པ་ཅན་ཞེས་ཀྱང་མི་བྱའོ། །ཉོན་མོངས་པ་མེད་པ་ཞེས་ཀྱང་མི་བྱའོ། །ཉོན་མོངས་པ་ཐམས་ཅད་རྒྱུ་བ་མེད་པས་ཉོན་མོངས་པ་ཅན་ཞེས་ཀྱང་མི་བྱའོ། །སངས་རྒྱས་ཀྱི་ཡེ་ཤེས་འདོད་ཅིང་། ཚོགས་གཉིས་མཐར་ཐུག་པར་མ་རྫོགས་པས། ཉོན་མོངས་པ་མེད་པ་ཞེས་ཀྱང་མི་བྱའོ། །ས་བདུན་པ་ལ་གནས་པ་ནི་ལྷག་པའི་བསམ་པ་དག་པ་ཡིས། ལུས་ཀྱི་ལས་དག་པ་དང་ལྡན་པ་ཡིན། ངག་དང་ཡིད་ཀྱི་ལས་དག་པ་དང་ལྡན་པ་ཡིན། མི་དགའ་བའི་ལས་དང་ཉོན་མོངས་པའི་ཚོགས་ཐམས་ཅད་ལས་ཡང་དག་པར་འདས་པ་ཡིན། སངས་རྒྱས་ཀྱིས་བསྔགས་པའི་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་རྒྱུན་མི་འཆད་པར་རྫོགས་ཤིང་། ས་

(༥༤༡)ལྔ་པ་ལ། གཟོའི་གནས་ལ་སོགས་པ་རིག་པའི་གནས་ལྔའམ། དེའི་ཡན་ལག་གྲངས་མེད་པ་ལ་སོགས་པ། ཤེས་དང་ཤེས་བྱའི་ཚོགས་རྣམས་ལ་མཁས་ཤིང་། དེའི་སྒྲ་དོན་རྟོགས་པ་ལས། དེ་བས་ཀྱང་ཁྱད་པར་དུ་འཕགས་པ་ཐམས་ཅད་ས་ཡོངས་སུ་རྫོགས་པའི་ཕྱིར་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་སློབ་དཔོན་བྱ་བ་ཡིན་ཏེ། ས་བརྒྱད་པ་ཡན་ཆད་ཀྱི་བྱང་ཆུབ་སེམས་དཔའ་མ་རྟོགས་པར། ས་དེའི་ཡོན་ཏན་ཏིང་ངེ་འཛིན་གྱི་ཚོགས་རྣམས་ལ་གང་གིས་ཀྱང་མཉམ་པར་མི་ནུས་སོ། །འདིར་ཡང་ས་བདུན་པ་ལ་གནས་པའི་བསམ་གཏན་དང་། ཏིང་ངེ་འཛིན་སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་དང་། རྣམ་པར་ཐར་པའི་ཚོགས་བསྒོམ་ཞིང་སྒྲུབ་པའི་གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་རྣམས་མངོན་དུ་འགྱུར་ཏེ། འོན་ཀྱང་ད་དུང་ས་བརྒྱད་པ་ལ་ཅི་ལྟ་བ་བཞིན་དུ་ནི་རྣམ་པར་སྨིན་པ་ཡོངས་སུ་རྫོགས་པ་མ་ཡིན་ནོ། །ས་བདུན་པ་འདི་ལ་གནས་པ་ནི་དོན་དམ་དང་ཀུན་རྫོབ་ཟུང་དུ་འཇུག་ཅིང་། སྒོམ་དུ་མེད་པའི་སྟོབས་རྫོགས་པར་འགྱུར་ཏེ། མངོན་པ་ལས་ཀྱང་། བྱང་ཆུབ་ཀྱི་ཡན་ལག་ཐམས་ཅད་རྫོགས་ཤིང་ཐོབ་བོ། ས་བདུན་པ་ལ་གནས་པའི་ཚེ། ཏིང་ངེ་འཛིན་རྣམ་པར་དབྱེ་བ། ཤིན་ཏུ་རྣམ་པར་ཕྱེ་བ་ཞེས་བྱ་བ་ལ་མཉམ་པར་འཇོག་སྟེ། ཏིང་ངེ་འཛིན་གྱི་སྒོ་མང་པོ་ལ་སྙོམས་པར་འཇུག་ཅིང་། ཆོས་ཀྱི་དབྱིངས་སུ་སྦྱངས་པ་ཞེས་བྱ་བ་དང་། ཡེ་ཤེས་ཆེན་པོའི་སྒོའི་ཏིང་ངེ་འཛིན་ཡོངས་སུ་སྦྱོང་བ་ལ་སོགས་པ་མཐར་ཕྱིན་ཏེ། ཉན་ཐོས་ཀྱི་ས་ལས་འདས་པ་ཡིན། དོན་དམ་ཀུན་རྫོབ་ཟུང་དུ་འཇུག་པ་ཡིས་ས་མངོན་དུ་གྱུར་པ་ཡིན། ལུས་ངག་ཡིད་གསུམ་ལས་ཚད་མེད་པ་

(༥༤༢)མཚན་ཉིད་མེད་པའི་དོན་རྟོགས་པར་འགྱུར་རོ། །ས་བདུན་པ་འདི་ལ་གནས་པའི་ཚེ་རང་གི་བློ་ཡི་སྤྱོད་ཡུལ་རྣམ་པར་སྤྱོད་པ་ལ་དབང་ཐོབ་པས། ཉན་ཐོས་དང་རང་སངས་རྒྱས་སུ་མི་ལྡོག་པ་ཡིན། གོང་ནས་གོང་དུ་ནར་སོན་པའི་ཚེ། ཟུང་འཇུག་གི་སྟོབས་ཆེན་པོ་རྫོགས་པས་ཕ་རོལ་ཏུ་ཕྱིན་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་ཕྱིར་ན། བྱང་ཆུབ་སེམས་དཔའ་ཁམས་གསུམ་དུ་སྐྱེ་ཡང་སྨོན་ལམ་གྱི་དབང་གིས་མངོན་པར་སྒྲུབ་པ་ལས་འཇིག་རྟེན་གྱི་ཉེས་པས་མི་གོས་པ་ཡིན། ཞི་ཞིང་རབ་ཏུ་ཞི་བ་ཡིན་ལ། སངས་རྒྱས་ཀྱི་ཡེ་ཤེས་ལ་འཇུག་ཅིང་། སངས་རྒྱས་ཀྱི་ཞིང་གི་མཐིལ་དུ་ཡང་ཕྱིན་ལ། བདུད་ཀྱི་ཡུལ་ན་འདུག་པ་ཡང་གནས་པ་ཡིན། བདུད་ཀྱི་ལས་བཞི་ལས་འདས་ཤིང་། བདུད་ཀྱི་ཡུལ་དང་སྤྱོད་ཡུལ་ཡང་སྟོན་པ་ཡིན། བྱང་ཆུབ་སེམས་དཔའ་མུ་སྟེགས་ཅན་གྱི་གནས་སྐབས་ན་ཡང་འདུག་པར་གནང་ལ། སངས་རྒྱས་ཀྱིས་མུ་སྟེགས་ཀྱི་གནས་ཀྱི་བསམ་པ་ཡང་མི་གཏོང་བ་ཡིན། འཇིག་རྟེན་གྱི་བྱ་བ་ཐམས་ཅད་དང་ལྡན་པར་གནས་ལ། འཇིག་རྟེན་ལས་འདས་པའི་ཚུལ་ལ་གནས་པ་ཡིན་ཏེ། འཇིག་རྟེན་ཆེན་པོ་རྣམས་ལས་ཁྱད་པར་དུ་འཕགས་ཤིང་། ལོངས་སྤྱོད་རྒྱ་ཆེན་པོ་དང་ལྡན་ན་ཡང་། འཇིག་རྟེན་གྱི་དྲི་མས་མི་གོས་པ་ཡིན། ས་རིང་དུ་སོང་བ་འདི་ལ་གནས་པའི་ཚེ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་མཐོང་བར་འགྱུར་རོ། །སངས་རྒྱས་སྲས་དང་བཅས་པ་རྣམས་ལ་མཆོད་པ་དང་བསྙེན་བཀུར་རྒྱུན་མི་འཆད་པར་བྱེད་དོ། །དགེ་བའི་རྩ་བ་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོའོ། །དེ་སྔོན་པས་ཀྱང་སེམས་ཅན་ལ་ཕན་འདོགས་པའི་ཆོས་ཀྱི་བཟོད་པ་ཐོབ་པ་ཡིན། ས་བདུན་

(༥༤༣)པ་རིང་དུ་སོང་བ་འདི་ལ་གནས་པའི་དགེ་བའི་རྩ་བ་དེ་དག་གོང་ནས་གོང་དུ་རྫོགས་པར་འགྱུར་བ་ཡིན། ཀུན་ནས་ཉོན་མོངས་ཤིང་མི་དགེ་བའི་ཚོགས་རྣམས་ཡོངས་སུ་བྱང་བ་ཡིན། བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་དང་རང་སངས་རྒྱས་ལ་ཁྱད་པར་དུ་འཕགས་ཤིང་། གོང་ནས་གོང་དུ་རྫོགས་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བརྟེན་པའི་བར་དུ་གོང་དུ་བསྟན་པ་ཐམས་ཅད་གོང་དུ་རྫོགས་པ་ཡིན་སྙམ་སྟེ། དཀོན་མཆོག་གསུམ་ཡིད་ལ་བྱ་བ་དང་། བྱང་ཆུབ་དང་བྱང་ཆུབ་ཀྱི་སྤྱོད་པ་ཡིད་ལ་བྱ་བ་དང་། ས་དང་ཕ་རོལ་དུ་ཕྱིན་པ་ཡིད་ལ་བྱ་བ་དང་། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཡིད་ལ་བྱེད་ཅིང་ཟུང་འཇུག་ཆེན་པོས་ས་ལམ་བསྒྲོད་དོ། །སྐད་ཅིག་ལ་ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་། ཐོབ་ཅིང་སྙོམས་པར་འཇུག་གོ། །འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་། སྣང་བར་བྱ་བ་དང་། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྨིན་པར་བྱ་བ་དང་། དུས་གསུམ་གྱི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལ་འཇུག་པ་དང་། ཆོས་ཀྱི་སྒོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་འབྱེད་པ་དང་། ལུས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་བསྟན་པ་དང་། ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོས་བསྐོར་བར་བསྟན་པའི་བརྩོན་འགྲུས་བརྩོམ་མོ། །དེ་ཡན་ཆད་སྨོན་ལམ་གྱི་མཐུ་དང་། སྟོབས་ཀྱི་ཁྱད་པར་གྱིས་རྣམ་པར་འཕྲུལ་ཏེ། དེ་དག་གི་ཡོན་ཏན་གྱི་ཚོགས་དང་། ཕྲིན་ལས་ཀྱི་ཚོགས་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོར་ཡང་བརྗོད་པར་དཀའ་འོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་ནས། རིང་པོ་མ་ལོན་ཞིང་ལྷུན་གྱིས་

(༥༤༤)གྲུབ་པའི་དགའ་ལྡན་གྱི་ཕོ་བྲང་ན་བཞུགས་པའི་དུས་སུ། རྫུ་འཕྲུལ་དང་ཆོ་འཕྲུལ་རྣམ་པར་འཕྲུལ་པ་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་བྱིན་གྱིས་བརླབས་པའི་བཀའ་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ས་བདུན་པ་རིང་དུ་སོང་བའི་བར་སྐབས་བསྟན་པའོ།། །།ས་བདུན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཚོགས་ཐམས་ཅད་གོང་ནས་གོང་དུ་རྫོགས་ཤིང་ས་བརྒྱད་པ་ནོན་ཞིང་། ས་ནས་སར་འཕར་བའོ། །ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཇུག་པའི་སྒོ་དང་། སྒོམ་པ་སྤྱོད་པ་ཡོན་ཏན་དྲོད་ཚད། དོན་དམ་ཀུན་རྫོབ་ཀྱིས་ཟུང་དུ་འཇུག་ཅིང་ལམ་སྦྱངས་པ་དང་འབྲས་བུའི་བྱེ་བྲག་རྣམས་ལ་སོགས་པ་འདི་ལྟར་དུ་ཤེས་པར་བྱའོ། །བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་ཀྱིས་མངོན་པར་འཕགས་པ། སྙིང་རྗེ་དང་སྙིང་བརྩེ་བ་ཆེན་པོས་སེམས་ཅན་རྣམས་མི་གཏོགས་བའི་སྦྱོར་བ་དང་ལྡན་པ། ཡེ་ཤེས་ཀྱི་ལམ་ཚད་མེད་པའི་རྗེས་སུ་སོང་བ། ཆོས་ཐམས་ཅད་ཐོག་མ་ནས་མ་བྱུང་བ་ཉིད་ལ་རྟོགས་ཤིང་འཇུག་གོ། །རྣམ་པ་ཐམས་ཅད་དུ་སེམས་དང་། ཡིད་དང་། རྣམ་པར་ཤེས་པའི་རྣམ་པར་རྟོག་པ་ལ་འདུ་ཤེས་དང་བྲལ་ཞིང་། ཆགས་ཐོགས་མེད་པ་ལ་ནམ་མཁའི་རང་བཞིན་ཁོང་དུ་ཆུད་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅེས་བྱའོ། །དེ་ལྟ་བུའི་བཟོད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་ས་བརྒྱད་པ་མི་གཡོ་བ་ཐོབ་མ་ཐག་ཏུ་གནད་ཟབ་མོ་ཤེས་པ་དཀའ་བ། ཐ་མི་དད་པ་མཚན་མར་འཛིན་པ་ཐམས་ཅད་དང་བྲལ། འདུ་ཤེས་ཀྱི་བགེགས་ལས་ཕྱིར་ལོག་པ། ཚད་མེད་པ། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་

(༥༤༥)མི་འཕྲོགས་ཤིང་། དབེན་པ་མངོན་དུ་གྱུར་པ་ས་བརྒྱད་པ་མི་གཡོ་བ་འདི་ཐོབ་མ་ཐག་ཏུ། བྱ་རྩོལ་དང་བྲལ་ཞིང་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཐོབ་ཅིང་། ལུས་ངག་ཡིད་གསུམ་གྱི་རྩོལ་བ་མེད་དེ། བདག་མེད་རྣམ་པ་གཉིས་ཀྱི་དོན་རྟོགས་པས། རྩོལ་སྒྲུབ་མེད་པའི་དབེན་པ་ན་བཞུགས་སོ། །ཉོན་མོངས་པའི་ཆུ་ཀླུང་ཆེན་པོ་བཞིས་སེམས་ཅན་རྣམས་ཁྱེར་བར་ཤེས་ནས། དེ་རྣམས་འདོན་པའི་དོན་དུ་བརྩོན་འགྲུས་ཆེན་པོ་བརྩོམ་མོ། །མི་གཡོ་བའི་ས་ཐོབ་མ་ཐག་ཏུ་རྩོལ་སྒྲུབ་མེད་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེན་པོས་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་ལོ། །རྡུལ་དང་བྲལ་བ་མཉམ་པ་ཉིད་ཀྱི་དོན་རྟོགས་ཀྱང་རྒྱལ་བ་སྲས་དང་བཅས་པ་རྣམས་ཐ་དད་མེད་ཅིང་མཉེས་པ་དང་། མཆོད་པ་རྒྱ་ཆེན་པོ་འབུལ་ཞིང་གར་ཡང་ཆགས་ཐོགས་མེད་པར། འཕགས་པ་མཆོད་ཅིང་སེམས་ཅན་སྦྱིན་ལ་བརྩོན་ནོ། །མི་གཡོ་བའི་ས་ལ་གནས་པའི་བྱང་ཆུབ་ནི་སྔོན་གྱི་སྨོན་ལམ་གྱི་སྟོབས་དང་། རང་བཞིན་ཤུགས་ལ་གནས་པའི་སྒྲ་དོན་རྟོགས་པའི་ཕྱིར་ན། ཆོས་ཀྱི་སྒོའི་རྒྱུད་མི་འབྱེད་པ་སྟེ། དེ་ལ་སངས་རྒྱས་རྣམས་ཀྱིས་ཀྱང་ཡེ་ཤེས་སྒྲུབ་ཅིང་བྱིན་གྱིས་བརློབ་སོ། །སངས་རྒྱས་ཀྱི་ཆོས་རྗེས་སུ་རྟོགས་པར་བྱ་བ་ཡང་། དོན་དམ་པའི་ཆོས་ལ་བཟོད་པ་ཡིན། འོན་ཀྱང་སངས་རྒྱས་རྣམས་ཀྱིས་ལུང་སྟོན་སྟེ། ངེད་ཀྱི་སྟོབས་བཅུ་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་དེ་ཁྱོད་ལ་མེད་ཀྱིས། སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་བཙལ་བའི་ཕྱིར། བརྩོན་འགྲུས་བརྩོམས་ཤིག །བཟོད་པའི་སྒོར་ཡང་མ་བཏང་ཅིག །ཁྱོད་ཀྱིས་དེ་ལྟར་ཞི་བའི་རྣམ་

(༥༤༦)པར་ཐར་པ་ཐོབ་ཀྱང་། བྱིས་པ་སོ་སོ་སྐྱེ་བོ་འདི་ཞི་བ་མ་ཡིན། རབ་ཏུ་ཞི་བ་མ་ཡིན་ཏེ། དེ་ལྟར་རྣམ་པར་རྟོག་པ་སྣ་ཚོགས་ཀྱིས་མནར་བ་ལ་སེམས་ཤིག་ལྟོས་ཤིག །སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སེམས་ཅན་གྱི་དོན་བྱ་བ་ལ་སྨོན་ལམ་རྒྱུན་ཆད་མེད་པར་ཐོབ་ཅིག །ཡེ་ཤེས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་དྲན་པར་གྱིས་ཤིག །ཆོས་རྣམས་ཀྱི་ཆོས་ཉིད་འདི་ཡིན་ཏེ། ཆོས་ཀྱི་དབྱིངས་དང་ཆོས་ཀྱི་གནས་ཉིད་རྟོགས་ན་དེ་བཞིན་གཤེགས་པ་དང་། ཉན་རང་གི་ཚོགས་རྣམས་ཀྱང་ཆོས་ཉིད་འདིས་རྟོགས་ཤིང་ཐོབ་པར་འགྱུར་རོ། །ངེད་སངས་རྒྱས་རྣམས་ཀྱི་སྐུ་ཚད་མེད་པ་དང་། ཡེ་ཤེས་ཚད་མེད། སངས་རྒྱས་ཀྱི་ཞིང་ཚད་མེད་ཡེ་ཤེས་སྒྲུབ་པ་ཚད་མེད། འོད་ཚད་མེད། དབྱངས་ཀྱི་ཡན་ལག་ཚད་མེད་པ་རྣམས་ལ་ཁྱོད་ཀྱིས་ལྟོས་ཤིག །ས་དགུ་པ་ལ་གནས་པས་ཀྱང་དེ་བཞིན་དུ་སྒྲུབ་པར་བྱ་དགོས་སོ། །ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པ་དེ་ནི་ཁྱེད་ཀྱིས་རྟོགས་པ་ཡིན་ཏེ། སངས་རྒྱས་རྣམས་ཀྱི་ཆོས་གནང་བ་ནི་ཁྱོད་ཀྱི་འདི་དང་མི་འདྲ་སྟེ། མཐའ་ཡས་པར་རྟོགས་ཤིང་ལྷུན་གྱིས་གྲུབ་པ་སྟེ། ཁྱོད་ཀྱིས་ཀྱང་ནི་མྱུར་དུ་རྟོགས་པར་བྱ་བའི་ཕྱིར། རྩོལ་སྒྲུབ་མེད་པར་བསྒྲུབས་ཤིག །ཕྱོགས་བཅུའི་ཞིང་ཚད་མེད་ཅིང་། སེམས་ཅན་ཚད་མེད་པ་ལ་ཆོས་རྣམ་པར་ཕྱེ་ཞིང་བསྲུང་བ་ལྟོས། ཁྱོད་ཀྱིས་ཡང་ཆོས་རྣམས་མ་ནོར་བར་བགྲང་ཞིང་ཤེས་པར་གྱིས་ཤིག །ཡེ་ཤེས་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་རྣམས་ཀྱིས་ཡེ་ཤེས་རྣམ་པར་ཕྱེ་བའི་ཚུལ་དུ་སྒྲིབ་པ་མེད་ཅིང་རྫོགས་པར་བྱེད་དོ། །དེའི་ཕྱིར་ན་སངས་རྒྱས་རྣམས་ཀྱིས་ཡེ་ཤེས་མངོན་པར་

(༥༤༧)སྒྲུབ་ན་ཞི་བའི་མཐའ་ལས་བརྒལ་བར་མི་འགྱུར་ཏེ། ཉན་རང་ཞི་བར་ལྟུང་བའི་ཕྱིར་ན། ཐམས་ཅད་མཁྱེན་པར་སངས་རྒྱས་པར་མི་འགྱུར། ཐོག་མར་སེམས་བསྐྱེད་ཚུན་ཆད་སངས་རྒྱས་ཀྱི་ས་ལ་གནས་ཀྱི་བར་དུ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟུང་འཇུག་ཆེན་པོའི་སྟོབས་ཀྱིས་ཐབས་མཁས་པའི་ཡེ་ཤེས་ཀྱིས་ལྷུན་གྱིས་གྲུབ་པ་ལ་བཞུགས་ཤིང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སྤྱོད་ཅིང་འཇིག་རྟེན་གྱི་ཁམས་འཇིག་པ་དང་ཆགས་པ་དང་སྟོངས་པ་ཡང་རབ་དུ་ཤེས་སོ། །འབྱུང་བ་ལྔའི་ཁམས་ཀྱི་བྱེ་བྲག་སྣ་ཚོགས་དང་། ཞིང་གི་རྡུལ་སྙེད་ཕྲ་ཞིང་ཕྲ་བ་རྣམས་ཀྱང་ཤེས་སོ། །ཁམས་གསུམ་འགྲོ་བ་རིགས་དྲུག་གིས་བསྡུས་པའི་སྐྱེ་གནས་བཞི་དང་། རྒ་ན་འཆི་བའི་ཆུ་བོ་བ་དང་། འཆི་འཕོ་ལྟུང་བྱེད་དང་། རིགས་དྲུག་པོའི་ལམ་གྲངས་ཀྱི་བྱེ་བྲག་རྣམས་ཀྱང་ཤེས་སོ། །སེམས་ཅན་རྣམས་ཀྱི་ལུས་དབྱེ་བ་ལ་མཁས་ཤིང་སེམས་ཅན་སྨིན་པར་བྱ་བའི་ཕྱིར་སེམས་ཅན་རྣམས་ཀྱི་ལུས་དང་མཐུན་པར་རང་གི་ལུས་ཀྱང་དེ་ལྟ་བུར་བྱིན་གྱིས་རློབ་ཅིང་། སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བར་བྱ་ཞིང་། སེམས་ཅན་གྱི་མོས་པ་ཅི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་ལས་ཀྱང་གྲངས་མེད་པར་སྤྲུལ་ཞིང་གང་བར་བྱས་ནས་སངས་རྒྱས་ཀྱི་ཞིང་མཐའ་ཡས་པར། སྐད་ཅིག་ཙམ་གྱིས་ཕྱིན་པར་བྱ་ཞིང་ནུས་པ་དང་། སངས་རྒྱས་ཀྱི་ཞིང་ཁམས་ཅི་འདྲ་བ་དེ་འདྲ་བར་རང་གི་ལུས་སྟོན་ཏེ། དགེ་སྦྱོང་བྲམ་ཟེ། ཁྱིམ་བདག་

(༥༤༨)རྒྱལ་རིགས། རྗེ་རིགས་རྒྱལ་པོའི་གཟུགས་དང་། ལྷ་རིགས་གསུམ་བཅུ་རྩ་བདུན་གྱིས་འདུལ་བ་ལ་ལྷའི་ལུས་སྣ་ཚོགས་སུ་སྟོན་པ་དང་། ཉན་རང་བྱང་ཆུབ་སེམས་དཔའ། སངས་རྒྱས་ཀྱིས་འདུལ་བ་རྣམས་ལ་རྒྱལ་བ་སྲས་དང་བཅས་པའི་སྐུ་གཟུགས་སུ་སྟོན་པ་དང་། ཆོས་ཀྱི་དབྱིངས་དང་མཉམ་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་རྣམ་པར་འཕྲུལ་པ་ཇི་ལྟར་ཡོད་པ་བཞིན་དུ་རང་གིས་ཀྱང་ལུས་ཀྱི་རྣམ་པར་འཕྲུལ་པ་དེ་ལྟ་བུར་སྤྲུལ་ནས་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་བསྙེན་བཀུར་དང་མཆོད་པ་རྒྱུན་ཆད་མེད་པར་བྱེད་ཅིང་། སངས་རྒྱས་རྣམས་ལ་གསོལ་བ་གདབ་པ་ལ་དབང་ཐོབ་པ་དང་། སངས་རྒྱས་རྣམས་ཀྱིས་ཆོས་གསུངས་པ་ཉམས་རིང་ཡང་རུང་སྟེ། ཐོས་ཤིང་ཆོས་ལ་དབང་ཐོབ་པ། ལུས་ཀྱི་ཡེ་ཤེས་དེ་ལྟ་བུ་ལ་དབང་ཐོབ་པས་བསྐལ་པ་གྲངས་མེད་པར་ཚེ་ལ་དབང་ཐོབ་བོ། ཏིང་ངེ་འཛིན་རྟོགས་པའི་ཡེ་ཤེས་མཐའ་ཡས་པ་ལ་འཇུག་པའི་ཕྱིར་སེམས་ལ་དབང་ཐོབ་བོ། འཇིག་རྟེན་གྱི་ཁམས་མཐའ་ཡས་གྲངས་མེད་པར་ལྷ་རྣམས་ནི་ལོངས་སྤྱོད་ཀྱིས་གང་ཞིང་སྤྲུལ་ནུས་པའི་ཕྱིར་ན་ཡོ་བྱད་ལ་དབང་ཐོབ་བོ། ལས་ཀྱི་རྣམ་པར་སྨིན་པའི་བྱིན་རླབས་མངོན་པར་ལས་སྣ་ཚོགས་བསྟན་ནུས་པའི་ཕྱིར་ན། ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་དབང་ཐོབ་པ། བསམས་བཞིན་དུ་སྲིད་པ་ཉེ་བར་བླངས་ནས། སེམས་ཅན་རྣམས་ཀྱི་དོན་དུ་ཆགས་ཐོགས་མེད་པར་སྐྱེ་བའི་ཕྱིར་ན་སྐྱེ་བ་ལ་དབང་ཐོབ་བོ། །སངས་རྒྱས་ཤིང་གང་དང་གང་དུ་ཅི་དང་ཅི་ལྟར་དགའ་བ་དང་། ཅི་ལྟར་འདོད་པ་བཞིན་དུ་སངས་རྒྱས་པར་བསྟན་པའི་ཕྱིར་ན། སྨོན་ལམ་ལ་དབང་ཐོབ་བོ། འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱིས་

(༥༤༩)གང་བར་བསྟན་པའི་ཕྱིར་ན་མོས་པ་ལ་དབང་ཐོབ་བོ། སངས་རྒྱས་ཀྱི་ཞིང་རྣམས་སུ་རྫུ་འཕྲུལ་ཆོ་འཕྲུལ་བསྟན་པའི་ཕྱིར་རྫུ་འཕྲུལ་ལ་དབང་ཐོབ་བོ། །སྟོབས་དང་མི་འཇིགས་པ་དང་། མ་འདྲེས་པའི་ཆོས་དང་། མཚན་དང་། དཔེ་བྱད་རྫོགས་པར་བསྟན་པའི་ཕྱིར་ཡེ་ཤེས་ལ་དབང་ཐོབ་བོ། མཐའ་དབུས་མེད་པའི་ཆོས་སྐུ་བསྟན་པའི་ཕྱིར་ཆོས་ལ་དབང་ཐོབ་བོ། ས་བརྒྱད་པ་ཡིས་དབང་བཅུ་པོ་འདི་དག་ཐོབ་མ་ཐག་ཏུ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དང་ལྡན་པ་ཡིས། ཚད་མེད་པའི་ཡེ་ཤེས། ཡངས་པའི་ཡེ་ཤེས་མི་འཕྲོགས་པའི་ཡེ་ཤེས་ལ་སོགས་ཏེ། རྨོངས་པ་མེད་པའི་ཡེ་ཤེས་དང་ལྡན་པས་ལུས་ངག་ཡིད་གསུམ་གྱི་ཁ་ན་མ་མཐོབ་མེད་ཅིང་། དུས་གསུམ་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །ཤེས་རབ་ཕ་རོལ་ཕྱིན་པར་དབང་བསྒྱུར་བས་སྙིང་རྗེ་སྔོན་དུ་འགྲོ་བ་ཡིས་ཐབས་མཁས་པའི་སྨོན་ལམ་གྱི་སྟོབས་བསྡུས་པའོ། །སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པས་སེམས་ཅན་གྱི་དོན་རྒྱུན་ཆད་མེད་པ་འབྱུང་ངོ་། །ས་མི་གཡོ་བ་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་ལུས་ངག་ཡིད་གསུམ་གྱིས་སངས་རྒྱས་ཀྱི་ཆོས་བསྡུས་པའི་ཕྱིར་སངས་རྒྱས་ཀྱི་ཞིང་རྣམས་དང་། སེམས་ཅན་གྱི་ཁམས་རྣམས་སུ་རྒྱུ་ཞིང་འབྱུང་ངོ་། །མི་གཡོ་བའི་ས་ཐོབ་པས་ཉོན་མོངས་པའི་ཚོགས་དང་བྲལ་ཞིང་། སྟོང་པ་སྙིང་རྗེ་དབྱེར་མེད་བརྟན་པ་ཡིན། ལམ་མི་འབྲལ་བའི་ཕྱིར་ལྷག་པའི་བསམ་པ་བརྟན་པ་ཡིན། སེམས་ཅན་མི་གཏོང་བའི་ཕྱིར་སྙིང་རྗེའི་སྟོབས་བརྟན་པ་ཡིན། འགྲོ་བ་སྐྱོབ་པའི་ཕྱིར་བྱམས་པའི་སྟོབས་བརྟན་པ་ཡིན། ཉམས་པ་མེད་པའི་ཆོས་ཉིད་རྟོགས་པའི་ཕྱིར་གཟུགས་ཀྱི་སྟོབས་

(༥༥༠)བསྟན་པ་ཡིན། སངས་རྒྱས་རྣམས་ཀྱི་ཆོས་སོ་སོར་འབྱེད་པའི་ཕྱིར་སྤོབས་པའི་སྟོབས་བརྟན་པ་ཡིན། འཇིག་རྟེན་གྱི་ཁམས་མཐའ་ཡས་པར་སྒྲིབས་པ་མེད་པའི་ཕྱིར་ན་མངོན་པར་ཤེས་པ་བརྟན་པ་ཡིན། བྱང་ཆུབ་ཀྱི་བྱ་བ་མི་གཏོང་བའི་ཕྱིར་ན་སྨོན་ལམ་བརྟན་པ་ཡིན། སངས་རྒྱས་ཀྱི་ཆོས་སྒྲུབ་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་སྟོབས་བརྟན་པ་ཡིན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མཁས་པས་སངས་རྒྱས་ཀྱི་བྱིན་རླབས་བརྟན་པ་ཡིན་ཏེ། དེ་ལྟ་བུའི་སྟོབས་དང་ལྡན་པས་སེམས་ཅན་གྱི་བྱ་བ་སྣ་ཚོགས་སྟོན་ཞིང་། བྱ་བ་གང་དང་གང་སྒྲུབ་ན་ཡང་ཁ་ན་མ་ཐོ་བ་མེད་པ་ཡིན། ཡེ་ཤེས་ཀྱི་ས་བརྒྱད་པ་སྟེ་འོག་མ་རྣམས་ཀྱིས་མི་འཕྲོགས་པའི་ཕྱིར་ན། མི་གཡོ་བ་ཞེས་བྱའོ། །ཡེ་ཤེས་མི་ལྡོག་པའི་ཕྱིར་ན་མི་འགྱུར་བ་ཞེས་བྱའོ། །འགྲོ་བ་རྣམས་དང་ཐེག་པ་འོག་མ་རྣམས་ཀྱིས་ཤེས་པར་དཀའ་བའི་ཕྱིར་ན་ཐོབ་པར་དཀའ་བ་ཞེས་བྱའོ། །ཁ་ན་མ་མཐོ་བ་མེད་པའི་ཕྱིར་གཞོན་ནུའི་ས་ཞེས་བྱའོ། །བསམ་པ་ཅི་ལྟ་བ་བཞིན་དུ་དབང་བསྒྱུར་བས་སྐྱེ་བའི་ས་ཤེས་བྱའོ། །གཞི་ལམ་འབྲས་བུ་མ་རྫོགས་པ་མེད་པས་རྫོགས་པའི་ས་ཞེས་བྱའོ། །ཡེ་ཤེས་ཀྱི་དབྱེ་བས་བྱས་པ་རྟོགས་པའི་ས་ཞེས་བྱའོ། །སྨོན་ལམ་སྒྲུབ་པས་མངོན་པར་མྱ་ངན་ལས་འདས་པའི་ས་ཞེས་བྱའོ། །གཞན་གྱིས་འཁྲུག་པར་མི་ནུས་པས་བྱིན་རླབས་ཀྱི་ས་ཞེས་བྱའོ། །སྔོན་གྱི་མཐར་སྒྲུབ་པས་ལྷུན་གྲུབ་ཀྱི་ས་ཞེས་བྱའོ། །དེ་ལྟ་བུའི་ཡེ་ཤེས་སྒྲུབ་པས་སངས་རྒྱས་ཀྱི་རིགས་རྗེས་སུ་སོང་ཞིང་སངས་རྒྱས་ཀྱི་ཡུལ་མངོན་དུ་གྱུར་པ་འདི་ནི་རྒྱུན་མི་འཆད་

(༥༥༡)པར་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་ཡིན། འཇིག་རྟེན་གསུམ་གྱི་མགོན་པོ་རྣམས་ཀྱིས་གསུང་ཞིང་བསྙེན་བསྐུར་བྱེད་པ་ཡིན། ཕྱག་ན་རྡོ་རྗེས་རྟག་ཏུ་རྗེས་སུ་འབྲང་བ་ཡིན། ཏིང་ངེ་འཛིན་གྱི་སྟོབས་ཡོངས་སུ་མ་བཏང་བས་ལུས་ཀྱི་རྣམ་འཕྲུལ་མཐའ་ཡས་པ་སྒྲུབ་པ་ཡིན། མངོན་པར་ཤེས་པ་ཏིང་ངེ་འཛིན་མཐའ་ཡས་པ་ལས་དབང་བསྒྱུར་བ་ཡིན། སངས་རྒྱས་རྣམས་ཀྱི་ལུང་བསྟན་དཔག་མེད་ཐོབ་པ་ཡིན། སེམས་ཅན་སྨིན་པའི་ཕྱིར་སངས་རྒྱས་ཚུལ་སྟོན་པ་ཡིན་ཏེ། དེ་ལྟ་བུའི་ས་དང་། ཐེག་པ་ཆེན་པོའི་དཀྱིལ་འཁོར་དུ་ཞུགས་པ་རྣམ་པར་སྤྱད་པའི་ཡེ་ཤེས་ཡོང་བར་ཤེས་པ། རྟག་ཏུ་རྒྱུན་མི་འཆད་པར་ཤེས་རབ་སྣང་བའི་འོད་ཟེར། ཆོས་ཀྱི་དབྱིངས་ཐེག་པའི་ལམ་དུ་ཞུགས་པ། སེམས་ཅན་རྣམས་ཀྱི་ལམ་རྣམ་པར་དབྱེ་བ་ལ་མཁས་པ། སངས་རྒྱས་ཀྱི་སྤྱོད་ཡུལ་གྱི་རྗེས་སུ་ཞུགས་པ་ནི་ཕྱིར་མི་ལྡོག་པའི་ཚུལ་གྱིས་མི་གཡོ་བའི་ས་ཐོབ་པ་ཡིན་ཞེས་བྱའོ། །མི་གཡོ་བ་ཐོབ་པའི་བྱང་ཆུབ་ནི། ཏིང་ངེ་འཛིན་གྲངས་མཐའ་མེད་པ་ལ་སྙོམས་པར་འཇུག་ཅིང་། དེ་བཞིན་གཤེགས་པ་མཐའ་ཡས་པ་མཐོང་ཞིང་མི་འབྲལ་ལོ། །སངས་རྒྱས་མཐའ་ཡས་གྲངས་མེད་ལ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་བསྙེན་བཀུར་མཆོད་པ་དཔག་མེད་འབུལ་ལོ། །འཇིག་རྟེན་གྱི་ཁམས་རྣམ་པར་དབྱེ་བ་སྔོན་དུ་འགྲོ་བའི་ཆོས་ཀྱི་སྒོ་མཐའ་ཡས་པ་འབྱེད་ཅིང་ཡང་དག་པར་སྒྲུབ་བོ། །རྒྱལ་བའི་སྲས་དེ་སྔོན་པས་ཀྱང་། སངས་རྒྱས་ཀྱི་ཆོས་ཀྱི་མཛོད་ཐོབ་པས་སངས་རྒྱས་ཀྱི་ཞིང་དང་སེམས་ཅན་གྱི་ཁམས་ཐམས་ཅད་དྲིས་ཀྱང་ཆོས་བསྟན་སོ་སོར་འབྱེད་པ་མི་འཕྲོག་པ་ཡིན།

(༥༥༢)བྱང་ཆུབ་ཀྱི་དགེ་བའི་རྩ་བ་ནི། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་སེམས་ཅན་གྱི་དོན་དུ་རྫོགས་པ་ཡིན། མི་གཡོ་བའི་ས་ལ་གནས་པ་ཡིན། དགེ་བའི་རྩ་བ་ནི། ཉན་རང་ས་བདུན་པ་མན་ཆད་ཀྱིས་མི་འཕྲོགས་པ་ཡིན། ས་འདི་ནོན་པ་ནི། ཡེ་ཤེས་ཀྱི་འོད་ཡེ་ཤེས་ཀྱི་སྒོ་ཕྱེ་བས་སེམས་ཅན་རྣམས་ཀྱི་ཉོན་མོངས་བསལ་ཏེ་མི་གཡོ་བ་ལ་གནས་པ་ཡང་། སངས་རྒྱས་སྟོང་ཕྲག་བཅུའི་རྡུལ་སྙེད་ཀྱི་ཞིང་ཁམས་རྒྱས་པར་འགེངས་ཤིང་། སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་གདུང་བ་ཞི་བར་བྱེད་དོ། །ཕ་རོལ་ཏུ་ཕྱིན་པ་བཅུ་ལས་སྨོན་ལམ་གྱི་ཕ་རོལ་དུ་ཕྱིན་པ་ཤས་ཆེར་སྤྱོད་དོ། །ཕར་ཕྱིན་གཞན་ཡང་མི་སྒྲུབ་པ་ནི་མ་ཡིན་ནོ། །མི་གཡོ་བའི་ས་ཞེས་བྱ་སྟེ། ས་བརྒྱད་པ་མདོར་བསྟན་པའོ། །རྒྱས་པར་ནི་བསྐལ་པ་གྲངས་མེད་པར་བསྟན་ཀྱང་མཐར་ཐུག་པར་མི་འགྱུར་རོ། །མི་གཡོ་བའི་ས་ལ་གནས་པ་ནི་ཕལ་ཆེར་སྟོང་གི་བདག་པོ་ཚངས་པ་ཆེན་པོར་གྱུར་ཏེ། གཞན་རྣམས་ཟིལ་གྱིས་གནོན་ཞིང་། དོན་མཐོང་ཞིང་དབང་ཐོབ་པ་སྟེ། སེམས་ཅན་རྣམས་ལ་ཉན་རང་བྱང་ཆུབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ལ་མཁས་ཤིང་མཐུ་ཡོད་པ་ཡིན། རྩོལ་བ་མེད་པར་བསྡུ་དངོས་རྣམ་བཞི་ཡིས་འགྲོ་དོན་བྱེད་ཅིང་། སེམས་ཅན་རྣམས་ཀྱི་མཆོག་བླ་ན་མེད་པར་འགྱུར་ཏེ། དཀོན་མཆོག་གསུམ་དང་། བྱང་ཆུབ་སེམས་དཔའ་དང་། ཕ་རོལ་ཏུ་ཕྱིན། སྟོབས། མི་འཇིགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཡིད་ལ་བྱེད་པ་ཐམས་ཅད་རྫོགས་པ་ཡིན་ཏེ། སྐད་ཅིག་ཙམ་གྱིས་ཏིང་ངེ་འཛིན་སྟོང་གསུམ་བརྒྱ་ཕྲག་བཅུའི་

(༥༥༣)རྡུལ་ཕྲ་བ་སྙེད་ཐོབ་ཅིང་སྙོམས་པར་འཇུག་པ་དང་། སངས་རྒྱས་སྟོང་གསུམ་བརྒྱ་ཕྲག་བཅུའི་རྡུལ་སྙེད་མཐོང་བ་དང་། སངས་རྒྱས་ཀྱི་བྱིན་རླབས་མཐའ་ཡས་ཤེས་པ་དང་། སྟོང་གསུམ་བརྒྱ་ཕྲག་བཅུའི་རྡུལ་རྙེད་གཡོ་འགུལ་ནུས་པ་དང་། ཞིང་ཁམས་སྟོང་གསུམ་བརྒྱ་སྟོང་བཅུའི་རྡུལ་སྙེད་དུ་འགྲོ་བ་དང་། སྟོང་གསུམ་བརྒྱ་ཕྲག་བཅུའི་རྡུལ་སྙེད་འོད་ཀྱིས་འགེངས་པ་དང་། སེམས་ཅན་སྟོང་གསུམ་བརྒྱ་སྟོང་བཅུའི་རྡུལ་རྙེད་སྨིན་པར་ནུས་པ་དང་། བསྐལ་པ་སྟོང་གསུམ་བརྒྱ་སྟོང་བཅུའི་རྡུལ་སྙེད་ལ་གནས་པར་བྱ་བ་དང་། སྔོན་མཐའ་ཕྱི་མཐའི་བསྐལ་པ་སྟོང་གསུམ་བརྒྱ་སྟོང་བཅུའི་རྡུལ་རྙེད་ལ་འཇུག་པ་དང་། ཆོས་ཀྱི་སྒོ་སྟོང་གསུམ་བརྒྱ་སྟོང་བཅུའི་རྡུལ་སྙེད་ཕྱེད་པ་དང་། ལུས་སྟོང་གསུམ་བརྒྱ་སྟོང་བཅུའི་རྡུལ་སྙེད་བསྟན་པ་དང་། ལུས་རེ་རེ་ལ་ཡང་འཁོར་སྟོང་གསུམ་བརྒྱ་སྟོང་བཅུའི་རྡུལ་སྙེད་ཀྱིས་བསྐོར་བའི་བརྩོན་འགྲུས་བརྩོམ་མོ། །དེ་ཡན་ཆད་བྱང་ཆུབ་ཀྱི་སྨོན་ལམ་གྱི་མཐུ་ཅན་རྣམས་སྨོན་ལམ་གྱི་རྣམ་པར་འཕྲུལ་ཏེ། བྱང་ཆུབ་སེམས་དཔའ་དེ་དག་གི་མཐུ་སྟོབས་ཡོན་ཏན་གྱི་ཚོགས་ནི། བསྐལ་པ་གངྒ་ཀླུང་གི་བྱེ་མ་སྙེད་དུ་བགྲངས་ཀྱང་། མཐར་ཐུག་པ་ཤིན་དུ་དཀའ་འོ། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོ་རྣམ་པར་སྣང་མཛད་དང་པོར་སངས་རྒྱས་ནས། ཕོ་བྲང་རང་བཞིན་ལྷུན་གྱིས་གྲུབ་པའི་དགའ་ལྡན་གྱི་ཕོ་བྲང་དང་པོ་ན་བཞུགས་པའི་དུས་སུ་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམ་པར་འཕྲུལ་པས། ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་བྱིན་གྱིས་བརླབས་པའི་བཀའ། བསྟན་པ་རྒྱ་མཚོ་མཐའ་ཡས་ལས། བྱང་ཆུབ་སེམས་དཔའི་ས་བརྒྱད་པ་མི་གཡོ་བ་

(༥༥༤)བསྟན་པ་ལགས་སོ།། །།བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ལ་གནས་པ་ནི། ཚད་མེད་པའི་ཡེ་ཤེས་རྣམ་པར་སྤྱོད་པས་ས་དགུ་ལེགས་པའི་བློ་གྲོས་ནོན་ཏེ། ས་གོང་ནས་གོང་དུ་འཕར་ཞིང་། སངས་རྒྱས་ཀྱི་ཡེ་ཤེས་རྫོགས་པ་རྣམ་པར་སྤྱད་པས། སངས་རྒྱས་ཀྱི་གསང་བའི་རྗེས་སུ་འཇུག་ཅིང་། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཆེ་བ་ཉིད། དབྱེ་བ་དང་གཟུངས་ཉིད། ཏིང་ངེ་འཛིན་མངོན་ཤེས་རྒྱ་ཆེན་པོ་སྦྱང་ཞིང་སྒྲུབ་པ་དང་། དབྱེ་ཞིང་ཁོང་དུ་ཆུད་པ་དང་། སྟོབས་དང་མི་འཇིགས་པ་དང་། མ་འདྲེས་པར་མི་འཕྲོགས། སྦྱང་བ་དང་། སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་བ་དང་། ཁྱུ་མཆོག་མཐུའི་རྗེས་སུ་འབྲང་བ་དང་། སྙིང་རྗེ་ཆེན་པོའི་མཐུས་མི་གཏོང་བར་བྱེད་པ་དང་། ས་དགུ་པ་གནོན་ཏེ། ས་འདི་ལ་གནས་པའི་ཚེ། དགེ་མི་དགེ་ལུང་བསྟན་ལུང་མ་བསྟན་གྱི་ཆོས་རྣམས་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཟག་བཅས་ཟག་མེད། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ། བསམ་དུ་ཡོད་པ་དང་། བསམ་དུ་མེད་པའི་ཆོས། ངེས་པ་དང་། མ་ངེས་པའི་ཆོས། ཉན་རང་གི་ཆོས། བྱང་ཆུབ་སྤྱོད་པའི་ཆོས། འདུས་བྱས་འདུས་མ་བྱས་ཀྱི་ཆོས་ལ་སོགས་ཏེ། མངོན་པར་འདུ་བྱ་བའི་བྱེ་བྲག་རྣམས་སོ་སོར་ཤེས་ཤིང་ཁོང་དུ་ཆུད་པའི་བློས། སེམས་ཅན་མ་རིག་པའི་འཐིབས་པོས་ཉོན་མོངས་པའི་ཚོགས་རྣམས་ལས། དབང་པོ། མོས་པ། ཁམས། བསམ་པ། བག་ལ་ཉལ་བ་སྐྱེ། བག་ཆགས་ཀྱི་མཚམས་སྦྱོར་བ། ཕུང་པོ་གསུམ་དུ་རྣམ་པར་གནོན་པ། མ་རིག་པའི་འཁྲུལ་འཁོར་གྱི་ཚོགས་ཐམས་ཅད། ས་དགུ་པའི་བྱང་ཆུབ་སེམས་དཔའ་ཡང་དག་པ་

(༥༥༥)ཇི་ལྟ་བ་བཞིན་དུ་ཤེས་སོ། །མཁྱེན་ནོ། །སེམས་ཅན་རྣམས་ཀྱི་སེམས་ཀྱི་རྣམ་པ་ཐ་དད་པ་དང་། སེམས་ཅན་རྣམ་པ་སྣ་ཚོགས་ཀྱི་སེམས་སྐད་ཅིག་ལ་འགྱུར་ཞིང་། རྣམ་པར་རྟོག་པ་ཐ་དད་ཅིང་སེམས་ལུས་མེད་པ་དང་། སེམས་མཐའ་ཡས་ཤིང་ཐམས་ཅད་དབང་དུ་བྱེད་པ་དང་། སེམས་ཀྱི་གཤིས་འོད་གསལ་ཞིང་དངས་པ་དང་། སེམས་མ་རྟོགས་པ་ཉོན་མོངས་པ་དང་བཅས་པ། ཉོན་མོངས་མེད་པ་དང་། སེམས་བཅིངས་པ་དང་། གྲོལ་བ་དང་སེམས་སྒྱུ་མ་ལྟ་བུར་སྒྲུབ་པ་དང་། སེམས་འགྲོ་བའི་བདུད་བཞིན་དུ་གནས་ནས་སེམས་རྣམ་པ་སྣ་ཚོགས། སྟོང་ཕྲག་དུ་མའི་བར་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཉོན་མོངས་པ་ལས་རིང་དུ་སོང་བ་ཡང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཏེ། སྦྱོར་བ་མཐའ་ཡས་པ་དང་། ལྷན་ཅིག་སྐྱེས་ཤིང་ཐ་མི་དད་པ་དང་། ཀུན་ནས་འཁོར་བའི་གནས་བཅུ་དྲུག་པ་དང་། སེམས་དང་ལྡན་མི་ལྡན་སྐྱེ་བའི་མཚམས་སྦྱོར་བ་དང་། ལམ་གྱི་རྒྱུད་ཇི་ལྟ་བ་བཞིན་དུ། གནས་དང་། སྲེད་པ། མ་རིགལྟ་བའི་ཟུག་རྔུ། ང་རྒྱལ། གཏི་མུག །ཁ་ན་མ་ཐོ་བ་ཆེན་པོ་ལས་རྣམ་པ་གསུམ་གྱི་གཞི་རྒྱུན་མི་འཆད་པ་རྣམས་མདོར་བསྡུས་ན། ཉོན་མོངས་པའི་རྒྱུད་སྟོང་ཕྲག་བརྒྱད་བཅུ་རྩ་བཞིའི་བར་དུ་རྗེས་སུ་འཇུག་པར་བྱ་བ་ཡང་ས་དགུ་པ་ལ་རབ་ཏུ་གནས་པའི་ས་ཤེས་སོ། །ལས་དགེ་བ་དང་། མི་དགེ་བ་དང་། དམིགས་པ་དང་། མི་དམིགས་པ་དང་། ཐེག་པ་དང་། ཐེག་པ་མ་ཡིན་པར་ངེས་པ་དང་། མ་ངེས་པ་ལས་ཐ་དད་པ་སྟོང་ཕྲག་བརྒྱད་བཅུ་རྩ་བཞིའི་བར་དུ་ཡང་རབ་ཏུ་ཤེས་སོ། །སེམས་དབང་པོ་ཞན་པ་དང་། འབྲིང་དང་། རབ་དང་། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་མ་སོགས་པ་ཐ་དད་པ་བསམ་གྱིས་མི་ཁྱམས་པ་སོགས། ཡངས་པ་དང་དོག་པའི་བྱེ་བྲག་ལ་སོགས་པ་

