Nitartha Digital Library
Tibetan
 
no previousno next

(༡)གསར་རྙིང་ལ་སོགས་པའི་བཞེད་པ་སོ་སོར་འབྱེད་པར་བྱེད་པ་གསང་བ་རྒྱ་མཚོ་མཐའ་ཡས་ཤེས་བྱ་བ་བཞུགས་སོ།

(༢)སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལ་ཕྱག་འཚལ་ལོ། །ཐུབ་པའི་དབང་པོ་མྱ་ངན་འདས་ནས་ཀྱང་། །ལོ་ནི་ཉི་ཤུ་རྩ་བཞི་ན། །རྒྱལ་པོ་ཛ་ཞེས་བྱ་བ་བྱུང་། །ཐུབ་ཆེན་འདས་ནས་བཞི་བརྒྱའི་ལོ། །ཀླུ་སྒྲུབ་སྙིང་པོ་ཞེས་བྱ་བ། །ལུང་བསྟན་ཐོབ་པའི་སྤྲུལ་སྐུ་ཉིད། །འཛམ་གླིང་འཇིག་རྟེན་བྱོན་དུས་སུ། །ཆོས་སྐུ་དག་གི་བསྟན་པ་ནི། །མ་ཧཱ་ཡོ་ག་གསར་སྙིང་སྟེ། །ཏྲན་ཏྲ་བཅུ་བརྒྱད་འབྲེལ་ཚུལ་རྣམས། །ཨོ་རྒྱན་མཁའ་སྤྱོད་གནས་སུ་བྱོན། །རྒྱུད་སྡེ་གྲངས་མེད་བསམ་མི་ཁྱབ། །འོག་མིན་གནས་དང་མཁའ་སྤྱོད་གནས། །བསམ་གྱིས་མི་ཁྱབ་བཞུགས་ལགས་ཀྱང་། །འཛམ་གླིང་མི་ཡི་ཡུལ་དག་ཏུ། །ཅུང་ཟད་ཙམ་ཞིག་བྱོན་པ་སྟེ། །རྒྱུད་དང་རྒྱུད་ཀྱི་ཕྱི་མ་དང་། །མན་ངག་གསང་བ་རྩ་བའི་རྒྱུད།

(༣)ཐེག་བདུན་ཐེག་པ་གཅིག་ཏུ་རྫོགས། །མ་ཧཱ་ཡོ་ག་ཞེས་བྱར་གྲགས། །རྒྱུད་སྡེ་ཐམས་ཅད་ དགོངས next hit་གཅིག །ཕུན་སུམ་ཚོགས་པ་ལྔ་ཡིས་བསྟན། །རྣལ་འབྱོར་ཆེན་པོའི་བསྟན་བཅོས་རྣམས། །རྩིས་མགོ་རྣམ་པ་ལྔ་ཡིས་བསྟན། །རྒྱུད་དང་བསྟན་བཅོས་མན་ངག་རྣམས། །བཤད་པར་ཡང་ནི་དམ་བཅའ་བ། །འབྲེལ་དང་མ་ཚང་མེད་པ་དང་། །ཕུན་སུམ་ཚོགས་པས་རྒྱུད་ཅེས་བྱ། །མ་ཧཱ་ཡོ་ག་གསར་རྙིང་གི། །རྒྱུད་སྡེ་རྣམ་པ་གྲངས་མང་ཡང་། །རྒྱུད་གཅིག་ཐེག་པ་གཅིག་ཏུ་སྟོན། །མ་ཧཱ་ཡོ་ག་དག་གི་ནི། །བསྟན་པ་རྒྱ་མཚོ་མཐའ་ཡས་ལས། །ཀུན་གྱི་སྒྲ་དོན་སོ་སོར་འབྱེད། །གསང་བ་རྒྱ་མཚོ་མཐའ་ཡས་འདི། །ད་ནི་རྒྱས་པར་བཤད་པར་བྱ། །མ་ཧཱ་ཡོ་ག་གསར་རྙིང་གི་རྒྱུད་རྣམས། །རྒྱུད་གནས་ལུགས་སུ་ངོ་སྤྲོད་པ་དང་། །རྒྱུད་ཉམས་སུ་བླང་བ་དང་། །རྒྱུད་སྐྱེད་རྫོགས་གཉིས་སུ་བཤད་པ་དང་། །རྒྱུད་ཐབས་ཤེས་རབ་དབྱེར་མེད་པས་ལམ་བསྒྲོད་པར་བཤད་པ་དང་། །རྒྱུད་དབང་བཞིར་བཤད་པ་དང་། །རྒྱུད་ཕྲིན་ལས་རྣམ་པ་བཞིར་བཤད་པ་དང་། །རྒྱུད་ཕྱི་ནང་གསང་བ་གསུམ་དེ་ཁོ་ན་ཉིད་མཆོད་པ་བཞིར་བཤད་པ་དང་།

(༤)རྒྱུད་རྟོགས་པ་ཤེས་རབ་དྲི་མ་མེད་པ་རང་ས་ཟིན་པར་ངོ་སྤྲོད་པ་དང་། །རྒྱུད་ཀྱི་འབྲས་བུ་མཐར་ཕྱིན་པ་མ་ཆགས་པདྨ་ཅན་དུ་བཞེད་པ་དང་། །མ་ཧཱ་ཡོ་གའི་འབྲས་བུ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སར་བཞེད་པ་སྟེ། །ཀུན་བྱེད་རྒྱལ་པོའི་རྒྱུད་ལས་ཀྱང་། །མ་ཧཱ་རྡོ་རྗེ་འཆང་འདོད་པ། །ཞེས་གསུང་པའི་ཕྱིར་ན། །དེའི་ཕྱིར་ན་རྣལ་འབྱོར་ཆེན་པོ་གསར་རྙིང་གི་རྒྱུད་སྡེ་གྲངས་མེད་པ་ཅིག་གསུངས་ཀྱང་། །དོན་གཅིག་ཏུ་འདུས་པ་ཡིན། ཅིའི་ཕྱིར་ན། །རྒྱུད་གཅིག་ན་མི་གསལ་བ་རྒྱུད་ཕྱི་མ་རྣམས་ནས་སྟོན་པའི་ཕྱིར་ན། །རྒྱུད་སྡེ་བཅོ་བརྒྱད་ཀྱི་འབྲེལ་ཚུལ་གྱིས་རྒྱུད་ཀྱི་རྒྱུད་བཤད་པའི་ཕྱིར་ན། །རྒྱུད་དང་རྒྱུད་ཀྱི་ཕྱི་མ་དང་། །ཕྱི་མ་ལས་ཀྱང་ཕྱི་མ་སྟེ། །རིགས་ལྔ་སྐུ་ལྔ་ཡབ་ཡུམ་ལྔར་དྲ་བར་འབྲེལ་བའི་ཕྱིར་རྒྱུད་རེ་རེ་ལ་ཡང་བཅོ་ལྔ་དང་ནི་བཅོ་བརྒྱད་དེ། །ཏནྟྲ་བཅོ་བརྒྱད་ཀྱི་འབྲེལ་ཚུལ་རྫོགས་previous hit ་ནི། །དེའི་བར་གང་ཟག་གིས་གཞུང་ཡིག་སྣ་ས་གཅོད་རྣམས་ཀྱི་དགོངས next hit་པར། །རྒྱུད་སྡེ་བཅོ་བརྒྱད་ཀྱི་འབྲེལ་ཚུལ་གོ་ཞིང་རྟོགས་ན། །མ་ཧཱ་ཡོ་ག་གསར་རྙིང་གཉིས་དོན་གཅིག་པ་ཡིན། །ཐུབ་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་ནས་ལུང་བསྟན་ཐོབ་པའི་སྐྱེས་བུ་རྡོ་རྗེ་སེམས་དཔའི་སྤྲུལ་པ་རྒྱལ་པོ་ཛའི་དག་པའི་སྣང་བ་ལ། །རྣལ་འབྱོར་ཆེན་པོའི་རྒྱུད་གསང་སྔགས་རྙིང་མའི་རྒྱུད་སྡེ་རྣམས་རི་མ་ལ་ཡའི་རྩེ་མོར་ཆར་བཞིན་དུ་བབ་པ་ལས། །ཐུགས་ཀྱི་རྒྱུད་སྡེ་སྒྱུ་འཕྲུལ་སྡེ་བརྒྱད། །སྐུའི་ལྷ་ཚོགས་ཀྱི་རྒྱུད་སྡེ་སངས་རྒྱས་མཉམ་སྦྱོར། །རྣམ་སྣང་། །འཇམ་དཔལ་སྐུའི་ལྷ་ཚོགས་ཀྱི་རྒྱུད་སྡེ་རྣམས་དང་། །པདྨ་གསུང་གི་ལྷ་ཚོགས་རྣམས་

(༥)ལས་ཟླ་གསང་ཐིག་ལེའི་རྒྱུད་སྡེ་རྣམས་དང་། །རིན་ཆེན་འབྱུང་ལྡན་ཆེ་མཆོག་ཡོན་ཏན་གྱི་རྒྱུད་སྡེ་རྣམས་དང་། །ཕྲིན་ལས་དོན་ཡོད་གྲུབ་པ་ཀརྨ་མཱ་ལེའི་རྒྱུད་སྡེ་རྣམས་དང་། །ཕྲིན་ལས་ཀྱི་ཕྲིན་ལས་ཕུར་པའི་རྒྱུད་སྡེ་རྣམས་དང་། །བདུད་རྩི་སྨན་གྱི་རྒྱུད་སྡེ་རྣམས་དང་། །དེ་རྣམས་ཀྱི་ཕྲིན་ལས་ཀྱི་རྒྱུད་མ་མོ་སྦོད་གཏོང་གི་རྒྱུད་སྡེ་རྣམས་དང་། །ཀུན་གྱི་ལས་མཁན་སྨོད་པ་དྲག་སྔགས་ཀྱི་རྒྱུད་སྡེ་རྣམས་ཏེ། །རྒྱུད་སྡེ་བཅོ་བརྒྱད་སྒྲུབ་པ་བཀའ་བརྒྱད་དུ་འདུས་ཤིང་རྫོགས་པ་སྟེ། །དེ་རྣམས་ནི་གསང་སྔགས་རྙིང་མའི་རྣལ་འབྱོར་ཆེན་པོའི་འབྲེལ་ཚུལ་རྣམས་སུ་ཤེས་པར་བྱའོ། །ཤཱཀྱ་ཐུབ་པ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉི་བརྒྱ་ཉི་ཤུ་ལྷག་ཙམ་དང་། །བཞི་བརྒྱ་ཙམ་ལོན་པའི་དུས་སུ། །ལུང་བསྟན་ཐོབ་པའི་སྤྲུལ་པའི་སྐུ་ས་ར་ཧ་དང་། །ཀླུ་སྒྲུབ་སྙིང་པོ་སྟེ་གྲུབ་ཆེན་རྣམས་དང་། །རྗེ་ཏཻ་ལོ་པའི་དུས་སུ་གསང་སྔགས་གསར་མའི་རྒྱུད་སྡེ་རྣམས་ཨོ་རྒྱན་གྱི་གནས་དང་། །མཁའ་འགྲོའི་གནས་སུ་བྱོན་པ་སྟེ། །གསང་སྔགས་གསར་རྙིང་གཉིས་རིགས་ལྔ་ཡབ་ཡུམ་བཅུ་དང་། །ཧེ་རུ་ཀ་དགུས་འདུས་ཤིང་ངོ་བོ་གཅིག་པ་སྟེ། །ཚིག་ལ་ཐ་དད་ཡོད་ཀྱང་དོན་ལ་ངོ་བོ་གཅིག་པ་ཡིན། །སྐུ་སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་སྡེ་རྣམས་ལས་འཕྲོས་པ། །བདེ་བ་མཆོག་གི་རྒྱུད་སྡེ་རྣམས་སུ་བཞེད་པ་ཡིན། །ཟླ་གསང་ཐིག་ལེ་ལས་འཕྲོས་པ་དགྱོས་རྡོར་གྱི་རྒྱུད་གསུམ་པོ་དང་། །མ་རྒྱུད་ཀུན་གྱི་ཆིངས། །འབུམ་པའི་རྒྱུད་དུ་བཞེད་པ་ཡིན།

(༦)བརྟག་པ་གཉིས་པ་འདི་ཡང་ན། །ཟླ་གསང་ཐིག་ལེའི་ལེའུ་གོང་འོག་གཉིས་སུ་བཞེད་པ་ཡང་ཡོད། །དགྱེས་རྡོར་ལས་འཕྲོས་པ་རྡོ་རྗེ་གདན་བཞིའི་རྒྱུད་སྡེ་རྣམས་སུ་བཞེད་པ་ཡིན། །སྐུ་གསུང་ཐུགས་ཀྱི་རྒྱུད་སྡེ་རྣམས་ལས་འཕྲོས་པ་དུས་ཀྱི་འཁོར་ལོའི་རྒྱུད་སྡེ་རྣམས་སུ་བཞེད་པ་ཡིན། །མ་ཧཱ་མ་ཡ་ནི་བདེ་མཆོག་གི་བདེ་ཆེན་གྱི་འཁོར་ལོ་ལས་འཕྲོས་པ་ཡིན། །ཕ་རྒྱུད་གསང་བ་འདུས་པའི་རྒྱུད་སྡེ་འདི་རྣམས་གསར་མར་འདོད་པ་སྟེ། །རྙིང་མ་ཡིན་པར་འདོད་པ་ཡང་ཡོད། །འདི་ལྟར་དུ་བཞད་པ་ནི་རིགས་ལྔ་ཡབ་ཡུམ་བཅུའི་འབྲེལ་ཚུལ་དང་བསྟུན་པའོ། །ཡང་མ་ཧཱ་ཡོ་ག་གསར་རྙིང་གཅིག་སྟོན་པ་མི་གཅིག །བསྟན་པ་འབྲེལ་པ་ཡོད་ལ་མེད། གནས་མི་གཅིག །དུས་མི་གཅིག །འཁོར་དང་ཞུ་བ་པོ་མི་གཅིག །དེ་ཅིའི་ཕྱིར་ཞེ་ན། །མ་ཧཱ་ཡོ་ག་རྙིང་པའི་སྟོན་པ་ནི་དཔལ་ཀུན་ཏུ་བཟང་པོ་ཡིན། །ཞུ་བ་པོ་ཕྱག་ན་རྡོ་རྗེ་ཆེན་པོ་རྡོ་རྗེ་སེམས་དཔའ་ཡིན། །མ་ཧཱ་ཡོ་ག་གསར་མའི་སྟོན་པ་ནི་རྡོ་རྗེ་འཆང་ཡིན་ལ། །ཞུ་བ་པོ་ནི་རྡོ་རྗེ་རྣལ་འབྱོར་མའི། རྟ་མགྲིན། །བློ་གྲོས་རིན་ཆེན་ལ་སོགས་པ་ཡིན། །རྙིང་མའི་བསྟན་པ་ནི་སྒྲུབ་པ་བཀའ་བརྒྱད་ཡིན་ལ། །མ་ཧཱ་ཡོ་ག་གསར་མའི་བསྟན་པ་ནི་མ་རྒྱུད་སྐོར་གསུམ་དུ་བཞེད་པ་ཡིན། །རྙིང་པ་བྱུང་བའི་དུས་ནི་འོག་མིན་གྱི་དུས་དང་། །འཛམ་གླིང་མིའི་ཡུལ་དུ་ཐུབ་པ་ཆེན་པོ་འདས་ནས་ལོ་ཉི་ཤུ་ལྷག་ཙམ་ལོན་པའི་དུས་སུ་བྱོན་པ་ཡིན། །མ་ཧཱ་ཡོ་ག་གསར་པ་བྱུང་བའི་དུས་ནི། །སྔོན་བྱུང་

(༧)ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སའམ། །འཛམ་གླིང་མིའི་ཡུལ་དུ་བྱུང་བ་ནི། །ཐུབ་པ་ཆེན་པོ་འདས་ནས་ལོ་བརྒྱ་ཉི་ཤུའམ། །ལོ་བཞི་བརྒྱའི་དུས་སུ་བྱུང་བ་ཡིན། །གསང་སྔགས་རྙིང་མའི་གནས་ཕུན་སུམ་ཚོགས་པ་ནི་འོག་མིན་གྱི་གནས་མ་ཆགས་པདྨ་ཅན་ནས། །འཛམ་གླིང་མིའི་གནས་མ་ལ་ཡའི་རྩེ་མོར་བྱུང་བའོ། །མ་ཧཱ་ཡོ་ག་གསར་མའི་གནས་ཕུན་སུམ་ཚོགས་པ་ནི། །བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་གནས་སམ། །འཛམ་གླིང་མིའི་གནས་ཨོ་རྒྱན་གནྡྷོ་ལའི་གཙུག་ལག་གི་ཁང་དང་། །མཁའ་སྤྱོད་མཁའ་འགྲོའི་གནས་ཕུན་སུམ་ཚོགས་པའོ། །མ་ཧཱ་ཡོ་ག་རྙིང་མིའི་འཁོར་ཕུན་སུམ་ཚོགས་པ་ནི། །སེམས་དཔའ་སེམས་མ་དང་། ཁྲོ་བོ་ཁྲོ་མོ་དང་། །རིག་འཛིན་ཕོ་མོ་ལ་སོགས་པའོ། །གསང་སྔགས་གསར་མའི་འཁོར་ཕུན་སུམ་ཚོགས་པ་ནི། །དཔའ་བོ་དང་དཔའ་མོ་དང་རྣལ་འབྱོར་མའི་ཚོགས་སོ། །གསང་སྔགས་རྙིང་མའི་རིམ་གྱིས་པ་དང་གཅིག་ཅར་བའི་ལུང་བསྟན་སྐྱེས་བུ་ནི། །རྒྱལ་པོ་ཛ་དང་དགའ་རབ་རྡོ་རྗེའོ། །མ་ཧཱ་ཡོ་ག་གསར་མའི་རིམ་གྱིས་པ་དང་གཅིག་ཅར་བའི་ལུང་བསྟན་སྐྱེས་བུ་ནི། །ཀླུ་སྒྲུབ་དང་ས་ར་ཧའོ། །དེའི་ཕྱིར་ན་མ་ཧཱ་ཡོ་ག་གསར་རྙིང་གཉིས་འབྲེལ་པ་ཡོད་པ་དང་འབྲེལ་པ་མེད་པ་གཉིས་སུ་བཞེད་པའོ། །ཐེག་པ་དགུ་ལས། །མ་ཧཱ་ཡོ་གའི་ཐེག་པ་འདི་ལ། །གསར་རྙིང་སོ་སོར་བྱེད་པ་མ་གཏོགས། །སྟོན་པ་ལྔའི་བསྟན་པ་ཐེག་པ་

(༨)དགུ་འདི་རྙིང་མ་འབའ་ཞིག་ཏུ་བཞེད་པའོ། །མ་ཧཱ་ཡོ་ག་གསར་མའི་བཀའ་བསྲུངས་མ་མགོན་འཁོར་དང་བཅས་པ་རྣམས་ཀྱང་། །མ་ཧཱ་ཡོ་ག་རྙིང་མའི་བཀའ་བསྲུངས་རྣམས་དང་། གནས༴ དུས༴ ཆ་ལུགས༴ སྒྲུབ་ལུགས་མི་མཐུན་པའོ། དེའི་ཕྱིར་ན༴ །རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་གུར་འདི་ལ། བྱ་བའི་རྒྱུད་དང་༴ སྤྱོད་པའི་རྒྱུད༴ རྣལ་འབྱོར་གྱི་རྒྱུད་དང་། །བླ་ན་མེད་པའི་རྒྱུད་ལ་སོགས་པ་རྒྱུད་སྡེ་བཞི་ཀ་སྟོན་པར་སྣང་། ཕ་རྒྱུད་དང་། མ་རྒྱུད་དང་། །ཐབས་དང་ཤེས་རབ་དབྱེར་མེད་པའི་རྒྱུད་ཀྱང་སྟོན་པར་སྣང་། །ཁྲོ་བོ་བཅུ་སྟོན་པའི་ཕྱིར་ན་གསང་སྔགས་རྙིང་མའི་མ་ཧཱ་ཡོ་ག་ཡང་འདྲ། །མཁའ་འགྲོ་སྡེ་དང་རྒྱ་མཚོ་སྡེ་དང་ནམ་མཁའ་དང་། །བདེ་ཆེན་ཟ་ལུང་གསེར་གྱི་ཆར་པ་དང་ནི་དགའ་ཆེན་ཟ་ནུས་དང་། །ཟེར་བ་ལ་སོགས་པ་རྒྱུད་སྡེའི་རྣམ་གྲངས་མང་པོ་སྟོན་པའི་ཕྱིར་ན་རྒྱུད་ཀྱི་དཀར་ཆག་ཀྱང་འདྲ། །བརྟག་པ་སུམ་བཅུ་རྩ་གཉིས་ལ་སོགས་པ་སྟོན་པའི་ཕྱིར་ན་ས་གཅོད་ཀྱང་འདྲ། །ཡུམ་ལྔའི་རྣམ་གྲངས་སྟོན་པའི་ཕྱིར་ན། །ལྷ་མོ་སྒྱུ་འཕྲུལ་དྲ་བ་ཡང་འདྲ། །མ་ཧཱ་ཀཱ་ལ་ལ་སོགས་པ་དང་། རྣམ་ཐོས་སྲས། ཛམྦྷ་ལ། །ཕྱོགས་སྐྱོང་བཅུ་ལ་སོགས་པ་སྟོན་པའི་ཕྱིར་ན། །བཀའ་མཉན་ལས་མཁན་གྱི་རྒྱུད་ཀྱང་འདྲ། །དེའི་ཕྱིར་ན་གཅིག་ཏུ་མ་ངེས་ཤིང་སྣ་ཚོགས་སྟོན་པའི་ཕྱིར་ན་རྩ་རྒྱུད་ཡིན་ནམ། བཤད་རྒྱུད་ཡིན། །འདི་དག་རྒྱས་པར་བཤད་ན་རྒྱུད་སྡེ་གྲངས་མེད་པ་ཡིས་ཁྲི་ལ་འགྱོགས་དགོས་པའི་ཕྱིར། །རྒྱུད་ཆེན་པོ་

(༩)འདི་ལ་མཁས་པ་སུ་ཞིག་ཡོད། །ཐམས་ཅད་ཀུན་གྱི་སྤྱི་རྒྱུད་དུ་མིང་འདོགས་སུ་ཉན་པའི་ཕྱིར་ན། །རྡོ་རྗེ་གུར་ཞེས་བྱ་བའི་སྒྲ་དང་དོན་ལ་previous hit དགོངས next hit་ལོན་པ་སུ་ཞིག་ཡོད། །མ་ཧཱ་ཡོ་ག་གསར་རྙིང་གཉིས་ཀྱི་ས་མཚམས་སོ་སོར་འབྱེད་པའི་བར་སྐབས་ལགས་སོ། །མངོན་པའི་སྐད་ན་བཞི་ཡང་ཟེར། ཨ་ནུ་ཡོ་གའི་སྐད་དུ་གསང་བ་ངོ་བོ་ཉིད་ཀྱི་སྐུར་མིང་འདོགས་པ་སྟེ། །རྫོགས་པ་ཆེན་པོའི་བཞེད་ཀྱིས། །ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་ས་རང་བཞིན་གྱིས་རྫོགས་པར་བཞེད་པའོ། །མ་ཧཱ་ཡོ་ག་གསར་རྙིང་གི་དངོས་པོ་གཤིས་ཀྱི་གནས་ལུགས་སུ་འདོད་པ་སྟེ། །འདི་རྣམས་ཚིག་ལ་ཐ་དད་ཡོད་ཀྱང་། །དོན་ལ་ངོ་བོ་གཅིག་པ་ཡིན། །སྐབས་འདིར་མ་ཧཱ་ཡོ་ག་གསར་རྙིང་གི་དངོས་པོ་གཤིས་ཀྱི་གནས་ལུགས་ཡིན་ལུགས་ཤེས་ཤིང་ཆ་ལུགས་རྫོགས་ལ་ངེས་ཤེས་བརྟན་པས་ཉོན་མོངས་པ་ཐབས་དང་ཤེས་རབ་དབྱེར་མེད་ཀྱིས་ལམ་དུ་སློང་ཞིང་། །སྤངས་ཐོབ་མེད་པར་རིགས་ལྔ་ཡབ་ཡུམ། །རྒྱལ་བ་སྲས་བཅས་ཀྱི་དཀྱིལ་འཁོར་རང་ལ་རྫོགས་པར་སྟོན་པ་ཡིན་པ་ལས། །རྟོགས་མ་རྟོགས་གཉིས་ཀྱིས་མཚམས་ཀྱི། །སངས་རྒྱས་དང་སེམས་ཅན་ཉི་མ་དང་མུན་པའི་དཔེ་བཞིན་དུ། །གདོད་མ་ནས་ཆོས་སྐུ་རང་ཉིད་ཡིན་པར་བྱིན་རླབས་ཀྱིས་སྟོན་པའོ། །སེམས་ཅན་གྱི་རིགས་སུ་གཏོགས་ཚད་ཐམས་ཅད་ལ་སྤྱི་ཁྱབ་དང་། །གང་ཟག་སྒོས་ཚན་ཅན་ཅིག་ལ་ཡང་རྣམ་པར་རྟོག་པ་བརྒྱད་ཁྲི་བཞི་སྟོང་གིས་མ་ཁྱབ་པ་མེད་པའི་ཕྱིར་ན། །དེ་རྣམས་རྒྱུ་

(༡༠)གང་ལས་བྱུང་། །རྐྱེན་གང་གིས་བསྐྱེད་སྙམ་ན། །རྒྱུད་ལྷན་ཅིག་སྐྱེས་པའི་མ་རིག་པ། །རྐྱེན་ཉོན་མོངས་པ་ཆགས་སྡང་གིས་རྐྱེན་བྱས་ནས་ཁམས་གསུམ་འཁོར་བ་གྲུབ་པ་ཡིན། །ཤེས་རབ་སྡུད་པའི་ལུང་ལས་ཀྱང་། །གང་ཞིག་རྒྱུ་རྐྱེན་ཚོགས་ན་ལས་རྣམས་འབྱུང་བར་འགྱུར། །ཞེས་གསུངས་པ་ཡང་སྐབས་འདིར་previous hit དགོངས next hit་ཡིན། །དངོས་པོ་གཤིས་ཀྱི་གནས་ལུགས་གདོད་མ་ནས་ངོ་བོ་མཚན་ཉིད་ལྔ་དང་ལྡན་ཞིང་། །དུས་གསུམ་འགྱུར་བ་མེད་པ་ངོ་བོ་མཚན་ཉིད་ལྔ་དང་ལྡན་ཞིང་། །ཅུས་གསུམ་འགྱུར་བ་མེད་པ་ངོ་བོ་གཅིག་ལ་སྣང་ཚུལ་ཀུན་བརྟགས་ཐ་དད་པ་ནི་སྤྲུལ་སྐུའི་བསྟན་པ། །མིང་གི་འདོགས་ལུགས་ནི་ཀུན་གཞི་ཞེས་བྱ། །ངོ་བོ་ཉིད་ཀྱི་སྐུའི་བསྟན་པ། །མིང་འདོགས་པ་ནི་གསང་བ་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ། །ཆོས་སྐུའི་བསྟན་པ་མ་ཧཱ་ཡོ་གས་མིང་འདོགས་པ་ནི་ཁམས་རང་བཞིན་གྱི་དྲི་མ་དང་བཅས་པ་ཞེས་བྱ། །རང་བཞིན་གྱི་སྐུའི་བསྟན་པ་རྫོགས་པ་ཆེན་པོའི་སྐད་དུ། །ཆོས་དབྱིངས་བྱང་ཆུབ་ཀྱི་སེམས་ཤེས་བྱ། །འདི་རྣམས་མིང་ལ་འདོགས་ལུགས་གྲངས་མེད་ཀྱང་། །དོན་པར་ན་མིང་། །འདོགས་སུ་མ་བསྟུབ་ཅིང་། །ཐ་སྙད་གང་གིས་ཀྱང་བརྗོད་དུ་མེད་པ། །གནས་ལུགས་རང་བཞིན་གྱི་ལྷུན་གྱིས་གྲུབ་པ། །ཀུན་གཞི་ཀུན་འབྱུང་བའི་ཆོས་ཅན། །གནས་ལུག་ལྷན་ཅིག་སྐྱེས་པའི་མ་རིག་པ། །དུས་གསུམ་དུས་མེད་ཐོག་མ་དང་ཐ་མ་རྒྱུ་འབྲས་དགེ་སྡིག་རྒྱུ་འབྲས་གང་ཡང་མ་གྲུབ་ཅིང་། །རང་བཞིན་གྱིས་སྟོང་པར་གནས་པ་སྟེ། །ཤེས་རབ་སྡུད་པའི་ལུང་ལས་ཀྱང་། །མ་རིག་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད།

(༡༡)ཅེས་གསུང་པ་ཡང་གནས་ལུགས་མ་རིག་པ་ལ་previous hit དགོངས next hit་ཡིན། དེའི་ཕྱིར་ན། །མ་རིག་པའི་དབང་གིས་དངོས་པོ་གཤིས་ཀྱི་གནས་ལུགས་ཆོས་དབྱིངས་ཀུན་ཏུ་ཁྱབ་པ་ལས་གཏི་མུག་གི་རྣམ་རྟོག་ཉི་ཁྲི་ཆིག་སྟོང་ཕྱོགས་མེད་དུ་འཁྲུལ། །གཤིས་འགྱུར་བ་མེད་པ་ལས་ཞེ་སྡང་གི་རྣམ་པར་རྟོག་པ་ཉི་ཁྲི་ཆིག་སྟོང་དང་། །གནས་ལུགས་ཀྱི་ཆ་རང་བཞིན་གསལ་བ་ལས་འདོད་ཆགས་ཀྱི་རྣམ་པར་རྟོག་པ་ཉི་ཁྲི་ཆིག་སྟོང་། །ངོ་བོ་སྟོང་པ་དང་མཚོན་ཉིད་འགག་པ་མེད་པ་ལས་དུག་གསུམ་ཆ་མཉམ་པ་ལས་ང་རྒྱལ་དང་ཕྲག་དོག་གཉིས་ཀྱི་རྣམ་པར་རྟོག་པ་ཉི་ཁྲི་ཆིག་སྟོང་སྟེ། །ཀུན་གཞི་གཤིས་ཀྱི་གནས་ལུགས་ལ་རང་བཞིན་གཅིག་ཅིང་། ངོ་བོ་མཚན་ཉིད་ལྔ་ལྡན་མེ་ལོང་གི་གཟུགས་བརྙན་བཞིན་དུ་འགག་པ་མེད་པར་རང་བཞིན་གྱིས་གནས་པའི་ཕྱིར་ན། །མ་རིག་པའི་དབང་གིས་དུག་ལྔའི་རྣམ་པར་རྟོག་པ་བརྒྱད་ཁྲི་བཞི་སྟོང་ཕྱོགས་མེད་དུ་འཕྲོ་བ་སྟེ། །དེ་དག་ཡིན་ལ། །ཡུལ་ཅན་དུ་ཆགས་སྡང་རྣམ་པ་སྣ་ཚོགས་པ་ཡིས་རྐྱེན་བྱས་ནས། །ཡུལ་དང་ཡུལ་ཅན་གཉིས་རྒྱུ་རྐྱེན་གྱིས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལས་དགེ་སྡིག་སྣ་ཚོགས་སྤྱད་པས། །གཟུང་འཛིན་གྱི་དབང་གིས་འགྲོ་བ་རིགས་དྲུག་གི་རིགས་ལྔ། །ཁམས་གསུམ་འཁོར་བའི་རྒྱུ་འབྲས་སྣ་ཚོགས་དེ་རྣམ་པར་རྟོག་པའམ། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གིས་རྒྱུ་བྱས་པ་སྟེ། །གཟུང་འཛིན་མ་གྲོལ་གྱི་བར་དུ་དགེ་བའི་ཚོགས་དཔག་ཏུ་མེད་པ་བསྒྲུབས་ཀྱང་འདུས་བྱས་འཁོར་བའི་རྒྱུ་འབྲས་ཏེ། །མཚན་བརྗོད་ཀྱི་

(༡༢)ལུང་ལས་ཀྱང་། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །ཤེས་གསུངས་ཡང་། །རྩ་བ་རྣམ་པར་རྟོག་པ་ཡིད་དང་། བློ་དང་། རྣམ་པར་ཤེས་པ་དང་། །དེ་ལ་སོགས་པ་རྣམ་གྲངས་མང་དུ་གསུངས་ན་ཡང་། །རྩ་བ་རྣམ་པར་རྟོག་པར་འདུས་པའོ། །དེ་ཡན་ཆོད་མ་གཏོགས་པ་ཁམས་གསུམ་འཁོར་བའི་སྐྱེ་རྒྱུད་ཡིན་པའི་ཕྱིར་ན། །སྟོན་པ་བསྟན་པ་གང་གི་ཡང་ཐ་སྙད་མི་འདོགས་སོ། །གྲུབ་མཐའི་བློས་མ་སྒྱུར་བའི་སྐབས་སོ། །གྲུབ་མཐས་བློ་བསྒྱུར་བ་ཡང་གཉིས་ཡིན་ཏེ། །ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའ་ལོག་པས་བློ་བསྒྱུར་བ་ནི། །ལྟ་བ་ལོག་པ་སུམ་བརྒྱ་དྲུག་བཅུ་སྟེ། །དེ་ཡང་རྣམ་པར་རྟོག་པ་དང་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལོག་པར་རྟོག་ཅིང་ལོག་པར་འགྱུར་བ་ནི། །མུ་སྟེགས་ཀྱི་གྲུབ་མཐའ་གཏན་ལ་ཕབ་པའི་སྐབས་སུ་ཤེས་པར་བྱའོ། །ནང་པ་སངས་རྒྱས་པའི་གྲུབ་མཐས་འགྲོ་དྲུག་སེམས་ཅན་གྱི་འཁྲུལ་པ་རང་ཀ་མ་ཉན་ཐོས་ཀྱི་ཐེག་པར་བློ་བསྒྱུར་བ་ནི། །རྣམ་པར་རྟོག་པ་དང་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་བཀག་ཅིང་བཤིག་པ་སྟེ། དེ་ཡང་གཉིས་ཡིན། །ཕྱི་ཉན་ཐོས་ཀྱི་འདུལ་ཁྲིམས་སོ་སོ་ཐར་པ་རིགས་བདུན་གྱིས་སྡོམ་ཞིང་འགོག་པ་དང་། །ནང་ཏིང་ངེ་འཛིན་རྡུལ་གྱི་བྱེ་བྲག་དང་། །འཇིག་ཚོགས་ཀྱི་ལྟ་བ་རྣམས་ཀྱིས་བཀག་ཅིང་བཤིག་པ་སྟེ། དེ་གཉིས་ཀ་གཅིག་ཏུ་བསྡུས་པ་ཡིས་ཐོག་ཆུང་ཉན་ཐོས་ཀྱི་གྲུབ་མཐའ་སྟེ། །རྣམ་པར་རྟོག་པ་བརྒྱད་ཁྲི་བཞི་སྟོང་གི་དགྲ་ཆོམས་ནས། །གང་ཟག་གི་བདག་

(༡༣)མེད་རྟོགས་པར་འདོད་པ་ཡིན། །ཉན་ཐོས་ཀྱི་འབྲས་བུ་ཐོབ་པའི་རྗེས་སུ། །རང་སངས་རྒྱས་ཀྱི་སློབ་དཔོན་དམ་ཆོས་མེད་པར། རང་གིས་རིག་པ། །རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལུགས་ལས་བཟློག་ནས་ཆོས་ཅན་དང་ཆོས་ཉིད་བདག་གཞན་གཉིས་སྟོང་པ་ཉིད་བཅུ་དྲུག་ལ་སོགས་པར་བཤིག་ཅིང་། །རྣམ་པར་རྟོག་པ་བརྒྱད་ཁྲི་བཞི་སྟོང་སྟོང་པ་ཉིད་དུ་བཤིག་ཅིང་། །རྣམ་པར་རྟོག་པའི་ཚོགས་ཐམས་ཅད་ཞི་བ་སྤྲོས་བྲལ་ཡིད་བཞིན་བདེ་བ་མཆོག་གི་ས། །གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་ཀྱི་ཕྱེད་རྟོགས་པར་བཞེད་པའོ། །བྱང་ཆུབ་སེམས་དཔའི་ཐེག་པ་ཡང་གཉིས་ཡིན་ཏེ། །དྲང་དོན་དང་། ངེས་དོན་ནོ། །དྲང་བ་དོན་གྱི་ངེས་པས་རྣམ་པར་རྟོག་པ་དང་། །ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཕར་སྤངས་ནས་འཁོར་བ་དང་མྱ་ངན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཚུར་ཐོབ་པར་འདོད་པའོ། །ངེས་པ་དོན་གྱི་མདོ་སྡེ་ཡང་གཉིས་ཡིན་ཏེ། །དྲང་དོན་དུ་བདག་མེད་རྣམ་པར་གཉིས་རྟོགས་ཤིང་། །གཞན་དོན་དུ་སྤྱོད་པ་བསོད་ནམས་ཀྱི་ཚོགས་འཁོར་གསུམ་ཡོངས་སུ་དག་པར་བྱེད་པ་ནི། །རྣམ་པར་རྟོག་པ་དང་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཚོགས་གཉིས་ཟུང་འཇུག་བརྒྱད་ཁྲི་བཞི་སྟོང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དུ་མཐར་ཕྱིན་པ་ནི་བཅུ་གཅིག་ཀུན་ཏུ་འོད་ཀྱི་སངས་རྒྱས་སུ་འདོད་པ་སྟེ། །སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ་ཡང་རྣམ་པར་རྟོག་པ་བརྒྱད་ཁྲི་བཞི་སྟོང་གོང་ནས་གོང་དུ་ནར་སོན་པ་ལས། །འབྲས་བུ་ཉན་རང་གཉིས་དང་། །ཐམས་ཅད་མཁྱེན་པ་གསུམ་དུ་བཞེད་པའོ། །ལོངས་

(༡༤)སྐུའི་བསྟན་པ་ཕྱི་རྒྱུད་གསུམ་ཡང་། །རིག་སྔགས་ཀྱི་ཐེག་པ་སྟེ། །སྤྲུལ་སྐུ་དང་ལོངས་སྐུ་བསྟན་པའི་ས་མཚམས་ཏེ། །ལོངས་སྐུའི་བསྟན་པའི་གཞི་འཛིན་ཀྲྀ་ཡ་དག་པའི་རྣལ་འབྱོར་བྱ་བ་ཡིན། །དེ་ཡང་རྣམ་པར་རྟོག་པ་དང་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཀྲྀ་ཡ་ཡིས་དག་པར་བྱེད་པ་སྟེ། །སྐྱེད་རྫོགས་རིགས་མི་གཅིག་པའི་ཏིང་ངེ་འཛིན་བརྒྱད་ཁྲི་བཞི་སྟོང་དང་། །གཟུངས་སྔགས་བརྒྱད་ཁྲི་བཞི་སྟོང་དང་། །རྫས་ཀྱི་བྱེ་བྲག་རྣམས་ཀྱི་དཀའ་ཐུབ་གསོ་སྦྱོང་སྣ་ཚོགས་ཀྱིས་ཀྲྀ་ཡ་དག་པའི་རྣལ་འབྱོར་དུ་ལམ་རྫོགས་ནས་འབྲས་བུ་རིགས་གསུམ་རྡོ་རྗེ་འཛིན་པ། །རིགས་གསུམ་མགོན་པོ་དང་ཆ་མཐུན་པའི་རྡོ་རྗེ་འཛིན་པ་གྲངས་མེད་པར་འབྱུང་བར་གསུངས་པའོ། །ཨུ་པ་ཡ་ཀྲྀ་ཡོག་གཉིས་སྤྱོད་ཅིང་སྒྲུབ་པའི་ཕྱིར་ན། །སྤྱོད་པའི་རྒྱུད་ཅེས་བྱ་བ་ནི། །དེའི་ཕྱིར་ན་རྣམ་པར་རྟོག་པ་དང་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལུས་ངག་ཡིད་གསུམ་སྣང་བ་དང་བཞི་ཡིས་བསྡུས་པ་འདི། ལུས་ལྷ། །ངག་སྔགས། སེམས་ཏིང་ངེ་འཛིན། །ཕྱི་རོལ་གྱི་སྣང་བ་སྣ་ཚོགས། །ཕྱི་ནང་གཉིས་ཀྱི་རྒྱལ་བའི་དཀྱིལ་འཁོར་མཆོད་ཅིང་སྤྱོད་པའི་ཕྱིར། །དཀྱིལ་འཁོར་བཞི་ཡིས་བསྡུས་པ་འདི། །བརྒྱད་ཁྲི་བཞི་སྟོང་གི་སྤྱོད་པ་སྤྱོད་ཅིང་རྫོགས་པས་འབྲས་བུས་རིགས་བཞི་རྣམ་པར་འབྱེད་པའི་ས་ཐོབ་པར་བཞེད་པའོ། །ཡོ་ག་ཞེས་བྱ་བའི་དོན་ནི། །སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྒོམ་པ་ཏིང་ངེ་འཛིན་དུ་བསྒོམ་ཞིང་བསྒྱུར་བའི་ཕྱིར་ན། །རྣལ་འབྱོར་གྱི་རྒྱུད་བྱ་བ་ཡིན། དེའི་ཕྱིར་ན། །རྣམ་པར་རྟོག་པ་དང་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་སྒོམ་པ་

(༡༥)ཏིང་ངེ་འཛིན་གྱི་རིམ་པ་ཨེ་མ་སུམ་བཅུ་རྩ་བདུན་གྱི་དཀྱིལ་འཁོར་ཀུན་རིག་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་བརྒྱད་ཁྲི་བཞི་སྟོང་དུ་བསྒྱུར་ཞིང་བསྒོམ་པ་དང་། །རྟོགས་པ་མཐར་ཕྱིན་ན་འབྲས་བུ་རྣམ་པར་སྣང་མཛད་རྒྱན་སྟུག་པོ་བཀོད་པ་རིགས་ལྔ་རང་རྒྱུད་པ་ཡབ་ཡུམ་བཅུའི་ལྷ་ཚོགས་བརྒྱད་ཁྲི་བཞི་སྟོང་སྒྲིབ་པ་མེད་པར་བཞུགས་པར་འདོད་པ་སྟེ། །དེ་མན་ཆོད་དུ་སྟོན་པ་གཉིས་དང་ཐེག་པ་དྲུག་གི་རྣམ་པར་རྟོག་པ་དང་། །ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དབང་པོའི་བྱེ་བྲག་གི་རིམ་པས། །ས་ལམ་དང་གྲུབ་མཐའི་རིམ་པ་དང་། །འབྲས་བུའི་ཐོབ་ཚུལ་ས་གཅོད་ཙམ་བསྟན་པའོ། །ཐེག་པ་གོང་ནས་གོང་དུ་ནར་སོན་ཞིང་ཡར་ལྡན་དུ་རྫོགས་པའི་ཕྱིར་ན། །ངོ་བོ་གཅིག་ཡིན་ཡང་མ་འདྲེས་ཤིང་བྱེ་བྲག་སོ་སོར་རྟོགས་པར་བྱའོ། །ཐེག་པ་དྲུག་དང་། །མ་རྟོགས་སེམས་ཅན་དང་། །ལོག་རྟོག་མུ་སྟེགས་རྣམས་ཀྱི་རྒྱུ་འབྲས་དང་། །ས་ལམ་བསྒྲོད་ཚུལ་རྣམས་ངར་འཛིན་གྱི་ལྟ་བ་བརྒྱད་ཀྱི་ནང་ན་རྒྱས་པར་བསྟན་པའི་ཕྱིར་ན། །འདིར་ནི་ཅུང་ཟད་ཙམ་སྨོས་པའོ། །འདིར་མ་ཧཱ་ཡོ་ག་གཙོ་ཆེར་སྟོན་པའི་ཕྱིར། །ཐེག་པ་གོང་ནས་གོང་དུ་ཁྱད་འདོད་པའི་ཕྱིར་ན། །ཐེག་པ་ཆེ་ཆུང་དང་སྔགས་ཕྱི་ནང་གི་ས་མཚམས་སོ་སོར་འབྱེད་ཅིང་། །གཙོ་ཆེར་གང་བྱེད་པ་དེ་གཙོ་ཆེར་བཤད་ཅིང་གོ་ཞིང་རྟོགས་པར་བྱེད་པའི་བར་སྐབས་སོ། །ཆོས་སྐུའི་བསྟན་པ་མ་ཧཱ་ཡོ་ག་སྟེ། །འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་

(༡༦)ཐབས་དང་ཤེས་རབ་དབྱེར་མེད་ཅིང་། །གཞི་གནས་ལུགས་རང་བཞིན་གྱི། །ལྷུན་གྱིས་གྲུབ་པ་ལས། །ལམ་སྤངས་ཐོབ་མེད་པ་ཐབས་དང་ཤེས་རབ་དབྱེར་མེད་རྟོགས་པའི་དབང་བཞི་རྫོགས་པ་ལས། །འབྲས་བུ་སྐུ་གསུམ་རང་ལ་ལྷུན་གྱིས་གྲུབ་པར་བཞེད་པའི་ཕྱིར་ན། །རྣལ་འབྱོར་ཆེན་པོའི་རྒྱུད་ཅེས་བྱ་བ་ཡིན། །དེའི་བར་ན། །མ་ཧཱ་ཡོ་ག་གསར་རྙིང་གཉིས་ཀྱི་བཞེད་previous hit དགོངས་ལས། །རྒྱུད་སྡེ་གནམ་གྱི་སྐར་མ་ཙམ་བཞུགས་ next hit་ཡིན། །ཡི་གེ་འཁོར་ཚོགས་ཆེན་གྱི་ས་དང་། །མཁའ་འགྲོའི་གནས་དང་། །མིའི་ཡུལ་དུ་བྱོན་ན་ཡང་། །བོད་ལ་མ་འགྱུར་བ་གྲངས་མཐའ་ཡས། །བོད་ལ་འགྱུར་བ་ནི་ཅུང་ཟད་ཅིག་བྱོན་པ་ཡིན། །རྣལ་འབྱོར་ཆེན་པོའི་རྒྱུད་སྡེ་ཐམས་ཅད་ཀྱི་previous hit དགོངས next hit་ཡང་གཅིག་ཏུ་འདུས་པ་སྟེ། །བཞེད་ལུགས་གྲངས་མེད་པ་ཅིག་གསུངས་ཀྱང་། །འགྲོ་བ་རིགས་དྲུག་གི་རྣམ་པར་རྟོག་པ་དང་། །ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་སྟེ། །ལྷ་དང་རྟོགས་པ་དབྱེར་མེད་ཅིང་ངོ་བོ་གཅིག་པའི་ཕྱིར་ན། །རིགས་ལྔའི་ལྷ་ཚོགས་བརྒྱད་ཁྲི་བཞི་སྟོང་དུ་གདོད་མ་ནས་ཡིན་ཞིང་གནས་པ་ལས། །རང་ངོ་ཤེས་ཤིང་ཆ་ལུགས་རྫོགས་པར་བསྟན་པའི་ཕྱིར་ན། །སྒྱུ་འཕྲུལ་སྡེ་བརྒྱད་ཀྱི་རྒྱུད་སྡེ་རྣམས་ཀྱིས་ཞེ་སྡང་གི་རྟོག་པ་ཉི་ཁྲི་ཆིག་སྟོང་སྟེ། །ཐུགས་ཀྱི་ལྷ་ཚོགས་ཡབ་ཡུམ་སྲས་དང་བཅས་པའི་དཀྱིལ་འཁོར་ཉི་ཁྲི་ཆིག་སྟོང་དུ་ངོ་སྤྲོད་ཅིང་ཐབས་དང་ཤེས་རབ་དབྱེར་མེད་པའི་དཀྱིལ་འཁོར་དུ་དབང་བཞིའི་ས་ལམ་བསྒྲོད་ཅིང་། །ཡང་དག་ཐུགས་ཀྱི་ལྷ་ཚོགས་གྲངས་ཅན་ཉི་ཁྲི་ཆིག་སྟོང་དང་། །གྲངས་མེད་