(༥༥༦)རྣམས་ཀྱང་། ལེགས་པའི་བློ་གྲོས་ཀྱི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཁྱེན་ཏེ། ས་དེ་ལ་གནས་པ་ནི་སངས་རྒྱས་ཀྱི་མཛོད་ཡོངས་སུ་བསྲུངས་པ་ཡིན། དེ་ཆོས་སྨྲ་བའི་ཚུལ་དང་ལྡན་པས་ཡེ་ཤེས་ལ་མཁས་པ་ཚད་མེད་པའི་རྗེས་སུ་སོང་ཞིང་། ཐ་དད་པ་ཡང་དག་པར་ཤེས་པ་བཞིས་མངོན་པར་སྒྲུབ་པ་བྱང་ཆུབ་སེམས་དཔའི་ཚིག་གིས་ཆོས་སྟོན་ཏེ། དེ་ལ་བྱང་ཆུབ་སེམས་དཔའི་ཐ་དད་པ་ཡང་དག་པར་ཤེས་པ་བཞི་རྟག་ཏུ་རྒྱུན་མི་འཆད་ཅིང་མ་འདྲེས་པར་ཡང་དག་པར་འབྱུང་ངོ། །བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐ་དད་པ་ཡང་དག་པར་ཤེས་པ་དང་། དོན་ཐ་དད་པ་ཡང་དག་པར་ཤེས་པ་དང་། ངེས་པའི་ཚིག་ཐ་དད་པ་ཡང་དག་པར་ཤེས་པ་དང་། སྤོང་བ་ཡང་དག་པར་ཤེས་པའོ། །དེ་ཆོས་ཐ་དད་པ་ཡང་དག་པར་ཤེས་པས། ཆོས་རྣམ་པ་རང་གི་མཚན་ཉིད་ཡང་དག་པར་ཤེས་སོ། །དོན་ཐ་དད་པ་ཡང་དག་པར་ཤེས་པས་ཆོས་རྣམས་ཀྱི་དབྱེ་བ་རབ་ཏུ་ཤེས་སོ། །ངེས་པའི་ཚིག་ཐ་དད་པ་ཡང་དག་པར་རབ་ཏུ་ཤེས་པས། ཆོས་རྣམས་མ་འདྲེས་པར་ཡང་དག་པར་བསྟན་པ་རབ་ཏུ་ཤེས་སོ། །སྤོབས་པ་མཐའ་དག་པར་ཤེས་པས། ཆོས་རྣམས་མཐུན་པར་རྗེས་སུ་འཚམ་པ་རྒྱུན་མི་འཆད་པར་རབ་ཏུ་ཤེས་སོ། །གཞན་ཡང་ཆོས་ཐམས་ཅད་ཐ་དད་པ་ཡང་དག་པར་ཤེས་པས་ཆོས་རྣམས་ཀྱི་རང་བཞིན་མེད་པར་རབ་ཏུ་ཤེས་སོ། །དོན་ཐ་དད་པར་ཡང་དག་པར་ཤེས་པས། ཆོས་རྣམས་ཀྱི་འབྱུང་བ་དང་འཇིག་པ་རབ་ཏུ་ཤེས་སོ། །ངེས་པའི་ཚིག་ཐ་དད་པར་རབ་ཏུ་ཤེས་པས་ཆོས་ཐམས་ཅད་རྣམ་པར་བགོད་པ་རྒྱུན་ཆད་མེད་པར་སྟོན་ཏོ། །སྤོབས་པ་

(༥༥༧)ཐ་དད་པར་ཡང་དག་པར་ཤེས་པས། ཇི་ལྟར་རྣམ་པར་བགོད་པ་བཞིན་དུ་འཁྲུག་པ་མེད་པར་མཐའ་ཡས་པར་ཆོས་སྟོན་ཏོ། །གཞན་ཡང་ཐ་དད་པ་ཡང་དག་པར་ཤེས་པས་ད་ལྟར་བྱུང་བའི་ཆོས་ཐམས་ཅད་རྣམ་པར་འབྱེད་པ་ཤེས་སོ། །དོན་ཐ་དད་པ་ཡང་དག་པར་ཤེས་པས། འདས་པ་དང་མ་འོངས་པའི་ཆོས་རྣམ་པར་འབྱེད་བ་རབ་ཏུ་ཤེས་སོ། །ངེས་པའི་ཚིག་ཐ་དད་པ་ཡང་དག་པར་ཤེས་པ་དང་། སྤོབས་པ་ཡང་དག་པར་ཤེས་པའོ། །འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བ་མ་འདྲེས་པའི་ཆོས་སྟོན་ཏོ། །སྤོབས་པ་ཐ་དད་པ་ཡང་དག་པར་ཤེས་པས་དུས་རེ་རེ་ཞིང་ཆོས་ཀྱི་སྣང་བ་མུ་མེད་པར་ཆོས་སྟོན་ཏོ། །གཞན་ཡང་ཆོས་ཐ་དད་པ་ཡང་དག་པར་ཤེས་པས་ཆོས་ཀྱི་བྱེ་བྲག་རབ་ཏུ་ཤེས་སོ། །དོན་ཐ་དད་པ་ཡང་དག་པར་ཤེས་པས། དོན་གྱི་བྱེ་བྲག་རབ་ཏུ་ཤེས་སོ། །ངེས་པའི་ཚིག་ཐ་དད་པ་རབ་ཏུ་ཡང་དག་པར་ཤེས་པས། ཆོས་ཀྱི་བྱེ་བྲག་རབ་ཏུ་ཤེས་སོ། །སྐད་ཇི་ལྟ་བ་བཞིན་དུ་བསྟན་པས་ཆོས་སྟོན་ཏོ། སྟོབས་ཐ་དད་པ་ཡང་དག་པར་ཤེས་པས་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་ཏོ། །གཞན་ཡང་ཆོས་ཐ་དད་པ་ཡང་དག་པར་ཤེས་པས་ཆོས་ཀྱི་རྒྱུ་རྣམ་པར་དབྱེ་བ་མ་འདྲེས་པས་མཁས་པར་རབ་ཏུ་ཤེས་སོ། །དོན་ཐ་དད་པ་ཡང་དག་པར་རབ་ཏུ་ཤེས་པས། རྗེས་སུ་འགྲོ་བའི་ཡེ་ཤེས་དེ་བཞིན་ཉིད་དུ་རྣམ་པར་བགོད་པ་རབ་ཏུ་ཤེས་སོ། །ངེས་པའི་ཚིག་ཐ་དད་པ་ཡང་དག་པར་ཤེས་པས་ཀུན་རྫོབ་ཀྱི་རྒྱུས་ཡང་དག་པར་བསྟན་པས་ཆོས་སྟོན་ཏོ། །སྤོབས་པ་ཐ་དད་པ་ཡང་དག་པར་ཤེས་པས། དོན་དམ་པའི་རྒྱུ་ལ་མཁས་པས་ཆོས་བསྟན་ཏེ། གཞན་

(༥༥༨)ཡང་ཆོས་ཐ་དད་པ་ཡང་དག་པར་ཤེས་པས། ཆོས་རྣམས་ཚུལ་གཅིག་ལས་མི་འགྱུར་བར་རབ་ཏུ་ཤེས་སོ། །དོན་ཐ་དད་པ་ཡང་དག་པར་ཤེས་པས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པར་ཁོང་དུ་ཆུད་པར་བྱ་བ་ལ་ཡང་དག་པར་འཇུག་གོ། །ངེས་པའི་ཚིག་ཐ་དད་པ་ཡང་དག་པར་ཤེས་པས་འགྲོ་བ་ཐམས་ཅད་མངོན་པ་སྨོན་པའི་སྒྲ་དབྱངས་ཤིན་ཏུ་སྙན་པའི་ཚིགས་ཆོས་བསྟན་ནོ། །སྤོབས་པ་མཐའ་ཡས་པར་ཤེས་པས་ཕྱི་ཕྱིར་ཞིང་དྲན་པ་མཐའ་ཡས་པས་སྟོན་ཏོ། །གཞན་ཡང་ཆོས་ཐ་དད་པ་ཡང་དག་པར་ཤེས་པས། ཐེག་པ་གཅིག་ལ་ཡང་དག་པར་གཞོལ་བ་ཐ་དད་པར་རབ་ཏུ་ཤེས་སོ། །དོན་ཐ་དད་པ་ཡང་དག་པར་ཤེས་པས། ཐེག་པ་རབ་ཏུ་རྣམ་པར་ཕྱེ་བའི་རྣམ་པ་ཐ་དད་པ་རབ་ཏུ་ཤེས་སོ། །ངེས་པའི་ཚིག་ཐ་དད་པར་རབ་ཏུ་ཤེས་པས། ཐེག་པ་ཐམས་ཅད་ཐ་དད་པ་མེད་པར་རབ་ཏུ་ཤིན་ཏུ་སྟོན་ཏེ། སྤོབས་པ་ཐ་དད་པ་ཡང་དག་པར་ཤེས་པས། ཐེག་པ་རེ་རེ་ལ་ཡང་ཆོས་ཀྱི་སྣང་བ་མུ་མེད་པར་ཤིན་ཏུ་བསྟན་ཏོ། །གཞན་ཡང་ཆོས་ཐ་དད་པ་ཡང་དག་པར་ཤེས་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། ཡེ་ཤེས་ཀྱི་སྤྱོད་པ་དང་། ཆོས་ཀྱི་སྤྱོད་པ་ཐམས་ཅད་ཡེ་ཤེས་ཀྱི་ཁོང་དུ་ཆུད་པར་བྱ་བ་ལ་རབ་ཏུ་འཇུག་གོ། །དོན་ཐ་དད་པར་ཤེས་པས་ས་བཅུ་རྣམ་པར་བགོད་ཅིང་ཤིན་ཏུ་བསྟན་པ་རྣམ་པར་ཕྱེ་བ་ལ་རབ་ཏུ་འཇུག་གོ། །ངེས་པའི་ཚིག་ཐ་དད་པ་ཡང་དག་པར་ཤེས་པས་ལམ་ཇི་ལྟ་བ་བཞིན་དུ་ཉེ་བར་སྒྲུབ་པ་ཐ་མི་དད་པར་ཡང་དག་པར་སྟོན་ཏོ། །སྤོབས་པ་ཐ་དད་པར་ཡང་དག་པར་ཤེས་པས་ས་རེ་རེ་ཞིང་རྣམ་

(༥༥༩)པ་མུ་མེད་པ་ཡང་དག་པར་སྟོན་ཏོ། །གཞན་ཡང་ཆོས་ཐ་དད་པ་ཡང་དག་པར་རབ་ཏུ་ཤེས་པས། སངས་རྒྱས་ཐམས་ཅད་མཚན་ཉིད་གཅིག་ཏུ་ཁོང་དུ་ཆུད་པར་བྱ་བ་ལ་རབ་ཏུ་འཇུག་གོ། །དོན་ཐ་དད་པ་ཡང་དག་པར་ཤེས་པས། དུས་དང་། དངོས་པོ་དང་། མཚན་ཉིད་རྣམ་པར་ཕྱེ་བ་སྣ་ཚོགས་ཁོང་དུ་ཆུད་པར་བྱ་བ་ལ་རབ་ཏུ་ཤེས་སོ། །ངེས་པའི་ཚིག་ཐ་དད་པ་ཡང་དག་པར་ཤེས་པས། ཁོང་དུ་ཆུད་པ་རྣམ་པར་ཕྱེ་བ་ཇི་ལྟ་བ་བཞིན་དུ་བསྟན་པས་ཆོས་བསྟན་ཏོ། །སྤོབས་པ་ཐ་དད་པ་ཡང་དག་པར་ཤེས་པས། ཆོས་ཀྱི་ཚིག་རེ་རེ་ལ་ཡང་བསྐལ་པ་མཐའ་ཡས་པར་རྒྱུན་མི་འཆད་པར་ཆོས་བསྟན་ཏོ། །གཞན་ཡང་ཆོས་ཐ་དད་པ་ཡང་དག་པར་ཤེས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་དང་། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་དང་། བྱམས་པ་ཆེན་པོ་དང་། ཐུགས་རྗེ་ཆེན་པོ་དང་། ཐ་དད་པ་ཡང་དག་པར་མཁྱེན་པའི་ཚུལ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྟོགས་པ་རབ་ཏུ་ཤེས་སོ། །དོན་ཐ་དད་པ་ཡང་དག་པར་ཤེས་པས་སོ་སོར་ཡང་དག་པར་རབ་ཏུ་འཇུག་གོ། །སེམས་ཅན་གྱི་སྤྱོད་པ་སྟོང་ཕྲག་བརྒྱད་བཅུ་རྩ་བཞི་དང་། བསམ་པ་ཇི་ལྟ་བ་དང་། དབང་པོ་ཇི་ལྟ་བ་དང་། མོས་པ་ཇི་ལྟ་བ་བཞིན་ཏུ་སངས་རྒྱས་ཀྱིས་གསུངས་པ་ཤེས་སོ། །ངེས་པའི་ཚིག་ཐ་དད་པར་ཤེས་པས། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་དང་མ་འདྲེས་པའི་སངས་རྒྱས་ཀྱི་གསུང་རྗེས་སུ་བསྒྲགས་པས་ཆོས་བསྟན་ཏོ། །སྤོབས་པ་ཐ་དད་པ་ཡང་དག་པར་ཤེས་པས། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་འོད་གསལ་བ་དང་། སྤྱོད་པའི་དཀྱིལ་འཁོར་ལ་མོས་པས་ཆོས་བསྟན་ཏོ། །དེའི་ཕྱིར་ན་དེ་ལྟར་

(༥༦༠)ཐ་དད་པའི་ཡང་དག་པར་ཤེས་པའི་ཡེ་ཤེས་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཀྱི་མཛོད་ཐོབ་ཅིང་། བྱང་ཆུབ་སེམས་དཔའི་ས་དགུ་ལ་གནས་པ། ཆོས་སྨྲ་བ་ཆེན་པོའི་གོ་འཕང་ལ་གནས་པའི་ཚེ། དོན་དང་ལྡན་པའི་གཟུངས་ཐོབ་པ་ཡིན་ནོ། །ཆོས་དང་ལྡན་པའི་གཟུངས་རབ་ཏུ་ཐོབ་པ་ཡིན་ནོ། །ཡེ་ཤེས་མངོན་པར་སྒྲུབ་པ་དང་ལྡན་པའི་གཟུངས་རབ་ཏུ་ཐོབ་པ་ཡིན། སྣང་བ་དང་ལྡན་པའི་གཟུངས་རབ་ཏུ་ཐོབ་པ་ཡིན། བློ་གྲོས་བཟང་པོ་དང་ལྡན་པའི་གཟུངས་དང་། དབྱིག་དང་ལྡན་པའི་གཟུངས་དང་། གྲགས་པ་དང་ལྡན་པའི་གཟུངས་དང་། གཟི་བརྗིད་དང་ལྡན་པའི་གཟུངས་དང་། ཆགས་པ་མེད་པའི་སྒོའི་གཟུངས་དང་། མཐའ་ཡས་པ་དང་ལྡན་པའི་གཟུངས་དང་། དོན་སྣ་ཚོགས་ཀྱི་མཛོད་ལྡན་པའི་གཟུངས་ཐོབ་པ་དང་། དེ་གཟུགས་དེ་དག་ལ་སོགས་པ་གཟུངས་ཀྱི་སྒོ་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུ་ཡོངས་སུ་ཚང་བར་མཐོང་སྟེ། གཟུངས་ཀྱི་སྒོ་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུ་དང་ལྡན་པའི་དབྱངས་ཀྱི་ཡན་ལག་ལ་མཁས་པ་དང་། དེ་སྙེད་དུ་ཚད་མེད་པ་ཉིད་དང་ལྡན་པའི་སྤོབས་པ་རྣམ་པར་བྱེ་བའི་སྒོ་ནས་ཆོས་བསྟན་ཏོ། །དེའི་ཕྱིར་ཚད་མེད་པའི་གཟུངས་ཀྱི་སྒོ་བརྒྱ་སྟོང་གྲངས་མེད་པས། ཚད་མེད་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་ཆོས་ཉན་ཞིང་ཐོས་ནས་ཀྱང་བརྗོད་པར་མི་བྱ་སྟེ། ཇི་སྐད་དུ་ཐོས་པ་ཡང་ཚད་མེད་པར་དབྱེ་བས་ཤིན་ཏུ་བསྟན་ཏོ། །དེའི་ཕྱིར་ན། སངས་རྒྱས་གཅིག་ལས་གསུང་གི་སྒོ་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུས་ཆོས་ཁོང་དུ་ཆུད་པར་བྱེད་དོ། །སངས་རྒྱས་གཅིག་ལས་ཇི་ལྟ་བ་བཞིན་དུ་ཡང་དག་པར་རྫོགས་པའི་

(༥༦༡)སངས་རྒྱས་མཐའ་ཡས་ལས། གཟུངས་ཀྱི་སྒོ་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུས་ཁོང་དུ་ཆུད་པར་བྱེད་དོ། །དེ་སྨོན་པ་ཙམ་གྱིས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལས། ཆོས་ཀྱི་སྒོ་སྣང་བ་ཆེས་མང་དུ་ཡང་དག་པར་འཛིན་ཏེ། ཉན་ཐོས་ཤིན་དུ་མང་དུ་ཐོས་པ་དང་ལྡན་པ། ཐོས་པ་འཛིན་པའི་གཟུངས་རབ་ཏུ་ཐོབ་པ་རྣམས་ཀྱིས་ནི་བསྐལ་པ་བརྒྱ་ཕྲག་དུ་ཡང་གཟུང་བའི་བྱིན་གྱིས་བརླབས་ཀྱི་དེ་ལྟར་མི་ཟིན་ཏོ། །གཟུངས་ཐོབ་པའི་སྤོབས་པས། ཆོས་ཀྱི་གཏམ་བྱ་བའི་ཕྱིར་འདུག་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྒྱས་པར་བསྐང་སྟེ་ཆོས་ཀྱི་སྟན་ལ་འདུག་ཅིང་། སེམས་ཅན་རྣམས་ལ་བསམ་པ་ཇི་ལྟ་བར་མ་བཞིན་དུ་རྣམ་པར་ཕྱེ། ཆོས་སྟོན་ཏོ། །དེའི་ཆོས་ཀྱི་གཏམ་ཡང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དབང་བསྐུར་བའི་ས་ཐོབ་པ་མ་གཏོགས་པ་ཐམས་ཅད་ལངས་ཤིང་། སྣང་བ་ཚད་མེད་པ་དང་ལྡན་པ་ཡིན། དེ་འདོད་ན་ཆོས་ཀྱི་སྟན་ལ་འདུག་ཅིང་། དབྱངས་གཅིག་གིས་འཁོར་ཐམས་ཅད་དུ་སྒྲ་སྐད་སྣ་ཚོགས་རྣམ་པ་ཐ་དད་པས་གོ་བར་བྱེད་དོ། །སྒྲ་སྐད་སྣ་ཚོགས་དང་། དབྱངས་ཀྱི་ཡན་ལག་ཐ་དད་པས་རབ་ཏུ་ཕྱེ་བས་འཁོར་ཐམས་ཅད་གོ་བར་བྱེད་དོ། །འོད་ཟེར་གྱི་སྒོ་ཉེ་བར་སྒྲུབས་པས་ཆོས་ཀྱི་སྒོ་རབ་ཏུ་བརྗོད་དོ། །བ་སྤུའི་བུ་ག་ཐམས་ཅད་ནས་དབྱངས་རྣམ་པར་བྱེ་བ་ཤིན་ཏུ་བརྗོད། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གཟུགས་སུ་སྣང་བ་ཇི་སྙེད་ཡོད་པ། གཟུགས་སུ་སྣང་བ་དེ་ལས་ཆོས་ཀྱི་སྒྲ་འབྱུང་བར་བྱེད་དོ། །དབྱངས་ཀྱི་ཡན་ལག་གཅིག་གིས་སྒྲ་ཆོས་ཀྱི་དབྱིངས་ཐམས་ཅད་ཁོང་དུ་ཆུད་

(༥༦༢)པར་བྱེད་དོ། །སྒྲ་དང་དབྱངས་ཐམས་ཅད་ཆོས་ཀྱི་སྒྲར་བྱིན་གྱིས་བརློབ། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གླུ་དང་། རོལ་མོ་བརྡུང་བ་དང་། དཀྲོལ་བའི་སྒྲ་ཆོས་ཀྱི་སྒྲར་ཆོས་འབྱུང་བར་བྱེད་དོ། །ཡི་གེ་གཅིག་གི་སྒྲ་ལས་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་ཕྱེ་བའི་སྒྲ་འབྱུང་བར་བྱེད་དེ། འཇིག་རྟེན་གྱི་ཁམས་མཐའ་ཡས་ཤིང་བརྗོད་དུ་མེད་པའི་ས་དང་ཆུ་དང་མེ་དང་རླུང་གི་ཕུང་པོ་རྡུལ་ཤིན་དུ་ཕྲ་བ་རེ་རེ་ལས་ཆོས་ཀྱི་སྒོ་བརྗོད་དུ་མེད་པ་འབྱུང་བར་བྱེད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ཡོངས་ཏེ། སྐད་ཅིག་ཡུད་ཙམ་ཐང་གཅིག་ཏུ་དྲི་བ་ཡོངས་སུ་དྲི་ཞིང་། དེ་དག་རེ་རེས་ཀྱང་། སྒྲ་རྣམ་པ་ཐ་དད་པ་ཚད་མེད་ཡོངས་སུ་དྲིས་པར་གྱུར་ལ། གང་གིས་གང་དྲིས་པ་དེ་བཞིན་མི་འདྲི་བར་གྱུར་ན། དེ་ལ་བྱང་སེམས་དེས་སེམས་ཅན་དེ་དག་ཐམས་ཅད་སྒྲ་ཚིག་སོ་སོ་དང་། ཡི་གེའི་འབྲུ་རེ་རེ་མ་ལུས་པར་གཟུང་སྟེ། གཟུང་ནས་ཀྱང་ཚིག་གཉིས་མ་ལུས་པར་མངོན་པར་བརྗོད་པས་སེམས་ཅན་དེ་རྣམས་ཀྱི་སེམས་དང་བསམ་པ་ཚིམ་པར་བྱེད་པས་ན། འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་བར་དུ་རྟོགས་པའི་སེམས་ཅན་ཐམས་ཅད་ཀྱིས། སྐད་ཅིག་དྲི་བ་ཡོངས་སུ་དྲིས་པ་ཡོངས་སུ་དྲིས་ཏེ། དེ་དག་རེ་རེ་ཞིང་ཡང་སྒྲ་རྣམ་པ་ཐ་དད་ཚད་མེད་པས་དྲི་བར་གྱུར་ནས། གཅིག་གིས་གཅིག་དྲིས་པ་དེ་དག་གཞན་མི་འདྲི་བར་གྱུར་ན་ཡང་། དེ་དག་ཐམས་ཅད་བྱང་སེམས་དེས་སྐད་ཅིག་ཏུ་འདུས་པར་གཟུང་སྟེ། སྒྲ་གཅིག་བརྗོད་པས་དེ་དག་ཐམས་ཅད་ཁོང་དུ་ཆུད་པར་བྱེད་དོ། །འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཀྱང་རྒྱས་པར་བསྐང་ཞིང་། སེམས་ཅན་རྣམས་ཀྱི་བསམ་པ་དང་། དབང་པོ་དང་། མོས་པ་ཇི་ལྟ་བ་བཞིན་དུ་

(༥༦༣)ཆོས་བསྟན་ཏོ། །ཆོས་ཀྱི་གཏམ་ལ་ཞུགས་པའི་ཚེ་ཡང་། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ལེན་ཞིང་། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་ལ་ཉེ་བར་གནས་པ་ཡིན། འདི་ལྟ་བུའི་ཡེ་ཤེས་སྣང་བས་ཏིང་ངེ་འཛིན་ཡོངས་སུ་བརྩོམ་སྟེ། སྐྲའི་རྩེ་མོའི་གོ་གཅིག་ལ་ཡང་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་རྡུལ་གཅིག་ཤིན་ཏུ་ཕྲ་བ་ཇི་སྙེད་དེ་སྙེད་ཀྱི་སངས་རྒྱས་་བཞུགས་པ་ལ་དེ་ཡང་ཚད་མེད་པའི་འཁོར་གྱི་དཀྱིལ་འཁོར་དུ་ཆོས་བསྟན་ཏེ།སངས་རྒྱས་རེ་རེས་ཀྱང་། དེ་སྙེད་ཀྱི་སེམས་ཅན་ཚད་མེད་པ་ལ་ཆོས་རྣམ་པར་ཐར་པ་ཤིན་དུ་བསྟན་ཏེ།སེམས་ཅན་གྱི་བསམ་རྒྱུད་རེ་རེ་ལ་ཡང་དེ་སྙེད་དུ་ཆོས་ཉེ་བར་སྒྲུབ་པ་ཚད་མེད་པར་ཉེ་བར་སྒྲུབ་པར་གྱུར་ལ། སངས་རྒྱས་གཅིག་གིས་ཇི་ལྟ་བ་དེ་སངས་རྒྱས་ཐམས་ཅད་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་སྟེ། སྐྲའི་རྩེ་མོའི་གོ་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ་ཆོས་ཀྱི་དབྱིངས་ཐམས་ཅད་དུ་དེ་ལྟར་གྱུར་ཀྱང་དེ་དག་ཐམས་ཅད་ཟིན་པར་གྱུར་ན། འཇིག་རྟེན་གྱི་ཁམས་དེ་ཙམ་དག་གི་སེམས་ཅན་རྣམས་ཀྱིས་ལྟ་སྨོས་ཀྱང་ཅིང་གོས་དེ་ལྟར་བྱང་སེམས་ལ་ལེགས་པའི་བློ་གྲོས་འདི་ཐོབ་པར་བྱ་བའི་སེམས་ནི་ཉིན་མཚན་དུ་ཡིད་ལ་བསམ་པ་གཞན་མེད་པར་སངས་རྒྱས་ཀྱི་སྤྱོད་པ་ལ་ཞུགས་པས། སངས་རྒྱས་དང་འགྲོགས་པ་རབ་ཏུ་ཐོབ་ཅིང་བྱང་སེམས་ཀྱི་རྣམ་པར་ཐར་པ་ཟབ་མོ་རབ་ཏུ་ཐོབ་པ་ཡིན། དེ་ལྟ་བུའི་ཡེ་ཤེས་དང་ལྡན་ཞིང་མཉམ་པར་གཞག་ཀྱང་། སངས་རྒྱས་ཀྱི་ལྟ་བ་ཡོངས་སུ་མི་སྤོང་ཞིང་། བསྐལ་པ་རེ་རེ་ཞིང་ཡང་སངས་རྒྱས་དུ་མ་ནས། སངས་རྒྱས་བརྒྱ་སྟོང་བྱེ་བ་ཁྲག་ཁྲིག་ལྟ་ཞིང་མཐོང་ནས་ཀྱང་། རིམ་གྲོ་དང་། བཀུར་སྟི་དང་།

(༥༦༤)བསྟི་སྟང་དང་། མཆོད་པ་བྱེད་དེ། སངས་རྒྱས་མཐོང་ཞིང་མཆོད་པ་བྱ་བ་རྒྱ་ཆེན་ཡོངས་སུ་མི་གཏོང་ངོ། །སངས་རྒྱས་དེ་དག་ལ་ཡོངས་སུ་ཞུ་བ་ཡང་བྱེད་དོ། །ཆོས་ཀྱི་གཟུངས་རབ་ཏུ་བསྟན་པ་ལས་ཤིན་ཏུ་འབྱུང་བ་ཡིན་། དགེ་བའི་རྩ་བ་དེ་དག་ཀྱང་སྔོན་པས་ཀྱང་ཤིན་དུ་བྱང་ཞིང་མི་འཕྲོ་བར་འགྱུར་ཏེ། དཔེར་ན་གསེར་ས་ལེ་སྦྲམ་དེ་ཉིད་མགར་བ་མཁས་པས་རྒྱན་དུ་བྱས་ཏེ། ཡོངས་སུ་ཟིན་པ་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཡན་ལག་གི་དམ་པ་མགོའམ་མགུལ་དུ་བཏགས་ན། མཁར་གྱི་རྒྱལ་པོ་ཐམས་ཅད་དང་། གླིང་བཞི་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱན་གྱི་རྣམ་པས་མི་འཕྲོག་པ་ཡིན། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་ལེགས་པའི་བློ་གྲོས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱང་ཉན་ཐོས་དང་། རང་སངས་རྒྱས་དང་། ས་འོག་ན་གནས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་མི་འཕྲོགས་ཤིང་མི་ཐུབ་པ་ཡིན། དེའི་དགེ་བའི་རྩ་བ་སྣང་བ་དེས་ནི་སེམས་ཅན་རྣམས་ཉོན་མོངས་པ་དང་། སེམས་ཀྱི་འཐིབས་པོ་རྣམ་པར་བྱང་སྟེ། དེ་ཉིད་ལས་ཕྱིར་མི་ལྡོག་གོ།།དཔེར་ན་སྟོང་གཉིས་ལ་དབང་བའི་ཚངས་པ་ཆེན་པོ་ནི་སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་འཐིབས་པོ་དམའ་བར་གཞོལ་བ་ཡོངས་སུ་གཞོལ་བར་བྱེད་དོ། །དེ་བཞིན་དུ་བྱང་སེམས་ལ་ལེགས་པའི་བློ་གྲོས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་སྣང་བ་དེ་ཡང་སེམས་ཅན་རྣམས་ཀྱི་སྒོ་མོས་པ་དང་། སེམས་ཀྱི་འཐིབས་པོ་སྣང་བར་བྱས་ཏེ། དེ་ཉིད་ལས་ཕྱིར་མི་ལྡོག་གོ།།སྟོབས་ཀྱི་ཕ་རོལ་དུ་ཕྱིན་པ་རྫོགས་ཤིང་། ཕ་རོལ་ཏུ་ཕྱིན་པ་ལྷག་མ་ཅི་ནུས་སུ་སྒྲུབ་པ་ཡིན། ས་དགུ་པ་

(༥༦༥)ལ་གནས་པ་ནི་ཕལ་ཆེར་ཚངས་པར་འགྱུར་ཏེ། སྟོང་གཉིས་ལ་དབང་ཞིང་སེམས་ཅན་རྣམས་ལ་ཉན་རང་བྱང་ཆུབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ལ་མཁས་པ་ཡིན། སེམས་ཅན་གྱི་བསམ་པ་ཐམས་ཅད་ཤེས་པ་ཡིན། སྦྱོར་དངོས་གཞི་ཡིས་སེམས་ཅན་རྣམས་ཀྱི་དོན་མཆོག་བླ་ན་མེད་པ་ཡིན། དཀོན་མཆོག་གསུམ་དང་། བྱང་ཆུབ་ཡིད་ལ་བྱ་བ་དང་། ཐམས་ཅད་མཁྱེན་པའི་བར་དུ་འགྱུར་སྙམ་སྟེ། བྱང་ཆུབ་སྤྱོད་པ། ས་དང་ཕ་རོལ་ཕྱིན་པ། སྟོབས་དང་མི་འཇིགས་པ། མ་འདྲེས་ཆོས་དང་། ཡེ་ཤེས་ཀྱི་བར་དུ་ཡིད་ལ་བྱ་བ་དང་མི་འབྲལ་བ་ཡིན་ཏེ། སྐད་ཅིག་ཙམ་གྱིས་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་བརྒྱ་སྟོང་བཅུ་ཚངས་པའི་རྡུལ་སྙེད་མཐོང་བ་དང་། སངས་རྒྱས་རྣམས་ཀྱི་བྱིན་རླབས་དང་། སངས་རྒྱས་ཀྱི་ཞིང་གྲངས་མེད་པ་བརྒྱ་སྟོང་བཅུ་གཡོ་འགུལ་ནུས་པ་དང་། སངས་རྒྱས་ཀྱི་ཞིང་གྲངས་མེད་པ་སྣང་བར་བྱ་བ་དང་། སེམས་ཅན་གྲངས་མེད་པ་ལས་ཀྱང་གྲངས་མེད་པ་སྨིན་པར་བྱ་བ་དང་། སྔོན་མཐའ་ཕྱི་མཐའ་བསྐལ་པ་གྲངས་མེད་དུ་འཇུག་པ་དང་། ཆོས་ཀྱི་སྒོ་བརྒྱ་སྟོང་གྲངས་མེད་བཅུ་འབྱེད་པ་དང་། ལུས་ལ་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་བརྒྱ་སྟོང་བཅུ་སྟོན་པ་དང་། ལུས་རེ་རེ་ལ་ཡང་བྱང་ཆུབ་ཀྱི་འཁོར་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་བརྒྱ་སྟོང་བཅུ་སྟོན་པའི་བརྩོན་འགྲུས་བརྩོམ་པ། ས་དགུ་པ་ནོན་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཚོགས་དང་། མི་ཟད་པ་ཕྲིན་ལས་ཀྱི་ཚོགས་ཉིད་བསྐལ་པ་གྲངས་མེད་པ་སྟོང་ཕྲག་བཅུའི་བར་དུ་བགྲངས་ཀྱང་བརྗོད་པར་དཀའ་འོ། །ཡང་དག་

(༥༦༦)པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་དང་པོ་མངོན་པར་རྫོགས་པར་སངས་རྒྱས་ནས། རྒྱན་སྟུག་པོ་བཀོད་པའི་འོག་ཡིན། དགའ་ལྡན་གྱི་གནས་ན་བཞུགས་པའི་དུས་སུ། ཐུབ་པ་ཆེན་པོ་རྣམ་སྣང་གིས་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་འཕྲུལ་ཞིང་། བྱིན་གྱིས་བརླབས་པའི་བཀའ། བསྟན་པ་རྒྱ་མཚོ་མཐའ་ཡས་འདི། རྣམ་སྣང་ཤཱཀྱ་ཐུབ་ཆེན་པོ་ཡི་དཔལ་ཀུན་ཏུ་བཟང་པོ་ཕྲུལ། ཀུན་ཏུ་བཟང་པོས་རྡོ་རྗེ་སྙིང་པོ་སྤྲུལ། རྡོ་རྗེ་སྙིང་པོས་སེམས་ཅན་གྱི་རྣམ་ཐར་བཟླས་པ་དང་། ཀུན་ཏུ་མིག་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་རྣམ་པར་འཕྲུལ་ཞིང་བྱིན་གྱིས་བརླབས་པ་ཡིས། ས་དགུ་པ་ལེགས་པའི་བློ་གྲོས་བསྟན་པའི་བར་སྐབས་ལགས་སོ།། །།ས་དགུ་པ་ལེགས་པའི་བློ་གྲོས་ཡོངས་སུ་རྫོགས་ཤིང་། ས་ནས་སར་འཕར་ཏེ་ས་བཅུ་པ་ཆོས་ཀྱི་སྤྲིན་གནོན་པ་ནི་འདི་ལྟར་དུ་ཤེས་ཤིང་རྟོགས་པར་བྱའོ། །ཤེས་པར་བྱ་བ་ཚད་མེད་པ་ཡོངས་སུ་བརྟགས་པའི་བློ་གྲོས་རྣམ་པར་ཕྱེ་བ་ཤིན་དུ་རྣམ་པར་ཕྱེ་བ། ཆོས་དཀར་པོ་ཤིན་ཏུ་རྫོགས་པ། བསག་པར་བྱ་བའི་ཚོགས་མཐའ་ཡས་པ་ཤིན་དུ་བསགས་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཟིན་པ། སྙིང་རྗེ་ཆེན་པོས་ཡོངས་སུ་ཡངས་པ་ཐོབ་པ། འཇིག་རྟེན་གྱི་ཁམས་རྣམ་པར་ཕྱེ་བ་རྣམ་པ་ཐ་དད་པ་ལ་མཁས་པ། སེམས་ཅན་གྱི་ཁམས་འཐིབས་པོས་ཉེ་བར་སྤྱོད་པ་ལ་རབ་ཏུ་ཞུགས་པ། སངས་རྒྱས་ཀྱི་སྤྱོད་ཡུལ་འཇུག་པ་དང་། ལྡན་པའི་

(༥༦༧)འདུ་ཤེས་དང་། ཡིད་ལ་བྱེད་པ་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་ལ་ལྷག་པར་དམིགས་པའི་རྗེས་སུ་སོང་བ་ནི། རྣམ་པ་ཐམས་ཅད་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དབང་བསྐུར་བའི་ས་ཐོབ་པ་ཞེས་བྱའོ། །དེའི་ཕྱིར་ན་བྱང་སེམས་ཡེ་ཤེས་དེ་ལྟ་བུ་དང་ལྡན་ཞིང་། དབང་བསྐུར་བའི་ས་ཐོབ་པ་དེ་ལ་བྱང་སེམས་ཏིང་ངེ་འཛིན་དྲི་མ་མེད་པའི་ཞེས་བྱ་བ་མངོན་དུ་འགྱུར་རོ། །བྱང་སེམས་ཏིང་ངེ་འཛིན་ཆོས་ཀྱི་དབྱིངས་རྣམ་པ་ཕྱེ་བ་ལ་འཇུག་པ་ཞེས་བྱ་བ་དང་། སྙིང་པོ་བྱང་ཆུབ་ཀྱི་རྒྱན་རྣམ་པར་ཕྱེ་བ་ཞེས་བྱ་བ་དང་། འོད་ཟེར་གྱི་མེ་ཏོག་རྣམ་པར་ཕྱེ་བ་ཞེས་བྱ་བ་དང་། རྒྱ་མཚོ་སྙིང་པོ་ཞེས་བྱ་བ་དང་། རྒྱ་མཚོ་རྒྱ་ཞེས་བྱ་བ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་རྣམ་པར་དབྱེ་བ་ཞེས་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་རྗེས་སུ་སོང་བ་ཞེས་བྱ་བ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་མངོན་སུམ་དུ་བཞུགས་པ་ཞེས་བྱ་བ་མངོན་དུ་གྱུར་ཏེ། དེ་ལ་དེ་དག་ལ་སོགས་པ་ཏིང་ངེ་འཛིན་བརྒྱ་སྟོང་གྲངས་མེད་པ་མངོན་དུ་འགྱུར་རོ། །ཏིང་ངེ་འཛིན་དེ་དག་ཐམས་ཅད་ལ་མཉམ་པར་བཞག་ཅིང་རྣམ་པར་ལྡང་ངོ། །དེ་ཏིང་ངེ་འཛིན་ལ་མཁས་པ་དང་ལྡན་པ་ཡིན་ཏེ། ཏིང་ངེ་འཛིན་དེ་དག་ཐམས་ཅད་ལ་ཡང་རབ་ཏུ་སྤྱོད་དོ། །ཏིང་ངེ་འཛིན་གྲངས་མེད་པ་ཕྲག་བཅུའི་ཐ་མ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཁྱད་པར་གྱི་མངོན་པར་དབང་བསྐུར་བ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དུ་གྱུར་ཏེ།མངོན་དུ་གྱུར་མ་ཐག་ཏུ་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་ཐ་གྲུ་དང་མཉམ་པའི་རིན་པོ་ཆེའི་པདྨོ་ཆེན་པོ་རིན་པོ་ཆེ་ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་དུ་སྤྲོ་ཞིང་བརྒྱན་པ་འཇིག་རྟེན་ཐམས་ཅད་ཀྱི་སྤྱོད་ཡུལ་ལས་འདས་པ། འཇིག་རྟེན་ལས་འདས་

(༥༦༨)པའི་དགེ་བའི་རྩ་བ་ལས་བྱུང་བ། སྒྱུ་མའི་རང་བཞིན་དང་སྤྱོད་ཡུལ་གྱིས་ཡོངས་སུ་གྲུབ་པ། ཆོས་ཀྱི་དབྱིངས་ལ་ཤིན་དུ་གནས་པར་སྣང་བ། ལྷ་རྫས་ཀྱི་ཡུལ་ལས་ཤིན་དུ་འདས་པ། ནོར་བུ་རིན་པོ་ཆེ་བཻཌཱུརྱའི་ཡུ་བ་ཅན། ཙནྡ་གྱི་རྒྱལ་པོ་མཚུངས་པ་མེད་པའི་སྙིང་པོ་ཅན། ཨ་སྨྲ་གར་པའི་ཟེ་བ་ཅན། འཛམ་བུ་ཆུ་ཀླུང་གི་གསེར་ལྟར་སྣང་བའི་ལོ་མ་ཅན། འོད་ཟེར་ཚད་མེད་པས་ཤིན་དུ་རྒྱས་པའི་ལྷུན་ཅན། རིན་པོ་ཆེ་ཐམས་ཅད་ཀྱིས་ནང་ཡོངས་སུ་སྤྲས་པ། རིན་པོ་ཆེ་མུ་མེད་པའི་དྲ་བས་ཀུན་ནས་གཡོགས་པ། སྟོང་གསུམ་བརྒྱ་སྟོང་ཕྲག་བཅུ་ཚང་བའི་རྡུལ་ཤིན་དུ་ཕྲ་བ་སྙེད་ཀྱི་རིན་པོ་ཆེའི་པ་མོ་ཆེན་པོའི་འཁོར་དང་ལྡན་པ་འབྱུང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ལུས་ཀྱང་དེ་དང་རྐྱེན་དུ་ཚང་ཞིང་དེའི་ཚུལ་དང་མཐུན་པར་གནས་སོ། །དེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཁྱད་པར་གྱི་དབང་བསྐུར་བ་དང་ལྡན་པའི་ཏིང་ངེ་འཛིན་ཐོབ་མ་ཐག་རིན་པོ་ཆེའི་པདྨོ་རྒྱལ་པོ་ཆེན་པོ་དེ་ལ་འདུག་པར་སྣང་སྟེ། རིན་པོ་ཆེའི་པདྨོའི་རྒྱལ་པོ་དེ་ལ་བྱང་ཆུབ་སེམས་དཔའ་དེ་འདུག་མ་ཐག་ཏུ་རིན་པོ་ཆེའི་པདྨོའི་རྒྱལ་པོ་དེའི་འཁོར་རིན་པོ་ཆེའི་པདྨོ་ཇི་སྙེད་དེ་སྙེད་འབྱུང་བ། བྱང་ཆུབ་སེམས་དཔའི་་ས་བྱང་ཆུབ་སེམས་དཔའ་དེ་ཡོངས་སུ་བསྐོར་ཏེ། རིན་པོ་ཆེའི་པདྨ་དེ་ལ་འཁོད་དེ་བྱང་ཆུབ་སེམས་དཔའ་དེ་ཉིད་ལ་ལྟ་ཞིང་ཡང་ཏིང་ངེ་འཛིན་བརྒྱ་སྟོང་ཕྲག་བཅུ་བཅུ་ལ་སྙོམས་པར་འཇུག་གོ།།བྱང་ཆུབ་སེམས་དཔའ་དེ་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་མཉམ་པར་བཞག་མ་ཐག་ཏུ། འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པར་གཡོ་བར་འགྱུར་རོ། །ངན་སོང་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །ཆོས་ཀྱི་དབྱིངས་ཐམས་ཅད་སྣང་བས་རྒྱས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་

(༥༦༩)ཡོངས་སུ་དག་པར་འགྱུར་རོ། །ཞིང་ཐམས་ཅད་དུ་སངས་རྒྱས་ཀྱི་སྒྲ་སྒྲག་པར་འགྱུར་རོ། །སྐལ་པ་དང་སྤྱོད་པར་འདུན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་འདུལ་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ལྷ་དང་མིའི་རོལ་མོ་བརྡུང་བ་དང་། དཀྲོལ་བའི་སྒྲ་འབྱུང་བར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་བདེ་བ་ཡང་སྐྱེ་བར་འགྱུར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་བསམ་གྱིས་མི་ཁྱབ་པའི་མཆོད་པ་དང་། རིམ་གྲོ་ཡང་རབ་ཏུ་འབྱུང་བར་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་ཡང་རྣམ་པར་དམིགས་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ས་བཅུ་པ་ནོན་མ་ཐག་ཏུ་ཡོན་ཏན་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་སྐད་ཅིག་ཉིད་ལ་རྫོགས་པར་འགྱུར་བ་སྟེ། དེའི་ཕྱིར་ན། འདི་ལྟར་དུ་འབྱུང་བ་ཡིན། བྱང་ཆུབ་སེམས་དཔའ་དེ་རིན་པོ་ཆེ་པདྨའི་རྒྱལ་པོ་དེ་ལ་འདུག་མ་ཐག་ཏུ་རྐང་པའི་མཐིལ་གཉིས་ཀྱི་འོག་ནས་འོད་ཟེར་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུ་འབྱུང་ངོ། །བྱུང་ནས་ཀྱང་ཕྱོགས་བཅུར་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་ཡན་ཆད་སྣང་བར་བྱས་ཏེ། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ། །དཔུས་མོའི་ལྷ་ང་གཉིས་ལས་འོད་ཟེར་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུ་འབྱུང་སྟེ། བྱུང་ནས་ཀྱང་ཕྱོགས་བཅུར་བྱོལ་སོང་གི་སྐྱེ་གནས་ཐམས་ཅད་སྣང་བར་བྱས་ནས། སྡུག་བསྔལ་རྣམས་ཀྱང་རབ་ཏུ་ཞི་བར་བྱེད་དོ། །ལྟེ་བའི་དཀྱིལ་ནས་འོད་ཟེར་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུ་འབྱུང་སྟེ། བྱུང་ནས་ཀྱང་ཕྱོགས་བཅུར་གཤིན་རྗེའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ནས། སྡུག་བསྔལ་རྣམས་ཀྱང་རབ་ཏུ་ཞི་བར་བྱེད་དོ། །གཡས་གཡོན་གྱི་རྩིབས་ལོགས་གཉིས་ནས་འོད་ཟེར་བརྒྱ་སྟོང་གྲངས་མེད་ཕྲག་བཅུ་འབྱུང་

(༥༧༠)སྟེ། བྱུང་ནས་ཀྱང་ཕྱོགས་བཅུར་མིའི་གནས་ཐམས་ཅད་སྣང་བར་བྱས་ཏེ། སྡུག་བསྔལ་རྣམས་ཀྱང་རབ་ཏུ་ཞི་བར་བྱེད་དོ། །ལག་པའི་མཐིལ་གཉིས་ནས་འོད་ཟེར་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུ་འབྱུང་སྟེ། བྱུང་ནས་ཀྱང་ཕྱོགས་བཅུར་ལྷ་དང་ལྷ་མ་ཡིན་གྱི་གནས་རྣམས་ཀྱང་སྣང་བར་བྱས་ནས། སྡུག་བསྔལ་རྣམས་ཀྱང་ཞི་བར་བྱེད་དོ། །ཕྲག་པ་གཉིས་ནས་འོད་ཟེར་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུ་བྱུང་སྟེ། བྱུང་ནས་ཀྱང་ཕྱོགས་བཅུར་ཉན་ཐོས་ཀྱི་ཐེག་པ་རྣམས་ཀྱི་གནས་སྣང་བར་བྱས་ནས། ཆོས་སྣང་བའི་སྒོ་ཡང་ཉེ་བར་སྒྲུབ་བོ། །རྒྱབ་དང་མགུལ་ནས་འོད་ཟེར་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུ་བྱུང་སྟེ། བྱུང་ནས་ཀྱང་སངས་རྒྱས་ཀྱི་གནས་ཐམས་ཅད་སྣང་བར་བྱས་ནས། ཞི་བའི་ཏིང་ངེ་འཛིན་གྱི་ཚུལ་གྱི་སྒོ་ལ་ཉེ་བར་སྒྲུབ་བོ།ཁའི་སྒོ་ནས་འོད་ཟེར་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུ་འབྱུང་སྟེ། བྱུང་ནས་ཀྱང་ཕྱོགས་བཅུར་བྱང་སེམས་དང་པོ་སྐྱེས་པ་ནས་གཟུང་བ་ཡན་ཆད་ས་དགུ་པ་ཐོབ་པའི་བར་དག་སྣང་བར་བྱས་ནས། ཤེས་རབ་དང་ཐབས་ཀྱི་ཚུལ་གྱི་སྒོ་ཡང་ཉེ་བར་སྒྲུབ་བོ།སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུ་བྱུང་སྟེ། བྱུང་ནས་ཀྱང་ཕྱོགས་བཅུར་བདུད་ཀྱི་གནས་ཐམས་ཅད་ཟིལ་གྱིས་མནན་ཏེ། དབང་བསྐུར་བའི་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་སྣང་བར་བྱས་ནས། དེ་དག་གི་གནས་སུ་ནུབ་པར་གྱུར་ཏོ། །ཡན་ལག་དམ་པའི་སྤྱི་གཙུག་ནས་འོད་ཟེར་སྟོང་གསུམ་བརྒྱ་སྟོང་གྲངས་མེད་པ་བཅུ་ཚང་བའི་རྡུལ་ཕྲ་བ་སྙེད་འབྱུང་སྟེ། ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང་གི་དཀྱིལ་འཁོར་སྣང་བར་བྱས་ཏེ། འཇིག་རྟེན་གྱི་ཁམས་ལན་བཅུར་བསྐོར་ནས།