(༡༧)ཚད་ལས་འདས་པར་རང་བཞིན་གྱིས་ལྷུན་གྱིས་གྲུབ་པར་བཞེད་པ་ཡིན། །འཇམ་དཔལ་སྐུའི་ལྷ་ཚོགས་ཀྱང་རྒྱུད་སྡེ་གྲངས་མེད་པ་གསུངས་པ་ཡིས། །གཏི་མུག་གི་རྣམ་པར་རྟོག་པ་ཉོན་མོངས་པ་ཉི་ཁྲི་ཆིག་སྟོང་། །རྣམ་པར་སྣང་མཛད་སྐུའི་ལྷ་ཚོགས་སྣ་ཚོགས་སུ་གདོད་མ་ནས་ཡིན་པ་ལ་དབྱེར་མེད་དུ་ངོ་སྤྲོད་ཅིང་། །སྐྱེད་རྫོགས་གཉིས་དང་ཐབས་ཤེས་རབ་དབྱེར་མེད་པ་ལས་དབང་བཞི་ཡིས་ས་ལམ་རྫོགས་ནས། །འཇམ་དཔལ་སྐུའི་ལྷ་ཚོགས་གྲངས་ཅན་ཉི་ཁྲི་ཆིག་སྟོང་། །གྲངས་མེད་ཚད་ལས་འདས་པར་སངས་རྒྱས་པར་བཞེད་པ་ཡིན། །པདྨ་གསུང་གི་ལྷ་ཚོགས་ཀྱི་རྒྱུད་སྡེ་གྲངས་མེད་པ་བཞུགས་ན་ཡང་། །previous hit དགོངས next hit་གཅིག་ཏུ་སྟོན་པ་སྟེ། །སེམས་ཅན་རྣམས་ཀྱི་འདོད་ཆགས་ཀྱི་རྣམ་པར་རྟོག་པ་དང་། །ཉོན་མོངས་པ་ཉི་ཁྲི་ཆིག་སྟོང་དེ་གདོད་མ་ནས་པདྨ་གསུང་གི་ལྷ་ཚོགས་སུ་ཤེས་ཤིང་། སྐྱེད་རྫོགས་གཉིས་དང་ཐབས་ཤེས་རབ་དབྱེར་མེད་པའི་དཀྱིལ་འཁོར་དུ་དབང་བཞིས་ས་ལམ་རྫོགས་ནས། གསུང་གི་ལྷ་ཚོགས་གྲངས་ཅན་ཉི་གྲི་ཆིག་སྟོང་དང་། གྲངས་མེད་ཚད་ལས་འདས་པར་མ་སྤངས་ལྷུན་གྱིས་གྲུབ་པར་སངས་རྒྱས་པར་བཞེད་པ་ཡིན། ཆེ་མཆོག་ཡོན་ཏན་གྱི་རྒྱུད་སྡེ་དང་། །ཀརྨ་མ་ལེའི་ཕྲིན་ལས་ཀྱི་རྒྱུད་སྡེ་གྲངས་མེད་པ་ཡིས། །ང་རྒྱལ་དང་ཕྲག་དོག་ཆ་མཉམ་པའི་རྣམ་པར་རྟོག་པའི་ཚོགས་ལས་བྱུང་བའི་ཉོན་མོངས་པ་ཉི་ཁྲི་ཆིག་སྟོང་གདོད་མ་ནས་ཡོན་ཏན་ཕྲིན་ལས་ཀྱི་ལྷ་ཚོགས་ཡིན་པ་ལ། །ཡིན་པར་ངོ་སྤྲོད་ཅིང་། སྐྱེད་རྫོགས་གཉིས་དང་ཐབས་ཤེས་རབ་དབྱེར་མེད་པའི་དཀྱིལ་འཁོར་དུ་དབང་བཞི་

(༡༨)ཡིས་སྨིན་པ་དང་གྲོལ་བ་མཐར་ཕྱིན་ནས་ཆེ་མཆོག་ཡོན་ཏན་གྱི་ལྷ་ཚོགས་དང་། །ཀརྨ་ཕྲིན་ལས་ཀྱི་ལྷ་ཚོགས་གྲངས་ཅན་ཉི་ཁྲི་ཆིག་སྟོང་དང་། །གྲངས་མེད་ཚད་ལས་འདས་པ་སྟེ། །ཞི་བ་ལྷུན་གྱིས་གྲུབ་པ་དང་། །ཁྲོ་བོ་རྨད་དུ་བྱུང་བ་རྣམས་རོལ་པ་ཆེན་པོ་ཆོས་ཀྱི་དབྱིངས་དང་མཉམ། །མ་ཧཱ་ཡོ་གའི་བཞེད་ཀྱིས། །ནམ་མཁའི་དབྱིངས་ཀྱིས་ཁྱབ་ཚད་ནི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་བཞེད་པ་སྟེ། །ཕུང་པོ་ལྔ་གདོད་མ་ནས་རིགས་ལྔ། །ཉོན་མོངས་པ་ལྔ་ཡེ་ཤེས་ལྔ། །འབྱུང་བ་ལྔ་ཡུམ་ལྔ། ཁམས་སྐྱེ་མཆེད་ལྷ་དང་། ལྷ་མོའི་དཀྱིལ་འཁོར་ཏེ། །རྣམ་པར་ཤེས་པའི་ཚོགས་བརྒྱད་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པ། །སེམས་དཔའི་སེམས་མ་བཅུ་དྲུག་སྟེ། །ཐུབ་པ་དྲུག་ལ་སོགས་པ་ཡང་ལུས་སེམས་རྩ་གནས་རྣམ་རྟོག་སྣ་ཚོགས་སུ་སོ་སོར་གནས་གདོད་ནས་སྤྲུལ་སྐུའི་ལྷ་ཚོགས་ཏེ། །ཡིན་ལུགས་ཤེས་ཤིང་རང་ངོ་འཕྲོད་པའི་ཕྱིར་ན། །སྤྲུལ་སྐུ་བྱེ་བ་ཕྲག་བརྒྱ་ཡང་རང་གི་རྣམ་འཕྲུལ་ཡིན་པའི་ཕྱིར་ན། །རྒྱུ་འབྲས་གཞན་ནས་ཐོབ་པར་མི་འདོད་དོ། །ཡན་ལག་ཉིད་ལག་གི་ཡུལ་དང་ཡུལ་ཅན་རྣམས་གདོད་མ་ནས་ཁྲོ་བོ་བཅུ་དང་། །ཁྲོ་མོ་བཅུའི་རྡོ་རྗེ་ར་བ་མེ་རི་དང་བཅས་པ་ཡིན་པའི་ཕྱིར་ན། །གཞན་ནས་ཐོབ་གྲུབ་ཅིང་སྒྲུབ་པར་མི་བཞེད་དོ། །སེམས་ཅན་རྣམས་སྐྱེ་གནས་བཞི་ཡོད་པའི་ཕྱིར་ན། །རྒྱུད་སྡེ་བཞི་སོ་སོས་ཀྱང་སྐྱེད་རིམ་སྒོམ་པ་བཞི་སྟོན་པ་སྟེ། །རྣལ་འབྱོར་ཆེན་པོ་གསར་རྙིང་གི་བཞེད་ཀྱིས། །སེམས་ཅན་

(༡༩)སེམས་ཅན་མངལ་ནས་སྐྱེས་པ་རྣམས་དང་ཆ་མཐུན་པའི་ཕྱིར་ན། །ཐབས་ཤེས་རབ་དབྱེར་མེད་པའི་དཀྱིལ་འཁོར་དུ་ཧེ་རུ་ཀ་ཡབ་ཡུམ་དབྱེར་མེད་པ་ལས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་བུ་དང་། །ཚའོ་ཡང་ཚའི་ཚུལ་དུ་ཕྱོགས་མེད་དུ་འདོན་ཞིང་། །དཀྱིལ་འཁོར་སངས་རྒྱས་བསྡུས་གང་ཡིན་ན་ཡང་གཞུང་དང་མཐུན་པར། །དེ་ལྟར་དུ་སེམས་དཔའི་གསུམ་ལྡན་གྱི་དཀྱིལ་འཁོར་ཡིན་ལུགས་ཤེས་པ་དང་། །ངེས་ཤེས་བརྟན་པ་དང་། །ཆ་ལུགས་རྫོགས་པ་ནི་འགྲོ་བ་རིགས་དྲུག་གི་སྐྱེ་རྒྱུ་དང་བཅད་པ་དང་། །མངལ་སྒོ་དགག་པ་ལ་previous hit དགོངས next hit་སྟེ། མདོར་བསྡུས་ན། །འགྲོ་བ་རིགས་དྲུག་ཕོ་མོ་ཐམས་ཅད་ཐབས་དང་ཤེས་རབ་དབྱེར་མེད་པར་ལྷ་ཡབ་ཡུམ་གྱི་དཀྱིལ་འཁོར་དུ་གདོད་མ་ནས་རིགས་ལྔ་ཡབ་ཡུམ་གྱི་ལྷ་ཚོགས་གྲངས་ཅན་བརྒྱད་ཁྲི་བཞི་སྟོང་། །གྲངས་མེད་ཚད་ལས་འདས་པའི་ལྷ་དང་རྟོགས་པ་དང་ཉོན་མོངས་པ་དབྱེར་མེད་པར་ཉོན་མོངས་པ་ལམ་དུ་སློང་པ་ནི། །དབང་བཞི་སྐྱེད་རྫོགས་དང་བཅས་པ་ཡིས། །བདེ་བ་ཆེན་པོ་རང་བཞིན་ལྷུན་གྱིས་གྲུབ་པའི་རིགས་ལྔ། །བཅུ་གཉིས་མ་ཆགས་པདྨ་ཅན་དང་། །བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས། །གཞི་ལམ་འབྲས་བུ་རང་ལ་རྫོགས་པ་ནི། །བདེ་མཆོག་གི་རྒྱུད་ནས་ཀྱང་། །རིགས་ལྔ་ལ་ནི་ཀུན་སྤྱོད་པ། །རིགས་གཅིག་ཏུ་ནི་རྣམ་པར་བརྟག །ཅེས་གསུངས་པ་ཡང་། །འཁོར་ལོ་ཚོགས་ཆེན་གྱི་ས་ལ་previous hit དགོངས next hit་ཡིན། །ཨ་ནུ་ལུང་གི་གསང་ཆེན་རིགས་གཅིག་བརྟན་པར་བཞུགས། །ཤེས་གསུངས་པ་ཡང་། །ཆོས་སྐུ་རྡོ་རྗེ་འཆང་ལ་

(༢༠)previous hit དགོངས next hit་ཡིན། དེའི་ཕྱིར་ན། །མ་ཧཱ་ཡོ་གའི་སྟོན་པ་མཐར་ཐུག་པ་རྡོ་རྗེ་འཆང་ཡིན། །བསྟན་པ་མ་ཧཱ་ཡོ་ག་གསར་རྙིང་། །སྒྲུབ་པ་བཀའ་བརྒྱད་རྙིང་མའི་བཞེད་པ་ཡིན་། །གསར་མ་བ་ཡིས་ཕ་རྒྱུད་ཐམས་ཅད་རིགས་ལྔ། །མ་རྒྱུད་ཐམས་ཅད་ཕྱག་རྒྱ་རིམ་པ་བཞི། །རྣམ་གྲངས་དགུ་གཅིག་ཏུ་སྦྱར་བ་ལས། །ཐབས་དང་ཤེས་རབ་དབྱེར་མེད་ཀྱིས་ཉོན་མོངས་པ་དང་རྣམ་པར་རྟོག་པ་དང་། །བཅས་པ་ཡིན་ལུགས་ཤེས་པ་ཙམ་གྱིས་ལྷ་ཚོགས་རྣམས་སུ་ངོ་སྤྲོད་པ་ལས། །འཁོར་ལོ་ལྔའི་ཕོ་བྲང་དུ་དུག་ལྔ་ཡེ་ཤེས་ལྔ། །ཕུང་པོ་ལྔ་རིགས་ལྔ། །རླུང་སེམས་གཉིས་དང་བྱང་ཆུབ་ཀྱི་སེམས་གཉིས། །སྣང་སེམས་གཉིས། རྡོ་རྗེའི་གནས་ལུགས་བཞིའི་དཀྱིལ་འཁོར་དུ་རླུང་སེམས་གཉིས་སུ་འདུས་ཚུལ་གྱིས། དབང་བཞི་དང་། དགའ་བ་བཞི་ཡི། །ལྷ་ཚོགས་བརྒྱད་ཁྲི་བཞི་སྟོང་། ལུས་སེམས་རྩ་རླུང་། །རྩ་གསུམ་འཁོར་ལོ་ལྔ། གནས་ཉི་ཤུ་རྩ་བཞི། དུར་ཁྲོད་བརྒྱད་དང་། ཉེ་བའི་གནས། ཞིང་། རྩ། །འོད་ལ་སོགས་པ་གདོད་ནས་རང་ལ་རྫོགས་པ་སྟེ། །སྟོན་པ་བླ་ན་མེད་པ་རྡོ་རྗེ་འཆང་དང་། །བསྟན་པ་བླ་ན་མེད་པ་མ་ཧཱ་ཡོ་ག་གསར་མའི་མན་ངག་ཟབ་མོ་ལ་བརྟེན་ནས། །བླ་མ་བརྒྱུད་པ་བླ་ན་མེད་པ་མཁས་ལ་གྲུབ་པ་ཐོབ་པ་རྒྱུན་མ་ཆད་པའི་རྡོ་རྗེའི་སློབ་དཔོན་གྱིས་ངོ་སྤྲོད་ཅིང་བྱིན་གྱིས་བརླབས་པའམ་དབང་བཞི་བསྐུར་བ་ཙམ་གྱིས་སྨིན་པ་དང་གྲོལ་བ་དུས་མཚུངས་ཏེ། ཕྲིན་ལས་བཞི་དང་། གྲུབ་ཆེན་བརྒྱད། སྐད་ཅིག་མ་ཉི་ཤུ་རྩ་གཅིག་གམ། མི་ཚེ་གཅིག་ལ་རྫོགས་པ་སྟེ། །སྒྱུ་འཕྲུལ་

(༢༡)རྒྱས་པ་ལས་ཀྱང་། །རྡོ་རྗེ་རྒྱལ་པོ་རང་དབང་ཆེ། །ཞེས་གསུང་པ་ཡང་དོན་འདི་ལ་previous hit དགོངས next hit་ཡིན། དེའི་ཕྱིར་ན། །དབང་ལ་ཐོབ་རྒྱུ་མེད་ཀྱང་རྟོགས་རྒྱུ་ཡོད་པར་འདོད་པ་སྟེ། མ་ཧཱ་ཡོ་ག་ལས་བཞིར་དབྱེ་བས། །དབང་བཞི་ཡང་ལྟོས་ས་ལྟོས་ཆོས་ཙམ་དུ་བསྐུར་བར་བཞེད་པ་སྟེ། །ཐེག་པའི་དབང་སྐལ་དུ་བྱས་ན། མ་ཧཱ་ཡོ་ག་གསར་རྙིང་གཉིས་ཀྱིས་ཀྱང་། །གསང་བའི་དབང་ལ་བཞིར་དབྱེ་བའི་མཐར་ཐུག་ཙམ་བསྐུར་དུ་རུང་བ་ཡིན། དེའི་ཕྱིར་ན། །མ་ཧཱ་ཡོ་ག་གསར་རྙིང་གཉིས་ཚིག་ལ་ཐ་དད་ཡོད་ན་ཡང་། །གཞི་ལམ་འབྲས་བུའི་previous hit དགོངས next hit་མཐར་ཐུག་པ་ཡིན། །མ་ཧཱ་ཡོ་གའི་བདུད་རྩི་སྨན་གྱི་རྒྱུད་སྡེ་གྲངས་མེད་པ་བཞུགས་པ་ཡིས། །གཙོ་ཆེར་འདོད་ཡོན་ལྔ་ཡིས་ཁྱབ་ཚད་ཀྱི་འབྱུང་བ་ལྔ་ཡིས་བསྡུས་པ་ཁམས་གསུམ་འཁོར་འདས་གཉིས་ཀྱི་དཀྱིལ་འཁོར་འདི། །དོན་དམ་ཀུན་རྫོབ་གཉིས་ཀྱི་བྱང་ཆུབ་ཀྱི་སེམས། དོན་དམ་བྱང་ཆུབ་ཀྱི་སེམས། ཀུན་གཞི་འབྱུང་བའི་ཆོན། །མ་རིག་ཅིང་མ་རྟོགས་པའི་དབང་གིས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི། །ཐིག་ལེ་དཀར་དམར་གཉིས་ཀྱི་རྒྱུ་འབྲས་ཀྱིས། །ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་དང་། །འགྲོ་བ་རིགས་དྲུག །ཁམས་གསུམ། འབྱུང་བ་ལྔ་ཡིས་བསྡུས་ཚད། །རྒྱུ་འདི་གཉིས་ལས་བྱུང་བའི་ཕྱིར་ན། །ཤ་དང་ཆང་གཉིས་ཀྱིས་དེ་གཉིས་ཀྱི་རྒྱུའི་དཔེ་མཚོན་ནས། །ཤ་ལྔ་བདུད་རྩི་ལྔ་བོད་ཡིག་འབྲུ་ལྔ། དུག་དང་། སྨན་དང་། །ཤ་ཁྲག་སྣ་ཚོགས་པ་རྣམས་ཀྱི་རྫས་ལ་

(༢༢)བརྟེན་ནས། །བདུད་རྩི་སྨན་བསྒྲུབ་པ་དང་། །ཚོགས་བསྒྲུབ་པ་དང་། །གཏོར་མ་བསྒྲུབ་པ་སྣ་ཚོགས་ལ་ཐ་དད་ཡོད་ན་ཡང་། །དོན་ལ་ངོ་བོ་གཅིག་པའི་ཕྱིར་ན། །བྱིན་གྱིས་བརླབ་ནུས་ན་ནི་གཏོར་མ་དང་། །བདུད་རྩི་སྨན་བསྒྲུབ་པ་རྣམས་བྱིན་རླབས་རྒྱ་ཆེན་པོ་དང་ལྡན་པ་སྟེ། །ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་ཚོགས་ཀྱི་ཡོ་བྱད་དུ་མ་གྱུར་པ་གང་ཡང་མེད་དོ། །དེའི་ཕྱིར་ན་མ་ཧཱ་ཡོ་གའི་རྒྱུད་སྡེ་ཐམས་ཅད་ཀྱི་ནང་ན་ཡང་། ཚོགས་དང་། གཏོར་མ། སྨན་སྒྲུབ་ལ་སོགས་པ་རྒྱས་བསྡུས་ཕྱོགས་མེད་དུ་སྟོན་པའི་ཕྱིར་ན། མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་ན་ནི། །ཐམས་ཅད་བདུད་རྩིར་བྱིན་གྱིས་བརློབ་ནུས་ལ། །སྐྱེད་རྫོགས་ལ། །དབང་མ་ཐོབ་ན་ནི། །བདུད་རྩི་སྨན་གྱི་རྒྱུད་སྡེ་ཐམས་ཅད་ཤེས་ཤིང་བསྒྲུབས་ཀྱང་། །ཨ་མྲྀ་ཏ་ཞེས་བྱ་བར་ཐ་སྙད་མི་འདོགས་སོ། །མ་མོ་སྦོད་གཏོང་གི་རྒྱུད་སྡེ་རྣམས་ཀྱི་ལྷ་ཚོགས་རྣམས་དང་། །སྨོད་པ་དྲག་སྔགས་ཀྱི་རྒྱུད་སྡེའི་ལྷ་ཚོགས་རྣམས་ཀྱང་། །མ་ཧཱ་ཡོ་ག་གསར་རྙིང་གི་ཆོ་ག་ལགས་ཏེ་དངོས་པོ་གཤིས་ཀྱི་གནས་ལུགས། །ལུས་སེམས་གཉིས་ཀྱི་དཀྱིལ་འཁོར་དུ། །འཇིག་རྟེན་དང་ནི་འཇིག་རྟེན། །འདས་པའི་ས་བོན་ཐམས་ཅད་གནས་པ་སྟེ། །རླུང་སེམས་ཅི་ལྟར་གནས་པ་བཞིན། །ལས་རྣམས་ཐམས་ཅད་ཕྱོགས་སུ་འགྲུབ། དེའི་ཕྱིར་ན། །མ་ཧཱ་ཡོ་ག་ལས་གྲངས་མེད་པ་ཅིག་གསུངས་ཀྱང་། །སྒྲུབ་པ་བཀའ་བརྒྱད་དང་། །རྒྱུད་སྡེ་ཆེན་པོ་བཅོ་བརྒྱད་ཀྱི་འབྲེལ་ཚུལ་ཏེ། །གཅིག་གི་ནང་ན་མི་གསལ་

(༢༣)བ་གཅིག་གི་ནང་ན་སྟོན་པའི་ཕྱིར་ན། །རྒྱུད་དང་རྒྱུད་ཀྱི་ཕྱི་མ་སྟེ། །རྒྱུད་སྡེ་ཆེན་པོ་བཅོ་བརྒྱད་ཀྱི་འབྲེལ་ཚུལ་གྱིས། །མ་ཧཱ་ཡོ་ག་གསར་རྙིང་གི་རྒྱུད་སྡེ་ཐམས་ཅད་གཏན་ལ་འབེབས་པ་སྟེ། །རྒྱུད་སྡེ་ཐམས་ཅད་ཀྱི་འབྲེལ་ཚུལ་མི་ཤེས་པར། །གསར་རྙིང་གི་རྒྱུད་བུ་ཆུང་རེ་ཙམ་རེ་ཤེས་ཡང་། །ཁྲོན་པའི་ཆུ་དང་རྒྱ་མཚོ་ཆེན་པོ་གཉིས་ཆེ་ཆུང་མཉམ་པ་དང་འདྲའོ། དེའི་ཕྱིར་ན། །རྒྱུད་སྡེ་རྣམས་ལ་ཡང་རྒྱུད་སྡེ་བཅོ་བརྒྱད་ཀྱི་འབྲེལ་ཚུལ་གྱི་དབུ་ཞབས་སུ་ཀུན་ལ་ཁྱབ་པའི་རྒྱུད་སྡེ་ཆེན་པོ་ནི་རྒྱུད་རྣམས་ཀུན་གྱི་རྩ་རྒྱུད་དེ། དཔེར་ན། །སའི་བདག་པོ་རྒྱལ་པོ་ཆེན་པོ་དང་འདྲའོ། །དེ་མན་ཡང་ཕྱུང་པ་དུམ་བུའི་རྒྱུད་དང་། །མ་ཧཱ་ཡོ་ག་ལ་མཁས་ཤིང་གྲུབ་པ་ཐོབ་པ་རྣམས་ཀྱིས། །སྔགས་ཀྱི་བསྟན་བཅོས་མཛད་པ་རྣམས་རྒྱུད་དུ་མ་གཏོགས་ཤིང་། །རྒྱུད་དང་འདྲ་མི་འདྲ་དུ་མ་བྱུང་བ་སྟེ། །ནག་པོ་སྤྱོད་པའི་དཔྱིད་ཀྱི་ཐིག་ལེ་ལ་སོགས་པ་མང་པོ་བཞུགས་པའོ། །སྡུས་པའི་རྒྱུད་བྱ་རྒྱུད་སྡེ་རྣམས་ཀྱི་ནང་ནས་རྒྱུད་ཀྱི་ལུང་རྣམས་བཏུས་ཤིང་། །མན་ངག་གི་རྒྱུད་ཀྱང་མང་དུ་བཞུགས་པའོ། །ཕྱུང་བའི་རྒྱུད་བྱ་བ་མ་ཧཱ་ཡོ་གའི་རྒྱུད་སྡེ་རྣམས་ཀྱི་ནང་ནས་ལེའུ་གོང་འོག་ཏུ་ཕྱུང་ནས། །མ་ཚང་བའི་རྒྱུད་ལུས་པ་དང་། །བར་དུ་མ་ཚང་སྙིང་པོ་དང་། །ཉེ་བའི་སྙིང་པོ་དང་། སྒྲུབ་པ་དང་། །གྲུབ་པ་ཆེན་པོ་འདུས་པ་དང་

(༢༤)ཐ་མར་མ་ཚང་རྒྱུད་དང་རྒྱུད་ཀྱི་ཕྱི་མ་དང་། །ཕྲིན་ལས་ཤམ་བུའི་སྔགས་རྣམས་ལུས་པ་སྟེ། །དེའི་ཕྱིར་ན། །ཕྱུང་རྒྱུད་དག་གི་སྐྱོན་རྣམས་ཏེ། །རྒྱུད་སྡེ་བཅོ་བརྒྱད་ཀྱི་འབྲེལ་ཚུལ་མི་ཤེས་པར། །གསར་རྙིང་རྒྱུད་སྡེ་གང་ཡང་རུང་། །སྐུ་གསུང་ཐུགས་ཀྱི་རྒྱུད་རྣམས་ལ། །དུམ་བུ་རེ་རེ་ཤེས་པ་ཡིས། །ཕྱོགས་མེད་ཤེས་པར་ག་ན་འགྱུར། །དེའི་ཕྱིར་ན་འབྲེལ་དང་མ་ཚང་མེད་པ་དང་། །ཕུན་སུམ་ཚོགས་པས་རྒྱུད་ཅེས་བྱ། དེའི་ཕྱིར་ན། །རྩ་རྒྱུད་མེད་པའི་རྒྱུད་སྡེ་རྣམས་ཁ་འཐོར་བའི་རྒྱུད་དུ་བཞེད་པ་ཡིན། །རྒྱུད་སྡེ་རྣམས་ཀྱི་རྩ་བ་ནི། །དངོས་པོ་གཤིས་ཀྱི་གནས་ལུགས་རང་བཞིན་ལྷུན་གྱིས་གྲུབ་ཅིང་། །ཆོས་ཀྱི་དབྱིངས་དང་མཉམ་པར་བསམ་གྱིས་མི་ཁྱབ་ཅིང་། །འཁོར་འདས་གང་དུ་ཡང་ཐ་སྙད་མི་འདོགས་པ་དགེ་སྡིག་རྒྱུ་འབྲས་སྣ་ཚོགས་པ་ངོ་བོ་ཉིད་ཀྱིས་གནས་ཤིང་། །དགེ་དང་མི་དགེའི་ཐ་སྙད་མེད་པར། །བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ན་བཞུགས་པ་ཡིན། །དཔལ་རྡོ་རྗེ་འཆང་ཆེན་པོའི་previous hit དགོངས next hit་མ་ཧཱ་ཡོ་ག་གསར་རྙིང་གི་རྒྱུད་སྡེ་གྲངས་མེད་ཅིང་། །བསམ་གྱིས་མི་ཁྱབ་པ་ཡིས་ཆོས་སྐུའི་བསྟན་པ་བྱིན་གྱིས་བརླབས་ཀྱི། །ཐེག་པ་དྲུག་ཏུ་རྒྱུ་སྦྱངས་པའི་སྐལ་བ་དང་ལྡན་པ་རྣམས་ཀྱི་དོན་དུ་previous hit དགོངས་པར་མཛད་ next hit་སྟེ། །དེ་ཡང་མ་ཧཱ་ཡོ་གའི་གདུལ་བྱ་རབ་འབྲིང་ཐ་མ་བཞིའི་དོན་དུ་མ་ཧཱ་ཡོ་གའི་རྣལ་འབྱོར་དང་། མ་ཧཱའི་མ་ཧཱ་དང་

(༢༥)མ་ཧཱའི་ཨ་ནུ་དང་། མ་ཧཱའི་ཨ་ཏི་སྟེ། །དབང་པོའི་བྱེ་བྲག་ཅི་བཞིན་དུ། །ཡུལ་དང་ཡུལ་ཅན་གཉིས་སུ་མེད་པར་མེ་ལོང་དང་གཟུགས་བརྙན་གྱི་ཚུལ་དུ་ཅི་ལྟར་བལྟས་པ་དེ་བཞིན་དུ་གོ་ཞིང་སྣང་བའོ། །མ་ཧཱ་ཡོ་ག་གསར་རྙིང་གི་རྒྱུད་སྡེ་གྲངས་མེད་པ་བཞུགས་པར་སྣང་ན་ཡང་། །ཐམས་ཅད་previous hit དགོངས next hit་མཐུན་པར་དོན་གཅིག་པར་སྟོན་པ་སྟེ། །དངོས་པོ་གཤིས་ཀྱི་གནས་ལུགས་ཁམས་རང་བཞིན་གྱིས་རྣམ་པར་དག་པ་ལས། །གདོད་མ་ནས་དེ་ཉིད་དུ་ཕུང་པོ་ལྔ་རྒྱལ་པ་རིགས་ལྔ། །ཡུམ་ལྔ་ཡེ་ཤེས་ལྔ། །འབྱུང་བ་ལྔ་ཡུམ་ལྔ། །ཁམས་དང་སྐྱེ་མཆེད་རྟེན་འབྲེལ་བཅུ་གཉིས། །བྱེད་པའི་སྐྱེས་བུ་བཅུ་གཉིས་ལ་སོགས་ཏེ། །རྣམ་པར་རྟོག་པ་དང་། །ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་དུ་ངོ་སྤྲོད་ཅིང་། །འཁོར་འདས་ལམ་གྱིས་བསྡུས་པའི་ཆོས་ཐམས་ཅད་རིགས་ལྔ་ཡབ་ཡུམ་བཅུ། །སྲས་ཀྱི་དཀྱིལ་འཁོར་སངས་རྒྱས་བསྡུས་སྣ་ཚོགས་སུ་སྟོན་པ་སྟེ། །མ་ཧཱ་ཡོ་གའི་བཞེད་ལུགས་ཀྱིས། །སྤངས་ཐོབ་མེད་པར། །རྒྱལ་བའི་དཀྱིལ་འཁོར་རང་ཉིད་ཡིན་པར་ངོ་སྤྲོད་པ་སྟེ། །དེ་ལ་རིགས་ལྔ་གཅིག་ལ་ཡང་རིགས་ལྔ་ཚང་བ་ཡིན། །གཏི་མུག་རང་སར་རྟོགས་པ་རྣམ་པར་སྣང་མཛད་ཀྱི་རྣམ་སྣང་དང་། །རྣམ་སྣང་རྡོ་རྗེ་སེམས་དཔའ་དང་། །རྣམ་སྣང་སྣང་བ་མཐའ་ཡས་དང་། །རྣམ་སྣང་རིན་ཆེན་འབྱུང་ལྡན་དང་། །རྣམ་སྣང་དོན་ཡོད་གྲུབ་པ་སྟེ། །དེ་བཞིན་དུ་རིགས་ལྔ་ལ་ཡང་ཉི་ཤུ་རྩ་ལྔ་དག་ཏུ་བཞེད། །ཡེ་ཤེས་ལྔ་ཡང་ཉི་ཤུ་རྩ་

(༢༦)ལྔར་དབྱེ་བ་སྟེ། །ཡབ་ཡུམ་ལྔ་ལྔ་ཡང་མ་ཧཱ་ཡོ་གའི་སྐད་ཀྱིས། །ཁམས་རང་བཞིན་གྱིས་རྣམ་པར་དག་པ་ལ། །བློ་བུར་མ་རིག་པས་བསྒྲིབས་ཤིང་མ་རྟོགས་ན་ནི་ཁམས་གསུམ་འཁོར་བར་འཁྲུལ་ཞིང་། །རྟོགས་ན་ནི་ཆོས་སྐུ་དྲི་མ་མེད་པ་སྐུ་ལྔ་ཡོངས་སུ་རྫོགས་པ་རྟོགས་མ་རྟོགས་གཉིས་ཀྱི་ས་མཚམས་ཀྱིས། །འཁོར་འདས་གཉིས་ཀྱི་རྩ་རྒྱུད་ཆེན་པོ་སྟེ། །རྒྱུད་ཆེན་པོ་འདིའི་ནང་དུ་ནི་མ་འདུས་པའི། །མ་རྫོགས་པ་གང་ཡང་མེད་དོ། དེའི་ཕྱིར་ན། གནས་ལུགས་མ་རིག་པའི་དབང་གིས། དུག་ལྔའི་རྣམ་པར་རྟོག་པ་ལས་འཕྲོས་པ་ལས། རྣམ་པར་རྟོག་པ་བརྒྱད་ཁྲི་བཞི་སྟོང་། དུག་ལྔ་རེ་རེ་ལ་ལྔ་ལྔར་དབྱེ་བ་ཡིས། ཞེ་སྡང་གི་ཞེ་སྡང་དང་། ཞེ་སྡང་གི་གཏི་མུག་དང་། ཞེ་སྡང་གི་འདོད་ཆགས་དང་། ཞེ་སྡང་གི་ང་རྒྱལ་དང་། ཞེ་སྡང་གི་ཕྲག་དོག་སྟེ། དེ་ལྟར་དུ་རེ་རེ་ལ་ཡང་ལྔ་ལྔར་དབྱེ་སྟེ། དུག་ལྔ་ལ་ཉི་ཤུ་རྩ་ལྔའོ། །དེ་བཞིན་དུ་ཕུང་པོ་ལྔ་ལ་ཡང་ལྔ་ལྔར་དབྱེ་སྟེ། །གཟུགས་ཀྱི་གཟུགས་དང་། །གཟུགས་ཀྱི་ཚོར་བ་དང་། །གཟུགས་ཀྱི་འདུ་ཤེས་དང་། །གཟུགས་ཀྱི་འདུ་བྱེད་དང་། །གཟུགས་ཀྱི་རྣམ་པར་ཤེས་པ་སྟེ། །ཕུང་པོ་ལྔ་ཡང་ཉི་ཤུ་རྩ་ལྔའོ། །དེ་བཞིན་དུ་འབྱུང་བ་ལྔ་ཡང་ལྔ་ལྔར་དབྱེ་སྟེ། །སའི་ཁམས་ཀྱི་སའི་ཁམས་དང་། །སའི་ཁམས་ཀྱི་ཆུ་དང་། །སའི་ཁམས་ཀྱི་མེ་དང་། །སའི་ཁམས་ཀྱི་རླུང་དང་། །སའི་ཁམས་ཀྱི་ནམ་མཁའོ། །ཉི་ཤུ་རྩ་ལྔ་དག་ཏུ་ཤེས་པར་བྱ། །དེ་བཞིན་དུ་ཁམས་དང་

(༢༧)སྐྱེ་མཆེད། །བྱེད་པའི་སྐྱེས་བུ་བཅུ་གཉིས། །རྟེན་འབྲེལ་བཅུ་གཉིས་ལ་སོགས་པ་དེ་རྣམས་ལ་ཡང་། །ཡུལ་དང་ཡུལ་ཅན་སོ་སོར་འབྱེད་པ་མང་དུ་ཡོད་པ་སྟེ། །མ་རིག་མ་རྟོགས་པའི་དུས་སུ་འཁོར་བའི་རྒྱུ་འབྲས་ཡིན། །ཀུན་གཞི་འཁོར་བའི་རྩ་རྒྱུད་ཆེན་པོ་ལས། །རིགས་དྲུག་སྐྱེ་རྒྱུད་རྒྱུན་མི་འཆད། །གནས་ལུགས་དྲི་མ་དང་བཅས་པའི་ཁམས་གསུམ་གྱི་སྐྱེད་རྒྱུད་ཆེན་པོའི་བར་སྐབས་ལགས་སོ། །ཉི་ཤུ་རྩ་ལྔ་རྩ་ལྔར་དབྱེ་བ་སྟེ། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཞི་ཁྲོའི་དཀྱིལ་འཁོར་ལ་སོགས་པ་མཐའ་ཡས་པ་གྲངས་ཅན་གྲངས་མེད་དུ་བཞེད་པ་སྟེ། །གང་ཟག་གཅིག་གི་ལུས་ངག་ཡིད་གསུམ་ལ་ལུས་དང་། །རྩ་གནས་དང་། །བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང་། །རླུང་དང་རྣམ་པར་རྟོག་པའི་ཚོགས་ལ་སོགས་ཏེ། །གང་ཟག་གཅིག་ལ་འདི་རྣམས་ཐམས་ཅད་ཚངས་པར། སྟོན་པ་སྟེ། །དགྱེས་པ་རྡོ་རྗེའི་རྒྱུད་ལས་ཀྱང་། །ལུས་ནི་བྱང་ཆུབ་རྣམ་ལྔ་དང་། །མི་གཙང་རྫས་དང་རྣམ་རྟོག་གིས། །ལུས་ཀྱི་ཆོས་ནི་གནས་པ་ཡིན། །ཞེས་གསུང་པའི་དོན་ཡང་འདི་རྣམས་ལ་previous hit དགོངས next hit་སྟེ། དེའི་ཕྱིར་ན། །གང་ཟག་གི་ལུས་སེམས་གཉིས་ལས། །ཕུང་པོ་ལྔ་རིགས་ལྔའི་གནས་དང་། །འབྱུང་བ་ལྔ་ཡུམ་ལྔའི་གནས་དང་། །དུག་ལྔ་ཡེ་ཤེས་ལྔའི་གནས་དང་། །རླུང་འཁྲིས་བད་ཀན་འདུས་པའི་ནད་བཞི་སྐུ་བཞིའི་གནས་དང་། །ཡན་ལག་དང་ཉིང་ལག་གི་ཡུལ་དང་

(༢༨)ཡུལ་ཅན་རྣམས། །ཁྲོ་བོ་བཅུ་དང་ཁྲོ་མོ་བཅུའི་གནས་དང་། །རིགས་དྲུག་ཐུབ་པ་དྲུག་གི་གནས་དང་། །ཁམས་དང་སྐྱེ་མཆེད། །རྟེན་འབྲེལ། །བྱེད་པའི་སྐྱེས་བུ་བཅུ་གཉིས། །རྣམ་པར་རྟོག་པའི་བྱེ་བྲག་རྣམས། སེམས་དཔའ་དང་། །སེམས་མ་དང་། །དཔའ་བོ་དང་། །མཁའ་འགྲོ་དང་། །ཕྱི་ནང་གསང་གསུམ་གྱི་མཆོད་པའི་གནས་ལ་སོགས་པ་རྒྱལ་བ་རྒྱ་མཚོར་བཞུགས། གནས་དང་། །དུར་ཁྲོད་དང་། ཉེ་བའི་དུར་ཁྲོད་དང་། ཞིང་དང་། ཚནྡྷོ་རྣམས་ནི། །ཞིང་སྐྱོང་ཕོ་མོ་ལ་སོགས་པ་རྣམས་ཀྱང་། །རང་གི་ལུས་སེམས་རྩ་གནས་ལ་གནས་ཤིང་། །རང་ཉིད་ཡིན་པར་སྟོན་པའི་ཕྱིར་ན། །མ་ཧཱ་ཡོ་ག་གསར་རྙིང་གི་རྒྱུད་སྡེ་རྣམས་ལ། །མཁས་ལ་གྲུབ་པ་ཐོབ་པའི་སློབ་དཔོན་ལ་འཁོར་འདས་གཉིས་ཀྱི་རྩ་རྒྱུད་ཆེན་པོ་ཉན་ཞིང་གོ་ནས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དཀྱིལ་འཁོར་དུ་དབང་བཞི་ཡིས་སྨིན་པར་བྱས་ནས། སྟེང་སྒོ་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར། །འོག་སྒོ་བདེ་བ་ཆེན་པོའི་དཀྱིལ་འཁོར་གཉིས་པོ་དབྱེར་མེད་པ་ཡིས་རྒྱུན་ཆད་མེད་པར་ཉམས་སུ་བླངས་ན། །ཞི་ཁྲོ་རབ་འབྱམ་གྱི་དཀྱིལ་འཁོར་མཐའ་ཡས་པ་དེ་རང་ངོ་ཤེས་ཤིང་རང་ས་ཟིན་ནས། །སྐུ་ལྔ་ཡོངས་སུ་རྫོགས་པར་སངས་རྒྱས་པ་སྟེ། །མ་ཧཱ་ཡོ་གཱི་གསར་རྙིང་གི་བཞེད་ལུགས་ཀྱིས། །ད་ལྟ་ཉིད་དུ་ཞི་ཁྲོ་རབ་འབྱམ་རང་བཞིན་ལྷུན་གྱིས་གྲུབ་པ་སྟེ། །གང་ཟག་གཅིག་གིས་རྣལ་འབྱོར་ཆེན་པོའི་previous hit དགོངས next hit་མཐར་ཕྱིན་ན། །བསམ་གྱིས་མི་ཁྱབ་ཅིང་གྲངས་

(༢༩)ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོར་བཞེད་པ་སྟེ། །མཚན་བརྗོད་ཀྱི་ལུང་ལས་ཀྱང་། དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །འདི་ལྟར་དུ་རང་བཞིན་གྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པ་དེ། །ཉན་ཐོས་བཞིན་དུ་རྣམ་པར་རྟོག་པ་བཀག་པ་ལས་བྱུང་བ་ཡང་མ་ཡིན། །རང་རྒྱལ་བཞིན་དུ་སྟོང་པ་ཉིད་དུ་བཤིག་པ་ཡང་མ་ཡིན། །བྱང་ཆུབ་སེམས་དཔའི་ཐེག་པ་ལྟར་སྤངས་ཐོབ་གཉིས་དང་། །བདག་མེད་གཉིས་ཀྱིས་ས་ལམ་བསྒྲོད་པ་ལས་བྱུང་བ་ཡང་མ་ཡིན། །ཀྲྀ་ཡོག་གསུམ་བཞིན་དུ་དག་པ་དང་། སྤྱོད་པ་དང་། །བསྒྱུར་བ་གསུམ་གྱིས་གྲུབ་པ་ལས་ཞི་ཁྲོ་རབ་འབྱམ་ལྷུན་གྱིས་གྲུབ་པར་སངས་རྒྱས་པ་ཡང་མ་ཡིན། །ཐེག་པ་དྲུག་པོ་འདི་དག་རྣལ་འབྱོར་ཆེན་པོའི་གོལ་སར་བཞེད་པ་སྟེ། །དེའི་ཕྱིར་ན་མ་ཧཱ་ཡོ་ག་གསར་རྙིང་གི་རྒྱུད་སྡེ་ཉན་བཤད་བྱེད་པ་དང་། །སྨིན་གྲོལ་གྱི་གནས་ལུགས་ཐབས་དང་ཤེས་རབ་དབྱེར་མེད་པར་དབང་བཞི་རྫོགས་པར་བྱེད་པ་རྣམས་ཀྱིས་རྣམ་པར་རྟོག་པའི་ཚོགས་དང་། ཉོན་མོངས་པ་རྣམས་དང་། །འདོད་ཡོན་རྣམས་ཉན་ཐོས་ཀྱི་ཐེག་པར་ན་བབས། ཉོན་མོངས་དང་། །རྣམ་པར་རྟོག་པའི་ཚོགས་དང་། འདོད་ཡོན་རྣམས། ཐབས་དང་ཤེས་རབ་ཀྱིས་མ་ཟིན་པར་རང་དགར་སྤྱད་ན། །ཐ་མལ་པའི་སེམས་ཅན་དུ་འཁྲུལ་པ་ཁ་འབྱམ། རྣམ་རྟོག་དང་། འདོད་ཡོན། །ཉོན་མོངས་ཀྱི་ཚོགས་རྣམས་སྟོང་པ་ཉིད་དུ་བཤིག་ཅིང་། །མི་རྟོག་པའི་རྒྱས་འདེབས་བྱེད་ན། །མ་ཧཱ་ཡོ་ག་རང་རྒྱལ་གྱི་ཐེག་པར་ན་བཅས་

(༣༠)མ་ཧཱ་ཡོ་གའི་ལྟ་བ་རྟོགས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་པ་ལས། །ཞི་བ་སྤྲོས་བྲལ་དུ་གོ་ན། །ཉན་རང་གི་བདག་མེད་དུ་ན་བབས། མ་ཧཱ་ཡོ་ག་ཐབས་ཤེས་རབ་དབྱེར་མེད་ཀྱི་དབང་བཞི་རྫོགས་པར་བཞེད་པ་ལས། དོན་དམ་ཀུན་རྫོབ་ཏུ་སྟོན་ན། །རྣམ་བདེན་རྣམ་བརྫུན་དུ་ན་བབས། །མ་ཧཱ་ཡོ་ག་སྣང་སྲིད་རིགས་ལྔ་ཡབ་ཡུམ་གྱི་དཀྱིལ་འཁོར་ཆེན་པོར་རོ་གཅིག་པ་ཡིན་པ་ལས། །སེམས་ཙམ་མཐའ་བྲལ་དུ་གཏན་ལ་འབེབས་ན། །དབུ་སེམས་གཉིས་སུ་ན་བབས། །སྣང་སྲིད་འཁོར་འདས་ལམ་གྱིས་བསྡུས་པའི་ཆོས་ཐམས་ཅད་མ་ཧཱ་ཡོ་གའི་ལྷ་ཚོགས་སུ་གདོད་མ་ནས་རང་ལ་རྫོགས་པ་ཡིན་པ་ལས། དུག་ལྔ་གཟུང་འཛིན་གྱི་དབང་གིས་དངོས་པོ་འཛིན་གྱི་ག་པའི་རང་གཟུགས་སུ་ཨ་འཐས་ན། །རྟག་ལྟ་བའི་གྲུབ་མཐར་ན་བབས་ཤིང་། །རིགས་སྔགས་འཆང་གི་དོན་དུ་སྐྱེ་བར་འགྱུར་རོ། །མ་ཧཱ་ཡོ་གའི་གནས་དུས་གསུམ་དུས་མེད་རྒྱལ་བའི་དཀྱིལ་འཁོར་དུ་རང་བཞིན་གྱིས་གནས་པར་བཞེད་པ་ལས། །ཅི་ཡང་མེད་པར་གཏན་ལ་འབེབས་ཤིང་། །གར་ཡང་མི་གནས་པར་འདོད་ན། །རབ་ཏུ་མི་གནས་པར་ན་བབས། །མ་ཧཱ་ཡོ་གའི་སྔགས་ཀྱི་སྤྱོད་པ་ཡིན་ཟེར་ཞིང་། །སྙིང་རྗེ་མེད་པར་སེམས་ཅན་རྣམས་བསད་ཅིང་ཤ་ཁྲག་གི་ཚོགས་རྣམས་ཀྱིས་ཚོགས་དང་གཏོར་མར་བླུག་ཅིང་ཚོགས་བྱིན་གྱིས་མ་རླབས་པར་ཤ་ཁྲག་དང་། །མི་ཤ་དང་། །མི་རོ་རྣམས་ལ་ཁྱི་བཞིན་དུ་སྤྱོད་པ་ནི། །མ་ཧཱ་ཡོ་གའི་སྤྱོད་པ་མུ་སྟེགས་དབང་ཕྱུག་ཆེན་པོའི།

(༣༡)མཆོད་སྦྱིན་དུ་མ་བབས་ནས། །ཁྲ་སྤྱང་དང་དུར་ཁྲོད་ཀྱི་ཤ་ཟར་སྐྱེ་བར་འགྱུར་རོ། །མ་ཧཱ་ཡོ་གའི་བཞེད་ཀྱིས། །བྱང་ཆུབ་སེམས་ཀྱི་ཐིག་ལེ་རིགས་ལྔ་ཡབ་ཡུམ་རྒྱལ་བའི་དཀྱིལ་འཁོར་ཡིན་པར་གསུངས་པའི་ཕྱིར་ན། མི་ཉམས་ཤིང་། ཐབས་དང་ཤེས་རབ། །རླུང་སེམས་ཀྱི་སྦྱོར་བ་ཡིས། །ཡེ་ཤེས་བདུད་རྩིའི་དངས་མ་མཐར་ཕྱིན་ན་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཆང་ཉིད་ཡིན་པ་ལས། །དུག་ལྔ་འདོད་ཆགས་ཆེན་པོའི་དབང་གིས། འདོད་པས་ལོག་པར་གཡེམ་པ་རྣམས་གོ་བ་ལོག་པའི་དབང་གིས་ན། །དབང་ཕྱུག་ཆེན་པོ་ཡབ་ཡུམ་དུ་ན་བབས་ཤིང་། །ཤལ་མ་ལིའི་དམྱལ་བར་ལྟུང་བར་འགྱུར་རོ། །མ་ཧཱ་ཡོ་ག་ཐབས་དང་ཤེས་རབ་སྦྱོར་བ་ཡིས་འཁོར་ལོ་བདེ་མཆོག་ཡབ་ཡུམ་སྟེ། །སྦྱོར་བ་ལོག་པས་དབང་ཕྱུག་ཆེན་པོ་ཡབ་ཡུམ་ཡིན། །གསང་སྔགས་བརྡ་ཡིས་མཚོན་པ་ལས། །རྨོངས་པ་རྣམས་ཀྱིས་མི་ཤེས་སོ། །མ་ཧཱ་ཡོ་གའི་བཞེད་ཀྱིས། ལས་ཀྱི་སྒྲིབ་པ་ལྔ་ཡབ་ཡུམ་སྟེ། སྒྲིབ་previous hit ་དག་པར་འདོད་ན་བྱ་བའི་རྒྱུད་དུ་བཅས་པའོ། །མ་ཧཱ་ཡོ་གའི་དགོངས next hit་པས། །རྣམ་རྟོག་སྒྲིབ་པའི་ཚོགས་རྣམས་ཀུན། །གདོད་མ་ནས་སྤྱོད་དུ་མེད་པར་བཞེད་པ་ལས། །སྤྱོད་བྱ་སྤྱོད་བྱེད་གཉིས་སུ་འདོད་ན། །མ་ཧཱ་ཡོ་ག་སྤྱོད་པའི་རྒྱུད་དུ་ན་བབས་སོ། །མ་ཧཱ་ཡོ་ག་གསར་རྙིང་གིས། །གདོད་མ་ནས་རྣམ་པར་རྟོག་པའི་ཚོགས་དང་། །ཉོན་མོངས་པའི་