(༥༧༡)འོད་ཟེར་གྱི་ཚུལ་དེ་དག་མཆོད་པའི་ཚགས་སུ་གྱུར་ཏེ། སངས་རྒྱས་རྣམས་ལ་མཆོད་པ་མཛད་དོ། །སེམས་དང་པོ་བསྐྱེད་པ་ནས་ས་དགུ་པ་ཐོབ་པའི་བར་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད་པའི་ཚོགས་ཀྱིས་ནི་ས་བཅུའི་མཆོད་པའི་སྤྲིན་གྱིས་བྱེ་བ་ཁྲག་ཁྲིག་གི་ཁྱད་དུ་ཡང་མི་ཕོད་དོ། །དུས་གསུམ་མཆོད་པའི་སྤྲིན་ཚོགས་རྒྱུན་ཆད་མེད་པར་སྟེང་འོག་ཕྱོགས་འཚམས་ཐམས་ཅད་ན་ལྷུན་གྱིས་གྲུབ་པར་འགྱུར་རོ། །སངས་རྒྱས་རྣམས་ཀྱི་ཞབས་ཀྱི་མཐིལ་གྱི་འོག་ཏུ་ནུབ་པར་འགྱུར་ཏེ། དེ་ནས་སངས་རྒྱས་དེ་དག་དང་། བྱང་སེམས་དེ་དག་གིས། འཇིག་རྟེན་གྱི་འཇམ་ཀླས་པ་མིང་འདི་དང་འདི་ཞེས་བྱ་བ་ཅིག་ཏུ་དེ་ལྟ་བུའི་སྤྱོད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དབང་བསྐུར་བའི་དུས་ལ་བབ་པར་ཐུགས་སུ་ཆུད་དོ། །དེའི་ཕྱིར་ན། ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའི་ས་དགུ་ལ་གནས་པའི་བར་གྱི་བྱང་སེམས་མཐའ་ཡས་པ་འོངས་ཏེ། བྱང་སེམས་དེ་ལ་ཀུན་ནས་བསྐོར་ནས་མཆོད་པ་ཆེན་པོ་བྱ་སྟེ། བྱང་སེམས་དེ་ཉིད་ལ་ཏིང་ངེ་འཛིན་སྟོང་བཅུ་ལ་སོ་སོ་ནས་མཉམ་པར་བཞག་གོ།།བྱང་ཆུབ་སེམས་དཔའ་དབང་བསྐུར་བའི་ས་ཐོབ་པ་རྣམས་ཀྱིས་དཔལ་གྱི་བེའུ་དང་། རྡོ་རྗེ་དང་། བཀྲ་ཤིས་ལས་བདུད་ཀྱི་དགྲ་ལས་རྣམ་པར་རྒྱལ་བ། ཞེས་བྱ་བའོ། །འོད་ཟེར་ཆེན་པོ་གཅིག་འོད་ཟེར་བརྒྱ་སྟོང་གྲངས་མེད་པ་བཅུ་དང་ལྡན་པ་འབྱུང་སྟེ། བྱུང་ནས་ཀྱང་ཕྱོགས་བཅུ་སྣང་བར་བྱས་ནས་ཆོ་འཕྲུལ་མུ་མེད་པ་ཡང་དག་པར་བསྟན་ཏེ།བྱང་སེམས་དེའི་དཔལ་བེའུ་དང་། རྡོ་རྗེ་དང་། བཀྲ་ཤིས་སུ་ནུབ་པར་འགྱུར་རོ། །འོད་ཟེར་དེ་དག་དེར་ནུབ་མ་ཐག་ཏུ་བྱང་སེམས་དེའི་སྟོབས་དང་། མཐུ་ཡང་བརྒྱ་ཕྲག་སྟོང་འགྱུར་བས་ཀྱང་ལྷག་པར་

(༥༧༢)མངོན་པར་འཕེལ་བར་སྣང་ངོ། །དེ་ནས་སངས་རྒྱས་དེ་དག་གི་སྨིན་མཚམས་ཀྱི་མཛོད་སྤུ་ནས་སངས་རྒྱས་ཀྱི་མངོན་པར་ཤེས་པ་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་གྱི་འཁོར་ལོ་གྲངས་མེད་པ་དང་ལྡན་པ་འབྱུང་སྟེ། དེ་དག་གིས་ཕྱོགས་བཅུ་འཇིག་རྟེན་མ་ལུས་སྣང་བར་བྱས་ནས། འཇིག་རྟེན་ལན་བཅུར་བསྐོར་ཏེ། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་བསྟན་ཏེ། བྱང་སེམས་བྱེ་བ་ཁྲག་ཁྲིག་མང་པོ་ཡང་དག་པར་བསྐུལ་ནས། སངས་རྒྱས་ཀྱི་ཞིང་འཇམ་ཀླས་པ་ཐམས་ཅད་རྣམ་པ་དྲུག་ཏུ་བསྐྱོད་དོ། །ངན་སོང་ཐམས་ཅད་ཀྱི་ལམ་གྱི་རྒྱུད་དང་། སྐྱེ་བ་དང་འཆི་འཕོ་མེད་པར་བྱས་ནས། བདུད་ཀྱི་གནས་ཐམས་ཅད་ཟིལ་གྱིས་མནན་ཏེ། སངས་རྒྱས་ཐམས་ཅད་མངོན་པར་སངས་རྒྱས་པའི་གདན་ཡང་དག་པར་བསྟན་ནས་སངས་རྒྱས་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་ས་བརྒྱན་པའི་མཐུ་རབ་ཏུ་བསྟན་ཏེ།འཇིག་རྟེན་གྱི་ཁམས་ཆོས་ཀྱིས་ཀླས་པ་ནམ་མཁའི་མཐས་གཏུགས་པ་ཐམས་ཅད་སྣང་བར་བྱས་ནས་ཕྱིར་ལོག་སྟེ། བྱང་སེམས་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཀྱི་སྟེ་ནས་བསྐོར་བར་བྱས་ཏེ། རྒྱན་ཆེན་པོ་བསྟན་ནས། འོད་ཟེར་དེ་དག་བྱང་སེམས་དེའི་ཡན་ལག་གི་དམ་པར་ནུབ་བོ། །དེའི་འཁོར་གྱི་འོད་ཟེར་རྣམས་ཀྱང་། དེ་ལྟར་འཚོགས་པའི་བྱང་སེམས་རྣམས་ཀྱི་མགོར་ནུབ་པར་འགྱུར་རོ། །འོད་ཟེར་དེ་དག་གིས་ཕོག་མ་ཐག་ཏུ། བྱང་སེམས་དེ་དག་གིས་སྔན་ཆད་མ་ཐོབ་པའི་ཏིང་ངེ་འཛིན་སྟོང་ཕྲག་བཅུ་བཅུ་རབ་ཏུ་འཕྲོས་ཤིང་ཐོབ་བོ། །འོད་ཟེར་དེ་དག་གིས་ཕོག་མ་ཐག་ཏུ་བྱང་སེམས་དེའི་ཡན་ལག་དམ་པ་ལ་འཆར་བར་འགྱུར་ཏེ། བྱང་སེམས་དེ་ཡང་སངས་རྒྱས་ཀྱི་སྤྱོད་ཡུལ་ལས་མངོན་པར་དབང་བསྐུར་བ་ཞེས་བྱའོ། །སྟོབས་བཅུ་ཡོངས་སུ་རྫོགས་ནས་ནི་སངས་རྒྱས་སུ་བགྲངས་མང་ཐོབ་པར་འགྱུར་རོ། །དེ་བཞིན་དུ་རྒྱལ་བའི་སྲས་ས་བཅུ་

(༥༧༣)ནོན་པ་ལ་སངས་རྒྱས་རྣམས་ཀྱིས་དབང་བསྐུར་བས། སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་རྣམས་དེ་མ་ཐག་ཏུ་རྫོགས་ཤིང་། ཁམས་གསུམ་པ་ལ་སོགས་པ་རྣམས་སུ་རྩོལ་བ་དང་སྒྲུབ་པ་མེད་པར་འགྲོ་དོན་རྒྱ་ཆེན་པོ་སྒྲུབ་པར་ནུས་པ་དང་། ཉན་རང་གི་ཚོགས་དང་། བྱང་སེམས་ཀྱི་ཚོགས་དང་། །སངས་རྒྱས་ཀྱི་ཚོགས་གྲངས་མེད་ཅིང་བསམ་གྱིས་མི་ཁྱབ་པར་སྤྲུལ་ཞིང་ཆོས་ཀྱི་འཁོར་ལོར་བསྐོར་བ་དང་། རྫུ་འཕྲུལ་དང་ཆོ་འཕྲུལ་ཐོགས་པ་མེད་པར་སྟོན་ནུས་པའོ། །ས་བཅུ་ནོན་པ་རྒྱལ་བའི་སྲས་ཀྱིས་དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། ལས་དང་ཉོན་མོངས་ཞི་བའི་བྱིན་རླབས་དང་། དུས་དང་སྨོན་ལམ་དང་། ཆོས་སྤྲིན་དང་། སྤྱོད་པ་ལ་སོགས་པ་བསྐལ་པའི་མཐའི་བར་དུ་བྱིན་རླབས་རྒྱུན་ཆད་མེད་པར་འབྱུང་བའོ། །སངས་རྒྱས་རྣམས་ཀྱིས་ཕྲ་ཞིང་ཕྲ་བའི་ཡེ་ཤེས་གྲངས་མཐའ་ཡས་པ་ལ་འཇུག་པ་སྟེ། སྐྱེ་བ་དང་འཕོ་བ་འཕྲ་བའི་ཡེ་ཤེས་དང་། སྐུ་ཚེ་ཕྲ་བ། མངོན་པར་འབྱུང་བ་དང་། མངོན་ཤེས་སྤྱོད་པ་རྣམ་པར་འཕྲུལ་པ་ཕྲ་བ་ལ་འཇུག་པའི་ཡེ་ཤེས་རྣམ་པར་འཕྲུལ་པ་ལ་སོགས་པའི་ཡེ་ཤེས་མངོན་དུ་འཆར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཕྲ་བ་ལ་འཇུག་པའི་ཡེ་ཤེས་གྲངས་ཅན་གྲངས་མེད་མངོན་སུམ་དུ་མཁྱེན་ཞིང་སྒྲིབ་པ་མེད་དོ། །ས་བཅུ་པའི་རྒྱལ་བའི་སྲས་ནི། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་དང་དུས་དང་དུས་མ་ཡིན་པར་ཐུགས་སུ་ཆུད་པའི་གསང་བ། ལུང་བསྟན་པའི་གསང་བ། སེམས་ཅན་བསྡུ་བ་དང་ཚར་བཅད་པའི་གསང་བ། ཐེག་པ་སྣ་ཚོགས་ཀྱི་སྒྲ་དོན་རྟོགས་པའི་གསང་བ། སེམས་ཅན་རྣམས་ཀྱི་དབང་པོ་སྤྱོད་པ།

(༥༧༤)ལས་དང་བྱ་བ་སྣ་ཚོགས་འཇུག་པའི་གསང་བ། ལེགས་པར་སྤྱོད་པ་མཐར་ཕྱིན་ནས་སངས་རྒྱས་པའི་རང་བཞིན་ཐུགས་སུ་ཆུད་པས་གསང་བ་དེ་དག་ཅི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ས་བཅུ་པའི་རྒྱལ་སྲས་ནི་རྫུ་འཕྲུལ་ཆེན་པོ་ཐོབ་པ་སྟེ། བསྐལ་པ་གྲངས་མེད་པ་ལ་བསྐལ་པ་གཅིག་ཏུ་འཇུག་པ་དང་། བསྐལ་པ་གྲངས་མེད་པ་དགུ་སྐད་ཅིག་ཙམ་དུ་འཇུག་པ་དང་། སྐད་ཅིག་ལ་གྲངས་མེད་པར་བྱིན་གྱིས་བརླབ་པ་དང་། སངས་རྒྱས་བཞུགས་པའི་བསྐལ་པ་ལ་སངས་རྒྱས་མི་བཞུགས་པར་འཇུག་པ་དང་། སངས་རྒྱས་མེད་པའི་བསྐལ་པ་ལ་སངས་རྒྱས་སྤྱོད་པར་འཇུག་པ་དང་། དུས་གསུམ་དུས་གཅིག་ཏུ་བྱིན་གྱིས་བརླབས་པ་ནི། དུས་གསུམ་ལ་ད་ལྟར་བ་ལ་དུས་གསུམ་བྱིན་གྱིས་རློབ་ཅིང་དུས་གསུམ་གྱི་བྱེ་བྲག་ཀྱང་གྲངས་མཐའ་ཡས་པར་བྱིན་གྱིས་བརླབས་ཤིང་འཇུག་པའོ། །དུས་རིང་པོ་ལ་ཐུང་བཞིར་བྱིན་གྱིས་བརླབས་པ་དང་། །དུས་ཐུང་བ་ལ་རིང་བར་བྱིན་གྱིས་བརླབས་ཤིང་འཇུག་པ་དང་། དེ་དག་ལ་སོགས་པ་མཁྱེན་པའི་ཡེ་ཤེས་དང་། ཆོ་འཕྲུལ་སྣ་ཚོགས་འབྱུང་བའི་ཡེ་ཤེས་བར་འགྱུར་རོ། །སངས་རྒྱས་རྣམས་ཀྱིས་ཐུགས་སུ་ཆུད་པའི་ཡེ་ཤེས་ས་བཅུ་མགོན་པོ་ཡིས།ཅི་སྙེད་ཙམ་ལ་དབང་བསྒྱུར་ཏེ། སྐྲའི་རྩེ་མོ་ལ་འཇུག་པའི་ཡེ་ཤེས་སམ། རྡུལ་ཤིན་ཏུ་ཕྲ་བ་ལ་འཇུག་པའི་ཡེ་ཤེས་སམ། ཞིང་མང་པོ་མངོན་པར་འཚངས་རྒྱ་བ་ལ་འཇུག་པའི་ཡེ་ཤེས་སམ། སེམས་ཅན་གྱི་ལུས་དང་། སེམས་མངོན་པར་འཚང་རྒྱ་བ་ལ་འཇུག་པའི་ཡེ་ཤེས་སམ། རྟེན་འབྲེལ་གཞིའི་སྤྱོད་པ་ལ། འཇུག་པའི་ཡང་དག་པར་བསྟན་པའི་ཡེ་ཤེས་སམ། ལུགས་དང་མཐུན་པའི་སྤྱོད་པ་ཡང་དག་པར་བསྟན་པ་ལ་འཇུག་པའི་ཡེ་ཤེས་སམ། ལུགས་དང་མི་མཐུན་པའི་སྤྱོད་པ་ཡང་དག་པར་བསྟན་པ་ལ་འཇུག་པའི་ཡེ་ཤེས་

(༥༧༥)སམ། འཇིག་རྟེན་བསམ་དུ་རུང་བ་དང་། བསམ་དུ་མི་རུང་བ་དང་། རྣམ་པར་ཤེས་པར་རུང་བ་དང་། རྣམ་པར་ཤེས་པར་མི་རུང་བའི་སྤྱོད་པ་ཡང་དག་པར་བསྟན་པ་ལ་འཇུག་པའི། ཡེ་ཤེས་སམ། ཉན་ཐོས་ཀྱི་ཤེས་པར་བྱ་བ་དང་། རང་སངས་རྒྱས་ཀྱི་ཤེས་པར་བྱ་བ་དང་། བྱང་སེམས་ཀྱི་ཤེས་པར་བྱ་བ་དང་། སངས་རྒྱས་ཀྱིས་མཁྱེན་པར་བྱ་བ་དང་། སྤྱོད་པ་ཡང་དག་པར་འཇུག་པའི་ཡེ་ཤེས་དེ་དག་ཐམས་ཅད་ཀྱང་ཡང་དག་པར་ལྟ་བ་དེ་བཞིན་དུ་དེས་རབ་ཏུ་ཤེས་སོ། །དེའི་ཕྱིར་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡེ་ཤེས་ཤིན་དུ་ཡངས་པ་ཚད་མེད་པས། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་རབ་ཏུ་ཐོབ་བོ། །སྒྲིབ་པ་མེད་པ་ཞེས་བྱ་བ་དང་། རྣམ་པར་དག་པ་རབ་ཏུ་འབྱེད་པ་ཞེས་བྱ་བ་སྒོ་ཀུན་ཏུ་སྣང་བ་དང་། སངས་རྒྱས་ཀྱི་མཛོད་ཅེས་པ་དང་། འཁོར་ལོ་ཐོགས་མེད་པ་དང་ལྡན་པ་དང་། དུས་གསུམ་གྱི་རྗེས་སུ་སོང་བ་དང་། ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་བྱ་བའོ། །རྣམ་པར་ཐར་པའི་དཀྱིལ་འཁོར་སྣང་བར་བྱ་བ་དང་། ཡུལ་མ་ལུས་པ་དང་། བྱང་སེམས་རྣམ་པར་ཐར་པ་རབ་ཏུ་ཐོབ་བོ། །དེའི་ཕྱིར་ན། བྱང་སེམས་རྣམ་པར་ཐར་པ་བཅུ་པོ་དེ་དག་ལ་སོགས་པ། རྣམ་པར་ཐར་པའི་སྒོ་བརྒྱ་སྟོང་ཉིད་གྲངས་མེད་པ། བྱང་སེམས་ས་བཅུ་པོ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་རབ་ཏུ་ཐོབ་སྟེ། དེ་བཞིན་དུ་ཏིང་ངེ་འཛིན་བརྒྱ་སྟོང་དང་། གཟུངས་དང་མངོན་ཤེས་ཚད་མེད་པར་རྫོགས་པར། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་གྲངས་མེད་པས་སྐད་ཅིག་ཙམ་ལ་བྱིན་གྱིས་བརླབས་པས་ཐེག་པ་ཆེན་པོའི་ཆོས་ཀྱི་ཕུང་པོ་

(༥༧༦)ཐམས་ཅད་ཀྱང་ཆོས་ཀྱི་སྤྲིན་ཆེན་པོ་འཛིན་ཞིང་། ཆོས་ཀྱི་ཆར་རྒྱུན་ཕྱོགས་མེད་དུ་འབེབས་སོ། །ས་བཅུ་པའི་རྒྱལ་བའི་སྲས་ནི་སངས་རྒྱས་ཀྱི་གསང་བ་ལ་འཇུག་སྟེ། ཆོས་ཐམས་ཅད་ཀྱི་སྣང་བ་ཆེན་པོ་དང་། ཆོས་ཀྱི་སྤྲིན་ཆེན་པོ་བསམ་གྱིས་མི་ཁྱབ་པ་འཁྲིགས་པ་ནི་སེམས་ཅན་དང་། ཉན་རང་། ས་དང་པོ་ནས་གཟུང་སྟེ། ས་དགུ་པའི་བར་ལ་གནས་པའི་སྐྱེས་བུ་རྣམས་ཀྱིས་ཤེས་ཤིང་བཟོད་པར་དཀའ་བོ། །ས་བཅུ་ལ་གནས་པ་ཡིས་སྐད་ཅིག་ཙམ་ལ་ཆོས་ཀྱི་སྣང་བ་ཆེན་པོ་དང་། ཆོས་ཀྱི་འོད། ཆོས་ཀྱི་སྤྲིན། ཆོས་ཀྱི་འབྲུག་སྒྲ།ཆོས་ཀྱི་ཆར་རྒྱུན་ལ་སོགས་པ། རྫུ་འཕྲུལ་སྣ་ཚོགས་བསྟན་ནུས་པའོ། །དཔེར་ན། སངས་རྒྱས་རྡོ་རྗེ་པདྨོའི་བླ་མ་ཞེས་བྱ་བ་ཡོད་དེ། དེའི་བློ་རྣམ་པར་རྒྱལ་བ་ཞེས་བྱ་བ་ཡིས་ཆོས་ཐམས་ཅད་ལ་ཐོས་ཤིང་དབང་ཐོབ་པར་འགྱུར་ཏེ། སེམས་ཅན་ཐམས་ཅད་ལ་བསྐལ་པ་གྲངས་མེད་པར་རྫུ་འཕྲུལ་སྣ་ཚོགས་ཀྱིས་ཆོས་བསྟན་ཀྱང་། ས་བཅུ་ཆོས་ཀྱི་སྤྲིན་ལ་གནས་པ་ཡིན། སྐད་ཅིག་ཏུ་ཆོས་བསྟན་པའི་ཆ་ཕྲའུ་ཙམ་ཡང་བསྒྲང་བར་མི་འགྱུར་རོ། །དེའི་ཕྱིར་ན། ས་བཅུ་པའི་རྒྱལ་སྲས་ཀྱིས། གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་ལས་ཇི་སྙེད་པ་ཙམ་མཁྱེན་པར་འགྱུར་རོ། །རང་གི་སྨོན་ལམ་གྱི་སྟོབས་ཀྱིས། སྙིང་རྗེ་ཆེན་པོའི་སྤྲིན་ལས་ཆོས་ཀྱི་འབྲུག་སྒྲ་སྒྲོག་པ་དང་། མི་འཇིགས་པའི་གློག་འགྱུ་བ་དང་། ཆོས་ཀྱི་འོད་ཟེར་འགྱེད་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་སྤྲིན་འཁྲིགས་པ་ལས། ཐེག་པ་སྣ་ཚོགས་པའི་ཆོས་ཀྱི་ཆར་རྒྱུན་གྱིས། འགྲོ་བ་དྲུག་དང་། ས་དགུ་ཡན་ཆོད་ཚིམ་པར་མཛད་པ་དང་། ས་བཅུ་ཆོས་ཀྱི་སྤྲིན་ལ་གནས་

(༥༧༧)པ་ཡིས། ཕྱོགས་བཅུའི་ཞིང་ཁམས་དགའ་ལྡན་དུ་བྱིན་གྱིས་བརླབས་ནས་གྲངས་མེད་པར་དགའ་ལྡན་ནས་འཕོ་བ་དང་། ཡུལ་གྱི་སྐུར་བཞུད་པ་དང་། བལྟམས་པའི་ཚེ་དང་། མངོན་པར་འབྱུང་བ་དང་། སངས་རྒྱས་པ་དང་། གསོལ་བ་བཏབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་འདས་པའི་བར་དུ་སེམས་ཅན་གྱི་བསམ་པ་ཚིམ་པར་བྱེད་པ་དང་། འདུལ་བའི་ཐབས་སྣ་ཚོགས་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཀྱིས། ཆོ་འཕྲུལ་ཆེན་པོ་སྟོན་ཏོ། །འཇིག་རྟེན་གྱི་ཁམས་ཡངས་པ་དོག་པར་བྱིན་གྱིས་བརློབ་བོ། །དོག་པ་ཡངས་པར་བྱིན་གྱིས་བརློབ་རྣམ་པར་དག་པ་ཉོན་མོངས་པར་བྱིན་གྱིས་བརློབ། འཇིག་རྟེན་གྱི་ཁམས་རྟེན་འབྲེལ་གཞི་དང་། སྤྱིའུ་ཚུགས་དང་། བཞིན་མཉམ་པ་ལ་སོགས་པའི་འཇིག་རྟེན་གྱི་ཁམས་གྲངས་མེད་པར་སྤྲུལ་ཞིང་སེམས་ཅན་རྣམས་ཇི་ལྟར་འདོད་པ་བཞིན་དུ་བྱིན་གྱིས་བརླབ་བོ། །འཇིག་རྟེན་གྱི་ཁམས་གྲངས་མེད་པ་རྣམས་འཇིག་རྟེན་གྱི་ཁམས་གཅིག་ཏུ་བསྡུད་ཅིང་བྱིན་གྱིས་བརླབས་ཀྱང་། སེམས་ཅན་རྣམས་ལ་གནས་པར་མི་འགྱུར་རོ། །ཡུལ་ཁམས་གཅིག་ལས་འཇིག་རྟེན་གྱི་ཁམས་གྲངས་མེད་པར་སྤྲུལ་ཡང་།སེམས་ཅན་རྣམས་ལ་མི་གནོད་ཅིང་། མི་ཤེས་སོ། །སྐྲའི་རྩེ་མོ་གཅིག་ལ་སངས་རྒྱས་ཀྱི་ཞིང་ཁམས་གྲངས་མེད་པ་སྤྲུལ་ཞིང་སྟོན་ནུས་སོ། །ས་བཅུ་ལ་གནས་པའི་རྒྱལ་སྲས་ཀྱིས་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་དག་ན།རྡུལ་ཕྲ་བ་ཇི་སྙེད་ཡོད་པའི་གྲངས་དང་མཉམ་པར་སྤྲུལ་པའི་སྐུ་དེ་དང་མཉམ་པར་འགྱེད་དོ། །ལུས་རེ་རེ་ལ་ཡང་དེ་སྙེད་ཀྱི་ལག་པ་སྟོན་ཏེ།ཕྱོགས་བཅུ་དུས་

(༥༧༨)གསུམ་གྱི་གྲངས་མེད་པ་རྣམས་མཆོད་དེ། ཀུན་ཏུ་བཟང་པོའི་སྤྲིན་ཕུང་ལྟར་གྲུབ་པ། བྱེ་བྲག་གྲངས་མཐའ་ཡས་པས་རྒྱུན་ཆད་མེད་པར་མཆོད་ནུས་སོ། །སྤྲུལ་པའི་ལུས་རེ་རེ་ལ་ཡང་། མགོ་དང་། ལྕེ་དང་། སྐད་ལ་སོགས་པ་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས། སངས་རྒྱས་རྣམས་ལ་མཆོད་ཅིང་བསྟོད་པ་དང་། སེམས་ཅན་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་ནུས་སོ། །བྱང་ཆུབ་སེམས་དཔའི་ལུས་ཀྱི་དཀྱིལ་འཁོར་གཅིག་ལ་དུས་གསུམ་གྱི་བཀོད་པ་མ་ལུས་པ་ཚང་བ་ནུས་ཏེ། །རང་གི་ལུས་ལ་སངས་རྒྱས་དང་། རྒྱལ་བ་མ་ལུས་པ་བཞུགས་པར་བྱིན་གྱིས་བརློབ་ཅིང་། སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཐམས་ཅད་འཇིག་ཆགས་སྟོངས་གནས་ལ་སོགས་པ་རང་གི་ལུས་ལ་གནས་ཤིང་སྟོན་པར་ནུས་སོ། །རླུང་གི་དཀྱིལ་འཁོར་ཐམས་ཅད་ཀྱང་བ་སྤུའི་བུ་ག་ནས་གཏོང་སྟེ། སེམས་ཅན་རྣམས་ལ་གནོད་པར་མི་ནུས་སོ། །ཆུའི་ཕུང་པོ་རྒྱ་མཚོ་ལ་སོགས་ཏེ་འབྱུང་བའི་ཚོགས་ཐམས་ཅད་ཀྱང་རང་གི་ལུས་ངག་ཡིད་གསུམ་ལས་བྱུང་ཞིང་ཐོབ་པར་སྟོན་ཏོ། །ཕྱོགས་རང་གི་ལུས་ལས་སངས་རྒྱས་ཀྱི་ཞིང་ཁམས་དང་། སྐུ་དང་། ཉན་རང་གི་ཚོགས་དང་། བྱང་སེམས་ཀྱི་ཚོགས་དང་། ཆོས་ཀྱི་སྒྲ་སྐད་བསམ་གྱིས་མི་ཁྱབ་པ་དང་། སྤྲུལ་པའི་སྐུ་རྣམས་མཉམ་པ་དང་། སངས་རྒྱས་པ་དང་། བདུད་གཏུལ་བ་དང་། མྱ་ངན་ལས་འདས་པ་ལ་སོགས་པ་ཆོ་འཕྲུལ་སྣ་ཚོགས་བྱང་སེམས་ཀྱི་ལུས་ངག་ཡིད་གསུམ་སྟོན་ཞིང་།དངོས་སུ་བསྟན་ཏོ། །དེའི་ཚེ་དེའི་དུས་ན་ཚངས་པ་དང་བརྒྱ་བྱིན་འཇིག་རྟེན་སྐྱོང་བ། འཇིག་རྟེན་གསུམ་གྱི་མགོན་པོ། སྲིད་པ་གསུམ་གྱི་མཐུ་སྟོབས་དང་ལྡན་པ་རྣམས་ཐེ་ཚོམ་ཟོས་ཏེ། བྱང་སེམས་རྣམས་ལ་སྟོབས་འདི་ཙམ་

(༥༧༩)ཡོད། སངས་རྒྱས་རྣམས་ལ་རྫུ་འཕྲུལ་དང་ཆོ་འཕྲུལ་ཅི་ཡོད་སྙམ་ཞིང་། སེམས་ཡམ་ཡོམ་དུ་གྱུར་ཏོ། །དེའི་ཚེ་དེའི་དུས་ན་ཐུབ་པ་ཆེན་པོ་རྣམ་པར་སྣང་མཛད། དེའི་རྣམ་འཕྲུལ་ཀུན་ཏུ་བཟང་པོ། དེ་ཡིས་བྱིན་གྱིས་བརླབས་པ་རྡོ་རྗེ་སྙིང་པོ་ཡིས། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཐེ་ཚོམ་བསལ་བའི་ཕྱིར། སྐད་ཅིག་ཉིད་ལ་ས་བཅུ་ཆོས་ཀྱི་སྤྲིན་གྱིས། ཏིང་ངེ་འཛིན་སངས་རྒྱས་ཀྱི་ཞིང་གི་ལྷུན་དང་། རང་བཞིན་རྣམ་པར་དག་པ་ཞེས་བྱ་བ་ལ་སྙོམས་པར་འཇུག་གོ།།དེའི་ཚེ་དེའི་དུས་ན། རྡོ་རྗེ་སྙིང་པོའི་ལུས་ཀྱི་ཕྱི་ནང་ཐམས་ཅད་ན་སངས་རྒྱས་ཀྱི་ཞིང་དང་། འཇིག་རྟེན་གྱི་ཁམས་གྲངས་མེད་པ་རང་བཞིན་གྱི་ལྷུན་གྱིས་གྲུབ་པར་སྤྲུལ་ཏེ། དེ་བྱང་ཆུབ་ཀྱི་ཤིང་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུར་ཁྱབ་པའི་ལྷུན་ཅན་སྟོང་གསུམ་ཁྲག་ཁྲིག་ཡོངས་སུ་ཚངས་པ་ཙམ་དུ་ཡངས་ཤིང་ཚད་མེད་པའི་ཡལ་ག་ཅན། རྩེ་མོ་ཤིན་ཏུ་མཐོ་བ་བྱུང་སྟེ། དེ་དང་རྐྱེན་དུ་འབབ་པར་དེའི་དྲུང་གི་སྙིང་པོ་བྱང་ཆུབ་ལ་སེང་གེའི་ཁྲི་རྒྱ་ཆེན་པོ་བྱུང་ནས། དེ་ལ་སངས་རྒྱས་ཀྱི་མངོན་པར་ཤེས་པའི་བློ་གྲོས་ཐམས་ཅད་ཀྱི་རྒྱལ་པོ་ཞེས་བྱ་བ། སྙིང་པོ་བྱང་ཆུབ་ཏུ་གཤེགས་ཏེ།བཞུགས་པར་མཐོང་ངོ་།།དེ་ལྟར་དེ་ན་རྒྱན་ཇི་སྙེད་སྣང་བ་དེ་དག་གི་བསྐལ་པ་ཁྲག་ཁྲིག་ཡོངས་སུ་ཚང་བས་ཀྱང་བརྗོད་པར་དཀའ་འོ། །ཆོ་འཕྲུལ་ཆེན་པོ་འདི་བསྟན་པས་བྱང་སེམས་འཁོར་དེ་དག་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་གྱི་མགོན་པོ་དང་། དབང་ཕྱུག་ཆེན་པོ་དང་། གནས་གཙང་མའི་རིགས་སུ་གཏོགས་པའི་འཁོར་དེ་དག་ཐམས་ཅད་སོ་སོའི་གནས་ཇི་བཞིན་དུ་

(༥༨༠)བཀོད་པ་དང་། དེ་ནས་འཁོར་དེ་དག་ཐམས་ཅད་ངོ་མཚར་རྨད་དུ་གྱུར་ནས་མི་སྨྲ་བར། བྱང་སེམས་རྡོ་རྗེ་སྙིང་པོས་དེ་ཉིད་ལ་སེམས་ཤིང་འཁོད་བར་གྱུར་ཏེ། དེ་ནས་བྱང་སེམས་རྣམ་པར་གྲོལ་བའི་ཟླ་བས། བྱང་སེམས་རྡོ་རྗེ་སྙིང་པོ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་བའི་སྲས། ཏིང་ངེ་འཛིན་འདིའི་མཐུ་རྣམ་པར་བཀོད་པ་དེའི་རྨད་དུ་བྱུང་བ་ངོ་མཚར་ཆེ་ན། རྒྱལ་བའི་སྲས། ཏིང་ངེ་འཛིན་དེའི་མིང་ཅི་ཞེས་བྱ་བ། བྱང་སེམས་རྡོ་རྗེ་སྙིང་པོས་ཏིང་ངེ་འཛིན་འདི་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་ལྷུན་དང་། རང་བཞིན་དག་པར་སྟོན་པ་ཞེས་བྱའོ། །བྱང་སེམས་རྣམ་པར་གྲོལ་བའི་ཟླ་བས། ཏིང་ངེ་འཛིན་འདི་སྤྱོད་ཡུལ་དང་། ཡུལ་དང་རྒྱན་ཇི་ལྟ་བུ་ཡིན། བྱང་སེམས་རྡོ་རྗེ་སྙིང་པོས། བྱང་སེམས་ཀྱི་ཏིང་ངེ་འཛིན་འདི་ལ་ཤིན་ཏུ་གོམས་པ་ནི་འདོད་ལ། སངས་རྒྱས་ཀྱི་ཞིང་འདི་འདྲ་བ་འཇིག་རྟེན་གྱི་ཁམས་ཆུ་ཀླུང་གང་འགའི་བྱེ་མ་སྙེད་དམ། དེ་བས་ཀྱང་མང་དུ་རུང་གིས་ལུས་གྲངས་མེད་པ་བསྟན་ཏོ། །ས་བཅུ་ཆོས་ཀྱི་སྤྲིན་ལ་གནས་པ་ཡིས་ཏིང་ངེ་འཛིན་འདྲ་བ་གྲངས་མེད་པ་ཐོབ་སྟེ། ས་དགུ་པ་རྒྱལ་ཚབ་ཏུ་དབང་བསྐུར་བ་ཡིས་ཀྱང་ཤེས་པར་དཀའ་འོ། །ས་བཅུ་མགོན་པོ་ཡིས་ལུས་ངག་ཡིད་གསུམ་གྱི་རྣམ་འཕྲུལ། ཡེ་ཤེས་དང་ཡེ་ཤེས་ཀྱི་བྱེ་བྲག་དང་། རྣམ་འཕྲུལ་གྱི་བྱིན་རླབས་དང་། ཕྲིན་ལས་ཀྱི་མཐུ་སྟོབས་ལ་སོགས་པ་རྣམས་ནི། རྒྱལ་ཚབ་དུ་དབང་བསྐུར་བའི་ས་དགུ་པ་མན་ཆོད་ཀྱི་ཤེས་པར་སླ་བ་མ་ཡིན་ནོ། །ས་བཅུ་ཆོས་ཀྱི་སྤྲིན་འདི་ནི་མདོར་བསྡུས་ཏེ་བསྟན་ཡང་ཚད་མེད་པ་སྟེ། རྒྱས་པར་ནི་བསྐལ་པ་གྲངས་མེད་པར་བསྟན་ཡང་མཐར་ཐུག་པར་མི་འགྱུར་རོ། །རྒྱལ་སྲས་

(༥༨༡)ས་བཅུའི་མགོན་པོ་ཡིས། སྤྱོད་པའི་ཡུལ་དང་བྱིན་རླབས་ཀྱང་ཚད་མེད་ན། སངས་རྒྱས་རྣམས་ཀྱི་སྤྱད་ཡུལ་དང་། ཡོན་ཏན་གྱི་ཚོགས་རྣམས་ཅི་འདྲ་བ་ཅིག་ཡོད། རྣམ་གྲོལ་ཟླ་བས་དེ་སྐད་ཞུས་པས། རྡོ་རྗེ་སྙིང་པོས་འདི་སྐད་སྨྲས་པ། དཔེར་ན་མི་འགའ་ཞིག་གིས་གླིང་བཞི་རི་རབ་དང་བཅས་པ་ནས་རྡེའུ་སྲན་མ་གསུམ་བླངས་ཏེ། འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དག་ན་སའི་ཁམས་ཇི་སྙེད་ཡོད་པ་དང་། རྡེའུས་ཁྱབ་པར་ཇི་ཙམ་ཡོད་སྙམ་དུ་བསམ་པ་བཞིན་དུ། སངས་རྒྱས་ཀྱི་ཡོན་ཏན་གྱི་ཚོགས་རྣམས་དང་། རྒྱལ་སྲས་ས་བཅུ་པའི་ཡོན་ཏན་གྱི་ཚོགས་རྣམས་དང་ཁྱད་པར་འདི་ཙམ་དུ་ཡོད་དོ། །དཔེར་ན། ས་བཅུ་པའི་ཡོན་ཏན་ནི། ཆུ་ཐིགས་པ་གཅིག་དང་འདྲ་བ་ཡིན་ན། སངས་རྒྱས་ཀྱི་ཡོན་ཏན་ཕྲིན་ལས་ཀྱི་ཚོགས་ནི་རྒྱ་མཚོ་མཐའ་ཡས་པའི་ཆུ་དང་འདྲ་བ་ཡིན། རྒྱ་མཚོ་བ་ལང་རྨིག་རྗེས་ཆུ་དང་མཚུངས། ཤེས་པ་ཡང་དོན་འདི་ལ་previous hit དགོངས next hit་ཡིན། དེའི་ཕྱིར་ན། བྱང་སེམས་ས་བཅུ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡེ་ཤེས་སྣང་བ་ཡང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་སེམས་དང་པོ་ཉེ་བར་གཟུང་བ་ཡན་ཆད། བྱང་ཆུབ་སེམས་དཔའི་ས་དགུ་པ་ལ་གནས་པའི་བར་གྱི་བྱང་སེམས་རྣམས་ཀྱིས་ཀྱང་མི་འཕྲོགས་པ་ཡིན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཆོས་ཉིད་ལ་ཡང་། སེམས་ཅན་རྣམས་རབ་ཏུ་བཞག་གོ། །བྱང་སེམས་ཡེ་ཤེས་དེ་ལྟ་བུ་དང་ལྡན་པ་ཡིན། སངས་རྒྱས་རྣམས་ཀྱིས་དུས་གསུམ་གྱི་ཡེ་ཤེས་ཡང་དག་པར་བསྟན་ནོ། །ཆོས་ཀྱི་དབྱིངས་རབ་ཏུ་ཕྱེ་བའི་ཡེ་ཤེས་དང་། འཇིག་རྟེན་གྱི་ཁམས་རྒྱས་པར་དགང་བ་དང་། འཇིག་རྟེན་

(༥༨༢)གྱི་ཁམས་ཐམས་ཅད་དུ་སྣང་བར་བྱིན་རླབས་པ་དང་། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་གི་ཆོས་ཡོངས་སུ་ཤེས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ལ་འཇུག་པའི་ཡེ་ཤེས་ནས་མདོར་བསྡུས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་བར་དུ་ཡང་དག་པར་བསྟན་ཏོ། །ཕ་རོལ་ཏུ་ཕྱིན་པ་བཅུ་ལས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་སྤྲིན་ཞེས་བྱ་བ་བྱང་སེམས་ས་བཅུ་པ་མདོར་བསྟན་པའོ། །རྒྱ་ཆེར་ནི་བསྐལ་པ་གྲངས་མེད་པ་ནས་བསྟན་པ་མཐར་ཐུག་པ་ཤེས་པར་བྱའོ། །དེ་ལ་གནས་པའི་བྱང་སེམས་ནི། ཕལ་ཆེར་ལྷའི་རྒྱལ་པོ་དབང་ཕྱུག་ཆེན་པོར་འགྱུར་རོ། །སེམས་ཅན་རྣམས་ལ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་སེམས་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ལ་མཁས་ཤིང་། མཐུ་ཡོད་པ་ཡིན། ཆོས་ཀྱི་དབྱིངས་རྣམ་པར་ཕྱེ་བས་ཡོངས་སུ་འདྲིས་པས་བསྟན་པས་མི་འཕྲོག་པ། སྦྱིན་པའམ། ངག་སྙན་པའམ། དོན་སྒྲུབ་པའམ། དོན་མཐུན་པ། དགེ་བའི་རྩ་བ་གང་ཅི་བརྩམ་ཡང་རུང་སྟེ། དེ་དག་ཐམས་ཅད་ཇི་ལྟར་ན་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་གཙོ་བོར་འགྱུར། ཐུ་བོར་འགྱུར། ཕུལ་དུ་འགྱུར། དམ་པར་འགྱུར། བླ་ན་མེད་པར་འགྱུར། འདྲེན་པར་འགྱུར། ཡོངས་སུ་འདྲེན་པར་འགྱུར་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བརྟེན་པའི་དབང་དུ་འགྱུར་སྙམ་སྟེ། སངས་རྒྱས་ཡིད་ལ་བྱ་བ་དང་། ཆོས་ཡིད་ལ་བྱ་བ་དང་། དགེ་འདུན་ཡིད་ལ་བྱ་བ་དང་། བྱང་སེམས་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིད་ལ་བྱ་བ་དང་། ཕ་རོལ་ཏུ་ཕྱིན་པ་ཡིད་

(༥༨༣)ལ་བྱ་བ་དང་། མི་འཇིགས་པ་ཡིད་ལ་བྱ་བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡིད་ལ་བྱ་བ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་བར་དུ་ཡིད་ལ་བྱ་བ་དང་མི་འབྲལ་བ་ཡིན་ཏེ། དེ་འདོད་ན་སྐད་ཅིག་ཡུད་ཙམ་ཐང་གཅིག་ཏུ་ཏིང་ངེ་འཛིན། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བརྒྱ་སྟོང་ཁྲག་ཁྲིག་བཅུའི་རྡུལ་ཤིན་དུ་ཕྲ་བ་སྙེད་རབ་ཏུ་ཐོབ་ཅིང་དེ་ལ་སྙོམས་པར་འཇུག་པ་དང་། སངས་རྒྱས་གྲངས་མེད་པ་མཐོང་བ་དང་། སངས་རྒྱས་གྲངས་མེད་པའི་ཞིང་དུ་རྫུ་འཕྲུལ་སྣ་ཚོགས་ཀྱིས་འགྲོ་བ་དང་། སེམས་ཅན་གྲངས་མེད་ལས་ཀྱང་གྲངས་མེད་པ་སྨིན་ཅིང་གྲོལ་བ་དང་། བསྐལ་པ་གྲངས་མེད་པ་ལས་ཀྱང་གྲངས་མེད་པར་སངས་རྒྱས་ཀྱི་ཞིང་དུ་འཇུག་པ་དང་། ཆོས་ཀྱི་སྒོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བཅུའི་རྡུལ་སྙེད་དབྱེ་བ་ལ་མཁས་ཤིང་། ཕྱོགས་བཅུར་ཆོས་ཀྱི་རྔ་སྒྲ་སྒྲོག་པ་དང་། ལུས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བཅུའི་རྡུལ་དུ་སྤྲུལ་བ་དང་། ལུས་རེ་རེ་ལ་ཡང་འཁོར་གྱི་རྡུལ་སྙེད་གྲངས་མཐའ་ཡས་པ་སྤོར་བའི་བརྩོན་འགྲུས་བརྩོམ་མོ། །སྨོན་ལམ་གྱི་སྟོབས་བསམ་གྱིས་མི་ཁྱབ་པས་ས་བཅུ་ཆོས་ཀྱི་སྤྲིན་ཡོན་ཏན་རྫོགས་པའི་དུས་སུ། སྟོན་པ་སངས་རྒྱས་སྐུ་གསུམ་སྤྲིན་ལྟར་དུ་གཏིབས་ཤིང་དབང་བསྐུར་བ་དང་། གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་སྤྲིན་ལྟར་དུ་གཏིབས་ཤིང་། ཆོས་ཀྱི་ཕུང་པོ་ཆར་ལྟར་དུ་འབབ་པ་དང་། བྱང་སེམས་ཀྱི་ཚོགས་སྤྲིན་ལྟར་དུ་གཏིབས་ཤིང་། རྫུ་འཕྲུལ་དང་ཆོ་འཕྲུལ་རླུང་ལྟར་དུ་འཚུབ་པའོ། །སངས་རྒྱས་ཀྱི་ཞིང་སྤྲིན་ལྟར་དུ་གཏིབས་ཤིང་། གཞལ་ཡས་ཁང་དང་

(༥༨༤)གདན་སེང་གེའི་ཁྲི། དབྱར་གྱི་མེ་ཏོག་པདྨ་ལེགས་པ་ལྟ་བུ། མཆོད་པ་སྣ་ཚོགས་ཀྱི་སྤྲིན་ཕུང་གཏིབས་པ། ཆོས་ཀྱི་དབྱིངས་དང་མཉམ་ཞིང་རྒྱུན་མི་འཆད་པའོ། །རིན་པོ་ཆེ་ལྷ་དང་མིའི་ལོངས་སྤྱོད་ཀྱིས་གཏིབས་ཤིང་ལྷུན་གྱིས་གྲུབ་པ་ལས། སེམས་ཅན་རྣམས་ཀྱིས་ཇི་ལྟར་འདོད་པ་བཞིན་དུ་སྦྱིན་པ་དང་། སྦྱིན་པ་ཆེན་པོ་རྫོགས་པར་བྱེད་དོ། །སྤྱན་ལྔ་ཆ་རེ་ཙམ་རྫོགས་པས། སངས་རྒྱས་ཀྱི་ཞིང་གྲངས་མེད་པ་མཐོང་བས་སྤྲིན་ལྟར་དུ་གཏིབས་པས་སྒྲིབ་པ་མེད་དོ། །ལྷའི་རྣ་བ་དང་ལྡན་པས་སངས་རྒྱས་ཀྱིས་ཆོས་གསུང་བ་ཉེ་རིང་མེད་པར་ཐོས་པས་ཆོས་སྤྲིན་ལྟར་དུ་གཏིབས་པའོ། །དེའི་ཚེ་དེའི་དུས་ན། ཆོས་ཀྱི་རྒྱལ་པོ་སངས་རྒྱས་ཀྱིས་ཡེ་ཤེས་བླ་ན་མེད་པའི་དབང་བསྐུར་ཞིང་། སེམས་ཅན་རྣམས་སངས་རྒྱས་ཀྱི་ཕྲིན་ལས་ཀྱིས་དབང་ཐོགས་པ་མེད་པར་བསྐུར་ནུས་པའི་ཕྱིར་ན། སངས་རྒྱས་ཤེས་བྱ་བའི་གྲངས་སུ་གཏོགས་ཤིང་ཉེ་བ་ཡིན་ཏེ། མཚན་ཉིད་དང་ལྡན་པ་ནི་མ་ལགས་སོ། །དེའི་ཚེ་དེའི་དུས་ན། ལྷ་རིས་སུམ་བཅུ་རྩ་བདུན་ལ་སོགས་པ། འཇིག་རྟེན་ཆེན་པོ་རྣམས་དང་། ཉན་རང་གི་ཚོགས་དང་། ས་དགུ་མན་ཆད་ཀྱི་རྒྱལ་སྲས་རྣམས་དང་། སངས་རྒྱས་ཀྱི་སྤྲུལ་པ་རྣམས་དང་། ས་བཅུའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྤྲིན་ལྟར་དུ་འཁྲིགས་ཤིང་། མཆོད་པ་དང་། བསྟོད་པ་དང་། ཕྱག་འཚལ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཆོས་སྒྲོ་ཞིང་གླེང་བ་ལ་སོགས་པ། སྤྲིན་ལྟར་དུ་འཁྲིགས་པ་ལ་སོགས་པ་སྟེ། ས་བཅུ་ཆོས་ཀྱི་སྤྲིན་བྱ་བར་མིང་། འདོགས་པའི་དོན་ཡང་འདི་ལ་previous hit དགོངས next hit་ཡིན། ས་བཅུ་ལ་གནས་པའི་ཡོན་ཏན་དང་ཕྲིན་ལས་དག་སྣང་མཐར་ཐུག་པ་འདི་རྣམས་ཡིན་ཏེ། བྱང་ཆུབ་སེམས་དཔའི་

(༥༨༥)ལམ་གྱི་རྩེ་མོ་མཐར་ཐུག་པ་ཡིན་ཏེ། རྫོགས་པའི་སངས་རྒྱས་ཀྱི་ཤེས་བྱའི་སྒྲིབ་པ་ཡིན། གཏན་ཚིགས་ཅིའི་ཕྱིར་ན། ཤེས་བྱ་དང་། ཤེས་བྱེད། སྣང་ཆ་དང་། གསལ་ཆ། རྒྱལ་བ་དང་། རྒྱལ་བའི་སྲས་ལ་སོགས་པའི་མཁྱེན་བྱེད་ཙམ་ཡོད་པའི་ཕྱིར་ན། ཤེས་དང་ཤེས་བྱ་ཆ་ཕྲ་བའི་ནང་ནས་ཀྱང་ཤིན་དུ་ཕྲ་བ། ཆོས་ཀྱི་སྤྲིན་དང་། འཇའ་དང་། འོད་ཀྱི་རི་མོ་ཙམ་དུ་དཔེས་མཚོན་པའོ། །དེའི་ཚེ་དེའི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་རིག་ཀུན་རྟོགས། ཀུན་མཁྱེན། རྡོ་རྗེ་དབྱིངས་སུ་རྣམ་པར་སྣང་མཛད་སངས་རྒྱས་ནས་རིང་པོ་མ་ལོན་ཏེ། ཞག་བདུན་ཕྲག་གཉིས་པ་ལ་བབ་པའི་ཚེ། འོག་མིན་གྱི་གནས། རྒྱན་སྟུག་པོ་བཀོད་པའི་ཞིང་ན་བཞུགས་པའི་ཚེ། ལྷ་རྣམས་ཀྱི་སྣང་བ་ལ། ལྷའི་རྒྱལ་པོ་དབང་བྱེད་ཀྱི་གཞལ་མེད་ཁང་ན་བཞུགས་པའི་དུས་སུ། ཐུབ་པ་ཆེན་པོ་ཀུན་རིག་རྒྱལ་པོས་རྫུ་འཕྲུལ་དང་ཆོ་འཕྲུལ། རྣམ་པར་འཕྲུལ་པ་སྐད་ཅིག་ཙམ་གྱིས་ཆོས་ཀྱི་དབྱིངས་མཐའ་ཡས་མུ་མེད་པར་ཁྱབ་ཅིང་བྱིན་གྱིས་བརླབས་པའི་བཀའ། བསྟན་པ་རྒྱ་མཚོ་མཐའ་ཡས་ལས། སེམས་ཅན་ཐམས་ཅད་གདོད་མ་ནས་རྡོ་རྗེའི་སྙིང་པོ་ཅན་ཡིན་པའི་ཕྱིར་ན། དེ་རྟོགས་ཤིང་ས་ལམ་རིམ་གྱིས་རྫོགས་པར་བྱ་བའི་ཕྱིར། རྣམ་པར་སྣང་མཛད་ཀྱིས་ཀུན་ཏུ་བཟང་པོར་ཕྲུལ་ཀུན་ཏུ་བཟང་པོའི་ཐུགས་ཉིད་ལས། རྡོ་རྗེའི་སྙིང་པོར་འཕྲུལ་ཞིང་བྱིན་གྱིས་བརླབས། ཀུན་ཏུ་བཟང་པོའི་ཐུགས་ལས་བྱུང་བ་ལས། ཆོེན་འགག་པ་མེད་པ་རྣམ་གྲོལ་ཟླ་བར་རྣམ་པར་འཕྲུལ་པ་དང་།

(༥༨༦)རྡོ་རྗེ་སྙིང་པོ་གཉིས་ཞུ་བ་ཞུ་ལན་གྱི་ཚུལ་དུ་ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་པར་ས་བཅུ་ལམ་ལྔ། ཆོས་ཀྱི་འཁོར་ལོ་མཐའ་ཡས་པའི་སྒོ་ནས་བསྐོར་ཞིང་བྱིན་གྱིས་བརླབས་པ་ལས། སེམས་དཔའ་རང་བྱུང་རྡོ་རྗེ་ཡིས། བྱིན་གྱིས་བརླབས་པའི་བཀའ་མང་པོའི་previous hit དགོངས next hit་སོ་སོར་འབྱེད་ཅིང་གསལ་བར་བགྱིས་པ་ལས། ས་བཅུ་པ་ཆོས་ཀྱི་སྤྲིན་བསྟན་པའི་བར་སྐབས་ལགས་སོ།། །།ཚོགས་སྦྱོར་གཉིས། མཐོང་ལམ། སྒོམ་ལམ། ལམ་གྱི་རྩེ་མོ་ས་བཅུ་སྟེ། ལམ་ལྔ་ཞོར་ལ་བསྟན་པའོ། །དེའི་ཚེ་དེའི་དུས་ན། སྐད་ཅིག་ལག་པ་བརྐྱང་བསྐུམ་ཙམ་ལ་ཐུབ་པ་ཆེན་པོ་རྣམ་པར་སྣང་མཛད་ཀྱི་རྫུ་འཕྲུལ་ཆེན་པོས། ཆོས་ཀྱི་དབྱིངས་མཐའ་ཡས་པ་བྱིན་གྱིས་བརླབས་ནས། ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་གིས་འོད་ཟེར་མཐའ་ཡས་བཀྱེ་བས་ཆོས་ཀྱི་དབྱིངས་དང་མཉམ་པ། མཐའ་ཡས་པ་ན་བཞུགས་པའི་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས། སྐད་ཅིག་ཙམ་གྱིས་གདན་སེང་གེའི་ཁྲི་སྐར་མའི་ཚོགས་ལྟ་བུ་རང་བྱུང་དུ་བྱུང་བ་ལ་བཞུགས་སོ། །དེའི་ཚེ་དེའི་དུས་ན། ཐུབ་པ་ཆེན་པོ་རྣམ་སྣང་གི་སྐུས། ཆོས་ཀྱི་དབྱིངས་ཀྱིས་ཁྱབ་པར་བྱིན་གྱིས་བརླབས་ཏེ། སྐུ་གསུམ་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་བསྟན་པའི་ཏིང་ངེ་འཛིན་ལས་བཞུགས་ཚུལ་མཛད་པའི་དུས་སུ། དེའི་ཚེ་དེའི་དུས་ན། དཔལ་ཀུན་ཏུ་བཟང་པོས་རྣམ་འཕྲུལ་དཔག་ཏུ་མེད་པར་བྱིན་གྱིས་བརླབས་ཏེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་རྣམས་ཐམས་ཅད་རང་གི་ལུས་ངག་ཡིད་གསུམ་སྒྲིབ་པ་མེད་པའི་མིག་དང་ལྡན་

(༥༨༧)པར་བྱིན་གྱིས་བརླབས་ལ། ཡེ་ཤེས་ཡངས་པའི་སྤྱན་གྱིས་ཐུབ་པ་ཆེན་པོའི་སྐུ་ལ་ཞིང་ཁམས་ཐམས་ཅད་རྫོགས་པ། ཞིང་ཁམས་ཐམས་ཅད་སྐུ་ཡིས་ཁྱབ་པ། འདི་ལ་ཁྱོད་རྣམས་ཐལ་མོ་སྦྱོར་ཞིང་ཕྱག་འཚལ་ན། ལྟོས་ཤིག་ཅེས་སྨྲས་ནས། ས་བཅུ་མགོན་པོ་རྣམས་ཀྱིས་དེ་ལྟར་དུ་བྱས་པས་རྣམ་པར་སྣང་མཛད་ཀུན་རིག་རྒྱལ་པོའི་ཞབས་ཀྱི་མཐིལ། འཁོར་ལོ་རྩིབས་སྟོང་དང་ལྡན་པ་ལ། འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་ཞེས་བྱ་ཡོད་པ་དེ་མཐོང་བར་གྱུར་ཏེ། དེ་ན་སངས་རྒྱས་ཆོས་ཀྱི་དབྱིངས་ཀྱི་རྒྱན་ཞེས་བྱ་བ་བཞུགས་ཤིང་ཆོས་སྟོན་པ་མཐོང་ངོ་། །སངས་རྒྱས་ཀྱི་ཞབས་རི་དགས་ཨེ་ན་ཡའི་བྱིན་པ་ལྟ་བུ་གཉིས་ལས་འཇིག་རྟེན་གྱི་ཁམས་ཆགས་པ་མེད་པའི་སྙིང་པོ་ཞེས་བྱ་བ་སྣང་ཞིང་། དེ་ན་སངས་རྒྱས་འོད་རྒྱ་མཚོ་ཆགས་པ་མེད་ཅིང་། དྲི་མ་མེད་པའི་སྙིང་པོ་ཞེས་བྱ་བ། བྱང་སེམས་ཀྱི་ཚོགས་དང་བཅས་པ་བཞུགས་ཤིང་ཆོས་སྟོན་པ་མཐོང་ངོ་། །སངས་རྒྱས་ཀྱི་དཔུས་མོའི་ལྷ་ང་གཉིས་ལས། སངས་རྒྱས་ཀྱི་ཞིང་ས་ལེ་སྦྲམ་ཞེས་བྱ་བ་ཡོད་དེ། དེ་ན་སངས་རྒྱས་གསེར་འབར་ཞེས་བྱ་བ་བྱང་སེམས་ཀྱི་ཚོགས་དང་བཅས་ཤིང་ཆོས་སྟོན་པ་མཐོང་ངོ་། །སངས་རྒྱས་ཀྱི་སྐུ་སྟ་ཟུར་གཉིས་ལས། སངས་རྒྱས་ཀྱི་ཞིང་རིན་པོ་ཆེ་སྣ་ཚོགས་རྒྱན་གྱི་སྙིང་པོ་ཞེས་བྱ་བ་མཐོང་སྟེ། དེ་ན་སངས་རྒྱས་དགེ་བ་སྣ་ཚོགས་ཀྱི་སྙིང་པོ་ཞེས་བྱ་བ་བྱང་སེམས་ཀྱི་ཚོགས་དང་བཅས་པ་ཆོས་སྟོན་པ་མཐོང་ངོ་། །སངས་རྒྱས་ཀྱི་སྐུ་ལྟེ་བའི་དཀྱིལ་ན་སངས་རྒྱས་ཀྱི་ཞིང་རྣམ་སྣང་སྙིང་པོ་ཞེས་བྱ་བ་མཐོང་སྟེ། དེ་ན་སངས་རྒྱས་རྣམ་པར་སྣང་མཛད་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་

(༥༨༨)ཚོགས་དང་བཅས་པ་བཞུགས་ཤིང་ཆོས་སྟོན་པ་མཐོང་ངོ་། །སངས་རྒྱས་ཀྱི་ཐུགས་ཀ་ན་འཇིག་རྟེན་གྱི་ཁམས་འོད་ཟེར་སྙིང་པོ་ཞེས་བྱ་བ་མཐོང་སྟེ། དེ་ན་སངས་རྒྱས་དཔལ་གྱི་བེའུ་རྒྱན་གྱི་སྙིང་པོ་ཞེས་བྱ་བ་མཐོང་ངོ་། །སངས་རྒྱས་ཀྱི་སྐུ་ཕྲག་པ་གཉིས་ལས། སངས་རྒྱས་ཀྱི་ཞིང་གསེར་འོད་ཅེས་བྱ་བ་མཐོང་སྟེ། དེ་ན་སངས་རྒྱས་གསེར་འབར་བའི་སྙིང་པོ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་བཞུགས་ཤིང་ཆོས་སྟོན་པ་མཐོང་ངོ་། སྣང་མཛད་གསུང་གི་དབྱངས་ལ་སངས་རྒྱས་ཀྱི་ཞིང་རིན་པོ་ཆེ་སྣ་ཚོགས་ཞེས་བྱ་བ་མཐོང་སྟེ། དེ་ནས་སངས་རྒྱས་འོད་ཟེར་དཔག་ཏུ་མེད་པ་གཟི་བརྗིད་ཀྱི་རྒྱལ་པོ་བྱང་སེམས་ཀྱི་ཚོགས་དང་བཅས་ཤིང་ཆོས་སྟོན་པ་མཐོང་ངོ། །སྣང་མཛད་ཀྱི་སྨིན་མཚམས་ན་སངས་རྒྱས་ཀྱི་ཞིང་ཆོས་དབྱིངས་མི་ཟད་མཛོད་ཅེས་བྱ་བ་མཐོང་སྟེ། དེ་ན་སངས་རྒྱས་ཡེ་ཤེས་དུས་གསུམ་མཛོད་ཅེས་བྱ་བ་བྱང་སེམས་ཀྱི་ཚོགས་དང་བཅས་ཤིང་ཆོས་སྟོན་པ་མཐོང་ངོ་། །རྣམ་སྣང་གི་དབུ་ལ། སངས་རྒྱས་ཀྱི་སྤྱི་གཙུག་ལྷུན་ཡོངས་སུ་འཛིན་པ་ཞེས་བྱ་བ་མཐོང་སྟེ། དེ་ན་སངས་རྒྱས་མེ་ཏོག་བརྩེགས་པ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་ཤིང་ཆོས་སྟོན་པ་མཐོང་ངོ་། །དེའི་ཚེ་དེའི་དུས་ན། ཐུབ་པ་ཆེན་པོ་རྣམ་པར་སྣང་མཛད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དཀྱིལ་འཁོར་མཐའ་ཡས་ཤིང་བསམ་གྱིས་མི་ཁྱབ་པ་ལས། རྡོ་རྗེ་མི་འཁྲུག་པ་ལ། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་བཞུགས་པ་དང་། རྣམ་སྣང་གི་གསུང་ལས། གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་སྣང་བ་མཐའ་ཡས་ཀྱི་ལྷ་ཚོགས་རྫོགས་ཤིང་མཐོང་བ་དང་། རྣམ་སྣང་གི་ཡོན་ཏན་ལས། ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོ། རིན་ཆེན་འབྱུང་

(༥༨༩)ལྡན་གྱི་དཀྱིལ་འཁོར་ལྷུན་གྱིས་རྫོགས་ཤིང་། རྣམ་པར་སྣང་མཛད་ཀྱི་ཕྲིན་ལས་ཀྱི་དཀྱིལ་འཁོར་ལས། ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ། །དོན་ཡོད་གྲུབ་པའི་ལྷ་ཚོགས་ལྷུན་གྱིས་རྫོགས་ཤིང་བཞུགས་པ་མཐོང་ངོ་། །དེའི་ཚེ་དེའི་དུས་ན། ཕྱོགས་བཅུ་དུས་གསུམ་གྱི་བྱང་སེམས་ཐམས་ཅད་ཀྱིས་རྣམ་པར་སྣང་མཛད་ཀུན་རིག་རྒྱལ་པོའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་འབྱམ་ཀླས་པ་ལས། འཁོར་བ་དང་མྱ་ངན་ལས་འདས་པའི་ཞིང་ཁམས་ཐམས་ཅད་མཐོང་བྱ་དང་མཐོང་བྱེད་མཐོང་མ་ཐག་ཏུ། ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་སྐད་ཅིག་དེ་ཉིད་ལ་རྣམ་པར་སྣང་མཛད་རྒྱན་སྟུག་པོ་བཀོད་པའི་དཀྱིལ་འཁོར་དུ། སྐུ་གསུམ་ལྷུན་གྱིས་གྲུབ་པ། སྐུ་བཞི་འདུ་འབྲལ་མེད་པར་སངས་རྒྱས་སོ། སྐད་ཅིག་དང་པོ་ལ་ས་བཅུ་མགོན་པོར་གནས་པ་དང་། སྐད་ཅིག་མ་གཉིས་པ་ལ། ཐམས་ཅད་མཁྱེན་པར་སངས་རྒྱས་པའི་ཕྱིར། སྐད་ཅིག་དང་པོ་ལ་ས་བཅུ་ཆོས་ཀྱི་སྤྲིན་དང་། སངས་རྒྱས་སྐུ་གསུམ་ཡེ་ཤེས་ལྔ་དང་ལྡན་པའི་ས་མཚམས་བྱེ་བྲག་ཕྱེད་ཅིང་། དེ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེའི་ཕྱིར་ན། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་གསུང་པ་ཡང་སྐབས་འདི་ལ་previous hit དགོངས next hit་ཡིན། ཐུབ་པ་ཆེན་པོ་རྣམ་པར་སྣང་མཛད་ཀུན་རིག་རྒྱལ་པོའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལས། ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་རྫོགས་ཤིང་སྣང་བར་བསྟན་པའོ། །རྫུ་འཕྲུལ་དང་ཆོ་འཕྲུལ་རྣམ་པར་འཕྲུལ་པའི་བྱིན་གྱིས་བརླབས་པའི་བཀའ། བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ས་བཅུ་མགོན་པོའི་བྱང་ཆུབ་སེམས་དཔའ་རྣམས་སྐད་ཅིག་ཉིད་ལ་རྣམ་པར་སྣང་མཛད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པ་དང་། རྐང་གཉིས་

(༥༩༠)གཙོ་ལ་སྣང་བ་མེད། ཡེ་ཤེས་དབྱིངས་སུ་ཐམས་ཅད་མཁྱེན་པར་སངས་རྒྱས་པའོ། །རྣམ་པར་སྣང་མཛད་ཐུབ་པ་ཆེན་པོ་སངས་རྒྱས་ནས་ཆོས་ཀྱི་དབྱིངས་རབ་འབྱམ་དུ་བྱིན་གྱིས་བརླབས་པའི་ཆོ་འཕྲུལ་ཆེན་པོ་བསྟན་པའི་བཀའ་རྒྱ་མཚོ་མཐའ་ཡས་ལས། ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་སྐད་ཅིག་ཉིད་ལ་ཤེས་བྱ་ཡོན་ཏན་ཕྲིན་ལས་ཀྱི་སྤྲིན་ཚོགས་རྣམས་རང་སར་ཕྱོགས་མེད་དུ་སངས་རྒྱས་ནས་སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ་སངས་རྒྱས་པའི་བར་སྐབས་བསྟན་པའོ།། །།བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ན། ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་གི་ལམ་བཅུ་གཉིས་མ་ཆགས་པདྨ་ཅན་གྱི་ས་ན་བཞུགས་པའི་རང་བཞིན་ལྷུན་གྱིས་གྲུབ་པའི་རིགས་ལྔ་བཞུགས་པའི་དུས་སུ། ཆོས་སྐུ་རྡོ་རྗེ་འཆང་གིས་འོད་ཟེར་རྣམ་པར་འཕྲུལ་ནས། རང་བཞིན་གྲུབ་པའི་རིགས་ལྔའི་ཐུགས་དམ་གྱི་རྒྱུད་བསྐུལ་ནས། རིགས་ལྔ་ལས་སྤྲུལ་པའི་འོད་ཟེར་ལྔ་འཕྲོས་པས། འཛམ་བུའི་གླིང་མིའི་ཡུལ་དུ་ཕོག་པ་ལས། རྒྱལ་པོ་ཀྲ་ར་པ་ཞེས་བྱ་བ་སྤུན་ལྔར་གྱུར་ཏོ། །སྤྲུལ་པའི་ཕྱིར་ལྔ་པོ་དེས་སངས་རྒྱས་ལྔ་ཁྲི་ལྔ་སྟོང་ལ་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། བསྐལ་པ་གྲངས་མེད་གསུམ་དུ་སངས་རྒྱས་ཀྱི་ཞིང་རྡུལ་སྙེད་ལ་མཆོད་པ་ཕུལ་ཞིང་བསྙེན་བསྐུར་བྱེད་པ་དང་། ཆོས་ཉན་ཞིང་ཕ་རོལ་ཏུ་ཕྱིན་པ་བཅུ་རྫོགས་པའི་ཚུལ་གྱིས་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེས་བསྡུ་དངོས་བཞིས་སེམས་ཅན་རྣམས་ཚིམ་པར་མཛད་དོ། །ས་བཅུ་ལམ་ལྔ་བསྒྲོད་པའི་ཚུལ་བསྟན་ནས་ས་བཅུ་ཆོས་ཀྱི་སྤྲིན་ནོན་པའི་དུས་སུ། རྫུ་འཕྲུལ་དང་ཆོ་འཕྲུལ་སྣ་ཚོགས་པ་བསྟན་ཞིང་།

(༥༩༡)འཇིག་རྟེན་གྱི་ཁམས་མཐའ་ཡས་པར་ཐེག་པ་སྣ་ཚོགས་ཀྱི་ཆོས་ཀྱི་ཆར་ཕབ་པོ། དེ་ལྟ་བུའི་མཛད་པ་ས་ལམ་བསྒྲོད་ཚུལ་རྣམས་སེམས་ཅན་ཐམས་ཅད་ཀྱིས་མཐོང་ཞིང་མངོན་དུ་གྱུར་པ་མཛད་དོ། །དེའི་ཕྱིར་ན། ས་བཅུ་ཆོས་ཀྱི་སྤྲིན་ལ་གནས་པའི་ས། དུས་རིང་པོ་ལ་ཐུང་ངུར་བྱིན་གྱིས་བརླབ་པ་དང་དུས་ཐུང་ངུ་ལ་རིང་པོར་བྱིན་གྱིས་བརླབ་པར་ནུས་པ་ཡིན་ཏེ། འཛམ་བུ་གླིང་པའི་ཉིན་ཞག་གཅིག་ཙམ་ལ། བསྐལ་པ་གྲངས་མེད་གསུམ་དུ་བྱིན་གྱིས་བརླབས་ཤིང་བསྟན་པའོ། །ས་བཅུ་མགོན་པོས་ནི་སྐད་ཅིག་ཉིད་ལ་བྱ་བ་ཐམས་ཅད་རྫོགས་པར་བྱིན་གྱིས་བརླབ་པ་དང་། སྐད་ཅིག་ཉིད་ལ་དུས་དང་མཐའ་མེད་པའི་བསྐལ་པར་བྱིན་གྱིས་བརླབ་ནུས་པ་སྟེ། དེའི་ཕྱིར་ན། སྣང་བ་ཐམས་ཅད་མི་སྣང་བར་བྱིན་གྱིས་བརླབས་ཏེ། འཁོར་བ་སྟོངས་ཤིང་འདུ་བྱེད་ཀྱི་ཕུང་པོ་ཐམས་ཅད་བྱ་བ་རྫོགས་ཤིང་། ཅི་ཡང་མི་སྣང་བར་སྟོན་པ་དང་། སྐད་ཅིག་ཉིད་ལ་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་བསྐལ་པ་དུས་དང་མཐའ་མེད་པར་སངས་རྒྱས་དང་སེམས་ཅན་ཐོག་མ་དང་ཐ་མ་མེད། ཟད་པ་མེད་ཅིང་བྲི་བ་མེད་པར་སྟོན་པའོ། །དེ་ལྟ་བུའི་སྤྲུལ་པའི་མིག་ཡོར་སྒྱུ་མའི་དཔེ་བརྒྱད་ལྟར་ཆགས་ཐོགས་མེད་པར་བྱང་ཆུབ་སེམས་དཔས་རྣམ་པར་འཕྲུལ་ལོ། །དེའི་ཚེ་དེའི་དུས་ན་འོག་མིན་གྱི་གནས། རྒྱན་སྟུག་པོ་བཀོད་པའི་ཞིང་ཁམས་གཞན་ཕྲུལ་དབང་བྱེད། དགའ་ལྡན་དག་པའི་གནས་སུ་རྣམ་པར་སྣང་མཛད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པའི་ཚུལ་བསྟན་ཏེ། སྤྲུལ་པའི་ཁྱེའུ་ལྔའི་ཆེ་བ་རྣམ་པར་སྣང་མཛད་དེ་འོག་རྡོ་རྗེ་

(༥༩༢)སེམས་དཔའ། སྣང་བ་མཐའ་ཡས། རིན་ཆེན་འབྱུང་ལྡན། དོན་ཡོད་གྲུབ་པ། ནུ་བོ་བཞི་ཡང་རིགས་བཞི་སྤྲུལ་པའི་སྐུར་སངས་རྒྱས་པའི་ཚུལ་བསྟན་པའོ། །ཆེ་བ་རྣམ་པར་སྣང་མཛད་ཆེ། །ཞེས་གསུང་པའི་དོན་ཡང་སྐབས་འདིར་previous hit དགོངས next hit་ཡིན། དེའི་ཕྱིར་ན་རྣམ་པར་སྣང་མཛད་ཀྱིས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དཀྱིལ་འཁོར་དུ། རིགས་ལྔ་ཡབ་ཡུམ་བཅུ། སེམས་དཔའ་དང་སེམས་མ་བཅུ་དྲུག་རྣམ་སྣང་གི་སྐུའི་དཀྱིལ་འཁོར་ལ་གྲངས་མེད་དུ་རྫོགས་ཤིང་། གྲངས་མེད་ཚད་ལས་འདས་པ། འཁོར་བ་དང་མྱ་ངན་ལས་འདས་པའི་ཞིང་ཁམས་ཐམས་ཅད་སྐུ་ལ་རྫོགས་ཤིང་། སྐུ་ཡིས་ཞིང་ཁམས་ཐམས་ཅད་ལ་ཁྱབ་པ་ནི་རྣམ་པར་སྣང་མཛད་ཀུན་ཏུ་ཞལ། ཀུན་རིག་ཀུན་ཏུ་ཁྱབ་པར་སངས་རྒྱས་སོ། །དེའི་ཚེ། དེའི་དུས་ན་སྐད་ཅིག་ལག་པ་བརྐྱང་བསྐུམ་ལ། ཀུན་རིག་རྒྱལ་པོས་ཀུན་ཏུ་བཟང་པོ་རྣམ་པར་འཕྲུལ། ཀུན་ཏུ་བཟང་པོས། རྡོ་རྗེ་སེམས་དཔའ། རྡོ་རྗེ་སྙིང་པོ། ཀུན་ཏུ་མིག །རྣམ་གྲོལ་ཟླ་བ། ཚོང་དཔོན་གྱི་བུ་ནོར་བཟངས་ལ་སོགས་པ། ཕྱོགས་བཅུ་དུས་གསུམ་དུ་སངས་རྒྱས་གྲངས་མེད་རྣམ་པར་འཕྲུལ་པ་དང་། བྱང་ཆུབ་སེམས་དཔའ། ཉན་རང་། ཚངས་པ་དང་། བརྒྱ་བྱིན། འཁོར་ལོས་སྒྱུར་རྒྱལ། འཇིག་རྟེན་གསུམ་གྱི་མགོན་པོ། རྣམ་སྣང་སྐུའི་དཀྱིལ་འཁོར་ལ། ཁམས་གསུམ་འཁོར་འདས་གཉིས་ཀྱི་དཀྱིལ་འཁོར་རྣམ་པར་འཕྲུལ་ཞིང་བཞུགས་སོ། །ཀུན་ཏུ་བཟང་པོའི་མཆོད་པ་སྣ་ཚོགས་ཀྱི་སྤྲིན་ཕུང་ལ་སོགས་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་སྤྲིན་ཕུང་གྲངས་མཐའ་ཡས་ཤིང་རྣམ་པར་འཕྲུལ་ལོ། །བྱང་ཆུབ་སེམས་དཔའ་ནོར་བཟངས་ཀྱང་སེམས་ཅན་རྣམས་ལ་བྱང་ཆུབ་ཀྱི་གཞི་ལམ་འབྲས་བུ་སྤྱོད་པ་བསྟན་

(༥༩༣)པའི་ཕྱིར་ཆོས་ཀྱི་དབྱིངས་དང་མཉམ་པར། རིགས་དྲུག་གི་གྲངས་དང་མཉམ་པར་རྣམ་པར་འཕྲུལ་ལོ། །ནོར་བཟངས། ཆོས་ཀྱི་སྒྲོ་འདོགས་གཅོད་པའི་ཚུལ་བསྟན་པ་ལས་ཀུན་གཟིག་རྒྱལ་པོ། ནོར་བཟངས་ཀྱི་བཤེས་གཉེན་ཀུན་ཏུ་བཟང་པོ་ནས། བྱམས་པའི་བར་དུ་གྲངས་ཅན་བརྒྱ་རྩ་བཅུར་འཕྲུལ་ཞིང་། གྲངས་མེད་ཚད་ལས་འདས་ཤིང་། མཐའ་ཡས་པར་འཕྲུལ་ཞིང་། ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་དུ། ཀུན་ཏུ་བཟང་པོ་དང་ནོར་བཟངས་ཀྱི་དབུ་དང་། བཤེས་གཉེན་བརྒྱ་རྩ་བཅུའི་མིང་དང་། དེ་རྣམས་རྫུ་འཕྲུལ་ཆོ་འཕྲུལ་གྲངས་མཐའ་ཡས་པ་བསྟན་ཞིང་། བྱང་ཆུབ་སེམས་དཔའི་གཞི་ལམ་འབྲས་གསུམ་སྤྱོད་པའི་སྒྲ་དབྱངས་ཆེན་པོ། ཆོས་ཀྱི་དབྱིངས་སུ་སྒྲོགས་ཤིང་བྱིན་གྱིས་བརླབས་སོ། །དེའི་ཚེ་དེའི་དུས་ན་རྣམ་པར་སྣང་མཛད་ཀྱིས་འོད་ཟེར་བཀྱེ། ཀུན་བཟང་རྡོ་རྗེ་སེམས་དཔས་བྱིན་གྱིས་བརླབས་ནས། གྲངས་ཅན་འོད་ཟེར་བྱེ་བ་ཕྲག་བརྒྱ། གྲངས་མེད་ཚད་ལས་འདས་པ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་འཕྲོས་ཤིང་བྱིན་གྱིས་བརླབས་སོ། །འོད་ཟེར་གཅིག་དགའ་ལྡན་གྱི་གནས་སུ་དམ་པ་ཏོག་དཀར་ཞེས་བྱ་བར་སྤྲུལ་ནས། འཛམ་བུའི་གླིང་དུ་ཡུམ་ལྷ་མཛེས་ཀྱི་ལྷུམས་སུ་ཞུགས་ཤིང་། མཛད་པ་བཅུ་གཉིས་རྫོགས་པའི་ཚུལ་སྟོན་པ་ནས། རྒྱལ་པོ་ཟས་གཙང་གི་སྲས་ཤཱཀྱ་ཐུབ་པར་གྲགས་པའོ། །གླིང་བཞི་རི་རབ་དང་བཅས་པ་རེ་རེའི་སྟེང་ན་ཡང་དགའ་ལྡན་ཀྱང་རེ་རེ་ཡོད་པ་སྟེ། དེ་ལྟ་བུའི་གླིང་བཞི་རི་རབ་དང་བཅས་པ་དགའ་ལྡན་གྱི་གནས་གཅིག་ནས་གཉིས་སུ་བརྩིས་པའི་སྟོང་ལ་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་

(༥༩༤)གྱི་ཁམས་བྱ་བ་ཡིན། དེ་ལྟ་བུ་སྟོང་ལ་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཤེས་ཀྱང་བྱ། མི་འབྱེད་ཀྱི་ཞིང་ཁམས་ཤེས་ཀྱང་བྱ། སྤྲུལ་པའི་སྐུ་ཆུང་ངུ་ཤཱཀྱ་ཐུབ་པའི་ཞིང་ཁམས་སོ། །དེ་ལྟ་བུ་གཅིག་ནས་གཉིས་སུ་བརྩིས་པའི་བྱེ་བ་ཕྲག་བརྒྱ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཤེས་བྱ་བ་སྟེ། ཐུབ་པ་ཆེན་པོའི་རིགས་ལྔའི་སྤྲུལ་པའི་སྐུ་ཀུན་རིག་རྒྱལ་པོའི་ཞིང་ཁམས་སོ། །ལུང་ལས་ཀྱང་། ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། གསང་སྔགས་ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །ཞེས་གསུང་པའི་དོན་ཡང་སྐབས་འདི་ལ་previous hit དགོངས next hit་ཡིན། སྟོན་པ་ཤཱཀྱ་ཐུབ་བྱེ་བ་ཕྲག་བརྒྱ། གླིང་བཞི་རི་རབ། དགའ་ལྡན། རྒྱ་མཚོ། ཉི་ཟླ། གཟའ་སྐར། ཚངས་པ་དང་། བརྒྱ་བྱིན། འཁོར་ལོ་སྒྱུར་རྒྱལ། ལྷ་སྲིན་སྡེ་བརྒྱད། འཇིག་རྟེན་གསུམ་གྱི་སྟོབས་ཅན་ལ་སོགས་པ་རེ་རེ་ལ་ཡང་བྱེ་བ་ཕྲག་བརྒྱའོ། །རྡོ་རྗེ་གདན་དང་། བྱ་རྒོད་ཕུང་པོ། ཝ་ར་ཎཱ་སྲི། རྩྭ་མཆོག །སེར་སྐྱ། ནྱ་གྲོ་དྷའི་ཕུག །ལྷ་མཛེས། ཟས་གཙང་། སྐུ་བལྟམས། དོན་གྲུབ། མཚན་ལྟ། ཡིག་རྩིས་སློབ་དང་། རོལ་རྩེད། བཙུན་མོའི་འཁོར་དང་། འཁོར་ལས་བྱུང་། རབ་བྱུང་། དཀའ་སྤྱད། བྱང་ཆུབ་ཤིང་དྲུང་། བདུད་བཏུལ། སངས་རྒྱས། ཚངས་པས་ཞུས་ནས་ཆོས་ཀྱི་འཁོར་ལོ་བསྐོར། ཤིང་ཟད་མེ་བཞིན་མྱ་ངན་འདས་ཚུལ་བསྟན། རེ་རེ་ལ་ཡང་བྱེ་བ་ཕྲག་བརྒྱ་སྟོང་གསུམ་རབ་འབྱམ་པར་མཛད་དོ། །ཤཱཀྱ་ཐུབ་པ་ཆེན་པོའི་ཞིང་ཁམས་སྟོང་གསུམ་དུ་བཞེད་པ་སྟེ། ལྷས་བྱིན་མ་སྐྱེས་དགྲ །མུ་སྟེགས་ཀྱི་སྟོན་པ་

(༥༩༥)དྲུག་དང་ནི། མུ་སྟེགས་ལྟ་བ་སུམ་བརྒྱ་དྲུག་བཅུ་སོགས། བསྟན་ལ་བར་དུ་གཅོད་པའི་མི་མཐུན་ཕྱོགས་ཀྱང་བྱེ་བ་ཕྲག་བརྒྱ་ཕྲག་བརྒྱ་སྟེ། སྟོན་པ་ཉིད་ཀྱི་རྣམ་འཕྲུལ་ཕྱག་ན་རྡོ་རྗེ་ལ་སོགས་པ་སེམས་དཔའ་བརྒྱད་དང་། ཉན་ཐོས་བརྒྱད། ཐེག་པ་གསུམ་གྱི་རྒྱལ་སྲས་ཚོགས་རེ་རེ་ལ་ཡང་བྱེ་བ་ཕྲག་བརྒྱ་ཕྲག་བརྒྱའོ། །དེ་ལྟ་བུ་གཅིག་ནས་གཅིག་ཏུ་བརྩིས་པའི་བྱེ་བ་ཕྲག་བརྒྱ་ནི་གཞི་དང་སྙིང་པོ་མེ་ཏོག་དྲ་བར་འབྲེལ་བའི་འཇིག་རྟེན་གྱི་ཁམས་ཡིན་ནོ། རང་བཞིན་ལྷུན་གྱིས་གྲུབ་པའི་རྣམ་པར་སྣང་མཛད་གངས་ཆེན་མཚོ་ལྔའི་ཞིང་ཁམས་ལགས་སོ། །འདི་ཡང་རྣམ་པར་སྣང་མཛད་ཀུན་རིག་རྒྱལ་པོའི་རྫུ་འཕྲུལ་དང་ཆོ་འཕྲུལ་དང་། ཀུན་ཏུ་བཟང་པོས་རྣམ་པར་འཕྲུལ་བའི་ཕྱིར་ན། བཅུ་གཉིས་མ་ཆགས་པདྨ་ཅན་གྱི་ཞིང་ཁམས་འདི་ན་བཞུགས་པའི་གངས་ཆེན་མཚོ་ལྔའི་སྐུའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་སྟེ། མཉམ་བཞག་གི་ཕྱག་རྒྱའི་མཐིལ་ན། སྟོང་གསུམ་ཉི་ཤུ་རྩ་ལྔའི་ཞིང་ཁམས་ཡོད་པ་དང་། བ་སྤུའི་རྩ་བ་རེ་རེ་ན། སྤྲུལ་པའི་སྐུ་བྱེ་བ་ཕྲག་བརྒྱ་ཕྲག་བརྒྱ་སྟེ། བསམ་གྱིས་མི་ཁྱབ་ཅིང་རྗོད་ལས་འདས་པའི་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པའི་བཀའ་བསམ་གྱིས་མི་ཁྱབ་པ་གསུངས་པ་རྣམས། ཤིན་དུ་རྒྱས་པ་སངས་རྒྱས་ཀྱི་ཞིང་གི་རྣམ་པར་བཀོད་པ་བྱིན་གྱིས་བརླབས་པའི་བཀའ་ཆེན་པོ། སངས་རྒྱས་སྨད་ག་བཅད་ཀྱི་ཆོ་འཕྲུལ་ཆེན་པོ་བསྟན་པ་ལས་ཤེས་པར་བྱའོ། །དེ་ལྟ་བུ་གཅིག་ནས་གཉིས་སུ་བརྩིས་པའི་བྱེ་བ་ཕྲག་བརྒྱ་ནི་ནམ་མཁའི་དབྱིངས་དང་མཉམ་པའི་ཞིང་ཁམས་ནི་ཞེས་པ་ཡིན་ཏེ། ཆོས་ གྲངས་ཅན་གྲངས་མེད་ཚད་ལས་འདས་པའོ།

(༥༩༦)སྐུ་དྲུག་པ་རྡོ་རྗེ་འཆང་གི་ཞིང་ཁམས་ཡིན་པའི་ཕྱིར་ན། ནམ་མཁའ་ལ་མཐའ་ཡོད་ན་ཆོས་ཀྱི་སྐུ་ལ་ཡང་མཐའ་ཡོད། ནམ་མཁའ་ལ་མཐའ་མེད་ན་ཆོས་ཀྱི་སྐུ་ལ་ཡང་མཐའ་མེད་དོ། །དེ་ལྟ་བུ་གཅིག་ནས་གཉིས་སུ་བརྩིས་པའི་བྱེ་བ་ཕྲག་བརྒྱ་ནི་ཆོས་ཐམས་ཅད་ཀྱི་དབྱིངས་ཤེས་བྱ་བ་སྟེ། ངོ་བོ་ཉིད་ཀྱི་སྐུའི་ཞིང་ཁམས་ལགས་སོ། །དེ་ལྟ་བུ་གཅིག་ནས་གཉིས་སུ་བརྩིས་པའི་རྩིས་ཀྱི་བྱེ་བྲག་རྣམས་དཔལ་ཀུན་ཏུ་བཟང་པོ་དང་། ཀུན་དུ་མིག་ལ་སོགས་པ་རྣམས་ཀྱི་བློར་མ་ཚུད་ཅིང་བགྲང་མ་ནུས་པའི་ཕྱིར་ན། རྣམ་པར་སྣང་མཛད་ལ་ཕྱག་འཚལ་ཞིང་གསོལ་བ་བཏབ་པ་ལས། རྣམ་པར་སྣང་མཛད་ཀྱི་ཞལ་ནས་ནི་མ་གསུང་ཤིང་། སྨིན་མཚམས་ནས་བྱིན་གྱིས་བརླབས་པའི་སྒྲ་དབྱངས་ཀྱིས་ཀུན་ཏུ་མིག་ལ་བཀའ་སྩལ་པའི་དག་སྣང་ལས། སངས་རྒྱས་ཕལ་པོ་ཆེའི་ལ་ཚིགས་ཞེས་བྱ་བ། རྩིས་ཀྱི་རྣམ་གྲངས་སྒྲ་དབྱངས་སུ་བྱིན་གྱིས་བརླབས་པ་ལས། གཅིག་ནས་བཅུར་བརྩིས། བཅུ་ལས་བརྒྱ། བརྒྱ་ལས་སྟོང་། སྟོང་ལས་ཁྲི། ཁྲི་ལས་འབུམ། འབུམ་ལས་བྱེ་བ། བྱེ་བ་བཅུ་ལས་ས་ཡ། ས་ཡ་བཅུ་ལས་དུང་ཕྱུར། དུང་ཕྱུར་ལ་ཁད་ཁོད། ཉལ་ཉིལ། ཕྱལ་ཕྱུར། ལྟམ་ལྟེམ་ལ་སོགས་པ་སངས་རྒྱས་ཀྱི་མཁྱེན་པའི་ཡེ་ཤེས་ཀྱིས་ཚད་གཞལ་བ་ལས་ཀྱང་། ཚད་གཞལ་མེད་པར་ཆོ་འཕྲུལ་ཆེན་པོས་བྱིན་གྱིས་བརླབས་པ་ནི། སྐུ་གསུམ་ལྷུན་གྱིས་གྲུབ་པ། སྐུ་བཞི་འདུ་འབྲལ་མེད་པ། སྐུ་ལྔ་ཡོངས་སུ་རྫོགས་པ་ལས་ཆོས་ཐམས་ཅད་ཀྱི་རང་བཞིན། རྟོགས་པ་རབ་འབྱམ་ལས་རབ་འབྱམ་རང་བྱུང་གི་ཡེ་ཤེས་ནི་གྲངས་མེད་གྲངས་ལས་འདས་པ་དང་།

(༥༩༧)ཚད་གཞལ་མེད་པའོ། །འདི་ལྟ་བུའི་རང་བྱུང་ཡེ་ཤེས་ཡོངས་སུ་རྫོགས་པ་ནི། བཀའ་གསུམ་ཐེག་པ་དགུ། ཆོས་ཀྱི་འཁོར་ལོ། ལུང་བསྟན་སྐྱེས་བུ་མི་བཞིའི་དགོས་པ་ཏཻ་ལོ་ནཱ་རོ་མཁྱེན་པའི་ཡེ་ཤེས་ཀྱིས། ངར་འཛིན་པའི་ལྟ་བ་ཉི་ཤུ་རྩ་གཅིག །སྐུ་ལྔ་ཡོངས་སུ་རྫོགས་པའི་རང་བྱུང་ཡེ་ཤེས་རབ་འབྱམ། རྟོགས་པ་དང་གྲོལ་བ་དུས་མཚུངས་ན་སྐུ་ལྔ། གསུང་ལྔ། ཐུགས་ལྔ། ཡོན་ཏན་ཕྲིན་ལས་ལྔ། ལྔ་ལྔ་པོ་ཉི་ཤུ་རྩ་ལྔ་ཚད་མེད་གྲངས་ལས་འདས་པའི་རྒྱལ་བ་རྣམས་ཀྱི་མཛད་པ་དང་། གཤིས་ལྔ་མ་རིག་པ་དུག་ལྔ། ཕུང་པོ་ལྔ། འབྱུང་བ་ལྔ། འགྲོ་བ་རིགས་ལྔ། ལྔ་ལྔ་པོ་ཉི་ཤུ་རྩ་ལྔ། ཁམས་གསུམ་ན་འཁོར་བའི་འཁྲུལ་པ་དང་། འཁྲུལ་གཞི། ཕྱི་སྣོད་ནང་བཅུད་ཀྱིས་བསྡུས་པ་འདི་རྣམས་ཏེ། སྲིད་པ་གསུམ་བྱ་བ་ཡིན། སངས་རྒྱས་སྐུ་ལྔ་དང་། སྲིད་པ་གསུམ་གྱིས་བསྡུས་ཚད་ཀྱི་ཆོས་ཐམས་ཅད་སྤང་བླང་མེད་པ། རང་བྱུང་ཡེ་ཤེས། རྟོགས་པ་རབ་འབྱམ་གྱི་དཀྱིལ་འཁོར་དུ་སྐུ་ལྔའི་སངས་རྒྱས་རང་ལ་རྫོགས་པ་ནི། པཎ་ཆེན་ནཱ་རོའི་ཁྱད་ཆོས་ལགས་སོ། །དེའི་ཕྱིར་ན། ཤིན་དུ་རྒྱས་པ་སངས་རྒྱས་ཕལ་པོ་ཆེ་རྣམ་པར་སྣང་མཛད་ཐུབ་པ་ཆེན་པོའི་རྫུ་འཕྲུལ་ཆོ་འཕྲུལ་རྣམ་པར་འཕྲུལ་པའི་བཀའ་ཆེན་པོ་ཡིན་པའི་ཕྱིར་ན། ཕལ་པོ་ཆེའི་དབུ་དང་ཞབས་ཀྱི་བར་དུ་ཀུན་ཏུ་བཟང་པོ་ཀུན་དུ་མིག་གིས་ཐེ་ཙོམ་མ་ཆོད་ནས། སྒྲ་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་བཀའ་ཙམ་དུ། ཀུན་དུ་མིག་གི་ངག་སྣང་དུ་ཐོས་པ་མ་གཏོགས་པ། གཞན་གྱིས་ཐོས་པ་མེད་པ་ཡིན། ཕལ་པོ་ཆེའི་དབུ་

(༥༩༨)ཞབས་སུ་བྱིན་གྱིས་བརླབས་པའི་གསུང་དབྱངས་ཆེན་པོ་ཡིན། གསུམ་མམ། བཞི་ཙམ་ཞིག་བརྡ་བསྟན་པ་མ་གཏོགས་པ། སངས་རྒྱས་དང་གང་གི་ཡང་བཀའ་གསལ་མེད་པ་ཡིན། ཅིའི་ཕྱིར་ན་རྣམ་པར་སྣང་མཛད་ཀྱི་རྣམ་འཕྲུལ་ཆེན་པོས་ཡེ་ཤེས་པ་དང་འཇིག་རྟེན་པ་རྣམས་རང་བཞིན་དུ་འདུས་པ་ལས། དཔལ་ཀུན་ཏུ་བཟང་པོས་རྣམ་པར་འཕྲུལ་པ་བཀྱེ་ཞིང་། སྒྲའི་གླིང་སོ་སོར་མཛད་པའོ། །རྫོགས་པར་དཔལ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་དང་། ཆོ་འཕྲུལ། སྡོང་པོས་བརྒྱན་པའི་བྱང་ཆུབ་སེམས་ཀྱི་ལྗོན་ཤིང་། ཆོས་ཀྱི་དབྱིངས་དང་མཉམ་པར་ལོ་འདབ་རྒྱས་ཤིང་སྟེང་འོག་ཕྱོགས་མཚམས། སེང་གེ་པདྨ། ཉི་ཟླ་གྲངས་མཐའ་ཡས་པའི་གདན་ལ་རྒྱལ་བ་སྲས་བཅས་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་བཞུགས་ཤིང་སྡོང་པོས་བརྒྱན་པའི་མདོ། བཟང་སྤྱོད་སྨོན་ལམ་རབ་འབྱམ་མཐའ་ཡས། རྒྱ་མཚོ། རི་རབ། ལྗོན་ཤིང་། ནམ་མཁའ། ཉི་ཟླ། གཟའ་སྐར། འཇའ་ཚོན། འོད་ཟེར། སྤྲིན་ཚོགས་ལྟ་བུ་ཡིས་མཇུག་བསྡུད་པ་སྟེ། དེའི་ཕྱིར་ན། བྱིན་གྱིས་བརླབས་པའི་བཀའ་ཆེན་པོ་འདི་ལྟ་བུ་རྣམ་པར་འཕྲུལ་བའི་དུས་སུ། ཟས་གཙང་སྲས་པོ། །རང་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ནི། ཐུབ་པ་ཆེན་པོ་ཀུན་རིག་རྒྱལ་པོ་ཡིན། སྐུ་གསུང་ཐུགས་ལ་བཞུགས་པ་མ་རྟོགས་པ་དེའི་ཕྱིར་ན། དགའ་ལྡན་འཛམ་བུའི་གླིང་དུ་མ་བྱོན་པའོ། །དེའི་ཕྱིར་ན་སངས་རྒྱས་ཀྱི་ཞིང་རྣམ་པར་བཀོད་པ། རྣམ་པར་སྣང་མཛད་རྒྱན་སྟུག་པོ་བཀོད་པ། ཤིན་དུ་

(༥༩༩)རྒྱས་པ། སངས་རྒྱས་ཕལ་པོ་ཆེ་འདི་ལ། ཟས་གཙང་སྲས་པོ་ཤཱཀྱ་ཐུབ་པའི་ཞལ་ནས་གསུངས་པའི་བཀའ་མ་འདྲེས་པ་ཡིན། གཏན་ཚིགས་ཅིའི་ཕྱིར་ན། འདི་ནི་རྣམ་སྣང་རྒྱལ་པོས་བྱིན་གྱིས་བརླབས་པ་ཆེན་པོའི་ཕྱིར་ན། ཕྱི་ནང་གི་གྲུབ་མཐའ། བཀའ་གསུམ། བྱེ་བྲག་པ་ཐམས་ཅད་འདི་ལས་འཕྲོས་པ་ཡིན། གཏན་ཚིགས་ཅིའི་ཕྱིར་ན། ཤཱཀྱ་ཐུབ་པ་གསེར་མདོག་ཅན་འདི་ཡིས་གཙོ་བོ་བྱས་ནས། ཤཱཀྱ་ཐུབ་པ་བྱེ་བ་ཕྲག་བརྒྱ་ལ་ཡང་། བཀའ་གསུམ་བྱེ་བྲག་previous hit ་བྱེ་བ་ཕྲག་བརྒྱར་གསུངས་པའོ། །དེའི་ཕྱིར་ན། འདི་ཡིས་སངས་རྒྱས་ཕལ་པོ་ཆེའི་བཞེད་དགོངས next hit་དང་། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་བཞེད་previous hit དགོངས་མདོར་བསྡུས་ next hit་ཡིན་པའི་ཕྱིར་ན། འདི་ཡིས་སངས་རྒྱས་སྒྲ་དོན་འཆད་ཅིང་ངོ་སྤྲོད་ན། སངས་རྒྱས་ཕལ་པོ་ཆེས་བྱིན་གྱིས་བརླབས་པའི་བཀའ་ཆེན་པོ་རྒྱས་པར་འཆད་དགོས་པ་ཡིན། གཏན་ཚིགས་ཅིའི་ཕྱིར་ན། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་བཀའ་དང་། འབྲེལ་པ་མ་ཆད་པར་བཀའ་གསུམ་བྱེ་བྲག་པ་རྣམས་སོ་སོར་གཏན་ལ་ཕབ་པར་བྱའོ། །གཏན་ཚིགས་ཅིའི་ཕྱིར་ན། དཔེར་ན་རྒྱ་མཚོ་ཆེན་པོ་ཆུའི་འབྱུང་ཁུངས་ཡིན་པ་ལས། འཇིག་རྟེན་གྱི་ཁམས་ཀྱི་ཆུ་ཐམས་ཅད་རྒྱ་མཚོ་དང་འབྲེལ་མ་ཆད་ཅིང་། བྱུང་ཡང་རྒྱ་མཚོ་ལས་བྱུང་ཐིམ་ཡང་རྒྱ་མཚོ་ལ་ཐིམ་པ་བཞིན། སངས་རྒྱས་ཕལ་པོ་ཆེ་འདི་ནི། བྱིན་གྱིས་བརླབས་པའི་བཀའ་ཆེན། རྒྱ་མཚོ་མཐའ་ཡས་ལྟ་བུ་སྟེ། སངས་རྒྱས་ཕལ་ཆེན་ཡིན་ལ། ཐུབ་པ་བྱེ་བ་ཕྲག་

(༦༠༠)བརྒྱ་ཡིས་བཀའ་གསུམ་བྱེ་བྲག་བྱེ་བ་ཕྲག་བརྒྱ་ལས་ཆུའི་ཆུ་བྲན་དང་འདྲ་བ་ཡིན། དེའི་ཕྱིར་ན་ལྟོས་པ་ལ་ལྟོས་ཆོས་ཀྱིས་བཀའ་གསུམ་གྱི་བྱེ་བྲག་ནི་གྲངས་མེད་ཅིང་རྩིས་ལས་འདས། མདོར་བསྡུས་ན་གསུམ་ཡིན་ཏེ། བྱིན་གྱིས་བརླབས་པའི་བཀའ་ཆེན་པོ་ནི་སངས་རྒྱས་ཕལ་པོ་ཆེ་ཡིན་ལ། ཞལ་ནས་གསུངས་པའི་བཀའ་བྱེ་བྲག་པ་ཆ་གཅིག་ནི། རང་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་འཛམ་བུའི་གླིང་དང་ལྷའི་ཡུལ་དུ་གསུངས་པ་སྡེ་སྣོད་གསུམ་དང་། ཀྲི་ཡོག་གསུམ་གྱི་ཆེད་དུ་བཞེད་པའོ། །ཤཱཀྱ་ཐུབ་པ་མྱ་ངན་ལས་འདའ་ཀར་ཞལ་ནས་གསུངས་པ་རྣམས་གཏན་ལ་ཕབ། ལུང་བསྟན་སྐྱེས་བུ་མི་བཞི་འབྱུང་བར་ལུང་བསྟན་པ་ཡིན། སྐྱེས་བུ་མི་བཞིའི་རིང་ལ་རྗེས་སུ་གནང་བའི་བཀའ་ཆེན་པོ་བྱེ་བྲག་པ་ཆ་གཅིག་ལས། ཕྱི་རྒྱུད་གསུམ་གྱི་ཕྱེད། མཧཱ་ཡོ་ག །ཨ་ནུ་ཡོ་ག །ཨ་ཏི་ཡོ་ག །ཐེག་པ་ཕྱེད་དང་དྲུག་བྱུང་བའོ། །དེ་ལ་རྗེས་སུ་གནང་བའི་བཀའ་བྱེ་བྲག་པ་ཙམ་དུ་བཞེད་པ་ཡིན། བྱིན་གྱིས་བརླབས་པའི་བཀའ་ཆེན་པོ་སྟོན་པ་ལྔ་དང་། བསྟན་པ་ལྔའི་རྩ་བ་སངས་རྒྱས་ཕལ་པོ་ཆེའི་previous hit དགོངས next hit་འདི་བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་སྒྲ་དོན་འཆད་ཅིང་སྤྲོད་པའི་དུས་སུ། ཐམས་ཅད་ཀྱི་གོང་དུ་འདི་འཆད་ཅིང་བཀའ་གསུམ་ངོ་སྤྲོད་ཅིང་གཏན་ལ་ཕབ་པར་བྱའོ། །དེའི་ཕྱིར་ན། མདོར་བསྡུས་པ་འདི་ལ་མཁས་པར་འདོད་ན། སངས་རྒྱས་ཕལ་པོ་ཆེའི་སྒྲ་དོན་མ་ལུས་པ་ལ་མཁས་ཤིང་བསླབ་པར་བྱའོ། །སྐུ་ལྔ་ཡོངས་སུ་རྫོགས་པའི་རྒྱལ་བ་སྲས་བཅས་རྣམ་འཕྲུལ་ཆོ་འཕྲུལ་དང་བཅས་པ་རྣམས་དང་། ཡེ་ཤེས་འཇིག་རྟེན་