(༣༢)ཚོགས་རྣམས་ཞི་ཁྲོ་རབ་འབྱམ་གྱི་དཀྱིལ་འཁོར་དུ་ངོ་སྤྲོད་པ་ལས། །རྣམ་པར་རྟོག་པ་དང་། །ཉོན་མོངས་པའི་ཚོགས་རྣམས་བསྒྱུར་བ་དང་། །གནས་འགྱུར་བར་འདོད་ན། །མ་ཧཱ་ཡོ་གའི་ཐེག་པ་རྣལ་འབྱོར་གྱི་རྒྱུད་དུ་བབས་པའོ། །མ་ཧཱ་ཡོ་གའི་བཞེད་ཀྱིས། །སྐྱེད་རིམ་སེམས་དཔའ་གསུམ་ལྡན་གྱི་དཀྱིལ་འཁོར་རྣམས་འབྱུང་བ་རིམ་བརྩེགས་དང་། །དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མངལ་སྐྱེས་ཀྱི་ཚུལ་དུ། །བུ་དང་བུ་མོ་ཚ་བོ་ཡང་ཚའི་ཚུལ་དུ་འདོད་པར་བཞེད་པ་ལས། མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་བསྐྱེད་པ་ནི། མ་ཧཱ་ཡོ་ག་དྲོད་གཤེར་ལས་སྐྱེས་པའི་སྐྱེད་རིམ་ཡོ་གའི་ཚོགས་སུ་བབས། དེའི་ཕྱིར་ན། གསང་སྔགས་ཕྱི་ནང་གི་ཚོགས་སོ་སོར་འབྱེད་པ་གལ་ཆེ། སྔར་ཕྱི་ནང་གི་ས་མཚམས་ན། རྗེ་དང་འབངས་གོ་ཟློག་གི་སྐྱོན་ཡོད། དེའི་ཕྱིར་ན། ཐེག་པ་བརྒྱད་ལ་འཇུག་སྒོ་ལ་སོགས་པ་རིགས་མི་ཅིག་པ་བརྒྱད་བརྒྱད་ཡོད་པའི་ཕྱིར་ན། ཆོས་སྐད་ལ་སོགས་པ་མ་འདྲེས་པར་སོ་སོར་ཤེས་པར་བྱའོ། །ལྟ་བ་བསྒོམ་པ་ལ་སོགས་པ་གཅིག་འདྲེས་ཤིང་འཁྲུགས་ན། ཐམས་ཅད་འདྲེས་ཤིང་སྐྱོན་ཡོད་པའི་ཕྱིར་ན། མཁས་པ་རྣམས་ཀྱིས་དེ་ལྟར་སོ་སོར་གོ་ཞིང་ཤེས་པར་བྱའོ། །མ་ཧཱ་ཡོ་གའི་ཐེག་པའི་གོང་འོག་འཁྲུགས་སམ་མ་འཁྲུགས་ཀྱི་བར་སྐབས་ལགས་སོ། །མ་ཧཱ་ཡོ་གའི་ལུགས་ཀྱིས། །དབང་བསྐུར་བ་ལ་ཡང་གྲུབ་མཐས་བློ་མ་སྒྱུར་གྱི་བར། །དབང་བསྐུར་དུ་མི་བཏུས་སྟེ། །དགྱེས་པ་རྡོ་རྗེའི་ལུང་ལས་ཀྱང་། །དང་པོ་གསོ་སྦྱོང་སྦྱིན་པར་བྱ།

(༣༣)དེ་རྗེས་བསླབ་པའི་གནས་བཅུ་བྱིན། །སེམས་ཙམ་དབུ་མ་དེ་བཞིན་ནོ། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། ཀྱཻ་རྡོ་རྗེ་བརྩམ་པར་བྱ། །ཞེས་གསུངས་པའི་ཕྱིར་ན། །དང་པོར་ཉན་ཐོས་ཀྱི་ཐེག་པར་སྐྱབས་སུ་འགྲོ་བ་ཐུན་མོང་བ་དང་། ཉན་ཐོས་ཀྱི་འདུལ་ཁྲིམས་གང་རུང་བླང་བ་ནི། གྲུབ་མཐས་བློ་བསྒྱུར་བའོ། རང་རྒྱལ་གྱི་ཐེག་པར་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དང་། །ལུགས་ལས་ཟློག་པ་ནི་གཟུང་འཛིན་སྟོང་པ་ཉིད་དུ་བཤིག་པའོ། །བྱང་ཆུབ་སེམས་དཔའི་ཐེག་པར་སྐྱབས་སུ་འགྲོ་བ་ཁྱད་པར་ཅན་དང་། །སྨོན་འཇུག་གཉིས་ཀྱིས་ས་ལམ་བསྒྲོད་པ་ནི་ཐེག་པ་འོག་མར་རྒྱུད་སྦྱངས་པའོ། །དེ་མན་ཆོད་སྤྲུལ་སྐུའི་ཐེག་པ་སྡེ་སྣོད་གསུམ་ནི་དབང་གི་སྔོན་དུ་འགྲོ་བ་སྦྱོར་བའི་ཆོ་གའོ། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །གསུངས་པའི་ལོངས་སྐུའི་བསྟན་པ་ཀྲྀ་ཡོག་གསུམ་ཡིན་ཏེ། ཀྲྀ་ཡ་རིགས་གསུམ་རྡོ་རྗེ་འཛིན་པ་བྱ་བའི་རྒྱུད་དོ། །ལས་ཀྱི་སྒྲིབ་པ་དག་པར་བྱ་བའི་ཕྱིར་ན། །དབང་ཡང་བུམ་པའི་དབང་བསྡུས་པ་ཁྲུས་ཀྱི་ཆོ་ག་ཙམ་གྱིས་ལུས་ངག་ཡིད་གསུམ་གྱི་ལས་ཀྱི་སྒྲིབས་པ་དག་པའི་ཕྱིར་ན། །ཀྲྀ་ཡ་དག་པའི་རྣལ་འབྱོར་གྱི་དབང་བྱ་བ་ཡིན། །ཀྲྀ་ཡ་སྤྱོད་ཅིང་ཡོ་ག་བསྒྲུབ་པའི། །ཨུ་པ་ཡ་སྤྱོད་པའི་རྒྱུད་ཀྱི་དཀྱིལ་འཁོར་དུ་ལུས་ངག་ཡིད་གསུམ་ལྷའི་དཀྱིལ་འཁོར་དུ་སྤྱོད་ཅིང་། །དག་པ་ཆུ་རྒྱུན་གྱི་དབང་བསྐུར་བ་སྟེ། །ཉོན་མོངས་པའི་སྒྲིབ་པ་དག་པར་འདོད་པ་ཡིན། །འདི་མན་ཆོད་བུམ་པའི་དབང་གི་སྔོན་

(༣༤)འགྲོ་སྟེ། །དབང་བསྐུར་ཞེས་བྱ་བར་མིང་འདོགས་སུ་མི་བཏུབ་པའོ། །ཡོ་ག་རྣལ་འབྱོར་གྱི་རྒྱུད་སྡེ་ཆེན་པོ་རྣམས་ཀྱིས་བུམ་པའི་དབང་རྒྱས་པ་བསྡུས་པ་རྣམས་བསྐུར་བ་སྟེ། །ཡོ་ག་བསྐུར་བའི་ལམ་གྱིས། །ཉེ་བའི་ཉོན་མོངས་པ་རྣམས། །ཀུན་གཞི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྡུས་པ་སུམ་བཅུ་རྩ་བདུན་དང་། ལྔ་བཅུ་རྩ་གཉིས་དང་། །བརྒྱ་རྩ་བརྒྱད་ལ་སོགས་པ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་དབང་བསྐུར་བ་དང་ཆ་མཐུན་པར་ནི། །ཡོ་གའི་རྒྱུད་སྡེ་ཆེན་པོ་རྣམས་ཀྱིས་སྟོན་པ་སྟེ། །ཀྲྀ་ཡ་དང་ཨུ་པ་ཡ་གཉིས་ཀྱང་ཡོ་གའི་དཀྱིལ་འཁོར་ལ་ལྟོས་པ་ཡིས། མ་ཧཱ་ཡོ་གའི་རྒྱུད་སྡེ་རྣམས་ཀྱིས་ཀྱང་། ཡོ་གའི་རྒྱུད་སྡེ་རྣམས་ནས་ཁ་ཡར་ལ་བསྐངས་པ་ཡིན་པ་སྟེ། ཡོ་གའི་དཀྱིལ་འཁོར་ཐམས་ཅད་སྟོན་པའི་ཕྱིར་ན་རྒྱ་མཚོ་ལྟ་བུ་ཡིན་དེའི་ཕྱིར་ན་བུམ་པའི་དབང་རྒྱས་པ་དེ་ཡོ་ག་མན་ཆོད་ཀྱི་ཐེག་པ་དྲུག་གིས་རྫོགས་པར་བཞེད་པའོ། ལྟོས་ས་ལྟོས་ཆོས་ཀྱི་དབང་དུ་བྱས་ན། །ཕྱི་རྒྱུད་གསུམ་གྱིས་ཀྱང་དབང་བཞི་བསྐུར་ཡང་མིང་འགའི་གནས་སྐབས་ཀྱི་དབང་ཙམ་ཡིན། །མ་ཧཱ་ཡོ་ག་ཆེན་པོའི་རྒྱུད་སྡེ་ཐམས་ཅད་previous hit དགོངས་པས་གསང་བའི་དབང་རྒྱས་འབྲིང་རྣམ་གསུམ་དུ་བསྐུར་བར་བཞེད་ next hit་སྟེ། །གསང་བའི་དབང་ཡང་བཞིར་དབྱེ་བ་སྟེ། །གསང་བའི་དབང་གི་བུམ་དབང་དང་། །གསང་བའི་དབང་གི་གསང་བའི་དབང་དང་། །གསང་བའི་དབང་གི་ཤེས་རབ་ཡེ་ཤེས་ཀྱི་དབང་དང་། །གསང་བའི་དབང་གི་དབང་གསུམ་གཅིག་ཏུ་རྫོགས་པ་

(༣༥)ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས། །བག་ཆགས་ཀྱི་སྒྲིབ་པ་རང་གྲོལ་ཕྱག་རྒྱ་ཆེན་པོར་རྟོགས་པར་བཞེད་པའོ། །རྣལ་འབྱོར་ཆེན་པོའི་རྒྱུད་སྡེ་ཐམས་ཅད་previous hit དགོངས next hit་མཐུན་པར། །ཕུང་པོ་ལྔ་རྒྱལ་བ་རིགས་ལྔ། འབྱུང་བ་ལྔ་ཡུམ་ལྔ། །ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷ་དང་སྐྱེ་མཆེད་ལྷ་མོའི་དཀྱིལ་འཁོར་དུ་གདོད་མ་ནས་ཡིན་པའི་ཕྱིར་ན། །མ་ཧཱ་ཡོ་གའི་དབང་བསྐུར་བའི་དུས་སུ། །ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དང་། །ཉོན་མོངས་པ་དུག་ལྔ་དག་པར་འདོད་ཅིང་། །དབང་བཞི་རྫོགས་ཐོབ་པར་འདོད་ན། །རྣལ་འབྱོར་ཆེན་པོའི་རྒྱུད་སྡེ་ཐམས་ཅད་ཀྱི་previous hit དགོངས next hit་འཇིགས་པའི་སྐྱོན་ཡོད་དོ། །དབང་བཞི་བསྐུར་བས་སྒྲིབ་པ་བཞི་དག་པར་འདོད་དེ། མ་ཧཱ་ཡོ་ག་ཀྲྀ་ཡ་དག་པའི་རྣལ་འབྱོར་དུ་ན་བབས་པ་ཡིན། ཅིའི་ཕྱིར་ན། །མ་ཧཱ་ཡོ་ག་ནི་ཉོན་མོངས་དུག་ལྔ་སྒྲིབ་པ་བཞི། །དེ་ལས་བྱུང་བའི་ཕུང་པོ། འབྱུང་བ། ཁམས། །སྐྱེ་མཆེད་ལ་སོགས་པ་རྣམས། །གསང་སྔགས་ཀྱི་ཐབས་ཟབ་མོས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དཀྱིལ་འཁོར་དུ། །སྐྱེད་རྫོགས་གཉིས་དང་། །རླུང་སེམས་གཉིས་དང་། བྱང་ཆུབ་ཀྱི་སེམས་གཉིས་དང་། སྔགས་དང་། དབྱིབས་དང་། །ཆོས་ཐམས་ཅད་ཆོས་ཉིད་རྫོགས་པའི་དོན་གྱིས། །མ་ཧཱ་ཡོ་ག་ཐབས་དང་ཤེས་རབ་དབྱེར་མེད་ཀྱིས་ལམ་བསྒྲོད་ནས། །རླུང་སེམས་གཉིས་ཀྱི་འདུས་ཚུལ་གྱིས། །སྐྱོན་དང་ཡོན་ཏན་སྣ་ཚོགས་འབྱུང་པར་གསུངས་ཏེ། །གསང་བ་འདུས་པའི་རྒྱུད་ལས་ཀྱང་། རླུང་ཞེས་བྱ་བ་ལས་ཀུན་བྱེད། གསུངས་པ་དང་། དགྱེས་པ་

(༣༦)རྡོ་རྗེའི་རྒྱུད་ལས་ཀྱང་། །ལུས་ནི་བྱང་ཆུབ་རྣམ་ལྔ་དང་། །མི་གཙང་རྫས་དང་རྣམ་རྟོག་གིས། །ལུས་ཀྱི་ཆོས་ནི་གནས་པ་ཡིན། ཞེས་གསུངས་པའི་ཕྱིར་ན། །ཡང་རྒྱུད་དེ་ཉིད་ལས། དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། ཞེས་གསུངས་པའི་ཕྱིར་ན། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པར་འབྱུང་བའི་རྒྱུད་ལས་ཀྱང་། ཧོ། སྲིད་པ་གསུམ་ནི་ཡེ་ནས་དབེན། །སྙིགས་མ་ལྔ་ནི་བདེ་ལྡན་ཞིང་། །ཕུང་པོ་ལྔ་ཉིད་མངོན་སངས་རྒྱས། །ཞེས་གསུངས་པའི་ཕྱིར་ན། །མ་ཧཱ་ཡོ་གའི་ཕ་རྒྱུད་མ་རྒྱུད་ཐམས་ཅད་previous hit དགོངས next hit་མཐུན་པར། །གཞི་སྤངས་ཐོབ་མེད་པར་ལྷུན་གྱིས་གྲུབ་པ་ལས། །ལམ་སྤང་བླང་མེད་པ་ཐབས་དང་ཤེས་རབ་དབྱེར་མེད་དུ་ཉོན་མོངས་པ་ལམ་དུ་སློང་བའི། སྨིན་གྲོལ་དབང་གིས་ལམ་བསྒྲོད་ནས། གཞི་ལམ་འབྲས་བུ་ངོ་བོ་གཅིག་པའི་རིགས་ལྔ་ཡབ་ཡུམ་བཅུའི་དཀྱིལ་འཁོར་དུ་སངས་རྒྱས་པར་བཞེད་པ་སྟེ། །རྣལ་འབྱོར་ཆེན་པོའི་previous hit དགོངས next hit་མཐར་ཐུག་པ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་བཞེད་པའོ། །དེ་ཡང་མ་ཧཱ་ཡོ་ག་གསར་རྙིང་གི་དབང་དུ་བྱས་ན། །གསང་སྙིང་གི་ལུང་ལས་ཀྱང་། གང་དུ་དག་པ་དང་། །ཕྱོགས་སུ་དག་པ་དང་། །ཡོངས་སུ་དག་པ་དང་། །དག་པ་ཆེན་པོར་གསུངས་པ་དང་། དགྱེས་རྡོར་གྱི་ལུང་ལས་ཀྱང་། །རང་རིག་དག་པས་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཡུལ་གྱི་དངོས་པོ་དག་པས་ན། །རང་གི་རིག་པ་བདེ་པའི་མཆོག །ཅེས་གསུངས་པའི་ཕྱིར་ན་

(༣༧)གསར་རྙིང་གཉིས་ཚིག་ལ་ཐ་དད་ཡོད་ཀྱང་། །དོན་ལ་ངོ་བོ་གཅིག་པའི་ཕྱིར་ན། །དག་པ་ལྔ་ལྡན་གྱི་ཕྱག་རྒྱ་ཆེན་པོ་དེ་དང་། མ་ཧཱ་ཡོ་གའི་དབང་གི་མཐར་ཐུག་ཏུ་བཞེད་པ་སྟེ། །འདི་དག་ཀྲྀ་ཡ་དག་པའི་རྣལ་འབྱོར་དང་མི་གཅིག །མ་ཧཱ་ཡོ་གའི་བཞེད་ཀྱིས། །ཁམས་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་ལ། མ་རིག་པའི་དབང་གིས་བློ་བུར་འཁྲུལ་སྣང་དུ་ཉོན་མོངས་པ་སྣ་ཚོགས་ཀྱིས་བསྒྲིབས་པ་དེ། །གསང་སྔགས་ཀྱི་ཐབས་ཟབ་མོས་དུག་ལ་སྔགས་ཀྱིས་བཏབ་པ་བཞིན་དུ། །ཐབས་དང་ཤེས་རབ་དབྱེར་མེད་དབང་གིས་སྨིན་པར་བྱས་ནས། །ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་རང་གི་ལུས་ངག་ཡིད་གསུམ་དུག་ལྔ་དང་བཅས་པ་དེ། །རིགས་ལྔ་ཡུམ་ལྔ་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་དུ་དབང་གསུམ་པོ་ངོ་སྤྲད་ཅིང་བྱིན་གྱིས་བརླབས་ནས། །ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་རང་ལ་རྫོགས་པ་བཞེད་པའོ། །དབང་གསུམ་པ་ཡང་དབང་གཅིག་ཏུ་ངོ་སྤྲོད་ཅིང་རྟོགས་པ་ནི། །རང་གྲོལ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ནམ་མཁའ་དང་མཉམ་པ་ནི། ཁམས་རང་བཞིན་གྱིས་རྣམ་པར་དག་པ། གནས་ལུགས་རང་ས་ཟིན་པའོ། །མ་ཧཱ་ཡོ་གའི་རྒྱུད་སྡེ་ཐམས་ཅད་previous hit དགོངས next hit་འདི་ལས་མཐར་ཐུག་པ་གཞན་ན་མེད་པ་སྟེ། །ཐེག་པ་དགུའི་འབྲེལ་ཚུལ་གྱི་དབང་དུ་བྱས་ན། །མ་ཧཱ་ཡོ་ག་ཡིས་གསང་དབང་གི་གཞི་ལམ་འབྲས་བུ་མཐར་ཐུག་པ་ཙམ་དུ་བཞེད་པ་སྟེ། །གསང་བའི་དབང་ལ་བཞིར་དབྱེ་བའི་དོན་དང་ཆ་བསྟུན་ཏེ། །འདི་དབང་བཞི་པ་ཡང་གསང་བའི་དབང་

(༣༨)གི་མཐར་ཐུག་ཙམ་དུ་བཞེད་པ་སྟེ། །མ་ཧཱའི་ཨ་ནུ་ཡོ་གའི་previous hit དགོངས next hit་ཙམ་ཡིན། །དེའི་ཕྱིར་ན། །མ་ཧཱ་ཡོ་གའི་དབང་དུ་བྱས་ན། སྐྱེད་རྫོགས་གཉིས་དང་། །ཐབས་ཤེས་རབ་གཉིས་དང་། །ལྷའི་དཀྱིལ་འཁོར་ཁ་དོག་གཟུགས་ཅན། །ཞི་ཁྲོ་གྲངས་མེད་པ་ལས་སྔགས་ཀྱི་ཐབས་ཟབ་མོས་ཡུན་རིང་དུ་བློ་སྦྱོང་ཞིང་གོམས་པར་བྱས་པ་ལས། །ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཐར་ཐུག་ཏུ་རྟོགས་པ་སྟེ། །འདི་ཡང་མ་ཧཱ་ཡོ་གའི་སྐད་དུ་ན། །དབང་ལས་བྱུང་བའི་ཡེ་ཤེས་ཙམ་དུ་མིང་འདོགས་སུ་བསྟུབ་པ་ཡིན། །དེའི་ཕྱིར་ན། ལུང་ཆེན་ཨ་ནུ། ཡོ་ག་ལ་རྒྱུད་སྡེ་གྲངས་མེད་པ་བཞུགས་པ་ལས། །ཐམས་ཅད་previous hit དགོངས next hit་གཅིག་ཏུ་མཐུན་པར་ཤེས་རབ་ཡེ་ཤེས། །དབྱིངས་དང་ཡེ་ཤེས་གཉིས་ཀྱིས་དབང་བསྐུར་བར་བཞེད་པ་སྟེ། །དེ་ལྟར་དུ་བྱས་ན་མ་ཧཱ་ཡོ་གའི་དབང་བཞི་ཀ་ཡང་རྒྱུ་ལས་བྱུང་ཞིང་། །རྐྱེན་གྱིས་བསྐྱེད་པ་ཡིན་པའི་ཕྱིར་ན། རྒྱུ་ཤེས་རབ། རྐྱེན་ཐབས། །ཐབས་ཤེས་རབ་གཉིས་སུ་མེད་པར་སྦྱོར་བ་ལས། །གཉིས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པར་འདོད་པ་སྟེ། །ཐབས་ཤེས་ལ་གྲངས་མེད་འདི་རྣམས་གཅིག་ཏུ་སྦྱོར་ཉན་ནམ་མི་ཉན། །གཉིས་ཅན་གཉིས་མེད་དུ་འགྱུར་རམ་མི་འགྱུར། དེའི་ཕྱིར་ན། །མཁས་ལ་གྲུབ་པ་ཐོབ་པའི་དབང་བསྐུར་བའི་དགེ་བའི་བཤེས་གཉེན་རྣམས་previous hit དགོངས next hit་མཛད་པར་ཞུ། །དེའི་ཕྱིར་ན་མ་ཧཱ་ཡོ་གའི་དབང་བཞི་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་འདོད་ཅན་ལྷན་ཅིག་སྐྱེས་དགུ་འབྱུང་བའི་ཕྱིར་ན། རང་བྱུང་གི་ཡེ་ཤེས་མ་ཡིན་ཞིང་། །དབང་ལ་བདེ་ཡང་རང་འབྱུང་གི་ཡེ་ཤེས་མ་ཡིན་ཞིང་། །རྒྱུ་འབྲས་ལ་འབྱུང་བའི་ཕྱིར་ན། ལྷན་ཅིག་སྐྱེས་བ་བྱ་བ་དེ་ཡང་། །ཐབས་དང་ཤེས་རབ་ཡུལ་དང་ཡུལ་

(༣༩)བྱུང་བའི་ཡེ་ཤེས་ཡིན་པའི་ཕྱིར་ན། །མ་ཧཱ་ཡོ་གའི་གསང་བའི་མཐར་ཐུག་སྟེ། །ལུང་ཆེན་ཨ་ནུ་ཡོ་ག་ཡིས་ཤེས་རབ་ཡེ་ཤེས་ཀྱི་དབང་རྫོགས་པར་བསྐུར་བའི་ཕྱིར་ན། །མ་ཧཱ་ཡོ་གའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། །དབང་གོང་མ་གཉིས་ཀྱི་ལམ་སྟེགས་ཙམ་དུ་བཞེད་པ་ཡིན། །ཨ་ནུ་ཡོ་གའི་དབང་དུ་བྱས་ན། དབྱིངས་དང་ཡེ་ཤེས་རོ་མཉམ་པ་ལས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡི་གེ་འབྲུ་གསུམ་དུ་རང་བཞིན་གྱིས་གནས་པ་སྟེ། ཨོཾ་ཧཱུྃ་མུམ་གསུམ། །ཡི་གེ་དེ་གསུམ་ལས་དཀྱིལ་འཁོར་གསུམ་གྱི་ཡི་གེའི་ཚོགས་སུ་བཞེད་པ་སྟེ། །སྣང་བ་སྐུའི་དཀྱིལ་འཁོར་ཨོཾ་ནི་གཟུགས་སྐུ་ཐམས་ཅད་ཀྱི་ཆོ་འཕྲུལ་ཆེན་པོའི་སྒོ། ཡི་གེ་འཁོར་ལོ་ཚོགས་ཆེན་དང་། སྒྲ་སྐད་ཐམས་ཅད་ཀྱི་གསུང་གི་དཀྱིལ་འཁོར་མུམ་གསུམ། ཡི་གེ་ཐམས་ཅད་ཀྱི་དཀྱིལ་འཁོར་དང་། །དྲན་རྟོག་ཐམས་ཅད་ཀྱི་རང་བཞིན་མཚན་ཉིད་ཧཱུྃ། །ཐུགས་ཀྱི་དཀྱིལ་འཁོར། །འཁོར་འདས་ཐམས་ཅད་ཡི་གེའི་དཀྱིལ་འཁོར་ཏེ། །དཀྱིལ་འཁོར་ཆེན་པོ་འདི་ཡིས་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་དུ་མ་ཁྱབ་པ་གང་ཡང་མེད་པ་སྟེ། །སྣང་སྲིད་འཁོར་འདས་ཀྱི་ལམ་གྱིས་བསྡུས་པའི་ཆོས་ཐམས་ཅད་འདི་ལས་མ་བྱུང་བ་དང་། མི་གནས་པ་དང་། །དཀྱིལ་འཁོར་འདི་གསུམ་ལ་ཡི་གེའི་ཚོགས་སུ་མ་རྫོགས་པ་གང་ཡང་མེད་པའི་ཕྱིར་ན། །ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སྟོན་པ་དྲུག་པ་རྡོ་རྗེ་འཆང་ཡི་གེའི་རང་བཞིན་དུ་འཁོར་འདས་ཀུན་ལ་ཁྱབ་པར་གནས་པ་སྟེ། །ལུང་ཆེན་ཨ་ནུ་ཡོ་གའི་མཐར་

(༤༠)ཐུག་པ་རྫོགས་པ་ཆེན་པོ་ལ་སྒྲོལ་ཤན་འབྱེད་ཀྱི་ཐེག་པ་ཡིན་ཏེ། །ཞི་ཁྲོ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། །སྐྱེད་རྫོགས་གཞལ་ཡས་ཀྱི་ཁང་ལ་སོགས་པའི་ཞལ་ཕྱག་སྣ་ཚོགས་དང་ལྡན་པའི་ལྷ་ཚོགས་ཡོད་ཅིང་སྒོམ་པར་མི་འདོད་པའོ། །དེ་ཅིའི་ཕྱིར་ཞེ་ན། །གནས་ལུགས་རང་གི་དཀྱིལ་འཁོར་ལ་མཚན་ཉིད་སྣང་བ་དཀར་དམར་སྣ་ཚོགས་པ་སྟེ། །མཚོན་ཆའི་ཡི་གེའི་ཚོགས་ཙམ་དུ་གནས་པ་ལས་ཀུན་བཟང་ཡབ་ཡུམ་བྱ་བའི་ཆོས་དང་བྱེད་པའི་ཡིད་ཀྱིས་དབྱིངས་དང་ཡེ་ཤེས་ཙམ་དུ་དབང་བསྐུར་ཞིང་ངོ་སྤྲོད་པས། །ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད། །འཁོར་འདས་གཉིས་ཡི་གེའི་འཛིན་པ་ཙམ་གྱི་ཆ་ཕྲའུ་རེ་རེ་དབྱིངས་དང་ཡེ་ཤེས་སུ་རྟོགས་པའི་ཕྱིར་ན། སེམས་ལུང་ཆེན་མོའི་མདོ་ལས་ཀྱང་། ཕར་བལྟས་ཀུན་ཏུ་བཟང་མོ་ལ། ཚུར་བལྟས་ཀུན་ཏུ་བཟང་པོར་གནས་བར་ན་རྒྱལ་བའི་དཀྱིལ་འཁོར་ཏེ། རྒྱ་མཚོར་ཉི་ཟླ་ཤར་བ་བཞིན། །ཤར་བ་ཉིད་ན་ནུབ་པ་མེད། །ཅེས་གསུངས་པའི་ཕྱིར་ན། ཤེས་རབ་ཡེ་ཤེས་ཀྱི་དབང་གི་མཐར་ཐུག་པ་ཡང་རྟོགས་ཚུལ་འདི་ཙམ་ལ་previous hit དགོངས next hit་ཡིན། དེའི་ཕྱིར་ན། །དགེ་བའི་བཤེས་གཉེན་འགའ་ཞིག་གིས་དབང་བསྐུར་བའི་ཆོ་ག་ལ། །ཤེས་རབ་ཡེ་ཤེས་ཀྱི་དབང་སེམས་ལ་བསྐུར་བས། །ཉོན་མོངས་པ་ཞེ་སྡང་དག་པར་འདོད་པ་ཡང་ཡོད་དེ་ལྟར་དུ་ཡིན་ན། །ཞེ་སྡང་གིས་གཙོ་བྱས་པའི་དུག་ལྔ་པོ་ཉིད་དབྱིངས་དང་ཡེ་ཤེས་ཡིན་པའི་ཕྱིར་ན། ཞེ་སྡང་དག་བྱར་བྱས་པ་སྟེ། །ཀྲྀ་ཡ་དག་པའི་རྣལ་འབྱོར་དུ་བབས་ཤིང་། །ཡི་གེ་འཁོར་ལོ་ཚོགས་

(༤༡)གྱི་ས་དང་། །ལུང་ཆེན་ཨ་ནུ་ཡོ་གའི་previous hit དགོངས next hit་འཇིག་པའི་སྐྱོན་ཡོད། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་མཐར་ཐུག་པ་དབྱིངས་དང་ཡེ་ཤེས་ཀུན་བཟང་དབྱེ་བ་མེད་པའི་སར་བཞེད་པ་སྟེ། །འདི་ཡང་ཨ་ནུ་ལ་བཞིར་དབྱེ་བ་ལས། །ཤེས་རབ་ཡེ་ཤེས་ཀྱི་དབང་ཡང་བཞིར་དབྱེ་བ་སྟེ། །ཡང་ཨ་ནུ་ཡོ་ག་རང་གཞུང་གིས་ཀྱང་དབང་བཞི་བསྐུར་ཞིང་རྫོགས་པར་བཞེད་པ་ཡིན་པ་ལས། །ཐེག་པ་དགུ་སྤྱི་བཅས་དང་བསྟུན་ན། །ཨ་ནུའི་དབང་བཞི་པའི་ཡེ་ཤེས་དེ་ཡང་མཐར་ཐུག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། །དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལས་ཡི་གེ་གསུམ་དང་དཀྱིལ་འཁོར་གསུམ་དུ། ཉོན་མོངས་པའི་ཚོགས་དང་། །གཟུང་འཛིན་ཕྲ་བའི་ཕྲ་བ་རྣམས་མཚོན་ཙམ་གྱིས་མཚོན་དུ་མེད་པར་ངོ་སྤྲོད་ཅིང་དབང་བསྐུར་བའི་ཕྱིར་ན། །ཡུལ་དང་ཡུལ་ཅན་ཤིན་ཏུ་ཕྲ་བའི་ཡེ་ཤེས་ཙམ་ཡིན། དེའི་ཕྱིར་ན། ཤེས་རབ་ཡེ་ཤེས་ཀྱི་དབང་མན་ཆོད་མ་ཧཱ་ཡོ་ག་དང་། ཨ་ནུ་ཡོ་ག་གཉིས་ལ་དབང་ལ་སོགས་པ་བརྒྱད་དུ་དབྱེ་བ་ཡང་སྣང་ཆ་དང་། གསལ་ཆ་ཅུང་ཟད་ཙམ་རེ་ཡོད་པའི་ཕྱིར་ན། །མཐར་ཐུག་ཡིན་ཏེ་མཐར་ཐུག་མིན། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། །དབྱིངས་དང་སེམས། །ཡུལ་དང་ཡུལ་ཅན་ཆ་ཕྲའུ་ཙམ་གྱི་ཡེ་ཤེས་ཡིན་ཏེ། ཕྱོགས་མེད་རང་བྱུང་ཡེ་ཤེས་མ་ཡིན་ནོ། །དེའི་ཕྱིར་ན་ཐེག་པ་དགུ་ལ་སོགས་པ་ངར་འཛིན་གྱི་ལྟ་བ་ཉི་ཤུ་རྩ་

(༤༢)གཉིས། །དངོས་པོ་གཤིས་ཀྱི་གནས་ལུགས། །རང་བྱུང་ཡེ་ཤེས་ཕྱོགས་མེད་དུ་རྫོགས་ཤིང་རྟོགས་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ནི། །ཀློང་ཆེན་རབ་འབྱམ། སྤྱི་རྒྱུད་ཆེན་པོ་ལས་ཆོས་དབྱིངས་ནམ་མཁའ་ཉི་ཟླ་རྒྱ་མཚོ་ནོར་བུ་ཡོན་ཏན་མ་བཙལ་ཡོངས་རྫོགས་ལྟར། །རང་བྱུང་ཡེ་ཤེས་རང་བཞིན་རྫོགས་པ་ཡང་། དེ་དང་དེ་ཉིད་མཚུངས་པའོ། །ཞེས་གསུངས་པ་ཡང་ཡེ་ཤེས་ཀུན་གྱི་མཆོག་ཏུ་གྱུར་པ་དབང་གི་རྟོགས་པའི་ཡེ་ཤེས་ནི། །རྒྱུ་རྐྱེན་གང་ལ་ཡང་རྟེན་མ་བཅས་པའོ། །དེའི་ཕྱིར་ན། །ཀློང་ཆེན་རབ་འབྱམས་རྩ་བའི་རྒྱུད་ལས་ཀྱང་གནས་ལུགས་རྡོ་རྗེ་རྒྱལ་པོ་རང་། །དབང་བསྐུར་མེད་པར་རང་བྱུང་སྟེ། །ཐམས་ཅད་ཡེ་ཤེས་ངོ་བོ་གཅིག །རང་བྱུང་ཡེ་ཤེས་ཀུན་ཁྱབ་དབྱིངས། །ཤེས་གསུངས་པའི་ཕྱིར་རོ། དེའི་ཕྱིར་ན། ཨ་ནུ་དང་ཨ་ཏི་གཉིས་ཀྱིས། ཤེས་རབ་ཡེ་ཤེས་ཀྱི་དབང་དང་། །དབང་བཞི་ངོ་སྤྲོད་ཅིང་རང་གིས་རང་ཉིད་རྟོགས་པར་བསྟོན་པ་སྟེ། འདིར་རྒྱས་པར་མ་སྤྲོས་པའོ། །འདིར་མ་ཧཱ་ཡོ་ག་གསར་རྙིང་གི་དབང་གི་ས་མཚམས་འབྱེད་པའི་ཕྱིར་ན། ཐེག་པ་གོང་མ་གཉིས་ཀྱང་མདོ་ཙམ་བསྟན་པའོ། །ཤེས་རབ་ཡེ་ཤེས་དང་དབང་བཞི་གཉིས་གཅིག་ཏུ་རྫོགས་པ་གཉིས་མི་ནུབ་ཨ་ཏིའི་བསྟན་པ་རྒྱ་མཚོ་མཐའ་ཡས་སུ་གོ་ཞིང་ཤེས་ནས་རྟོགས་པར་བྱའོ། །མ་ཧཱ་ཡོ་ག་གསར་རྙིང་གི་ཐེག་པ་ནི། །ཐེག་པ་དྲུག་ཐོག་པ་གཅིག་ཏུ་རྫོགས་པ་སྟེ། རྣལ་འབྱོར་བླ་ན་མེད་པ་ཞེས་ཀྱང་བྱ། དེའི་ཕྱིར་ན། མ་ཧཱ་

(༤༣)ཡོ་ག་གསར་རྙིང་གི་རྒྱུད་སྡེ་གྲངས་མང་ཡང་། །previous hit དགོངས next hit་མཐུན་པར་གཅིག་བསྟན་པ་སྟེ། །ཕུང་པོ་ལྔ་རྒྱལ་བ་རིགས་ལྔ། །འབྱུང་བ་ལྔ་ཡུམ་ལྔ་དུག་ལྔ་ཡེ་ཤེས་ལྔ། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་གདོད་མ་ནས་ལྷ་དང་ལྷ་མོའི་དཀྱིལ་འཁོར་ལ་སོགས་པ་ཡིན་པར་བསྟན་པ་སྟེ། །དེ་ལ་འཁོར་བའི་ཆོས་དྲུག་བཅུ་རྩ་བཞི་འགོག་པར་འདོད་ན། །མ་ཧཱ་ཡོ་ག་ཉན་ཐོས་ཀྱི་ཐེག་པར་གོལ་ས་ཡུལ་དང་ཡུལ་ཅན་གྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཤིག་པ་དང་ལུགས་འབྱུང་ལུགས་ལས་བཟློག་པར་འདོད་ན། །མ་ཧཱ་ཡོ་ག་རང་རྒྱལ་གྱི་ཐེག་པར་གོལ། །སྤངས་པ་ཕུན་སུམ་ཚོགས་པ་ཕར་སྤངས་ནས། །ཐོབ་པ་ཕུན་སུམ་ཚོགས་པ་ཚུར་ཐོབ་པར་འདོད་ན། །མ་ཧཱ་ཡོ་ག་དྲང་བ་དོན་གྱི་མདོ་སྡེར་གོལ། །དོན་དམ་ཀུན་རྫོབ་ཏུ་འདོད་ན། །ཐབས་དང་ཤེས་རབ་ན་བབས། །དེའི་ཕྱིར་ན་མ་ཧཱ་ཡོ་ག་གསར་མའི་མཁན་པོ་རྣམས་ཀྱིས་དོན་དམ་ཀུན་རྫོབ་དང་། ཐབས་དང་ཤེས་རབ་གཉིས་ནོར་རམ་མ་ནོར། །བདེ་མཆོག་དགྱེས་རྡོར་གྱི་འགྲེལ་པ་རྣམས་ལ་ལྟོས་དང་། གསལ་བར་སྣང་། །དེའི་ཕྱིར་ན། །ཚོགས་གཉིས་ཟུང་འཇུག་ཏུ་འདོད་ན། མ་ཧཱ་ཡོ་ག་བྱང་ཆུབ་སེམས་དཔའི་ས་ལམ་དུ་གོལ། རབ་ཏུ་མི་གནས་པ་དང་། རྣམ་རིག་ཙམ་དུ་བཤད་ན། མ་ཧཱ་ཡོ་གའི་འབྲས་བུ་དབུ་མའི་མཐར་ཐུག་ཙམ་དུ་གོལ། དུག་ལྔ་ལ་སོགས་དག་པར་འདོད་ན་

(༤༤)མ་ཧཱ་ཡོ་ག་ཀྲྀ་ཡ་དག་པའི་རྣལ་འབྱོར་དུ་གོལ། །ཆ་མཉམ་གཉི་ག་སྤྱོད་ཙམ་དུ་འདོད་ན། མ་ཧཱ་ཡོ་ག་སྤྱོད་པའི་ཐེག་པར་གོལ། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་ལྷའི་དཀྱིལ་འཁོར་དུ་བསྒྱུར་བར་འདོད་ན། མ་ཧཱ་ཡོ་ག་རྣལ་འབྱོར་གྱི་ཐེག་པར་གོལ། དེའི་ཕྱིར་ན། བསྐང་པའི་ནང་ན། །གཟུགས་ཀྱི་ཕུང་པོ་གནས་གྱུར་པ། །རྣམ་པར་སྣང་མཛད་ཐུགས་དམ་བསྐང་། །ཟེར་བ། །མ་ཧཱ་ཡོ་ག་རྣལ་འབྱོར་གྱི་ཐེག་པར་ན་བབས་པ་ཡིན། །བསྐང་བ་ཙམ་ཡིན། དེའི་ཕྱིར་ན། །མི་རྣམས་མ་ཧཱ་ཡོ་ག་གསར་རྙིང་གི་གོལ་ས་ཡིན་པའི་ཕྱིར་ན། །ཐེག་པ་གོང་མ་འོག་མ་རྣམས་སུ་བབས་པའོ། དེ་ཅིའི་ཕྱིར་ཞེ་ན། །མ་ཧཱ་ཡོ་གའི་རྒྱུད་སྡེ་ཐམས་ཅད་ཀྱི་དགོངས་ཚུལ་རྣམས་དང་མི་མཐུན་པའི་ཕྱིར་ན། །མ་ཧཱ་ཡོ་གའི་རྒྱུད་སྡེ་ཐམས་ཅད་འཇིག་པའི་སྐྱོན་ཡོད་དོ། །སྐྱེད་རིམ་རྟག་པར་མངོན་པར་ཞེན། །རྫོགས་རིམ་སྟོང་པ་ཉིད་དུ་བཤིག་ཅིང་གཏན་ལ་འབེབས་པ་སྟེ། །མ་ཧཱ་ཡོ་ག་རྟག་ཆད་གཉིས་སུ་གོལ་ལོ། །ཐིག་ལེ་ནཱ་ད་གཉིས་ཀྱིས་མཐའ་གཉིས་བསལ་ནས་ཡོད་མིན་མེད་མིན་ཙམ་དུ་འཛིན་པ་ནི་མུ་སྟེགས་གསང་བ་ས་རུ་གོལ་ལོ། །ལྷ་དང་དཀྱིལ་འཁོར་རྒྱན་དང་ཆ་ལུགས། །སྐུ་དང་ཕྱག་མཚན་རྡོ་རྗེ་མེ་རི། །དུར་ཁྲོད་རྒྱན་ལ་སོགས་པ་རྣམས་དག་བྱ་དག་བྱེད་དུ་འདོད་པ་ནི། །མ་ཧཱ་ཡོ་ག་གསར་རྙིང་གི་དཀྱིལ་འཁོར་ཐམས་ཅད། །ཀྲྀ་ཡོག་དག་པའི་རྣལ་འབྱོར་རིགས་གསུམ་རྡོ་རྗེ་འཛིན་པའི་སར་ན་བབས་

(༤༥)བབས་སོ། རྒྱུད་དང་། ལུང་དང་། །མན་ངག་གི་བཞེད་ལུགས་ཐམས་ཅད་མ་གོ་བར་ཐབས་ཟབ་མོས་མ་གོ་བར་ཟིན་ཞིང་། །ཤ་ཆང་ལ་སོགས་བག་མེད་དུ་སྤྱོད་པ་དང་། །ཧེ་རུ་ཀ་དང་ཁྲོ་བོའི་དེ་ཉིད་མ་རྟོགས་པར་ཞེ་སྡང་དབང་གིས་མཐུ་སེར་གཏད་གསུམ་བྱེད་པ་དང་། །ཐབས་དང་ཤེས་རབ་གཉིས་མེད་སྦྱོར་བ་མི་ཤེས་པར། སྟ་ན་འགའ་ན་སྦྱོར་བ་སྒྲོལ་བ་དེ་རྣམས་བོད་སྐད་དུ་བསྒྱུར་ན། །གསང་བའི་དབང་དང་། ཚོགས་ཀྱི་མཆོད་པར་འདུས་པ་སྟེ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་དེ་ཉིད་མངོན་དུ་མ་གྱུར་པར། གསང་སྤྱོད་གསང་བའི་དབང་བསྐུར་བ་ཡིན་ཟེར་ཞིང་། །ཉོན་མོངས་པ་དུག་ལྔ་རང་ག་མར་སྤྱོད་པ་སྟེ། །འགྲོ་བ་རིགས་དྲུག་གི་ཉོན་མོངས་པ་འཁྲུལ་པ་རང་ལུགས། །མ་ཧཱ་ཡོ་ག་གསར་རྙིང་གི་ཕྱི་ནང་གི་སྤྱོད་པ་འཁྲུལ་པ་འབའ་ཞིག་ཏུ་གོལ་ལོ། །མ་ཧཱ་ཡོ་ག་གསར་རྙིང་གི་ལུགས་ཀྱིས། །ཡིན་ལུགས་ཤེས་པ་དང་། ངེས་ཤེས་བརྟན་ནས་ཆ་ལུགས་ཡོངས་སུ་རྫོགས་ཤིང་། །ཀུན་གྱི་དེ་ཉིད་དབྱེར་མེད་དུ་རྟོགས་ན། །མ་ཧཱ་ཡོ་གའི་previous hit དགོངས next hit། །དེའི་ཕྱིར་ན་སེམས་ཅན་གཅིག་གི་ལུས་ངག་ཡིད་གསུམ་སྣང་བ་དང་བཞི་པོ་ནི། །སེམས་ཅན་གྱི་དུས་སུ་ཕུང་པོ་ལྔ་དང་འབྱུང་བ་ལྔ་དུག་ལྔ་ཡིས་བསྡུས་པ་ནི། །འཁོར་བའི་ཡོངས་སུ་རྫོགས་པ་སྟེའི་གནས་ཉི་ཤུ་རྩ་བཞི་ཡིན། །བདུད་དང་འགྲོ་བ་རིགས་དྲུག་གི་གནས་སྣ་ཚོགས་པ་སྟེ། །མ་རིག་པའི་དབང་གིས་འཁོར་བའི་རྒྱུ་འབྲས་རྒྱུན་

(༤༦)ཆད་མེད་པ་འབྱུང་། །མ་ཧཱ་ཡོ་གའི་ཐེག་པ་ཡིས་འཁོར་བའི་རྒྱུ་འབྲས་རྣམ་པར་རྟོག་པ་དང་བཅས་པ་དེ། གདོད་མ་ནས་རྒྱལ་བའི་དཀྱིལ་འཁོར་གནས་ཉི་ཤུ་རྩ་བཞི་ཡིན་པ་ལ་ཡིན་པར་ངོ་ཤེས་ཤིང་། །དཀྱིལ་འཁོར་ཆེན་པོའི་མཚན་ཉིད་ཡོངས་སུ་རྫོགས་པ་དང་། ངེས་ཤེས་བརྟན་ཞིང་། །འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཐབས་དང་ཤེས་རབ་དབྱེར་མེད་དུ་རྟོགས་ན། །དེ་ལྟ་བུའི་རྡོ་རྗེ་སློབ་དཔོན་གྱིས། །རྡོ་རྗེ་དྲིལ་བུ་པའི་ལུས་ཀྱི་དཀྱིལ་འཁོར་ལ་སོགས་པ། །རང་ལུས་རྒྱལ་བའི་དཀྱིལ་འཁོར་རང་ལ་རྫོགས་པའི་དབང་བསྐུར་དུ་བཏུབ་པ་ཡིན། །དེའི་ཕྱིར་ན་སྒྱུ་འཕྲུལ་གྱི་རྒྱུད་ལས་ཀྱང་། །རང་ལུས་རྒྱལ་བའི་དཀྱིལ་འཁོར་བསྟན་པ་ནི། ཞི་ཁྲོ་རབ་འབྱམ་རང་ལ་བཞུགས། ཞེས་གསུངས་པ་ཡང་། །འདིའི་སྐབས་སུ་previous hit དགོངས next hit་ཡིན། །དེའི་ཕྱིར་ན། །རྡོ་རྗེ་དྲིལ་བུ་པ་ལ་སོགས་པ་གསར་རྙིང་གི་གྲུབ་ཐོབ་རྣམས་ཀྱིས། རང་གི་ལུས་ངག་ཡིད་གསུམ་ལས་དཀྱིལ་འཁོར་སྣ་ཚོགས་སྟོན་ནུས་པ་དང་། །རང་གི་ལུས་ཀྱི་དཀྱིལ་འཁོར་གནས་ཉི་ཤུ་རྩ་བཞི་ལ་སོགས་པ་དཀྱིལ་འཁོར་རྒྱས་པ་དང་བསྡུས་པའི་དབང་རྣམས་བསྐུར་ནུས་པ་ཤིན་ཏུ་བདེན། ཐེ་ཙོམ་མེད་པ་སྟེ། །དེང་སང་གི་དུས་ཀྱིས། །མ་རིག་པའི་ལས་ཅན་དང་ལུས་ཅན་དུག་ལྔ་རང་གར་གནས་པ་ཡིས། །དཀྱིལ་འཁོར་གྱི་ཆོ་ག་ཤེས་ཀྱང་། རང་ལུས་རྒྱལ་བའི་དཀྱིལ་འཁོར་གྱི་དབང་སློབ་མ་ལ་བསྐུར་ནུས་སེམས་མི་ནུས། སློབ་དཔོན་མ་རིག་པ་དང་། །མ་རྟོགས་པ་ཡིས། །སློབ་མ་འཁྲུལ་པ་

(༤༧)གཟུང་འཛིན་གྱི་རྒྱ་མཚོ་ལ་གནས་པ་ལ་ཀུན་བཏགས་ཚིག་གི་ཐ་སྙད་ཀྱི་འཁྲུལ་པ་ནང་འཕྲད་ཀྱི་དབང་བསྐུར་ན། །དབང་བཞི་རྫོགས་སམ་མི་རྫོགས། །དེའི་ཕྱིར་ན། །དེ་ཉིད་བཅུ་པོ་མ་རྫོགས་ཤིང་མ་རྟོགས་ཚེ། །རྡོ་རྗེ་དྲིལ་བུ་ལ་སོགས་ཀྱིས། །རང་གི་ལུས་ངག་ཡིད་གསུམ་ལ། །དཀྱིལ་འཁོར་རྒྱས་བསྡུས་གྲངས་མེད་ཀྱི། །དབང་གི་བསྐུར་ལུགས་གདའ་ན་ཡང་། །ཉོན་མོངས་འཁྲུལ་པའི་དབང་བཞི་དང་། །བུམ་དབང་ལ་སོགས་དབང་བཞི་ནི། །ཐོབ་བམ་མ་ཐོབ་ཉིད་ཀྱིས་ཤེས། དེའི་ཕྱིར་ན། །སྐབས་འདིར་ནི་འཁོར་བའི་གནས་ཉི་ཤུ་རྩ་བཞི། །ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་། །མ་རིག་པའི་རྩ་བ་ཅན་གྱི་དབང་ཐོབ་དགོས་ཡོད་པའི་ཕྱིར་ན། དབང་བསྐུར་བའི་མཁན་པོ་རྣམས་ཀྱིས་ཀྱང་། །མ་ཧཱ་ཡོ་ག་རྒྱུད་སྡེ་བཅོ་བརྒྱད་ཀྱི་འབྲེལ་ཚུལ་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། །མ་ཧཱ་ཡོ་གའི་ལུགས་ཀྱིས། །ཉོན་མོངས་པ་ལམ་དུ་སློང་བ་ལས། །ཐབས་དང་ཤེས་རབ་ཀྱིས་མ་ཟིན་ན། །དབང་བསྐུར་བ་ལ་སོགས་པ་ཉོན་མོངས་པ་སྤེལ་ཞིང་རྒྱ་ཆེར་བསྒྲུབ་པ་འདྲ་ཉེན་ཡོད་པའི་ཕྱིར་ན། ཐབས་དང་ཤེས་རབ་དབྱེར་མེད་ཀྱི་སྒྲ་དང་དོན་ཤེས་ཤིང་གོ་བར་བྱའོ། །མ་ཧཱ་ཡོ་ག་གསར་རྙིང་གི་རྒྱུ། །ལུང་མན་ངག་རྒྱུད་སྡེ་བཅོ་བརྒྱད་ལས་འཕྲོས་པ་གསང་བ་རྒྱ་མཚོ་མཐའ་ཡས་ཀྱི་མ་ཧཱ་ཡོ་གའི་སྒྲ་དང་དོན་སྐྱོན་དང་ཡོན་ཏན་གཞི་ལམ་འབྲས་བུས་ཐབས་དང་ཤེས་རབ་དབྱེར་མེད་ཀྱིས་ལམ་བསྒྲད་ནས། །བཅུ་གཉིས་མ་ཆགས་པདྨ་ཅན་དུ་རང་བཞིན་ལྷུན་གྱིས་གྲུབ་པའི་རིགས་ལྔ་ཡབ་ཡུམ་བཅུའི་དཀྱིལ་འཁོར་བཅུ་དྲུག་ཏུ་ཟླ་བས་ཚེ་བསྒྲུབས་ནས། །ལོ་སྟོང་དྲུག་བརྒྱ་མི་ཚེ་གཅིག་གིས་