(༦༠༡)ཆོས་ཀྱི་དབྱིངས་དང་མཉམ་པ་ན་བཞུགས་པ་རྣམས་ཀྱིས། ཆོས་འདི་གང་དང་གང་ན་བཞུགས་པ་རྣམས་དང་། ཉན་དང་བཤད་དང་སྒོམ་དང་ཀློག་པ་ལ་སོགས་པ་རྣམས་ལ་དབང་བསྐུར་ཞིང་བྱིན་གྱིས་བརློབས་ཤིག །སྨིན་ཅིང་གྲོལ་བ་དང་བར་ཆོད་སེལ་ཞིང་ཆོས་སྐྱོང་ཆེན་པོ་མཛོད་ཅིག །ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། དུས་གསུམ་བསགས་དང་རྟོགས་པ་ཡིས། འགྲོ་དྲུག་སེམས་ཅན་མ་ལུས་པ། སྐུ་ལྔ་ཡོངས་རྫོགས་སངས་རྒྱས་ཉིད་དུ་ཤོག །སྐུ་ལྔ་ཡོངས་སུ་རྫོགས་པའི་རྣམ་པར་འཕྲུལ་པ་རྣམ་པར་སྣང་མཛད་ཆེན་པོའི་རྣམ་འཕྲུལ་དང་ཆོ་འཕྲུལ་གྲངས་མཐའ་ཡས་པའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། རབ་འབྱམ་ཆོས་ཀྱི་ཕུང་པོ། བཀའ་གསུམ་བྱེ་བ་ཕྲག་བརྒྱའི་རྩ་བ་རྫོགས་སོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། གཅིག་ཞུས།

(༦༠༢)

(༦༠༣)འདོད་པ་རྒྱ་མཚོ་མཐའ་ཡས་བཞུགས་སོ། །

(༦༠༤)སྟོན་པ་ལྔ་ཡི་བསྟན་པ་ལྔ། །འཁོར་འདས་ལམ་གྱིས་བསྡུས་པའི་ཆོས། །ངར་འཛིན་ཉི་ཤུ་རྩ་གཅིག་སྟེ། །ཞེ་འདོད་གྲུབ་མཐའ་བསམ་མི་ཁྱབ། །དེ་ཡི་སྒྲ་དོན་དབྱེ་བར་བྱ། །ཀུན་གཞི་བཤིས་ཀྱི་གནས་ལུགས་ལ། །མ་རྟོགས་ཀུན་བཏགས་བསམ་མི་ཁྱབ། །གནག་དང་དཀར་དང་ལུང་མ་བསྟན། འཁོར་འདས་ལམ་གྱིས་བསྡུས་པ་ཡི། །ཆོས་རྣམས་ཐམས་ཅད་ཀུན་བཏགས་ཡིན། །དངོས་པོ་བཤིས་ཀྱི་གནས་ལུགས་ལ། །ལྷན་ཅིག་སྐྱེས་པའི་མ་རིག་པ་དཀར་ནག་ཁྲ་བོ་གསུམ་གྱིས་བསྒྲིབ་ཅིང་། གྲུབ་མཐའི་བྱེ་བྲག་གཉིས་དང་། འགྲོ་བ་རིགས་དྲུག་གི་འཁྲུལ་གཞི་དང་། མིང་དང་ཐ་སྙད་ཞེ་འདོད་གྲངས་མེད་པའི་ཀུན་བཏགས་ཆུའི་གཉེར་མ་ལྟ་བུ་རྒྱུན་ཆད་མེད་པར་བྱུང་ཞིང་། གནས་པ་དེ། སངས་རྒྱས་ཀྱིས་ཀྱང་གྲངས་དང་ཚད་བཟུང་དཀའ་བའི་ཕྱིར་ན། ས་དང་ལམ་ལ་གནས་པའི་གང་ཟག་རྣམས་དང་ཐ་མལ་པའི་སྐྱེ་བོ་

(༦༠༥)རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ལྟ་སྨོས་ཀྱང་ཅི་དགོས། མ་རྟོགས་འགྲོ་དྲུག་གི་འཁྲུལ་གཞི་ཡོད་པར་འདོད་པ་དང་། ཐ་མལ་པའི་སྐྱེ་བོ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་བྱིས་པ་སོ་སོ་སྐྱེ་བོར་འདོད་པ་དང་། ཚོགས་སྦྱོར་གཉིས་མན་ཆོད་སོ་སོའི་སྐྱེ་བོར་འདོད་པ་དང་། ས་དང་པོའི་བདེན་པ་མཐོང་བ་ཡན་ཆོད་དང་། ས་བཅུ་པའི་བྱང་ཆུབ་སེམས་དཔའ་མན་ཆོད་དང་། མཆོག་གི་སྐྱེ་བོ་རབ་དང་འབྲིང་ཐ་མ་གསུམ་དུ་འདོད་པ་དང་། བཅོས་མ་འཕྲི་མིན་གྱི་ས་ཉན་ཐོས་དང་རང་སངས་རྒྱས་འཁོར་བ་ལས་ངེས་པར་འབྱུང་བར་འདོད་པ་དང་། རྒྱུན་ཏུ་ཞུགས་པ་རྣམ་པ་ལྔ་ཉན་ཐོས་དང་རང་སངས་རྒྱས་གཉིས་ཀྱི་ཐུན་མོང་དུ་འདོད་པ་དང་། ཡིད་བཞིན་བདེ་བ་མཆོག་གི་ས་བཅུ་དྲུག་ཆ་གྲངས་རབ་ཏུ་དབྱེ་བ་སངས་རྒྱས་ཀྱི་སར་འདོད་པ་དང་། ཚོགས་ལམ་བཞི་གསུམ་བཅུ་གཉིས་སྦྱོར་ལམ་ངེས་པར་འབྱེད་པ་ཆ་བཞི། བྱང་ཆུབ་སེམས་དཔའ་ཟག་པ་དང་བཅས་པའི་ལམ་དུ་འདོད་པ་དང་། ས་དང་པོའི་བདེན་པ་མཐོང་བ་ནི་དོན་དམ་པའི་མཐོང་ལམ་དུ་འདོད་པ་དང་། ས་གཅིག་པ་ནས་བཅུ་པའི་བར་ཟུང་འཇུག་རྣམ་པ་དགུའམ་བཅུ་གོང་ནས་གོང་དུ་རྫོགས་ཤིང་མཐར་ཕྱིན་པ་ནི། སྒོམ་དུ་མེད་པའི་སྒོམ་ལམ་དུ་འདོད་པ་དང་། བྱང་ཆུབ་སེམས་དཔའ་མཐའ་གཉིས་ལ་ངེས་པར་འབྱུང་ཞིང་། ས་བཅུ་

(༦༠༦)རྒྱུན་གྱི་ཐ་མ་ལ་རྡོ་ལྟ་བུའི་ཏིང་ངེ་འཛིན་མཐར་ཕྱིན་པ་ནི། སྡེ་སྣོད་གསུམ་གྱི་འབྲས་བུ་ཡོངས་སུ་རྫོགས་པ་ཡིན། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཤེས་པའི་དོན་ཡང་འདི་ལ་previous hit དགོངས next hit་ཡིན། རིགས་ཅན་འབྱེད་པའི་སར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་མདོ་སྡེ་དང་མངོན་པ་དང་ཆོས་ཀྱི་རྣམ་གྲངས་ཐམས་ཅད་སོ་སོར་འབྱེད་ཅིང་དེའི་དོན་རྣམས་ཡོངས་སུ་རྫོགས་པར་བྱེད་པ་ནི་སྤྲུལ་སྐུའི་བསྟན་པར་འདོད་པ་ཡིན། དབུགས་ཅན་ཕྱིན་པའི་སར་བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད་དང་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་། རྒྱུད་སྡེ་རྣམ་བཞི་སོ་སོར་འདོད་པ་དང་། རྒྱུད་སྡེ་རྣམ་པ་བཞི་གཅིག་འདོད་པ་དང་། རྒྱུད་སྡེ་རེ་རེ་ལ་ཡང་བཞི་བཞིར་འདོད་པ་དང་། རྒྱུད་སྡེ་ཐམས་ཅད་ཀྱི་previous hit དགོངས next hit་བསྐྱེད་རྫོགས་གཉིས་སུ་འདོད་པ་དང་། མ་སྨིན་པ་སྨིན་པ་དབང་བསྐུར་བར་འདོད་པ་དང་། གསང་སྔགས་རྡོ་རྗེ་ཐེག་པར་དབུགས་མ་ཕྱིན་པ་ཕྱིན་པར་འདོད་པ་དང་། མ་སྤངས་ལྷུན་གྱིས་གྲུབ་པའི་ཟབ་མོའི་གདམ་ངག་དང་། དབང་ཡོངས་སུ་རྫོགས་ནས་སྤྲུལ་པའི་སྐུ་རྣམས་ལོངས་སྤྱོད་རྫོགས་པའི་སྐུར་དབུགས་ཆེན་པོ་སྦྱིན་ནས་བཅུ་གཉིས་མ་ཆགས་པདྨ་ཅན་དུ་ལོངས་སྤྱོད་རྫོགས་པར་འདོད་པ་དང་། ལུང་ཅན་ཐོབ་པའི་སར་བདེ་བར་གཤེགས་པའི་བཀའ་རབ་འབྱམ་ཨ་ནུ་ཡོ་གར་འདུས་ཤིང་ཡོངས་སུ་རྣལ་འབྱོར་དུ་རྫོགས་ནས། ཡི་གེ་འཁོར་ལོ་ཚོགས་ཆེན་སར་ཤེས་རབ་ཡེ་ཤེས་ཀྱི་དབང་ཡོངས་སུ་རྫོགས་ནས། གསང་ཆེན་རིགས་གཅིག་ཀུན་བཟང་རྡོ་རྗེ་འཆང་དུ་འདོད་པ་དང་། རྩལ་ཆེན་རྫོགས་པའི་སར་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གར་སྡེ་སྣོད་གསུམ་དང་

(༦༠༧)རྒྱུད་སྡེ་ལྔར་མུ་སྟེགས་ཀྱི་ལྟ་ལོག་སུམ་བརྒྱ་དྲུག་བཅུ་དང་འགྲོ་བ་རིགས་དྲུག་གི་མ་རྟོགས་པའི་འཁྲུལ་གཞི་དང་། འཁྲུལ་པའི་རྣམ་པར་རྟོག་པ་བརྒྱད་ཁྲི་བཞི་སྟོང་དུ་འདོད་པ་དང་། དེས་བསྐྱེད་པའི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དུ་འདོད་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་ལམ་དང་ལམ་གྱི་བྱེ་བྲག་གིས་བསྡུས་པ་རྣམས། ངར་འཛིན་པའི་ལྟ་བ་ཉི་ཤུ་རྩ་གཅིག་ཏུ་འདུས་པར་འདོད་ཅིང་། དེ་རྣམས་ཐམས་ཅད་རང་བཞིན་ངོ་བོ་ཉིད་དུ་རྫོགས་ཤིང་། བརྡལ་བ་དང་ཁྱབ་པ་ཁྱབ་ཆེན་པོ་ཡང་སངས་རྒྱས་པའི་གནས་ལུགས། རྟོགས་པ་རབ་འབྱམ་རང་བྱུང་གི་ཡེ་ཤེས་པ་དང་ལམ་དང་འབྲས་བུ་གང་དུ་ཡང་ཐ་སྙད་མི་འདོགས་པ་དང་། ཤིན་ཏུ་རྣལ་འབྱོར་རྫོགས་པ་ཆེན་པོ་སྐུ་ལྔ་ཡོངས་སུ་རྫོགས་པ། སྐུ་བཞི་འདུ་བ་དང་འབྲལ་བ་མེད་པ། སྐུ་གསུམ་ལྷུན་གྱིས་གྲུབ་པ། རྒྱལ་བ་དང་རྒྱལ་བའི་སྲས། ཞིང་ཁམས་དང་གཞལ་ཡས་ཁང་། སྟོན་པོ་དང་བསྟན་པ་གང་དུ་ཡང་ཐ་སྙད་མི་འདོགས་པ་དེ་ཆེན་པོའོ་ཆེན་པོ་གང་དང་གང་གིས་ཀྱང་སྒྲོ་བཏགས་སུ་མེད་པ་ཡིན། དབང་བཞི་ཡོངས་སུ་རྫོགས་པའི་ཨ་ཏི་ཡོ་ག །དེ་ལྟར་དུ་མ་རྟོགས་ཤིང་མ་རྫོགས་པ་རྣམས་ལ། ཀུན་བཏགས་འདི་རྣམས་ཐམས་ཅད་འབྱུང་བར་འདོད་པ་དང་། བསྒྲུབ་པར་འདོད་པ་དང་བླང་བར་འདོད་པ་དང་ལམ་བསྒྲོད་པར་དང་། སྤངས་པ་དང་ཐོབ་པར་འདོད་པ་དང་། སངས་རྒྱས་ལ་སེམས་ཅན་འབྱུང་བར་འདོད་པ་དང་། སེམས་ཅན་ལ་སངས་རྒྱས་འབྱུང་བར་འདོད་པ་དང་། སངས་རྒྱས་དཀོན་མཆོག་ལས་ཆོས་དཀོན་མཆོག་འབྱུང་བར་འདོད་པ་དང་། ཆོས་དཀོན་མཆོག་སངས་རྒྱས་དཀོན་མཆོག་གི་གསུངས་པར་འདོད་པ་དང་། དཀོན་མཆོག་

(༦༠༨)གཉིས་ལ་དགེ་འདུན་དཀོན་མཆོག་འབྱུང་བར་འདོད་པ་དང་། དགེ་འདུན་དཀོན་མཆོག་ལས་སངས་རྒྱས་དང་ཆོས་རྣམས་འབྱུང་བར་འདོད་པ་དང་། སེམས་ཅན་རྣམས་ཀྱི་སློབ་དཔོན་སངས་རྒྱས་སུ་འདོད་པ་དང་། སངས་རྒྱས་ཐམས་ཅད་ཀྱི་སློབ་དཔོན་སེམས་ཡིན་པར་འདོད་པ་དང་། རང་བཞིན་གྱི་ལུས་དང་། ངོ་བོ་ཉིད་ཀྱི་ལུས་དང་། ཆོས་ཀྱི་ལུས་དང་ལོངས་སྤྱོད་རྫོགས་པའི་ལུས་དང་། སྤྲུལ་པའི་ལུས་དང་། ལུས་རྣམ་པ་ལྔ་རྫོགས་པར་འདོད་པ་དང་། རང་བཞིན་གྱི་སྐུ་དང་། ངོ་བོ་ཉིད་ཀྱི་སྐུ་དང་། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་དང་། སྐུ་ལྔ་སོ་སོར་འབྱེད་པའི་འདོད་པ་དང་། སྐུ་གསུམ་དུ་འདོད་པ་དང་། སྐུ་གཅིག་ཏུ་འདོད་པ་དང་། དངོས་པོ་གཤིས་ཀྱི་གནས་ལུགས་ལ་སངས་རྒྱས་སུ་ཡང་མི་འདོགས་པ་དང་། སེམས་ཅན་དུ་ཡང་མི་འདོགས་པ་དང་། དགེ་བར་ཡང་མི་འདོགས་པ་དང་། སྡིག་པར་ཡང་མི་འདོགས་པ་དང་། དོན་དམ་པའི་ཆོས་སུ་ཡང་མིང་མི་འདོགས། ཉོན་མོངས་པ་འཁོར་བའི་ཆོས་སུ་ཡང་མིང་མི་འདོགས། དེ་ལྟ་བུའི་གནས་ལུགས་དེ། རང་བཞིན་ངོ་བོ་ཉིད་ཀྱིས་མཉམ་པ་ཉིད། འཁོར་འདས་ཐམས་ཅད་ཀྱིས་ཀུན་གཞི་ཡིན་པའི་ཕྱིར་ན། རྟོགས་ཤིང་གོམས་འདྲིས་མཐར་ཕྱིན་ན། སངས་རྒྱས་པར་འདོད་པ་དང་། མ་རྟོགས་ཤིང་འཁྲུལ་པ་ཡུན་རིང་དུ་སྤྱད་ན་འགྲོ་དྲུག་སོ་སོའི་རྒྱུ་འབྲས་བུ་འདོད་པ་དང་། ཡང་དག་པ་དང་། ཡོངས་སུ་བསྒྲུབ་པ་དང་། ཀུན་ཏུ་བཏགས་པ་དང་། གཞན་གྱི་དབང་དུ་སོང་བ་དང་། ཀུན་ལ་ཁྱབ་པ་དང་། འགྱུར་བ་མེད་པ་དང་། མཚན་ཉིད་དུ་མར་ཡོངས་སུ་རྫོགས་པ་དང་། གྲུབ་པའི་མཐའ་ཡོད་པ་དང་། མཐའ་མེད་པ་དང་། རྒྱུ་མེད་པ་དང་། ལུང་དུ་བསྟན་པ་དང་།

(༦༠༩)ལུང་དུ་མ་བསྟན་པ་དང་། མངོན་ཏུ་གྱུར་པ་དང་། ལྐོག་ཏུ་གྱུར་པའི་རིག་པ་དང་། འདུས་བྱས་ནས་མྱ་ངན་ལས་འདའ་བ་དང་། འདུས་མ་བྱས་ནས་སངས་རྒྱ་བ་དང་། ཉོན་མོངས་པ་སྤངས་པ་དང་། ཉོན་མོངས་པ་མ་སྤངས་པའི་རྒྱུ་འབྲས་དང་། བསྒྱུར་ཏུ་བཏུབ་པ་དང་། བསྒྱུར་དུ་མི་བཏུབ་པ་དང་། དགེ་བ་ཡོད་པར་བཞེད་པ་དང་། དགེ་བ་མེད་པར་བཞེད་པ་དང་། ཡིད་ལ་བྱས་པས་ཐམས་ཅད་སྒྲུབ་པར་འདོད་པ་དང་། ཡིད་ལ་མ་བྱས་ནས་ཐམས་ཅད་འགྲུབ་པར་འདོད་པ་དང་། སེམས་ཡོད་པར་འདོད་པ་དང་། སེམས་མེད་པར་འདོད་པ་དང་། ཤེས་བྱ་ཐམས་ཅད་བསླབས་ནས་ཐམས་ཅད་མྱ་ངན་མེད་པར་འདོད་པ་དང་། ཅི་ཡང་མ་བསླབས་པར་རང་བཞིན་གྱི་ཐམས་ཅད་མཁྱེན་པར་འདོད་པ་དང་། རྣམ་པར་ཤེས་པ་རྫས་དང་བརྡུལ་དུ་འདོད་པ་དང་། ལུས་མེད་པར་འདོད་པ་དང་། ཡིད་ཀྱི་ལུས་ཅན་དུ་འདོད་པ་དང་། ཡེ་ཤེས་ཀྱི་ལུས་ཅན་དུ་འདོད་པ་དང་། སངས་རྒྱས་ཡོད་པར་འདོད་པ་དང་། སངས་རྒྱས་མེད་པར་འདོད་པ་དང་། སངས་རྒྱས་ཡོད་ཀྱང་ཡེ་ཤེས་མེད་པར་འདོད་པ་དང་། སངས་རྒྱས་ལ་previous hit དགོངས next hit་ཡོད་པར་འདོད་པ་དང་། previous hit དགོངས next hit་མེད་པར་འདོད་པ་དང་། སངས་རྒྱས་དང་སེམས་ཅན་གཉིས་དབྱེར་མེད་དུ་འདོད་པ་དང་། གཉིས་ཅན་དུ་འདོད་པ་དང་། དངོས་པོ་གཤིས་ཀྱི་གནས་ལུགས་ལ་མཐའ་ཡོད་པར་འདོད་པ་དང་། མཐའ་མེད་པར་འདོད་པ་དང་། མཐའ་བྲལ་དབུ་སེམས་ཙམ་དུ་བཞེད་པ་དང་། སྣང་བ་རང་སེམས་སུ་འདོད་པ་དང་། ཉོན་མོངས་པ་དུག་ལྔ་གཤིས་རང་གནས་སུ་འདོད་པ་དང་། བློ་བུར་བ་ཡིན་པའི་ཕྱིར་ན། གཤིགས་ཤིང་

(༦༡༠)དག་པ་དང་བཀག་ཅིང་བསྒྱུར་ན་འགྱུར་དུ་བཏུབ་པ་དང་། སྤངས་ཤིང་གཉེན་པོ་བསྒོམས་ན་འབྲས་བུ་མཐར་ཐུག་ཐོབ་པར་འདོད་པ་དང་། ཞེ་འདོད་རྟག་པ་ཡིད་ལ་བྱས་པ་ཡིས། རྟག་ལྟའི་གྲུབ་མཐའ་དང་། ཅི་ཡང་མེད་པར་ཡིད་ལ་བྱས་ཤིང་སྤྱོད་པ་ཡིས། ཆད་པར་ལྟ་བའི་ཞེ་འདོད་དང་། གཉིས་ཀ་སྤྱོད་ཅིང་ཡིད་ལ་བྱས་པ་ཡིས། གསལ་བའི་ཞེ་འདོད་དང་། སུམ་བརྒྱ་དྲུག་བཅུའི་ཞེ་འདོད་སྣ་ཚོགས་ཀྱིས། གྲུབ་མཐའ་སུམ་བརྒྱ་དྲུག་བཅུར་བཞེད་པ་དང་། ཕྱི་ནང་གྲུབ་མཐའ་ཐམས་ཅད་ལ། ཞེ་འདོད་རྣམ་པ་སྣ་ཚོགས་ཡོད། ཐམས་ཅད་འདྲེས་ཤིང་འདྲེས་ཤིང་སྣང་། མཁས་པ་རྣམས་ལའང་ཞེ་འདོད་སྣང་། རྨོངས་པ་རྣམས་ལའང་ཞེ་འདོད་ཡོད། འདོད་པས་ཀུན་ལ་ཁྱབ་པའི་ཕྱིར། མཁས་པ་རྣམས་ཀྱིས་སོ་སོར་དབྱེ་ཡང་འཚལ། འདོད་པ་ཡོད་ནས་སངས་རྒྱས་ཐོབ་པར་འདོད་པ་དང་། འདོད་པ་མེད་ནས་སངས་རྒྱ་བར་འདོད་པ་དང་། གཉིས་ཀའི་མཐའ་བསལ་ནས་སངས་རྒྱས་པར་བཞེད་པ་དང་། བཞེད་ལུགས་རྣམ་previous hit ་ཐམས་ཅད་ལ། ཐུགས་དགོངས next hit་སོ་སོར་བཏང་ཡང་འཚལ། རྟེན་འབྲེལ་བཅུ་གཉིས་ལུགས་ཅན་འབྱུང་དུ་འདོད་པ་དང་། ལུགས་ལས་བཟློག་པར་འདོད་པ་དང་། རྟེན་འབྲེལ་བཅུ་གཉིས་གདོད་མ་ནས་མེད་པར་འདོད་པ་དང་། ས་ལམ་རིམ་གྱིས་བགྲོད་ནས་སངས་རྒྱས་ཐོབ་པར་འདོད་པ་དང་། དགེ་བ་སྤུ་ཙམ་ཡང་མ་བྱས་ཤིང་། སྡིག་པ་སྤུ་ཙམ་མ་གཤགས་པར་རང་བཞིན་ཉིད་ཀྱིས་སངས་རྒྱས་ཐོབ་པར་འདོད་པ་དང་། འདོད་པའི་ཚོགས་གྲངས་མང་ཞིང་ཞེ་འདོད་བསམ་གྱིས་མི་ཁྱབ་པའི་ཕྱིར་ན་

(༦༡༡)ཡང་དག་པ་ལ་ཐེ་ཚོམ་ཟ་བར་མི་འགྱུར་རམ།། །།འཁོར་བ་ཐོག་མཐའ་ཡོད་པར་འདོད་པ་དང་། འཁོར་བ་ཐོག་མཐའ་མེད་པར་འདོད་པ་དང་། འཁོར་འདས་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་ཅིག་པར་འདོད་པ་དང་། ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་སོ་སོར་འདོད་པ་དང་། སེམས་ཅན་ལ་གསར་སྐྱེས་ཡོད་པར་འདོད་པ་དང་། སེམས་ཅན་ལ་གསར་སྐྱེས་མེད་པར་འདོད་པ་དང་། རིག་པ་སྣ་ཚོགས་ཀྱིས་རྟོགས་ཤིང་སྤྱོད་ནས་རིག་པས་གཏན་ལ་འབེབས་པར་འདོད་པ་དང་། སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ལུང་གིས་གཏན་ལ་འབེབས་པར་འདོད་པ་དང་། སངས་རྒྱས་ཆོས་དང་བསྟན་པ་གསུམ་བྱུང་མ་མྱོང་ཞིང་ཡོད་པར་མི་འདོད་པ་དང་། ལས་མེད་པར་འདོད་པ་དང་། ལས་དང་ལས་ཀྱི་རྣམ་སྨིན་ཡོད་པར་འདོད་པ་དང་། འགྲོ་བ་ཐམས་ཅད་ཀྱི་ཕོ་མོ་ལ་ཕྲུ་གུ་སྐྱེ་བ་དེ་ལུས་ཀྱིས་བསྐྱེད་པ་དང་། ལུས་སེམས་གཉིས་ཀས་བསྐྱེད་པར་འདོད་པ་དང་། སྒྱུ་མ་དང་སྒྱུ་མ་མཁན་ལ་འབྲེལ་བ་ཡོད་པར་འདོད་པ་དང་། སྒྱུ་མ་དང་སྒྱུ་མ་མཁན་ལ་འབྲེལ་བ་མེད་པར་འདོད་པ་དང་། སྒྲ་བརྙན་དང་སྒྲ་བརྙན་འབྱུང་བའི་གནས་དེ་ལ་འབྲེལ་བ་ཡོད་པར་འདོད་པ་དང་། སྒྲ་བརྙན་དང་སྒྲ་བརྙན་འབྱུང་བའི་གནས་དེ་ལ་འབྲེལ་བ་མེད་པར་འདོད་པ་དང་། རྒྱུ་དང་འབྲས་བུ་ལ་འབྲེལ་བ་ཡོད་པར་འདོད་པ་དང་། རྒྱུ་དང་འབྲས་བུ་ལ་འབྲེལ་བ་ཡོད་ན། འབྲས་བུ་རྒྱུར་ལྡོག་པ་བཞིན་དུ། སངས་རྒྱས་སེམས་ཅན་དུ་ལྡོག་པའི་སྐྱོན་ཡོད་དོ། །རྒྱུ་དང་འབྲས་བུ་ལ་འབྲེལ་བ་མེད་ན།

(༦༡༢)འཁོར་འདས་ལམ་གྱིས་བསྡུས་པའི་ཆོས་རྣམས་བྱས་པ་དོན་མེད་པའི་སྐྱོན་ཡོད་དོ། །ལུས་སེམས་གཉིས་ལ་འབྲེལ་ཡོད་པར་འདོད་པ་དང་། ལུས་སེམས་གཉིས་ལ་འབྲེལ་མེད་པར་འདོད་པ་དང་། དོན་དམ་བདེན་པར་འདོད་པ་དང་། ཀུན་རྫོབ་བདེན་པར་འདོད་པ་དང་། རྣམ་པར་ཤེས་པའི་ཚོགས་བརྒྱད་ལ་ཡུལ་ཡོད་པར་འདོད་པ་དང་། ཡུལ་ཅན་དུ་འདོད་པ་དང་། ཡུལ་དང་རྐྱེན་མེད་པར་འདོད་པ་དང་། ལུང་བདེན་ནས་རིག་པ་མི་བདེན་པར་འདོད་པ་དང་། རིག་པ་བདེན་ནས་ལུང་མི་བདེན་པར་འདོད་པ་དང་། དངོས་པོར་གྱུར་པར་ཐམས་ཅད་དང་གྲིབ་མ་ལ་འབྲེལ་པ་ཡོད་པར་འདོད་པ་དང་། གྲིབ་མ་དང་འབྲེལ་བར་གྱུར་པ་ཐམས་ཅད་ལ་འབྲེལ་པ་མེད་པར་འདོད་པ་དང་། འཁོར་འདས་ཀྱི་བྱེ་བྲག་ཐམས་ཅད་དང་བཏགས་པའི་མིང་ཐམས་ཅད་ལ་འབྲེལ་པ་ཡོད་པར་འདོད་པ་དང་། འཁོར་འདས་ཀྱི་བྱེ་བྲག་ཐམས་ཅད་དང་བཏགས་པའི་མིང་ཐམས་ཅད་ལ་འབྲེལ་བ་མེད་པར་འདོད་པ་དང་། མེ་ཡིས་སྐོམ་པའི་གདུང་བ་སེལ་བར་འདོད་པ་དང་། ཆུ་ཡིས་དྲོ་ཞིང་སྐེམ་པ་སྒྲུབ་པར་འདོད་པ་དང་། འཁོར་འདས་ཀྱི་ཆོས་ལ་མགོ་མཇུག་ཡོད་པར་འདོད་པ་དང་། རྒྱུན་ཆད་མེད་པར་སོང་ན་ཐམས་ཅད་དུ་ཕྱིན་པར་འདོད་པ་དང་། འགྲོ་བ་དང་འོང་བ་མེད་པར་བསྡད་པས་ཀུན་ན་ཁྱབ་ཅིང་ཕྱིན་པར་འདོད་པ་དང་། སྤྲིན་དང་ནམ་མཁའ་ལ་འབྲེལ་བ་ཡོད་པར་འདོད་པ་དང་། སྤྲིན་དང་ནམ་མཁའ་ལ་འབྲེལ་བ་མེད་པར་འདོད་པ་དང་། ཉིན་མོ་དང་མཚན་མོ་ལ་འབྲེལ་བ་མེད་པར་འདོད་པ་དང་། ཉིན་མོ་དང་མཚན་མོ་ལ་

(༦༡༣)འབྲེལ་བ་ཡོད་པར་འདོད་པ་དང་། སྐྱེ་བ་འདི་དང་ཕྱི་མ་ལ་འབྲེལ་པ་ཡོད་པར་འདོད་པ་དང་། སྐྱེ་བ་འདི་དང་ཕྱི་མ་ལ་འབྲེལ་བ་མེད་པར་འདོད་པ་དང་། སྐྱེ་བ་འདི་ཕྱི་གང་ཡང་མེད་པར་འདོད་པ་དང་། མེ་དང་དུད་པ་ལ་འབྲེལ་བ་ཡོད་པར་འདོད་པ་དང་། མེ་དང་དུད་པ་ལ་འབྲེལ་བ་མེད་པར་འདོད་པ་དང་། དུག་གསུམ་ལ་འབྲེལ་བ་ཡོད་པར་འདོད་པ་དང་། དུག་གསུམ་ལ་འབྲེལ་བ་མེད་པར་འདོད་པ་དང་། བདེ་བ་དང་སྡུག་བསྔལ་གཉིས་ལ་འབྲེལ་བ་ཡོད་པར་འདོད་པ་དང་། བདེ་བ་དང་སྡུག་བསྔལ་གཉིས་ལ་འབྲེལ་བ་མེད་པར་འདོད་པ་དང་། ཆོས་ཅན་ཆོས་ཉིད་གཉིས་ལ་འབྲེལ་བ་ཡོད་པར་འདོད་པ་དང་། ཆོས་ཅན་ཆོས་ཉིད་གཉིས་ལ་འབྲེལ་བ་མེད་པར་འདོད་པ་དང་། འབྲེལ་བ་མེད་ཅིང་འབྲེལ་བ་མེད་པའི་ཀུན་བཏགས་ཀྱི་སྣང་བ་བསམ་གྱིས་མི་ཁྱབ་པ་ལ་ཚད་མ་རྣམ་པ་གཉིས་སུ་ཤེས་པར་མཛོད། ཐམས་ཅད་རྟོགས་ན་ཀུན་རིག་པ་དང་ཀུན་མཁྱེན་པའི་རྒྱལ་པོ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལུང་ལས་ཀྱང་། འདོད་པ་ནི་རལ་གྲིའི་སོ་ལྟ་བུའོ། །འདོད་པ་ནི་དུག་གི་སྡོང་པོ་ལྟ་བུའོ། །འདོད་པ་ནི་མེ་མ་དག་དཔུངས་པ་ལྟ་བུའོ། འདོད་པ་ནི་ཀིམ་པ་ཀའི་འབྲས་བུ་ལྟ་བུའོ། །འདོད་པ་ནི་མཆིལ་མ་ལྟ་བུའོ། །འདོད་པ་ནི་མི་གཙང་བའི་བླུབས་ལྟ་བུའོ། །འདོད་པ་ནི་ཀུན་གྱིས་དམད་པའོ། དེའི་ཕྱིར་ན་བཟང་ངན་འབྲིང་གསུམ་གང་གི་ཡང་འདོད་པ་ཡོད་ཀྱང་འཁོར་བ་བཟང་ངན་འབྲིང་གསུམ་གྱི་རྒྱུ་ཡིན་ཏེ། མྱ་ངན་ལས་འདས་པའི་སྲོག་དང་བྲལ་བའོ།

(༦༡༤)དེའི་ཕྱིར་ན་འདོད་པ་དང་ཞེ་འདོད་གྲུབ་མཐའི་བྱེ་བྲག་གང་འདོད་པ་དེ་ཡང་སངས་རྒྱས་དང་བྲལ་བར་བྱེད་ཅིང་འཁོར་བ་དང་སྤྲོད་པར་བྱེད་པ་སྟེ། འདོད་པའི་ཚོགས་རྣམས་སོ་སོར་ཤེས་པར་བྱའོ། །འཁོར་འདས་སྣོད་བཅུད་ཐམས་ཅད་ལ་རིགས་ཡོད་པར་འདོད་པ་དང་། འཁོར་འདས་སྣོད་བཅུད་ཐམས་ཅད་ལ་རིགས་མེད་པར་འདོད་པ་དང་། ལུས་ལ་རིགས་ཡོད་པར་འདོད་པ་དང་། ལུས་ལ་རིགས་མེད་པར་འདོད་པ་དང་། ལུས་སེམས་གཉིས་ལ་རིགས་ཡོད་པར་འདོད་པ་དང་། ལུས་སེམས་གཉིས་ལ་རིགས་མེད་པར་འདོད་པ་དང་། དབང་པོ་ལྔ་མངོན་གྱུར་དུ་ཚང་བར་འདོད་པ་དང་། དབང་པོ་ལྔ་ལྐོག་གྱུར་དུ་ཚང་བར་འདོད་པ་དང་། ཆོས་ཐམས་ཅད་ལ་སྐྱེ་བ་ཡོད་པར་འདོད་པ་དང་། ཆོས་ཐམས་ཅད་ལ་སྐྱེ་བ་མེད་པར་འདོད་པ་དང་། ཆོས་ཐམས་ཅད་ལ་འགག་པ་ཡོད་པར་འདོད་པ་དང་། ཆོས་ཐམས་ཅད་ལ་འགག་པ་མེད་པར་འདོད་པ་དང་། སྦྱོར་བ་བཟང་ངན་ཡོད་པར་འདོད་པ་དང་། སྦྱོར་བ་བཟང་ངན་མེད་པར་འདོད་པ་དང་། དངོས་གཞི་བཟང་ངན་ཡོད་པར་འདོད་པ་དང་། དངོས་གཞི་བཟང་ངན་མེད་པར་འདོད་པ་དང་། རྗེས་སུ་བཟང་ངན་ཡོད་པར་འདོད་པ་དང་། རྗེས་སུ་བཟང་ངན་མེད་པར་འདོད་པ་དང་། སངས་རྒྱས་ལ་ཆགས་སྡང་ཡོད་པར་འདོད་པ་དང་། སངས་རྒྱས་ལ་ཆགས་སྡང་མེད་པར་འདོད་པ་དང་། ཆགས་སྡང་མེད་ན་མཆོད་པ་བཟང་པོ་ཕུལ་བ་དང་ངན་པ་ཕུལ་བ་གཉིས་མཉམ་པར་ཐལ། བློ་ལས་འདས་པར་འདོད་པ་དང་། བློ་ལས་མ་འདས་པར་འདོད་པ་དང་། མཐར་ཐུག་པའི་འབྲས་བུ་ཐོབ་པར་འདོད་པ་དང་། མཐར་ཐུག་པའི་འབྲས་བུ་ཐོབ་རྒྱུ་

(༦༡༥)མེད་ནས་སངས་རྒྱས་པར་འདོད་པ་དང་། སངས་རྒྱས་བྱ་བ་སྟོང་པ་ཉིད་དུ་འདོད་པ་དང་། སངས་རྒྱས་པའི་དུས་སུ་དངོས་པོ་ཅན་དུ་འདོད་པ་དང་། སངས་རྒྱས་པའི་འབྲས་བུ་སྣ་ཚོགས་སུ་འདོད་པ་དང་། ཅི་ཡང་མེད་པའི་ཕྱག་འཚལ་ཆད་དུ་འདོད་པ་དང་། ཉོན་མོངས་པ་སྣ་ཚོགས་ཕར་སྤངས་ནས་ཡོན་ཏན་སྣ་ཚོགས་ཚུར་ཐོབ་ནས་སྤངས་པ་དང་ཐོས་པ་ཙམ་གྱིས་སངས་རྒྱས་པར་འདོད་པ་དང་། ཐམས་ཅད་རྟོགས་ནས་ཆེན་པོར་འདོད་པ་དང་། ཐམས་ཅད་མ་རྫོགས་ནས་ཆེན་པོར་འདོད་པ་དང་། གཉིས་ཀ་རྫོགས་ནས་ཆེན་པོར་འདོད་པ་དང་། ལྷས་བསྲུང་ཞིང་སྐྱོབ་པར་འདོད་པ་དང་། འདྲེ་དང་བདུད་ཀྱིས་བར་ཆད་བྱེད་པར་འདོད་པ་དང་། གཉེན་གྱིས་བྱམས་ཤིང་སྐྱོང་བར་འདོད་པ་དང་། དགྲ་ཡིས་གནོད་པ་སྣ་ཚོགས་བྱེད་པར་འདོད་པ་དང་། བཟང་པོ་སྣ་ཚོགས་འབྱུང་དུ་རེ་བར་འདོད་པ་དང་། ངན་པར་འགྲོ་དོགས་པའི་འདུ་ཤེས་དང་། ངན་སོང་གསུམ་ལས་ཐར་བར་འདོད་པ་དང་། མཐོ་རིས་གསུམ་ཐོབ་པར་འདོད་པ་དང་། འཇིག་རྟེན་ཆེན་པོའི་ཡོན་ཏན་ཐམས་ཅད་ཐོབ་པར་འདོད་པ་དང་། རྩོལ་བ་སྣ་ཚོགས་དང་འདུ་བྱེད་སྣ་ཚོགས་བྱེད་པར་འདོད་པ་དང་། ངར་འཛིན་པའི་ལྟ་བ་གྲངས་མེད་པ་ལས། སངས་རྒྱས་ལ་བཟང་ངན་ཡོད་པར་འདོད་པ་དང་། ཐེག་པ་ལ་མཐོ་སྨན་ཡོད་པར་འདོད་པ་དང་། སྐྱེ་འགག་གཉིས་དུས་མཚུངས་པར་འདོད་པ་དང་། སྐྱེ་འགག་གཉིས་དུས་མི་མཚུངས་པར་འདོད་པ་དང་། འདོད་པ་གྲངས་མེད་པ་ཡོད་པས་འདོད་པ་རེ་ལ་སློབ་དཔོན་རེ། །འདོད་པ་རེ་ལ་སློབ་མ་རེ། །འཁོར་འདས་ཀྱི་ཆོས་ཐམས་ཅད་ཀུན་བཏགས་ལས་མ་འདས་པའི་ཕྱིར། ཉོན་མོངས་པ་དུག་ལྔ་སྤངས་ནས་སངས་རྒྱས་པར་བཞེད་པར་བཞེད་པ་དང་།

(༦༡༦)ཉོན་མོངས་པ་དུག་ལྔ་མ་སྤངས་ཤིང་སྤྱད་ནས་སངས་རྒྱས་པར་འདོད་པ་དང་། དེའི་ཕྱིར་ན་དཀོན་མཆོག་རྩེགས་པའི་ལུང་ལས་ཀྱང་། འདོད་པ་མེད་པའི་རྟོགས་པར་ལྡན། རྒྱལ་བ་རྣམས་ཀྱི་previous hit དགོངས next hit་སྟེ། །སྤངས་ཐོབ་མེད་པར་ས་ལམ་རྫོགས། །ཤེས་གསུངས་པའི་ཕྱིར་ན། སོང་བ་ནི་ཕན་ཆོད་ཡོད་པར་འདོད་པ་དང་། སོང་བ་ནི་ཕན་ཆད་མེད་པར་འདོད་པ་དང་། གཅིག་དང་དུ་བྲལ་རྡོ་རྗེ་གཟེགས་མ་ཡོད་པར་འདོད་པ་དང་། གཅིག་དང་དུ་བྲལ་རྡོ་རྗེ་གཟེགས་མ་མེད་པར་འདོད་པ་དང་། གཤིས་དགེ་བར་འདོད་པ་དང་། གཤིས་མི་དགེ་བར་འདོད་པ་དང་། སངས་རྒྱས་ཀྱི་དགེ་བ་སེམས་ཅན་གྱིས་བསྔོ་བར་འདོད་པ་དང་། སེམས་ཅན་གྱི་དགེ་བ་སངས་རྒྱས་ཀྱིས་བསྔོ་བར་འདོད་པ་དང་། བསྔོ་རྒྱུ་ཡོད་པར་འདོད་པ་དང་། བསྔོ་རྒྱུ་མེད་པར་འདོད་པ་དང་། དམིགས་པ་སྣ་ཚོགས་པས་སངས་རྒྱས་ཐོབ་པར་འདོད་པ་དང་། ཅི་ཡང་མི་དམིགས་པས་སངས་རྒྱས་ཐོབ་པར་འདོད་པ་དང་། ནང་པ་སངས་རྒྱས་པས་ཕྱི་པ་མུ་སྟེགས་པ་མི་བདེན་པར་འདོད་པ་དང་། ཕྱི་པ་མུ་སྟེགས་པས་ནང་པ་སངས་རྒྱས་པའི་གྲུབ་མཐའ་ལོག་པར་འདོད་པ་དང་། སྨྱོན་པས་མི་སྨྱོ་བའི་མི་ལ་སྨྱོན་པར་མཐོང་བ་དང་། མི་སྨྱོ་བའི་མིས་སྨྱོན་པ་མཐོང་ན་སྨྱོན་པར་འདོད་པ་དང་། མི་རྟག་པ་དང་འཇིགས་ཚོགས་ཀྱི་ལྟ་བ་དང་། སྒྱུ་མའི་དཔེ་བརྒྱད་རྒྱུན་ཆད་མེད་པར་བསྒོམས་ཤིང་གོམས་འདྲིས་མཐར་ཕྱིན་ན་སངས་རྒྱས་པར་འདོད་པ་དང་། མི་རྟག་པ་དང་འཇིགས་ཚོགས་ཀྱི་ལྟ་བ་དང་། སྒྱུ་མ་དང་རྨི་ལམ་དང་ཏྲི་ཟའི་གྲོང་ཁྱེར་དང་ཆུ་ཟླ་དང་རྨིག་སྒྱུ་ལ་སོགས་པ་ཁམས་གསུམ་པ་ཐམས་ཅད་འཇིགས་ཚོགས་ལས་མ་གཡོས་པའི་ཕྱིར་ཆེད་དུ་སྒོམ་

(༦༡༧)མི་དགོས། བསྒོམས་ན་སངས་རྒྱས་པའི་གེགས་སུ་འདོད་པ་དང་། དངོས་པོ་ཨ་བ་ཐས་སུ་ཡོད་པ་རྣམས་ལ་སྟོང་པ་ཉིད་དུ་གཤིགས་པས་འཇིགས་པར་མི་འདོད་པ་དང་། སྟོང་པ་ཉིད་ལ་མེད་པ་ལ་ཡོད་པར་བསམས་པས་དངོས་པོར་འགྱུར་མི་སྲིད་པར་འདོད་པ་དང་། ནམ་མཁའ་ལ་མཐའ་ཡོད་པར་འདོད་པ་དང་། ནམ་མཁའ་མཐའ་མེད་པར་འདོད་པ་དང་། སེམས་ཅན་ལ་མཐའ་ཡོད་པར་འདོད་པ་དང་། སེམས་ཅན་ལ་མཐའ་མེད་པར་འདོད་པ་དང་། སྡུག་བསྔལ་དང་ལམ་དང་འགོག་པ་དང་ཀུན་འབྱུང་བ་ཡོད་པར་འདོད་པ་དང་། སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་མེད་པར་འདོད་པ་དང་། སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་ཤེས་པ་ཙམ་གྱིས་མྱ་ངན་ལས་འདའ་བར་འདོད་པ་དང་། སེམས་བསྐྱེད་རྒྱུ་ཡོད་པར་འདོད་པ་དང་། སེམས་བསྐྱེད་རྒྱུ་མེད་པར་འདོད་པ་དང་། སྲོག་གཅོད་པ་སྤངས་པས་ཚེ་རིང་བར་འདོད་པ་དང་། སྲོག་བཅད་ན་ཚེ་ཐུང་བར་འདོད་པ་དང་། མ་བྱིན་པ་ལེན་པ་སྤངས་ན་ནོར་བསྙེད་པར་འདོད་པ་དང་། རྐུ་ཞིང་འཕྲོགས་ན་ནོར་དང་བྲལ་བར་འདོད་པ་དང་། མི་ཚངས་པར་སྤྱོད་པ་སྤངས་པས་ལྷའི་བུ་དང་བུ་མོ་ལྟ་བུ་དང་འཕྲད་པར་འདོད་པ་དང་། མི་ཚངས་བར་སྤྱད་ན་མངལ་སྒོ་ངན་པའི་སྐྱེ་གནས་འགྲིམ་པར་འདོད་པ་དང་། རྫུན་ཏུ་སྨྲ་བ་སྤངས་པས་ངག་བདེན་པ་དང་ལྡན་པར་འདོད་པ་དང་། རྫུན་ཏུ་སྨྲ་ན་ངག་ཉམས་པར་འདོད་པ་དང་། དབྱེ་ན་བྱས་ན་གཉེན་འདུན་དང་བྲལ་བར་འདོད་པ་དང་། དབྱེ་ན་སྤངས་ན་འཛའ་མཐུན་པར་འདོད་པ་དང་། ཚིག་རྩུབ་སྤངས་ན་སྙན་པས་ཁྱབ་པར་འདོད་པ་དང་། ཚིག་རྩུབ་མ་སྤངས་ན་མི་སྙན་པ་ཐོས་པར་འདོད་པ་དང་། ངག་འཁྱལ་སྤངས་ན་དོན་རྣམས་འགྲུབ་པར་འདོད་པ་དང་། ངག་འཁྱལ་མ་སྤངས་ན་བདག་གཞན་མགོ་སྐོར་བར་འདོད་པ་དང་། ལོག་ལྟ་སྤངས་ན་གཞན་སྣང་དག་པར་འདོད་པ་དང་། ལོག་ལྟ་མ་སྤངས་ན་

(༦༡༨)གཞན་སྣང་མི་དག་པར་འདོད་པ་དང་། སྦྱིན་པ་བཏང་ན་ལོངས་སྤྱོད་ཐོབ་པར་འདོད་པ་དང་། སེར་སྣ་བྱས་ན་ཡི་དགས་སུ་སྐྱེ་བར་འདོད་པ་དང་། ཚུལ་ཁྲིམས་བསྲུངས་ན་མཐོ་རིས་སུ་སྐྱེ་བར་འདོད་པ་དང་། ཚུལ་ཁྲིམས་ཉམས་ན་ངན་སོང་དུ་སྐྱེ་བར་འདོད་པ་དང་། བཟོད་པ་བསྒོམས་ན་གཟུགས་བཟང་པོ་ཐོབ་པར་འདོད་པ་དང་། བཟོད་པ་མ་བསྒོམས་ན་མདོག་ངན་ཞིང་གཟུགས་ཆུང་བར་འདོད་པ་དང་། བརྩོན་འགྲུས་བརྩམས་ན་དཀར་པོའི་ཡོན་ཏན་ཐོབ་པར་འདོད་པ་དང་། ལེ་ལོ་ཅན་གྱིས་བྱ་བ་མི་འགྲུབ་པར་འདོད་པ་དང་། མཉམ་པར་བཞག་ན་ཞི་བར་གནས་པར་འདོད་པ་དང་། གཡེང་བས་འཁྲུལ་པའི་དབང་དུ་འགྲོ་བར་འདོད་པ་དང་། ཤེས་རབ་ཀྱིས་ཆོས་ཀྱི་རང་བཞིན་རྟོགས་པར་འདོད་པ་དང་། ཤེས་རབ་འཆལ་པས་རྨོངས་པར་འདོད་པ་དང་། སྟོང་པ་ཉིད་རྒྱུ་འབྲས་སུ་འདོད་པ་དང་། རྒྱུ་འབྲས་སྟོང་པ་ཉིད་དུ་འདོད་པ་དང་། བྱས་པ་ཐམས་ཅད་ཀུན་རྫོབ་ཏུ་འདོད་པ་དང་། ཅི་ཡང་མ་བྱས་པ་དེ་མྱ་ངན་ལས་འདས་པར་འདོད་པ་དང་། ཕྱི་དྲོའི་ཁ་ཟས་སྤངས་པས་མུ་གེ་ལས་ཐར་བར་འདོད་པ་དང་། ཕྱི་དྲོའི་ཁ་ཟས་མ་སྤངས་ན་གཏོགས་ཤིང་མུ་གེ་ཅན་དུ་འདོད་པ་དང་། ཚུལ་ཁྲིམས་ངོ་ཚ་སྤངས་པའི་ཆེད་དུ་བསྲུངས་པར་འདོད་པ་དང་། གྲགས་པ་ཐོབ་པའི་ཆེད་དུ་ཐོས་བསམ་སྒོམ་གསུམ་བྱེད་པ་དང་། གཞན་གྱི་གྲུབ་མཐའ་སུན་འབྱིན་པའི་ཆེད་དུ་ཐོས་བསམ་སྒོམ་གསུམ་བྱེད་པ་དང་། རང་གི་སྒྲུབ་མཐའ་མ་བསྐྱོངས་ཀྱིས་དོགས་ནས་ཐོས་བསམ་བསྒོམ་གསུམ་བྱེད་པ་དང་། ཁས་ལེན་ཁ་བསག་བྱེད་པའི་ཕྱིར་ཚོགས་བསོག་བྱེད་པར་འདོད་པ་དང་། ལན་ལ་རེ་བའི་ཕྱིར་ཚོགས་བསོག་

(༦༡༩)བྱེད་པར་འདོད་པ་དང་། འཇིག་རྟེན་འདིའི་རྒྱུ་འབྲས་འདོད་པའི་ཕྱིར་དཀོན་མཆོག་མཆོད་པར་འདོད་པ་དང་། མི་ལ་འཛེམ་པའི་ཕྱིར་མཆོད་པ་དང་གཙང་སྦྲ་དང་བཀོད་པ་བཟང་པོ་བྱེད་པར་འདོད་པ་དང་། ལུས་ཀྱིས་ཁ་གསོ་བར་འདོད་པ་དང་། བཞི་པ་ལུས་གསོ་བར་འདོད་པ་དང་། ལུས་ཀྱིས་སེམས་བསྐྱེད་པར་འདོད་པ་དང་། སེམས་ཀྱིས་ལུས་བསྐྱེད་པར་འདོད་པ་དང་། སེམས་ཀྱིས་ལུས་བདག་ཏུ་བཟུང་བར་འདོད་པ་དང་། ལུས་ཀྱིས་སེམས་བདག་ཏུ་བཟུང་བར་འདོད་པ་དང་། ཉིན་མོས་མཚན་མོ་གསལ་བར་འདོད་པ་དང་། །མུན་པས་ཉིན་མོ་བསྒྲིབ་པར་འདོད་པ་དང་། །མཚན་གཞི་མེད་པར་འདོད་པ་དང་། །མཚོན་བྱ་ཡོད་པར་འདོད་པ་དང་། །མཚོན་བྱེད་མེད་པར་འདོད་པ་དང་། །སྐྱེས་པ་སྐྱེ་བར་འདོད་པ་དང་། །མ་སྐྱེས་པ་སྐྱེ་བར་འདོད་པ་དང་། །མ་བྱུང་བ་འབྱུང་བར་འདོད་པ་དང་། །བྱུང་བ་འབྱུང་བར་མི་འདོད་པ་དང་། །སངས་རྒྱས་ལ་ཐུགས་རྗེ་ཡོད་པར་འདོད་པ་དང་། སེམས་ཅན་ལ་ལས་ཡོད་པར་འདོད་པ་དང་། །སེམས་ཅན་ལ་ལས་མེད་པར་འདོད་པ་དང་། །ལས་ཀྱི་རྣམ་པར་སྨིན་པ་ཡོད་པར་འདོད་པ་དང་། །ཆོས་ཡོད་པར་འདོད་པ་དང་། ཆོས་མེད་པར་འདོད་པ་དང་། སངས་རྒྱས་ཀྱིས་ཆོས་གསུངས་པར་འདོད་པ་དང་། སངས་རྒྱས་ཀྱིས་ཆོས་མ་གསུངས་པར་འདོད་པ་དང་། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ཡོད་པར་འདོད་པ་དང་། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་མེད་པར་འདོད་པ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་ཡོད་པར་འདོད་པ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་མེད་པར་འདོད་པ་དང་། སྟོང་པ་ཉིད་མཐའ་བརྒྱད་ཡོད་པར་འདོད་པ་དང་། སྟོང་པ་ཉིད་

(༦༢༠)མཐའ་བརྒྱད་མེད་པར་འདོད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ཡོད་པར་འདོད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་མེད་པར་འདོད་པ་དང་། ས་བཅུ་བསྒྲོད་དགོས་པར་འདོད་པ་དང་། ས་བཅུ་བསྒྲོད་མི་དགོས་པར་འདོད་པ་དང་། བསམ་གཏན་བཞི་དང་ཚད་མེད་པ་བཞི་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དགུ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། འདུ་ཤེས་དགུ་ལ་སོགས་པ་རྣམས་ཡོད་པར་འདོད་པ་དང་། བསམ་གཏན་བཞི་དང་ཚད་མེད་པ་བཞི་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱི་གནས་པའི་སྙོམས་པར་འཇུག་པ་དགུ་དང་། འདུ་ཤེས་དགུ་ལ་སོགས་རྣམས་མེད་པར་འདོད་པ་དང་། ཏིང་ངེ་འཛིན་གྲངས་མེད་པ་རྣམས་ཡོད་པར་འདོད་པ་དང་། ཏིང་ངེ་འཛིན་གྲངས་མེད་པ་རྣམས་མེད་པར་འདོད་པ་དང་། གཟུངས་ཀྱི་སྒོ་རྣམས་ཡོད་པར་འདོད་པ་དང་། གཟུངས་ཀྱི་སྒོ་རྣམས་མེད་པར་འདོད་པ་དང་། མངོན་པར་ཤེས་པ་རྣམས་ཡོད་པར་འདོད་པ་དང་། མངོན་པར་ཤེས་པ་རྣམས་མེད་པར་འདོད་པ་དང་། ཟད་པར་དང་ཟིལ་གནོན་རྣམས་ཡོད་པར་འདོད་པ་དང་། ཟད་པར་དང་ཟིལ་གནོན་རྣམས་མེད་པར་འདོད་པ་དང་། ས་བཅུ་ཐོབ་ཏུ་ཡོད་པར་འདོད་པ་དང་། ས་བཅུ་ཐོབ་ཏུ་མེད་པར་འདོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་འཇིགས་པ་དང་སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། སངས་རྒྱས་རྣམས་ཡོད་པར་འདོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། སངས་རྒྱས་རྣམས་མེད་

(༦༠༣)འདོད་པ་རྒྱ་མཚོ་མཐའ་ཡས་བཞུགས་སོ། །

(༦༠༤)སྟོན་པ་ལྔ་ཡི་བསྟན་པ་ལྔ། །འཁོར་འདས་ལམ་གྱིས་བསྡུས་པའི་ཆོས། །ངར་འཛིན་ཉི་ཤུ་རྩ་གཅིག་སྟེ། །ཞེ་འདོད་གྲུབ་མཐའ་བསམ་མི་ཁྱབ། །དེ་ཡི་སྒྲ་དོན་དབྱེ་བར་བྱ། །ཀུན་གཞི་བཤིས་ཀྱི་གནས་ལུགས་ལ། །མ་རྟོགས་ཀུན་བཏགས་བསམ་མི་ཁྱབ། །གནག་དང་དཀར་དང་ལུང་མ་བསྟན། འཁོར་འདས་ལམ་གྱིས་བསྡུས་པ་ཡི། །ཆོས་རྣམས་ཐམས་ཅད་ཀུན་བཏགས་ཡིན། །དངོས་པོ་བཤིས་ཀྱི་གནས་ལུགས་ལ། །ལྷན་ཅིག་སྐྱེས་པའི་མ་རིག་པ་དཀར་ནག་ཁྲ་བོ་གསུམ་གྱིས་བསྒྲིབ་ཅིང་། གྲུབ་མཐའི་བྱེ་བྲག་གཉིས་དང་། འགྲོ་བ་རིགས་དྲུག་གི་འཁྲུལ་གཞི་དང་། མིང་དང་ཐ་སྙད་ཞེ་འདོད་གྲངས་མེད་པའི་ཀུན་བཏགས་ཆུའི་གཉེར་མ་ལྟ་བུ་རྒྱུན་ཆད་མེད་པར་བྱུང་ཞིང་། གནས་པ་དེ། སངས་རྒྱས་ཀྱིས་ཀྱང་གྲངས་དང་ཚད་བཟུང་དཀའ་བའི་ཕྱིར་ན། ས་དང་ལམ་ལ་གནས་པའི་གང་ཟག་རྣམས་དང་ཐ་མལ་པའི་སྐྱེ་བོ་

(༦༠༥)རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ལྟ་སྨོས་ཀྱང་ཅི་དགོས། མ་རྟོགས་འགྲོ་དྲུག་གི་འཁྲུལ་གཞི་ཡོད་པར་འདོད་པ་དང་། ཐ་མལ་པའི་སྐྱེ་བོ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་བྱིས་པ་སོ་སོ་སྐྱེ་བོར་འདོད་པ་དང་། ཚོགས་སྦྱོར་གཉིས་མན་ཆོད་སོ་སོའི་སྐྱེ་བོར་འདོད་པ་དང་། ས་དང་པོའི་བདེན་པ་མཐོང་བ་ཡན་ཆོད་དང་། ས་བཅུ་པའི་བྱང་ཆུབ་སེམས་དཔའ་མན་ཆོད་དང་། མཆོག་གི་སྐྱེ་བོ་རབ་དང་འབྲིང་ཐ་མ་གསུམ་དུ་འདོད་པ་དང་། བཅོས་མ་འཕྲི་མིན་གྱི་ས་ཉན་ཐོས་དང་རང་སངས་རྒྱས་འཁོར་བ་ལས་ངེས་པར་འབྱུང་བར་འདོད་པ་དང་། རྒྱུན་ཏུ་ཞུགས་པ་རྣམ་པ་ལྔ་ཉན་ཐོས་དང་རང་སངས་རྒྱས་གཉིས་ཀྱི་ཐུན་མོང་དུ་འདོད་པ་དང་། ཡིད་བཞིན་བདེ་བ་མཆོག་གི་ས་བཅུ་དྲུག་ཆ་གྲངས་རབ་ཏུ་དབྱེ་བ་སངས་རྒྱས་ཀྱི་སར་འདོད་པ་དང་། ཚོགས་ལམ་བཞི་གསུམ་བཅུ་གཉིས་སྦྱོར་ལམ་ངེས་པར་འབྱེད་པ་ཆ་བཞི། བྱང་ཆུབ་སེམས་དཔའ་ཟག་པ་དང་བཅས་པའི་ལམ་དུ་འདོད་པ་དང་། ས་དང་པོའི་བདེན་པ་མཐོང་བ་ནི་དོན་དམ་པའི་མཐོང་ལམ་དུ་འདོད་པ་དང་། ས་གཅིག་པ་ནས་བཅུ་པའི་བར་ཟུང་འཇུག་རྣམ་པ་དགུའམ་བཅུ་གོང་ནས་གོང་དུ་རྫོགས་ཤིང་མཐར་ཕྱིན་པ་ནི། སྒོམ་དུ་མེད་པའི་སྒོམ་ལམ་དུ་འདོད་པ་དང་། བྱང་ཆུབ་སེམས་དཔའ་མཐའ་གཉིས་ལ་ངེས་པར་འབྱུང་ཞིང་། ས་བཅུ་

(༦༠༦)རྒྱུན་གྱི་ཐ་མ་ལ་རྡོ་ལྟ་བུའི་ཏིང་ངེ་འཛིན་མཐར་ཕྱིན་པ་ནི། སྡེ་སྣོད་གསུམ་གྱི་འབྲས་བུ་ཡོངས་སུ་རྫོགས་པ་ཡིན། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཤེས་པའི་དོན་ཡང་འདི་ལ་previous hit དགོངས next hit་ཡིན། རིགས་ཅན་འབྱེད་པའི་སར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་མདོ་སྡེ་དང་མངོན་པ་དང་ཆོས་ཀྱི་རྣམ་གྲངས་ཐམས་ཅད་སོ་སོར་འབྱེད་ཅིང་དེའི་དོན་རྣམས་ཡོངས་སུ་རྫོགས་པར་བྱེད་པ་ནི་སྤྲུལ་སྐུའི་བསྟན་པར་འདོད་པ་ཡིན། དབུགས་ཅན་ཕྱིན་པའི་སར་བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད་དང་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་། རྒྱུད་སྡེ་རྣམ་བཞི་སོ་སོར་འདོད་པ་དང་། རྒྱུད་སྡེ་རྣམ་པ་བཞི་གཅིག་འདོད་པ་དང་། རྒྱུད་སྡེ་རེ་རེ་ལ་ཡང་བཞི་བཞིར་འདོད་པ་དང་། རྒྱུད་སྡེ་ཐམས་ཅད་ཀྱི་previous hit དགོངས next hit་བསྐྱེད་རྫོགས་གཉིས་སུ་འདོད་པ་དང་། མ་སྨིན་པ་སྨིན་པ་དབང་བསྐུར་བར་འདོད་པ་དང་། གསང་སྔགས་རྡོ་རྗེ་ཐེག་པར་དབུགས་མ་ཕྱིན་པ་ཕྱིན་པར་འདོད་པ་དང་། མ་སྤངས་ལྷུན་གྱིས་གྲུབ་པའི་ཟབ་མོའི་གདམ་ངག་དང་། དབང་ཡོངས་སུ་རྫོགས་ནས་སྤྲུལ་པའི་སྐུ་རྣམས་ལོངས་སྤྱོད་རྫོགས་པའི་སྐུར་དབུགས་ཆེན་པོ་སྦྱིན་ནས་བཅུ་གཉིས་མ་ཆགས་པདྨ་ཅན་དུ་ལོངས་སྤྱོད་རྫོགས་པར་འདོད་པ་དང་། ལུང་ཅན་ཐོབ་པའི་སར་བདེ་བར་གཤེགས་པའི་བཀའ་རབ་འབྱམ་ཨ་ནུ་ཡོ་གར་འདུས་ཤིང་ཡོངས་སུ་རྣལ་འབྱོར་དུ་རྫོགས་ནས། ཡི་གེ་འཁོར་ལོ་ཚོགས་ཆེན་སར་ཤེས་རབ་ཡེ་ཤེས་ཀྱི་དབང་ཡོངས་སུ་རྫོགས་ནས། གསང་ཆེན་རིགས་གཅིག་ཀུན་བཟང་རྡོ་རྗེ་འཆང་དུ་འདོད་པ་དང་། རྩལ་ཆེན་རྫོགས་པའི་སར་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གར་སྡེ་སྣོད་གསུམ་དང་

(༦༠༧)རྒྱུད་སྡེ་ལྔར་མུ་སྟེགས་ཀྱི་ལྟ་ལོག་སུམ་བརྒྱ་དྲུག་བཅུ་དང་འགྲོ་བ་རིགས་དྲུག་གི་མ་རྟོགས་པའི་འཁྲུལ་གཞི་དང་། འཁྲུལ་པའི་རྣམ་པར་རྟོག་པ་བརྒྱད་ཁྲི་བཞི་སྟོང་དུ་འདོད་པ་དང་། དེས་བསྐྱེད་པའི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དུ་འདོད་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་ལམ་དང་ལམ་གྱི་བྱེ་བྲག་གིས་བསྡུས་པ་རྣམས། ངར་འཛིན་པའི་ལྟ་བ་ཉི་ཤུ་རྩ་གཅིག་ཏུ་འདུས་པར་འདོད་ཅིང་། དེ་རྣམས་ཐམས་ཅད་རང་བཞིན་ངོ་བོ་ཉིད་དུ་རྫོགས་ཤིང་། བརྡལ་བ་དང་ཁྱབ་པ་ཁྱབ་ཆེན་པོ་ཡང་སངས་རྒྱས་པའི་གནས་ལུགས། རྟོགས་པ་རབ་འབྱམ་རང་བྱུང་གི་ཡེ་ཤེས་པ་དང་ལམ་དང་འབྲས་བུ་གང་དུ་ཡང་ཐ་སྙད་མི་འདོགས་པ་དང་། ཤིན་ཏུ་རྣལ་འབྱོར་རྫོགས་པ་ཆེན་པོ་སྐུ་ལྔ་ཡོངས་སུ་རྫོགས་པ། སྐུ་བཞི་འདུ་བ་དང་འབྲལ་བ་མེད་པ། སྐུ་གསུམ་ལྷུན་གྱིས་གྲུབ་པ། རྒྱལ་བ་དང་རྒྱལ་བའི་སྲས། ཞིང་ཁམས་དང་གཞལ་ཡས་ཁང་། སྟོན་པོ་དང་བསྟན་པ་གང་དུ་ཡང་ཐ་སྙད་མི་འདོགས་པ་དེ་ཆེན་པོའོ་ཆེན་པོ་གང་དང་གང་གིས་ཀྱང་སྒྲོ་བཏགས་སུ་མེད་པ་ཡིན། དབང་བཞི་ཡོངས་སུ་རྫོགས་པའི་ཨ་ཏི་ཡོ་ག །དེ་ལྟར་དུ་མ་རྟོགས་ཤིང་མ་རྫོགས་པ་རྣམས་ལ། ཀུན་བཏགས་འདི་རྣམས་ཐམས་ཅད་འབྱུང་བར་འདོད་པ་དང་། བསྒྲུབ་པར་འདོད་པ་དང་བླང་བར་འདོད་པ་དང་ལམ་བསྒྲོད་པར་དང་། སྤངས་པ་དང་ཐོབ་པར་འདོད་པ་དང་། སངས་རྒྱས་ལ་སེམས་ཅན་འབྱུང་བར་འདོད་པ་དང་། སེམས་ཅན་ལ་སངས་རྒྱས་འབྱུང་བར་འདོད་པ་དང་། སངས་རྒྱས་དཀོན་མཆོག་ལས་ཆོས་དཀོན་མཆོག་འབྱུང་བར་འདོད་པ་དང་། ཆོས་དཀོན་མཆོག་སངས་རྒྱས་དཀོན་མཆོག་གི་གསུངས་པར་འདོད་པ་དང་། དཀོན་མཆོག་

(༦༠༨)གཉིས་ལ་དགེ་འདུན་དཀོན་མཆོག་འབྱུང་བར་འདོད་པ་དང་། དགེ་འདུན་དཀོན་མཆོག་ལས་སངས་རྒྱས་དང་ཆོས་རྣམས་འབྱུང་བར་འདོད་པ་དང་། སེམས་ཅན་རྣམས་ཀྱི་སློབ་དཔོན་སངས་རྒྱས་སུ་འདོད་པ་དང་། སངས་རྒྱས་ཐམས་ཅད་ཀྱི་སློབ་དཔོན་སེམས་ཡིན་པར་འདོད་པ་དང་། རང་བཞིན་གྱི་ལུས་དང་། ངོ་བོ་ཉིད་ཀྱི་ལུས་དང་། ཆོས་ཀྱི་ལུས་དང་ལོངས་སྤྱོད་རྫོགས་པའི་ལུས་དང་། སྤྲུལ་པའི་ལུས་དང་། ལུས་རྣམ་པ་ལྔ་རྫོགས་པར་འདོད་པ་དང་། རང་བཞིན་གྱི་སྐུ་དང་། ངོ་བོ་ཉིད་ཀྱི་སྐུ་དང་། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་དང་། སྐུ་ལྔ་སོ་སོར་འབྱེད་པའི་འདོད་པ་དང་། སྐུ་གསུམ་དུ་འདོད་པ་དང་། སྐུ་གཅིག་ཏུ་འདོད་པ་དང་། དངོས་པོ་གཤིས་ཀྱི་གནས་ལུགས་ལ་སངས་རྒྱས་སུ་ཡང་མི་འདོགས་པ་དང་། སེམས་ཅན་དུ་ཡང་མི་འདོགས་པ་དང་། དགེ་བར་ཡང་མི་འདོགས་པ་དང་། སྡིག་པར་ཡང་མི་འདོགས་པ་དང་། དོན་དམ་པའི་ཆོས་སུ་ཡང་མིང་མི་འདོགས། ཉོན་མོངས་པ་འཁོར་བའི་ཆོས་སུ་ཡང་མིང་མི་འདོགས། དེ་ལྟ་བུའི་གནས་ལུགས་དེ། རང་བཞིན་ངོ་བོ་ཉིད་ཀྱིས་མཉམ་པ་ཉིད། འཁོར་འདས་ཐམས་ཅད་ཀྱིས་ཀུན་གཞི་ཡིན་པའི་ཕྱིར་ན། རྟོགས་ཤིང་གོམས་འདྲིས་མཐར་ཕྱིན་ན། སངས་རྒྱས་པར་འདོད་པ་དང་། མ་རྟོགས་ཤིང་འཁྲུལ་པ་ཡུན་རིང་དུ་སྤྱད་ན་འགྲོ་དྲུག་སོ་སོའི་རྒྱུ་འབྲས་བུ་འདོད་པ་དང་། ཡང་དག་པ་དང་། ཡོངས་སུ་བསྒྲུབ་པ་དང་། ཀུན་ཏུ་བཏགས་པ་དང་། གཞན་གྱི་དབང་དུ་སོང་བ་དང་། ཀུན་ལ་ཁྱབ་པ་དང་། འགྱུར་བ་མེད་པ་དང་། མཚན་ཉིད་དུ་མར་ཡོངས་སུ་རྫོགས་པ་དང་། གྲུབ་པའི་མཐའ་ཡོད་པ་དང་། མཐའ་མེད་པ་དང་། རྒྱུ་མེད་པ་དང་། ལུང་དུ་བསྟན་པ་དང་།

(༦༠༩)ལུང་དུ་མ་བསྟན་པ་དང་། མངོན་ཏུ་གྱུར་པ་དང་། ལྐོག་ཏུ་གྱུར་པའི་རིག་པ་དང་། འདུས་བྱས་ནས་མྱ་ངན་ལས་འདའ་བ་དང་། འདུས་མ་བྱས་ནས་སངས་རྒྱ་བ་དང་། ཉོན་མོངས་པ་སྤངས་པ་དང་། ཉོན་མོངས་པ་མ་སྤངས་པའི་རྒྱུ་འབྲས་དང་། བསྒྱུར་ཏུ་བཏུབ་པ་དང་། བསྒྱུར་དུ་མི་བཏུབ་པ་དང་། དགེ་བ་ཡོད་པར་བཞེད་པ་དང་། དགེ་བ་མེད་པར་བཞེད་པ་དང་། ཡིད་ལ་བྱས་པས་ཐམས་ཅད་སྒྲུབ་པར་འདོད་པ་དང་། ཡིད་ལ་མ་བྱས་ནས་ཐམས་ཅད་འགྲུབ་པར་འདོད་པ་དང་། སེམས་ཡོད་པར་འདོད་པ་དང་། སེམས་མེད་པར་འདོད་པ་དང་། ཤེས་བྱ་ཐམས་ཅད་བསླབས་ནས་ཐམས་ཅད་མྱ་ངན་མེད་པར་འདོད་པ་དང་། ཅི་ཡང་མ་བསླབས་པར་རང་བཞིན་གྱི་ཐམས་ཅད་མཁྱེན་པར་འདོད་པ་དང་། རྣམ་པར་ཤེས་པ་རྫས་དང་བརྡུལ་དུ་འདོད་པ་དང་། ལུས་མེད་པར་འདོད་པ་དང་། ཡིད་ཀྱི་ལུས་ཅན་དུ་འདོད་པ་དང་། ཡེ་ཤེས་ཀྱི་ལུས་ཅན་དུ་འདོད་པ་དང་། སངས་རྒྱས་ཡོད་པར་འདོད་པ་དང་། སངས་རྒྱས་མེད་པར་འདོད་པ་དང་། སངས་རྒྱས་ཡོད་ཀྱང་ཡེ་ཤེས་མེད་པར་འདོད་པ་དང་། སངས་རྒྱས་ལ་previous hit དགོངས next hit་ཡོད་པར་འདོད་པ་དང་། previous hit དགོངས next hit་མེད་པར་འདོད་པ་དང་། སངས་རྒྱས་དང་སེམས་ཅན་གཉིས་དབྱེར་མེད་དུ་འདོད་པ་དང་། གཉིས་ཅན་དུ་འདོད་པ་དང་། དངོས་པོ་གཤིས་ཀྱི་གནས་ལུགས་ལ་མཐའ་ཡོད་པར་འདོད་པ་དང་། མཐའ་མེད་པར་འདོད་པ་དང་། མཐའ་བྲལ་དབུ་སེམས་ཙམ་དུ་བཞེད་པ་དང་། སྣང་བ་རང་སེམས་སུ་འདོད་པ་དང་། ཉོན་མོངས་པ་དུག་ལྔ་གཤིས་རང་གནས་སུ་འདོད་པ་དང་། བློ་བུར་བ་ཡིན་པའི་ཕྱིར་ན། གཤིགས་ཤིང་

(༦༡༠)དག་པ་དང་བཀག་ཅིང་བསྒྱུར་ན་འགྱུར་དུ་བཏུབ་པ་དང་། སྤངས་ཤིང་གཉེན་པོ་བསྒོམས་ན་འབྲས་བུ་མཐར་ཐུག་ཐོབ་པར་འདོད་པ་དང་། ཞེ་འདོད་རྟག་པ་ཡིད་ལ་བྱས་པ་ཡིས། རྟག་ལྟའི་གྲུབ་མཐའ་དང་། ཅི་ཡང་མེད་པར་ཡིད་ལ་བྱས་ཤིང་སྤྱོད་པ་ཡིས། ཆད་པར་ལྟ་བའི་ཞེ་འདོད་དང་། གཉིས་ཀ་སྤྱོད་ཅིང་ཡིད་ལ་བྱས་པ་ཡིས། གསལ་བའི་ཞེ་འདོད་དང་། སུམ་བརྒྱ་དྲུག་བཅུའི་ཞེ་འདོད་སྣ་ཚོགས་ཀྱིས། གྲུབ་མཐའ་སུམ་བརྒྱ་དྲུག་བཅུར་བཞེད་པ་དང་། ཕྱི་ནང་གྲུབ་མཐའ་ཐམས་ཅད་ལ། ཞེ་འདོད་རྣམ་པ་སྣ་ཚོགས་ཡོད། ཐམས་ཅད་འདྲེས་ཤིང་འདྲེས་ཤིང་སྣང་། མཁས་པ་རྣམས་ལའང་ཞེ་འདོད་སྣང་། རྨོངས་པ་རྣམས་ལའང་ཞེ་འདོད་ཡོད། འདོད་པས་ཀུན་ལ་ཁྱབ་པའི་ཕྱིར། མཁས་པ་རྣམས་ཀྱིས་སོ་སོར་དབྱེ་ཡང་འཚལ། འདོད་པ་ཡོད་ནས་སངས་རྒྱས་ཐོབ་པར་འདོད་པ་དང་། འདོད་པ་མེད་ནས་སངས་རྒྱ་བར་འདོད་པ་དང་། གཉིས་ཀའི་མཐའ་བསལ་ནས་སངས་རྒྱས་པར་བཞེད་པ་དང་། བཞེད་ལུགས་རྣམ་previous hit ་ཐམས་ཅད་ལ། ཐུགས་དགོངས next hit་སོ་སོར་བཏང་ཡང་འཚལ། རྟེན་འབྲེལ་བཅུ་གཉིས་ལུགས་ཅན་འབྱུང་དུ་འདོད་པ་དང་། ལུགས་ལས་བཟློག་པར་འདོད་པ་དང་། རྟེན་འབྲེལ་བཅུ་གཉིས་གདོད་མ་ནས་མེད་པར་འདོད་པ་དང་། ས་ལམ་རིམ་གྱིས་བགྲོད་ནས་སངས་རྒྱས་ཐོབ་པར་འདོད་པ་དང་། དགེ་བ་སྤུ་ཙམ་ཡང་མ་བྱས་ཤིང་། སྡིག་པ་སྤུ་ཙམ་མ་གཤགས་པར་རང་བཞིན་ཉིད་ཀྱིས་སངས་རྒྱས་ཐོབ་པར་འདོད་པ་དང་། འདོད་པའི་ཚོགས་གྲངས་མང་ཞིང་ཞེ་འདོད་བསམ་གྱིས་མི་ཁྱབ་པའི་ཕྱིར་ན་

(༦༡༡)ཡང་དག་པ་ལ་ཐེ་ཚོམ་ཟ་བར་མི་འགྱུར་རམ།། །།འཁོར་བ་ཐོག་མཐའ་ཡོད་པར་འདོད་པ་དང་། འཁོར་བ་ཐོག་མཐའ་མེད་པར་འདོད་པ་དང་། འཁོར་འདས་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་ཅིག་པར་འདོད་པ་དང་། ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་སོ་སོར་འདོད་པ་དང་། སེམས་ཅན་ལ་གསར་སྐྱེས་ཡོད་པར་འདོད་པ་དང་། སེམས་ཅན་ལ་གསར་སྐྱེས་མེད་པར་འདོད་པ་དང་། རིག་པ་སྣ་ཚོགས་ཀྱིས་རྟོགས་ཤིང་སྤྱོད་ནས་རིག་པས་གཏན་ལ་འབེབས་པར་འདོད་པ་དང་། སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ལུང་གིས་གཏན་ལ་འབེབས་པར་འདོད་པ་དང་། སངས་རྒྱས་ཆོས་དང་བསྟན་པ་གསུམ་བྱུང་མ་མྱོང་ཞིང་ཡོད་པར་མི་འདོད་པ་དང་། ལས་མེད་པར་འདོད་པ་དང་། ལས་དང་ལས་ཀྱི་རྣམ་སྨིན་ཡོད་པར་འདོད་པ་དང་། འགྲོ་བ་ཐམས་ཅད་ཀྱི་ཕོ་མོ་ལ་ཕྲུ་གུ་སྐྱེ་བ་དེ་ལུས་ཀྱིས་བསྐྱེད་པ་དང་། ལུས་སེམས་གཉིས་ཀས་བསྐྱེད་པར་འདོད་པ་དང་། སྒྱུ་མ་དང་སྒྱུ་མ་མཁན་ལ་འབྲེལ་བ་ཡོད་པར་འདོད་པ་དང་། སྒྱུ་མ་དང་སྒྱུ་མ་མཁན་ལ་འབྲེལ་བ་མེད་པར་འདོད་པ་དང་། སྒྲ་བརྙན་དང་སྒྲ་བརྙན་འབྱུང་བའི་གནས་དེ་ལ་འབྲེལ་བ་ཡོད་པར་འདོད་པ་དང་། སྒྲ་བརྙན་དང་སྒྲ་བརྙན་འབྱུང་བའི་གནས་དེ་ལ་འབྲེལ་བ་མེད་པར་འདོད་པ་དང་། རྒྱུ་དང་འབྲས་བུ་ལ་འབྲེལ་བ་ཡོད་པར་འདོད་པ་དང་། རྒྱུ་དང་འབྲས་བུ་ལ་འབྲེལ་བ་ཡོད་ན། འབྲས་བུ་རྒྱུར་ལྡོག་པ་བཞིན་དུ། སངས་རྒྱས་སེམས་ཅན་དུ་ལྡོག་པའི་སྐྱོན་ཡོད་དོ། །རྒྱུ་དང་འབྲས་བུ་ལ་འབྲེལ་བ་མེད་ན།

(༦༡༢)འཁོར་འདས་ལམ་གྱིས་བསྡུས་པའི་ཆོས་རྣམས་བྱས་པ་དོན་མེད་པའི་སྐྱོན་ཡོད་དོ། །ལུས་སེམས་གཉིས་ལ་འབྲེལ་ཡོད་པར་འདོད་པ་དང་། ལུས་སེམས་གཉིས་ལ་འབྲེལ་མེད་པར་འདོད་པ་དང་། དོན་དམ་བདེན་པར་འདོད་པ་དང་། ཀུན་རྫོབ་བདེན་པར་འདོད་པ་དང་། རྣམ་པར་ཤེས་པའི་ཚོགས་བརྒྱད་ལ་ཡུལ་ཡོད་པར་འདོད་པ་དང་། ཡུལ་ཅན་དུ་འདོད་པ་དང་། ཡུལ་དང་རྐྱེན་མེད་པར་འདོད་པ་དང་། ལུང་བདེན་ནས་རིག་པ་མི་བདེན་པར་འདོད་པ་དང་། རིག་པ་བདེན་ནས་ལུང་མི་བདེན་པར་འདོད་པ་དང་། དངོས་པོར་གྱུར་པར་ཐམས་ཅད་དང་གྲིབ་མ་ལ་འབྲེལ་པ་ཡོད་པར་འདོད་པ་དང་། གྲིབ་མ་དང་འབྲེལ་བར་གྱུར་པ་ཐམས་ཅད་ལ་འབྲེལ་པ་མེད་པར་འདོད་པ་དང་། འཁོར་འདས་ཀྱི་བྱེ་བྲག་ཐམས་ཅད་དང་བཏགས་པའི་མིང་ཐམས་ཅད་ལ་འབྲེལ་པ་ཡོད་པར་འདོད་པ་དང་། འཁོར་འདས་ཀྱི་བྱེ་བྲག་ཐམས་ཅད་དང་བཏགས་པའི་མིང་ཐམས་ཅད་ལ་འབྲེལ་བ་མེད་པར་འདོད་པ་དང་། མེ་ཡིས་སྐོམ་པའི་གདུང་བ་སེལ་བར་འདོད་པ་དང་། ཆུ་ཡིས་དྲོ་ཞིང་སྐེམ་པ་སྒྲུབ་པར་འདོད་པ་དང་། འཁོར་འདས་ཀྱི་ཆོས་ལ་མགོ་མཇུག་ཡོད་པར་འདོད་པ་དང་། རྒྱུན་ཆད་མེད་པར་སོང་ན་ཐམས་ཅད་དུ་ཕྱིན་པར་འདོད་པ་དང་། འགྲོ་བ་དང་འོང་བ་མེད་པར་བསྡད་པས་ཀུན་ན་ཁྱབ་ཅིང་ཕྱིན་པར་འདོད་པ་དང་། སྤྲིན་དང་ནམ་མཁའ་ལ་འབྲེལ་བ་ཡོད་པར་འདོད་པ་དང་། སྤྲིན་དང་ནམ་མཁའ་ལ་འབྲེལ་བ་མེད་པར་འདོད་པ་དང་། ཉིན་མོ་དང་མཚན་མོ་ལ་འབྲེལ་བ་མེད་པར་འདོད་པ་དང་། ཉིན་མོ་དང་མཚན་མོ་ལ་

(༦༡༣)འབྲེལ་བ་ཡོད་པར་འདོད་པ་དང་། སྐྱེ་བ་འདི་དང་ཕྱི་མ་ལ་འབྲེལ་པ་ཡོད་པར་འདོད་པ་དང་། སྐྱེ་བ་འདི་དང་ཕྱི་མ་ལ་འབྲེལ་བ་མེད་པར་འདོད་པ་དང་། སྐྱེ་བ་འདི་ཕྱི་གང་ཡང་མེད་པར་འདོད་པ་དང་། མེ་དང་དུད་པ་ལ་འབྲེལ་བ་ཡོད་པར་འདོད་པ་དང་། མེ་དང་དུད་པ་ལ་འབྲེལ་བ་མེད་པར་འདོད་པ་དང་། དུག་གསུམ་ལ་འབྲེལ་བ་ཡོད་པར་འདོད་པ་དང་། དུག་གསུམ་ལ་འབྲེལ་བ་མེད་པར་འདོད་པ་དང་། བདེ་བ་དང་སྡུག་བསྔལ་གཉིས་ལ་འབྲེལ་བ་ཡོད་པར་འདོད་པ་དང་། བདེ་བ་དང་སྡུག་བསྔལ་གཉིས་ལ་འབྲེལ་བ་མེད་པར་འདོད་པ་དང་། ཆོས་ཅན་ཆོས་ཉིད་གཉིས་ལ་འབྲེལ་བ་ཡོད་པར་འདོད་པ་དང་། ཆོས་ཅན་ཆོས་ཉིད་གཉིས་ལ་འབྲེལ་བ་མེད་པར་འདོད་པ་དང་། འབྲེལ་བ་མེད་ཅིང་འབྲེལ་བ་མེད་པའི་ཀུན་བཏགས་ཀྱི་སྣང་བ་བསམ་གྱིས་མི་ཁྱབ་པ་ལ་ཚད་མ་རྣམ་པ་གཉིས་སུ་ཤེས་པར་མཛོད། ཐམས་ཅད་རྟོགས་ན་ཀུན་རིག་པ་དང་ཀུན་མཁྱེན་པའི་རྒྱལ་པོ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལུང་ལས་ཀྱང་། འདོད་པ་ནི་རལ་གྲིའི་སོ་ལྟ་བུའོ། །འདོད་པ་ནི་དུག་གི་སྡོང་པོ་ལྟ་བུའོ། །འདོད་པ་ནི་མེ་མདག་དཔུངས་པ་ལྟ་བུའོ། འདོད་པ་ནི་ཀིམ་པ་ཀའི་འབྲས་བུ་ལྟ་བུའོ། །འདོད་པ་ནི་མཆིལ་མ་ལྟ་བུའོ། །འདོད་པ་ནི་མི་གཙང་བའི་བླུབས་ལྟ་བུའོ། །འདོད་པ་ནི་ཀུན་གྱིས་དམད་པའོ། དེའི་ཕྱིར་ན་བཟང་ངན་འབྲིང་གསུམ་གང་གི་ཡང་འདོད་པ་ཡོད་ཀྱང་འཁོར་བ་བཟང་ངན་འབྲིང་གསུམ་གྱི་རྒྱུ་ཡིན་ཏེ། མྱ་ངན་ལས་འདས་པའི་སྲོག་དང་བྲལ་བའོ།

(༦༡༤)དེའི་ཕྱིར་ན་འདོད་པ་དང་ཞེ་འདོད་གྲུབ་མཐའི་བྱེ་བྲག་གང་འདོད་པ་དེ་ཡང་སངས་རྒྱས་དང་བྲལ་བར་བྱེད་ཅིང་འཁོར་བ་དང་སྤྲོད་པར་བྱེད་པ་སྟེ། འདོད་པའི་ཚོགས་རྣམས་སོ་སོར་ཤེས་པར་བྱའོ། །འཁོར་འདས་སྣོད་བཅུད་ཐམས་ཅད་ལ་རིགས་ཡོད་པར་འདོད་པ་དང་། འཁོར་འདས་སྣོད་བཅུད་ཐམས་ཅད་ལ་རིགས་མེད་པར་འདོད་པ་དང་། ལུས་ལ་རིགས་ཡོད་པར་འདོད་པ་དང་། ལུས་ལ་རིགས་མེད་པར་འདོད་པ་དང་། ལུས་སེམས་གཉིས་ལ་རིགས་ཡོད་པར་འདོད་པ་དང་། ལུས་སེམས་གཉིས་ལ་རིགས་མེད་པར་འདོད་པ་དང་། དབང་པོ་ལྔ་མངོན་གྱུར་དུ་ཚང་བར་འདོད་པ་དང་། དབང་པོ་ལྔ་ལྐོག་གྱུར་དུ་ཚང་བར་འདོད་པ་དང་། ཆོས་ཐམས་ཅད་ལ་སྐྱེ་བ་ཡོད་པར་འདོད་པ་དང་། ཆོས་ཐམས་ཅད་ལ་སྐྱེ་བ་མེད་པར་འདོད་པ་དང་། ཆོས་ཐམས་ཅད་ལ་འགག་པ་ཡོད་པར་འདོད་པ་དང་། ཆོས་ཐམས་ཅད་ལ་འགག་པ་མེད་པར་འདོད་པ་དང་། སྦྱོར་བ་བཟང་ངན་ཡོད་པར་འདོད་པ་དང་། སྦྱོར་བ་བཟང་ངན་མེད་པར་འདོད་པ་དང་། དངོས་གཞི་བཟང་ངན་ཡོད་པར་འདོད་པ་དང་། དངོས་གཞི་བཟང་ངན་མེད་པར་འདོད་པ་དང་། རྗེས་སུ་བཟང་ངན་ཡོད་པར་འདོད་པ་དང་། རྗེས་སུ་བཟང་ངན་མེད་པར་འདོད་པ་དང་། སངས་རྒྱས་ལ་ཆགས་སྡང་ཡོད་པར་འདོད་པ་དང་། སངས་རྒྱས་ལ་ཆགས་སྡང་མེད་པར་འདོད་པ་དང་། ཆགས་སྡང་མེད་ན་མཆོད་པ་བཟང་པོ་ཕུལ་བ་དང་ངན་པ་ཕུལ་བ་གཉིས་མཉམ་པར་ཐལ། བློ་ལས་འདས་པར་འདོད་པ་དང་། བློ་ལས་མ་འདས་པར་འདོད་པ་དང་། མཐར་ཐུག་པའི་འབྲས་བུ་ཐོབ་པར་འདོད་པ་དང་། མཐར་ཐུག་པའི་འབྲས་བུ་ཐོབ་རྒྱུ་

(༦༡༥)མེད་ནས་སངས་རྒྱས་པར་འདོད་པ་དང་། སངས་རྒྱས་བྱ་བ་སྟོང་པ་ཉིད་དུ་འདོད་པ་དང་། སངས་རྒྱས་པའི་དུས་སུ་དངོས་པོ་ཅན་དུ་འདོད་པ་དང་། སངས་རྒྱས་པའི་འབྲས་བུ་སྣ་ཚོགས་སུ་འདོད་པ་དང་། ཅི་ཡང་མེད་པའི་ཕྱག་འཚལ་ཆད་དུ་འདོད་པ་དང་། ཉོན་མོངས་པ་སྣ་ཚོགས་ཕར་སྤངས་ནས་ཡོན་ཏན་སྣ་ཚོགས་ཚུར་ཐོབ་ནས་སྤངས་པ་དང་ཐོས་པ་ཙམ་གྱིས་སངས་རྒྱས་པར་འདོད་པ་དང་། ཐམས་ཅད་རྟོགས་ནས་ཆེན་པོར་འདོད་པ་དང་། ཐམས་ཅད་མ་རྫོགས་ནས་ཆེན་པོར་འདོད་པ་དང་། གཉིས་ཀ་རྫོགས་ནས་ཆེན་པོར་འདོད་པ་དང་། ལྷས་བསྲུང་ཞིང་སྐྱོབ་པར་འདོད་པ་དང་། འདྲེ་དང་བདུད་ཀྱིས་བར་ཆད་བྱེད་པར་འདོད་པ་དང་། གཉེན་གྱིས་བྱམས་ཤིང་སྐྱོང་བར་འདོད་པ་དང་། དགྲ་ཡིས་གནོད་པ་སྣ་ཚོགས་བྱེད་པར་འདོད་པ་དང་། བཟང་པོ་སྣ་ཚོགས་འབྱུང་དུ་རེ་བར་འདོད་པ་དང་། ངན་པར་འགྲོ་དོགས་པའི་འདུ་ཤེས་དང་། ངན་སོང་གསུམ་ལས་ཐར་བར་འདོད་པ་དང་། མཐོ་རིས་གསུམ་ཐོབ་པར་འདོད་པ་དང་། འཇིག་རྟེན་ཆེན་པོའི་ཡོན་ཏན་ཐམས་ཅད་ཐོབ་པར་འདོད་པ་དང་། རྩོལ་བ་སྣ་ཚོགས་དང་འདུ་བྱེད་སྣ་ཚོགས་བྱེད་པར་འདོད་པ་དང་། ངར་འཛིན་པའི་ལྟ་བ་གྲངས་མེད་པ་ལས། སངས་རྒྱས་ལ་བཟང་ངན་ཡོད་པར་འདོད་པ་དང་། ཐེག་པ་ལ་མཐོ་སྨན་ཡོད་པར་འདོད་པ་དང་། སྐྱེ་འགག་གཉིས་དུས་མཚུངས་པར་འདོད་པ་དང་། སྐྱེ་འགག་གཉིས་དུས་མི་མཚུངས་པར་འདོད་པ་དང་། འདོད་པ་གྲངས་མེད་པ་ཡོད་པས་འདོད་པ་རེ་ལ་སློབ་དཔོན་རེ། །འདོད་པ་རེ་ལ་སློབ་མ་རེ། །འཁོར་འདས་ཀྱི་ཆོས་ཐམས་ཅད་ཀུན་བཏགས་ལས་མ་འདས་པའི་ཕྱིར། ཉོན་མོངས་པ་དུག་ལྔ་སྤངས་ནས་སངས་རྒྱས་པར་བཞེད་པར་བཞེད་པ་དང་།

(༦༡༦)ཉོན་མོངས་པ་དུག་ལྔ་མ་སྤངས་ཤིང་སྤྱད་ནས་སངས་རྒྱས་པར་འདོད་པ་དང་། དེའི་ཕྱིར་ན་དཀོན་མཆོག་རྩེགས་པའི་ལུང་ལས་ཀྱང་། འདོད་པ་མེད་པའི་རྟོགས་པར་ལྡན། རྒྱལ་བ་རྣམས་ཀྱི་previous hit དགོངས next hit་སྟེ། །སྤངས་ཐོབ་མེད་པར་ས་ལམ་རྫོགས། །ཤེས་གསུངས་པའི་ཕྱིར་ན། སོང་བ་ནི་ཕན་ཆོད་ཡོད་པར་འདོད་པ་དང་། སོང་བ་ནི་ཕན་ཆད་མེད་པར་འདོད་པ་དང་། གཅིག་དང་དུ་བྲལ་རྡོ་རྗེ་གཟེགས་མ་ཡོད་པར་འདོད་པ་དང་། གཅིག་དང་དུ་བྲལ་རྡོ་རྗེ་གཟེགས་མ་མེད་པར་འདོད་པ་དང་། གཤིས་དགེ་བར་འདོད་པ་དང་། གཤིས་མི་དགེ་བར་འདོད་པ་དང་། སངས་རྒྱས་ཀྱི་དགེ་བ་སེམས་ཅན་གྱིས་བསྔོ་བར་འདོད་པ་དང་། སེམས་ཅན་གྱི་དགེ་བ་སངས་རྒྱས་ཀྱིས་བསྔོ་བར་འདོད་པ་དང་། བསྔོ་རྒྱུ་ཡོད་པར་འདོད་པ་དང་། བསྔོ་རྒྱུ་མེད་པར་འདོད་པ་དང་། དམིགས་པ་སྣ་ཚོགས་པས་སངས་རྒྱས་ཐོབ་པར་འདོད་པ་དང་། ཅི་ཡང་མི་དམིགས་པས་སངས་རྒྱས་ཐོབ་པར་འདོད་པ་དང་། ནང་པ་སངས་རྒྱས་པས་ཕྱི་པ་མུ་སྟེགས་པ་མི་བདེན་པར་འདོད་པ་དང་། ཕྱི་པ་མུ་སྟེགས་པས་ནང་པ་སངས་རྒྱས་པའི་གྲུབ་མཐའ་ལོག་པར་འདོད་པ་དང་། སྨྱོན་པས་མི་སྨྱོ་བའི་མི་ལ་སྨྱོན་པར་མཐོང་བ་དང་། མི་སྨྱོ་བའི་མིས་སྨྱོན་པ་མཐོང་ན་སྨྱོན་པར་འདོད་པ་དང་། མི་རྟག་པ་དང་འཇིགས་ཚོགས་ཀྱི་ལྟ་བ་དང་། སྒྱུ་མའི་དཔེ་བརྒྱད་རྒྱུན་ཆད་མེད་པར་བསྒོམས་ཤིང་གོམས་འདྲིས་མཐར་ཕྱིན་ན་སངས་རྒྱས་པར་འདོད་པ་དང་། མི་རྟག་པ་དང་འཇིགས་ཚོགས་ཀྱི་ལྟ་བ་དང་། སྒྱུ་མ་དང་རྨི་ལམ་དང་དྲི་ཟའི་གྲོང་ཁྱེར་དང་ཆུ་ཟླ་དང་རྨིག་སྒྱུ་ལ་སོགས་པ་ཁམས་གསུམ་པ་ཐམས་ཅད་འཇིགས་ཚོགས་ལས་མ་གཡོས་པའི་ཕྱིར་ཆེད་དུ་སྒོམ་

(༦༡༧)མི་དགོས། བསྒོམས་ན་སངས་རྒྱས་པའི་གེགས་སུ་འདོད་པ་དང་། དངོས་པོ་ཨ་མཐས་སུ་ཡོད་པ་རྣམས་ལ་སྟོང་པ་ཉིད་དུ་གཤིགས་པས་འཇིགས་པར་མི་འདོད་པ་དང་། སྟོང་པ་ཉིད་ལ་མེད་པ་ལ་ཡོད་པར་བསམས་པས་དངོས་པོར་འགྱུར་མི་སྲིད་པར་འདོད་པ་དང་། ནམ་མཁའ་ལ་མཐའ་ཡོད་པར་འདོད་པ་དང་། ནམ་མཁའ་མཐའ་མེད་པར་འདོད་པ་དང་། སེམས་ཅན་ལ་མཐའ་ཡོད་པར་འདོད་པ་དང་། སེམས་ཅན་ལ་མཐའ་མེད་པར་འདོད་པ་དང་། སྡུག་བསྔལ་དང་ལམ་དང་འགོག་པ་དང་ཀུན་འབྱུང་བ་ཡོད་པར་འདོད་པ་དང་། སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་མེད་པར་འདོད་པ་དང་། སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་ཤེས་པ་ཙམ་གྱིས་མྱ་ངན་ལས་འདའ་བར་འདོད་པ་དང་། སེམས་བསྐྱེད་རྒྱུ་ཡོད་པར་འདོད་པ་དང་། སེམས་བསྐྱེད་རྒྱུ་མེད་པར་འདོད་པ་དང་། སྲོག་གཅོད་པ་སྤངས་པས་ཚེ་རིང་བར་འདོད་པ་དང་། སྲོག་བཅད་ན་ཚེ་ཐུང་བར་འདོད་པ་དང་། མ་བྱིན་པ་ལེན་པ་སྤངས་ན་ནོར་བསྙེད་པར་འདོད་པ་དང་། རྐུ་ཞིང་འཕྲོགས་ན་ནོར་དང་བྲལ་བར་འདོད་པ་དང་། མི་ཚངས་པར་སྤྱོད་པ་སྤངས་པས་ལྷའི་བུ་དང་བུ་མོ་ལྟ་བུ་དང་འཕྲད་པར་འདོད་པ་དང་། མི་ཚངས་བར་སྤྱད་ན་མངལ་སྒོ་ངན་པའི་སྐྱེ་གནས་འགྲིམ་པར་འདོད་པ་དང་། རྫུན་ཏུ་སྨྲ་བ་སྤངས་པས་ངག་བདེན་པ་དང་ལྡན་པར་འདོད་པ་དང་། རྫུན་ཏུ་སྨྲ་ན་ངག་ཉམས་པར་འདོད་པ་དང་། དབྱེ་ན་བྱས་ན་གཉེན་འདུན་དང་བྲལ་བར་འདོད་པ་དང་། དབྱེ་ན་སྤངས་ན་འཛའ་མཐུན་པར་འདོད་པ་དང་། ཚིག་རྩུབ་སྤངས་ན་སྙན་པས་ཁྱབ་པར་འདོད་པ་དང་། ཚིག་རྩུབ་མ་སྤངས་ན་མི་སྙན་པ་ཐོས་པར་འདོད་པ་དང་། ངག་འཁྱལ་སྤངས་ན་དོན་རྣམས་འགྲུབ་པར་འདོད་པ་དང་། ངག་འཁྱལ་མ་སྤངས་ན་བདག་གཞན་མགོ་སྐོར་བར་འདོད་པ་དང་། ལོག་ལྟ་སྤངས་ན་གཞན་སྣང་དག་པར་འདོད་པ་དང་། ལོག་ལྟ་མ་སྤངས་ན་