(༤༨)ཡི་གེ་ཚོགས་ཆེན་གྱི་སར་སངས་རྒྱས་སར་བཞེད་པ་སྟེ། །རྫོགས་པ་ཆེན་པོ་ཀུན་བྱེད་ལས། །མ་ཧཱ་རྡོ་རྗེ་འཆང་འདོད་པ། །ཞེས་གསུངས་པའི་ཕྱིར་ན། །མ་ཧཱ་ཡོ་ག་གསར་རྙིང་གི་སའི་སྐལ་བ་གཤའ་མ་དེ་མ་ཆགས་པདྨ་ཅན་དུ་བཞེད་པ་ཡིན། །རྒྱུད་སྡེ་བཅོ་བརྒྱད་ཀྱི་འབྲེལ་ཚུལ་གཏན་ལ་འབེབས་པའི་བར་སྐབས་སོ། །ཀུན་ཏུ་བཟང་དང་རྡོ་རྗེ་སེམས། །རྒྱལ་པོ་ཛ་ནས་ད་ལྟའི་བར། །མ་ཧཱ་ཡོ་ག་རྙིང་པ་ཡི། །སྒྲ་དོན་ཆོས་ཀྱི་འཁོར་ལོ་ལ། །མཁས་ལ་གྲུབ་པ་ཐོབ་པ་ཡི། །བརྒྱུད་པ་ཀུན་གྱི་previous hit དགོངས next hit་སྟེ། །སྔགས་འཆང་རང་བྱུང་རྡོ་རྗེ་ཡིས། །ཐམས་ཅད་ཀུན་གྱི་བྱེ་བྲག་དང་། །རྒྱུད་སྡེ་ཀུན་གྱི་previous hit དགོངས next hit་རྣམས། །མ་འདྲེས་སོ་སོར་རྟོགས་ནས་ཀྱང་། །རྡོ་རྗེ་འཆང་དང་རྣལ་འབྱོར་མ། །གྲུབ་ཆེན་བརྒྱད་དང་ཏཻ་ལོ་སོགས། །ས་ར་ཧ་དང་ཀླུ་སྒྲུབ་སྟེ། །ལུང་བསྟན་ཐོབ་པའི་རྗེ་བཙུན་རྣམས། །མར་མེ་གཅིག་གིས་གཅིག་བལྟམས་བཞིན། །ད་ལྟའི་རྗེ་བཙུན་ཡན་ཆད་དུ། །རྡོ་རྗེ་ཐེག་པ་གསར་མ་ཡིས། །མཁས་ལ་གྲུབ་པ་ཐོབ་པ་ཡིས། །བྱིན་རླབས་སྔགས་འཆང་རྡོ་རྗེ་ཡང་། །ཐབས་དང་ཤེས་རབ་དབྱེར་མེད་རྒྱུད། །རིགས་ལྔ་ཕྱག་རྒྱ་བཞི་དག་གི། །སྒྲ་དོན་གཅིག་ཏུ་རྟོགས་པའི་ཕྱིར། །མ་ཧཱ་ཡོ་ག་གསར་རྙིང་གི། །རྒྱུད་སྡེ་རྣམས་ཀྱི་འབྲེལ་ཚུལ་གྱི། །ལུང་ཆེན་རྣམས་ཀྱིས་གཏན་ལ་ཕབ། །མན་ངག་གསང་མཛོད་མངོན་དུ་གྱུར། །སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་དུ། །ངེས་ཤེས་བརྟན་ཞིང་ཆ་ལུགས་

(༤༩)རྫོགས། །སྒྲ་སྐད་རྣམ་པ་སྣ་ཚོགས་ཀྱང་། །རྡོ་རྗེ་ཐེག་པའི་རང་སྒྲར་གོ། །རང་སེམས་རྡོ་རྗེ་འཆང་ཆེན་དང་། །སྐུ་ལྔའི་བླ་མ་རང་ལ་རྫོགས། །རྣལ་འབྱོར་ཆེན་པོ་བླ་མེད་ཀྱི། །ས་ལམ་རིམ་པའི་བྱེ་བྲག་དང་། །སྣ་ཚོགས་ཉམས་ཀྱི་འཆར་ཚུལ་དང་། །སྐྱོན་དང་ཡོན་ཏན་གོལ་ས་རྣམས། །མ་འདྲེས་སོ་སོར་རྟོགས་པའི་ཕྱིར། །གསང་སྔགས་རྡོ་རྗེའི་ཚིག་སྦྲམ་རྣམས། །མགྲིན་པ་ལོངས་སྤྱོད་འཁོར་ལོ་རུ།།ཨཱ་ལི་ཀཱ་ལི་མཉམ་སྦྱོར་པས། །བདེ་གཤེགས་བཀའ་ལ་ལུང་ཆེན་ཐོབ། །བསྟན་པ་རྒྱ་མཚོ་རབ་འབྱམ་ལས། །ཕྱོགས་མེད་ཤེས་རབ་ཡེ་ཤེས་སྤྱན། །རྟོགས་པ་ཡེ་ཤེས་འཁོར་ལོ་སྟེ། །ཏཻ་ལོ་བརྒྱུད་པས་བྱིན་རླབས་པའི། །རྣལ་འབྱོར་རང་བྱུང་རྡོ་རྗེ་ཡང་། །གསང་མཆོག་རྡོ་རྗེ་ཐེག་པ་ཡི། །གསང་མཛོད་ཐུགས་ཀྱི་མཛོད་སྒོ་བྱེ། །གནས་ལུགས་རྡོ་རྗེ་འཆང་ཆེན་དེ། །ཀུན་རིག་ཀུན་བདག་ཀུན་རྟོགས་པས། །རྡོ་རྗེ་འཆང་ཆེན་ལ་སོགས་པ། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམ་པ། །འཁོར་ལོ་ལྔ་ཡི་ཕོ་བྲང་དུ། །ངོ་བོ་ཉིད་ཀྱིས་བཞུགས་པར་རྟོགས། །སྙིགས་མ་ལྔ་ཡི་འཇིག་རྟེན་ཁམས། །འོག་མིན་གནས་དང་ཐ་དད་མེད། །རྟོགས་པ་རབ་འབྱམ་ཀུན་བདག་ཐུགས། །རང་ཉིད་ཆེན་པོ་རྡོ་རྗེ་འཆང་། །ཨེ་མ་ངོ་མཚར་མི་ཆེའམ། །དེ་ལྟར་རྟོགས་པའི་རྣལ་འབྱོར་པས། །མ་ཧཱ་ཡོ་ག་གསར་རྙིང་གི། །འཇུག་སྒོ་སྐྱེད་རྫོགས་དབང་ལ་སོགས། །རྣམ་གྲངས་དགུ་ཡིས་བསྟན་པ་ཡང་། །ས་ལམ་རིམ་གྱིས་མི་སྒྲོད་པར། །སྐད་ཅིག་ལག་པ་བརྐྱང་བསྐུམ་ལ།

(༥༠)རིགས་ལྔ་ཡབ་ཡུམ་བཅུ་རུ་རྟོགས། །གྲངས་ཅན་གྲངས་མེད་ལྷ་ཚོགས་རྣམས། །ཕྱོགས་མེད་དཀྱིལ་འཁོར་ཡོངས་རྫོགས་པས། །སྐྱེད་རྫོགས་བསྐལ་པ་མི་འཇིག་ཅིང་། །ཐབས་དང་ཤེས་རབ་གཉིས་ཅན་དང་། །གཉིས་མེད་རྒྱས་འདེབས་མི་བྱེད་པར། །རྟོགས་པ་གཅིག་གི་དཀྱིལ་འཁོར་དུ། །གསང་བ་སྔགས་ཀྱི་ལྷ་ཚོགས་རྫོགས། ས་ར་ཧ་ཡི་ཁྱད་ཆོས་ཡིན། །དེ་དང་དེ་དོན་རྟོགས་པ་ནི། །ཕྱག་རྒྱ་ཆེན་པོ་ཡེ་ཤེས་མཛོད། །རྣལ་འབྱོར་རང་བྱུང་རྡོ་རྗེ་སྟེ། །གསང་མཛོད་རྡོ་རྗེ་ཐེག་པ་ལ། །གསང་བ་རྒྱ་མཚོ་མཐའ་ཡས་ཀྱི། །ཐེག་པ་ཀུན་གྱི་དེ་ཉིད་རྟོགས། །ངར་འཛིན་ཉི་ཤུ་རྩ་གཅིག་གོ། །ལྟ་སྒོམ་སྤྱོད་པའི་ཞེ་འདོད་རྣམས། །ཕྱོགས་མེད་ཀུན་གྱི་སྒྲ་དོན་རྣམས། །དེ་རྟོགས་ཀུན་མཁྱེན་རྣལ་འབྱོར་པས། །བསྟན་པ་རྒྱ་མཚོ་མཐའ་ཡས་སུ། །ཕྱི་ནང་གྲུབ་མཐའ་གཏན་ལ་ཕེབས། །གཞན་ས་གཏན་ལ་ཕེབས་པ་དང་། །རང་ས་མངོན་དུ་གྱུར་པའི་ཕྱིར། །ཀུན་མཁྱེན་ཀུན་བདག་ཕྱོགས་མེད་རྟོགས། །མཁྱེན་པ་ཕྱོགས་མེད་རྒྱས་པའི་ཕྱིར། །ཐེག་པ་ཀུན་གྱི་བཞེད་ལུགས་དང་། །ཐེག་དགུ་འབྲས་བུའི་ཐོབ་ཚུལ་རྣམས། །སོ་སོར་གཏན་ལ་ཕབ་པ་སྟེ། །མཐོ་དམན་མཆོད་རྟེན་བང་རིམ་འདྲ། །ཐེག་པ་དག་ནི་རང་སར་བདེན། །དབང་པོའི་བྱེ་བྲག་ཇི་བཞིན་དུ། །སོ་སོར་ཉམས་སུ་བླངས་ལགས་ན། །དེ་དང་མཐུན་པའི་འབྲས་བུ་ཐོབ། །འོག་མའི་ཐེག་པ་སྣ་ཚོགས་ཀྱིས། །གོང་ལ་གཏན་ལ་མི་ཕེབས་སོ།

(༥༡)གོང་མ་དག་གི་ལུང་རིགས་ཀྱིས། །འོག་མ་བཤིག་དང་གཏན་ལ་འབེབས། །དེ་ཕྱིར་ལུང་རིགས་སྣ་ཚོགས་ཀྱང་། །ལྟོས་ས་ལྟོས་ཆོས་ཅི་བཞིན་དུ། །སོ་སོར་འབྱེད་པ་མན་ངག་ཡིན། །མ་ཧཱ་ཡོ་ག་ལས་འཕྲོས་པ། །གསང་བ་རྒྱ་མཚོ་མཐའ་ཡས་ནི། །སྒྲ་དོན་གཏན་ལ་འབེབས་པ་སྟེ། །ཕྱི་ནང་གྲུབ་མཐའ་ཞོར་ལ་སྟོན། །གསང་བ་རྒྱ་མཚོའི་དེ་ཉིད་རྟོགས། །ཡེ་ཤེས་སྤྱན་ལྡན་རྣལ་འབྱོར་ལ། །ཕྱི་ནང་གྲུབ་མཐའི་ས་མཚམས་མེད། །ཕྱོགས་མེད་རྟོགས་པའི་སྤྱན་ལྡན་པ། །ཐམས་ཅད་མཁྱེན་དང་ཆ་མཐུན་ཕྱིར། །ཕྱི་ནང་གྲུབ་མཐའི་བྱེ་བྲག་རྣམས། །མ་འདྲེས་སོ་སོར་མཁྱེན་པ་ཡི། །རྟོགས་ལྡན་རྨོངས་པ་མེད་གྱུར་པའི། །མཁས་ལ་གྲུབ་པ་ཐོབ་པ་ནི། །སྒོམ་ཆེན་ཁྱད་པར་འཕགས་པ་ཡིན། །རྣལ་འབྱོར་ཆེན་པོ་བླ་མེད་པའི། །རྒྱུད་སྡེ་གནམ་གྱི་སྐར་མ་འདྲ། །གསར་རྙིང་གཉིས་སུ་མིང་ཡང་འདོགས། །ཐེག་པ་དྲུག་ལས་ཁྱད་པར་འཕགས། །གསང་མཆོག་དབང་གི་དཀྱིལ་འཁོར་ན། །བསྐུར་ལུགས་དཔག་མེད་ཡོད་ལགས་ཀྱང་། །རྟོགས་པ་དོན་གྱི་གནས་ལུགས་ལ། །དབང་རྣམས་ངོ་བོ་ཉིད་ཀྱིས་རྫོགས། བསྐུར་ཐོབ་མེད་པ་ཆོས་ཀྱི་སྐུ། །སྐུ་བཞི་སྐུ་ལྔ་ཡོངས་སུ་རྫོགས། །རང་བྱུང་ཡེ་ཤེས་ཀུན་གྱི་ཐུགས། །ཆོས་དབྱིངས་རབ་འབྱམས་དབྱིངས་སུ་རྫོགས། །མཁས་ལ་གྲུབ་པ་ཐོབ་པ་ཡི། །པཎ་ཆེན་ནཱ་རོའི་བརྒྱུད་པ་ཡི། །རྣལ་འབྱོར་བླ་མེད་previous hit དགོངས next hit་ཡིན། །འཛམ་

(༥༢)གླིང་འཇིག་རྟེན་འདི་ཉིད་ན། །མཁས་པར་འདོད་པའི་བཤེས་གཉེན་རྣམས། །མ་ཧཱ་ཡོ་གའི་གསང་མཛོད་ལས། །སྒྲ་དོན་རྟོགས་པ་སུ་ཞིག་ཡོད། །ཕྱོགས་མེད་མཁས་ན་མཁས་པ་ཡིན། །ཨེ་མ་ངོ་མཚར་མི་ཆེའམ། །ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་སར། །དུས་གསུམ་གསང་མཛོད་རྟོགས་པ་ཡི། །དུས་གསུམ་དགེ་བ་བླ་མེད་པས། །སྐུ་ལྔ་ཡོངས་སུ་རྫོགས་པར་ཤོག །མ་ཧཱ་ཡོ་ག་གསར་རྙིང་གི་ཐེག་པ་ལས་འཕྲོས་པ། གསང་བ་རྒྱ་མཚོ་མཐའ་ཡས་ལས། །རང་ས་དང་གཞན་པའི་སྒྲ་དང་དོན་སོ་སོར་བརྟན་པ་འདི། །གང་གིས་མཐོང་བའམ་ཐོས་པའམ། དྲན་པ་ཙམ་གྱིས་ཀྱང་། །རྡོ་རྗེ་འཆང་ཆེན་རང་ལ་རྫོགས་པར་ཤོག །ཆོས་སྐྱོང་བའི་བསྲུངས་མ་དཔལ་མ་མགོན་ལྕམ་དྲལ་རྣམས་ཀྱིས་ཀྱང་། །གསང་སྔགས་རྡོ་རྗེ་ཐེག་པ་འདི། བཤད་པ་དང་། ཉན་པ་དང་། སྒོམ་པ་དང་། །དེའི་དོན་རྟོགས་པ་རྣམས་ཀྱི་བསྟོངས་གྲོགས་དམ་པ་གྱིས་ཤིག །ཆོས་འདི་འཛམ་བུའི་གླིང་དུ་དར་བར་གྱིས་ཤིག །བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་གཞུང་བཤད་བར་གཅིག་པ་མ་བུ་གཉིས་དང་། །དེ་ལས་འཕྲོས་པ་བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་གཞུང་ཆེན་མོ་དང་། །ཀུན་གྱི་ཆིངས་སམ་པ་གཅོད་ལྟ་བུ་འདོད་པ་རྒྱ་མཚོ་མཐའ་ཡས་དང་། །ཐེག་པ་དགུ་གསལ་བར་བྱེད་པ་ཕུན་སུམ་ཚོགས་པ་རྒྱ་མཚོ་མཐའ་ཡས་དང་། །ཉན་རང་གི་ཐེག་པ་ལས་འཕྲོས་པ་འདུལ་བ་རྒྱ་མཚོ་མཐའ་ཡས་དང་། །བྱང་ཆུབ་སེམས་དཔའི་ཐེག་པ་ལས་

(༥༣)འཕྲོས་པ་དྲང་དོན་ངེས་དོན་རྒྱ་མཚོ་མཐའ་ཡས་དང་། །མ་ཧཱ་ཡོ་གའི་ཐེག་པ་ལས་འཕྲོས་པ་གསང་བ་རྒྱ་མཚོ་མཐའ་ཡས་དང་། །ཐེག་པ་དགུའི་བཅུད་བསྡུས་པ་གདམ་ངག་རྒྱ་མཚོ་མཐའ་ཡས་དང་། །རྒྱུད་ལུང་དང་མན་ངག་གསུམ་གྱི་ཟབ་མོའི་གདམ་ངག་རྣམས་ཁྱད་ཆོས་སུ་བསྟན་པ་ཟབ་ཆོས་རྒྱ་མཚོ་མཐའ་ཡས་ཏེ། །འདི་རྣམས་གཅིག་རྒྱབ་གཅིག་གིས་སྐྱོང་ཞིང་། །ངར་འཛིན་པའི་ལྟ་བ་ཉི་ཤུ་རྩ་གཅིག་ཕྱོགས་མེད་དུ་རྟོགས་ཤིང་། །བཀའ་རབ་འབྱམ་གྱི་བསྟན་པ་སྒྲ་དང་དོན་སོ་སོར་འབྱེད་པའོ། །མ་ཧཱ་ཡོ་ག་གསར་རྙིང་གི་རྒྱུད་སྡེ་ཐམས་ཅད་གསལ་བར་བྱེད་པ། །གསང་བ་རྒྱ་མཚོ་མཐའ་ཡས་རང་ས་དང་གཞན་པ་སོ་སོར་འབྱེད་པ་རྫོགས་སོ། །དགེའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པར་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ་ལས། །མ་རྟོགས་པ་དང་ལོག་པར་རྟོགས། །previous hit དགོངས next hit་འདུལ་བ་གསང་བ་དང་། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །དོན་དམ་འདི་ལ་ཐེ་ཙམ་ཟ། ཞེ་གསུངས་པའི་ཕྱིར་ན། དེ་ལ་དང་པོར་མ་རིག་པ་དང་། མ་རྟོགས་པ་སྟོན་ཏེ། །ཡེ་ཤེས་རྔམ་པ་གློག་གི་ལུང་ལས་ཀྱང་། །འཁྲུལ་དང་འཁྲུལ་གཞི་འདི་རྣམས་ཀྱང་། །རང་བཞིན་ཉིད་ལ་རང་སྣང་འཁྲུལ། །ཞེས་གསུངས་པའི་ཕྱིར་ན། །སེམས་ཅན་ཐམས་ཅད་ཀྱི་སེམས་ཉིད་ཀྱི་གཤིས་ངོ་བོ་རང་བཞིན་ལྔར་གནས་པ་ལས། །སྤྱི་ཁྱབ་ཀྱི་ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲིབས་ནས་

(༥༤)སེམས་ཉིད་ཀྱི་གཤིས་འགྱུར་བ་མེད་པ་ལས་ཞེ་སྡང་དུ་འཁྲུལ། །རང་བཞིན་གསལ་བ་ལས་འདོད་ཆགས། ཆོས་ཀྱི་དབྱིངས་དང་མཉམ་པར་མ་ཁྱབ་པ་མེད་པ་ལས་གཏི་མུག །ངོ་བོ་སྟོང་པ་ལས་ང་རྒྱལ། །རྣམ་པར་རྟོག་པ་སྣ་ཚོགས་སུ་འཕྲོ་བ་མཚན་ཉིད་འགག་པ་མེད་པ་ལས་ཕྲག་དོག །གཤིས་ལྔ་དུག་ལྔར་འཁྲུལ་བས་ཕྱི་སྣང་བའི་ཡུལ། །མ་རྟོགས་པ་ལས་ཕུང་པོ་ལྔར་འཁྲུལ་ཏེ། གཟུགས་དང་། ཚོར་བ་དང་། །འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའོ། །དེ་ལྔའི་ཡུལ་ཅན་མ་རྟོགས་པ་ལས་སྐྱེ་མཆེད་དྲུག་ཏུ་འཁྲུལ་ཏེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དོ། །དེ་ལས་དེ་བྱུང་དུ་འཛིན་པ་ལས། གཟུགས། སྒྲ། དྲི། རོ། རེག་བྱ། ཆོས་སོ། རིག་རིག་པོ་དང་། །ཏུར་ཏུར་པོ་གཉིས་ཀྱི་ཤེས་བྱེད་མ་རྟོགས་པ་ལས། །མིག་གི་རྣམ་པར་ཤེས་པ་རྣ་བའི་རྣམ་པར་ཤེས་པ། །སྣའི་རྣམ་པར་ཤེས་པ། ལྕེའི་རྣམ་པར་ཤེས་པ། །ལུས་ཀྱི་རྣམ་པར་ཤེས་པ། ཡིད་ཀྱི་རྣམ་པར་ཤེས་པའོ། །འཛིན་པའི་སེམས་དང་། །གཟུང་བའི་ཡུལ་གཉིས་སུ་འདུས་ཏེ་རེག་པ་མ་རྟོགས་པ་ནི། །མིག་གི་འདུས་ཏེ་རེག་པ་དང་། རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་དང་། །ལྕེའི་འདུས་ཏེ་རེག་པ་དང་། །ལུས་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའོ། །རག་ལས་པ་དང་ལས་ཆོས་ཀྱིས་འདུས་པའི་རྐྱེན་གྱིས་རྒྱུ་རྐྱེན་གཉིས་སུ་འཁྲུལ་ནས་སྣ་ཚོགས་སུ་ཚོར་བ་ནི། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ་དང་།

(༥༥)རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ་དང་། །སྣའི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ་དང་། །ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ་དང་། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ་དང་། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བའོ། །ཕྱི་སྣོད་ནང་བཅུད་གཉིས་སུ་འཛིན་ཞིང་། །མ་རིག་པར་འཁྲུལ་བ་སྟེ། ས་དང་སའི་ཁམས་དང་། །ཆུ་དང་ཆུའི་ཁམས་དང་། མེ་དང་མེའི་ཁམས་དང་། རླུང་དང་རླུང་གི་ཁམས་དང་། །ནམ་མཁའ་དང་ནམ་མཁའི་ཁམས་དང་། །རྣམ་པར་ཤེས་པ་དང་རྣམ་པར་ཤེས་པའི་ཁམས་སོ། །དེ་རྣམས་ཐམས་ཅད་མ་རིག་མ་རྟོགས་པ་ལས། །བྱེད་པའི་སྐྱེས་བུ་བཅུ་གཉིས་ཀྱིས་འཁོར་བའི་ལས་རྣམས་བསྒྲུབ་པས། ཀུན་བྱེད་རྒྱལ་པོ་འདྲ་བ་ནི། བདག༴ སེམས་ཅན༴ སྲོག༴ གསོ་བ༴ སྐྱེས་བུ༴ གང་ཟག༴ ཤེད་ཅན༴ ཤེད་བདག༴ བྱེད་པ་པོ༴ ཚོར་བ་པོ༴ མཐོང་བ་པོ་སྟེ༴ བྱེད་པའི་སྐྱེས་བུ་བཅུ་གཉིས་ཀྱིས་ཀུན་བྱས་མ་རྟོགས་ཏེ། །མ་རྟོགས་པ་ནི་རྟོགས་པ་ཡེ་ཤེས་སངས་རྒྱས་མ་བྱས་སོ། ཀུན་བྱེད་རྒྱལ་པོའི་ལུང་ལས་ཀྱང་། །ཀུན་བྱེད་རྒྱལ་པོས་ཀུན་བྱས་གཅིག་མ་བྱས། །གསུངས་པ་ཡང་འདི་ལ་previous hit དགོངས next hit་ཡིན། མ་རིག་པ་དང་། །མ་རྟོགས་པའི་

(༥༦)འཁྲུལ་འཁོར་ཟད་པ་མེད་ཅིང་འཕེལ་བ་མེད་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ལོག་པར་འཁྲུལ་བ་ནི། མ་རིག་པ། འདུ་བྱེད། རྣམ་པར་ཤེས་པ། མིང་དང་། གཟུགས། སྐྱེ་མཆེད་དྲུག་རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤིའོ། །མ་རྟོགས་འཁོར་བའི་ཆོས་དྲུག་བཅུ་རྩ་བཞི་པོ་འདི་ཡིས། འཁྲུལ་དང་། །འཁྲུལ་གཞི་ལ་སོགས་པ་རྣམས་སོ་སོར་ཤེས་ཤིང་གོ་ན། །མ་རིག་པ་འཁོར་བའི་རྒྱུ་ཤེས། ལམ་ཤེས། སྤྱི་དང་། རང་གི་ངོ་བོ། རང་བཞིན། །མཚན་ཉིད་ཤེས་པ་ཡིན། །སེམས་ཅན་གཅིག་གི་ལུས་ངག་ཡིད་གསུམ་ལ་ཡང་འདི་རྣམས་ཚང་ཞིང་རྫོགས་ལ། །ཁམས་གསུམ་པའི་ལུས་ངག་ཡིད་གསུམ་ལ་ཡང་སོ་སོར་མ་ཁྱབ་པ་མེད་པའོ། །མ་རྟོགས་པ་སངས་རྒྱས་པར་དབྱེ་ན། །དུག་ལྔ་ལ་ཡང་ཉི་ཤུ་རྩ་ལྔ། །ཕུང་པོ་ལྔ་ལ་ཡང་ཉི་ཤུ་རྩ་ལྔ། །ཁམས་ལྔ་ལ་ཡང་ཉི་ཤུ་རྩ་ལྔ། །སྐྱེ་མཆེད་དྲུག་ལ་ཡང་ཉི་ཤུ་རྩ་ལྔ། །རྟེན་འབྲེལ་བཅུ་གཉིས། །བྱེད་པའི་སྐྱེས་བུ་བཅུ་གཉིས་ལ་ཡང་ཉི་ཤུ་རྩ་ལྔ་རེ་རེ་སྟེ། །སྐབས་འདིར་རྒྱས་པ་དང་བསྡུས་པའི་ཆ་ཤས་ཀྱིས་རྣམ་གྲངས་རེ་རེ་ལ་ཡང་ལྔ་ལྔར་ཤེས་པར་བྱ། །སྐྱེ་མཆེད་དྲུག་མན་ཆོད་ལ་ཉི་ཤུ་རྩ་ལྔའི་ངེས་པ་མེད། །དུག་ལྔ་རེ་རེ་ལ་ཡང་རྣམ་པར་རྟོག་པ། །ཉི་ཁྲི་གཅིག་སྟོང་ལྔར་བཞེད་དོ། །བརྒྱད་ཁྲི་བཞི་སྟོང་གྲངས་སུ་རྫོགས། །དེ་དང་དེ་ལས་འཁྲུལ་བ་ནི། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་སྟེ། །འཁོར་བའི་ཆོས་རྣམས་མ་ལུས་པ། །སེམས་ཅན་གཅིག་གི་ལུས་

(༥༧)ངག་ཡིད་གསུམ་དང་། །ཁམས་གསུམ་གྱི་སེམས་ཅན་ཀུན་ལ་ཁྱབ་པར་གནས། །མ་རྟོགས་པ་དང་བྱ་བའི་སྒྲ་དོན་ནི་འདི་རྣམས་ལ་previous hit དགོངས next hit་ཡིན། །ཕྱི་ནང་གི་གྲུབ་མཐའ་གང་ལ་འཇུག་ཀྱང་། །མ་རིག་པ་རྩ་བའི་རྒྱུད་འདིའི་སྒྲ་དོན་མ་གོ་བར་དུ་གྲུབ་མཐའ་གཉིས་ལ་འཇུག་པར་ག་ལ་བཏུབ། །མ་རིག་པ་འཁོར་བའི་རྩ་བའི་ཡན་ལག །མཚན་ཉིད་ཕྱི་མ་དང་། ཕྱི་མའི་རྒྱུད་ལ་སོགས་པ་མ་གཏོགས་པའི་རྒྱུད་སྡེ་བཅོ་བརྒྱད་ཀྱི་འབྲེལ་ཚུལ། །ཨ་ནུ་ཡོ་གའི་སྐད་དུ་ཀུན་གཞི་གསང་བ་ངོ་བོ་ཉིད་ཀྱི་སྐུ། ཞེས་གསུངས་པ་ཡང་མ་རྟོགས་པ་བྱ་བ་ལ་previous hit དགོངས next hit་ཡིན། །བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་སྒྲ་དོན་གོ་ཞིང་རྟོགས་འདོད་པ་རྣམས་ཀྱིས། དཔེ་རེ་བྲི་ཞིང་སེམས་དང་། ཁ་ལ་ཤེས་པར་གྱིས། མ་རྟོགས་པ་མ་རིག་པའི་རྩ་རྒྱུད་རྫོགས་སོ། སྤྲུལ་པའི་སྐུའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལ་ཕྱག་འཚལ་ལོ། ཀུན་གཞི་ལས་ཀུན་འབྱུང་བར་འདོད་པ་ནི། སེམས་ཅན་སྤྱི་དང་། རང་གི་སེམས་དང་། སེམས་བྱུང་མ་རྟོགས་པ་ལས་གཤིས་ལྔ་མ་རྟོགས། གཤིས་ལྔ་མ་རྟོགས་པ་ལས་དུག་ལྔ། དུག་ལྔ་ལྔར་དབྱེ་སྟེ། གཏི་མུག་གི་གཏི་མུག་དང་། གཏི་མུག་གི་ཞེ་སྡང་དང་། གཏི་མུག་གི་ང་རྒྱལ་དང་། གཏི་མུག་གི་ཕྲག་དོག་གོ། །ཞེ་སྡང་གི་ཞེ་སྡང་དང་། ཞེ་སྡང་གི་གཏི་

(༥༨)མུག་དང་། ཞེ་སྡང་གི་འདོད་ཆགས། ཞེ་སྡང་གི་ང་རྒྱལ། ཞེ་སྡང་གི་ཕྲག་དོག་གོ། འདོད་ཆགས་ཀྱི་འདོད་ཆགས། འདོད་ཆགས་ཀྱི་ཞེ་སྡང་། འདོད་ཆགས་ཀྱི་གཏི་མུག འདོད་ཆགས་ཀྱི་ང་རྒྱལ། འདོད་ཆགས་ཀྱི་ཕྲག་དོག་གོ། །ང་རྒྱལ་གྱི་ང་རྒྱལ་དང་། ང་རྒྱལ་གྱི་གཏི་མུག་དང་། ང་རྒྱལ་གྱི་ཞེ་སྡང་དང་། ང་རྒྱལ་གྱི་འདོད་ཆགས་དང་། ང་རྒྱལ་གྱི་ཕྲག་དོག་གོ། །ཕྲག་དོག་གི་ཕྲག་དོག་དང་། ཕྲག་དོག་གི་ཞེ་སྡང་དང་། ཕྲག་དོག་གི་གཏི་མུག་དང་། ཕྲག་དོག་གི་འདོད་ཆགས། ཕྲག་དོག་གི་ང་རྒྱལ་ལོ། དུག་ལྔ་ཡང་མ་རྟོགས་པའི་དབང་གིས་ཆ་མཐུན་ཉི་ཤུ་རྩ་ལྔར་འཁྲུལ་པའི་དབང་གིས། དུག་ལྔའི་རྟོག་པ་ཉི་ཤུ་རྩ་ལྔ། དེ་རྣམས་ལས་སོ་སོར་འཕྲོས་པ་ལས་རྣམ་པར་རྟོག་པ་བརྒྱད་ཁྲི་དང་བཞི་སྟོང་ཡུལ་དང་ཡུལ་ཅན་དུ་སེམས་དང་སེམས་བྱུང་གི་ཚུལ་དུ་འཁྲུལ་བའོ། །ཉོན་མོངས་པ་དུག་ལྔ་ལ་བརྒྱད་ཁྲི་བཞི་སྟོང་དུ་ཆ་མཐུན་སོ་སོར་དབྱེ་བ་ནི། ཉོན་མོངས་པ་གཏི་མུག་ཉི་ཁྲི་ཆིག་སྟོང་ཡུལ་དང་ཡུལ་ཅན་གྱི་ཚུལ་དུ་བྱུང་། །ཞེ་སྡང་ཉི་ཁྲི་ཆིག་སྟོང་ཡུལ་དང་ཡུལ་ཅན་གྱི་ཚུལ་དུ་འཁྲུལ། །འདོད་ཆགས་ཉི་ཁྲི་ཆིག་སྟོང་ཡུལ་དང་ཡུལ་ཅན་གྱི་ཚུལ་དུ་སྤྱོད། །དུག་གསུམ་ཆ་མཐུན་པའི་ང་རྒྱལ་ཕྲག་དོག་གཉིས་ལས་དུག་ལྔ་ལ་ཆ་མཐུན་དུ་ཉོན་མོངས་པ་ཉི་ཁྲི་ཆིག་སྟོང་། །ང་རྒྱལ་ཕྲག་དོག་གི་དབང་གིས་ཆ་མཐུན་མ་རྟོགས་པ་ནི། །རྣམ་པར་རྟོག་པ་དང་ཉོན་མོངས་པ་བརྒྱད་ཁྲི་

(༥༩)བཞི་སྟོང་གི་འཁྲུལ་པ་དང་། །འཁྲུལ་གཞི་རྣམས་སེམས་ཅན་གཅིག་གི་རྒྱུད་ལ་ཡང་ཐམས་ཅད་ཚངས་པས། ཁམས་གསུམ་པའི་སེམས་ཅན་ཡོངས་ལ་ཡང་ཁྱབ་པའོ། །གྲངས་ཅན་གྱི་རྣམ་པར་རྟོག་པ་དང་། །ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གཏན་ལ་ཕབ་པ་སྟེ། །གྲངས་མེད་ཚད་ལས་འདས་པར་ཡང་རྣམ་པར་ངེས་པ་དང་། རྣམ་པར་མ་ངེས་previous hit ། །བཞེད་མི་བཞེད་གང་གིས་དགོངས next hit། །སྤྲུལ་པའི་སྐུ་རྒྱལ་བ་ཤཱཀྱ་ཐུབ་པ་སངས་རྒྱས་ནས། །སེམས་ཅན་ཐམས་ཅད་ཀྱི་ཁམས་རྒྱུད་ལ་གཟིགས་ཤིང་། previous hit དགོངས next hit་དང་previous hit དགོངས་གཞི་མཛད་པའི་དུས་སུ་ཉོན་མོངས་ next hit་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར། །ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་ཤིང་། །བྱིན་གྱིས་བརླབས་ནས་རྗེས་སུ་གནང་བའོ། །ཞེ་སྡང་གི་གཉེན་པོར་མདོ་སྡེ་དྲང་། །དོན་དང་། །ངེས་དོན་ལ་གཏོགས་པ་ཉི་ཁྲི་ཆིག་སྟོང་། །འདོད་ཆགས་ཀྱི་གཉེན་པོར། །ལུང་དང་ཕྲན་ཚོགས་འདུལ་བ་ལ་གཏོགས་པ་ཉི་ཁྲི་ཆིག་སྟོང་། །གཏི་མུག་གི་གཉེན་པོར་མངོན་པ་ལ་གཏོགས་པ་ཉི་ཁྲི་ཆིག་སྟོང་། །དུག་གསུམ་ཆ་མཉམ་པའི་སྤྱི་ཁར། །ང་རྒྱལ་ཕྲག་དོག་གཉིས་ཀྱི་གཉེན་པོར་ལོངས་སྐུ་རང་རྒྱུད་པའི་བསྟན་པ། །བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད། །རྣལ་འབྱོར་གྱི་རྒྱུད་སྡེ་གསུམ་ཡང་། །གཟུངས་སྔགས་རིག་སྔགས་ཀྱི་ཆར་གཏོགས་པ་སྟེ། །བྱ་རྒྱུད་གསུམ་ལས་ཉི་ཁྲི་ཆིག་སྟོང་བཀར་གསུངས་པ་དང་། །རྒྱུད་དུ་བྱོན་པར་བཞེད་པའོ། །སྡེ་སྣོད་གསུམ་དང་ཆ་མཐུན་དུ་

(༦༠)བརྩི་ན། །ཀྲྀ་ཡ་དག་པའི་རྣལ་འབྱོར་འདུལ་བ་དང་ཆ་མཐུན། ཨུ་པ་ཡ་སྤྱོད་པའི་སྡེ་ཚན་མངོན་པ་དང་ཆ་མཐུན། །ཡོ་ག་རྣལ་འབྱོར་གྱི་རྒྱུད་སྡེ་རྣམས་མདོ་སྡེ་དང་མཐུན། །སྤྲུལ་སྐུ་ཆེན་པོའི་བསྟན་པ་ཕྱི་རྒྱུད་གསུམ་ཡང་དབྱེ་ན། །རྣམ་པ་བཅུ་གཉིས་སུ་འདོད་པ་ཡང་ཡོད། །རྣལ་འབྱོར་གྱི་རྣལ་འབྱོར་དང་། །རྣལ་འབྱོར་གྱི་རྣལ་འབྱོར་ཆེན་པོ་དང་། །རྣལ་འབྱོར་གྱི་རྒྱུད་དོ། །སྤྱོད་པའི་རྒྱུད་ཀྱི་སྤྱོད་རྒྱུད་དང་། སྤྱོད་པའི་རྒྱུད་ཀྱི་བླ་མེད་དང་། སྤྱོད་པའི་རྒྱུད་ཀྱི་རྣལ་འབྱོར་དང་བྱ་རྒྱུད་དོ། །བྱ་བའི་རྒྱུད་ཀྱི་བྱ་རྒྱུད་དོ། །བྱ་བའི་རྒྱུད་ཀྱི་བླ་མེད་དང་། །བྱ་བའི་རྒྱུད་ཀྱི་རྣལ་འབྱོར་དང་། །སྤྱོད་པའི་རྒྱུད་དོ། །ལྟོས་པ་དང་ལྟོས་ཆོས་ཀྱི་དབང་གིས་རྒྱུད་སྡེ་བཞི་ལ་བཅུ་གཉིས་སུ་དབྱེ་བར་ཡང་བཞེད། །རྩ་བ་རང་སྐད་དུ་དབྱེ་ན། །ཕྱི་རྒྱུད་གསུམ་པོ་རེ་རེ་ལ་ཡང་གསུམ་གསུམ་དུ་དབྱེ་བ་སྟེ་དགུར་བཞེད་པའོ། །ཉི་ཁྲི་ཆིག་སྟོང་དེ་ལ་ཆ་གསུམ་དུ་དབྱེ་ན། །ཆ་མཉམ་གསུམ་དུ་བཞེད་པ་ཡིན། །ཀྲྀ་ཡ་དཔུང་བཟངས་གི་རྒྱུད་ལས་ཀྱང་། །ཀྲྀ་ཡ་མདོ་སྔགས་གཉིས་ཀྱི་མཚམས་སུ་བྱུང་། །སྟོན་པ་མཐུན་ཏེ་བསྟན་པ་མི་མཐུན་ནོ། །གསུངས་པའི་ཕྱིར་ན། །སྟོན་པ་ཤཱཀྱ་ཐུབ་པ་མཐུན་ཏེ། བསྟན་པ་སྔགས་དང་སྡེ་སྣོད་གཉིས་སོ་སོར་འབྱེད་པར་བཞེད། །མཁས་རྣམས་དེ་ལྟར་མཁྱེན་པར་མཛོད། །གཤིས་ལྔ་འོད་ཁ་དོག་ལྔའི་རྟོག་པར་འཁྲུལ། །དེ་ལས་འཕྲོས་པ་དུག་ལྔའི་རྣམ་པར་རྟོག་པ་བརྒྱད་ཁྲི་བཞི་སྟོང་། །དེས་བསྐྱེད་པའི་ཡུལ་ཅན། །ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་རྩ་བ་ལོ་འདབ་ཕྱོགས་མེད་དུ་རྒྱས་པ་ཡིས། །ཁམས་གསུམ་འཁོར་བ་གྲུབ་པ་སྟེ། །ཐམས་ཅད་མཁྱེན་པ་ཤཱཀྱ་སེངྒེ་ཡིས་ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས་ནས་

(༦༡)ཁམས་གསུམ་པའི་སེམས་ཅན་ཐམས་ཅད་ཀྱི་ཁམས་དང་སྐྱེ་མཆེད་ལ་previous hit དགོངས་ནས། །ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་སེམས་ཅན་རྣམས་ཀྱི་ཁམས་རྒྱུད་དང་བསྟུན་ནས་གསུངས་ next hit་སྟེ། །སྟོན་པ་གཉིས་ཀྱི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། །ཐེག་པ་དྲུག་གི་ས་གཅོད་དང་རྩ་བ་བསྟན་པའོ། །གོང་ནས་རང་བཞིན་སྐུའི་བསྟན་པ་དང་། །ངོ་བོ་ཉིད་སྐུའི་བསྟན་པ་དང་། །ཆོས་ཀྱི་སྐུའི་བསྟན་པ་གསུམ་གྱིས་ཐེག་པ་དྲུག་ལ་མར་ལ་ཁྱབ་ཅིང་། །ཐེག་པ་དྲུག་གིས་ཡར་ལ་བཤིག་པ་དང་། །སྒྲུབ་པ་གང་ཡང་ནུས་པ་མ་ཡིན་ཏེ། །གནམ་དང་སའི་རྟེན་འབྲེལ་འདྲ། དེའི་ཕྱིར་ན། །གོང་གི་ཐེག་པ་གསུམ་སངས་རྒྱ་བའི་ལམ་ཐག་ཤིན་ཏུ་ཉེ་བ་སྟེ། འོག་གི་དྲུག་པོ་འདི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དབྱིངས་དང་ཡེ་ཤེས་རོ་མཉམ་པ། རང་བྱུང་གི་ཡེ་ཤེས་གསུམ་དུ་རྟོགས་ཤིང་། །སྐུ་ལྔ་ཡོངས་སུ་རྫོགས་པར་སངས་རྒྱ་བར་བཞེད་པ་སྟེ། །དེ་རེ་རེ་ལ་ཡང་རྩ་བ་རེ་རེ་ཡོད་པ་གཞན་དུ་ཤེས་པར་བྱའོ། །ཤཱཀྱ་ཐུབ་པའི་བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་previous hit དགོངས next hit་དང་། previous hit དགོངས་གཞིའི་རྩ་བ་མདོར་བསྡུས་ next hit་ལས། མཁྱེན་པ་གཉིས་དང་ལྡན་པར་འདོད་པའི་བཤེས་གཉེན་རྣམས་ཀྱིས། དཔེ་རེ་རེ་བྲིས་ཤིང་། སྒྲ་དང་དོན་སོ་སོར་ཤེས་ཤིང་གོ་ནས། །སངས་རྒྱས་ཆོས་དང་སེམས་ཅན་གསུམ་གྱི་རྒྱུ་རྟོགས། ལམ་རྟོགས། འབྲས་བུ་རྟོགས་ན། །ཀུན་གཟིགས་རྒྱལ་པོ་རྡོ་རྗེ་དབྱིངས་སུ་ལོངས་སྐུ་ཆུང་ངུར་སངས་རྒྱ་བར་བཞེད་པའོ། །

(༦༢)སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། །འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རྩ་བ། །གཤིས་ལྔ་ལས་འཁྲུལ་བ། །རྣམ་པར་རྟོག་པ་བརྒྱད་ཁྲི་བཞི་སྟོང་། །དེས་བསྐྱེད་པ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་། །དེའི་གཉེན་པོར་སྤྲུལ་པའི་སྐུའི་བསྟན་པ་སྡེ་སྣོད་གསུམ། །རིགས་ལྔ་རང་རྒྱུད་པ་སྤྲུལ་པའི་སྐུའི་བསྟན་པ་ཕྱི་རྒྱུད་གསུམ། །ཐེག་པ་དྲུག་ལས་ཉོན་མོངས་པའི་གཉེན་པོར། །ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དུ་དབྱེ་བའི་རྩ་བ་བསྟན་པ་རྒྱ་མཚོ་མཐའ་ཡས་རྫོགས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད། །ཕ་རོལ་ཏུ་ཕྱིན་པའི་ལམ་བསྒྲོད་པ་དང་། །སྡོམ་པ་དང་སྤྱོད་པའི་ཆོས་ནི་འདི་རྣམས་ཏེ། །སྦྱིན་པ་དང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། །ཚུལ་ཁྲིམས་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། །བཟོད་པ་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། །བརྩོན་འགྲུས་དང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། །བསམ་གཏན་དང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། །ཤེས་རབ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་དང་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། །སྨོན་ལམ་དང་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་། །སྟོབས་དང་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། །ཡེ་ཤེས་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་སེམས་དཔའི་འཇིག་རྟེན་ཟག་པ་དང་བཅས་པའི་ལམ་ནི། ཚོགས་ལམ་བཞི་གསུམ་

(༦༣)བཅུ་གཉིས། །སྦྱོར་ལམ་ངེས་པར་འབྱེད་པ་བཞི་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་སོ་སོར་དབྱེ་བ་ནི། དྲན་པ་ཉེ་བར་གཞག་པ་བཞི། ཡང་དག་པར་སྤོང་བ་བཞི། རྫུལ་འཕྲུལ་གྱི་རྐང་པ་བཞིའོ། སྦྱོར་ལམ་ངེས་པར་འབྱེད་པ་ཆ་བཞི་ནི། དབང་པོ་ལྔ། སྟོབས་ལྔ། བྱང་ཆུབ་ཀྱི་ཡན་ལག་བདུན། འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། བཤིག་པའི་ལྟ་བ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་འབེབས་ཤིང་། སྟོང་པ་ཉིད་དུ་བཤིག་ནས་གཟུང་འཛིན་ཐམས་ཅད་གྲོལ་ཞིང་བཤིག་པར་བཞེད་པ་སྟེ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ། གཅིག་གིས་གཅིག་བཤིག །གཅིག་གིས་གཅིག་སྟོང་། བྱས་དང་བཤིག་པའི་སྟོང་ཉིད་བཅོ་བརྒྱད་དོ། །བྱང་ཆུབ་སེམས་དཔའི་

(༦༤)ས་ལམ་བསྒྲོད་པའི་དུས་སུ། ཟག་བཅས་དང་། ཟག་མེད་དང་། ཟུང་འཇུག་གི་ཏིང་ངེ་འཛིན། གྲངས་མེད་པ་དང་། གྲངས་ཅན་གཉིས་ཡིན་པ་ལས། གྲངས་ཅན་སོ་སོར་དབྱེ་ན། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི་ལ་སོགས་པ་སྟེ། ཏིང་ངེ་འཛིན་རྣམ་གྲངས་སུམ་བརྒྱ་དང་། འགྱུར་བ་མེད་པའི་ཏིང་ངེ་འཛིན་དང་། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ལ་སོགས་པའི་ཏིང་ངེ་འཛིན་གྱི་རྣམ་གྲངས་སྟོང་རྩ་བརྒྱད་ལ། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་ཅིང་། རྡུལ་དང་བྲལ་བའི་ཏིང་ངེ་འཛིན། བདག་མེད་གཉིས་རྟོགས་ཤིང་རྩལ་རྫོགས་ན་ཡོན་ཏན་དྲོད་ཚད་རིམ་གྱིས་འདི་ལྟར་འབྱུང་སྟེ། ཟག་པ་དང་བཅས་པའི་མངོན་པར་ཤེས་པ་དང་། ཟག་པ་མེད་པའི་མངོན་པར་ཤེས་པ་རིམ་གྱིས་འཆར་རོ། །གཟུངས་ཀྱི་སྒོ་ལྔ་བརྒྱ་ལ་རིམ་གྱིས་མཁྱེན་པ་རྒྱས་ན། མི་བརྗོད་པའི་གཟུངས་ཐོབ་པར་བཞེད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་མཐར་ཐུག་པར་རྟོགས་ན། སོ་སོ་ཡང་དག་པར་རིག་པ་བཞི། ས་བརྒྱ་པ་དགུ་པ་ནས་སྒྲིབ་པ་མེད་པར་རིག་པར་བཞེད་པ་དང་། ས་བཅུ་ཆོས་ཀྱི་སྤྲིན་གྱི་དུས་སུ། སྟོན་པ་སངས་རྒྱས་སྤྲིན་ལྟར་དུ་གཏིབས་པ་དང་། བསྟན་པ་དམ་ཆོས་མཁྱེན་བྱ་མཁྱེན་བྱེད་ཇི་སྙེད་པ་མཁྱེན་པས་ཏེ། བརྩེ་བ་ཡང་ཅུང་ཟད་ཙམ་དང་། ནུས་པའི་སྟོབས་དང་ལྡན་པ་ནི་ཤེས་བྱའི་སྒྲིབ་པ་དག་ཏུ་བཞེད། ལྟོས་པ་དང་ནི་ལྟོས་ཆོས་ཀྱི། །ཡོན་ཏན་

(༦༥)ཐམས་ཅད་ཀུན་རྫོགས་ཀྱང་། །མཚན་ཉིད་པ་ཡི་སྐད་དུ་ནི། །གཉེན་པོ་ཡེ་ཤེས་རྡོ་རྗེ་ཡིས། །ཤེས་བྱའི་སྒྲིབ་པ་བཅོམ་པར་བཞེད། །ཐ་མའི་ཐ་མ་འདི་ཉིད་དུ། །རྗེ་ཁོལ་གཉེན་པོའི་དཔེ་དང་མཚུངས། །ཤིན་ཏུ་འཕྲ་ཞིང་འཕྲ་བ་ལ། །སྦོམ་ཞིང་སྦོམ་པར་མི་འགྱུར་རམ། །དེ་ལྟར་ནམ་གྱི་ཐོ་རངས་ལ། །བྱང་སེམས་སྐད་ཅིག་གནས་པ་ལས། །སྐད་ཅིག་གཉིས་པར་མངོན་སངས་རྒྱས། །ཐུབ་པ་དེ་ཡི་ཞལ་སྔ་ནས། །བདུད་རྩི་ལྟ་བུའི་དོན་རྟོགས་འདི་སྐད་གསུངས། །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུ་ཆོས་ཤིག་བདག་གིས་རྟོགས། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །བདག་ནི་མི་སྨྲ་ནགས་འདབ་ཅིག་ཏུ་གནས་པར་བགྱི། །དེ་སྐད་དུ་གསུངས་པའི་ཐུབ་པ་དེ། མི་འཇིགས་པ་བཞི་དང་ལྡན་པའི་སངས་རྒྱས་ཡིན་ནམ་མིན། དེ་ལྟར་དུ་མི་འཇིགས་པ་བཞི་དང་། སྟོབས་བཅུ་དང་ལྡན་པའི་སངས་རྒྱས་ཡིན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འབྲས་བུ་མཐར་ཕྱིན་པ་སྤྲུལ་པའི་སྐུའི་སངས་རྒྱས་སྤྱན་ལྔ། མ་བདྲེས་པ་བཅོ་བརྒྱད། ཟིལ་གྱིས་མི་ནོན་པའི་སྐྱེ་མཆེད་བཞི། མཚན་དང་དཔེ་བྱད་དང་ལྡན་པའི་སངས་རྒྱས་ཏེ། རྒྱུ་རེ་རེ་ལས་འབྲས་བུ་རེ་རེ་ཐོབ་པར་བཞེད་དམ་མི་བཞེད། ས་བཅུ་ལམ་ལྔ་ཡོངས་སུ་རྫོགས་པའི་སྤྲུལ་སྐུ་བསྐལ་པ་གྲངས་མེད་པ་གསུམ་དུ་སྤངས་པ་ཕུན་སུམ་ཚོགས་པ་སྤངས་ནས། ཐོབ་པ་ཕུན་སུམ་ཚོགས་

(༦༦)པ་ཚུར་ཐོབ་པར་བཞེད་པའི་གཞི་ལམ་འབྲས་བུའི་ལམ་བསྒྲོད་ཚུལ་ལགས་པས། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་བརྟེན་ནས་ཐེག་པ་ཆེན་པོའི་སྒོམ་ཆེན་པ་ཀུན་གྱིས་ཤེས་པར་གྱིས་ཤིང་ཁ་ལ་ལོང་། མཁས་པ་རྣམས་ལ་སྒྲོ་འདོགས་ཆོད་ཅིང་བསྒོམས། བསྒོམས་ཤིང་མ་རྟོགས་ན། ཕར་ཕྱིན་ཚུར་ཕྱིན་བཤད་དང་སྒོམ་པ་དོན་མེད་ཡིན། མཐོང་ལམ་ས་དང་པོའི་བདེན་པ་མཐོང་བ་ནི། ཟག་པ་མེད་པའི་སྒོམ་ལམ་ཡིན་ལ། ས་གཉིས་པ་ནས་ས་བརྒྱད་པའི་བར་དུ་ཟུང་འཇུག་རབ་འབྲིང་ཐ་མ་བརྒྱད་ཀྱིས་ས་ལམ་རྫོགས་པར་བྱེད་པའི་ཕྱིར་ན། ཟུང་དུ་འཇུག་པའི་སྒོམ་ལམ་དུ་བཞེད་པའོ། ས་དགུ་ལེགས་པའི་བློ་གྲོས་དང་། ས་བཅུ་ཆོས་ཀྱི་སྤྲིན་ནི། མི་སློབ་པའི་སྒོམ་དུ་མེད་པའི་སྒོམ་ལམ་མཐར་ཕྱིན་པར་བཞེད་པ་སྟེ། ས་བཅུ་གོང་ནས་གོང་དུ་རྫོགས་པར་བཞེད་པའི་ལམ་གྱི་ཆ་རྐྱེན་ལས། སྦྱིན་པའི་ཕུང་པོ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ། ལ་སོགས་ཏེ། ཕུང་པོ་དྲུག་ཡོངས་སུ་རྫོགས་དགོས་པར་བཞེད། བྱང་ཆུབ་སེམས་དཔའ་དབང་བཅུ་རྫོགས་པ་དང་། བྱང་ཆུབ་སེམས་དཔའ་ས་ལམ་སྦྱོང་བའི་དུས་སུ་ས་དང་པོའི་བདེན་པ་མཐོང་བ་ནས། ས་བཅུའི་བར་དུ་རྟོགས་པ་རབ་འབྲིང་ཐ་མ་བཅུ་ཆར་དགོས་

(༦༧)དགོས་པར་བཞེད་པ་སྟེ། མ་ནོར་བ་དེ་བཞིན་ཉིད་རྟོགས་པ་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་རྟོགས་པ་དང་། ཆོས་ཐམས་ཅད་དེ་བཞིན་ཉིད་རྟོགས་པ་དང་། ཆོས་ཐམས་ཅད་སྐྱོན་མེད་པར་རྟོགས་པ་དང་། ཆོས་ཀྱི་དབྱིངས་མཐའ་ཡས་པར་རྟོགས་པ་དང་། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པར་རྟོགས་པ་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་ཉིད་འགྲོ་འོང་མེད་པར་རྟོགས་པ་དང་། དེ་རྣམས་ཐམས་ཅད་འཕོ་ཞིང་འགྱུར་བ་མེད་པ་ཡེ་ཤེས་རྡོ་རྗེ་ལྟ་བུར་རྟོགས་པ་ནི་བྱང་ཆུབ་སེམས་དཔའི་previous hit དགོངས next hit་དང་། རྟོགས་པ་མཐར་ཕྱིན་པའོ། །བཅུ་གཅིག་ཀུན་ཏུ་འོད་ཀྱི་ས། འབྲས་བུ་སྤྲུལ་པའི་སྐུའི་གཞི་ལམ་འབྲས་བུས་གཅིག་ཏུ་རྫོགས་པར་བཞེད་པའོ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྩ་བ་གཞུང་སྡེ་སྣོད་གསུམ་དང་ཀྲྀ་ཡོག་གསུམ་མན་ཆོད་ཀྱི་རྩ་བ་མདོར་བསྡུས་པའོ། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་དང་འབྲས་བུའི་ས་མཚམས་འབྱེད་པའི་ས་གཅོད། སངས་རྒྱས་བསྟན་པའི་གཞི་འཛིན། ཐམས་ཅད་ཤེས་པ་ཉིད། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའི་རྩ་བ། འདུལ་བ་མངོན་པ་གཉིས་ཀྱིས་ལམ་བསྒྲོད་པའི་བསྟན་པའི་རྩ་བ་གཉིས་ཡིན་ཏེ། ནང་ཏིང་ངེ་འཛིན་རྫས་དང་རྡུལ་དུ་ངོས་འཛིན་ཞིང་། འཇིག་ཚོགས་ལ་ལྟ་བའི་

(༦༨)རྡུལ་ཚོགས་ཀྱི་ཏིང་ངེ་འཛིན་དང་། ཕྱི་སྤྱོད་པ་ཚུལ་ཁྲིམས་ཀྱི་ཕུང་པོ་གསུམ་དང་ལྡན་ན། དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་པར་བཞེད་པ་སྟེ། ལམ་བསྒྲོད་བྱའི་ཏིང་ངེ་འཛིན་གྱི་རིམ་པ་ནི། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། བསམ་གཏན་བཞི་དང་། རྣམ་པར་ཐར་པ་བརྒྱད། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་འདུ་ཤེས་དགུ་ཡིས་ཕྱི་ནང་གི་གཟུང་འཛིན་འགོག་པ་དང་། བཤིག་པ་ལ་བློ་སྦྱངས་ན། དེ་ཡང་ལམ་མ་གོལ་ན་འབྲས་བུ་རིམ་གྱིས་ཐོབ་པ་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་བཞེད་པའོ། བསྐལ་པ་གྲངས་མེད་བརྒྱད་ཁྲིས་ཉན་ཐོས་རྣམས་བླ་ན་མེད་པར་སངས་རྒྱས་པའི་ལུང་ཡོད་པ་ལགས་སོ། །དགྲ་བཅོམ་པའི་འབྲས་བུ་ཐོབ་རྒྱབ་ཏུ་སློབ་དཔོན་དང་སྟོན་པ་གང་ཡང་མེད་པར་རང་གི་རིག་པས་རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་ལུགས་འབྱུང་དང་། ལུགས་ལས་བཟློག་ནས་སྟོང་པ་ཉིད་བཅུ་གཉིས་སུ་བཤིག །བདག་གཞན་གྱི་སྟོང་པ་ཉིད་གཉིས་སུ་བཤིག །སྟོང་པ་ཉིད་བཅུ་དྲུག་ཏུ་སྣང་སེམས་གཉིས་བཤིག་ཅིང་སེམས་ཙམ་འབྲེང་ཙམ་དུ་གོམས་པར་བགྱི་བ་ཡིས་སྣང་བ་ཆོས་ཀྱི་ཕྱེད་རྟོགས་པའོ། །ཁ་ས་མུ་ཏྲའི་རྒྱུད་ལས་ཀྱང་། །བཅུ་དྲུག་ཆ་གྲངས་རབ་ཞི་བ། །ཡིད་བཞིན་བདེ་བ་

(༦༩)མཆོག་གི་ས། །ཞེས་གསུངས་བའི་ཕྱིར། རྒྱུད་ནམ་མཁའ་ཀློང་ཡངས་ཀྱི་ལུང་ལས་ཀྱང་། སངས་རྒྱས་རྣམས་ཀྱང་མ་བཞུགས་ཤིང་། །ཉན་ཐོས་རྣམས་ཀྱང་མེད་པས་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །སློབ་དཔོན་མེད་པར་རང་ལས་འབྱུང་། །ཞེས་གསུངས་པའི་ཕྱིར་ན་སྐབས་འདིར་རིག་པ་གཙོ་ཆེར་སྟོན་པའོ། །ཐེག་པ་གཉིས་ལས་སྤྱོད་པ་སྟེ། འདུལ་བ་བསྒྲུབ་ཅིང་ཉིས་བརྒྱ་ལ་ཡང་བརྟེན་པའི་ཕྱིར་ན། བར་མ་སྤྱོད་ཀྱི་མངོན་པ་ཞེས་ཀྱང་བྱ། མ་མོ་ཞེས་ཀྱང་བྱ་བའི། ཉན་རང་གཉིས་ཐམས་ཅད་ཤེས་པ་ཉིད་ཀྱི་གཞི་ལམ་འབྲས་བུའི་གཞུང་རྩ་བ་ས་བཅད་དོ། །མདོ་འདུལ་གཉིས་ལ་བརྟེན་པའི་ཕྱིར་ན་བར་མ་སྤྱོད་ཀྱི་ཐེག་པ་སྟེ། བཅོས་མ་ཕྲ་མེན་གྱི་ས། གོལ་བའི་ས་ཕྱེད་དང་དྲུག་གིས་ལམ་གྱི་གཞུང་ཤིང་བསྟན་པའོ། །མྱ་ངན་ལས་འདས་པའི་རྩ་བ་སྟེ། འཇིག་རྟེན་པའི་སར་གོལ་ན། གཟུགས་ཁམས་གནས་རིས་བཅུ་བདུན་དང་། །གཟུགས་མེད་སྐྱེ་མཆེད་མུ་བཞི་སྟེ། །སྲིད་པ་གོང་མ་དང་བར་བ་གཉིསཀྱི་རྒྱུ་འབྲས་དག་ཏུ་བཞེད་པ་ཡིན། དེའི་ཕྱིར་ན་སྲིད་པར་མི་འཁྲུལ་ཞིང་། །ཞི་བ་མྱ་ངན་ལས་འདས་པ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་འབྲས་བུའི་མཐར་ཐུག་གོ། །དེའི་ཕྱིར་ན་གཏན་ལ་ཕབ་པའི་མདོ་སྡེ་ལས། ས་ཕྱེད་གཉིས་རྟོགས་པའི་རང་སངས་རྒྱས། །བསྐལ་པ་གྲངས་མེད་ཉི་ཁྲི་ཡིས། །བླ་མེད་བྱང་ཆུབ་ཐོབ་སོ་གསུང་། དེའི་ཕྱིར་ན། །ཉན་རང་གཉིས་ཀྱི་རྒྱུ་ཤེས་ལམ་

(༧༠)ཤེས་འབྲས་བུ་ཤེས་པར་བྱའོ། །ཐམས་ཅད་ཤེས་དང་ལམ་ཤེས་དང་། །རྣམ་པ་ཐམས་ཅད་མཁྱེན་དང་གསུམ། །སྡེ་སྣོད་གསུམ་གྱི་གཞི་ལམ་འབྲས་བུ་སྟེ། །མཁྱེན་པ་སྡེ་གསུམ་གཏན་ལ་འབེབས་པར་འཚལ། །འདི་ནི་ཐམས་ཅད་ཤེས་པ་ཉིད་ཀྱི་ས་གཅོད་མདོར་བསྡུས་པའོ། །དགེའོ། །

(༢༡)རྒྱས་པ་ལས་ཀྱང་། །རྡོ་རྗེ་རྒྱལ་པོ་རང་དབང་ཆེ། །ཞེས་གསུང་པ་ཡང་དོན་འདི་ལ་previous hit དགོངས next hit་ཡིན། དེའི་ར་ན། །དབང་ལ་ཐོབ་རྒྱུ་མེད་ཀྱང་རྟོགས་རྒྱུ་ཡོད་པར་འདོད་པ་སྟེ། མ་ཧཱ་ཡོ་ག་ལས་བཞིར་དབྱེ་བས། །དབང་བཞི་ཡང་ལྟོས་ས་ལྟོས་ཆོས་ཙམ་དུ་བསྐུར་བར་བཞེད་པ་སྟེ། །ཐེག་པའི་དབང་སྐལ་དུ་བྱས་ན། མ་ཧཱ་ཡོ་ག་གསར་རྙིང་གཉིས་ཀྱིས་ཀྱང་། །གསང་བའི་དབང་ལ་བཞིར་དབྱེ་བའི་མཐར་ཐུག་ཙམ་བསྐུར་དུ་རུང་བ་ཡིན། དེའི་ཕྱིར་ན། །མ་ཧཱ་ཡོ་ག་གསར་རྙིང་གཉིས་ཚིག་ལ་ཐ་དད་ཡོད་ན་ཡང་། །གཞི་ལམ་འབྲས་བུའི་previous hit དགོངས next hit་མཐར་ཐུག་པ་ཡིན། །མ་ཧཱ་ཡོ་གའི་བདུད་རྩི་སྨན་གྱི་རྒྱུད་སྡེ་གྲངས་མེད་པ་བཞུགས་པ་ཡིས། །གཙོ་ཆེར་འདོད་ཡོན་ལྔ་ཡིས་ཁྱབ་ཚད་ཀྱི་འབྱུང་བ་ལྔ་ཡིས་བསྡུས་པ་ཁམས་གསུམ་འཁོར་འདས་གཉིས་ཀྱི་དཀྱིལ་འཁོར་འདི། །དོན་དམ་ཀུན་རྫོབ་གཉིས་ཀྱི་བྱང་ཆུབ་ཀྱི་སེམས། དོན་དམ་བྱང་ཆུབ་ཀྱི་སེམས། ཀུན་གཞི་འབྱུང་བའི་ཆོན། །མ་རིག་ཅིང་མ་རྟོགས་པའི་དབང་གིས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི། །ཐིག་ལེ་དཀར་དམར་གཉིས་ཀྱི་རྒྱུ་འབྲས་ཀྱིས། །ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་དང་། །འགྲོ་བ་རིགས་དྲུག །ཁམས་གསུམ། འབྱུང་བ་ལྔ་ཡིས་བསྡུས་ཚད། །རྒྱུ་འདི་གཉིས་ལས་བྱུང་བའི་ཕྱིར་ན། །ཤ་དང་ཆང་གཉིས་ཀྱིས་དེ་གཉིས་ཀྱི་རྒྱུའི་དཔེ་མཚོན་ནས། །ཤ་ལྔ་བདུད་རྩི་ལྔ་བོད་ཡིག་འབྲུ་ལྔ། དུག་དང་། སྨན་དང་། །ཤ་ཁྲག་སྣ་ཚོགས་པ་རྣམས་ཀྱི་རྫས་ལ་

(༢༢)བརྟེན་ནས། །བདུད་རྩི་སྨན་བསྒྲུབ་པ་དང་། །ཚོགས་བསྒྲུབ་པ་དང་། །གཏོར་མ་བསྒྲུབ་པ་སྣ་ཚོགས་ལ་ཐ་དད་ཡོད་ན་ཡང་། །དོན་ལ་ངོ་བོ་གཅིག་པའི་ཕྱིར་ན། །བྱིན་གྱིས་བརླབ་ནུས་ན་ནི་གཏོར་མ་དང་། །བདུད་རྩི་སྨན་བསྒྲུབ་པ་རྣམས་བྱིན་རླབས་རྒྱ་ཆེན་པོ་དང་ལྡན་པ་སྟེ། །ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་ཚོགས་ཀྱི་ཡོ་བྱད་དུ་མ་གྱུར་པ་གང་ཡང་མེད་དོ། །དེའི་ཕྱིར་ན་མ་ཧཱ་ཡོ་གའི་རྒྱུད་སྡེ་ཐམས་ཅད་ཀྱི་ནང་ན་ཡང་། ཚོགས་དང་། གཏོར་མ། སྨན་སྒྲུབ་ལ་སོགས་པ་རྒྱས་བསྡུས་ཕྱོགས་མེད་དུ་སྟོན་པའི་ཕྱིར་ན། མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་ན་ནི། །ཐམས་ཅད་བདུད་རྩིར་བྱིན་གྱིས་བརློབ་ནུས་ལ། །སྐྱེད་རྫོགས་ལ། །དབང་མ་ཐོབ་ན་ནི། །བདུད་རྩི་སྨན་གྱི་རྒྱུད་སྡེ་ཐམས་ཅད་ཤེས་ཤིང་བསྒྲུབས་ཀྱང་། །ཨ་མྲྀ་ཏ་ཞེས་བྱ་བར་ཐ་སྙད་མི་འདོགས་སོ། །མ་མོ་སྦོད་གཏོང་གི་རྒྱུད་སྡེ་རྣམས་ཀྱི་ལྷ་ཚོགས་རྣམས་དང་། །སྨོད་པ་དྲག་སྔགས་ཀྱི་རྒྱུད་སྡེའི་ལྷ་ཚོགས་རྣམས་ཀྱང་། །མ་ཧཱ་ཡོ་ག་གསར་རྙིང་གི་ཆོ་ག་ལགས་ཏེ་དངོས་པོ་གཤིས་ཀྱི་གནས་ལུགས། །ལུས་སེམས་གཉིས་ཀྱི་དཀྱིལ་འཁོར་དུ། །འཇིག་རྟེན་དང་ནི་འཇིག་རྟེན། །འདས་པའི་ས་བོན་ཐམས་ཅད་གནས་པ་སྟེ། །རླུང་སེམས་ཅི་ལྟར་གནས་པ་བཞིན། །ལས་རྣམས་ཐམས་ཅད་ཕྱོགས་སུ་འགྲུབ། དེའི་ཕྱིར་ན། །མ་ཧཱ་ཡོ་ག་ལས་གྲངས་མེད་པ་ཅིག་གསུངས་ཀྱང་། །སྒྲུབ་པ་བཀའ་བརྒྱད་དང་། །རྒྱུད་སྡེ་ཆེན་པོ་བཅོ་བརྒྱད་ཀྱི་འབྲེལ་ཚུལ་ཏེ། །གཅིག་གི་ནང་ན་མི་གསལ་

(༢༣)བ་གཅིག་གི་ནང་ན་སྟོན་པའི་ཕྱིར་ན། །རྒྱུད་དང་རྒྱུད་ཀྱི་ཕྱི་མ་སྟེ། །རྒྱུད་སྡེ་ཆེན་པོ་བཅོ་བརྒྱད་ཀྱི་འབྲེལ་ཚུལ་གྱིས། །མ་ཧཱ་ཡོ་ག་གསར་རྙིང་གི་རྒྱུད་སྡེ་ཐམས་ཅད་གཏན་ལ་འབེབས་པ་སྟེ། །རྒྱུད་སྡེ་ཐམས་ཅད་ཀྱི་འབྲེལ་ཚུལ་མི་ཤེས་པར། །གསར་རྙིང་གི་རྒྱུད་བུ་ཆུང་རེ་ཙམ་རེ་ཤེས་ཡང་། །ཁྲོན་པའི་ཆུ་དང་རྒྱ་མཚོ་ཆེན་པོ་གཉིས་ཆེ་ཆུང་མཉམ་པ་དང་འདྲའོ། དེའི་ཕྱིར་ན། །རྒྱུད་སྡེ་རྣམས་ལ་ཡང་རྒྱུད་སྡེ་བཅོ་བརྒྱད་ཀྱི་འབྲེལ་ཚུལ་གྱི་དབུ་ཞབས་སུ་ཀུན་ལ་ཁྱབ་པའི་རྒྱུད་སྡེ་ཆེན་པོ་ནི་རྒྱུད་རྣམས་ཀུན་གྱི་རྩ་རྒྱུད་དེ། དཔེར་ན། །སའི་བདག་པོ་རྒྱལ་པོ་ཆེན་པོ་དང་འདྲའོ། །དེ་མན་ཡང་ཕྱུང་པ་དུམ་བུའི་རྒྱུད་དང་། །མ་ཧཱ་ཡོ་ག་ལ་མཁས་ཤིང་གྲུབ་པ་ཐོབ་པ་རྣམས་ཀྱིས། །སྔགས་ཀྱི་བསྟན་བཅོས་མཛད་པ་རྣམས་རྒྱུད་དུ་མ་གཏོགས་ཤིང་། །རྒྱུད་དང་འདྲ་མི་འདྲ་དུ་མ་བྱུང་བ་སྟེ། །ནག་པོ་སྤྱོད་པའི་དཔྱིད་ཀྱི་ཐིག་ལེ་ལ་སོགས་པ་མང་པོ་བཞུགས་པའོ། །སྡུས་པའི་རྒྱུད་བྱ་རྒྱུད་སྡེ་རྣམས་ཀྱི་ནང་ནས་རྒྱུད་ཀྱི་ལུང་རྣམས་བཏུས་ཤིང་། །མན་ངག་གི་རྒྱུད་ཀྱང་མང་དུ་བཞུགས་པའོ། །ཕྱུང་བའི་རྒྱུད་བྱ་བ་མ་ཧཱ་ཡོ་གའི་རྒྱུད་སྡེ་རྣམས་ཀྱི་ནང་ནས་ལེའུ་གོང་འོག་ཏུ་ཕྱུང་ནས། །མ་ཚང་བའི་རྒྱུད་ལུས་པ་དང་། །བར་དུ་མ་ཚང་སྙིང་པོ་དང་། །ཉེ་བའི་སྙིང་པོ་དང་། སྒྲུབ་པ་དང་། །གྲུབ་པ་ཆེན་པོ་འདུས་པ་དང་

(༢༤)ཐ་མར་མ་ཚང་རྒྱུད་དང་རྒྱུད་ཀྱི་ཕྱི་མ་དང་། །ཕྲིན་ལས་ཤམ་བུའི་སྔགས་རྣམས་ལུས་པ་སྟེ། །དེའི་ཕྱིར་ན། །ཕྱུང་རྒྱུད་དག་གི་སྐྱོན་རྣམས་ཏེ། །རྒྱུད་སྡེ་བཅོ་བརྒྱད་ཀྱི་འབྲེལ་ཚུལ་མི་ཤེས་པར། །གསར་རྙིང་རྒྱུད་སྡེ་གང་ཡང་རུང་། །སྐུ་གསུང་ཐུགས་ཀྱི་རྒྱུད་རྣམས་ལ། །དུམ་བུ་རེ་རེ་ཤེས་པ་ཡིས། །ཕྱོགས་མེད་ཤེས་པར་ག་ན་འགྱུར། །དེའི་ཕྱིར་ན་འབྲེལ་དང་མ་ཚང་མེད་པ་དང་། །ཕུན་སུམ་ཚོགས་པས་རྒྱུད་ཅེས་བྱ། དེའི་ཕྱིར་ན། །རྩ་རྒྱུད་མེད་པའི་རྒྱུད་སྡེ་རྣམས་ཁ་འཐོར་བའི་རྒྱུད་དུ་བཞེད་པ་ཡིན། །རྒྱུད་སྡེ་རྣམས་ཀྱི་རྩ་བ་ནི། །དངོས་པོ་གཤིས་ཀྱི་གནས་ལུགས་རང་བཞིན་ལྷུན་གྱིས་གྲུབ་ཅིང་། །ཆོས་ཀྱི་དབྱིངས་དང་མཉམ་པར་བསམ་གྱིས་མི་ཁྱབ་ཅིང་། །འཁོར་འདས་གང་དུ་ཡང་ཐ་སྙད་མི་འདོགས་པ་དགེ་སྡིག་རྒྱུ་འབྲས་སྣ་ཚོགས་པ་ངོ་བོ་ཉིད་ཀྱིས་གནས་ཤིང་། །དགེ་དང་མི་དགེའི་ཐ་སྙད་མེད་པར། །བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ན་བཞུགས་པ་ཡིན། །དཔལ་རྡོ་རྗེ་འཆང་ཆེན་པོའི་previous hit དགོངས next hit་མ་ཧཱ་ཡོ་ག་གསར་རྙིང་གི་རྒྱུད་སྡེ་གྲངས་མེད་ཅིང་། །བསམ་གྱིས་མི་ཁྱབ་པ་ཡིས་ཆོས་སྐུའི་བསྟན་པ་བྱིན་གྱིས་བརླབས་ཀྱི། །ཐེག་པ་དྲུག་ཏུ་རྒྱུ་སྦྱངས་པའི་སྐལ་བ་དང་ལྡན་པ་རྣམས་ཀྱི་དོན་དུ་previous hit དགོངས་པར་མཛད་ next hit་སྟེ། །དེ་ཡང་མ་ཧཱ་ཡོ་གའི་གདུལ་བྱ་རབ་འབྲིང་ཐ་མ་བཞིའི་དོན་དུ་མ་ཧཱ་ཡོ་གའི་རྣལ་འབྱོར་དང་། མ་ཧཱའི་མ་ཧཱ་དང་

(༢༥)མ་ཧཱའི་ཨ་ནུ་དང་། མ་ཧཱའི་ཨ་ཏི་སྟེ། །དབང་པོའི་བྱེ་བྲག་ཅི་བཞིན་དུ། །ཡུལ་དང་ཡུལ་ཅན་གཉིས་སུ་མེད་པར་མེ་ལོང་དང་གཟུགས་བརྙན་གྱི་ཚུལ་དུ་ཅི་ལྟར་བལྟས་པ་དེ་བཞིན་དུ་གོ་ཞིང་སྣང་བའོ། །མ་ཧཱ་ཡོ་ག་གསར་རྙིང་གི་རྒྱུད་སྡེ་གྲངས་མེད་པ་བཞུགས་པར་སྣང་ན་ཡང་། །ཐམས་ཅད་previous hit དགོངས next hit་མཐུན་པར་དོན་གཅིག་པར་སྟོན་པ་སྟེ། །དངོས་པོ་གཤིས་ཀྱི་གནས་ལུགས་ཁམས་རང་བཞིན་གྱིས་རྣམ་པར་དག་པ་ལས། །གདོད་མ་ནས་དེ་ཉིད་དུ་ཕུང་པོ་ལྔ་རྒྱལ་པ་རིགས་ལྔ། །ཡུམ་ལྔ་ཡེ་ཤེས་ལྔ། །འབྱུང་བ་ལྔ་ཡུམ་ལྔ། །ཁམས་དང་སྐྱེ་མཆེད་རྟེན་འབྲེལ་བཅུ་གཉིས། །བྱེད་པའི་སྐྱེས་བུ་བཅུ་གཉིས་ལ་སོགས་ཏེ། །རྣམ་པར་རྟོག་པ་དང་། །ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་དུ་ངོ་སྤྲོད་ཅིང་། །འཁོར་འདས་ལམ་གྱིས་བསྡུས་པའི་ཆོས་ཐམས་ཅད་རིགས་ལྔ་ཡབ་ཡུམ་བཅུ། །སྲས་ཀྱི་དཀྱིལ་འཁོར་སངས་རྒྱས་བསྡུས་སྣ་ཚོགས་སུ་སྟོན་པ་སྟེ། །མ་ཧཱ་ཡོ་གའི་བཞེད་ལུགས་ཀྱིས། །སྤངས་ཐོབ་མེད་པར། །རྒྱལ་བའི་དཀྱིལ་འཁོར་རང་ཉིད་ཡིན་པར་ངོ་སྤྲོད་པ་སྟེ། །དེ་ལ་རིགས་ལྔ་གཅིག་ལ་ཡང་རིགས་ལྔ་ཚང་བ་ཡིན། །གཏི་མུག་རང་སར་རྟོགས་པ་རྣམ་པར་སྣང་མཛད་ཀྱི་རྣམ་སྣང་དང་། །རྣམ་སྣང་རྡོ་རྗེ་སེམས་དཔའ་དང་། །རྣམ་སྣང་སྣང་བ་མཐའ་ཡས་དང་། །རྣམ་སྣང་རིན་ཆེན་འབྱུང་ལྡན་དང་། །རྣམ་སྣང་དོན་ཡོད་གྲུབ་པ་སྟེ། །དེ་བཞིན་དུ་རིགས་ལྔ་ལ་ཡང་ཉི་ཤུ་རྩ་ལྔ་དག་ཏུ་བཞེད། །ཡེ་ཤེས་ལྔ་ཡང་ཉི་ཤུ་རྩ་

(༢༦)ལྔར་དབྱེ་བ་སྟེ། །ཡབ་ཡུམ་ལྔ་ལྔ་ཡང་མ་ཧཱ་ཡོ་གའི་སྐད་ཀྱིས། །ཁམས་རང་བཞིན་གྱིས་རྣམ་པར་དག་པ་ལ། །བློ་བུར་མ་རིག་པས་བསྒྲིབས་ཤིང་མ་རྟོགས་ན་ནི་ཁམས་གསུམ་འཁོར་བར་འཁྲུལ་ཞིང་། །རྟོགས་ན་ནི་ཆོས་སྐུ་དྲི་མ་མེད་པ་སྐུ་ལྔ་ཡོངས་སུ་རྫོགས་པ་རྟོགས་མ་རྟོགས་གཉིས་ཀྱི་ས་མཚམས་ཀྱིས། །འཁོར་འདས་གཉིས་ཀྱི་རྩ་རྒྱུད་ཆེན་པོ་སྟེ། །རྒྱུད་ཆེན་པོ་འདིའི་ནང་དུ་ནི་མ་འདུས་པའི། །མ་རྫོགས་པ་གང་ཡང་མེད་དོ། དེའི་ཕྱིར་ན། གནས་ལུགས་མ་རིག་པའི་དབང་གིས། དུག་ལྔའི་རྣམ་པར་རྟོག་པ་ལས་འཕྲོས་པ་ལས། རྣམ་པར་རྟོག་པ་བརྒྱད་ཁྲི་བཞི་སྟོང་། དུག་ལྔ་རེ་རེ་ལ་ལྔ་ལྔར་དབྱེ་བ་ཡིས། ཞེ་སྡང་གི་ཞེ་སྡང་དང་། ཞེ་སྡང་གི་གཏི་མུག་དང་། ཞེ་སྡང་གི་འདོད་ཆགས་དང་། ཞེ་སྡང་གི་ང་རྒྱལ་དང་། ཞེ་སྡང་གི་ཕྲག་དོག་སྟེ། དེ་ལྟར་དུ་རེ་རེ་ལ་ཡང་ལྔ་ལྔར་དབྱེ་སྟེ། དུག་ལྔ་ལ་ཉི་ཤུ་རྩ་ལྔའོ། །དེ་བཞིན་དུ་ཕུང་པོ་ལྔ་ལ་ཡང་ལྔ་ལྔར་དབྱེ་སྟེ། །གཟུགས་ཀྱི་གཟུགས་དང་། །གཟུགས་ཀྱི་ཚོར་བ་དང་། །གཟུགས་ཀྱི་འདུ་ཤེས་དང་། །གཟུགས་ཀྱི་འདུ་བྱེད་དང་། །གཟུགས་ཀྱི་རྣམ་པར་ཤེས་པ་སྟེ། །ཕུང་པོ་ལྔ་ཡང་ཉི་ཤུ་རྩ་ལྔའོ། །དེ་བཞིན་དུ་འབྱུང་བ་ལྔ་ཡང་ལྔ་ལྔར་དབྱེ་སྟེ། །སའི་ཁམས་ཀྱི་སའི་ཁམས་དང་། །སའི་ཁམས་ཀྱི་ཆུ་དང་། །སའི་ཁམས་ཀྱི་མེ་དང་། །སའི་ཁམས་ཀྱི་རླུང་དང་། །སའི་ཁམས་ཀྱི་ནམ་མཁའོ། །ཉི་ཤུ་རྩ་ལྔ་དག་ཏུ་ཤེས་པར་བྱ། །དེ་བཞིན་དུ་ཁམས་དང་

(༢༧)སྐྱེ་མཆེད། །བྱེད་པའི་སྐྱེས་བུ་བཅུ་གཉིས། །རྟེན་འབྲེལ་བཅུ་གཉིས་ལ་སོགས་པ་དེ་རྣམས་ལ་ཡང་། །ཡུལ་དང་ཡུལ་ཅན་སོ་སོར་འབྱེད་པ་མང་དུ་ཡོད་པ་སྟེ། །མ་རིག་མ་རྟོགས་པའི་དུས་སུ་འཁོར་བའི་རྒྱུ་འབྲས་ཡིན། །ཀུན་གཞི་འཁོར་བའི་རྩ་རྒྱུད་ཆེན་པོ་ལས། །རིགས་དྲུག་སྐྱེ་རྒྱུད་རྒྱུན་མི་འཆད། །གནས་ལུགས་དྲི་མ་དང་བཅས་པའི་ཁམས་གསུམ་གྱི་སྐྱེད་རྒྱུད་ཆེན་པོའི་བར་སྐབས་ལགས་སོ། །ཉི་ཤུ་རྩ་ལྔ་རྩ་ལྔར་དབྱེ་བ་སྟེ། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཞི་ཁྲོའི་དཀྱིལ་འཁོར་ལ་སོགས་པ་མཐའ་ཡས་པ་གྲངས་ཅན་གྲངས་མེད་དུ་བཞེད་པ་སྟེ། །གང་ཟག་གཅིག་གི་ལུས་ངག་ཡིད་གསུམ་ལ་ལུས་དང་། །རྩ་གནས་དང་། །བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང་། །རླུང་དང་རྣམ་པར་རྟོག་པའི་ཚོགས་ལ་སོགས་ཏེ། །གང་ཟག་གཅིག་ལ་འདི་རྣམས་ཐམས་ཅད་ཚངས་པར། སྟོན་པ་སྟེ། །དགྱེས་པ་རྡོ་རྗེའི་རྒྱུད་ལས་ཀྱང་། །ལུས་ནི་བྱང་ཆུབ་རྣམ་ལྔ་དང་། །མི་གཙང་རྫས་དང་རྣམ་རྟོག་གིས། །ལུས་ཀྱི་ཆོས་ནི་གནས་པ་ཡིན། །ཞེས་གསུང་པའི་དོན་ཡང་འདི་རྣམས་ལ་previous hit དགོངས next hit་སྟེ། དེའི་ཕྱིར་ན། །གང་ཟག་གི་ལུས་སེམས་གཉིས་ལས། །ཕུང་པོ་ལྔ་རིགས་ལྔའི་གནས་དང་། །འབྱུང་བ་ལྔ་ཡུམ་ལྔའི་གནས་དང་། །དུག་ལྔ་ཡེ་ཤེས་ལྔའི་གནས་དང་། །རླུང་འཁྲིས་བད་ཀན་འདུས་པའི་ནད་བཞི་སྐུ་བཞིའི་གནས་དང་། །ཡན་ལག་དང་ཉིང་ལག་གི་ཡུལ་དང་

(༢༨)ཡུལ་ཅན་རྣམས། །ཁྲོ་བོ་བཅུ་དང་ཁྲོ་མོ་བཅུའི་གནས་དང་། །རིགས་དྲུག་ཐུབ་པ་དྲུག་གི་གནས་དང་། །ཁམས་དང་སྐྱེ་མཆེད། །རྟེན་འབྲེལ། །བྱེད་པའི་སྐྱེས་བུ་བཅུ་གཉིས། །རྣམ་པར་རྟོག་པའི་བྱེ་བྲག་རྣམས། སེམས་དཔའ་དང་། །སེམས་མ་དང་། །དཔའ་བོ་དང་། །མཁའ་འགྲོ་དང་། །ཕྱི་ནང་གསང་གསུམ་གྱི་མཆོད་པའི་གནས་ལ་སོགས་པ་རྒྱལ་བ་རྒྱ་མཚོར་བཞུགས། གནས་དང་། །དུར་ཁྲོད་དང་། ཉེ་བའི་དུར་ཁྲོད་དང་། ཞིང་དང་། ཚནྡྷོ་རྣམས་ནི། །ཞིང་སྐྱོང་ཕོ་མོ་ལ་སོགས་པ་རྣམས་ཀྱང་། །རང་གི་ལུས་སེམས་རྩ་གནས་ལ་གནས་ཤིང་། །རང་ཉིད་ཡིན་པར་སྟོན་པའི་ཕྱིར་ན། །མ་ཧཱ་ཡོ་ག་གསར་རྙིང་གི་རྒྱུད་སྡེ་རྣམས་ལ། །མཁས་ལ་གྲུབ་པ་ཐོབ་པའི་སློབ་དཔོན་ལ་འཁོར་འདས་གཉིས་ཀྱི་རྩ་རྒྱུད་ཆེན་པོ་ཉན་ཞིང་གོ་ནས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དཀྱིལ་འཁོར་དུ་དབང་བཞི་ཡིས་སྨིན་པར་བྱས་ནས། སྟེང་སྒོ་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར། །འོག་སྒོ་བདེ་བ་ཆེན་པོའི་དཀྱིལ་འཁོར་གཉིས་པོ་དབྱེར་མེད་པ་ཡིས་རྒྱུན་ཆད་མེད་པར་ཉམས་སུ་བླངས་ན། །ཞི་ཁྲོ་རབ་འབྱམ་གྱི་དཀྱིལ་འཁོར་མཐའ་ཡས་པ་དེ་རང་ངོ་ཤེས་ཤིང་རང་ས་ཟིན་ནས། །སྐུ་ལྔ་ཡོངས་སུ་རྫོགས་པར་སངས་རྒྱས་པ་སྟེ། །མ་ཧཱ་ཡོ་གཱི་གསར་རྙིང་གི་བཞེད་ལུགས་ཀྱིས། །ད་ལྟ་ཉིད་དུ་ཞི་ཁྲོ་རབ་འབྱམ་རང་བཞིན་ལྷུན་གྱིས་གྲུབ་པ་སྟེ། །གང་ཟག་གཅིག་གིས་རྣལ་འབྱོར་ཆེན་པོའི་previous hit དགོངས next hit་མཐར་ཕྱིན་ན། །བསམ་གྱིས་མི་ཁྱབ་ཅིང་གྲངས་

(༢༩)ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོར་བཞེད་པ་སྟེ། །མཚན་བརྗོད་ཀྱི་ལུང་ལས་ཀྱང་། དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །འདི་ལྟར་དུ་རང་བཞིན་གྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པ་དེ། །ཉན་ཐོས་བཞིན་དུ་རྣམ་པར་རྟོག་པ་བཀག་པ་ལས་བྱུང་བ་ཡང་མ་ཡིན། །རང་རྒྱལ་བཞིན་དུ་སྟོང་པ་ཉིད་དུ་བཤིག་པ་ཡང་མ་ཡིན། །བྱང་ཆུབ་སེམས་དཔའི་ཐེག་པ་ལྟར་སྤངས་ཐོབ་གཉིས་དང་། །བདག་མེད་གཉིས་ཀྱིས་ས་ལམ་བསྒྲོད་པ་ལས་བྱུང་བ་ཡང་མ་ཡིན། །ཀྲྀ་ཡོག་གསུམ་བཞིན་དུ་དག་པ་དང་། སྤྱོད་པ་དང་། །བསྒྱུར་བ་གསུམ་གྱིས་གྲུབ་པ་ལས་ཞི་ཁྲོ་རབ་འབྱམ་ལྷུན་གྱིས་གྲུབ་པར་སངས་རྒྱས་པ་ཡང་མ་ཡིན། །ཐེག་པ་དྲུག་པོ་འདི་དག་རྣལ་འབྱོར་ཆེན་པོའི་གོལ་སར་བཞེད་པ་སྟེ། །དེའི་ཕྱིར་ན་མ་ཧཱ་ཡོ་ག་གསར་རྙིང་གི་རྒྱུད་སྡེ་ཉན་བཤད་བྱེད་པ་དང་། །སྨིན་གྲོལ་གྱི་གནས་ལུགས་ཐབས་དང་ཤེས་རབ་དབྱེར་མེད་པར་དབང་བཞི་རྫོགས་པར་བྱེད་པ་རྣམས་ཀྱིས་རྣམ་པར་རྟོག་པའི་ཚོགས་དང་། ཉོན་མོངས་པ་རྣམས་དང་། །འདོད་ཡོན་རྣམས་ཉན་ཐོས་ཀྱི་ཐེག་པར་ན་བབས། ཉོན་མོངས་དང་། །རྣམ་པར་རྟོག་པའི་ཚོགས་དང་། འདོད་ཡོན་རྣམས། ཐབས་དང་ཤེས་རབ་ཀྱིས་མ་ཟིན་པར་རང་དགར་སྤྱད་ན། །ཐ་མལ་པའི་སེམས་ཅན་དུ་འཁྲུལ་པ་ཁ་འབྱམ། རྣམ་རྟོག་དང་། འདོད་ཡོན། །ཉོན་མོངས་ཀྱི་ཚོགས་རྣམས་སྟོང་པ་ཉིད་དུ་བཤིག་ཅིང་། །མི་རྟོག་པའི་རྒྱས་འདེབས་བྱེད་ན། །མ་ཧཱ་ཡོ་ག་རང་རྒྱལ་གྱི་ཐེག་པར་ན་བཅས་

(༣༠)མ་ཧཱ་ཡོ་གའི་ལྟ་བ་རྟོགས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་པ་ལས། །ཞི་བ་སྤྲོས་བྲལ་དུ་གོ་ན། །ཉན་རང་གི་བདག་མེད་དུ་ན་བབས། མ་ཧཱ་ཡོ་ག་ཐབས་ཤེས་རབ་དབྱེར་མེད་ཀྱི་དབང་བཞི་རྫོགས་པར་བཞེད་པ་ལས། དོན་དམ་ཀུན་རྫོབ་ཏུ་སྟོན་ན། །རྣམ་བདེན་རྣམ་བརྫུན་དུ་ན་བབས། །མ་ཧཱ་ཡོ་ག་སྣང་སྲིད་རིགས་ལྔ་ཡབ་ཡུམ་གྱི་དཀྱིལ་འཁོར་ཆེན་པོར་རོ་གཅིག་པ་ཡིན་པ་ལས། །སེམས་ཙམ་མཐའ་བྲལ་དུ་གཏན་ལ་འབེབས་ན། །དབུ་སེམས་གཉིས་སུ་ན་བབས། །སྣང་སྲིད་འཁོར་འདས་ལམ་གྱིས་བསྡུས་པའི་ཆོས་ཐམས་ཅད་མ་ཧཱ་ཡོ་གའི་ལྷ་ཚོགས་སུ་གདོད་མ་ནས་རང་ལ་རྫོགས་པ་ཡིན་པ་ལས། དུག་ལྔ་གཟུང་འཛིན་གྱི་དབང་གིས་དངོས་པོ་འཛིན་གྱི་ག་པའི་རང་གཟུགས་སུ་ཨ་འཐས་ན། །རྟག་ལྟ་བའི་གྲུབ་མཐར་ན་བབས་ཤིང་། །རིགས་སྔགས་འཆང་གི་དོན་དུ་སྐྱེ་བར་འགྱུར་རོ། །མ་ཧཱ་ཡོ་གའི་གནས་དུས་གསུམ་དུས་མེད་རྒྱལ་བའི་དཀྱིལ་འཁོར་དུ་རང་བཞིན་གྱིས་གནས་པར་བཞེད་པ་ལས། །ཅི་ཡང་མེད་པར་གཏན་ལ་འབེབས་ཤིང་། །གར་ཡང་མི་གནས་པར་འདོད་ན། །རབ་ཏུ་མི་གནས་པར་ན་བབས། །མ་ཧཱ་ཡོ་གའི་སྔགས་ཀྱི་སྤྱོད་པ་ཡིན་ཟེར་ཞིང་། །སྙིང་རྗེ་མེད་པར་སེམས་ཅན་རྣམས་བསད་ཅིང་ཤ་ཁྲག་གི་ཚོགས་རྣམས་ཀྱིས་ཚོགས་དང་གཏོར་མར་བླུག་ཅིང་ཚོགས་བྱིན་གྱིས་མ་རླབས་པར་ཤ་ཁྲག་དང་། །མི་ཤ་དང་། །མི་རོ་རྣམས་ལ་ཁྱི་བཞིན་དུ་སྤྱོད་པ་ནི། །མ་ཧཱ་ཡོ་གའི་སྤྱོད་པ་མུ་སྟེགས་དབང་ཕྱུག་ཆེན་པོའི།

(༣༡)མཆོད་སྦྱིན་དུ་ན་བབས་ནས། །ཁྲ་སྤྱང་དང་དུར་ཁྲོད་ཀྱི་ཤ་ཟར་སྐྱེ་བར་འགྱུར་རོ། །མ་ཧཱ་ཡོ་གའི་བཞེད། ཀྱིས། །བྱང་ཆུབ་སེམས་ཀྱི་ཐིག་ལེ་རིགས་ལྔ་ཡབ་ཡུམ་རྒྱལ་བའི་དཀྱིལ་འཁོར་ཡིན་པར་གསུངས་པའི་ཕྱིར་ན། མི་ཉམས་ཤིང་། ཐབས་དང་ཤེས་རབ། །རླུང་སེམས་ཀྱི་སྦྱོར་བ་ཡིས། །ཡེ་ཤེས་བདུད་རྩིའི་དངས་མ་མཐར་ཕྱིན་ན་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཆང་ཉིད་ཡིན་པ་ལས། །དུག་ལྔ་འདོད་ཆགས་ཆེན་པོའི་དབང་གིས། འདོད་པས་ལོག་པར་གཡེམ་པ་རྣམས་གོ་བ་ལོག་པའི་དབང་གིས་ན། །དབང་ཕྱུག་ཆེན་པོ་ཡབ་ཡུམ་དུ་ན་བབས་ཤིང་། །ཤལ་མ་ལིའི་དམྱལ་བར་ལྟུང་བར་འགྱུར་རོ། །མ་ཧཱ་ཡོ་ག་ཐབས་དང་ཤེས་རབ་སྦྱོར་བ་ཡིས་འཁོར་ལོ་བདེ་མཆོག་ཡབ་ཡུམ་སྟེ། །སྦྱོར་བ་ལོག་པས་དབང་ཕྱུག་ཆེན་པོ་ཡབ་ཡུམ་ཡིན། །གསང་སྔགས་བརྡ་ཡིས་མཚོན་པ་ལས། །རྨོངས་པ་རྣམས་ཀྱིས་མི་ཤེས་སོ། །མ་ཧཱ་ཡོ་གའི་བཞེད་ཀྱིས། ལས་ཀྱི་སྒྲིབ་པ་ལྔ་ཡབ་ཡུམ་སྟེ། སྒྲིབ་previous hit ་དག་པར་འདོད་ན་བྱ་བའི་རྒྱུད་དུ་བཅས་པའོ། །མ་ཧཱ་ཡོ་གའི་དགོངས next hit་པས། །རྣམ་རྟོག་སྒྲིབ་པའི་ཚོགས་རྣམས་ཀུན། །གདོད་མ་ནས་སྤྱོད་དུ་མེད་པར་བཞེད་པ་ལས། །སྤྱོད་བྱ་སྤྱོད་བྱེད་གཉིས་སུ་འདོད་ན། །མ་ཧཱ་ཡོ་ག་སྤྱོད་པའི་རྒྱུད་དུ་ན་བབས་སོ། །མ་ཧཱ་ཡོ་ག་གསར་རྙིང་གིས། །གདོད་མ་ནས་རྣམ་པར་རྟོག་པའི་ཚོགས་དང་། །ཉོན་མོངས་པའི་