(༦༡༨)གཞན་སྣང་མི་དག་པར་འདོད་པ་དང་། སྦྱིན་པ་བཏང་ན་ལོངས་སྤྱོད་ཐོབ་པར་འདོད་པ་དང་། སེར་སྣ་བྱས་ན་ཡི་དགས་སུ་སྐྱེ་བར་འདོད་པ་དང་། ཚུལ་ཁྲིམས་བསྲུངས་ན་མཐོ་རིས་སུ་སྐྱེ་བར་འདོད་པ་དང་། ཚུལ་ཁྲིམས་ཉམས་ན་ངན་སོང་དུ་སྐྱེ་བར་འདོད་པ་དང་། བཟོད་པ་བསྒོམས་ན་གཟུགས་བཟང་པོ་ཐོབ་པར་འདོད་པ་དང་། བཟོད་པ་མ་བསྒོམས་ན་མདོག་ངན་ཞིང་གཟུགས་ཆུང་བར་འདོད་པ་དང་། བརྩོན་འགྲུས་བརྩམས་ན་དཀར་པོའི་ཡོན་ཏན་ཐོབ་པར་འདོད་པ་དང་། ལེ་ལོ་ཅན་གྱིས་བྱ་བ་མི་འགྲུབ་པར་འདོད་པ་དང་། མཉམ་པར་བཞག་ན་ཞི་བར་གནས་པར་འདོད་པ་དང་། གཡེང་བས་འཁྲུལ་པའི་དབང་དུ་འགྲོ་བར་འདོད་པ་དང་། ཤེས་རབ་ཀྱིས་ཆོས་ཀྱི་རང་བཞིན་རྟོགས་པར་འདོད་པ་དང་། ཤེས་རབ་འཆལ་པས་རྨོངས་པར་འདོད་པ་དང་། སྟོང་པ་ཉིད་རྒྱུ་འབྲས་སུ་འདོད་པ་དང་། རྒྱུ་འབྲས་སྟོང་པ་ཉིད་དུ་འདོད་པ་དང་། བྱས་པ་ཐམས་ཅད་ཀུན་རྫོབ་ཏུ་འདོད་པ་དང་། ཅི་ཡང་མ་བྱས་པ་དེ་མྱ་ངན་ལས་འདས་པར་འདོད་པ་དང་། ཕྱི་དྲོའི་ཁ་ཟས་སྤངས་པས་མུ་གེ་ལས་ཐར་བར་འདོད་པ་དང་། ཕྱི་དྲོའི་ཁ་ཟས་མ་སྤངས་ན་གཏོགས་ཤིང་མུ་གེ་ཅན་དུ་འདོད་པ་དང་། ཚུལ་ཁྲིམས་ངོ་ཚ་སྤངས་པའི་ཆེད་དུ་བསྲུངས་པར་འདོད་པ་དང་། གྲགས་པ་ཐོབ་པའི་ཆེད་དུ་ཐོས་བསམ་སྒོམ་གསུམ་བྱེད་པ་དང་། གཞན་གྱི་གྲུབ་མཐའ་སུན་འབྱིན་པའི་ཆེད་དུ་ཐོས་བསམ་སྒོམ་གསུམ་བྱེད་པ་དང་། རང་གི་སྒྲུབ་མཐའ་མ་བསྐྱོངས་ཀྱིས་དོགས་ནས་ཐོས་བསམ་བསྒོམ་གསུམ་བྱེད་པ་དང་། ཁས་ལེན་ཁ་བསག་བྱེད་པའི་ཕྱིར་ཚོགས་བསོག་བྱེད་པར་འདོད་པ་དང་། ལན་ལ་རེ་བའི་ཕྱིར་ཚོགས་བསོག་

(༦༡༩)བྱེད་པར་འདོད་པ་དང་། འཇིག་རྟེན་འདིའི་རྒྱུ་འབྲས་འདོད་པའི་ཕྱིར་དཀོན་མཆོག་མཆོད་པར་འདོད་པ་དང་། མི་ལ་འཛེམ་པའི་ཕྱིར་མཆོད་པ་དང་གཙང་སྦྲ་དང་བཀོད་པ་བཟང་པོ་བྱེད་པར་འདོད་པ་དང་། ལུས་ཀྱིས་ཁ་གསོ་བར་འདོད་པ་དང་། བཞི་པ་ལུས་གསོ་བར་འདོད་པ་དང་། ལུས་ཀྱིས་སེམས་བསྐྱེད་པར་འདོད་པ་དང་། སེམས་ཀྱིས་ལུས་བསྐྱེད་པར་འདོད་པ་དང་། སེམས་ཀྱིས་ལུས་བདག་ཏུ་བཟུང་བར་འདོད་པ་དང་། ལུས་ཀྱིས་སེམས་བདག་ཏུ་བཟུང་བར་འདོད་པ་དང་། ཉིན་མོས་མཚན་མོ་གསལ་བར་འདོད་པ་དང་། །མུན་པས་ཉིན་མོ་བསྒྲིབ་པར་འདོད་པ་དང་། །མཚན་གཞི་མེད་པར་འདོད་པ་དང་། །མཚོན་བྱ་ཡོད་པར་འདོད་པ་དང་། །མཚོན་བྱེད་མེད་པར་འདོད་པ་དང་། །སྐྱེས་པ་སྐྱེ་བར་འདོད་པ་དང་། །མ་སྐྱེས་པ་སྐྱེ་བར་འདོད་པ་དང་། །མ་བྱུང་བ་འབྱུང་བར་འདོད་པ་དང་། །བྱུང་བ་འབྱུང་བར་མི་འདོད་པ་དང་། །སངས་རྒྱས་ལ་ཐུགས་རྗེ་ཡོད་པར་འདོད་པ་དང་། སེམས་ཅན་ལ་ལས་ཡོད་པར་འདོད་པ་དང་། །སེམས་ཅན་ལ་ལས་མེད་པར་འདོད་པ་དང་། །ལས་ཀྱི་རྣམ་པར་སྨིན་པ་ཡོད་པར་འདོད་པ་དང་། །ཆོས་ཡོད་པར་འདོད་པ་དང་། ཆོས་མེད་པར་འདོད་པ་དང་། སངས་རྒྱས་ཀྱིས་ཆོས་གསུངས་པར་འདོད་པ་དང་། སངས་རྒྱས་ཀྱིས་ཆོས་མ་གསུངས་པར་འདོད་པ་དང་། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ཡོད་པར་འདོད་པ་དང་། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་མེད་པར་འདོད་པ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་ཡོད་པར་འདོད་པ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་མེད་པར་འདོད་པ་དང་། སྟོང་པ་ཉིད་མཐའ་བརྒྱད་ཡོད་པར་འདོད་པ་དང་། སྟོང་པ་ཉིད་

(༦༢༠)མཐའ་བརྒྱད་མེད་པར་འདོད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ཡོད་པར་འདོད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་མེད་པར་འདོད་པ་དང་། ས་བཅུ་བསྒྲོད་དགོས་པར་འདོད་པ་དང་། ས་བཅུ་བསྒྲོད་མི་དགོས་པར་འདོད་པ་དང་། བསམ་གཏན་བཞི་དང་ཚད་མེད་པ་བཞི་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དགུ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། འདུ་ཤེས་དགུ་ལ་སོགས་པ་རྣམས་ཡོད་པར་འདོད་པ་དང་། བསམ་གཏན་བཞི་དང་ཚད་མེད་པ་བཞི་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱི་གནས་པའི་སྙོམས་པར་འཇུག་པ་དགུ་དང་། འདུ་ཤེས་དགུ་ལ་སོགས་རྣམས་མེད་པར་འདོད་པ་དང་། ཏིང་ངེ་འཛིན་གྲངས་མེད་པ་རྣམས་ཡོད་པར་འདོད་པ་དང་། ཏིང་ངེ་འཛིན་གྲངས་མེད་པ་རྣམས་མེད་པར་འདོད་པ་དང་། གཟུངས་ཀྱི་སྒོ་རྣམས་ཡོད་པར་འདོད་པ་དང་། གཟུངས་ཀྱི་སྒོ་རྣམས་མེད་པར་འདོད་པ་དང་། མངོན་པར་ཤེས་པ་རྣམས་ཡོད་པར་འདོད་པ་དང་། མངོན་པར་ཤེས་པ་རྣམས་མེད་པར་འདོད་པ་དང་། ཟད་པར་དང་ཟིལ་གནོན་རྣམས་ཡོད་པར་འདོད་པ་དང་། ཟད་པར་དང་ཟིལ་གནོན་རྣམས་མེད་པར་འདོད་པ་དང་། ས་བཅུ་ཐོབ་ཏུ་ཡོད་པར་འདོད་པ་དང་། ས་བཅུ་ཐོབ་ཏུ་མེད་པར་འདོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་འཇིགས་པ་དང་སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། སངས་རྒྱས་རྣམས་ཡོད་པར་འདོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། སངས་རྒྱས་རྣམས་མེད་

(༦༢༡)པར་འདོད་པ་དང་། མཚན་དང་དཔེ་བྱད་རྣམས་ཡོད་པར་འདོད་པ་དང་། མཚན་དང་དཔེ་བྱད་རྣམས་མེད་པར་འདོད་པ་དང་། སངས་རྒྱས་ཀྱི་ཞིང་དང་སེམས་ཅན་གྱི་ཡུལ་གཉིས་སོ་སོར་འདོད་པ་དང་། སངས་རྒྱས་ཀྱི་ཞིང་དང་སེམས་ཅན་གྱི་ཡུལ་གཉིས་གཅིག་ཏུ་འདོད་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རྟག་པར་འདོད་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་མི་རྟག་པར་འདོད་པ་དང་། བདེ་བར་འདོད་པ་དང་། སྡུག་བསྔལ་བར་འདོད་པ་དང་། བདག་ཏུ་འདོད་པ་དང་བདག་མེད་པར་འདོད་པ་དང་། ཞི་བར་འདོད་པ་དང་མ་ཞི་བར་འདོད་པ་དང་། སྟོང་པར་འདོད་པ་དང་མི་སྟོང་པར་འདོད་པ་དང་། མཚན་མ་ཡོད་པར་འདོད་པ་དང་མཚན་མ་མེད་པར་འདོད་པ་དང་། སྨོན་པ་ཡོད་པར་འདོད་པ་དང་སྨོན་པ་མེད་པར་འདོད་པ་དང་། འདུས་བྱས་སུ་འདོད་པ་དང་འདུས་མ་བྱས་སུ་འདོད་པ་དང་། བདེན་པར་འདོད་པ་དང་མི་བདེན་པར་འདོད་པ་དང་། དེ་གཉིས་གཉིས་ཀའི་མཐའ་ལས་འདས་པར་འདོད་པ་དང་འཁོར་བའི་རྒྱུ་འབྲས་བུ་འདོད་པ་དང་། མྱ་ངན་ལས་འདས་པའི་རྒྱུ་འབྲས་བུ་འདོད་པ་དང་། རྒྱུན་ཞུགས་རྣམ་པ་ལྔ་ཡོད་པར་འདོད་པ་དང་། རྒྱུན་ཞུགས་རྣམ་པ་ལྔ་མེད་པར་འདོད་པ་དང་། ཐམས་ཅད་ཤེས་པ་ཉིད་དང་ལམ་གྱི་རྣམ་པར་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་པར་འདོད་པ་དང་། ཐམས་ཅད་ཤེས་པ་ཉིད་དང་ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མེད་པར་འདོད་པ་དང་། སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ་ལ་ཐོས་བསམ་སྒོམ་གསུམ་བྱས་ནས་སངས་རྒྱས་པར་འདོད་པ་དང་། སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ་ལ་ཐོས་བསམ་སྒོམ་གསུམ་མ་བྱས་

(༦༢༢)ནས་སངས་རྒྱས་པར་འདོད་པ་དང་། འཁོར་འདས་ཀྱི་ཀུན་བཏགས་གྲངས་མེད་པ་མཐའ་ཡས་པ་འདི་ལ་མཁས་པ་རྣམས་ཀྱང་ཐེ་ཚོམ་ཟ་བ། རྨོངས་པ་རྣམས་ཀྱང་ཐེ་ཚོམ་ཟ་བ། འདི་ལ་མཁས་པ་རྣམས་ཀྱང་སོ་སོར་རྩོད། རྨོངས་པ་རྣམས་ཀྱང་སོ་སོར་རྩོད། གཏིང་མཐའ་ཐུག་ཤེས་པ་བྱེད་པ་སུ་ཡོད། ལོངས་སྐུའི་བསྟན་པ་ཕྱི་རྒྱུད་གསུམ། ཆོས་སྐུའི་བསྟན་པ་མ་ཧཱ་ཡོ་ག་ཨ་ནུ་གཉིས། རྒྱུད་སྡེ་གནམ་གྱི་སྐར་མ་འདྲ། རྒྱ་ཆེ་གྲངས་མང་གསུང་ལགས་ཀྱང་། བསྐྱེད་རིམ་ཡོད་པར་སྒོམ་པ་དང་། རྫོགས་རིམ་མེད་པར་སྒོམ་པ་དང་། ཡིད་ཀྱིས་ཀུན་བཏགས་ཤིང་ཡོངས་སུ་སྒྲུབ་པར་འདོད་པ་དང་། སེམས་དངོས་པོ་བཤིས་ཀྱི་གནས་ལུགས་ལས། ཅི་ཡང་མེད་ཅིང་གར་ཡང་མི་གནས་པ་ཡིན་པ་ལས་སྨོན་ཞིང་ཆེད་དུ་སྣ་ཚོགས་སྒོམ་པ་དང་། སྔགས་ཀྱི་ཀུན་བཏགས་ཡིན། མེད་པ་ལ་ཡོད་པར་སྒོམ་པ་དང་། སེམས་འབྱུང་པ་ལྔའི་རི་མོ་མེད་པ་ལ། འབྱུང་བ་རིམ་རྩེགས་སུ་སྒོམ་པ་དང་། མངོན་པར་བྱང་ཆུབ་པ་རྣམས་ཡོད་པར་སྒོམ་པ་དང་། ཆོ་ག་ཡན་ལག་བཞི་ལྡན་དུ་ཡོད་པར་སྒོམ་པ་དང་། ཆོ་ག་ཡན་ལག་གསུམ་ལྡན་དུ་ཡོད་པར་སྒོམ་པ་དང་། སྐད་ཅིག་དྲན་རྫོགས་སུ་ཡོད་པར་སྒོམ་པ་དང་། སེམས་ལ་ཞི་བ་དང་ཁྲོ་བོ་མིང་མཚམས་སུ་མེད་པ་ལས། ཞི་བར་སྒོམ་པ་དང་ཁྲོ་བོར་སྒོམ་པ་དང་། སེམས་ལ་ཁ་དོག་མེད་པ་ལས། དཀར་པོར་སྒོམ་པ་དང་དམར་པོ་ནག་པོ་ལྗང་གུ་ཁྲ་བོ། །ཁ་དོག་སྣ་ཚོགས་པ་ཡོད་པར་སྒོམ་པ་དང་། སེམས་ལ་མགོ་ལུས་མེད་པ་ལས། ཞལ་གཅིག་ལུས་གཅིག་པར་འདོད་

(༦༢༣)པ་དང་། ཞལ་གསུམ་ཕྱག་དྲུག་པར་སྒོམ་པ་དང་། ཞལ་བཞི་ཕྱག་བཅུ་གཉིས་པར་སྒོམ་པར་འདོད་པ་དང་། ཞལ་བརྒྱད་ཕྱག་བཅུ་དྲུག་པར་སྒོམ་པར་འདོད་པ་དང་། དབུ་དགུ་ཕྱག་བཅོ་བརྒྱད་པ་གཤོག་པ་ཅན་སྒོམ་པར་འདོད་པ་དང་། དབུ་བརྒྱ་ཕྱག་ཉི་བརྒྱར་སྒོམ་པར་འདོད་པ་དང་། དབུ་སྟོང་ཕྱག་ཉིས་སྟོང་པར་སྒོམ་པར་འདོད་པ་དང་། ཁྲི་དང་འབུམ་དང་གྲངས་མེད་ཀྱི་བར་དུ་ཞལ་ཕྱག་ཡོད་པར་འདོད་པ་དང་། ཞབས་ཀྱི་གྲངས་ཀྱང་དེ་བཞིན་ཏུ་ཡོད་པར་སྒོམ་པར་འདོད་པ་དང་། སྤྱན་དང་རྒྱན་དང་ཆ་ལུགས་ལ་སོགས་པ་སྣ་ཚོགས་སུ་ཡོད་པར་འདོད་ཅིང་སྒོམ་པ་དང་། སེམས་ལ་དཔོན་གཡོག་མེད་པ་ལས་དཀྱིལ་འཁོར་གྱི་ལྷ་ཚོགས་གྲངས་ཅན་དང་། གྲངས་མེད་རིགས་མི་ཅིག་པ་ལ་ལ་ནི་མ་ལ་སྐྱེས་སུ་ཡོད་པར་འདོད་པ་དང་། ལ་ལ་ནི་སྒོང་སྐྱེས་སུ་ཡོད་པར་འདོད་པ་དང་། ལ་ལ་མངལ་སྐྱེས་སུ་ཡོད་པར་འདོད་པ་དང་། ལ་ལ་ནི་དྲོད་གཤེར་ལ་སྐྱེས་པའི་ཚུལ་དུ་ཡོད་པར་འདོད་པ་དང་། རྗེ་ཁོལ་གྱི་ཚུལ་དུ་ཆོས་སྐྱོང་དང་ཡི་དམ་རྣམས་སྒོམ་པར་འདོད་པ་དང་། སེམས་ལ་ཕྱི་ནང་དང་དབྱིབས་མེད་པ་ལས། གཞལ་ཡས་ཀྱི་ཁང་དང་རྡོ་རྗེའི་གུར་དང་མེ་རི་དང་འཁོར་ལོའི་གུར་ཁང་ལ་སོགས་ཁ་དོག་དང་དབྱིབས་མི་ཅིག་པ་རྒྱས་པ་དང་བསྡུས་པ་སྣ་ཚོགས་གྲངས་མེད་པ་སྒོམ་ཞིང་། བར་ཆད་དང་བགེགས་རྣམས་བསྲུང་ཞིང་ཡོད་པར་སྒོམ་པ་དང་། སེམས་ལ་ཡན་ལག་ཅི་ཡང་མེད་པ་ལས། མཚོན་ཆ་སྣ་ཚོགས་པ་དང་ཕྱག་ཆ་རིགས་མི་ཅིག་པ་གྲངས་མེད་པ་ཐོགས་ཤིང་། བྱ་བ་སྣ་ཚོགས་བསྒྲུབ་པར་འདོད་ཅིང་སྒོམ་པ་དང་། སེམས་ལ་རིགས་རྒྱུད་ཐ་དད་

(༦༢༤)མེད་པ་ལ། རིགས་ལྔ་དང་རིགས་གསུམ་དང་རིགས་སྣ་ཚོགས་སུ་ཡོད་པར་འདོད་པར་ཨ་མཐས་ཐེར་ཟུག་ཏུ་སྒོམ་པ་དང་། སེམས་ལ་དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་ཞེས་བྱ་བའི་ས་མཚམས་མེད་པ་ལས། ཡེ་ཤེས་སེམས་དཔའ་རིགས་སྣ་ཚོགས་སུ་གཞལ་ཡས་ཁང་མི་འདྲ་བ་གནས་གདན་བཞུགས་ཀྱི་ངེས་པ་མེད་པ་ལས། འདི་ན་བཞུགས་པའི་ངེས་པ་ཡོད་པ་བཞིན་དུ། སྤྱན་འདྲེན་པ་དང་གདན་འབུལ་བ་དང་། གཞུག་སུ་གསོལ་བ་དང་། མཆོད་པ་འབུལ་བ་དང་། ཆོ་ག་སྣ་ཚོགས་བྱེད་པ་དེ་མི་འགྲོན་དུ་གསོ་བ་ལ་དཔེ་བླངས་པ་བཞིན། རང་གིས་རང་ལ་བཞུགས་པ་དང་དངོས་སུ་ཐིམ་པའི་འདུ་ཤེས་སྐྱེ་བ་དང་། ཐིམ་རྒྱུ་ཡོད་པར་འདོད་པ་དང་། རང་གིས་རང་བྱིན་གྱིས་བརློབ་པར་འདོད་པ་དང་། རང་གིས་གཞན་དབང་བསྐུར་བར་འདོད་པ་དང་། གཞན་གྱིས་རང་དབང་བསྐུར་བར་འདོད་པ་དང་། ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ཡིན་པས། ཀུན་བཏགས་ཀྱིས་ཡོངས་སུ་བསྒྲུབས་ནས། འདི་རྣམས་བྱས་པ་ལ་དགོས་པ་ཡོད་པར་འདོད་པ་དང་། དགོས་པ་མེད་པར་འདོད་པ་དང་། ཡིད་ལ་བསམས་པས་འགྲུབ་པ་ཅིག་ཡིན་ན། བཟང་ངན་ཅི་བསམས་ཐམས་ཅད་སྐད་ཅིག་ཙམ་གྱིས་བསྒྲུབ་པར་གདའ། དངོས་པོ་མེད་པའི་སེམས་ཉིད་ལ། ཀུན་བཏགས་ཀྱི་རྟོག་པ་སྣ་ཚོགས་ཀྱིས་བསྒོམ་པ་སྟེ། རྟག་ལྟ་དང་མེད་སྤྲུལ་གྱི་བསྐྱེད་རིམ་དུ་མི་འགྲོའམ། སེམས་ལ་སྟོན་པ་དང་གནས་དུས་ཆོས་དང་འཁོར་གང་ཡང་མ་མཆིས་པ་ལས། ཕུན་སུམ་ཚོགས་པ་ལྔ་རུ་མངོན་པར་ཞེན་ཅིང་། རྣམ་གྲངས་དུ་མར་འཆད་དངོས་སུ་ཡོད་པར་

(༦༢༥)མངོན་པར་ཞེན་ནས་སྒོམ་པར་འདོད་པ་དེ། རི་བོང་རྭའི་དཔེ་དང་མི་མཚུངས་སམ། སེམས་ལ་ཕོ་མོ་དང་མ་ནིང་གང་ཡང་མེད་པ་ལས། ལྷ་ཡབ་ཡུམ་དང་རྒྱལ་བའི་སྲས་དང་སྲས་མོ་དང་། དཔའ་བོ་དང་མཁའ་འགྲོ་དང་། སྣ་ཚོགས་སུ་ཡོད་པར་འདོད་ཅིང་སྒོམ་པ་དེ་འཇིག་རྟེན་པའི་ཕ་མ་བུ་ཚ་ལ་སོགས་པའི་དཔེ་བླངས་པ་བཞིན་དུ་གོལ་བར་མི་འགྲོའམ། སྔགས་རང་རྒྱུད་དང་མན་ངག་དང་ལྷ་དང་དཀྱིལ་འཁོར་ཐམས་ཅད་ཀྱི་གལ་ཏེ་རང་བཞིན་མ་རྟོགས་ན། ངལ་བ་དོན་མེད་སྡུག་བསྔལ་གྱི་རྒྱུ་རུ་མི་འགྲོའམ། གསང་བ་སྔགས་ཀྱི་ལྷ་དང་རྒྱུད་སྡེ་ལ་སོགས་ཀྱི་དེ་བཞིན་ཉིད་ཡོངས་སུ་ཤེས་ཤིང་རྟོགས་ན། རྡོ་རྗེ་ཐེག་པར་མྱུར་དུ་མངོན་པར་བྱང་ཆུབ་པ་ཡིན། སྔགས་ལ་གྲངས་མེད་ཅིག་གསུངས་ཀྱང་། སེམས་ཅན་གྱི་ཀུན་བཏགས་ཀྱི་བློས་སངས་རྒྱས་དང་དཀྱིལ་འཁོར་རྣམས་ཀྱི་མིང་ཐ་དད་ཅིང་རང་རང་གི་མིང་དང་འཐུན་པར་སྣ་ཚོགས་སུ་བརྗོད་ཅིང་། དེ་ལ་སྔགས་སུ་མིང་བཏགས་པ་ཡིན། མིང་གཅིག་པུ་ལ་ཡང་སྐད་རིགས་མིང་གྲངས་མེད་པ་ཡོད་པ་ལས། རྒྱ་གར་གྱི་དྷར་མ་ཞེས་པ་དང་། བོད་ཀྱི་ཆོས་ཤེས་བཏགས་པ་དང་། དེ་ལ་སོགས་པ་མིང་གི་རྣམ་གྲངས་གྲངས་མེད་པ་ཡིན་པ་ལས། དེའི་ཕྱིར་ན་དབང་བསྐུར་དུ་ཡོད་པར་འདོད་པ་དང་། དབང་བསྐུར་དུ་མེད་པར་འདོད་པ་དང་། དབང་གི་བྱེ་བྲག་རྣམས་ཀུན་བཏགས་སུ་འདོད་པ་དང་། ཡོངས་སྒྲུབ་ཏུ་འདོད་པ་དང་། ཡང་དག་ཏུ་འདོད་པ་དང་། དབང་བསྐུར་ལུགས་གྲངས་མེད་པ་ཞིག་ཡོད་ཀྱང་། སེམས་དངོས་པོ་བཤིས་ཀྱི་གནས་ལུགས་རྟོགས་པའི་ཐབས་སུ་གསུངས་པའི་ཕྱིར་ན། སངས་རྒྱས་རྣམས་ཀྱི་

(༦༢༦)དེ་བཞིན་ཉིད་རྟོགས་པར་བྱའོ། །ཆོས་དང་དགེ་འདུན་རྣམས་ཀྱི་དེ་བཞིན་ཉིད་རྟོགས་པར་བྱའོ། །ལྷ་དང་སྔགས་ཀྱི་དེ་བཞིན་ཉིད་རྟོགས་པར་བྱའོ། །དེའི་ཕྱིར་ན་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་རྣམས་དང་། གྲུབ་མཐའི་བྱེ་བྲག་རྣམས་ལ་འདོད་པ་རྒྱ་མཚོ་མཐའ་ཡས་པ་ཡོད་པ་དེ། རྟོགས་པ་རྒྱ་མཚོ་མཐའ་ཡས་པ་གང་ཡང་བླང་བ་དང་དོར་བ་མེད་པ་ཡེ་ཤེས་ལྷུན་གྱིས་གྲུབ་ཅིང་། འདུ་བ་དང་འབྲལ་བ་མེད་པར་རྟོགས་པར་བྱའོ། །དེ་ལྟར་དུ་མ་རྟོགས་ན་ཇི་ལྟར་དུ་བསྒྲུབས་ཤིང་ཇི་ལྟར་དུ་བསྐྱེད་ཀྱང་ངལ་བ་དོན་མེད་འཁོར་བའི་རྒྱུ་འབྲས་སུ་ཤེས་པར་བྱའོ། །སངས་རྒྱས་དང་སྔགས་ལ་འབྲེལ་བ་ཡོད་པར་འདོད་པ་དང་། སངས་རྒྱས་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་སྔགས་ལ་འབྲེལ་བ་མེད་པར་འདོད་པ་དང་། སྔགས་ཀྱི་རྣམ་གྲངས་རིགས་མི་ཅིག་པ་གྲངས་མེད་པ་གསུངས་ན་ཡང་། ངག་གི་རྗོད་བྱ་ལས་མ་འདས་པའི་ཕྱིར། འགྲོ་བ་རིགས་དྲུག་གི་སྒྲ་སྐད་ཐམས་ཅད་གསང་སྔགས་སུ་འགྲོ་དགོས་པ་ལ། སྔགས་ཀྱི་དེ་བཞིན་ཉིད་རྟོགས་ན་ནི། ཐམས་ཅད་ཀྱང་སྔགས་སུ་འགྲོ་དགོས་པར་རིགས། ལྷ་དང་སྔགས་ཀྱི་སྒྲ་དོན་མ་ཤེས་ན། སྔགས་ཀྱི་བྱེ་བྲག་ཐམས་ཅད་ཀྱང་། འདོད་པ་མང་པོས་རྩོལ་སྒྲུབ་བྱས་ནས་ཀྱང་ངལ་བ་དོན་མེད་འཁྲུལ་པར་རིགས། ཡང་ན་སྙིང་པོ་གཅིག་ཙམ་བཟླས་པས་ཀྱང་ཡོན་ཏན་དཔག་ཏུ་མེད་པ་འབྱུང་བར་རིགས། རྒྱུད་སྡེ་གྲངས་མེད་པ་ཅིག་གསུངས་ཀྱང་། དཀྱིལ་འཁོར་རྒྱས་པ་དང་བསྡུས་པ་དང་། བསྐྱེད་པའི་རིམ་པ་རྒྱས་པ་དང་བསྡུས་པ་དང་། རྫོགས་པའི་རིམ་པ་དམིགས་པ་དང་བཅས་

(༦༢༧)པར་སྒོམ་པ་དང་། དམིགས་པ་མེད་པར་སྒོམ་པ་དང་། བསྐྱེད་རྫོགས་གཉིས་སུ་འདུས་ཤིང་བསྙེན་པ་དང་སྒྲུབ་པ་དང་ལས་སྦྱོར་གྱི་སྔགས་སུ་མ་འདུས་པ་མེད་པ་སྣང་བ་ལས། རྒྱུད་སྡེ་མང་པོའི་བཤད་པ་དང་། ཡིག་གེའི་ཚོགས་དང་ཐ་སྙད་ཀྱིས་ཅི་ཞིག་བྱ། ཕུན་སུམ་ཚོགས་པ་ལྔ་ཡང་གཅིག་གི་ལུགས་གོ་ན་ཐམས་ཅད་ཀྱི་ལུགས་གོ་བར་མི་འགྱུར་རམ། ལྷ་ཐམས་ཅད་ཀྱི་རྩ་བ་རིགས་ལྔ་དང་རིགས་གསུམ་དང་རིགས་བཞི་དང་རིགས་གཅིག་ཏུ་མ་འདུས་པ་ཡོད་དམ། རྒྱུད་སྡེ་གཅིག་གི་སྒྲ་དོན་གོ་བས་རྒྱུད་སྡེ་ཐམས་ཅད་ཀྱི་སྒྲ་དོན་གོ་བར་འདོད་པ་དང་། རྒྱུད་སྡེ་ཐམས་ཅད་ཀྱི་སྒྲ་དོན་གོ་བས་རྒྱུད་སྡེ་གཅིག་གི་སྒྲ་དོན་མི་གོ་མི་ཤེས་པར་འདོད་པ་དང་། ཞི་བ་དང་ཁྲོ་བོའི་ལྷ་ཚོགས་གྲངས་མེད་པ་ཤེས་ཀྱང་། གསང་བའི་མཆོག་རིགས་གཅིག་མི་ཤེས་པར་འདོད་པ་དང་། གསང་བ་ཆེན་པོའི་མཆོག་རིགས་གཅིག་ཤེས་ན། གསར་མ་དང་རྙིང་མའི་ལྷ་ཚོགས་ཐམས་ཅད་ཤེས་པར་འདོད་པ་དང་། སྔགས་ཀྱི་རིགས་ཐམས་ཅད་ཤེས་ཀྱང་། ཡིག་གེ་ཐམས་ཅད་ཀྱི་རང་བཞིན་ཨོཾ་དང་ཧཾ་གི་སྔགས་མི་ཤེས་པར་འདོད་པ་དང་། གསང་སྔགས་ཐམས་ཅད་ཀྱི་རྩ་བ་ཨོཾ་ཨཱཧཱུྃ་གསུམ་ཤེས་ནས་སྔགས་ཐམས་ཅད་ཤེས་པར་འདོད་པ་དང་། རྗོད་བྱ་ཀུན་བཏགས་ཀྱི་སྔགས་ཐམས་ཅད་ཤེས་པར་འདོད་པ་དང་། སྔགས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཤེས་པར་འདོད་པ་དང་། རྒྱུད་སྡེ་ལྔའི་ཐ་སྙད་ཀྱི་འབྲེལ་ཚུལ་ཤེས་པར་འདོད་པ་དང་། སྣང་སྲིད་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་གདོད་མ་ནས་གསང་སྔགས་ཡིན་པ་ལས། ཕྱི་དང་ནང་གཉིས་སུ་དབྱེ་བར་འདོད་པ་དང་། དཀྱིལ་འཁོར་མེ་རི་རྡོ་རྗེའི་གུར་དང་། དུར་ཁྲོད་བརྒྱད་

(༦༢༨)ལ་སོགས་པ་རྣམས་ཡིད་ཀྱི་རྣམ་རྟོག་སོ་སོར་སྒོམ་པར་འདོད་པ་དང་། སྔགས་ཀྱི་ལུགས་ཀྱི་འགྲོ་དྲུག་སེམས་ཅན་ནི་དམ་ཚིག་སེམས་དཔའ། བདག་གཞན་གྱི་རྣམ་པར་ཤེས་པ་ཏིང་ངེ་འཛིན་སེམས་དཔའ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་ཏིང་ངེ་འཛིན་སེམས་དཔའ། སེམས་དཔའ་གསུམ་ལྡན་གྱི་དཀྱིལ་འཁོར་གྱིས་མ་ཁྱབ་པ་མེད་པར་ཁས་ལེན་ཞིང་བཤད་པའི་ཕྱིར་ན། འདྲེ་དང་བདུད་ཀྱི་བར་ཆད་བྱེད་དོགས་ནས་མཚམས་བཅད་བསྲུང་འཁོར་སྒོམ་པ་དང་། དགྲ་རྣམས་སྲོག་དང་ཕྲལ་བར་འདོད་པའི་ཕྱིར་མཐུ་བྱེད་པ་ལ་སོགས་པ་བཤད་ཚོད་དང་མི་མཐུན་པ་མང་པོ་གདའ་བ་དེ། གསར་མ་དང་རྙིང་མའི་རྒྱུད་སྡེ་དང་གདམ་ངག་གི་མཁན་པོ་རྣམས་ཀྱིས་ཇི་ལྟར་previous hit དགོངས། འདྲེ་དང་བདུད་ཀྱི་བར་ཆད་བྱེད་པར་འདོད་ next hit་དང་། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱིས་དངོས་གྲུབ་གཏེར་བར་འདོད་པ་དང་། དཀྱིལ་འཁོར་ཆོས་ཀྱི་དབྱིངས་དང་མཉམ་པར་འདོད་པ་དང་། མཚམས་བཅད་ཅིང་བགེགས་དཀྱིལ་འཁོར་གྱི་ཕྱི་རོལ་དུ་ཕུད་པར་འདོད་པ་དང་། ཉེ་དུ་དང་འབྲེལ་བ་ཡོན་བདག་རྣམས་རྡོ་རྗེའི་གུར་ཁང་དུ་སྒོམ་པར་འདོད་པ་དང་། དགྲ་རྣམས་ཧཾ་ཁུང་དུ་བཅུག་ཅིང་ཐུན་རྫས་ཀྱིས་བྲབས་ནས་འཁོར་བཅས་བརླག་པར་འདོད་པ་དང་། འདི་ལྟར་དུ་ཡིན་ན་རྒྱུད་སྡེ་ལྔའི་བཤད་ཚུལ་དང་འགལ་བར་གདའ། དེའི་ཕྱིར་ན་མི་ཐད་པའི་འཐད་པ་དང་། མི་རིགས་པའི་རིགས་པ་བསམ་གྱིས་མི་ཁྱབ་པ་བཤད་ཅིང་གདའ་བ། ཇི་ལྟར་དུ་ལགས། ངོས་གྲུབ་གཞན་ནས་ཐོབ་དུ་རེ་བར་འདོད་པ་དང་། དངོས་གྲུབ་སྣ་ཚོགས་རང་ལ་ཡོང་ནས་ཐོབ་པར་འདོད་པ་དང་

(༦༢༩)དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་རང་ཉིད་ཡིན་པར་འདོད་པ་དང་། སངས་རྒྱས་ཐམས་ཅད་གཞན་ནས་འབྱོན་ཞིང་རང་ལ་བྱིན་གྱིས་བརླབས་ཤིང་བཞུགས་པར་འདོད་པ་དང་། ཀྲི་ཡ་བས་འབྲས་བུ་རིགས་གསུམ་རྡོ་རྗེ་འཛིན་པར་འདོད་པ་དང་། ཨུ་པ་བས་འབྲས་བུ་རིགས་བཞི་རྣམ་པར་འབྱེད་པར་འབྱེད་པར་འདོད་པ་དང་། ཡོ་ག་བས་འབྲས་བུ་རྣམ་པར་སྣང་མཛད་སྟུག་པོ་བཀོད་པར་འདོད་པ་དང་། མཧཱ་ཡོ་ག་བས་འབྲས་བུ་རིགས་ལྔའི་གཙོ་བོ་རྡོ་རྗེ་འཆང་དུ་འདོད་པ་དང་། ཨ་ནུ་ཡོ་ག་བས་འབྲས་བུ་ཀུན་བཟང་ཡབ་ཡུམ་དུ་འདོད་པ་དང་། སྔགས་ཕྱི་ནང་གི་ཐེག་པ་རྣམས་ཀྱིས་འཇུག་པའི་སྒོ་ཡོད་པར་འདོད་པ་དང་། འཇུག་པའི་སྒོ་མེད་པར་འདོད་པ་དང་། ལྟ་བ་ཡོད་པར་འདོད་པ་དང་། །ལྟ་བ་མེད་པར་འདོད་པ་དང་། །སྒོམ་པ་ཡོད་པར་འདོད་པ་དང་། །སྒོམ་པ་མེད་པར་འདོད་པ་དང་། །གནས་ཡོད་པར་འདོད་པ་དང་། །གནས་མེད་པར་འདོད་པ་དང་། །ལམ་བསྒྲོད་དུ་ཡོད་པར་འདོད་པ་དང་། །ལམ་བསྒྲོད་ཏུ་མེད་པར་འདོད་པ་དང་། །སའི་རྣམ་གྲངས་ཡོད་པར་འདོད་པ་དང་། །སའི་རྣམ་གྲངས་མེད་པར་འདོད་པ་དང་། །དམ་ཚིག་བསྲུང་དུ་ཡོད་པར་འདོད་པ་དང་། །དམ་ཚིག་བསྲུང་དུ་མེད་པར་འདོད་པ་དང་། །དངོས་གྲུབ་ཐོབ་ཏུ་ཡོད་པར་འདོད་པ་དང་། །དངོས་གྲུབ་ཐོབ་ཏུ་མེད་པར་འདོད་པ་དང་། །ཐེག་པ་ཐམས་ཅད་ངོ་བོ་ཅིག་པར་འདོད་པ་དང་། །ཐེག་པ་ཐམས་ཅད་སོ་སོ་ཡིན་པར་འདོད་པ་དང་། །བཀའི་སྡེ་ཚན་དུ་འདོད་པ་དང་། །བསྟན་བཅོས་ཀྱི་སྡེ་ཚན་དུ་ཡོད་པ་དང་། །སྔགས་ཀྱི་ཕྱི་ནང་ཡོད་པར་འདོད་པ་དང་། །སྔགས་ཀྱི་ཕྱི་ནང་མེད་པར་འདོད་པ་དང་། གཟུངས་སྔགས་རིགས་སྔགས་གསང་སྔགས་གསུམ་དུ་འདོད་པ་དང་། །སྔགས་ཐམས་ཅད་སོ་སོ་མེད་པར་འདོད་པ་དང་། ཐེག་པ་ལ་ཆེ་

(༦༣༠)ཆུང་ཡོད་པར་འདོད་པ་དང་། ཐེག་པ་ལ་ཆེ་ཆུང་མེད་པར་འདོད་པ་དང་། འབྲས་བུ་ལ་ཐོབ་རྒྱུ་ཡོད་པར་འདོད་པ་དང་། འབྲས་བུ་ལ་ཐོབ་རྒྱུ་མེད་པར་འདོད་པ་དང་། ཕྲིན་ལས་ལ་སྒྲུབ་རྒྱུ་ཡོད་པར་འདོད་པ་དང་། ཕྲིན་ལས་ལ་སྒྲུབ་རྒྱུ་མེད་པར་འདོད་པ་དང་། ཐེག་པའི་ཡང་རྩེ་རྫོགས་པ་ཆེན་པོའི་དབང་དུ་བྱས་ན་ཕྱེད་དེ་ལ་བསྒྲོལ་ཤན་འབྱེད་ཀྱི་ཐེག་པར་འདོད་པ་དང་། ཕྱེད་དེ་རྫོགས་པ་ཆེན་པོ་མགྲེན་མེད་དུ་འདོད་པ་ལས། ཐེག་པ་བརྒྱད་པོ་གོལ་བར་འདོད་པ་དང་། རང་གི་ས་རྫོགས་ཆེན་སྒྲུབ་བྱར་འདོད་པ་དང་། ཐེག་པ་བརྒྱད་པོ་རྒྱན་དུ་རྫོགས་ཤིང་། རྫོགས་ཆེན་རང་ཉིད་ངོ་བོར་འདོད་པ་དང་། ཐེག་པ་བརྒྱད་པོ་རིམ་གྱིས་རྫོགས་ཤིང་། རྫོགས་ཆེན་རང་ཉིད་རྒྱུ་ལས་མ་བྱུང་བའི་འབྲས་བུར་འདོད་པ་དང་། སྐུ་གསུམ་རྒྱུ་འབྲས་ཀྱི་སྟོན་པར་འདོད་ཅིང་། རྫོགས་པ་ཆེན་པོ་དོན་དམ་པ་བྱང་ཆུབ་ཀྱི་སེམས་སུ་འདོད་པ་དང་། ལ་ལས་ལྷུན་གྲུབ་གཞིར་འདོད་པ་དང་། འགའ་ཞིག་དཀའ་དག་ཏུ་འདོད་པ་དང་། ལ་སྒྲོལ་ཤན་འབྱེད་ཀྱི་འདོད་ལུགས་འདི་རྣམས་ཡིན་ཏེ། ཇི་ལྟར་བྱས་ཀྱང་ཞེ་འདོད་གྲུབ་མཐའ་ལས་མ་འདས་པའི་ཕྱིར་ན། མཉམ་བྱེད་དང་ཞེ་འདོད་གྲངས་མེད་པ་ཡོད་པ་ཡིན། རྫོགས་པ་ཆེན་པོ་ཀུན་བྱེད་རྒྱལ་པོ་ཡིས། །ཐམས་ཅད་ཁོ་ཡིས་བྱས་པར་འདོད་པ་ཡིན། གཅིག་མ་བྱས་པར་འདོད་པ་དང་། དེ་མཐའ་གཉིས་ཀྱི་གྲུབ་མཐའི་འདོད་པ་ཡིན། རྫོགས་པ་ཆེན་པོ་སྤྱི་གཅིག་རྩེ་མོ་བྱུང་རྒྱལ་གྱི་བཞེད་པས་འཁོར་འདས་ཀྱི་ཆོས་གང་ཡང་མ་གྲུབ་པ་མ་སྤངས་པར་གནས་ལུགས་ཀྱི་དེ་ཉིད་རྟོགས་པ་ཙམ་གྱིས་སངས་རྒྱས་པར་བཞེད་པ་ཡིན། དེ་ལྟར་དུ་ཡིན་ན་འཁོར་འདས་ལམ་གྱིས་

(༦༣༡)བསྡུས་པའི་ཆོས། ཐེག་པ་ཕྱེད་དང་དགུའི་རིམ་པ་ས་ལམ་བསྒྲོད་པ་དོན་མེད་པར་ཐལ། རིམས་ཀྱི་འཇུག་པའི་དབང་དུ་བྱས་ན། ཐེག་པ་ཕྱེད་དང་དགུའི་ས་ལམ་མ་བསྒྲོད་ཀྱི་བར་དུ་སངས་མི་རྒྱ་བར་གསུངས་པའི་ཕྱིར་ན། ཅིག་ཆར་བ་ཞེས་བྱ་བ་གདོད་མ་ནས་མི་སྲིད་པར་ཐལ། དེའི་ཕྱིར་ན་སྒྲ་དོན་སོ་སོར་རྟོགས་པའི་སྟོན་པ་དང་། སྒོམ་ཆེན་པ་རྣམས་འདོད་པ་བརྒྱ་མཚོའི་ལུང་དང་རིགས་པ་གདམ་ངག་འདི་རྣམས་དང་འགྲོ་དྲུག་སེམས་ཅན་གྱི་འདོད་པའི་འཁྲུལ་གཞི་དང་། ཕྱི་རོལ་མུ་སྟེགས་པའི་ལྟ་ལོག་སུམ་བརྒྱ་དྲུག་བཅུའི་ལོག་རྟོག་ལ་སོགས་པ་འདི་རྣམས་ལ་previous hit དགོངས next hit་མཛད་པར་ཞུ་རྟོགས་ན་རང་བྱུང་ཡེ་ཤེས་ཐམས་ཅད་མཁྱེན་པ་རྟོགས། འཁྲུལ་པ་ཀུན་བཏགས་སྣ་ཚོགས་ཤེས་བྱ་དུ་མ་ཡང་། ཡང་དག་པའི་དོན་ལ་ཐེ་ཚོམ་ཟ་བའི་རྒྱུ་ཡིན། དཔེར་ན་འབངས་ཀྱིས་རྒྱལ་པོ་གསོ་བར་འདོད་པ་དང་། རྒྱལ་པོས་འབངས་གསོ་བར་འདོད་པ་དང་། བྱ་ལ་སྒོང་ང་བྱུང་བར་འདོད་པ་དང་སྒོང་ང་ལ་བྱ་བྱུང་བར་འདོད་པ་དང་། ཡང་དག་པའི་དོན་མ་རྟོགས་ན། ཀུན་བཏགས་ཀྱི་རྒྱུ་འབྲས་འདི་རྣམས་ཀྱང་། བཏགས་ཤིང་ཐེ་ཚོམ་ཆོད་པ་དཀའ་བར་སྣང་། སྤྱིར་འཁོར་འདས་ཀྱི་ཆོས་ཐམས་ཅད་གཏན་ལ་འབེབས་པ་ལས། ལུང་དང་རིགས་པ་རྣམ་པ་གཉིས་དགོས་པ་ཡིན་ཏེ། ལུང་བདེ་བར་གཤེགས་པའི་བཀའ་ཚད་མ་དང་། ཞར་ལ་བྱུང་བ་རིགས་པ་ཡིན་ཏེ། རིགས་པ་ཡང་རྣམ་པ་བཞིར་དབྱེ་བར་བྱའོ། །ལྟོས་པའི་རིག་པ་དང་བྱ་བ་བྱེད་པའི་རིག་པ་དང་། ཚད་མའི་རིག་པ་དང་། ཆོས་ཉིད་ཀྱི་རིག་པའོ། །འཇིག་རྟེན་ན་ཆོས་ཀྱི་ཚུལ། ཇི་ལྟར་དུ་ཡང་འབྱུང་ཞིང་སྲིད་པ་བཞིན་དུ་སྣ་ཚོགས་

(༦༣༢)སུ་འབྱུང་བའི་ཕྱིར་ན་རིག་པ་ཞེས་བྱ་སྟེ། དེ་ཡང་མིག་གི་རྣམ་པར་ཤེས་པ་རང་གཅིག་པུ་དོན་བྱེད་མི་ནུས་ཀྱི། མིག་གི་དབང་པོ་དང་ཡུལ་གཟུགས་ཀྱི་བྱེ་བྲག་ལ་ལྟོས་ནས། སྣ་ཚོགས་སུ་སྣང་ཞིང་སྣ་ཚོགས་སུ་རིག་པའི་ཕྱིར་ན། ཕུང་པོ་ལྔ་ལ་སོགས་པ་འདོད་པའི་ཚོགས་ཐམས་ཅད་ཀུན་ལ་དེ་ལྟར་སྦྱོར་ཞིང་ཕྱོགས་མེད་ཏུ་སྐོར་ཤེས་པར་བྱའོ། །དཔེར་ན་མྱུ་གུ་ནི་ས་བོན་ལ་ལྟོས་ནས་སྣ་ཚོགས་འབྱུང་ཞིང་སྐྱེ་སྟེ། མྱུ་གུ་སྣ་ཚོགས་མེ་ཏོག་སྣ་ཚོགས་འབྲས་བུ་སྣ་ཚོགས་སུ་སྨིན་པ་ལྟར། ལས་དགེ་སྡིག་འཁོར་འདས་ཀྱི་རྒྱུ་འབྲས་ཐམས་ཅད་ཀྱང་། འདོད་པའི་བྱེ་བྲག་སྣ་ཚོགས་ཀྱིས་སྣ་ཚོགས་སུ་འཆར་ཞིང་སྣང་བར་རིག་པའི་ཕྱིར་ན། ཐམས་ཅད་ལ་དེ་ལྟར་དུ་སྦྱོར་ཞིང་ཕྱོགས་མེད་ཏུ་སྐོར་ཤེས་པར་བྱའོ། །དཔེར་ན་ཆུ་ལ་ཐུར་དུ་འབབ་པ་དང་། ཉི་མ་ཤར་ཕྱོགས་ནས་འཆར་བ་དང་། འབྱུང་བ་ལྔ་ཡིས་བྱ་བ་སྣ་ཚོགས་འགྲུབ་པ་དང་། དངོས་པོ་གཤིས་ཀྱི་གནས་ལུགས་ཀྱང་། །འདོད་པ་མཐའ་ཡས་པ་གྲངས་མེད་པར་སོ་སོར་རྟོགས་ཤིང་། ཤེས་བྱ་གཤིས་ཀྱི་གནས་ལུགས་སུ་སྣ་ཚོགས་སུ་རིག་ཅིང་གཏན་ལ་ཕབ་ཀྱང་། དངོས་པོ་གཤིས་ཀྱི་གནས་ལུགས་ལས་མ་འདས་པའི་ཕྱིར་ན། ཆོས་ཉིད་ཀྱི་རིག་པའོ། །ཚད་མའི་རིག་པ་བྱ་བ་ནི། །བདེ་བར་གཤེགས་པ་ལུང་གི་ཚད་མ་ལ་མཁས་ཤིང་ཕྱོགས་མེད་ཀྱི་དོན་རྟོགས་ན་མཐར་ཐུག་ལུང་གི་ཚད་མ་མིན་པ་སྟེ། འདོད་པ་རྒྱ་མཚོའི་ཚོགས་ཐམས་ཅད་ལ་སོ་སོར་སྦྱོར་ཞིང་ཕྱོགས་མེད་དུ་འཁོར་ལོ་ལྟར་བསྐོར་ནས། ཀུན་གྱི་སྒྲ་དང་དོན་སོ་སོར་རྟོགས་པར་བྱའོ། །previous hit དགོངས next hit་འདུལ་བ་གསང་བ་དང་། །མ་རྟོགས་པ་དང་ལོག་པར་རྟོགས།