(༣༢)ཚོགས་རྣམས་ཞི་ཁྲོ་རབ་འབྱམ་གྱི་དཀྱིལ་འཁོར་དུ་ངོ་སྤྲོད་པ་ལས། །རྣམ་པར་རྟོག་པ་དང་། །ཉོན་མོངས་པའི་ཚོགས་རྣམས་བསྒྱུར་བ་དང་། །གནས་འགྱུར་བར་འདོད་ན། །མ་ཧཱ་ཡོ་གའི་ཐེག་པ་རྣལ་འབྱོར་གྱི་རྒྱུད་དུ་བབས་པའོ། །མ་ཧཱ་ཡོ་གའི་བཞེད་ཀྱིས། །སྐྱེད་རིམ་སེམས་དཔའ་གསུམ་ལྡན་གྱི་དཀྱིལ་འཁོར་རྣམས་འབྱུང་བ་རིམ་བརྩེགས་དང་། །དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མངལ་སྐྱེས་ཀྱི་ཚུལ་དུ། །བུ་དང་བུ་མོ་ཚ་བོ་ཡང་ཚའི་ཚུལ་དུ་འདོད་པར་བཞེད་པ་ལས། མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་བསྐྱེད་པ་ནི། མ་ཧཱ་ཡོ་ག་དྲོད་གཤེར་ལས་སྐྱེས་པའི་སྐྱེད་རིམ་ཡོ་གའི་ཚོགས་སུ་བབས། དེའི་ཕྱིར་ན། གསང་སྔགས་ཕྱི་ནང་གི་ཚོགས་སོ་སོར་འབྱེད་པ་གལ་ཆེ། སྔར་ཕྱི་ནང་གི་ས་མཚམས་ན། རྗེ་དང་འབངས་གོ་ཟློག་གི་སྐྱོན་ཡོད། དེའི་ཕྱིར་ན། ཐེག་པ་བརྒྱད་ལ་འཇུག་སྒོ་ལ་སོགས་པ་རིགས་མི་ཅིག་པ་བརྒྱད་བརྒྱད་ཡོད་པའི་ཕྱིར་ན། ཆོས་སྐད་ལ་སོགས་པ་མ་འདྲེས་པར་སོ་སོར་ཤེས་པར་བྱའོ། །ལྟ་བ་བསྒོམ་པ་ལ་སོགས་པ་གཅིག་འདྲེས་ཤིང་འཁྲུགས་ན། ཐམས་ཅད་འདྲེས་ཤིང་སྐྱོན་ཡོད་པའི་ཕྱིར་ན། མཁས་པ་རྣམས་ཀྱིས་དེ་ལྟར་སོ་སོར་གོ་ཞིང་ཤེས་པར་བྱའོ། །མ་ཧཱ་ཡོ་གའི་ཐེག་པའི་གོང་འོག་འཁྲུགས་སམ་མ་འཁྲུགས་ཀྱི་བར་སྐབས་ལགས་སོ། །མ་ཧཱ་ཡོ་གའི་ལུགས་ཀྱིས། །དབང་བསྐུར་བ་ལ་ཡང་གྲུབ་མཐས་བློ་མ་སྒྱུར་གྱི་བར། །དབང་བསྐུར་དུ་མི་བཏུས་སྟེ། །དགྱེས་པ་རྡོ་རྗེའི་ལུང་ལས་ཀྱང་། །དང་པོ་གསོ་སྦྱོང་སྦྱིན་པར་བྱ།

(༣༣)དེ་རྗེས་བསླབ་པའི་གནས་བཅུ་བྱིན། །སེམས་ཙམ་དབུ་མ་དེ་བཞིན་ནོ། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། ཀྱཻ་རྡོ་རྗེ་བརྩམ་པར་བྱ། །ཞེས་གསུངས་པའི་ཕྱིར་ན། །དང་པོར་ཉན་ཐོས་ཀྱི་ཐེག་པར་སྐྱབས་སུ་འགྲོ་བ་ཐུན་མོང་བ་དང་། ཉན་ཐོས་ཀྱི་འདུལ་ཁྲིམས་གང་རུང་བླང་བ་ནི། གྲུབ་མཐས་བློ་བསྒྱུར་བའོ། རང་རྒྱལ་གྱི་ཐེག་པར་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དང་། །ལུགས་ལས་ཟློག་པ་ནི་གཟུང་འཛིན་སྟོང་པ་ཉིད་དུ་བཤིག་པའོ། །བྱང་ཆུབ་སེམས་དཔའི་ཐེག་པར་སྐྱབས་སུ་འགྲོ་བ་ཁྱད་པར་ཅན་དང་། །སྨོན་འཇུག་གཉིས་ཀྱིས་ས་ལམ་བསྒྲོད་པ་ནི་ཐེག་པ་འོག་མར་རྒྱུད་སྦྱངས་པའོ། །དེ་མན་ཆོད་སྤྲུལ་སྐུའི་ཐེག་པ་སྡེ་སྣོད་གསུམ་ནི་དབང་གི་སྔོན་དུ་འགྲོ་བ་སྦྱོར་བའི་ཆོ་གའོ། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །གསུངས་པའི་ལོངས་སྐུའི་བསྟན་པ་ཀྲྀ་ཡོག་གསུམ་ཡིན་ཏེ། ཀྲྀ་ཡ་རིགས་གསུམ་རྡོ་རྗེ་འཛིན་པ་བྱ་བའི་རྒྱུད་དོ། །ལས་ཀྱི་སྒྲིབ་པ་དག་པར་བྱ་བའི་ཕྱིར་ན། །དབང་ཡང་བུམ་པའི་དབང་བསྡུས་པ་ཁྲུས་ཀྱི་ཆོ་ག་ཙམ་གྱིས་ལུས་ངག་ཡིད་གསུམ་གྱི་ལས་ཀྱི་སྒྲིབས་པ་དག་པའི་ཕྱིར་ན། །ཀྲྀ་ཡ་དག་པའི་རྣལ་འབྱོར་གྱི་དབང་བྱ་བ་ཡིན། །ཀྲྀ་ཡ་སྤྱོད་ཅིང་ཡོ་ག་བསྒྲུབ་པའི། །ཨུ་པ་ཡ་སྤྱོད་པའི་རྒྱུད་ཀྱི་དཀྱིལ་འཁོར་དུ་ལུས་ངག་ཡིད་གསུམ་ལྷའི་དཀྱིལ་འཁོར་དུ་སྤྱོད་ཅིང་། །དག་པ་ཆུ་རྒྱུན་གྱི་དབང་བསྐུར་བ་སྟེ། །ཉོན་མོངས་པའི་སྒྲིབ་པ་དག་པར་འདོད་པ་ཡིན། །འདི་མན་ཆོད་བུམ་པའི་དབང་གི་སྔོན་

(༣༤)འགྲོ་སྟེ། །དབང་བསྐུར་ཞེས་བྱ་བར་མིང་འདོགས་སུ་མི་བཏུབ་པའོ། །ཡོ་ག་རྣལ་འབྱོར་གྱི་རྒྱུད་སྡེ་ཆེན་པོ་རྣམས་ཀྱིས་བུམ་པའི་དབང་རྒྱས་པ་བསྡུས་པ་རྣམས་བསྐུར་བ་སྟེ། །ཡོ་ག་བསྐུར་བའི་ལམ་གྱིས། །ཉེ་བའི་ཉོན་མོངས་པ་རྣམས། །ཀུན་གཞི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྡུས་པ་སུམ་བཅུ་རྩ་བདུན་དང་། ལྔ་བཅུ་རྩ་གཉིས་དང་། །བརྒྱ་རྩ་བརྒྱད་ལ་སོགས་པ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་དབང་བསྐུར་བ་དང་ཆ་མཐུན་པར་ནི། །ཡོ་གའི་རྒྱུད་སྡེ་ཆེན་པོ་རྣམས་ཀྱིས་སྟོན་པ་སྟེ། །ཀྲྀ་ཡ་དང་ཨུ་པ་ཡ་གཉིས་ཀྱང་ཡོ་གའི་དཀྱིལ་འཁོར་ལ་ལྟོས་པ་ཡིས། མ་ཧཱ་ཡོ་གའི་རྒྱུད་སྡེ་རྣམས་ཀྱིས་ཀྱང་། ཡོ་གའི་རྒྱུད་སྡེ་རྣམས་ནས་ཁ་ཡར་ལ་བསྐངས་པ་ཡིན་པ་སྟེ། ཡོ་གའི་དཀྱིལ་འཁོར་ཐམས་ཅད་སྟོན་པའི་ཕྱིར་ན་རྒྱ་མཚོ་ལྟ་བུ་ཡིན་དེའི་ཕྱིར་ན་བུམ་པའི་དབང་རྒྱས་པ་དེ་ཡོ་ག་མན་ཆོད་ཀྱི་ཐེག་པ་དྲུག་གིས་རྫོགས་པར་བཞེད་པའོ། ལྟོས་ས་ལྟོས་ཆོས་ཀྱི་དབང་དུ་བྱས་ན། །ཕྱི་རྒྱུད་གསུམ་གྱིས་ཀྱང་དབང་བཞི་བསྐུར་ཡང་མིང་འགའི་གནས་སྐབས་ཀྱི་དབང་ཙམ་ཡིན། །མ་ཧཱ་ཡོ་ག་ཆེན་པོའི་རྒྱུད་སྡེ་ཐམས་ཅད་previous hit དགོངས་པས་གསང་བའི་དབང་རྒྱས་འབྲིང་རྣམ་གསུམ་དུ་བསྐུར་བར་བཞེད་ next hit་སྟེ། །གསང་བའི་དབང་ཡང་བཞིར་དབྱེ་བ་སྟེ། །གསང་བའི་དབང་གི་བུམ་དབང་དང་། །གསང་བའི་དབང་གི་གསང་བའི་དབང་དང་། །གསང་བའི་དབང་གི་ཤེས་རབ་ཡེ་ཤེས་ཀྱི་དབང་དང་། །གསང་བའི་དབང་གི་དབང་གསུམ་གཅིག་ཏུ་རྫོགས་པ་

(༣༥)ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས། །བག་ཆགས་ཀྱི་སྒྲིབ་པ་རང་གྲོལ་ཕྱག་རྒྱ་ཆེན་པོར་རྟོགས་པར་བཞེད་པའོ། །རྣལ་འབྱོར་ཆེན་པོའི་རྒྱུད་སྡེ་ཐམས་ཅད་previous hit དགོངས next hit་མཐུན་པར། །ཕུང་པོ་ལྔ་རྒྱལ་བ་རིགས་ལྔ། འབྱུང་བ་ལྔ་ཡུམ་ལྔ། །ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷ་དང་སྐྱེ་མཆེད་ལྷ་མོའི་དཀྱིལ་འཁོར་དུ་གདོད་མ་ནས་ཡིན་པའི་ཕྱིར་ན། །མ་ཧཱ་ཡོ་གའི་དབང་བསྐུར་བའི་དུས་སུ། །ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དང་། །ཉོན་མོངས་པ་དུག་ལྔ་དག་པར་འདོད་ཅིང་། །དབང་བཞི་རྫོགས་ཐོབ་པར་འདོད་ན། །རྣལ་འབྱོར་ཆེན་པོའི་རྒྱུད་སྡེ་ཐམས་ཅད་ཀྱི་previous hit དགོངས next hit་འཇིགས་པའི་སྐྱོན་ཡོད་དོ། །དབང་བཞི་བསྐུར་བས་སྒྲིབ་པ་བཞི་དག་པར་འདོད་དེ། མ་ཧཱ་ཡོ་ག་ཀྲྀ་ཡ་དག་པའི་རྣལ་འབྱོར་དུ་ན་བབས་པ་ཡིན། ཅིའི་ཕྱིར་ན། །མ་ཧཱ་ཡོ་ག་ནི་ཉོན་མོངས་དུག་ལྔ་སྒྲིབ་པ་བཞི། །དེ་ལས་བྱུང་བའི་ཕུང་པོ། འབྱུང་བ། ཁམས། །སྐྱེ་མཆེད་ལ་སོགས་པ་རྣམས། །གསང་སྔགས་ཀྱི་ཐབས་ཟབ་མོས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དཀྱིལ་འཁོར་དུ། །སྐྱེད་རྫོགས་གཉིས་དང་། །རླུང་སེམས་གཉིས་དང་། བྱང་ཆུབ་ཀྱི་སེམས་གཉིས་དང་། སྔགས་དང་། དབྱིབས་དང་། །ཆོས་ཐམས་ཅད་ཆོས་ཉིད་རྫོགས་པའི་དོན་གྱིས། །མ་ཧཱ་ཡོ་ག་ཐབས་དང་ཤེས་རབ་དབྱེར་མེད་ཀྱིས་ལམ་བསྒྲོད་ནས། །རླུང་སེམས་གཉིས་ཀྱི་འདུས་ཚུལ་གྱིས། །སྐྱོན་དང་ཡོན་ཏན་སྣ་ཚོགས་འབྱུང་པར་གསུངས་ཏེ། །གསང་བ་འདུས་པའི་རྒྱུད་ལས་ཀྱང་། རླུང་ཞེས་བྱ་བ་ལས་ཀུན་བྱེད། གསུངས་པ་དང་། དགྱེས་པ་

(༣༦)རྡོ་རྗེའི་རྒྱུད་ལས་ཀྱང་། །ལུས་ནི་བྱང་ཆུབ་རྣམ་ལྔ་དང་། །མི་གཙང་རྫས་དང་རྣམ་རྟོག་གིས། །ལུས་ཀྱི་ཆོས་ནི་གནས་པ་ཡིན། ཞེས་གསུངས་པའི་ཕྱིར་ན། །ཡང་རྒྱུད་དེ་ཉིད་ལས། དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། ཞེས་གསུངས་པའི་ཕྱིར་ན། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པར་འབྱུང་བའི་རྒྱུད་ལས་ཀྱང་། ཧོ། སྲིད་པ་གསུམ་ནི་ཡེ་ནས་དབེན། །སྙིགས་མ་ལྔ་ནི་བདེ་ལྡན་ཞིང་། །ཕུང་པོ་ལྔ་ཉིད་མངོན་སངས་རྒྱས། །ཞེས་གསུངས་པའི་ཕྱིར་ན། །མ་ཧཱ་ཡོ་གའི་ཕ་རྒྱུད་མ་རྒྱུད་ཐམས་ཅད་previous hit དགོངས next hit་མཐུན་པར། །གཞི་སྤངས་ཐོབ་མེད་པར་ལྷུན་གྱིས་གྲུབ་པ་ལས། །ལམ་སྤང་བླང་མེད་པ་ཐབས་དང་ཤེས་རབ་དབྱེར་མེད་དུ་ཉོན་མོངས་པ་ལམ་དུ་སློང་བའི། སྨིན་གྲོལ་དབང་གིས་ལམ་བསྒྲོད་ནས། གཞི་ལམ་འབྲས་བུ་ངོ་བོ་གཅིག་པའི་རིགས་ལྔ་ཡབ་ཡུམ་བཅུའི་དཀྱིལ་འཁོར་དུ་སངས་རྒྱས་པར་བཞེད་པ་སྟེ། །རྣལ་འབྱོར་ཆེན་པོའི་previous hit དགོངས next hit་མཐར་ཐུག་པ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་བཞེད་པའོ། །དེ་ཡ་མ་ཧཱ་ཡོ་ག་གསར་རྙིང་གི་དབང་དུ་བྱས་ན། །གསང་སྙིང་གི་ལུང་ལས་ཀྱང་། གང་དུ་དག་པ་དང་། །ཕྱོགས་སུ་དག་པ་དང་། །ཡོངས་སུ་དག་པ་དང་། །དག་པ་ཆེན་པོར་གསུངས་པ་དང་། དགྱེས་རྡོར་གྱི་ལུང་ལས་ཀྱང་། །རང་རིག་དག་པས་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཡུལ་གྱི་དངོས་པོ་དག་པས་ན། །རང་གི་རིག་པ་བདེ་པའི་མཆོག །ཅེས་གསུངས་པའི་ཕྱིར་ན་

(༣༧)གསར་རྙིང་གཉིས་ཚིག་ལ་ཐ་དད་ཡོད་ཀྱང་། །དོན་ལ་ངོ་བོ་གཅིག་པའི་ཕྱིར་ན། །དག་པ་ལྔ་ལྡན་གྱི་ཕྱག་རྒྱ་ཆེན་པོ་དེ་དང་། མ་ཧཱ་ཡོ་གའི་དབང་གི་མཐར་ཐུག་ཏུ་བཞེད་པ་སྟེ། །འདི་དག་ཀྲྀ་ཡ་དག་པའི་རྣལ་འབྱོར་དང་མི་གཅིག །མ་ཧཱ་ཡོ་གའི་བཞེད་ཀྱིས། །ཁམས་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་ལ། མ་རིག་པའི་དབང་གིས་བློ་བུར་འཁྲུལ་སྣང་དུ་ཉོན་མོངས་པ་སྣ་ཚོགས་ཀྱིས་བསྒྲིབས་པ་དེ། །གསང་སྔགས་ཀྱི་ཐབས་ཟབ་མོས་དུག་ལ་སྔགས་ཀྱིས་བཏབ་པ་བཞིན་དུ། །ཐབས་དང་ཤེས་རབ་དབྱེར་མེད་དབང་གིས་སྨིན་པར་བྱས་ནས། །ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་རང་གི་ལུས་ངག་ཡིད་གསུམ་དུག་ལྔ་དང་བཅས་པ་དེ། །རིགས་ལྔ་ཡུམ་ལྔ་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་དུ་དབང་གསུམ་པོ་ངོ་སྤྲད་ཅིང་བྱིན་གྱིས་བརླབས་ནས། །ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་རང་ལ་རྫོགས་པ་བཞེད་པའོ། །དབང་གསུམ་པ་ཡང་དབང་གཅིག་ཏུ་ངོ་སྤྲོད་ཅིང་རྟོགས་པ་ནི། །རང་གྲོལ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ནམ་མཁའ་དང་མཉམ་པ་ནི། ཁམས་རང་བཞིན་གྱིས་རྣམ་པར་དག་པ། གནས་ལུགས་རང་ས་ཟིན་པའོ། །མ་ཧཱ་ཡོ་གའི་རྒྱུད་སྡེ་ཐམས་ཅད་previous hit དགོངས next hit་འདི་ལས་མཐར་ཐུག་པ་གཞན་ན་མེད་པ་སྟེ། །ཐེག་པ་དགུའི་འབྲེལ་ཚུལ་གྱི་དབང་དུ་བྱས་ན། །མ་ཧཱ་ཡོ་ག་ཡིས་གསང་དབང་གི་གཞི་ལམ་འབྲས་བུ་མཐར་ཐུག་པ་ཙམ་དུ་བཞེད་པ་སྟེ། །གསང་བའི་དབང་ལ་བཞིར་དབྱེ་བའི་དོན་དང་ཆ་བསྟུན་ཏེ། །འདི་དབང་བཞི་པ་ཡང་གསང་བའི་དབང་

(༣༨)གི་མཐར་ཐུག་ཙམ་དུ་བཞེད་པ་སྟེ། །མ་ཧཱའི་ཨ་ནུ་ཡོ་གའི་previous hit དགོངས next hit་ཙམ་ཡིན། །དེའི་ཕྱིར་ན། །མ་ཧཱ་ཡོ་གའི་དབང་དུ་བྱས་ན། སྐྱེད་རྫོགས་གཉིས་དང་། །ཐབས་ཤེས་རབ་གཉིས་དང་། །ལྷའི་དཀྱིལ་འཁོར་ཁ་དོག་གཟུགས་ཅན། །ཞི་ཁྲོ་གྲངས་མེད་པ་ལས་སྔགས་ཀྱི་ཐབས་ཟབ་མོས་ཡུན་རིང་དུ་བློ་སྦྱོང་ཞིང་གོམས་པར་བྱས་པ་ལས། །ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཐར་ཐུག་ཏུ་རྟོགས་པ་སྟེ། །འདི་ཡང་མ་ཧཱ་ཡོ་གའི་སྐད་དུ་ན། །དབང་ལས་བྱུང་བའི་ཡེ་ཤེས་ཙམ་དུ་མིང་འདོགས་སུ་བསྟུབ་པ་ཡིན། །དེའི་ཕྱིར་ན། ལུང་ཆེན་ཨ་ནུ། ཡོ་ག་ལ་རྒྱུད་སྡེ་གྲངས་མེད་པ་བཞུགས་པ་ལས། །ཐམས་ཅད་previous hit དགོངས next hit་གཅིག་ཏུ་མཐུན་པར་ཤེས་རབ་ཡེ་ཤེས། །དབྱིངས་དང་ཡེ་ཤེས་གཉིས་ཀྱིས་དབང་བསྐུར་བར་བཞེད་པ་སྟེ། །དེ་ལྟར་དུ་བྱས་ན་མ་ཧཱ་ཡོ་གའི་དབང་བཞི་ཀ་ཡང་རྒྱུ་ལས་བྱུང་ཞིང་། །རྐྱེན་གྱིས་བསྐྱེད་པ་ཡིན་པའི་ཕྱིར་ན། རྒྱུ་ཤེས་རབ། རྐྱེན་ཐབས། །ཐབས་ཤེས་རབ་གཉིས་སུ་མེད་པར་སྦྱོར་བ་ལས། །གཉིས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པར་འདོད་པ་སྟེ། །ཐབས་ཤེས་ལ་གྲངས་མེད་འདི་རྣམས་གཅིག་ཏུ་སྦྱོར་ཉན་ནམ་མི་ཉན། །གཉིས་ཅན་གཉིས་མེད་དུ་འགྱུར་རམ་མི་འགྱུར། དེའི་ཕྱིར་ན། །མཁས་ལ་གྲུབ་པ་ཐོབ་པའི་དབང་བསྐུར་བའི་དགེ་བའི་བཤེས་གཉེན་རྣམས་previous hit དགོངས next hit་མཛད་པར་ཞུ། །དེའི་ཕྱིར་ན་མ་ཧཱ་ཡོ་གའི་དབང་བཞི་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་འདོད་ཅན་ལྷན་ཅིག་སྐྱེས་དགུ་འབྱུང་བའི་ཕྱིར་ན། རང་བྱུང་གི་ཡེ་ཤེས་མ་ཡིན་ཞིང་། །དབང་ལ་བདེ་ཡང་རང་འབྱུང་གི་ཡེ་ཤེས་མ་ཡིན་ཞིང་། །རྒྱུ་འབྲས་ལ་འབྱུང་བའི་ཕྱིར་ན། ལྷན་ཅིག་སྐྱེས་བ་བྱ་བ་དེ་ཡང་། །ཐབས་དང་ཤེས་རབ་ཡུལ་དང་ཡུལ་

(༣༩)བྱུང་བའི་ཡེ་ཤེས་ཡིན་པའི་ཕྱིར་ན། །མ་ཧཱ་ཡོ་གའི་གསང་བའི་མཐར་ཐུག་སྟེ། །ལུང་ཆེན་ཨ་ནུ་ཡོ་ག་ཡིས་ཤེས་རབ་ཡེ་ཤེས་ཀྱི་དབང་རྫོགས་པར་བསྐུར་བའི་ཕྱིར་ན། །མ་ཧཱ་ཡོ་གའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། །དབང་གོང་མ་གཉིས་ཀྱི་ལམ་སྟེགས་ཙམ་དུ་བཞེད་པ་ཡིན། །ཨ་ནུ་ཡོ་གའི་དབང་དུ་བྱས་ན། དབྱིངས་དང་ཡེ་ཤེས་རོ་མཉམ་པ་ལས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡི་གེ་འབྲུ་གསུམ་དུ་རང་བཞིན་གྱིས་གནས་པ་སྟེ། ཨོཾ་ཧཱུྃ་མུམ་གསུམ། །ཡི་གེ་དེ་གསུམ་ལས་དཀྱིལ་འཁོར་གསུམ་གྱི་ཡི་གེའི་ཚོགས་སུ་བཞེད་པ་སྟེ། །སྣང་བ་སྐུའི་དཀྱིལ་འཁོར་ཨོཾ་ནི་གཟུགས་སྐུ་ཐམས་ཅད་ཀྱི་ཆོ་འཕྲུལ་ཆེན་པོའི་སྒོ། ཡི་གེ་འཁོར་ལོ་ཚོགས་ཆེན་དང་། སྒྲ་སྐད་ཐམས་ཅད་ཀྱི་གསུང་གི་དཀྱིལ་འཁོར་མུམ་གསུམ། ཡི་གེ་ཐམས་ཅད་ཀྱི་དཀྱིལ་འཁོར་དང་། །དྲན་རྟོག་ཐམས་ཅད་ཀྱི་རང་བཞིན་མཚན་ཉིད་ཧཱུྃ། །ཐུགས་ཀྱི་དཀྱིལ་འཁོར། །འཁོར་འདས་ཐམས་ཅད་ཡི་གེའི་དཀྱིལ་འཁོར་ཏེ། །དཀྱིལ་འཁོར་ཆེན་པོ་འདི་ཡིས་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་དུ་མ་ཁྱབ་པ་གང་ཡང་མེད་པ་སྟེ། །སྣང་སྲིད་འཁོར་འདས་ཀྱི་ལམ་གྱིས་བསྡུས་པའི་ཆོས་ཐམས་ཅད་འདི་ལས་མ་བྱུང་བ་དང་། མི་གནས་པ་དང་། །དཀྱིལ་འཁོར་འདི་གསུམ་ལ་ཡི་གེའི་ཚོགས་སུ་མ་རྫོགས་པ་གང་ཡང་མེད་པའི་ཕྱིར་ན། །ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སྟོན་པ་དྲུག་པ་རྡོ་རྗེ་འཆང་ཡི་གེའི་རང་བཞིན་དུ་འཁོར་འདས་ཀུན་ལ་ཁྱབ་པར་གནས་པ་སྟེ། །ལུང་ཆེན་ཨ་ནུ་ཡོ་གའི་མཐར་

(༤༠)ཐུག་པ་རྫོགས་པ་ཆེན་པོ་ལ་སྒྲོལ་ཤན་འབྱེད་ཀྱི་ཐེག་པ་ཡིན་ཏེ། །ཞི་ཁྲོ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། །སྐྱེད་རྫོགས་གཞལ་ཡས་ཀྱི་ཁང་ལ་སོགས་པའི་ཞལ་ཕྱག་སྣ་ཚོགས་དང་ལྡན་པའི་ལྷ་ཚོགས་ཡོད་ཅིང་སྒོམ་པར་མི་འདོད་པའོ། །དེ་ཅིའི་ཕྱིར་ཞེ་ན། །གནས་ལུགས་རང་གི་དཀྱིལ་འཁོར་ལ་མཚན་ཉིད་སྣང་བ་དཀར་དམར་གས་པ་སྟེ། །མཚོན་ཆའི་ཡི་གེའི་ཚོགས་ཙམ་དུ་གནས་པ་ལས་ཀུན་བཟང་ཡབ་ཡུམ་བྱ་བའི་ཆོས་དང་བྱེད་པའི་ཡིད་ཀྱིས་དབྱིངས་དང་ཡེ་ཤེས་ཙམ་དུ་དབང་བསྐུར་ཞིང་ངོ་སྤྲོད་པས། །ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད། །འཁོར་འདས་གཉིས་ཡི་གེའི་འཛིན་པ་ཙམ་གྱི་ཆ་ཕྲའུ་རེ་རེ་དབྱིངས་དང་ཡེ་ཤེས་སུ་རྟོགས་པའི་ཕྱིར་ན། སེམས་ལུང་ཆེན་མོའི་མདོ་ལས་ཀྱང་། ཕར་བལྟས་ཀུན་ཏུ་བཟང་མོ་ལ། ཚུར་བལྟས་ཀུན་ཏུ་བཟང་པོར་གནས་བར་ན་རྒྱལ་བའི་དཀྱིལ་འཁོར་ཏེ། རྒྱ་མཚོགས་ཉི་ཟླ་ཤར་བ་བཞིན། །ཤར་བ་ཉིད་ན་ནུབ་པ་མེད། །ཅེས་གསུངས་པའི་ཕྱིར་ན། ཤེས་རབ་ཡེ་ཤེས་ཀྱི་དབང་གི་མཐར་ཐུག་པ་ཡང་རྟོགས་ཚུལ་འདི་ཙམ་ལ་previous hit དགོངས next hit་ཡིན། དེའི་ཕྱིར་ན། །དགེ་བའི་བཤེས་གཉེན་འགའ་ཞིག་གིས་དབང་བསྐུར་བའི་ཆོ་ག་ལ། །ཤེས་རབ་ཡེ་ཤེས་ཀྱི་དབང་སེམས་ལ་བསྐུར་བས། །ཉོན་མོངས་པ་ཞེ་སྡང་དག་པར་འདོད་པ་ཡང་ཡོད་དེ་ལྟར་དུ་ཡིན་ན། །ཞེ་སྡང་གིས་གཙོ་བྱས་པའི་དུག་ལྔ་པོ་ཉིད་དབྱིངས་དང་ཡེ་ཤེས་ཡིན་པའི་ཕྱིར་ན། ཞེ་སྡང་དག་བྱར་བྱས་པ་སྟེ། །ཀྲྀ་ཡ་དག་པའི་རྣལ་འབྱོར་དུ་བབས་ཤིང་། །ཡི་གེ་འཁོར་ལོ་ཚོགས་

(༤༡)གྱི་ས་དང་། །ལུང་ཆེན་ཨ་ནུ་ཡོ་གའི་previous hit དགོངས next hit་འཇིག་པའི་སྐྱོན་ཡོད། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་མཐར་ཐུག་པ་དབྱིངས་དང་ཡེ་ཤེས་ཀུན་བཟང་དབྱེ་བ་མེད་པའི་སར་བཞེད་པ་སྟེ། །འདི་ཡང་ཨ་ནུ་ལ་བཞིར་དབྱེ་བ་ལས། །ཤེས་རབ་ཡེ་ཤེས་ཀྱི་དབང་ཡང་བཞིར་དབྱེ་བ་སྟེ། །ཡང་ཨ་ནུ་ཡོ་ག་རང་གཞུང་གིས་ཀྱང་དབང་བཞི་བསྐུར་ཞིང་རྫོགས་པར་བཞེད་པ་ཡིན་པ་ལས། །ཐེག་པ་དགུ་སྤྱི་བཅས་དང་བསྟུན་ན། །ཨ་ནུའི་དབང་བཞི་པའི་ཡེ་ཤེས་དེ་ཡང་མཐར་ཐུག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། །དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལས་ཡི་གེ་གསུམ་དང་དཀྱིལ་འཁོར་གསུམ་དུ། ཉོན་མོངས་པའི་ཚོགས་དང་། །གཟུང་འཛིན་ཕྲ་བའི་ཕྲ་བ་རྣམས་མཚོན་ཙམ་གྱིས་མཚོན་དུ་མེད་པར་ངོ་སྤྲོད་ཅིང་དབང་བསྐུར་བའི་ཕྱིར་ན། །ཡུལ་དང་ཡུལ་ཅན་ཤིན་ཏུ་ཕྲ་བའི་ཡེ་ཤེས་ཙམ་ཡིན། དེའི་ཕྱིར་ན། ཤེས་རབ་ཡེ་ཤེས་ཀྱི་དབང་མན་ཆོད་མ་ཧཱ་ཡོ་ག་དང་། ཨ་ནུ་ཡོ་ག་གཉིས་ལ་དབང་ལ་སོགས་པ་བརྒྱད་དུ་དབྱེ་བ་ཡང་སྣང་ཆ་དང་། གསལ་ཆ་ཅུང་ཟད་ཙམ་རེ་ཡོད་པའི་ཕྱིར་ན། །མཐར་ཐུག་ཡིན་ཏེ་མཐར་ཐུག་མིན། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། །དབྱིངས་དང་སེམས། །ཡུལ་དང་ཡུལ་ཅན་ཆ་ཕྲའུ་ཙམ་གྱི་ཡེ་ཤེས་ཡིན་ཏེ། ཕྱོགས་མེད་རང་བྱུང་ཡེ་ཤེས་ཡིན་ནོ། །དེའི་ཕྱིར་ན་ཐེག་པ་གུ་ལ་སོགས་པ་ངར་འཛིན་གྱི་ལྟ་བ་ཉི་ཤུ་རྩ་

(༤༢)གཉིས། །དངོས་པོ་གཤིས་ཀྱི་གནས་ལུགས། །རང་བྱུང་ཡེ་ཤེས་ཕྱོགས་མེད་དུ་རྫོགས་ཤིང་རྟོགས་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ནི། །ཀློང་ཆེན་རབ་འབྱམ། སྤྱི་རྒྱུད་ཆེན་པོ་ལས་ཆོས་དབྱིངས་ནམ་མཁའ་ཉི་ཟླ་རྒྱ་མཚོ་ནོར་བུ་ཡོན་ཏན་མ་བཙལ་ཡོངས་རྫོགས་ལྟར། །རང་བྱུང་ཡེ་ཤེས་རང་བཞིན་རྫོགས་པ་ཡང་། དེ་དང་དེ་ཉིད་མཚུངས་པའོ། །ཞེས་གསུངས་པ་ཡང་ཡེ་ཤེས་ཀུན་གྱི་མཆོག་ཏུ་གྱུར་པ་དབང་གི་རྟོགས་པའི་ཡེ་ཤེས་ནི། །རྒྱུ་རྐྱེན་གང་ལ་ཡང་རྟེན་མ་བཅས་པའོ། །དེའི་ཕྱིར་ན། །ཀློང་ཆེན་རབ་འབྱམས་རྩ་བའི་རྒྱུད་ལས་ཀྱང་གནས་ལུགས་རྡོ་རྗེ་རྒྱལ་པོ་རང་། །དབང་བསྐུར་མེད་པར་རང་བྱུང་སྟེ། །ཐམས་ཅད་ཡེ་ཤེས་ངོ་བོ་གཅིག །རང་བྱུང་ཡེ་ཤེས་ཀུན་ཁྱབ་དབྱིངས། །ཤེས་གསུངས་པའི་ཕྱིར་རོ། དེའི་ཕྱིར་ན། ཨ་ནུ་དང་ཨ་ཏི་གཉིས་ཀྱིས། ཤེས་རབ་ཡེ་ཤེས་ཀྱི་དབང་དང་། །དབང་བཞི་ངོ་སྤྲོད་ཅིང་རང་གིས་རང་ཉིད་རྟོགས་པར་བསྟོན་པ་སྟེ། འདིར་རྒྱས་པར་མ་སྤྲོས་པའོ། །འདིར་མ་ཧཱ་ཡོ་ག་གསར་རྙིང་གི་དབང་གི་ས་མཚམས་འབྱེད་པའི་ཕྱིར་ན། ཐེག་པ་གོང་མ་གཉིས་ཀྱང་མདོ་ཙམ་བསྟན་པའོ། །ཤེས་རབ་ཡེ་ཤེས་དང་དབང་བཞི་གཉིས་གཅིག་ཏུ་རྫོགས་པ་གཉིས་མི་ནུབ་ཨ་ཏིའི་བསྟན་པ་རྒྱ་མཚོ་མཐའ་ཡས་སུ་གོ་ཞིང་ཤེས་ནས་རྟོགས་པར་བྱའོ། །མ་ཧཱ་ཡོ་ག་གསར་རྙིང་གི་ཐེག་པ་ནི། །ཐེག་པ་དྲུག་ཐོག་པ་གཅིག་ཏུ་རྫོགས་པ་སྟེ། རྣལ་འབྱོར་བླ་ན་མེད་པ་ཞེས་ཀྱང་བྱ། དེའི་ཕྱིར་ན། མ་ཧཱ་

(༤༣)ཡོ་ག་གསར་རྙིང་གི་རྒྱུད་སྡེ་གྲངས་མང་ཡང་། །previous hit དགོངས next hit་མཐུན་པར་གཅིག་བསྟན་པ་སྟེ། །ཕུང་པོ་ལྔ་རྒྱལ་བ་རིགས་ལྔ། །འབྱུང་བ་ལྔ་ཡུམ་ལྔ་དུག་ལྔ་ཡེ་ཤེས་ལྔ། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་གདོད་མ་ནས་ལྷ་དང་ལྷ་མོའི་དཀྱིལ་འཁོར་ལ་སོགས་པ་ཡིན་པར་བསྟན་པ་སྟེ། །དེ་ལ་འཁོར་བའི་ཆོས་དྲུག་བཅུ་རྩ་བཞི་འགོག་པར་འདོད་ན། །མ་ཧཱ་ཡོ་ག་ཉན་ཐོས་ཀྱི་ཐེག་པར་གོལ་ས་ཡུལ་དང་ཡུལ་ཅན་གྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཤིག་པ་དང་ལུགས་འབྱུང་ལུགས་ལས་བཟློག་པར་འདོད་ན། །མ་ཧཱ་ཡོ་ག་རང་རྒྱལ་གྱི་ཐེག་པར་གོལ། །སྤངས་པ་ཕུན་སུམ་ཚོགས་པ་ཕར་སྤངས་ནས། །ཐོབ་པ་ཕུན་སུམ་ཚོགས་པ་ཚུར་ཐོབ་པར་འདོད་ན། །མ་ཧཱ་ཡོ་ག་དྲང་བ་དོན་གྱི་མདོ་སྡེར་གོལ། །དོན་དམ་ཀུན་རྫོབ་ཏུ་འདོད་ན། །ཐབས་དང་ཤེས་རབ་ན་བབས། །དེའི་ཕྱིར་ན་མ་ཧཱ་ཡོ་ག་གསར་མའི་མཁན་པོ་རྣམས་ཀྱིས་དོན་དམ་ཀུན་རྫོབ་དང་། ཐབས་དང་ཤེས་རབ་གཉིས་ནོར་རམ་མ་ནོར། །བདེ་མཆོག་དགྱེས་དགྱེས་རྡོར་གྱི་འགྲེལ་པ་རྣམས་ལ་ལྟོས་དང་། གསལ་བར་སྣང་། །དེའི་ཕྱིར་ན། །ཚོགས་གཉིས་ཟུང་འཇུག་ཏུ་འདོད་ན། མ་ཧཱ་ཡོ་ག་བྱང་ཆུབ་སེམས་དཔའི་ས་ལམ་དུ་གོལ། རབ་ཏུ་མི་གནས་པ་དང་། རྣམ་རིག་ཙམ་དུ་བཤད་ན། མ་ཧཱ་ཡོ་གའི་འབྲས་བུ་དབུ་མའི་མཐར་ཐུག་ཙམ་དུ་གོལ། དུག་ལྔ་ལ་སོགས་དག་པར་འདོད་ན་

(༤༤)མ་ཧཱ་ཡོ་ག་ཀྲྀ་ཡ་དག་པའི་རྣལ་འབྱོར་དུ་གོལ། །ཆ་མཉམ་གཉི་ག་སྤྱོད་ཙམ་དུ་འདོད་ན། མ་ཧཱ་ཡོ་ག་སྤྱོད་པའི་ཐེག་པར་གོལ། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་ལྷའི་དཀྱིལ་འཁོར་དུ་བསྒྱུར་བར་འདོད་ན། མ་ཧཱ་ཡོ་ག་རྣལ་འབྱོར་གྱི་ཐེག་པར་གོལ། དེའི་ཕྱིར་ན། བསྐང་པའི་ནང་ན། །གཟུགས་ཀྱི་ཕུང་པོ་གནས་གྱུར་པ། །རྣམ་པར་སྣང་མཛད་ཐུགས་དམ་བསྐང་། །ཟེར་བ། །མ་ཧཱ་ཡོ་ག་རྣལ་འབྱོར་གྱི་ཐེག་པར་ན་བབས་པ་ཡིན། །བསྐང་བ་ཙམ་ཡིན། དེའི་ཕྱིར་ན། །མི་རྣམས་མ་ཧཱ་ཡོ་ག་གསར་རྙིང་གི་གོལ་ས་ཡིན་པའི་ཕྱིར་ན། །ཐེག་པ་གོང་མ་འོག་མ་རྣམས་སུ་བབས་པའོ། དེ་ཅིའི་ཕྱིར་ཞེ་ན། །མ་ཧཱ་ཡོ་གའི་རྒྱུད་སྡེ་ཐམས་ཅད་ཀྱི་དགོངས་ཚུལ་རྣམས་དང་མི་མཐུན་པའི་ཕྱིར་ན། །མ་ཧཱ་ཡོ་གའི་རྒྱུད་སྡེ་ཐམས་ཅད་འཇིག་པའི་སྐྱོན་ཡོད་དོ། །སྐྱེད་རིམ་རྟག་པར་མངོན་པར་ཞེན། །རྫོགས་རིམ་སྟོང་པ་ཉིད་དུ་བཤིག་ཅིང་གཏན་ལ་འབེབས་པ་སྟེ། །མ་ཧཱ་ཡོ་ག་རྟག་ཆད་གཉིས་སུ་གོལ་ལོ། །ཐིག་ལེ་ནཱ་ད་གཉིས་ཀྱིས་མཐའ་གཉིས་བསལ་ནས་ཡོད་མིན་མེད་མིན་ཙམ་དུ་འཛིན་པ་ནི་མུ་སྟེགས་གསང་བ་ས་རུ་གོལ་ལོ། །ལྷ་དང་དཀྱིལ་འཁོར་རྒྱན་དང་ཆ་ལུགས། །སྐུ་དང་ཕྱག་མཚན་རྡོ་རྗེ་མེ་རི། །དུར་ཁྲོད་རྒྱན་ལ་སོགས་པ་རྣམས་དག་བྱ་དག་བྱེད་དུ་འདོད་པ་ནི། །མ་ཧཱ་ཡོ་ག་གསར་རྙིང་གི་དཀྱིལ་འཁོར་ཐམས་ཅད། །ཀྲྀ་ཡོག་དག་པའི་རྣལ་འབྱོར་རིགས་གསུམ་རྡོ་རྗེ་འཛིན་པའི་སར་ན་བབས་

(༤༥)བབས་སོ། རྒྱུད་དང་། ལུང་དང་། །མན་ངག་གི་བཞེད་ལུགས་ཐམས་ཅད་མ་གོ་བར་ཐབས་ཟབ་མོས་མ་གོ་བར་ཟིན་ཞིང་། །ཤ་ཆང་ལ་སོགས་བག་མེད་དུ་སྤྱོད་པ་དང་། །ཧེ་རུ་ཀ་དང་ཁྲོ་བོའི་དེ་ཉིད་མ་རྟོགས་པར་ཞེ་སྡང་དབང་གིས་མཐུ་སེར་གཏད་གསུམ་བྱེད་པ་དང་། །ཐབས་དང་ཤེས་རབ་གཉིས་མེད་སྦྱོར་བ་མི་ཤེས་པར། སྟ་ན་འགའ་ན་སྦྱོར་བ་སྒྲོལ་བ་དེ་རྣམས་བོད་སྐད་དུ་བསྒྱུར་ན། །གསང་བའི་དབང་དང་། ཚོགས་ཀྱི་མཆོད་པར་འདུས་པ་སྟེ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་དེ་ཉིད་མངོན་དུ་མ་གྱུར་པར། གསང་སྤྱོད་གསང་བའི་དབང་བསྐུར་བ་ཡིན་ཟེར་ཞིང་། །ཉོན་མོངས་པ་དུག་ལྔ་རང་ག་མར་སྤྱོད་པ་སྟེ། །འགྲོ་བ་རིགས་དྲུག་གི་ཉོན་མོངས་པ་འཁྲུལ་པ་རང་ལུགས། །མ་ཧཱ་ཡོ་ག་གསར་རྙིང་གི་ཕྱི་ནང་གི་སྤྱོད་པ་འཁྲུལ་པ་འབའ་ཞིག་ཏུ་གོལ་ལོ། །མ་ཧཱ་ཡོ་ག་གསར་རྙིང་གི་ལུགས་ཀྱིས། །ཡིན་ལུགས་ཤེས་པ་དང་། ངེས་ཤེས་བརྟན་ནས་ཆ་ལུགས་ཡོངས་སུ་རྫོགས་ཤིང་། །ཀུན་གྱི་དེ་ཉིད་དབྱེར་མེད་དུ་རྟོགས་ན། །མ་ཧཱ་ཡོ་གའི་previous hit དགོངས next hit། །དེའི་ཕྱིར་ན་སེམས་ཅན་གཅིག་གི་ལུས་ངག་ཡིད་གསུམ་སྣང་བ་དང་བཞི་པོ་ནི། །སེམས་ཅན་གྱི་དུས་སུ་ཕུང་པོ་ལྔ་དང་འབྱུང་བ་ལྔ་དུག་ལྔ་ཡིས་བསྡུས་པ་ནི། །འཁོར་བའི་ཡོངས་སུ་རྫོགས་པ་སྟེའི་གནས་ཉི་ཤུ་རྩ་བཞི་ཡིན། །བདུད་དང་འགྲོ་བ་རིགས་དྲུག་གི་གནས་སྣ་ཚོགས་པ་སྟེ། །མ་རིག་པའི་དབང་གིས་འཁོར་བའི་རྒྱུ་འབྲས་རྒྱུན་

(༤༦)ཆད་མེད་པ་འབྱུང་། །མ་ཧཱ་ཡོ་གའི་ཐེག་པ་ཡིས་འཁོར་བའི་རྒྱུ་འབྲས་རྣམ་པར་རྟོག་པ་དང་བཅས་པ་དེ། གདོད་མ་ནས་རྒྱལ་བའི་དཀྱིལ་འཁོར་གནས་ཉི་ཤུ་རྩ་བཞི་ཡིན་པ་ལ་ཡིན་པར་ངོ་ཤེས་ཤིང་། །དཀྱིལ་འཁོར་ཆེན་པོའི་མཚན་ཉིད་ཡོངས་སུ་རྫོགས་པ་དང་། ངེས་ཤེས་བརྟན་ཞིང་། །འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཐབས་དང་ཤེས་རབ་དབྱེར་མེད་དུ་རྟོགས་ན། །དེ་ལྟ་བུའི་རྡོ་རྗེ་སློབ་དཔོན་གྱིས། །རྡོ་རྗེ་དྲིལ་བུ་པའི་ལུས་ཀྱི་དཀྱིལ་འཁོར་ལ་སོགས་པ། །རང་ལུས་རྒྱལ་བའི་དཀྱིལ་འཁོར་རང་ལ་རྫོགས་པའི་དབང་བསྐུར་དུ་བཏུབ་པ་ཡིན། །དེའི་ཕྱིར་ན་སྒྱུ་འཕྲུལ་གྱི་རྒྱུད་ལས་ཀྱང་། །རང་ལུས་རྒྱལ་བའི་དཀྱིལ་འཁོར་བསྟན་པ་ནི། ཞི་ཁྲོ་རབ་འབྱམ་རང་ལ་བཞུགས། ཞེས་གསུངས་པ་ཡང་། །འདིའི་སྐབས་སུ་previous hit དགོངས next hit་ཡིན། །དེའི་ཕྱིར་ན། །རྡོ་རྗེ་དྲིལ་བུ་པ་ལ་སོགས་པ་གསར་རྙིང་གི་གྲུབ་ཐོབ་རྣམས་ཀྱིས། རང་གི་ལུས་ངག་ཡིད་གསུམ་ལས་དཀྱིལ་འཁོར་སྣ་ཚོགས་སྟོན་ནུས་པ་དང་། །རང་གི་ལུས་ཀྱི་དཀྱིལ་འཁོར་གནས་ཉི་ཤུ་རྩ་བཞི་ལ་སོགས་པ་དཀྱིལ་འཁོར་རྒྱས་པ་དང་བསྡུས་པའི་དབང་རྣམས་བསྐུར་ནུས་པ་ཤིན་ཏུ་བདེན། ཐེ་ཙོམ་མེད་པ་སྟེ། །དེང་སང་གི་དུས་ཀྱིས། །མ་རིག་པའི་ལས་ཅན་དང་ལུས་ཅན་དུག་ལྔ་རང་གར་གནས་པ་ཡིས། །དཀྱིལ་འཁོར་གྱི་ཆོ་ག་ཤེས་ཀྱང་། རང་ལུས་རྒྱལ་བའི་དཀྱིལ་འཁོར་གྱི་དབང་སློབ་མ་ལ་བསྐུར་ནུས་སེམས་མི་ནུས། སློབ་དཔོན་མ་རིག་པ་དང་། །མ་རྟོགས་པ་ཡིས། །སློབ་མ་འཁྲུལ་པ་

(༤༧)གཟུང་འཛིན་གྱི་རྒྱ་མཚོ་ལ་གནས་པ་ལ་ཀུན་བཏགས་ཚིག་གི་ཐ་སྙད་ཀྱི་འཁྲུལ་པ་ནང་འཕྲད་ཀྱི་དབང་བསྐུར་ན། །དབང་བཞི་རྫོགས་སམ་མི་རྫོགས། །དེའི་ཕྱིར་ན། །དེ་ཉིད་བཅུ་པོ་མ་རྫོགས་ཤིང་མ་རྟོགས་ཚེ། །རྡོ་རྗེ་དྲིལ་བུ་ལ་སོགས་ཀྱིས། །རང་གི་ལུས་ངག་ཡིད་གསུམ་ལ། །དཀྱིལ་འཁོར་རྒྱས་བསྡུས་གྲངས་མེད་ཀྱི། །དབང་གི་བསྐུར་ལུགས་གདའ་ན་ཡང་། །ཉོན་མོངས་འཁྲུལ་པའི་དབང་བཞི་དང་། །བུམ་དབང་ལ་སོགས་དབང་བཞི་ནི། །ཐོབ་བམ་མ་ཐོབ་ཉིད་ཀྱིས་ཤེས། དེའི་ཕྱིར་ན། །སྐབས་འདིར་ནི་འཁོར་བའི་གནས་ཉི་ཤུ་རྩ་བཞི། །ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་། །མ་རིག་པའི་རྩ་བ་ཅན་གྱི་དབང་ཐོབ་དགོས་ཡོད་པའི་ཕྱིར་ན། དབང་བསྐུར་བའི་མཁན་པོ་རྣམས་ཀྱིས་ཀྱང་། །མ་ཧཱ་ཡོ་ག་རྒྱུད་སྡེ་བཅོ་བརྒྱད་ཀྱི་འབྲེལ་ཚུལ་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། །མ་ཧཱ་ཡོ་གའི་ལུགས་ཀྱིས། །ཉོན་མོངས་པ་ལམ་དུ་སློང་བ་ལས། །ཐབས་དང་ཤེས་རབ་ཀྱིས་མ་ཟིན་ན། །དབང་བསྐུར་བ་ལ་སོགས་པ་ཉོན་མོངས་པ་སྤེལ་ཞིང་རྒྱ་ཆེར་བསྒྲུབ་པ་འདྲ་ཉེན་ཡོད་པའི་ཕྱིར་ན། ཐབས་དང་ཤེས་རབ་དབྱེར་མེད་ཀྱི་སྒྲ་དང་དོན་ཤེས་ཤིང་གོ་བར་བྱའོ། །མ་ཧཱ་ཡོ་ག་གསར་རྙིང་གི་རྒྱུ། །ལུང་ལྔ་ག་རྒྱུད་སྡེ་བཅོ་བརྒྱད་ལས་འཕྲོས་པ་གསང་བ་རྒྱ་མཚོ་མཐའ་ཡས་ཀྱི་མ་ཧཱ་ཡོ་གའི་སྒྲ་དང་དོན་སྐྱོན་དང་ཡོན་ཏན་གཞི་ལམ་འབྲས་བུས་ཐབས་དང་ཤེས་རབ་དབྱེར་མེད་ཀྱིས་ལམ་བསྒྲད་ནས། །བཅུ་གཉིས་མ་ཆགས་པདྨ་ཅན་དུ་རང་བཞིན་ལྷུན་གྱིས་གྲུབ་པའི་རིགས་ལྔ་ཡབ་ཡུམ་བཅུའི་དཀྱིལ་འཁོར་བཅུ་དྲུག་ཏུ་ཟླ་བས་ཚེ་བསྒྲུབས་ནས། །ལོ་སྟོང་དྲུག་བརྒྱ་མི་ཚེ་གཅིག་གིས་

(༤༨)ཡི་གེ་ཚོགས་ཆེན་གྱི་སར་སངས་རྒྱས་སར་བཞེད་པ་སྟེ། །རྫོགས་པ་ཆེན་པོ་ཀུན་བྱེད་ལས། །མ་ཧཱ་རྡོ་རྗེ་འཆང་འདོད་པ། །ཞེས་གསུངས་པའི་ཕྱིར་ན། །མ་ཧཱ་ཡོ་ག་གསར་རྙིང་གི་སའི་སྐལ་ས་གཤའ་མ་དེ་མ་ཆགས་པདྨ་ཅན་དུ་བཞེད་པ་ཡིན། །རྒྱུད་སྡེ་བཅོ་བརྒྱད་ཀྱི་འབྲེལ་ཚུལ་གཏན་ལ་འབེབས་པའི་བར་སྐབས་སོ། །ཀུན་ཏུ་བཟང་དང་རྡོ་རྗེ་སེམས། །རྒྱལ་པོ་ཛ་ནས་ད་ལྟའི་བར། །མ་ཧཱ་ཡོ་ག་རྙིང་པ་ཡི། །སྒྲ་དོན་ཆོས་ཀྱི་འཁོར་ལོ་ལ། །མཁས་ལ་གྲུབ་པ་ཐོབ་པ་ཡི། །བརྒྱུད་པ་ཀུན་གྱི་previous hit དགོངས next hit་སྟེ། །སྔགས་འཆང་རང་བྱུང་རྡོ་རྗེ་ཡིས། །ཐམས་ཅད་ཀུན་གྱི་བྱེ་བྲག་དང་། །རྒྱུད་སྡེ་ཀུན་གྱི་previous hit དགོངས next hit་རྣམས། །མ་འདྲེས་སོ་སོར་རྟོགས་ནས་ཀྱང་། །རྡོ་རྗེ་འཆང་དང་རྣལ་འབྱོར་མ། །གྲུབ་ཆེན་བརྒྱད་དང་ཏཻ་ལོ་སོགས། །ས་ར་ཧ་དང་ཀླུ་སྒྲུབ་སྟེ། །ལུང་བསྟན་ཐོབ་པའི་རྗེ་བཙུན་རྣམས། །མར་མེ་གཅིག་གིས་གཅིག་བལྟམས་བཞིན། །ད་ལྟའི་རྗེ་བཙུན་ཡན་ཆད་དུ། །རྡོ་རྗེ་ཐེག་པ་གསར་མ་ཡིས། །མཁས་ལ་གྲུབ་པ་ཐོབ་པ་ཡིས། །བྱིན་རླབས་སྔགས་འཆང་རྡོ་རྗེ་ཡང་། །ཐབས་དང་ཤེས་རབ་དབྱེར་མེད་རྒྱུད། །རིགས་ལྔ་ཕྱག་རྒྱ་བཞི་དག་གི། །སྒྲ་དོན་གཅིག་ཏུ་རྟོགས་པའི་ཕྱིར། །མ་ཧཱ་ཡོ་ག་གསར་རྙིང་གི། །རྒྱུད་སྡེ་རྣམས་ཀྱི་འབྲེལ་ཚུལ་གྱི། །ལུང་ཆེན་རྣམས་ཀྱིས་གཏན་ལ་ཕབ། །མན་ངག་གསང་མཛོད་མངོན་དུ་གྱུར། །སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་དུ། །ངེས་ཤེས་བརྟན་ཞིང་ཆ་ལུགས་

(༤༩)རྫོགས། །སྒྲ་སྐད་རྣམ་པ་སྣ་ཚོགས་ཀྱང་། །རྡོ་རྗེ་ཐེག་པའི་རང་སྒྲར་གོ། །རང་སེམས་རྡོ་རྗེ་འཆང་ཆེན་དང་། །སྐུ་ལྔའི་བླ་མ་རང་ལ་རྫོགས། །རྣལ་འབྱོར་ཆེན་པོ་བླ་མེད་ཀྱི། །ས་ལམ་རིམ་པའི་བྱེ་བྲག་དང་། །སྣ་ཚོགས་ཉམས་ཀྱི་འཆར་ཚུལ་དང་། །སྐྱོན་དང་ཡོན་ཏན་གོལ་ས་རྣམས། །མ་འདྲེས་སོ་སོར་རྟོགས་པའི་ཕྱིར། །གསང་སྔགས་རྡོ་རྗེའི་ཚིག་སྦྲམ་རྣམས། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ཏུ། །ཨཱ་ལི་ཀཱ་ལི་མཉམ་སྦྱོར་པས། །བདེ་གཤེགས་བཀའ་ལ་ལུང་ཆེན་ཐོབ། །བསྟན་པ་རྒྱ་མཚོ་རབ་འབྱམ་ལས། །ཕྱོགས་མེད་ཤེས་རབ་ཡེ་ཤེས་སྤྱན། །རྟོགས་པ་ཡེ་ཤེས་འཁོར་ལོ་སྟེ། །ཏཻ་ལོ་བརྒྱུད་པས་བྱིན་རླབས་པའི། །རྣལ་འབྱོར་རང་བྱུང་རྡོ་རྗེ་ཡང་། །གསང་མཆོག་རྡོ་རྗེ་ཐེག་པ་ཡི། །གསང་མཛོད་ཐུགས་ཀྱི་མཛོད་སྒོ་བྱེ། །གནས་ལུགས་རྡོ་རྗེ་འཆང་ཆེན་དེ། །ཀུན་རིག་ཀུན་བདག་ཀུན་རྟོགས་པས། །རྡོ་རྗེ་འཆང་ཆེན་ལ་སོགས་པ། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམ་པ། །འཁོར་ལོ་ལྔ་ཡི་ཕོ་བྲང་དུ། །ངོ་བོ་ཉིད་ཀྱིས་བཞུགས་པར་རྟོགས། །སྙིགས་མ་ལྔ་ཡི་འཇིག་རྟེན་ཁམས། །འོག་མིན་གནས་དང་ཐ་དད་མེད། །རྟོགས་པ་རབ་འབྱམ་ཀུན་བདག་ཐུགས། །རང་ཉིད་ཆེན་པོ་རྡོ་རྗེ་འཆང་། །ཨེ་མ་ངོ་མཚར་མི་ཆེའམ། །དེ་ལྟར་རྟོགས་པའི་རྣལ་འབྱོར་པས། །མ་ཧཱ་ཡོ་ག་གསར་རྙིང་གི། །འཇུག་སྒོ་སྐྱེད་རྫོགས་དབང་ལ་སོགས། །རྣམ་གྲངས་དགུ་ཡིས་བསྟན་པ་ཡང་། །ས་ལམ་རིམ་གྱིས་མི་སྒྲོད་པར། །སྐད་ཅིག་ལག་པ་བརྐྱང་བསྐུམ་ལ།

(༥༠)རིགས་ལྔ་ཡབ་ཡུམ་བཅུ་རུ་རྟོགས། །གྲངས་ཅན་གྲངས་མེད་ལྷ་ཚོགས་རྣམས། །ཕྱོགས་མེད་དཀྱིལ་འཁོར་ཡོངས་རྫོགས་པས། །སྐྱེད་རྫོགས་བསྐལ་པ་མི་འཇིག་ཅིང་། །ཐབས་དང་ཤེས་རབ་གཉིས་ཅན་དང་། །གཉིས་མེད་རྒྱས་འདེབས་མི་བྱེད་པར། །རྟོགས་པ་གཅིག་གི་དཀྱིལ་འཁོར་དུ། །གསང་བ་སྔགས་ཀྱི་ལྷ་ཚོགས་རྫོགས། ས་ར་ཧ་ཡི་ཁྱད་ཆོས་ཡིན། །དེ་དང་དེ་དོན་རྟོགས་པ་ནི། །ཕྱག་རྒྱ་ཆེན་པོ་ཡེ་ཤེས་མཛོད། །རྣལ་འབྱོར་རང་བྱུང་རྡོ་རྗེ་སྟེ། །གསང་མཛོད་རྡོ་རྗེ་ཐེག་པ་ལ། །གསང་བ་རྒྱ་མཚོ་མཐའ་ཡས་ཀྱི། །ཐེག་པ་ཀུན་གྱི་དེ་ཉིད་རྟོགས། །ངར་འཛིན་ཉི་ཤུ་རྩ་གཅིག་གོ། །ལྟ་སྒོམ་སྤྱོད་པའི་ཞེ་འདོད་རྣམས། །ཕྱོགས་མེད་ཀུན་གྱི་སྒྲ་དོན་རྣམས། །དེ་རྟོགས་ཀུན་མཁྱེན་རྣལ་འབྱོར་པས། །བསྟན་པ་རྒྱ་མཚོ་མཐའ་ཡས་སུ། །ཕྱི་ནང་གྲུབ་མཐའ་གཏན་ལ་ཕེབས། །གཞན་ས་གཏན་ལ་ཕེབས་པ་དང་། །རང་ས་མངོན་དུ་གྱུར་པའི་ཕྱིར། །ཀུན་མཁྱེན་ཀུན་བདག་ཕྱོགས་མེད་རྟོགས། །མཁྱེན་པ་ཕྱོགས་མེད་རྒྱས་པའི་ཕྱིར། །ཐེག་པ་ཀུན་གྱི་བཞེད་ལུགས་དང་། །ཐེག་དགུ་འབྲས་བུའི་ཐོབ་ཚུལ་རྣམས། །སོ་སོར་གཏན་ལ་ཕབ་པ་སྟེ། །མཐོ་དམན་མཆོད་རྟེན་བང་རིམ་འདྲ། །ཐེག་པ་དག་ནི་རང་སར་བདེན། །དབང་པོའི་བྱེ་བྲག་ཇི་བཞིན་དུ། །སོ་སོར་ཉམས་སུ་བླངས་ལགས་ན། །དེ་དང་མཐུན་པའི་འབྲས་བུ་ཐོབ། །འོག་མའི་ཐེག་པ་སྣ་ཚོགས་ཀྱིས། །གོང་ལ་གཏན་ལ་མི་ཕེབས་སོ།

(༥༡)གོང་མ་དག་གི་ལུང་རིགས་ཀྱིས། །འོག་མ་བཤིག་དང་གཏན་ལ་འབེབས། །དེ་ཕྱིར་ལུང་རིགས་སྣ་ཚོགས་ཀྱང་། །ལྟོས་ས་ལྟོས་ཆོས་ཅི་བཞིན་དུ། །སོ་སོར་འབྱེད་པ་མན་ངག་ཡིན། །མ་ཧཱ་ཡོ་ག་ལས་འཕྲོས་པ། །གསང་བ་རྒྱ་མཚོ་མཐའ་ཡས་ནི། །སྒྲ་དོན་གཏན་ལ་འབེབས་པ་སྟེ། །ཕྱི་ནང་གྲུབ་མཐའ་ཞོར་ལ་སྟོན། །གསང་བ་རྒྱ་མཚོའི་དེ་ཉིད་རྟོགས། །ཡེ་ཤེས་སྤྱན་ལྡན་རྣལ་འབྱོར་ལ། །ཕྱི་ནང་གྲུབ་མཐའི་ས་མཚམས་མེད། །ཕྱོགས་མེད་རྟོགས་པའི་སྤྱན་ལྡན་པ། །ཐམས་ཅད་མཁྱེན་དང་ཆ་མཐུན་ཕྱིར། །ཕྱི་ནང་གྲུབ་མཐའི་བྱེ་བྲག་རྣམས། །མ་འདྲེས་སོ་སོར་མཁྱེན་པ་ཡི། །རྟོགས་ལྡན་རྨོངས་པ་མེད་གྱུར་པའི། །མཁས་ལ་གྲུབ་པ་ཐོབ་པ་ནི། །སྒོམ་ཆེན་ཁྱད་པར་འཕགས་པ་ཡིན། །རྣལ་འབྱོར་ཆེན་པོ་བླ་མེད་པའི། །རྒྱུད་སྡེ་གནམ་གྱི་སྐར་མ་འདྲ། །གསར་རྙིང་གཉིས་སུ་མིང་ཡང་འདོགས། །ཐེག་པ་དྲུག་ལས་ཁྱད་པར་འཕགས། །གསང་མཆོག་དབང་གི་དཀྱིལ་འཁོར་ན། །བསྐུར་ལུགས་དཔག་མེད་ཡོད་ལགས་ཀྱང་། །རྟོགས་པ་དོན་གྱི་གནས་ལུགས་ལ། །དབང་རྣམས་ངོ་བོ་ཉིད་ཀྱིས་རྫོགས། བསྐུར་ཐོབ་མེད་པ་ཆོས་ཀྱི་སྐུ། །སྐུ་བཞི་སྐུ་ལྔ་ཡོངས་སུ་རྫོགས། །རང་བྱུང་ཡེ་ཤེས་ཀུན་གྱི་ཐུགས། །ཆོས་དབྱིངས་རབ་འབྱམས་དབྱིངས་སུ་རྫོགས། །མཁས་ལ་གྲུབ་པ་ཐོབ་པ་ཡི། །པཎ་ཆེན་ནཱ་རོའི་བརྒྱུད་པ་ཡི། །རྣལ་འབྱོར་བླ་མེད་previous hit དགོངས next hit་ཡིན། །འཛམ་

(༥༢)གླིང་འཇིག་རྟེན་འདི་ཉིད་ན། །མཁས་པར་འདོད་པའི་བཤེས་གཉེན་རྣམས། །མ་ཧཱ་ཡོ་གའི་གསང་མཛོད་ལས། །སྒྲ་དོན་རྟོགས་པ་སུ་ཞིག་ཡོད། །ཕྱོགས་མེད་མཁས་ན་མཁས་པ་ཡིན། །ཨེ་མ་ངོ་མཚར་མི་ཆེའམ། །ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་སར། །དུས་གསུམ་གསང་མཛོད་རྟོགས་པ་ཡི། །དུས་གསུམ་དགེ་བ་བླ་མེད་པས། །སྐུ་ལྔ་ཡོངས་སུ་རྫོགས་པར་ཤོག །མ་ཧཱ་ཡོ་ག་གསར་རྙིང་གི་ཐེག་པ་ལས་འཕྲོས་པ། གསང་བ་རྒྱ་མཚོ་མཐའ་ཡས་ལས། །རང་ས་དང་གཞན་པའི་སྒྲ་དང་དོན་སོ་སོར་བརྟན་པ་འདི། །གང་གིས་མཐོང་བའམ་ཐོས་པའམ། དྲན་པ་ཙམ་གྱིས་ཀྱང་། །རྡོ་རྗེ་འཆང་ཆེན་རང་ལ་རྫོགས་པར་ཤོག །ཆོས་སྐྱོང་བའི་བསྲུངས་མ་དཔལ་མ་མགོན་ལྕམ་དྲལ་རྣམས་ཀྱིས་ཀྱང་། །གསང་སྔགས་རྡོ་རྗེ་ཐེག་པ་འདི། བཤད་པ་དང་། ཉན་པ་དང་། སྒོམ་པ་དང་། །དེའི་དོན་རྟོགས་པ་རྣམས་ཀྱི་བསྟོངས་གྲོགས་དམ་པ་གྱིས་ཤིག །ཆོས་འདི་འཛམ་བུའི་གླིང་དུ་དར་བར་གྱིས་ཤིག །བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་གཞུང་བཤད་བར་གཅིག་པ་མ་བུ་གཉིས་དང་། །དེ་ལས་འཕྲོས་པ་བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་གཞུང་ཆེན་མོ་དང་། །ཀུན་གྱི་ཆིངས་སམ་པ་གཅོད་ལྟ་བུ་འདོད་པ་རྒྱ་མཚོ་མཐའ་ཡས་དང་། །ཐེག་པ་དགུ་གསལ་བར་བྱེད་པ་ཕུན་སུམ་ཚོགས་པ་རྒྱ་མཚོ་མཐའ་ཡས་དང་། །ཉན་རང་གི་ཐེག་པ་ལས་འཕྲོས་པ་འདུལ་བ་རྒྱ་མཚོ་མཐའ་ཡས་དང་། །བྱང་ཆུབ་སེམས་དཔའི་ཐེག་པ་ལས་

(༥༣)འཕྲོས་པ་དྲང་དོན་ངེས་དོན་རྒྱ་མཚོ་མཐའ་ཡས་དང་། །མ་ཧཱ་ཡོ་གའི་ཐེག་པ་ལས་འཕྲོས་པ་གསང་བ་རྒྱ་མཚོ་མཐའ་ཡས་དང་། །ཐེག་པ་དགུའི་བཅུད་བསྡུས་པ་གདམ་ངག་རྒྱ་མཚོ་མཐའ་ཡས་དང་། །རྒྱུད་ལུང་དང་མན་ངག་གསུམ་གྱི་ཟབ་མོའི་གདམ་ངག་རྣམས་ཁྱད་ཆོས་སུ་བསྟན་པ་ཟབ་ཆོས་རྒྱ་མཚོ་མཐའ་ཡས་ཏེ། །འདི་རྣམས་གཅིག་རྒྱབ་གཅིག་གིས་སྐྱོང་ཞིང་། །ངར་འཛིན་པའི་ལྟ་བ་ཉི་ཤུ་རྩ་གཅིག་ཕྱོགས་མེད་དུ་རྟོགས་ཤིང་། །བཀའ་རབ་འབྱམ་གྱི་བསྟན་པ་སྒྲ་དང་དོན་སོ་སོར་འབྱེད་པའོ། །མ་ཧཱ་ཡོ་ག་གསར་རྙིང་གི་རྒྱུད་སྡེ་ཐམས་ཅད་གསལ་བར་བྱེད་པ། །གསང་བ་རྒྱ་མཚོ་མཐའ་ཡས་རང་ས་དང་གཞན་པ་སོ་སོར་འབྱེད་པ་རྫོགས་སོ། །དགེའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པར་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ་ལས། །མ་རྟོགས་པ་དང་ལོག་པར་རྟོགས། །previous hit དགོངས next hit་འདུལ་བ་གསང་བ་དང་། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །དོན་དམ་འདི་ལ་ཐེ་ཙམ་ཟ། ཞེ་གསུངས་པའི་ཕྱིར་ན། དེ་ལ་དང་པོར་མ་རིག་པ་དང་། མ་རྟོགས་པ་སྟོན་ཏེ། །ཡེ་ཤེས་རྔམ་པ་གློག་གི་ལུང་ལས་ཀྱང་། །འཁྲུལ་དང་འཁྲུལ་གཞི་འདི་རྣམས་ཀྱང་། །རང་བཞིན་ཉིད་ལ་རང་སྣང་འཁྲུལ། །ཞེས་གསུངས་པའི་ཕྱིར་ན། །སེམས་ཅན་ཐམས་ཅད་ཀྱི་སེམས་ཉིད་ཀྱི་གཤིས་ངོ་བོ་རང་བཞིན་ལྔར་གནས་པ་ལས། །སྤྱི་ཁྱབ་ཀྱི་ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲིབས་ནས་

(༥༤)སེམས་ཉིད་ཀྱི་གཤིས་འགྱུར་བ་མེད་པ་ལས་ཞེ་སྡང་དུ་འཁྲུལ། །རང་བཞིན་གསལ་བ་ལས་འདོད་ཆགས། ཆོས་ཀྱི་དབྱིངས་དང་མཉམ་པར་མ་ཁྱབ་པ་མེད་པ་ལས་གཏི་མུག །ངོ་བོ་སྟོང་པ་ལས་ང་རྒྱལ། །རྣམ་པར་རྟོག་པ་སྣ་ཚོགས་སུ་འཕྲོ་བ་མཚན་ཉིད་འགག་པ་མེད་པ་ལས་ཕྲག་དོག །གཤིས་ལྔ་དུག་ལྔར་འཁྲུལ་བས་ཕྱི་སྣང་བའི་ཡུལ། །མ་རྟོགས་པ་ལས་ཕུང་པོ་ལྔར་འཁྲུལ་ཏེ། གཟུགས་དང་། ཚོར་བ་དང་། །འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའོ། །དེ་ལྔའི་ཡུལ་ཅན་མ་རྟོགས་པ་ལས་སྐྱེ་མཆེད་དྲུག་ཏུ་འཁྲུལ་ཏེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དོ། །དེ་ལས་དེ་བྱུང་དུ་འཛིན་པ་ལས། གཟུགས། སྒྲ། དྲི། རོ། རེག་བྱ། ཆོས་སོ། རིག་རིག་པོ་དང་། །ཏུར་ཏུར་པོ་གཉིས་ཀྱི་ཤེས་བྱེད་མ་རྟོགས་པ་ལས། །མིག་གི་རྣམ་པར་ཤེས་པ་རྣ་བའི་རྣམ་པར་ཤེས་པ། །སྣའི་རྣམ་པར་ཤེས་པ། ལྕེའི་རྣམ་པར་ཤེས་པ། །ལུས་ཀྱི་རྣམ་པར་ཤེས་པ། ཡིད་ཀྱི་རྣམ་པར་ཤེས་པའོ། །འཛིན་པའི་སེམས་དང་། །གཟུང་བའི་ཡུལ་གཉིས་སུ་འདུས་ཏེ་རེག་པ་མ་རྟོགས་པ་ནི། །མིག་གི་འདུས་ཏེ་རེག་པ་དང་། རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་དང་། །ལྕེའི་འདུས་ཏེ་རེག་པ་དང་། །ལུས་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའོ། །རག་ལས་པ་དང་ལས་ཆོས་ཀྱིས་འདུས་པའི་རྐྱེན་གྱིས་རྒྱུ་རྐྱེན་གཉིས་སུ་འཁྲུལ་ནས་སྣ་ཚོགས་སུ་ཚོར་བ་ནི། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ་དང་།

(༥༥)རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ་དང་། །སྣའི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ་དང་། །ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ་དང་། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ་དང་། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བའོ། །ཕྱི་སྣོད་ནང་བཅུད་གཉིས་སུ་འཛིན་ཞིང་། །མ་རིག་པར་འཁྲུལ་བ་སྟེ། ས་དང་སའི་ཁམས་དང་། །ཆུ་དང་ཆུའི་ཁམས་དང་། མེ་དང་མེའི་ཁམས་དང་། རླུང་དང་རླུང་གི་ཁམས་དང་། །ནམ་མཁའ་དང་ནམ་མཁའི་ཁམས་དང་། །རྣམ་པར་ཤེས་པ་དང་རྣམ་པར་ཤེས་པའི་ཁམས་སོ། །དེ་རྣམས་ཐམས་ཅད་མ་རིག་མ་རྟོགས་པ་ལས། །བྱེད་པའི་སྐྱེས་བུ་བཅུ་གཉིས་ཀྱིས་འཁོར་བའི་ལས་རྣམས་བསྒྲུབ་པས། ཀུན་བྱེད་རྒྱལ་པོ་འདྲ་བ་ནི། བདག༴ སེམས་ཅན༴ སྲོག༴ གསོ་བ༴ སྐྱེས་བུ༴ གང་ཟག༴ ཤེད་ཅན༴ ཤེད་བདག༴ བྱེད་པ་པོ༴ ཚོར་བ་པོ༴ མཐོང་བ་པོ་སྟེ༴ བྱེད་པའི་སྐྱེས་བུ་བཅུ་གཉིས་ཀྱིས་ཀུན་བྱས་མ་རྟོགས་ཏེ། །མ་རྟོགས་པ་ནི་རྟོགས་པ་ཡེ་ཤེས་སངས་རྒྱས་མ་བྱས་སོ། ཀུན་བྱེད་རྒྱལ་པོའི་ལུང་ལས་ཀྱང་། །ཀུན་བྱེད་རྒྱལ་པོས་ཀུན་བྱས་གཅིག་མ་བྱས། །གསུངས་པ་ཡང་འདི་ལ་previous hit དགོངས next hit་ཡིན། མ་རིག་པ་དང་། །མ་རྟོགས་པའི་

(༥༦)འཁྲུལ་འཁོར་ཟད་པ་མེད་ཅིང་འཕེལ་བ་མེད་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ལོག་པར་འཁྲུལ་བ་ནི། མ་རིག་པ། འདུ་བྱེད། རྣམ་པར་ཤེས་པ། མིང་དང་། གཟུགས། སྐྱེ་མཆེད་དྲུག་རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤིའོ། །མ་རྟོགས་འཁོར་བའི་ཆོས་དྲུག་བཅུ་རྩ་བཞི་པོ་འདི་ཡིས། འཁྲུལ་དང་། །འཁྲུལ་གཞི་ལ་སོགས་པ་རྣམས་སོ་སོར་ཤེས་ཤིང་གོ་ན། །མ་རིག་པ་འཁོར་བའི་རྒྱུ་ཤེས། ལམ་ཤེས། སྤྱི་དང་། རང་གི་ངོ་བོ། རང་བཞིན། །མཚན་ཉིད་ཤེས་པ་ཡིན། །སེམས་ཅན་གཅིག་གི་ལུས་ངག་ཡིད་གསུམ་ལ་ཡང་འདི་རྣམས་ཚང་ཞིང་རྫོགས་ལ། །ཁམས་གསུམ་པའི་ལུས་ངག་ཡིད་གསུམ་ལ་ཡང་སོ་སོར་མ་ཁྱབ་པ་མེད་པའོ། །མ་རྟོགས་པ་སངས་རྒྱས་པར་དབྱེ་ན། །དུག་ལྔ་ལ་ཡང་ཉི་ཤུ་རྩ་ལྔ། །ཕུང་པོ་ལྔ་ལ་ཡང་ཉི་ཤུ་རྩ་ལྔ། །ཁམས་ལྔ་ལ་ཡང་ཉི་ཤུ་རྩ་ལྔ། །སྐྱེ་མཆེད་དྲུག་ལ་ཡང་ཉི་ཤུ་རྩ་ལྔ། །རྟེན་འབྲེལ་བཅུ་གཉིས། །བྱེད་པའི་སྐྱེས་བུ་བཅུ་གཉིས་ལ་ཡང་ཉི་ཤུ་རྩ་ལྔ་རེ་རེ་སྟེ། །སྐབས་འདིར་རྒྱས་པ་དང་བསྡུས་པའི་ཆ་ཤས་ཀྱིས་རྣམ་གྲངས་རེ་རེ་ལ་ཡང་ལྔ་ལྔར་ཤེས་པར་བྱ། །སྐྱེ་མཆེད་དྲུག་མན་ཆོད་ལ་ཉི་ཤུ་རྩ་ལྔའི་ངེས་པ་མེད། །དུག་ལྔ་རེ་རེ་ལ་ཡང་རྣམ་པར་རྟོག་པ། །ཉི་ཁྲི་གཅིག་སྟོང་ལྔར་བཞེད་དོ། །བརྒྱད་ཁྲི་བཞི་སྟོང་གྲངས་སུ་རྫོགས། །དེ་དང་དེ་ལས་འཁྲུལ་བ་ནི། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་སྟེ། །འཁོར་བའི་ཆོས་རྣམས་མ་ལུས་པ། །སེམས་ཅན་གཅིག་གི་ལུས་

(༥༧)ངག་ཡིད་གསུམ་དང་། །ཁམས་གསུམ་གྱི་སེམས་ཅན་ཀུན་ལ་ཁྱབ་པར་གནས། །མ་རྟོགས་པ་དང་བྱ་བའི་སྒྲ་དོན་ནི་འདི་རྣམས་ལ་previous hit དགོངས next hit་ཡིན། །ཕྱི་ནང་གི་གྲུབ་མཐའ་གང་ལ་འཇུག་ཀྱང་། །མ་རིག་པ་རྩ་བའི་རྒྱུད་འདིའི་སྒྲ་དོན་མ་གོ་བར་དུ་གྲུབ་མཐའ་གཉིས་ལ་འཇུག་པར་ག་ལ་བཏུབ། །མ་རིག་པ་འཁོར་བའི་རྩ་བའི་ཡན་ལག །མཚན་ཉིད་ཕྱི་མ་དང་། ཕྱི་མའི་རྒྱུད་ལ་སོགས་པ་མ་གཏོགས་པའི་རྒྱུད་སྡེ་བཅོ་བརྒྱད་ཀྱི་འབྲེལ་ཚུལ། །ཨ་ནུ་ཡོ་གའི་སྐད་དུ་ཀུན་གཞི་གསང་བ་ངོ་བོ་ཉིད་ཀྱི་སྐུ། ཞེས་གསུངས་པ་ཡང་མ་རྟོགས་པ་བྱ་བ་ལ་previous hit དགོངས next hit་ཡིན། །བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་སྒྲ་དོན་གོ་ཞིང་རྟོགས་འདོད་པ་རྣམས་ཀྱིས། དཔེ་རེ་བྲི་ཞིང་སེམས་དང་། ཁ་ལ་ཤེས་པར་གྱིས། མ་རྟོགས་པ་མ་རིག་པའི་རྩ་རྒྱུད་རྫོགས་སོ། སྤྲུལ་པའི་སྐུའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལ་ཕྱག་འཚལ་ལོ། ཀུན་གཞི་ལས་ཀུན་འབྱུང་བར་འདོད་པ་ནི། སེམས་ཅན་སྤྱི་དང་། རང་གི་སེམས་དང་། སེམས་བྱུང་མ་རྟོགས་པ་ལས་གཤིས་ལྔ་མ་རྟོགས། གཤིས་ལྔ་མ་རྟོགས་པ་ལས་དུག་ལྔ། དུག་ལྔ་ལྔར་དབྱེ་སྟེ། གཏི་མུག་གི་གཏི་མུག་དང་། གཏི་མུག་གི་ཞེ་སྡང་དང་། གཏི་མུག་གི་ང་རྒྱལ་དང་། གཏི་མུག་གི་ཕྲག་དོག་གོ། །ཞེ་སྡང་གི་ཞེ་སྡང་དང་། ཞེ་སྡང་གི་གཏི་

(༥༨)མུག་དང་། ཞེ་སྡང་གི་འདོད་ཆགས། ཞེ་སྡང་གི་ང་རྒྱལ། ཞེ་སྡང་གི་ཕྲག་དོག་གོ། འདོད་ཆགས་ཀྱི་འདོད་ཆགས། འདོད་ཆགས་ཀྱི་ཞེ་སྡང་། འདོད་ཆགས་ཀྱི་གཏི་མུག འདོད་ཆགས་ཀྱི་ང་རྒྱལ། འདོད་ཆགས་ཀྱི་ཕྲག་དོག་གོ། །ང་རྒྱལ་གྱི་ང་རྒྱལ་དང་། ང་རྒྱལ་གྱི་གཏི་མུག་དང་། ང་རྒྱལ་གྱི་ཞེ་སྡང་དང་། ང་རྒྱལ་གྱི་འདོད་ཆགས་དང་། ང་རྒྱལ་གྱི་ཕྲག་དོག་གོ། །ཕྲག་དོག་གི་ཕྲག་དོག་དང་། ཕྲག་དོག་གི་ཞེ་སྡང་དང་། ཕྲག་དོག་གི་གཏི་མུག་དང་། ཕྲག་དོག་གི་འདོད་ཆགས། ཕྲག་དོག་གི་ང་རྒྱལ་ལོ། དུག་ལྔ་ཡང་མ་རྟོགས་པའི་དབང་གིས་ཆ་མཐུན་ཉི་ཤུ་རྩ་ལྔར་འཁྲུལ་པའི་དབང་གིས། དུག་ལྔའི་རྟོག་པ་ཉི་ཤུ་རྩ་ལྔ། དེ་རྣམས་ལས་སོ་སོར་འཕྲོས་པ་ལས་རྣམ་པར་རྟོག་པ་བརྒྱད་ཁྲི་དང་བཞི་སྟོང་ཡུལ་དང་ཡུལ་ཅན་དུ་སེམས་དང་སེམས་བྱུང་གི་ཚུལ་དུ་འཁྲུལ་བའོ། །ཉོན་མོངས་པ་དུག་ལྔ་ལ་བརྒྱད་ཁྲི་བཞི་སྟོང་དུ་ཆ་མཐུན་སོ་སོར་དབྱེ་བ་ནི། ཉོན་མོངས་པ་གཏི་མུག་ཉི་ཁྲི་ཆིག་སྟོང་ཡུལ་དང་ཡུལ་ཅན་གྱི་ཚུལ་དུ་བྱུང་། །ཞེ་སྡང་ཉི་ཁྲི་ཆིག་སྟོང་ཡུལ་དང་ཡུལ་ཅན་གྱི་ཚུལ་དུ་འཁྲུལ། །འདོད་ཆགས་ཉི་ཁྲི་ཆིག་སྟོང་ཡུལ་དང་ཡུལ་ཅན་གྱི་ཚུལ་དུ་སྤྱོད། །དུག་གསུམ་ཆ་མཐུན་པའི་ང་རྒྱལ་ཕྲག་དོག་གཉིས་ལས་དུག་ལྔ་ལ་ཆ་མཐུན་དུ་ཉོན་མོངས་པ་ཉི་ཁྲི་ཆིག་སྟོང་། །ང་རྒྱལ་ཕྲག་དོག་གི་དབང་གིས་ཆ་མཐུན་མ་རྟོགས་པ་ནི། །རྣམ་པར་རྟོག་པ་དང་ཉོན་མོངས་པ་བརྒྱད་ཁྲི་

(༥༩)བཞི་སྟོང་གི་འཁྲུལ་པ་དང་། །འཁྲུལ་གཞི་རྣམས་སེམས་ཅན་གཅིག་གི་རྒྱུད་ལ་ཡང་ཐམས་ཅད་ཚངས་པས། ཁམས་གསུམ་པའི་སེམས་ཅན་ཡོངས་ལ་ཡང་ཁྱབ་པའོ། །གྲངས་ཅན་གྱི་རྣམ་པར་རྟོག་པ་དང་། །ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གཏན་ལ་ཕབ་པ་སྟེ། །གྲངས་མེད་ཚད་ལས་འདས་པར་ཡང་རྣམ་པར་ངེས་པ་དང་། རྣམ་པར་མ་ངེས་previous hit ། །བཞེད་མི་བཞེད་གང་གིས་དགོངས next hit། །སྤྲུལ་པའི་སྐུ་རྒྱལ་བ་ཤཱཀྱ་ཐུབ་པ་སངས་རྒྱས་ནས། །སེམས་ཅན་ཐམས་ཅད་ཀྱི་ཁམས་རྒྱུད་ལ་གཟིགས་ཤིང་། previous hit དགོངས next hit་དང་previous hit དགོངས་གཞི་མཛད་པའི་དུས་སུ་ཉོན་མོངས་ next hit་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར། །ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་ཤིང་། །བྱིན་གྱིས་བརླབས་ནས་རྗེས་སུ་གནང་བའོ། །ཞེ་སྡང་གི་གཉེན་པོར་མདོ་སྡེ་དྲང་། །དོན་དང་། །ངེས་དོན་ལ་གཏོགས་པ་ཉི་ཁྲི་ཆིག་སྟོང་། །འདོད་ཆགས་ཀྱི་གཉེན་པོར། །ལུང་དང་ཕྲན་ཚོགས་འདུལ་བ་ལ་གཏོགས་པ་ཉི་ཁྲི་ཆིག་སྟོང་། །གཏི་མུག་གི་གཉེན་པོར་མངོན་པ་ལ་གཏོགས་པ་ཉི་ཁྲི་ཆིག་སྟོང་། །དུག་གསུམ་ཆ་མཉམ་པའི་སྤྱི་ཁར། །ང་རྒྱལ་ཕྲག་དོག་གཉིས་ཀྱི་གཉེན་པོར་ལོངས་སྐུ་རང་རྒྱུད་པའི་བསྟན་པ། །བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད། །རྣལ་འབྱོར་གྱི་རྒྱུད་སྡེ་གསུམ་ཡང་། །གཟུངས་སྔགས་རིག་སྔགས་ཀྱི་ཆར་གཏོགས་པ་སྟེ། །བྱ་རྒྱུད་གསུམ་ལས་ཉི་ཁྲི་ཆིག་སྟོང་བཀར་གསུངས་པ་དང་། །རྒྱུད་དུ་བྱོན་པར་བཞེད་པའོ། །སྡེ་སྣོད་གསུམ་དང་ཆ་མཐུན་དུ་

(༦༠)བརྩི་ན། །ཀྲྀ་ཡ་དག་པའི་རྣལ་འབྱོར་འདུལ་བ་དང་ཆ་མཐུན། ཨུ་པ་ཡ་སྤྱོད་པའི་སྡེ་ཚན་མངོན་པ་དང་ཆ་མཐུན། །ཡོ་ག་རྣལ་འབྱོར་གྱི་རྒྱུད་སྡེ་རྣམས་མདོ་སྡེ་དང་མཐུན། །སྤྲུལ་སྐུ་ཆེན་པོའི་བསྟན་པ་ཕྱི་རྒྱུད་གསུམ་ཡང་དབྱེ་ན། །རྣམ་པ་བཅུ་གཉིས་སུ་འདོད་པ་ཡང་ཡོད། །རྣལ་འབྱོར་གྱི་རྣལ་འབྱོར་དང་། །རྣལ་འབྱོར་གྱི་རྣལ་འབྱོར་ཆེན་པོ་དང་། །རྣལ་འབྱོར་གྱི་རྒྱུད་དོ། །སྤྱོད་པའི་རྒྱུད་ཀྱི་སྤྱོད་རྒྱུད་དང་། སྤྱོད་པའི་རྒྱུད་ཀྱི་བླ་མེད་དང་། སྤྱོད་པའི་རྒྱུད་ཀྱི་རྣལ་འབྱོར་དང་བྱ་རྒྱུད་དོ། །བྱ་བའི་རྒྱུད་ཀྱི་བྱ་རྒྱུད་དོ། །བྱ་བའི་རྒྱུད་ཀྱི་བླ་མེད་དང་། །བྱ་བའི་རྒྱུད་ཀྱི་རྣལ་འབྱོར་དང་། །སྤྱོད་པའི་རྒྱུད་དོ། །ལྟོས་པ་དང་ལྟོས་ཆོས་ཀྱི་དབང་གིས་རྒྱུད་སྡེ་བཞི་ལ་བཅུ་གཉིས་སུ་དབྱེ་བར་ཡང་བཞེད། །རྩ་བ་རང་སྐད་དུ་དབྱེ་ན། །ཕྱི་རྒྱུད་གསུམ་པོ་རེ་རེ་ལ་ཡང་གསུམ་གསུམ་དུ་དབྱེ་བ་སྟེ་དགུར་བཞེད་པའོ། །ཉི་ཁྲི་ཆིག་སྟོང་དེ་ལ་ཆ་གསུམ་དུ་དབྱེ་ན། །ཆ་མཉམ་གསུམ་དུ་བཞེད་པ་ཡིན། །ཀྲྀ་ཡ་དཔུང་བཟངས་གི་རྒྱུད་ལས་ཀྱང་། །ཀྲྀ་ཡ་མདོ་སྔགས་གཉིས་ཀྱི་མཚམས་སུ་བྱུང་། །སྟོན་པ་མཐུན་ཏེ་བསྟན་པ་མི་མཐུན་ནོ། །གསུངས་པའི་ཕྱིར་ན། །སྟོན་པ་ཤཱཀྱ་ཐུབ་པ་མཐུན་ཏེ། བསྟན་པ་སྔགས་དང་སྡེ་སྣོད་གཉིས་སོ་སོར་འབྱེད་པར་བཞེད། །མཁས་རྣམས་དེ་ལྟར་མཁྱེན་པར་མཛོད། །གཤིས་ལྔ་འོད་ཁ་དོག་ལྔའི་རྟོག་པར་འཁྲུལ། །དེ་ལས་འཕྲོས་པ་དུག་ལྔའི་རྣམ་པར་རྟོག་པ་བརྒྱད་ཁྲི་བཞི་སྟོང་། །དེས་བསྐྱེད་པའི་ཡུལ་ཅན། །ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་རྩ་བ་ལོ་འདབ་ཕྱོགས་མེད་དུ་རྒྱས་པ་ཡིས། །ཁམས་གསུམ་འཁོར་བ་གྲུབ་པ་སྟེ། །ཐམས་ཅད་མཁྱེན་པ་ཤཱཀྱ་སེང་ཡིས་ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས་ནས་

(༦༡)ཁམས་གསུམ་པའི་སེམས་ཅན་ཐམས་ཅད་ཀྱི་ཁམས་དང་སྐྱེ་མཆེད་ལ་previous hit དགོངས་ནས། །ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་སེམས་ཅན་རྣམས་ཀྱི་ཁམས་རྒྱུད་དང་བསྟུན་ནས་གསུངས་ next hit་སྟེ། །སྟོན་པ་གཉིས་ཀྱི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། །ཐེག་པ་དྲུག་གི་ས་གཅོད་དང་རྩ་བ་བསྟན་པའོ། །གོང་ནས་རང་བཞིན་སྐུའི་བསྟན་པ་དང་། །ངོ་བོ་ཉིད་སྐུའི་བསྟན་པ་དང་། །ཆོས་ཀྱི་སྐུའི་བསྟན་པ་གསུམ་གྱིས་ཐེག་པ་དྲུག་ལ་མར་ལ་ཁྱབ་ཅིང་། །ཐེག་པ་དྲུག་གིས་ཡར་ལ་བཤིག་པ་དང་། །སྒྲུབ་པ་གང་ཡང་ནུས་པ་མ་ཡིན་ཏེ། །གནམ་དང་པའི་རྟེན་འབྲེལ་འདྲ། དེའི་ཕྱིར་ན། །གོང་གི་ཐེག་པ་གསུམ་སངས་རྒྱ་བའི་ལམ་ཐག་ཤིན་ཏུ་ཉེ་བ་སྟེ། འོག་གི་དྲུག་པོ་འདི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དབྱིངས་དང་ཡེ་ཤེས་རོ་མཉམ་པ། རང་བྱུང་གི་ཡེ་ཤེས་གསུམ་དུ་རྟོགས་ཤིང་། །སྐུ་ལྔ་ཡོངས་སུ་རྫོགས་པར་སངས་རྒྱ་བར་བཞེད་པ་སྟེ། །དེ་རེ་རེ་ལ་ཡང་རྩ་བ་རེ་རེ་ཡོད་པ་གཞན་དུ་ཤེས་པར་བྱའོ། །ཤཱཀྱ་ཐུབ་པའི་བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་previous hit དགོངས next hit་དང་། previous hit དགོངས་གཞིའི་རྩ་བ་མདོར་བསྡུས་ next hit་ལས། མཁྱེན་པ་གཉིས་དང་ལྡན་པར་འདོད་པའི་བཤེས་གཉེན་རྣམས་ཀྱིས། དཔེ་རེ་རེ་བྲིས་ཤིང་། སྒྲ་དང་དོན་སོ་སོར་ཤེས་ཤིང་གོ་ནས། །སངས་རྒྱས་ཆོས་དང་སེམས་ཅན་གསུམ་གྱི་རྒྱུ་རྟོགས། ལམ་རྟོགས། འབྲས་བུ་རྟོགས་ན། །ཀུན་གཟིག་རྒྱལ་པོ་རྡོ་རྗེ་དབྱིངས་སུ་ལོངས་སྐུ་ཆུང་ངུར་སངས་རྒྱ་བར་བཞེད་པའོ། །

(༦༢)སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། །འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རྩ་བ། །གཤིས་ལྔ་ལས་འཁྲུལ་བ། །རྣམ་པར་རྟོག་པ་བརྒྱད་ཁྲི་བཞི་སྟོང་། །དེས་བསྐྱེད་པ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་། །དེའི་གཉེན་པོར་སྤྲུལ་པའི་སྐུའི་བསྟན་པ་སྡེ་སྣོད་གསུམ། །རིགས་ལྔ་རང་རྒྱུད་པ་སྤྲུལ་པའི་སྐུའི་བསྟན་པ་ཕྱི་རྒྱུད་གསུམ། །ཐེག་པ་དྲུག་ལས་ཉོན་མོངས་པའི་གཉེན་པོར། །ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དུ་དབྱེ་བའི་རྩ་བ་བསྟན་པ་རྒྱ་མཚོ་མཐའ་ཡས་རྫོགས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད། །ཕ་རོལ་ཏུ་ཕྱིན་པའི་ལམ་བསྒྲོད་པ་དང་། །སྡོམ་པ་དང་སྤྱོད་པའི་ཆོས་ནི་འདི་རྣམས་ཏེ། །སྦྱིན་པ་དང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། །ཚུལ་ཁྲིམས་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། །བཟོད་པ་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། །བརྩོན་འགྲུས་དང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། །བསམ་གཏན་དང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། །ཤེས་རབ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་དང་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། །སྨོན་ལམ་དང་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་། །སྟོབས་དང་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། །ཡེ་ཤེས་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་སེམས་དཔའི་འཇིག་རྟེན་ཟག་པ་དང་བཅས་པའི་ལམ་ནི། ཚོགས་ལམ་བཞི་གསུམ་

(༦༣)བཅུ་གཉིས། །སྦྱོར་ལམ་ངེས་པར་འབྱེད་པ་བཞི་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་སོ་སོར་དབྱེ་བ་ནི། དྲན་པ་ཉེ་བར་གཞག་པ་བཞི། ཡང་དག་པར་སྤོང་བ་བཞི། རྫུལ་འཕྲུལ་གྱི་རྐང་པ་བཞིའོ། སྦྱོར་ལམ་ངེས་པར་འབྱེད་པ་ཆ་བཞི་ནི། དབང་པོ་ལྔ། སྟོབས་ལྔ། བྱང་ཆུབ་ཀྱི་ཡན་ལག་བདུན། འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། བཤིག་པའི་ལྟ་བ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་འབེབས་ཤིང་། སྟོང་པ་ཉིད་དུ་བཤིག་ནས་གཟུང་འཛིན་ཐམས་ཅད་གྲོལ་ཞིང་བཤིག་པར་བཞེད་པ་སྟེ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ། གཅིག་གིས་གཅིག་བཤིག །གཅིག་གིས་གཅིག་སྟོང་། བྱས་དང་བཤིག་པའི་སྟོང་ཉིད་བཅོ་བརྒྱད་དོ། །བྱང་ཆུབ་སེམས་དཔའི་