(༦༣༣)། ཕྱོགས་རྟོགས་ཡང་དག་གཉིས་མ་རྟོགས། །ཡང་དག་དོན་ལ་ཐེ་ཚོམ་ཟ། །ཞེས་པ་གསང་བ་སྙིང་པོའི་རྒྱུད་ལས་གསུངས་པའི་ཕྱིར་ན། འདོད་པ་སྣ་ཚོགས་ཀྱིས་ཡང་དག་པའི་དོན་ལ་ཐེ་ཚོམ་ཟ་བར་སྣང་བའི་ཕྱིར་ན། འདོད་པ་རྒྱ་མཚོ་མ་རྟོགས་ཀྱི་བར་དུ། སྒོམ་ཆེན་པ་བྱ་བ་ཤིན་ཏུ་དཀའ་བར་གདའ། འདོད་པ་རྒྱ་མཚོ་ཞེས་བྱ་བ། འབྲལ་བ་མེད་ཅིང་འབྲེལ་བ་མེད་པ། འདྲེ་བ་མེད་ཅིང་འབྲེལ་ཆགས་མེད་པ། བྱེ་བྲག་སོ་སོར་སྣང་ཞིང་ངོ་བོ་ཅིག་པ། གྲུབ་མཐའ་ཀུན་དང་ལུང་རིགས་ཀྱི་འདོད་པ་མཐའ་ཡས་རྟོགས་པ། རང་བྱུང་ཡེ་ཤེས་སྤྱན་དང་ལྡན་པར་རྫོགས་པ་དང་། ཀུན་བཏགས་བུ་ཚའི་ལྟེ་བུ་ལྟེབ་སྐྱེན་འདྲ། གང་ལ་ཡང་ཡིད་ཆེས་མ་བྱེད་ཅིག །སྐུ་ལྔའི་སངས་རྒྱས་རྣམས་ཀྱིས་གསུངས་པ་དང་གསུང་བ་དང་། གསུང་བར་འགྱུར་བ་བཀའ་རྒྱ་ཆེ་ཞིང་ལུང་གྲངས་མང་བ་དང་། བསྟན་བཅོས་དང་previous hit དགོངས next hit་དང་འགྲེལ་པའི་ཚོགས་ལ་ཐ་དད་དུ་མར་སྣང་བ་ཡང་། དོན་ལ་ངོ་བོ་ཅིག་པའི་ཕྱིར་ན། སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལ། ལུང་དང་རིག་པ་མན་ངག་ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའ་སྣ་ཚོགས་པ་ལ་རྟོགས་པ་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ཀྱི་འཁྲུལ་པ་དང་འཁྲུལ་གཞི་ལ་སོགས་པ། འདོད་པ་རྒྱ་མཚོ་གྲངས་མེད་པ་ཅིག་སྣང་ན་ཡང་། འདི་བདག་ཏུ་འཛིན་པའི་ལྟ་བ་ཉི་ཤུ་རྩ་གཅིག་འདུས་པ་ཡིན། གྲུབ་མཐའ་དེ་རྣམས་ཐམས་ཅད་ལ་ཐོས་པའི་སྒྲ་དོན་མ་ལུས་པ་སོ་སོར་འབྱེད་ཤེས་ཤིང་། ཀུན་དང་འཐུན་པར་ཕྱོགས་མེད་ཏུ་བརླབས་ན། མཁས་པ་

(༦༣༤)ཞེས་བྱ་བར་མིང་འདོགས་སུ་བཏུབ་པ་ཡིན། རྗེ་བཙུན་ཆེན་པོ་ཏཻ་ལོ་པ་དང་གྲུབ་ཆེན་བརྒྱད་དང་། རྗེ་རྡོ་རྗེ་འཆང་དང་ཐ་དད་མེད་པ་ཡིན། དེ་རྣམས་ཀྱིས་བྱིན་གྱིས་བརློབ་པ་རྗེ་ནཱ་རོ་པའི་བཞེད་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་གྲུབ་མཐའ་སྣ་ཚོགས་དང་འདོད་ལུགས་བསམ་གྱིས་མི་ཁྱབ་པ་སྣང་ན་ཡང་། དེ་རྣམས་ཀུན་གྱི་རྩ་བ་དངོས་པོ་གཤིས་ཀྱི་གནས་ལུགས་རང་བཞིན་གྱིས་ལྷུན་གྱིས་གྲུབ་ཅིང་ཆོས་ཀྱི་དབྱིངས་རབ་འབྱམ་མཐའ་ཡས་པ་ཚད་གཞལ་མེད་ཅིང་། མཐའ་དང་དབུས་མེད་པ་སངས་རྒྱས་དང་སེམས་ཅན་གང་དུ་ཡང་ཐ་སྙད་མི་འདོགས་པ། སྣང་སྲིད་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རང་བཞིན་ངོ་བོ་ཉིད་ཀྱིས་གནས་པ་ལ་རྩོལ་བ་དང་སྒྲུབ་པ་སྤངས་པ་དང་། ཐོབ་པ་ཅི་ཡང་མ་གྲུབ་པ་སྟེ། སེམས་དངོས་པོ་གཤིས་ཀྱི་གནས་ལུགས་ཡིན། ཤེས་བྱ་བཤིས་ཀྱི་གནས་ལུགས་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡིན་ཏེ། དཔེར་ན་ཤིང་གི་ལོ་མ་དང་མེ་ཏོག་འབྲས་བུ་བཞིན་ཐམས་ཅད་གཅིག་གི་རྣམ་འཕྲུལ་ཡིན་པ་ལས་མ་རྟོགས་ཤིང་གོས་འདྲིས་མཐར་ཕྱིན་ན། སངས་རྒྱས་སྐུ་ལྔ་རང་ལ་རྫོགས་པ་ཡིན། རང་གིས་རང་མ་རིག་ཅིང་མ་རྟོགས་ན། ཇི་ལྟར་དུ་བསྒྲུབས་ཤིང་བསྐྱེད་པ་ཡང་ཁམས་གསུམ་འཁོར་བ་རང་ཉིད་ཡིན་པའི་ཕྱིར་ན། འདོད་པ་རྒྱ་མཚོ་འཁོར་བའི་རྒྱུ་འབྲས་ཡིན་པར་ཤེས་པར་བྱའོ། །རྗེ་ཆེན་པོ་ནཱ་རོ་པའི་བཞེད་previous hit དགོངས་དེ་ལྟར་དུ་ཡིན་པའི་ཕྱིར་ན། སྒོམ་ཆེན་ next hit་རྣམས་ཀྱིས་རྟོགས་པ་རབ་འབྱམ་ལ་རྩལ་རྫོགས་

(༦༣༥)པར་བྱའོ། །སེམས་དངོས་པོ་གཤིས་ཀྱི་གནས་ལུགས་རབ་འབྱམ་མཐའ་ཡས་པ་དེའི་རང་བཞིན་དང་ངོ་བོ་དང་མཚན་ཉིད་འཁོར་འདས་ཐམས་ཅད་ཀྱི་ཞེ་འདོད་མཐའ་ཡས་པ་རྒྱ་མཚོ་དེ་རྟོགས་ཤིང་གོམས་འདྲིས་མཐར་ཕྱིན་ན། ཐམས་ཅད་ངོ་བོ་ཉིད་ཀྱི་རྩལ་རྫོགས་ན་རྟོགས་པ་རབ་འབྱམ་བྱ་བ་ཡིན་པས། དཔེར་ན་ཉི་མ་ཤར་བས་མུན་པ་ཐམས་ཅད་སྣང་བར་འཆར་བ་བཞིན་དུ་མ་རྟོགས་པའི་དུས་ཀྱི་འདོད་པ་རྒྱ་མཚོ་རྒྱལ་བ་རྒྱ་མཚོ་སྐུ་ལྔ་ཡོངས་སུ་རྫོགས་པའི་སངས་རྒྱས་སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ་དང་ལྡན་པ་གདུལ་བྱ་སེམས་ཅན་རྣམས་ཇི་ལྟར་དུ་གནས་པ་ལ་གཟུགས་སྐུའི་རྣམ་འཕྲུལ་དེ་ལྟར་བྱོན་པ་སྟེ། གང་ནས་ཀྱང་བྱོན་པ་མིན། གང་དུ་ཡང་བཞུད་པ་མིན། སངས་རྒྱས་བྱ་བ་གཞན་ནས་ཐོབ་པ་མ་ཡིན། གཟུགས་སྐུ་སྣ་ཚོགས་པ་གྲངས་མེད་པ་ཇི་ལྟར་དུ་སྣང་ཡང་གདུལ་བྱ་སེམས་ཅན་རབ་འབྲིང་ཐ་མ་ཇི་ལྟར་དུ་གནས་ཤིང་། འབྲེལ་བ་ཡོད་པའི་སྣང་བ་ལ། འདུག་བྱེད་ཀྱི་སྟོན་པ་དེ་ལྟར་དུ་འཆར་བ་ཡིན། དེའི་ཕྱིར་ན་གཟུགས་སྐུ་སྣ་ཚོགས་གདུལ་བྱའི་སྣང་ངོས་ཡིན་བྱ་བའི་དོན་ཡང་འདི་ལ་previous hit དགོངས next hit་ཡིན། དེའི་ཕྱིར་ན་ཁང་ལས་ཀྱང་། སྐད་འཐུན་པར་ནི་ཆོས་སུ་གོ། སེམས་རྒྱུད་འཐུན་པར་ནི་ཏིང་ངེ་འཛིན་དུ་འཆར། ཁམས་རྒྱུད་འཐུན་པར་ནི་སྤྱོད་ལམ་མཛད་སྤྱོད་སྣ་ཚོགས་སུ་སྟོན། ཞེས་གསུངས་པའི་ཕྱིར་ན། སངས་རྒྱས་སྐུ་ལྔའི་རྟོགས་པ་རབ་འབྱམ་གྱིས་ཀྱང་མ་ཁྱབ་པ་མེད་པ་ཡིན། མ་རྟོགས་པའི་དུས་ན་འདོད་པ་རྒྱ་མཚོ་མཐའ་ཡས་པ་སྟེ། རང་གིས་རང་ངོ་ཤེས་ཤིང་རང་རིག་པའི་ཡེ་ཤེས་

(༦༣༦)མངོན་དུ་གྱུར་པའི་དུས་ན་རྟོགས་པ་རྒྱ་མཚོ་མཐའ་ཡས་པའི་ཕྱིར་ནི། གཟུགས་སྐུ་གདུལ་བྱའི་གྲངས་དང་མཉམ། རང་བྱུང་ཡེ་ནས་ཤེས་པས་མཁས་པ་ཚད་མེད་ཅིང་གཞལ་དུ་མེད་པ་ཡིན། གྲུབ་མཐའ་མ་ལུས་ཀུན་ལ་མཁས་ཤིང་དེའི་དེ་ཉིད་རྟོགས་པ་མཐའ་ཡས་པའི་སྒོམ་ཆེན་བླ་ན་མེད་པའི་ཆེན་པོ་རྣམས་ཀྱིས་མཁྱེན་པར་མཛོད། འདོད་པ་རྒྱ་མཚོའི་སྒྲ་དོན་མ་རྟོགས་ཚེ་བསྟན་པ་རྒྱ་མཚོ་མཐའ་ཡས་གོ་བར་མི་འགྱུར་ཞིང་། གདམ་ངག་རྒྱ་མཚོའི་ས་ལམ་རྫོགས་པར་གདན་འགྱུར། བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་རྩ་བ་ཤད་བར་གཅིག་པ་མ་བུ་གཉིས་ལས་འཕྲོས་པ། བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་གཞུང་ཆེན་མོ་དང་། དེ་ལས་འཕྲོས་པ་ཕུན་སུམ་ཚོགས་པ་མཐའ་ཡས་པ་གསལ་བར་བྱེད་པའི་སྒྲོན་མ་དང་། མཧཱ་ཡོ་ག་མན་ཆོད་ཀྱི་ཆིངས་མ་རིག་མུན་སེལ་རྒྱ་མཚོ་མཐའ་ཡས་དང་། ཉན་རང་གི་ཐེག་པ་ལས་འཕྲོས་པ་འདུལ་བ་རྒྱ་མཚོ་མཐའ་ཡས་སྟེ། ཐེག་པ་ཀུན་གྱི་ཞེ་འདོད་སོ་སོར་འབྱེད་པ་ལས་འདོད་པ་རྒྱ་མཚོ་མཐའ་ཡས་པ་འབྲལ་བ་མེད་ཅིང་འབྲེལ་བ་མེད་པ། འབྲེལ་བ་མེད་ཅིང་འབྲལ་བ་མེད་པ་དེ་རྣམས་ཐམས་ཅད་ཀྱི་བཅུད་བསྡུས་པ་གདམ་ངག་རྒྱ་མཚོ་མཐའ་ཡས་ཏེ། དེ་རྣམས་ཀུན་གྱི་འབྲས་བུ་རྟོགས་པ་རྒྱ་མཚོ་མཐའ་ཡས་ཀུན་ལ་ཁྱབ་པའོ། །རིགས་པ་རྒྱ་མཚོ་ཞར་ལ་སྟོན། འདི་རྣམས་ཐམས་ཅད་གཅིག་རྒྱབ་ཅིག་གིས་སྐྱོང་བ་ཡིན་ཏེ། འདི་རྣམས་ཐམས་ཅད་སྒྲ་དོན་སོ་སོར་གོ་ཞིང་རྟོགས་པར་བྱ་ཞིང་སྒོམ་ཆེན་

(༦༣༧)པོའི་ཆོས་ཡིན་པའི་ཕྱིར་ན། སྒྲ་གཙོ་བོར་མི་བྱ་ཞིང་དོན་གཙོ་ཆེར་བྱེད་པ་སྟེ། རྟོགས་པ་རྒྱ་མཚོ་རབ་འབྱམ་མཐའ་ཡས་རྟོགས་པར་བྱའོ། །འདི་རྣམས་གང་གིས་འཛིན་པ་དང་། འཆང་བ་དང་བཤད་པ་དང་འདིའི་དོན་སྒོམ་ཞིང་རྟོགས་པ་རྣམས་ཀྱི་ཐེག་པ་དགུའི་ཆོས་སྐྱོང་རྣམས་ཀྱིས་སྡོང་གྲོགས་དམ་པ་གྱིས་ཤིག །བར་ཆད་ཐམས་ཅད་སེལ་ཞིང་དངོས་གྲུབ་དམ་པ་སྩོལ་ཅིག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །རྗེ་ནཱ་རོ་པའི་བརྒྱུད་པས་བྱིན་བརློབས་ཀྱིས། རང་བྱུང་རྣལ་འབྱོར་རྡོ་རྗེ་ཡིས། །དངོས་པོ་གཤིས་ཀྱི་གནས་ལུགས་ཆོས་ཀྱི་དབྱིངས་དང་མཉམ་པ་ལས། ཤེས་བྱ་བཤིས་ཀྱི་གནས་ལུགས་འདོད་པ་རྒྱ་མཚོ་མཐའ་ཡས་པ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། རྟོགས་པ་རབ་འབྱམ་རང་བྱུང་གི་ཡེ་ཤེས་རྟོགས་པ་གཅིག་གི་དཀྱིལ་འཁོར་དུ། ཐམས་ཅད་ཀུན་གྱི་གནས་ལུགས་སྤངས་པ་དང་ཐོབ་པ་མེད་པར་ཐམས་ཅད་རང་ལ་རྫོགས་ཤིང་རང་གི་རྣམ་འཕྲུལ་དུ་ལྷན་་སྐྱེས་རོ་ཅིག་ཕྱག་རྒྱ་ཆེན་པོ་ཐམས་ཅད་ཀུན་གྱི་བདག་ཉིད་ཆེན་པོ་ཤར་བ་དེ། ཨེ་མ་ངོ་མཚར་མི་ཆེའམ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་བསགས་དང་རྟོགས་པ་ཡི། །བསོད་ནམས་རྒྱ་ཆེ་མཐའ་ཡས་དེས། འགྲོ་དྲུག་སེམས་ཅན་མ་ལུས་པ། །སངས་རྒྱས་རང་ལ་མྱུར་རྟོགས་ཤོག །འདོད་པ་རྒྱ་མཚོ་མཐའ་ཡས་རྟོགས་པ་རབ་འབྱམ་དུ་རྟོགས་ཤིང་། སྐུ་ལྔའི་སངས་རྒྱས་རང་ལ་རྫོགས་པའི་གདམ་ངག་རྨད་དུ་བྱུང་བ། བླ་མ་ཀརྨ་པས་མཛད་པ་རྫོགས་སོ།། །།གཅིག་ཞུས། དགེའོ། །

(༦༣༨)

(༦༣༥)པར་བྱའོ། །སེམས་དངོས་པོ་གཤིས་ཀྱི་གནས་ལུགས་རབ་འབྱམ་མཐའ་ཡས་པ་དེའི་རང་བཞིན་དང་ངོ་བོ་དང་མཚན་ཉིད་འཁོར་འདས་ཐམས་ཅད་ཀྱི་ཞེ་འདོད་མཐའ་ཡས་པ་རྒྱ་མཚོ་དེ་རྟོགས་ཤིང་གོམས་འདྲིས་མཐར་ཕྱིན་ན། ཐམས་ཅད་ངོ་བོ་ཉིད་ཀྱི་རྩལ་རྫོགས་ན་རྟོགས་པ་རབ་འབྱམ་བྱ་བ་ཡིན་པས། དཔེར་ན་ཉི་མ་ཤར་བས་མུན་པ་ཐམས་ཅད་སྣང་བར་འཆར་བ་བཞིན་དུ་མ་རྟོགས་པའི་དུས་ཀྱི་འདོད་པ་རྒྱ་མཚོ་རྒྱལ་བ་རྒྱ་མཚོ་སྐུ་ལྔ་ཡོངས་སུ་རྫོགས་པའི་སངས་རྒྱས་སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ་དང་ལྡན་པ་གདུལ་བྱ་སེམས་ཅན་རྣམས་ཇི་ལྟར་དུ་གནས་པ་ལ་གཟུགས་སྐུའི་རྣམ་འཕྲུལ་དེ་ལྟར་བྱོན་པ་སྟེ། གང་ནས་ཀྱང་བྱོན་པ་མིན། གང་དུ་ཡང་བཞུད་པ་མིན། སངས་རྒྱས་བྱ་བ་གཞན་ནས་ཐོབ་པ་མ་ཡིན། གཟུགས་སྐུ་སྣ་ཚོགས་པ་གྲངས་མེད་པ་ཇི་ལྟར་དུ་སྣང་ཡང་གདུལ་བྱ་སེམས་ཅན་རབ་འབྲིང་ཐ་མ་ཇི་ལྟར་དུ་གནས་ཤིང་། འབྲེལ་བ་ཡོད་པའི་སྣང་བ་ལ། འདུག་བྱེད་ཀྱི་སྟོན་པ་དེ་ལྟར་དུ་འཆར་བ་ཡིན། དེའི་ཕྱིར་ན་གཟུགས་སྐུ་སྣ་ཚོགས་གདུལ་བྱའི་སྣང་ངོས་ཡིན་བྱ་བའི་དོན་ཡང་འདི་ལ་previous hit དགོངས ་ཡིན། དེའི་ཕྱིར་ན་ཁང་ལས་ཀྱང་། སྐད་འཐུན་པར་ནི་ཆོས་སུ་གོ། སེམས་རྒྱུད་འཐུན་པར་ནི་ཏིང་ངེ་འཛིན་དུ་འཆར། ཁམས་རྒྱུད་འཐུན་པར་ནི་སྤྱོད་ལམ་མཛད་སྤྱོད་སྣ་ཚོགས་སུ་སྟོན། ཞེས་གསུངས་པའི་ཕྱིར་ན། སངས་རྒྱས་སྐུ་ལྔའི་རྟོགས་པ་རབ་འབྱམ་གྱིས་ཀྱང་མ་ཁྱབ་པ་མེད་པ་ཡིན། མ་རྟོགས་པའི་དུས་ན་འདོད་པ་རྒྱ་མཚོ་མཐའ་ཡས་པ་སྟེ། རང་གིས་རང་ངོ་ཤེས་ཤིང་རང་རིག་པའི་ཡེ་ཤེས་

(༦༣༦)མངོན་དུ་གྱུར་པའི་དུས་ན་རྟོགས་པ་རྒྱ་མཚོ་མཐའ་ཡས་པའི་ཕྱིར་ནི། གཟུགས་སྐུ་གདུལ་བྱའི་གྲངས་དང་མཉམ། རང་བྱུང་ཡེ་ནས་ཤེས་པས་མཁས་པ་ཚད་མེད་ཅིང་གཞལ་དུ་མེད་པ་ཡིན། གྲུབ་མཐའ་མ་ལུས་ཀུན་ལ་མཁས་ཤིང་དེའི་དེ་ཉིད་རྟོགས་པ་མཐའ་ཡས་པའི་སྒོམ་ཆེན་བླ་ན་མེད་པའི་ཆེན་པོ་རྣམས་ཀྱིས་མཁྱེན་པར་མཛོད། འདོད་པ་རྒྱ་མཚོའི་སྒྲ་དོན་མ་རྟོགས་ཚེ་བསྟན་པ་རྒྱ་མཚོ་མཐའ་ཡས་གོ་བར་མི་འགྱུར་ཞིང་། གདམ་ངག་རྒྱ་མཚོའི་ས་ལམ་རྫོགས་པར་གདན་འགྱུར། བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་རྩ་བ་ཤད་བར་གཅིག་པ་མ་བུ་གཉིས་ལས་འཕྲོས་པ། བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་གཞུང་ཆེན་མོ་དང་། དེ་ལས་འཕྲོས་པ་ཕུན་སུམ་ཚོགས་པ་མཐའ་ཡས་པ་གསལ་བར་བྱེད་པའི་སྒྲོན་མ་དང་། མཧཱ་ཡོ་ག་མན་ཆོད་ཀྱི་ཆིངས་མ་རིག་མུན་སེལ་རྒྱ་མཚོ་མཐའ་ཡས་དང་། ཉན་རང་གི་ཐེག་པ་ལས་འཕྲོས་པ་འདུལ་བ་རྒྱ་མཚོ་མཐའ་ཡས་སྟེ། ཐེག་པ་ཀུན་གྱི་ཞེ་འདོད་སོ་སོར་འབྱེད་པ་ལས་འདོད་པ་རྒྱ་མཚོ་མཐའ་ཡས་པ་འབྲལ་བ་མེད་ཅིང་འབྲེལ་བ་མེད་པ། འབྲེལ་བ་མེད་ཅིང་འབྲལ་བ་མེད་པ་དེ་རྣམས་ཐམས་ཅད་ཀྱི་བཅུད་བསྡུས་པ་གདམ་ངག་རྒྱ་མཚོ་མཐའ་ཡས་ཏེ། དེ་རྣམས་ཀུན་གྱི་འབྲས་བུ་རྟོགས་པ་རྒྱ་མཚོ་མཐའ་ཡས་ཀུན་ལ་ཁྱབ་པའོ། །རིགས་པ་རྒྱ་མཚོ་ཞར་ལ་སྟོན། འདི་རྣམས་ཐམས་ཅད་གཅིག་རྒྱབ་ཅིག་གིས་སྐྱོང་བ་ཡིན་ཏེ། འདི་རྣམས་ཐམས་ཅད་སྒྲ་དོན་སོ་སོར་གོ་ཞིང་རྟོགས་པར་བྱ་ཞིང་སྒོམ་ཆེན་

(༦༣༧)པོའི་ཆོས་ཡིན་པའི་ཕྱིར་ན། སྒྲ་གཙོ་བོར་མི་བྱ་ཞིང་དོན་གཙོ་ཆེར་བྱེད་པ་སྟེ། རྟོགས་པ་རྒྱ་མཚོ་རབ་འབྱམ་མཐའ་ཡས་རྟོགས་པར་བྱའོ། །འདི་རྣམས་གང་གིས་འཛིན་པ་དང་། འཆང་བ་དང་བཤད་པ་དང་འདིའི་དོན་སྒོམ་ཞིང་རྟོགས་པ་རྣམས་ཀྱི་ཐེག་པ་དགུའི་ཆོས་སྐྱོང་རྣམས་ཀྱིས་སྡོང་གྲོགས་དམ་པ་གྱིས་ཤིག །བར་ཆད་ཐམས་ཅད་སེལ་ཞིང་དངོས་གྲུབ་དམ་པ་སྩོལ་ཅིག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །རྗེ་ནཱ་རོ་པའི་བརྒྱུད་པས་བྱིན་བརློབས་ཀྱིས། རང་བྱུང་རྣལ་འབྱོར་རྡོ་རྗེ་ཡིས། །དངོས་པོ་གཤིས་ཀྱི་གནས་ལུགས་ཆོས་ཀྱི་དབྱིངས་དང་མཉམ་པ་ལས། ཤེས་བྱ་བཤིས་ཀྱི་གནས་ལུགས་འདོད་པ་རྒྱ་མཚོ་མཐའ་ཡས་པ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། རྟོགས་པ་རབ་འབྱམ་རང་བྱུང་གི་ཡེ་ཤེས་རྟོགས་པ་གཅིག་གི་དཀྱིལ་འཁོར་དུ། ཐམས་ཅད་ཀུན་གྱི་གནས་ལུགས་སྤངས་པ་དང་ཐོབ་པ་མེད་པར་ཐམས་ཅད་རང་ལ་རྫོགས་ཤིང་རང་གི་རྣམ་འཕྲུལ་དུ་ལྷན་་སྐྱེས་རོ་ཅིག་ཕྱག་རྒྱ་ཆེན་པོ་ཐམས་ཅད་ཀུན་གྱི་བདག་ཉིད་ཆེན་པོ་ཤར་བ་དེ། ཨེ་མ་ངོ་མཚར་མི་ཆེའམ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་བསགས་དང་རྟོགས་པ་ཡི། །བསོད་ནམས་རྒྱ་ཆེ་མཐའ་ཡས་དེས། འགྲོ་དྲུག་སེམས་ཅན་མ་ལུས་པ། །སངས་རྒྱས་རང་ལ་མྱུར་རྟོགས་ཤོག །འདོད་པ་རྒྱ་མཚོ་མཐའ་ཡས་རྟོགས་པ་རབ་འབྱམ་དུ་རྟོགས་ཤིང་། སྐུ་ལྔའི་སངས་རྒྱས་རང་ལ་རྫོགས་པའི་གདམ་ངག་རྨད་དུ་བྱུང་བ། བླ་མ་ཀརྨ་པས་མཛད་པ་རྫོགས་སོ།། །།གཅིག་ཞུས། དགེའོ། །

(༦༣༨)

(༦༣༩)སྐྱེས་རབས་སྦས་མཆོད་ལ་གསུངས་པ་བཞུགས་སོ། །

(༦༤༠)རྗེ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །བླ་མ་རིན་པོ་ཆེ་སྐུ་གཤེགས་པའི་གོང་དུ། བླ་འཆག་ཁང་ན་བཞུགས་པའི་དུས་སུ། །ལུག་གི་སོགས་པ་ཅིག་གི་དཀྱིལ་མཐོ་གང་པ་ཅིག་ལ་ཡིག་གེ་བཟབ་མའི་ཊ་ལོག་ཅིག་བཏབ་ནས། ཁམས་པ་སྦས་མཆོད་ལ་བཏད་ནས། འདི་ཁྱོད་རང་ལག་པ་གཉིས་ཀྱིས་ཕར་ཐེན་ཚུར་ཐེན་གྱིས་དང་གསུང་ནས། ཁོས་བྱས་པས། དེས་འཆི་བར་གདའ། ཁྱོད་ལ་སྨྲ་རུ་བཏུབ་པར་གདའ་ཡིས་གསུང་ནས། བླ་མས། སྐྱེས་རབས་སྦས་ཆོད་ལ་གསུངས་པ་ནི། བླ་མ་རིན་པོ་ཆེའི་ཞལ་ནས། ཁོ་བོ་བསྐལ་པ་གྲངས་མེད་པའི་སྔོན་རོལ་དུ། སྟོང་གསུམ་འདིའི་ལྟེ་བར་གྱུར་པ་དཔལ་ལྡན་པདྨ་ཞེས་བྱ་བ་ན། རཏྣ་ཙ་རའི་མཆོད་རྟེན་ཞེས་བྱ་བ། འདུས་བྱས་ནི་མ་ཡིན། ལྷུན་གྱིས་གྲུབ་པའི་མཆོད་རྟེན་ཅིག་ཡོད་པའི་བུམ་པའི་ནང་དེ་དུས་གསུམ་གྱི་སངས་རྒྱས་ཀྱི་བཞུགས་གནས་ཡིན། ཤར་ཕྱོགས་ཀྱི་སངས་རྒྱས་མི་བསྐྱོད་རྒྱལ་པོ་སྨན་གྱི་

(༦༤༡)ལྷ་དེ་ན་བཞུགས། དེ་ན་བདེ་བ་ཅན། ནགས་ཚལ་ཕུན་སུམ་ཚོགས་པའི་ནགས་ཚལ་ཞེས་བྱ་བ་སུལ་མང་པོ་ཡོད་པ། སྟག་དང་། གཟིག་དང་། སྦྲུལ་དང་། ཕག་རྒོད་དང་། ལུག་དང་། གཡག་རྒོད་དང་། སྤྲེའུས་གང་ནས་ཡོད་པ། མཆོད་རྟེན་དང་ཐག་ཉེ་བ་ན། གྲོང་ཁྱེར་དཔལ་ལྡན་མཛེས་པ་ཞེས་བྱ་བ་དང་། ཏིང་ངེ་འཛིན་དང་ལྡན་པ་ཞེས་བྱ་བ་དང་། མི་མང་པོ་ཡོད་པ། མི་ཐམས་ཅད་ཀྱང་རྫུ་འཕྲུལ་དང་ལྡན་པ། ཀུན་གྱིས་སེམས་ཅན་གྱི་དོན་མཛད་ནུས་པ་འབའ་ཞིག་གིས་གང་ནས་ཡོད། སྲོག་ཆགས་སྟག་ལ་སོགས་པ་ཐམས་ཅད་ཀྱང་གཏུམ་པ་འཇིགས་པ་རྣམས་ཀྱང་གཅིག་ལ་གཅིག་མི་འཚེ་བ། ངོ་བོ་ཉིད་ཀྱིས་བདེ་བར་གནས་པ། མེ་ཏོག་སྣ་ཚོགས་སྐྱེས་ནས་ཡོད་པ་ལ་མི་ཐམས་ཅད་མེ་ཏོག་དམར་པོ་ཅིག་ལག་ཏུ་བླངས་ནས་རྩེ། གཞན་ལ་ཡང་འབུལ་ཞིང་བདེ་བར་གནས་པ་ཏེ། གྲོང་ཁྱེར་ཏིང་ངེ་འཛིན་དང་ལྡན་པ་དེ་ན། ཁོ་བོ་དགེ་སློང་དགེ་བའི་བློ་གྲོས་ཆོས་ཀྱི་དཔལ་ཞེས་བྱ་བ། ཆགས་ཞེན་མེད་པ། ཀུན་གྱི་མཆོད་གནས་བྱེད། ཆོས་སྟོན་གྱི་ཡོད་པ་ལ། མཆོད་རྟེན་དེ་ལ་མི་རྣམས་ཀུན་གྱིས་མཆོད་རྟེན་དུ་མཐོང་། མེ་ཏོག་དམར་པོ་འཐོར་ཞིང་། སེམས་ཅན་རྣམས་སྨིན་པར་གྱུར་ཅིག་པའི་སྨོན་ལམ་བཏབ། མཆོད་རྟེན་ལ་གསོལ་བ་བཏབ་པས་དགོས་

(༦༤༢)པ་ཐམས་ཅད་ནི་འབྱུང་། མཆོད་རྟེན་དེ་ལ་ཀླུ་རྣམས་ཀྱང་མཆོད་པ་འབུལ། ལར་མཆོད་རྟེན་དེ་ཉིད་ཀྱི་ཆེ་བའི་ཡོན་ཏན་བརྗོད་ཀྱིས་མི་ལང་གསུང་། སྟག་ལ་སོགས་པ་དེར་མི་ཡོང་། སྤྲེའུ་ལ་སོགས་པས་མཐོར་ཚུལ་མ་ཡིན་པ་བྱེད་ཅིང་ཡོད་པ་ལ། ཁོ་བོས་ལྟས་པས། སྤྲེའུ་དེ་རྣམས་མནར་མེད་དུ་འགྲོ་བར་འདུག་ནས། དེ་རྣམས་ལ་སྙིང་རྗེ་བྱ་ཐབས་མེད་པ་སྐྱེས་ནས། ཁོ་བོས་སྤྲེའུ་བྱང་ཆུབ་སེམས་དཔའ་ཅིག་ཏུ་སྐྱེས་ནས། སྤྲེའུ་རྣམས་ཀྱི་ནང་དུ་བཞུགས་ནས་ཡོད། དེ་ཡང་ཆོས་ཐམས་ཅད་ནི་མ་རྗེད་པར་ཡོད། སྤྲེའུ་རྣམས་ལ་ཆོས་ཚིག་ཏུ་ནི་མ་བསྟན། ཁོ་བོས་དེ་རྣམས་ལ་དམིགས་ནས་བྱམས་སྙིང་རྗེ་བསྒོམས་པས། ངོ་བོ་ཉིད་ཀྱིས་ཁོང་རྣམས་ཀྱང་མཆོད་རྟེན་ལ་སྔར་བཞིན་མི་བྱེད་དོ། །ཁོ་བོས་མཆོད་རྟེན་ལ་སྐོར་བ་བྱས་ཙམ་ན། ཁོང་གིས་ཀྱང་ཁོ་བོའི་རྗེས་སུ་ཞུགས་ནས་སྐོར་བ་བྱེད། ཇི་ཞིག་ལྟར་ལ་སྤྲེའུ་རྣམས་ཀྱང་ཏིང་ངེ་འཛིན་ལ་གནས་པར་གྱུར་ནས་བྱ་ཐབས་མེད་པར་ཏིང་ངེ་འཛིན་དང་ལྡན་པར་གྱུར་ནས་ཡོད་པ་ལ། ཁོ་བོས་འདི་རྣམས་ཀྱིས་མཆོད་རྟེན་ལ་ཅིར་མཐོང་ལྟས་པས། ཚན་ཅིག་གིས་མཆོད་རྟེན་དུ་མཐོང་། ཚན་ཅིག་གིས་ས་རྡོར་མཐོང་། ཚན་ཅིག་གིས་ཤིང་ཕུང་དུ་མཐོང་། ཚན་ཅིག་གིས་ཡེ་མི་མཐོང་བར་འདུག །དེར་སྤྲེའུ་རྣམས་ཏིང་ངེ་འཛིན་དང་ལྡན། ཁོང་རྣམས་ཁོ་བོས་སྐོར་བར་མ་ཁྲིད་པར་ཡང་སྐོར་བ་བྱེད། སྔར་གྱི་གནོད་པ་བྱེད་པའི་འཕྲོ་ཡང་བཅད། དེས་ཁོང་རྣམས་བརྟན་ནམ་མི་བརྟན་སྙམ་ལྟས་པས་བརྟན་པར་འདུག །ད་རྟེན་འཕོ་དགོས་སྙམ་ནས་བལྟས་ཙམ་ན། རི་ཅིག་གི་ངོས་ན་སྤྲེའུ་གཉིས་འཁྲིག་པ་སྤྱོད་པ་མཐོང་

(༦༤༣)ནས་། ཁོ་བོའི་རྟེན་ཡང་སྤྲེའུ་ཡིན་པས། རྟེན་ངན་པས་ཐིག་ལེ་ཉམས་པ་ཅིག་ང་ཡོད་ཏིང་ངེ་འཛིན་དང་ནི་ལྡན་འདིས་མི་གནོད་སྙམ་ནས་གཤགས་པ་མ་བྱས་པས། སྐྱེ་བ་དེའི་ཕྱི་མ་ལ་གླིང་གྲོང་ཁྱེར། འབིག་བྱེད་ཅེས་བྱ་བ་ཅིག་ཏུ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ཞེས་བྱ་བར་སྐྱེས་ནས། འཁོར་དཔག་ཏུ་མེད་པ་དགེ་བ་བཅུ་ལ་བཀོད། ལོ་མང་པོ་དེར་བསྡད། སྔར་ཐིག་ལེ་ཉམས་པས་དེར་ཡང་མའི་ལྟོ་བར་སྐྱེས་གསུང་། དེར་སྐུ་འཁྲུངས་པའི་དུས་སུ། ཕ་མའི་མིང་རུས་སུ་ཡིན་ཞུས་པས། རུས་ཀུ་ཧན་ཡིན། ཕ་ནི་བཟང་ཚུལ་ཡིན། མ་ནི་ལྷ་མོ་དཔལ་ཞེས་བྱ་བའི་བུར་སྐྱེས་གསུང་། དེར་ཁོ་བོ་ལོ་གྲངས་མི་རབས་བཅུ་ཙམ་ཐུབ་གསུང་། དེའི་དུས་ཀྱི་སྤྲེའུ་རྣམས་སུ་ཡིན་ཞུས་པས། སྤྲེའུ་དེ་རྣམས་སྔོན་མི་ལུས་ཐོབ་པའི་དུས་སུ། སྐྱེ་བ་མེད་པའི་དོན་ནི་མ་རྟོགས། ཏིང་ངེ་འཛིན་དང་ལྡན་པའི་དུས་སུ་ལོག་ལྟའི་ཚིག་མང་པོ་སྨྲས་པའི་ཉེས་པ་དེས་སྤྲེའུར་སྐྱེས། དུད་འགྲོར་ཡང་སྐྱེས། ད་ལྟ་འཁོར་འདི་ན་ཡང་ཚན་ཅིག་ཡོད་གསུང་། འདི་ཡིན་ནི་མི་གསུང་། དེ་ནས་སྔོན་སྐལ་པ་གྲངས་མེད་པའི་སྔོན་རོལ་དུ་རྒྱལ་པོ་དུང་བྱ་བ་བྱུང་གསུང་། རིན་པོ་ཆེ་དེར་སྐུ་འཁྲུངས་པ་ལགས་སམ་ཞུས་པས། ཁོ་བོ་དེར་སྐྱེས་པ་ནི་མ་ཡིན། རྒྱལ་པོ་དེའི་དུས་ཀྱི་ལོ་རྒྱུས་ཡོད་པ་ཡིན་གསུང་། རྒྱལ་པོ་དེས་སེམས་ཅན་དཔག་ཏུ་མེད་པའི་དོན་བྱས་གསུང་། དེའི་ལོ་རྒྱུས་ཅིག་ཡིག་གེར་བྲི་བར་ཞུ་ཞུས་པས། དེ་མི་འོང་ཡིག་གེ་བྲིས་མི་ལང་གསུང་། །ཁྱེད་རང་གི་སྒོམ་གྱིས་གོ་བ་ཡིན་

(༦༤༤)གསུང་། ཆོས་གཞན་ཡིན་ཡང་རུང་། ཚིགས་བཅད་ཅི་དྲན་ཅིག་བཟློས་གསུང་། བདག་གིས་ཚིགས་བཅད་དྲན་པར་བཟླས་པ་ནི། རྒྱལ་བ་གང་དག་རྟེན་འབྲེལ་འབྱུང་། རྟོག་པ་མི་ཟད་དྲ་བ་ཀུན། །རྣམ་གྲོལ་གསུམ་པོ་དེ་དག་ལ། །རྟག་པར་རྒྱུན་ཏུ་ཕྱག་འཚལ་འདུད། །བྱས་པས། ཁྱོད་ལ་མོས་གུས་ཡོད་པར་འདུག །ཚིགས་བཅད་ལེགས་པ་ཅིག་བྱུང་གསུང་། །ཁོ་བོ་པཎྜི་ཏར་གྱུར་ནས་མུ་སྟེགས་དང་རྩོད་པ་བྱས་པས་ཁོ་བོ་རྒྱལ་གསུང་། འཇིག་རྟེན་གྱི་ཁམས་གཞན་ན་ཡང་ཁོ་བོ་འདྲ་བ་མང་པོས་སེམས་ཅན་གྱི་དོན་བྱེད་པ་མང་པོ་ཡོད་པ་ཡིན་གསུང་། ཁོ་བོ་ཡིན་ནི་མི་གསུང་། དེ་ནས་ཡང་ཚིགས་བཅད་དམ་ཆོས་ཅིག་བཟློས། ནད་ཀ་ཅིག་ཡོད་ཀྱི་ཟློ་ག་མེད་གསུང་། །ཚིགས་་བཅད་དྲན་པར་བཟླས་པ་ནི། གང་ལ་རང་དོན་འཕེལ་གྱུར་པ། གཤེས་གཉེན་ཡོད་པ་དེ་མཁས་པ། །ཆུ་ཡིས་གང་བའི་མཚོ་ལ་ནི། །མཁའ་ལ་རྒྱུ་བ་རྣམས་ཀྱང་བརྟེན། །བྱས་པས། ཚིགས་བཅད་དེ་ད་ལྟ་ཁོ་བོའི་གནས་ལུགས་ཀྱང་ཡིན་པ་ལ། ཤ་བར་གཅིག་ཉེས་པས་རྟེན་འབྲེལ་བྱ་གསུང་ནས། ཐུགས་དམ་མཛད་པ་འདྲ་བ་ཅིག་བྱས། གཞན་ནི་མ་བྱས། ཁོ་བོ་སྔོན་གྱི་རྒྱལ་པོ་ཨིནྟྲ་བོ་དྷི་བྱ་བ་དེ་ཡིན། བོད་སྐད་དུ། དབང་པོའི་བྱང་ཆུབ་བྱ་བ་དེ་ཡིན་གསུང་། རིགས་གསུམ་མགོན་པོ་བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུར་གྱུར་པ་ཁོ་བོ་དང་ལྔ་བཅོམ་ལྡན་འདས་ཀྱི་སྤྱན་མངའི་གྲོགས་པོ་ཡིན། ཟླ་འོད་གཞོན་ནུར་གྱུར་པ་དེ་བླ་མ་རིན་པོ་ཆེ་ཡིན་གསུང་།

(༦༤༥)ཟླ་འོད་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་ཏིང་ངེ་འཛིན་རྒྱལ་པོ་འདི་བརྩུགས་ཞུས་པ་ཡིན་གསུང་། ད་ལྟ་ཏིང་ངེ་འཛིན་རྒྱལ་པོ་ནས་ཟླ་འོད་གཞོན་ནུར་གྱུར་པའི་ལུང་བསྟན་པ་ཡོད་པ་ལ། མཐུན་མི་མཐུན་ཚན་ཅིག་ཐེ་ཚོམ་དུ་གྱུར་ཏེ། ཐེ་ཚོམ་མི་དགོས་གསུང་། བྱང་ཆུབ་སེམས་དཔའ་དེ་རྣམས་བཙུགས་བཞུགས་ཞུས་པས། ཁྱོད་དད་པ་ཆེན་པོར་འདུག །བྱང་ཆུབ་སེམས་དཔའ་དེ་རྣམས་ནི། །སེང་སྟོན། རྒྱལ་ཚ། གྱེ་སྒོམ། ཁྱོད་རང་ལྟ་བུ་རྣམས་ཅི་གཉེས་བྱས་ཏེ། ཆོས་འདི་འདྲ་ཞིང་བཞུགས་པ་ཡིན་གསུང་། ད་ཁོ་བོ་ལུས་འདི་བཏང་ནས་ཤི་བའི་འོག་ཏུ་ཨུ་རྒྱན་དུ་འགྲོ་གསུང་། དེའི་གནད་ཀ་ཅིག་བཙུགས་ལགས་ཞུས་པས། ཨུ་རྒྱན་དུ་འཇིག་རྟེན་པའི་མཁའ་འགྲོ་འཁྲུགས་པས་མི་ནད་ཕྱུགས་ནད། བཀྲ་མི་ཤིས་པ་ལྟས་ངན་པ་མང་པོ་བྱུང་སྟེ། མིས་མ་ཚོར་གསུང་། དེར་སྣང་བ་ཅི་འདྲ་བ་སྟོན། ཇི་ཙམ་བཞུགས་ཞུས་པས། རྒྱ་གར་གྱི་རྣལ་འབྱོར་པ་ཌཱ་མ་རུ་དང་། སྡིག་འཛུབ་ཟིལ་གྱིས་གནོན་པ་ཕྱག་རྒྱ་ཅན། རྡོ་རྗེ་རྣལ་འབྱོར་མ་གཡོན་ན་བཞུགས་ནས། ཁོ་བོ་དང་རྣལ་འབྱོར་མ་དབྱེར་མེད་པ། བྱམས་པ་ཆེན་པོའི་ཏིང་ངེ་འཛིན་བསྒོམས་པས། མཁའ་འགྲོ་མ་རྣམས་ཀྱིས་མཐོང་བ་ཙམ་གྱིས་ངོ་བོ་ཉིད་ཀྱིས་འཁོར་རྣམས་ཀྱི་ཁྲོ་འཁྲུག་ཡལ། འདིར་ཡང་མི་ནད་ཕྱུགས་ནད་ཀུན་ཉུང་བ་དང་། ལོ་ལེགས་

(༦༤༦)པར་འོང་གསུང་། དེར་ཡུན་རིངས་སྡོད་པ་ནི་མ་ཡིན། དེ་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་ཁམས་སྡུག་བསྔལ་དང་བྲལ་བ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོ་བཞུགས་པའི་ས་ཅིག་ན། དེ་རྣམས་ཀྱི་འདུལ་སྐལ་དུ་མ་བབ་པའི་སེམས་ཅན་བྱེ་བ་ཙམ་ཡོད་པ་ལ། ཁོ་བོས་ཕན་ཐོགས་པར་འདུག་ནས། དེ་ན་དགེ་སློང་ཤ་མདོག་དཀར་པོ་ཅན་ཅིག་སྣང་བ་བསྟན་ནས་དེ་རྣམས་ལ་ཆོས་སྟོན། འདིའི་སེམས་ཅན་རྣམས་ཀྱང་མི་ལུས་ཚད་དང་ལྡན་པ་ཐོབ་ནས་ཀུན་ཆོས་ལ་འཁོད་པ་ཅིག་ཁོ་བོས་འོང་། འདིའི་སྒོམ་ཆེན་པ་རྣམས་ཀྱང་དེར་མི་ལུས་ཐོབ་ནས་ཁོ་བོ་དང་འཇལ། དེར་སེམས་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་ཆོས་ཀྱི་སྐུར་ལྷག་གིས་རྟོགས་ནས། ཏིང་ངེ་འཛིན་འདི་ཉིད་ཀྱི་ངང་ལ་རྒྱུན་ཆད་མེད་པར་འགྲོ། རྐྱེན་གང་གིས་ཀྱང་མི་གནོད། རྟོགས་པ་བཤའ་མ་དེར་སྐྱེ། སེམས་ཅན་དཔག་ཏུ་མེད་པའི་དོན་ནུས། སངས་རྒྱས་གྲངས་མེད་པའི་ཞལ་མཐོང་ནས་ཡོང་བ་དག་པའི་སྣང་བ་ཡིན། སྐྱེ་བ་གྲངས་མེད་པ་དྲན་ནས་འོང་། ཚེ་ལོ་གྲངས་མེད་པར་བཞུགས། ཁོ་བོ་དེ་ནས་ཤན་གྱི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སྙིང་པོ་བྱང་ཆུབ་ཀྱི་བྱང་ཆུབ་ཀྱི་རྒྱན་མདངས་དང་ལྡན་པ་ཞེས་བྱ་བ། སངས་རྒྱས་མི་བསྐྱོད་རྒྱལ་པོ་སྨན་གྱི་ལྷ་བྱ་བ་སྐུ་མདོག་སྔོན་པོ་ལོངས་སྤྱོད་རྫོགས་པའི་སྐུའི་ཆ་བྱད་ཅན་གྱི་སངས་རྒྱས་ཀྱི་སྤྱན་མངའ་ན། ཁོ་བོ་བྱང་ཆུབ་སེམས་དཔའ་བློ་གྲོས་དྲི་མ་མེད་པའི་རྒྱལ་པོ། སྐུ་མདོག་སྔོན་པོ་ལྷུང་བཟེད་དང་།

(༦༤༧)བསིལ་བྱེད་བསྣམས་པ་ལོངས་སྐུའི་རྣམ་པར་འོང་བ་ཡིན། སྤྲུལ་སྐུ་བཙུན་པའི་ཆ་བྱད་ཅན་གྱི་རྣམ་པར་འོང་བ་ཡང་མི་འགལ། དོན་ཅིག་ནས་འོང་བ་ཡིན་གསུང་། འདི་ལ་ཡོན་ཏན་ཅི་ཡོད་གསུང་བར་ཞུ་ཞུས་པས་རྟེན་འབྲེལ་གྱི་གནད་ཀ་ཅིག་གིས་འདི་ཁྱོད་ལ་མི་བཟློ་ཁ་མེད་པ་ཅིག་བྱུང་བ་ཡིན། འདི་མཐོང་བ་རྣམས་བློ་མི་བདེ་བ་རྣམས་བདེ་བར་འོང་། སྒོམ་མི་གསལ་བ་འདི་ཐོས་པས་བྱིང་རྒོད་ལ་སོགས་པ་ཡལ་ནས་མོས་གུས་ཆེར་འོང་གསུང་། གྲུབ་ཐོབ་བརྒྱད་བཅུ་རྩ་བཞིའི་ལོ་རྒྱུས་ཅིག་གསུངས་པ་འདིར་མ་བྲིས། དེ་ནས་ཁོ་བོས་པཎྜི་ཏ་བྱས་ནས་ཆོས་བསྟན་བཅོས་བརྩམས་པ་རྣམས་ལ། དིང་སང་གང་ཟག་རྣམས་ཀྱིས་བསླབས་ནས་ཁོ་བོ་ལ་ཐལ་འགྱུར་གཏོང་གསུང་། ཕྱག་འཚོལ་ལ་གཏམ་ལན་མ་བྱེད་པར་བཞུད་གསུང་ནས། བདག་གིས་དེ་ཀ་བཞིན་བྱས། བླ་མ་ཁམས་པ་རིན་པོ་ཆེའི་བསྐྱེད་རབས་རྫོགས་སོ།། །།གཅིག་ཞུས།