(༦༤)ས་ལམ་བསྒྲོད་པའི་དུས་སུ། ཟག་བཅས་དང་། ཟག་མེད་དང་། ཟུང་འཇུག་གི་ཏིང་ངེ་འཛིན། གྲངས་མེད་པ་དང་། གྲངས་ཅན་གཉིས་ཡིན་པ་ལས། གྲངས་ཅན་སོ་སོར་དབྱེ་ན། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི་ལ་སོགས་པ་སྟེ། ཏིང་ངེ་འཛིན་རྣམ་གྲངས་སུམ་བརྒྱ་དང་། འགྱུར་བ་མེད་པའི་ཏིང་ངེ་འཛིན་དང་། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ལ་སོགས་པའི་ཏིང་ངེ་འཛིན་གྱི་རྣམ་གྲངས་སྟོང་རྩ་བརྒྱད་ལ། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་ཅིང་། རྡུལ་དང་བྲལ་བའི་ཏིང་ངེ་འཛིན། བདག་མེད་གཉིས་རྟོགས་ཤིང་རྩལ་རྫོགས་ན་ཡོན་ཏན་དྲོད་ཚད་རིམ་གྱིས་འདི་ལྟར་འབྱུང་སྟེ། ཟག་པ་དང་བཅས་པའི་མངོན་པར་ཤེས་པ་དང་། ཟག་པ་མེད་པའི་མངོན་པར་ཤེས་པ་རིམ་གྱིས་འཆར་རོ། །གཟུངས་ཀྱི་སྒོ་ལྔ་བརྒྱ་ལ་རིམ་གྱིས་མཁྱེན་པ་རྒྱས་ན། མི་བརྗོད་པའི་གཟུངས་ཐོབ་པར་བཞེད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་མཐར་ཐུག་པར་རྟོགས་ན། སོ་སོ་ཡང་དག་པར་རིག་པ་བཞི། ས་བརྒྱ་པ་དགུ་པ་ནས་སྒྲིབ་པ་མེད་པར་རིག་པར་བཞེད་པ་དང་། ས་བཅུ་ཆོས་ཀྱི་སྤྲིན་གྱི་དུས་སུ། སྟོན་པ་སངས་རྒྱས་སྤྲིན་ལྟར་དུ་གཏིབས་པ་དང་། བསྟན་པ་དམ་ཆོས་མཁྱེན་བྱ་མཁྱེན་བྱེད་ཇི་སྙེད་པ་མཁྱེན་པས་ཏེ། བརྩེ་བ་ཡང་ཅུང་ཟད་ཙམ་དང་། ནུས་པའི་སྟོབས་དང་ལྡན་པ་ནི་ཤེས་བྱའི་སྒྲིབ་པ་དག་ཏུ་བཞེད། ལྟོས་པ་དང་ནི་ལྟོས་ཆོས་ཀྱི། །ཡོན་ཏན་

(༦༥)ཐམས་ཅད་ཀུན་རྫོགས་ཀྱང་། །མཚན་ཉིད་པ་ཡི་སྐད་དུ་ནི། །གཉེན་པོ་ཡེ་ཤེས་རྡོ་རྗེ་ཡིས། །ཤེས་བྱའི་སྒྲིབ་པ་བཅོམ་པར་བཞེད། །ཐ་མའི་ཐ་མ་འདི་ཉིད་དུ། །རྗེ་ཁོལ་གཉེན་པོའི་དཔེ་དང་མཚུངས། །ཤིན་ཏུ་འཕྲ་ཞིང་འཕྲ་བ་ལ། །སྦོམ་ཞིང་སྦོམ་པར་མི་འགྱུར་རམ། །དེ་ལྟར་ནམ་གྱི་ཐོ་རངས་ལ། །བྱང་སེམས་སྐད་ཅིག་གནས་པ་ལས། །སྐད་ཅིག་གཉིས་པར་མངོན་སངས་རྒྱས། །ཐུབ་པ་དེ་ཡི་ཞལ་སྔ་ནས། །བདུད་རྩི་ལྟ་བུའི་དོན་རྟོགས་འདི་སྐད་གསུངས། །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུ་ཆོས་ཤིག་བདག་གིས་རྟོགས། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །བདག་ནི་མི་སྨྲ་ནགས་འདབ་ཅིག་ཏུ་གནས་པར་བགྱི། །དེ་སྐད་དུ་གསུངས་པའི་ཐུབ་པ་དེ། མི་འཇིགས་པ་བཞི་དང་ལྡན་པའི་སངས་རྒྱས་ཡིན་ནམ་མིན། དེ་ལྟར་དུ་མི་འཇིགས་པ་བཞི་དང་། སྟོབས་བཅུ་དང་ལྡན་པའི་སངས་རྒྱས་ཡིན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འབྲས་བུ་མཐར་ཕྱིན་པ་སྤྲུལ་པའི་སྐུའི་སངས་རྒྱས་སྤྱན་ལྔ། མ་བདྲེས་པ་བཅོ་བརྒྱད། ཟིལ་གྱིས་མི་ནོན་པའི་སྐྱེ་མཆེད་བཞི། མཚན་དང་དཔེ་བྱད་དང་ལྡན་པའི་སངས་རྒྱས་ཏེ། རྒྱུ་རེ་རེ་ལས་འབྲས་བུ་རེ་རེ་ཐོབ་པར་བཞེད་དམ་མི་བཞེད། ས་བཅུ་ལམ་ལྔ་ཡོངས་སུ་རྫོགས་པའི་སྤྲུལ་སྐུ་བསྐལ་པ་གྲངས་མེད་པ་གསུམ་དུ་སྤངས་པ་ཕུན་སུམ་ཚོགས་པ་སྤངས་ནས། ཐོབ་པ་ཕུན་སུམ་ཚོགས་

(༦༦)པ་ཚུར་ཐོབ་པར་བཞེད་པའི་གཞི་ལམ་འབྲས་བུའི་ལམ་བསྒྲོད་ཚུལ་ལགས་པས། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་བརྟེན་ནས་ཐེག་པ་ཆེན་པོའི་སྒོམ་ཆེན་པ་ཀུན་གྱིས་ཤེས་པར་གྱིས་ཤིང་ཁ་ལ་ལོང་། མཁས་པ་རྣམས་ལ་སྒྲོ་འདོགས་ཆོད་ཅིང་བསྒོམས། བསྒོམས་ཤིང་མ་རྟོགས་ན། ཕར་ཕྱིན་ཚུར་ཕྱིན་བཤད་དང་སྒོམ་པ་དོན་མེད་ཡིན། མཐོང་ལམ་ས་དང་པོའི་བདེན་པ་མཐོང་བ་ནི། ཟག་པ་མེད་པའི་སྒོམ་ལམ་ཡིན་ལ། ས་གཉིས་པ་ནས་ས་བརྒྱད་པའི་བར་དུ་ཟུང་འཇུག་རབ་འབྲིང་ཐ་མ་བརྒྱད་ཀྱིས་ས་ལམ་རྫོགས་པར་བྱེད་པའི་ཕྱིར་ན། ཟུང་དུ་འཇུག་པའི་སྒོམ་ལམ་དུ་བཞེད་པའོ། ས་དགུ་ལེགས་པའི་བློ་གྲོས་དང་། ས་བཅུ་ཆོས་ཀྱི་སྤྲིན་ནི། མི་སློབ་པའི་སྒོམ་དུ་མེད་པའི་སྒོམ་ལམ་མཐར་ཕྱིན་པར་བཞེད་པ་སྟེ། ས་བཅུ་གོང་ནས་གོང་དུ་རྫོགས་པར་བཞེད་པའི་ལམ་གྱི་ཆ་རྐྱེན་ལས། སྦྱིན་པའི་ཕུང་པོ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ། ལ་སོགས་ཏེ། ཕུང་པོ་དྲུག་ཡོངས་སུ་རྫོགས་དགོས་པར་བཞེད། བྱང་ཆུབ་སེམས་དཔའ་དབང་བཅུ་རྫོགས་པ་དང་། བྱང་ཆུབ་སེམས་དཔའ་ས་ལམ་སྦྱོང་བའི་དུས་སུ་ས་དང་པོའི་བདེན་པ་མཐོང་བ་ནས། ས་བཅུའི་བར་དུ་རྟོགས་པ་རབ་འབྲིང་ཐ་མ་བཅུ་ཆར་དགོས་

(༦༧)དགོས་པར་བཞེད་པ་སྟེ། མ་ནོར་བ་དེ་བཞིན་ཉིད་རྟོགས་པ་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་རྟོགས་པ་དང་། ཆོས་ཐམས་ཅད་དེ་བཞིན་ཉིད་རྟོགས་པ་དང་། ཆོས་ཐམས་ཅད་སྐྱོན་མེད་པར་རྟོགས་པ་དང་། ཆོས་ཀྱི་དབྱིངས་མཐའ་ཡས་པར་རྟོགས་པ་དང་། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པར་རྟོགས་པ་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་ཉིད་འགྲོ་འོང་མེད་པར་རྟོགས་པ་དང་། དེ་རྣམས་ཐམས་ཅད་འཕོ་ཞིང་འགྱུར་བ་མེད་པ་ཡེ་ཤེས་རྡོ་རྗེ་ལྟ་བུར་རྟོགས་པ་ནི་བྱང་ཆུབ་སེམས་དཔའི་previous hit དགོངས next hit་དང་། རྟོགས་པ་མཐར་ཕྱིན་པའོ། །བཅུ་གཅིག་ཀུན་ཏུ་འོད་ཀྱི་ས། འབྲས་བུ་སྤྲུལ་པའི་སྐུའི་གཞི་ལམ་འབྲས་བུས་གཅིག་ཏུ་རྫོགས་པར་བཞེད་པའོ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྩ་བ་གཞུང་སྡེ་སྣོད་གསུམ་དང་ཀྲྀ་ཡོག་གསུམ་མན་ཆོད་ཀྱི་རྩ་བ་མདོར་བསྡུས་པའོ། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་དང་འབྲས་བུའི་ས་མཚམས་འབྱེད་པའི་ས་གཅོད། སངས་རྒྱས་བསྟན་པའི་གཞི་འཛིན། ཐམས་ཅད་ཤེས་པ་ཉིད། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའི་རྩ་བ། འདུལ་བ་མངོན་པ་གཉིས་ཀྱིས་ལམ་བསྒྲོད་པའི་བསྟན་པའི་རྩ་བ་གཉིས་ཡིན་ཏེ། ནང་ཏིང་ངེ་འཛིན་རྫས་དང་རྡུལ་དུ་ངོས་འཛིན་ཞིང་། འཇིག་ཚོགས་ལ་ལྟ་བའི་

(༦༨)རྡུལ་ཚོགས་ཀྱི་ཏིང་ངེ་འཛིན་དང་། ཕྱི་སྤྱོད་པ་ཚུལ་ཁྲིམས་ཀྱི་ཕུང་པོ་གསུམ་དང་ལྡན་ན། དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་པར་བཞེད་པ་སྟེ། ལམ་བསྒྲོད་བྱའི་ཏིང་ངེ་འཛིན་གྱི་རིམ་པ་ནི། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། བསམ་གཏན་བཞི་དང་། རྣམ་པར་ཐར་པ་བརྒྱད། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་འདུ་ཤེས་དགུ་ཡིས་ཕྱི་ནང་གི་གཟུང་འཛིན་འགོག་པ་དང་། བཤིག་པ་ལ་བློ་སྦྱངས་ན། དེ་ཡང་ལམ་མ་གོལ་ན་འབྲས་བུ་རིམ་གྱིས་ཐོབ་པ་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་བཞེད་པའོ། བསྐལ་པ་གྲངས་མེད་བརྒྱད་ཁྲིས་ཉན་ཐོས་རྣམས་བླ་ན་མེད་པར་སངས་རྒྱས་པའི་ལུང་ཡོད་པ་ལགས་སོ། །དགྲ་བཅོམ་པའི་འབྲས་བུ་ཐོབ་རྒྱབ་ཏུ་སློབ་དཔོན་དང་སྟོན་པ་གང་ཡང་མེད་པར་རང་གི་རིག་པས་རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་ལུགས་འབྱུང་དང་། ལུགས་ལས་བཟློག་ནས་སྟོང་པ་ཉིད་བཅུ་གཉིས་སུ་བཤིག །བདག་གཞན་གྱི་སྟོང་པ་ཉིད་གཉིས་སུ་བཤིག །སྟོང་པ་ཉིད་བཅུ་དྲུག་ཏུ་སྣང་སེམས་གཉིས་བཤིག་ཅིང་སེམས་ཙམ་འབྲེང་ཙམ་དུ་གོམས་པར་བགྱི་བ་ཡིས་སྣང་བ་ཆོས་ཀྱི་ཕྱེད་རྟོགས་པའོ། །ཁ་ས་མུ་ཏྲའི་རྒྱུད་ལས་ཀྱང་། །བཅུ་དྲུག་ཆ་གྲངས་རབ་ཞི་བ། །ཡིད་བཞིན་བདེ་བ་

(༦༩)མཆོག་གི་ས། །ཞེས་གསུངས་བའི་ཕྱིར། རྒྱུད་ནམ་མཁའ་ཀློང་ཡངས་ཀྱི་ལུང་ལས་ཀྱང་། སངས་རྒྱས་རྣམས་ཀྱང་མ་བཞུགས་ཤིང་། །ཉན་ཐོས་རྣམས་ཀྱང་མེད་པས་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །སློབ་དཔོན་མེད་པར་རང་ལས་འབྱུང་། །ཞེས་གསུངས་པའི་ཕྱིར་ན་སྐབས་འདིར་རིག་པ་གཙོ་ཆེར་སྟོན་པའོ། །ཐེག་པ་གཉིས་ལས་སྤྱོད་པ་སྟེ། འདུལ་བ་བསྒྲུབ་ཅིང་ཉིས་བརྒྱ་ལ་ཡང་བརྟེན་པའི་ཕྱིར་ན། བར་མ་སྤྱོད་ཀྱི་མངོན་པ་ཞེས་ཀྱང་བྱ། མ་མོ་ཞེས་ཀྱང་བྱ་བའི། ཉན་རང་གཉིས་ཐམས་ཅད་ཤེས་པ་ཉིད་ཀྱི་གཞི་ལམ་འབྲས་བུའི་གཞུང་རྩ་བ་ས་བཅད་དོ། །མདོ་འདུལ་གཉིས་ལ་བརྟེན་པའི་ཕྱིར་ན་བར་མ་སྤྱོད་ཀྱི་ཐེག་པ་སྟེ། བཅོས་མ་ཕྲ་མེན་གྱི་ས། གོལ་བའི་ས་ཕྱེད་དང་དྲུག་གིས་ལམ་གྱི་གཞུང་ཤིང་བསྟན་པའོ། །མྱ་ངན་ལས་འདས་པའི་རྩ་བ་སྟེ། འཇིག་རྟེན་པའི་སར་གོལ་ན། གཟུགས་ཁམས་གནས་རིས་བཅུ་བདུན་དང་། །གཟུགས་མེད་སྐྱེ་མཆེད་མུ་བཞི་སྟེ། །སྲིད་པ་གོང་མ་དང་བར་བ་གཉིསཀྱི་རྒྱུ་འབྲས་དག་ཏུ་བཞེད་པ་ཡིན། དེའི་ཕྱིར་ན་སྲིད་པར་མི་འཁྲུལ་ཞིང་། །ཞི་བ་མྱ་ངན་ལས་འདས་པ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་འབྲས་བུའི་མཐར་ཐུག་གོ། །དེའི་ཕྱིར་ན་གཏན་ལ་ཕབ་པའི་མདོ་སྡེ་ལས། ས་ཕྱེད་གཉིས་རྟོགས་པའི་རང་སངས་རྒྱས། །བསྐལ་པ་གྲངས་མེད་ཉི་ཁྲི་ཡིས། །བླ་མེད་བྱང་ཆུབ་ཐོབ་སོ་གསུང་། དེའི་ཕྱིར་ན། །ཉན་རང་གཉིས་ཀྱི་རྒྱུ་ཤེས་ལམ་

(༧༠)ཤེས་འབྲས་བུ་ཤེས་པར་བྱའོ། །ཐམས་ཅད་ཤེས་དང་ལམ་ཤེས་དང་། །རྣམ་པ་ཐམས་ཅད་མཁྱེན་དང་གསུམ། །སྡེ་སྣོད་གསུམ་གྱི་གཞི་ལམ་འབྲས་བུ་སྟེ། །མཁྱེན་པ་སྡེ་གསུམ་གཏན་ལ་འབེབས་པར་འཚལ། །འདི་ནི་ཐམས་ཅད་ཤེས་པ་ཉིད་ཀྱི་ས་གཅོད་མདོར་བསྡུས་པའོ། །དགེའོ། །

(༧༡)བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད་དང་རྣལ་འབྱོར་གྱི་རྒྱུད་རྣམས་ཀྱི་དོན་བརྟན་ལ་འབེབས་པར་བྱེད་པ་ཕྱི་རྒྱུད་གསུམ་གྱི་རྒྱ་མཚོ་མཐའ་ཡས་ཞེས་བྱ་བ་བཞུགས་སོ། །

(༧༢)རྒྱ་གར་སྐད་དུ། ཀྲྀ་ཡ་ཡོ་གི་ནི། བོད་སྐད་དུ། དག་པའི་རྣལ་འབྱོར་ཞེས་ཀྱང་བྱ། སང་ཀྲི་ཏའི་སྐད་དུ་ནི། ཨུ་པ་ཡོ་གི་ཞེས་ཀྱང་བྱ་བོད་སྐད་དུ་ནི། སྤྱོད་པའི་རྣལ་འབྱོར་ཞེས་ཀྱང་བྱ། རྒྱ་གར་དག་པའི་སྐད་དུ་ནི། ཡོ་ག་ཞེས་ཀྱང་བྱ། སྐུ་རྒྱལ་བོད་ཀྱི་སྐད་དུ་ནི། རྣལ་འབྱོར་ཞེས་ཀྱང་བྱ། རྒྱ་སྐད་བོད་སྐད་ལ་སོགས་པ། །འཛམ་གླིང་མིའི་རིགས་རྣམས་ལ། །སྐད་རིགས་གྲངས་ཅན་དང་། །གྲངས་མེད་དཔག་ཏུ་མེད་པ་ཡོད་ཀྱང་། །སྐབས་འདིར་ལོངས་སྤྱོད་རྫོགས་པའི་རང་རྒྱུད་པར་བསྟན་པ་དང་། །སྟོན་པ་གྲངས་མེད་པ་གསུངས་ཀྱང་། །རྒྱུད་དང་བཀའ་དང་རིགས་སྔགས་དང་། །གཟུངས་སྔགས་ཀྱི་ཕྱི་རྒྱུད་རྣམ་པ་གསུམ་སྟོན་པ་སྟེ། བྱ་བའི་རྒྱུད་ཅེས་

(༧༣)ཀྱང་བྱ། སྤྱོད་པའི་རྒྱུད་དང་རྣལ་འབྱོར་གྱི་རྒྱུད་གསུམ་དུ་མིང་འདོགས་པའོ། །དེའི་ཕྱིར་ན། དང་པོར་བྱ་བའི་རྒྱུ། གཟུགས་སྔགས་ཀྱི་སྡེ་ཚན་རྣམས་སྟོན་པ་སྟེ། དེ་ལ་ཡང་གསུམ་ཡིན་ཏེ། ཀླད་ཀྱི་དོན་མཆོད་པར་བརྗོད་ཅིང་། རྒྱ་སྐད་བོད་སྐད་ཀྱི་མཚམས་སྦྱར་བ་དང་། མཚན་ལ་ཕྱག་འཚལ་བ་དང་། སྒྲུབ་པ་ཆེན་པོ་ལ་སོགས་བླ་མ་བརྒྱུད་པ་རྣམས་ཀྱི་འབྲེལ་ཚུལ་བསྟན་པའོ། །གཞུང་གི་དོན་ལ་བྱ་བའི་རྒྱུད་ཀྱི་བཀའ་དང་། རྒྱུ་མཚན་ཉིད་དང་། གཟུངས་སྔགས་ཀྱི་ས་མཚམས་སོ་སོར་འབྱེད་པ་དང་། རིགས་གསུམ་མགོན་པོའི་ལྟ། སྒོམ་སྤྱོད་པ་གཞི་ལམ་འབྲས་བུ་གསུམ་མ་འདྲེས་ཤིང་སོ་སོར་འབྱེད་པ་དང་། རིགས་གསུམ་རྡོ་རྗེ་འཛིན་པའི་ས་ཕུན་སུམ་ཚོགས་པ་རྣམ་པ་ལྔ་དང་། དེ་ལས་འཕྲོས་པ་རྩིས་མགོ་རྣམ་པ་ལྔ་དང་། འབྲེལ་ཚུལ་དང་མ་ཚང་བ་མེད་པར་སོ་སོར་བཤད་ཅིང་རྒྱས་པ་དང་བསྡུས་པ་མེད་པར་བཤད་པར་བྱའོ། །རྗེས་འཇུག་གི་དོན་ནི། བྱིན་གྱིས་བརླབས་པའི་བཀའ་བྱེ་བྲག་པ་དང་། འཁོར་ཐ་དད་པ་རྣམས་ཀྱིས། སྟོན་པ་ལ་ཡིད་རང་ཞིང་མངོན་པར་བསྟོད་པ་དང་། དགེ་བའི་རྩ་བ་བསྔོ་ཞིང་སྨོན་ལམ་གདབ་པ་དང་། ཐ་དད་བྱེ་བྲག་དུ་རྫོགས་པའི་རྫོགས་པ་ཡོད་པར་བསྟན་པ་དང་། ཆོས་

(༧༤)ཀྱི་དབྱིངས་མཐའ་ཐུག་པ་མེད་པ་དང་། ཆོས་ཀྱི་སྐུ་དང་ངོ་བོ་ཉིད་ཀྱི་སྐུ། རང་བཞིན་གྱི་སྐུ་ལ་ཐ་དད་བྱེ་བྲག་མཐའ་དབུས་མེད་ཅིང་། རྫོགས་པ་མེད་པའི་ཕྱིར་ན། གཞིལ་ལམ་གནས་འབྲས་བུ་གནས་ཤིང་། །འབྲས་བུ་ལ་གཞི་རྫོགས། །གཞི་ལ་འབྲས་བུ་རྫོགས། །ལམ་ལ་མ་འདྲེས་པ་ཡོངས་སུ་རྫོགས་པའི་ཕྱིར་ན། རྫོགས་པོ་མེད་པར་དུས་གསུམ་དུས་མེད་དུ་བསྟན་པའི་ཕྱིར་ན། ཀླད་དང་། གཞུང་དང་། འཇུག་དང་། སྦྱོར་དངོས་རྗེས་གསུམ་གྱི་ས་མཚམས་འབྱེད་པ་དང་། མི་འབྱེད་པ་གཉིས་སུ་བཞེད་པའོ། །ཀུན་རིག་རྒྱལ་པོ་ཐུབ་པ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ། ཀུན་རིག་རྒྱལ་པོ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་ཞིང་ཁམས་མཐའ་ཡས་སུ། ལོངས་སྐུ་སྤྲིན་ཚོགས་སྲས་དང་བཅས། །སྟོན་པ་བསྟན་པ་དབྱེར་མེད་ཀྱིས། །ཐོགས་མར་རྡོ་རྗེ་འཛིན་པ་ཡིས། །བྱ་རྒྱུད་སྡེ་ཚན་ཐ་དད་རྣམས། །ད་ནི་ཅུང་ཟད་དབྱེ་བར་བགྱི། །བསྟོན་པའི་བཀའ་དང་རྒྱུད་བཞིན་དུ། །སྒྲ་དོན་སོ་སོར་འབྱེད་པར་བགྱི། །ཕྱི་རྒྱུད་གསུམ་གྱི་རིགས་ཅན་རྣམས། །མ་ཡེངས་རྩེ་ཅིག་ཡིད་ཀྱིས་ཉོན། །ནཱ་རོ་བརྒྱུད་པའི་བྱིན་བརླབས་ཤིང་། །མགྲིན་པ་ལོངས་སྤྱོད་འཁོར་ཏུ། །རྩ་མདུད་པདྨ་ཁ་འབྱེད་པས། ཨཱ་ལྀ་ཀཱ་ལི་མཉམ་སྦྱོར་ཞིང་། །མཁའ་འགྲོ་གསུང་མཆོག་བྱིན་བརླབས་པས། །བདེ་གཤེགས་བཀའ་ལ་ལུང་མཆོག་ཐོབ། །རྣམ་སྣང་རྒྱལ་པོ་མན་ཆོད་ནས། །ད་ལྟར་སློབ་དཔོན་ཡན་ཆད་དུ། །རིག་འཛིན་རྒྱུད་པ་ཟམ་མ་ཆད། །མུ་ཏིག་རྩར་ལ་བརྒྱུས་པ་འདྲ། །བཀའ་དང་རྒྱུད་དང་མན་ངག་སོགས། །སྙན་རྒྱུད་དང་

(༧༥)ནི་དོན་རྒྱུད་གཉིས། །སྒྲ་དོན་བྱེ་བྲག་འབྱེད་པའི་ཕྱིར། །ད་ནི་རྒྱས་པར་བཤད་པར་བགྱི། །གཞན་པར་ཕྱིར་རྒྱུད་གཏན་ལ་འབེབས། །རང་སར་སྐུ་གསུམ་ངོ་སྤྲོད་པ། །ཁྲི་གདུང་འོད་ཟེར་རྒྱས་པ་འདྲ། །མཁས་པས་མཐོང་ན་རྒོད་རེ་བྲོ། །རྨོངས་པས་མཐོང་ན་ངུ་རེ་བྲོ། །ངུ་བྲོ་རྒོད་བྲོའི་དམ་ཆོས་འདི། །སྐལ་ལྡན་དོན་དུ་བསྟན་བར་བགྱི། གསང་པའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པར་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ་ལས། གསང་བའི་མཛོད་ཆེན་པོས་འདི་སྐད་ཅེས་གསུངས་པ་ནི། མ་རྟོགས་པ་དང་ལོག་པར་རྟོགས། །previous hit དགོངས next hit་འདུལ་བ་གསང་བ་དང་། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །དོན་དམ་འདི་ལ་ཐེ་ཚོམ་ཟ། །ཞེས་གསུངས་པའི་དོན་ནི། ཚད་མ་ཆེན་པོ་སྡེ་བདུན་དུ་འདུས་པ་སྟེ། །མ་རྟོགས་འགྲོ་བ་དྲུག་གི་སེམས་ཅན་རྣམས། །མ་རིག་འཁྲུལ་པའི་ཚད་མ་ཡིན། །སྟོན་པ་དྲུག་དང་བསྟན་པ་དྲུག །ལྟ་བ་ལོག་པ་སུམ་བརྒྱ་དྲུག་བཅུ་སྟེ། །མུ་སྟེགས་གྲུབ་མཐའ་ལོག་པའི་ཚད་མ་ཡིན། །སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ། །རྒྱུ་འབྲས་སྟོང་པ་ཉིད་དུ་བཤིག་པ་ཕྱོགས་རྟོགས་ཚད་མ་ཡིན། ལོངས་སྤྱོད་རྫོགས་པའི་སྐུ་རང་རྒྱུད་པའི་བསྟན་པ་ཕྱི་རྒྱུད་གསུམ། །རིགས་སྔགས་གཟུངས་སྔགས་ཚད་མ་ཡིན། ཆོས་ཀྱི་སྐུ་དྲུག་པ་རྡོ་རྗེ་འཆང་གི་བསྟན་པ། རྣལ་འབྱོར་ཆེན་པོ་བླ་ན་མེད་པ་གསར་རྙིང་གཉིས། །གསང་བ་སྔགས་ཀྱི་ཚད་མ་ཡིན། ངོ་བོ་ཉིད་ཀྱི་སྐུའི་བསྟན་པ་ཨ་ནུ་ཡོ་ག་གྲུབ་མཐའ་ཕྱི་ནང་གི་ཚད་མ་ཡིན། རང་བཞིན་གྱི་སྐུའི་བསྟན་པ་རྫོགས་པ་ཆེན་པོ། གཞི་རྫོགས། ལམ་རྫོགས།

(༧༦)འབྲས་བུ་རྫོགས། ཆོས་ཅན་ཆོས་ཉིད་གནས་སེམས་དང་སེམས་བྱུང་གནས་པ། ཕྱི་ནང་གི་གྲུབ་མཐའ་དང་། འཁྲུལ་པ་དང་འཁྲུལ་གཞི་ལ་སོགས་མ་བྱུང་པ་དང་། མི་གནས་པ་དང་། མ་འདྲེས་ལ་ཡོངས་སུ་མ་རྫོགས་པ་གང་ཡང་མེད་པའི་ཕྱིར་ན། ཆོས་ཀྱི་དབྱིངས་རབ་འབྱམ་ཚད་མ་སྡེ་བདུན། རང་བྱུང་ཡེ་ཤེས་རྫོགས་ཤིང་རྟོགས་པའི་ཚད་མས་ཏེ། རྫོགས་པ་ཆེན་པོ་རང་བྱུང་ཡེ་ཤེས་ཀྱི་ཚད་མ་ཡིན། དེའི་ཕྱིར་ན། ཆོས་ཀྱི་དབྱིངས་རབ་འབྱམ་རང་བྱུང་ཡེ་ཤེས་སུ་རྟོགས་ན། །དོན་དམ་པ་ལ་ཐེ་ཚོམ་ཟ་བའི་དོན་མེད། དེ་ལྟར་མ་རྟོགས་ན། ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་ལམ་བརླབས་ཤིང་། མཁས་ཀྱང་ཐེ་ཚོམ་ཅུང་ཙམ་རེ་ཡོད་དོར་ཡོད། དེའི་ཕྱིར་ན། ཚད་མ་སྡེ་བདུན་ལ་མཁས་ཤིང་། དེའི་སྒྲ་དང་དོན་རྟོགས་ནས། མཁྱེན་པ་གཉིས་དང་ལྡན་པའི་དགེ་བའི་གཤེས་གཉེན་བྱ་བ་ལགས་སོ། །སྐབས་འདིར་ལོངས་སྤྱོད་རྫོགས་པའི་རང་རྒྱུད་པའི་སྐུའི་བསྟན་པ། ཕྱི་རྒྱུད་གསུམ་གྱི་བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་བཀའ་དང་། རྒྱུད་གཉིས་སོ་སོར་འབྱེད་ཅིང་། ཕུན་སུམ་ཚོགས་པ་རྣམས་པ་ལྔ་ཡིས་སྟོན་པ་དང་། ཀྲྀ་ཡོ་གསུམ་ལས་འཕྲོས་པའི་བསྟན་བཅོས་རྣམས་རྩིས་མགོ་རྣམ་པ་ལྔ་ཡིས་ཞོར་ལ་འཆད་པའོ། །ཤཀྱ་ཐུབ་པའི་ཞལ་ནས་གསུངས་ཚད་དེ། །རིགས་སྔགས་གཟུངས་སྔགས་རྣམས་བཀའི་སྡེ་ཚན་དུ་བཞེད་པ་ཡིན། །ཤཱཀྱ་ཐུབ་པས་ལུང་བསྟན་ནས། སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་སུ། །ཨིན་ཏྲ་བྷུ་དྷི་བུ་རྒྱལ་པོ་ཛ་ཉིད་ཀྱི་དུས་སུ་བྱུང་བ་སྟེ། ལོ་ཉི་ཤུ་རྩ་གསུམ་གྱི་སྔ་དྲོའི་དུས་སུ། བ་ར་ན་

(༧༧)སེའི་བསིལ་ཁང་རང་ན་མ་ཏིའི་ཡང་ཐོག་དུ། རྡོ་རྗེ་རྩེ་མོའི་རྒྱུད་དང་། སུ་སི་ཏི་ཀ་ར་ལེགས་པར་ཞུས་པའི་རྒྱུད་ལ་སོགས་པ། ཀྲྀ་ཡོག་གསུམ་གྱིས་རིགས་གསུམ་མགོན་པོ་འབྱུང་བའི་རྒྱུད་བསམ་གྱིས་མི་ཁྱབ་པ་ཆར་དུ་བབ་པ་ནི་རྒྱུད་ཅེས་བྱ་བ་ཡིན། །བཀའ་དང་རྒྱུད་ཐམས་ཅད་ལ་སྤྱི་ཁྱབ་ཀྱི་ཕུན་སུམ་ཚོགས་པ་ལྔ་དང་། །རྒྱུད་གཟུངས་བྱེ་བྲག་གྲངས་མེད་པ་ཡོད་པ་ལས། །ཕུན་སུམ་ཚོགས་པ་ལས། །དབུ་ཞབས་སུ་གཅིག་ལ་གཅིག་མ་འདྲེས་ཤིང་། །མ་ཚང་བ་མེད་པ་ཕུན་སུམ་ཚོགས་པ་ལྔ་ལྔར་ཁོག་ཕུབ་ཅིང་སོ་སོར་བཤད་པར་བྱའོ། །ཕྱི་རྒྱུད་གསུམ་ལ། །མཁས་ཤིང་གྲུབ་པ་ཐོབ་པ་ཡིས། ཀྲྀ་ཡོག་མཁན་པོ་རྣམས་ཀྱིས་བཀའ་དང་རྒྱུད་རྣམས་ཀྱི་འགྲེལ་པ་དང་། ཡིག་སྣ་དང་གདམ་ངག་ལ་སོགས་པ་མང་དུ་འབྱེད་ཅིང་གསལ་བར་མཛད་པ་རྣམས་ཀྱང་། རྩིས་མགོ་རྣམ་པ་ལྔའི་ཞིང་ལ་བསྟན་པར་བྱའོ། །བྱ་བའི་རྒྱུད་དང་བཀའ་རྣམས་རིགས་གསུམ་མགོན་པོ་ཡིས། གཞི་ལམ་འབྲས་བུས་སྟོན་པ་བསྟན་པ་གཙོ་ཆེར་སྟོན་པ་སྟེ། །སྐབས་འདིར་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་སྟོན་པ་ཕུན་སུམ་ཚོགས་པ། བསྟན་པ་ཕུན་སུམ་ཚོགས་པ། གནས་ཕུན་སུམ་ཚོགས་པ། འཁོར་ཞུ་བ་པོ་ཕུན་སུམ་ཚོགས་པ། དུས་ཕུན་སུམ་ཚོགས་པའོ། །ཕུན་སུམ་ཚོགས་པ་རྣམ་པ་ལྔ་ཡང་མདོར་བསྡུས་ན་གསུམ་དུ་འདུས་པ་སྟེ། གཞི་འམ་རྒྱུའི་ཕྱག་ན་རྡོ་རྗེ་དང་། །ལམ་དང་འབྲས་བུའི་ཕྱག་ན་རྡོ་རྗེའོ། །གཞི་འམ་རྒྱུའི་ཕྱག་ན་རྡོ་རྗེ་ནི། །འགྲོ་བ་དྲུག་གི་སེམས་ཅན་རྣམས་

(༧༨)ཡིན་ལ། །བགྲོད་བྱ་ལམ་གྱི་ཕྱག་ན་རྡོ་རྗེ་ནི། །ནང་པ་སངས་རྒྱས་ཀྱི་གྲུབ་མཐའ་ལ་བཞུགས་པ་རྣམས་དང་། །ཕྱི་པ་མུ་སྟེགས་པའི་གྲུབ་མཐའ་ལ་གཞུག་པའོ། །ལམ་བདེན་པ་མཐོང་བའི་ཕྱག་ན་རྡོ་རྗེ་ནི། ས་དང་པོ་ནས་ས་བཅུ་པའི་ཕྱག་ན་རྡོ་རྗེ་ལྕང་ལོ་ཅན་གྱི་ཕོ་བྲང་ན་བཞུགས་པ་ཡིན། རྡོ་རྗེ་འཛིན་པ་ས་བཅུ་པའི་ཆོས་ལ་མངའ་བརྙེས་པ་དེ་ཡིན་པའོ། །འབྲས་བུ་མཐར་ཕྱིན་པའི་ཕྱག་ན་རྡོ་རྗེ་ནི། སྐུ་གསུམ་ལྷུན་གྱིས་གྲུབ་པ་སྐུ་བཞི་འདུ་འབྲལ་མེད་པ། སྐུ་ལྔ་ཡོངས་སུ་རྫོགས་པའི་ཕྱག་ན་རྡོ་རྗེ་ཡིས་མ་ཁྱབ་པ་གང་ཡང་མེད་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བ་གསུམ་གྱི་མཛོད་ཀྱང་ཕྱག་ན་རྡོ་རྗེས་འཛིན་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་ལུས་ངག་གསུམ་ཡང་ཕྱག་ན་རྡོ་རྗེས་འཛིན་པའོ། །དེའི་ཕྱིར་ན། གསང་བ་གསུམ་བསམ་གྱིས་མི་ཁྱབ་པ གསང་བ་གསུམ་གྱིས་མཛོད་འཛིན་ཞིང་། ཆོས་ཀྱི་དབྱིངས་རབ་འབྱམ་མཐའ་ཡས་པར། མ་ཁྱབ་པ་ནི་གང་ཡང་མེད། །ཅེས་གསུངས་པའི་ཕྱིར་དོན་ཡང་འདི་མ་རྟོགས་པ་ལགས་སོ། །དེའི་ཕྱིར་ན་ཕྱག་ན་རྡོ་རྗེ་མཐའ་ཡས་ཤིང་བསམ་གྱིས་མི་ཁྱབ་པའི་རྒྱུད་སྡེ་གསུངས་ཤིང་བཞུགས་པར་གདའ་ན་ཡང་། སྐབས་འདིར་ལྕང་ལོ་ཅན་གྱི་ཕོ་བྲང་ན་བཞུགས་པའི་རིགས། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེའི་སྟོན་པ་བསྟན་པ་བྱ་བའི་རྒྱུད་ཀྱི་གཟུངས་སྔགས་གཙོ་ཆེར་སྟོན་པ་སྟེ། ཀྲྀ་ཡ་དག་པའི་རྣལ་འབྱོར་བྱ་བ་ནི། མ་པའི་ཆོས་འདུལ་བ་དང་ཆ་འཐུན་པ་ལས། དེ་ཡང་ཆ་གསུམ་དུ་དབྱེ་བ་སྟེ། ཐུགས་རྗེ་ཆེན་པོ་བྱ་བའི་རྒྱུད་

(༧༩)གཟུངས་སྔགས་ཆ་གཉིས་ཡིན་ཏེ། ཆ་དང་པོ་ཕྱག་ན་རྡོ་རྗེ་ཀྲྀ་ཡ་ཡང་དག་པའི་རྣལ་འབྱོར་གྱི་གཞི་ལམ་འབྲས་བུ། མཛད་པ་ཕྲིན་ལས་སྐབས་འདིར་ཅུང་ཟད་ཙམ་གཅིག་བཤད་པར་བྱ་བ་ནི། འདི་ལྟར་དུ་ཤེས་པར་བྱའོ། གཞིའི་ཕྱག་ན་རྡོ་རྗེ་ནི་གཉིས་ཡིན་ཏེ། སེམས་ཅན་སྤྱི་ཙམ་གྱི་ཕྱག་ན་རྡོ་རྗེ་དང་། གང་ཟག་སྒོ་རྩན་གྱི་ཕྱག་ན་རྡོ་རྗེའོ། །གང་ཟག་སྒོ་རྩན་གྱི་ཕྱག་ན་རྡོ་རྗེ་ནི། སྔོན་ཐོག་མ་མེད་པའི་དུས་སུ། བློན་པོའི་བུ་སྣང་བྱེད་ཅེས་བྱ་བས་ཚོགས་བསགས་སྒྲིབ་པ་སྦྱངས། བྱང་ཆུབ་མཆོག་དུ་སེམས་བསྐྱེད་ཅིང་། །སངས་རྒྱས་གྲངས་མེད་པ་ལ་སྙེན་བསྐུར་བྱས་ཤིང་། སྐྱེ་བ་གྲངས་མེད་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་། ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ལམ་ཡུན་རིང་སུ་བསྒྲོད་པ་སྟེ། །དེའི་རྗེས་སུ་ས་དང་པོའི་བདེན་པ་མཐོང་བའི་དུས་སུ། རང་ཉིད་ལ་ངེས་ཤེས་སྐྱེས་ནས་ཐོག་མ་མེད་པའི་དུས་སུ། ངའི་ཡིད་བཞིན་ནོར་བུ་སྟེར། །སྟོར་བ་མ་ཚོར་རྙེད་པ་ཚོར། །ཞེས་གསུངས་པ་ནི། ཨ་ནུ་ཡོ་གའི་ལུང་ནས་རྒྱས་པར་བཤད་པའོ། །དེ་ནས་ཡུན་རིང་པོར་བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས། སློབ་པའི་ཟུང་འཇུག་དང་། མི་སློབ་པའི་ཟུང་འཇུག །སྒོམ་དུ་མེད་པའི་སྒོམ་ལམ་ལས། བསྐལ་པ་གྲངས་མེད་པར་ས་ལམ་རྫོགས་པར་མཛད་པའོ། །དེའི་ཚེ་དེའི་དུས་ན། བྱང་ཆུབ་སེམས་དཔའ་བསམས་བཞིན་དུ་སྲིད་པ་ཉེ་བར་ལེན་པ་མཛད་པ་ནི། འདི་ལྟ་བུ་ཤེས་པར་བྱའོ། །དེའི་ཚེ་དེའི་དུས་ན། སངས་རྒྱས་ཡོན་ཏན་མཐའ་ཡས་རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་ནོ། །དེའི་

(༨༠)ཡང་དག་སློབ་མར་གྱུར་པ་དམ་པར་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡུལ་འཁོར་སྐྱོང་ཞེས་བྱ་བ། བྱུང་སྟེ། ཡུལ་འཁོར་སྐྱོང་གི་བཙུན་མོ་མ་སྨད་པ་ཞེས་བྱ་བ་དང་། དཔེ་མེད་མ་ཞེས་བྱ་བ་དང་། གཉིས་ཀྱི་དཔང་དུ་རྒྱལ་བུ་སྟོབས་དང་ལྡན་པ་གཉིས་རྫུས་སྐྱེས་སུ་སྐྱེས་ཏེ། སྐད་ཅིག་དེ་ཉིད་ལ་སྟེང་གི་ལྷ་རྣམས་ཀྱིས། སྐྱེས་བུ་འདི་གཉིས་ནི་ཆོས་ཀྱི་སེམས་པ་དང་། ཆོས་ཀྱི་བློ་གྲོས་ཞེས་སྒྲ་བྱུང་ངོ་། །རྒྱལ་བུ་གཉིས་ཀྱི་མིང་ནི། ཆོས་ཀྱི་སེམས་པ་དང་། ཆོས་ཀྱི་བློ་གྲོས་ཞེས་བྱ་བར་བཏགས་སོ། །དེའི་ཚེ་དེའི་དུས་ན། རྒྱལ་པོ་ཡུལ་འཁོར་སྐྱོང་ལ་བུ་སྟོང་ཡོད་དེ། ཐམས་ཅད་བྱང་ཆུབ་ཆོས་ཀྱི་བདག་པོ་བྱང་ཆུབ་སེམས་དཔའ་འབའ་ཞིག་ཏུ་གྱུར་པ་ཡབ་ཀྱི་རིག་ནས། རང་གི་ཕོ་བྲང་གི་ནང་སེང་གེའི་ཁྲི་ལ་བཞུགས་ཏེ། སེམས་མཉམ་པར་གཞག་ནས། བདག་གི་བུ་འདི་རྣམས་དང་པོར་བླ་ན་མེད་པའི་སངས་རྒྱས་གང་གིས་ཐོབ་བརྟག་པར་བྱའོ། །སྙམ་དུ་བསམས་ནས། རིན་ཆེན་སྣ་བདུན་གྱི་བུམ་པའི་ནང་དུ་རྒྱལ་བུ་སྟོང་གི་མིང་བྲིས་ནས་བཅུག་སྟེ། ཞག་བདུན་གྱི་བར་དུ་མཆོད་པ་རྒྱ་ཆེན་པོ་མཛད་ནས། བུམ་པའི་ནང་ནས་རྒྱལ་བུ་རྣམས་ཀྱི་མིང་རྣམས་བྱོ་བ་ལས། ཐོག་མར་རྒྱལ་བུ་རྣམ་དག་བློ་གྲོས་ཞེས་བྱ་བའི་མི་བྱུང་བར་གྱུར་ཏེ། བྱུང་མ་ཐག་དུ་ས་ཆེན་པོ་གཡོས་པར་གྱུར་ཏེ། ཐོག་མར་བྱུང་བ་དེ་ནི་སངས་རྒྱས་འཁོར་བ་འཇིག་ཡིན་ནོ། །དེ་བཞིན་དུ་རྒྱལ་བུ་དགུ་བརྒྱ་དགུ་བཅུ་གོ་བརྒྱད་ཀྱི་མིང་རིམས་བཞིན་དུ་བྱུང་ནས། །སངས་རྒྱས་དགུ་བརྒྱ་དགུ་

(༧༡)བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད་དང་རྣལ་འབྱོར་གྱི་རྒྱུད་རྣམས་ཀྱི་དོན་བརྟན་ལ་འབེབས་པར་བྱེད་པ་ཕྱི་རྒྱུད་གསུམ་གྱི་རྒྱ་མཚོ་མཐའ་ཡས་ཞེས་བྱ་བ་བཞུགས་སོ། །

(༧༢)རྒྱ་གར་སྐད་དུ། ཀྲྀ་ཡ་ཡོ་གི་ནི། བོད་སྐད་དུ། དག་པའི་རྣལ་འབྱོར་ཞེས་ཀྱང་བྱ། སང་ཀྲི་ཏའི་སྐད་དུ་ནི། ཨུ་པ་ཡོ་གི་ཞེས་ཀྱང་བྱ་བོད་སྐད་དུ་ནི། སྤྱོད་པའི་རྣལ་འབྱོར་ཞེས་ཀྱང་བྱ། རྒྱ་གར་དག་པའི་སྐད་དུ་ནི། ཡོ་ག་ཞེས་ཀྱང་བྱ། སྐུ་རྒྱལ་བོད་ཀྱི་སྐད་དུ་ནི། རྣལ་འབྱོར་ཞེས་ཀྱང་བྱ། རྒྱ་སྐད་བོད་སྐད་ལ་སོགས་པ། །འཛམ་གླིང་མིའི་རིགས་རྣམས་ལ། །སྐད་རིགས་གྲངས་ཅན་དང་། །གྲངས་མེད་དཔག་ཏུ་མེད་པ་ཡོད་ཀྱང་། །སྐབས་འདིར་ལོངས་སྤྱོད་རྫོགས་པའི་རང་རྒྱུད་པར་བསྟན་པ་དང་། །སྟོན་པ་གྲངས་མེད་པ་གསུངས་ཀྱང་། །རྒྱུད་དང་བཀའ་དང་རིགས་སྔགས་དང་། །གཟུངས་སྔགས་ཀྱི་ཕྱི་རྒྱུད་རྣམ་པ་གསུམ་སྟོན་པ་སྟེ། བྱ་བའི་རྒྱུད་ཅེས་

(༧༣)ཀྱང་བྱ། སྤྱོད་པའི་རྒྱུད་དང་རྣལ་འབྱོར་གྱི་རྒྱུད་གསུམ་དུ་མིང་འདོགས་པའོ། །དེའི་ཕྱིར་ན། དང་པོར་བྱ་བའི་རྒྱུ། གཟུགས་སྔགས་ཀྱི་སྡེ་ཚན་རྣམས་སྟོན་པ་སྟེ། དེ་ལ་ཡང་གསུམ་ཡིན་ཏེ། ཀླད་ཀྱི་དོན་མཆོད་པར་བརྗོད་ཅིང་། རྒྱ་སྐད་བོད་སྐད་ཀྱི་མཚམས་སྦྱར་བ་དང་། མཚན་ལ་ཕྱག་འཚལ་བ་དང་། སྒྲུབ་པ་ཆེན་པོ་ལ་སོགས་བླ་མ་བརྒྱུད་པ་རྣམས་ཀྱི་འབྲེལ་ཚུལ་བསྟན་པའོ། །གཞུང་གི་དོན་ལ་བྱ་བའི་རྒྱུད་ཀྱི་བཀའ་དང་། རྒྱུ་མཚན་ཉིད་དང་། གཟུངས་སྔགས་ཀྱི་ས་མཚམས་སོ་སོར་འབྱེད་པ་དང་། རིགས་གསུམ་མགོན་པོའི་ལྟ། སྒོམ་སྤྱོད་པ་གཞི་ལམ་འབྲས་བུ་གསུམ་མ་འདྲེས་ཤིང་སོ་སོར་འབྱེད་པ་དང་། རིགས་གསུམ་རྡོ་རྗེ་འཛིན་པའི་ས་ཕུན་སུམ་ཚོགས་པ་རྣམ་པ་ལྔ་དང་། དེ་ལས་འཕྲོས་པ་རྩིས་མགོ་རྣམ་པ་ལྔ་དང་། འབྲེལ་ཚུལ་དང་མ་ཚང་བ་མེད་པར་སོ་སོར་བཤད་ཅིང་རྒྱས་པ་དང་བསྡུས་པ་མེད་པར་བཤད་པར་བྱའོ། །རྗེས་འཇུག་གི་དོན་ནི། བྱིན་གྱིས་བརླབས་པའི་བཀའ་བྱེ་བྲག་པ་དང་། འཁོར་ཐ་དད་པ་རྣམས་ཀྱིས། སྟོན་པ་ལ་ཡིད་རང་ཞིང་མངོན་པར་བསྟོད་པ་དང་། དགེ་བའི་རྩ་བ་བསྔོ་ཞིང་སྨོན་ལམ་གདབ་པ་དང་། ཐ་དད་བྱེ་བྲག་དུ་རྫོགས་པའི་རྫོགས་པ་ཡོད་པར་བསྟན་པ་དང་། ཆོས་

(༧༤)ཀྱི་དབྱིངས་མཐའ་ཐུག་པ་མེད་པ་དང་། ཆོས་ཀྱི་སྐུ་དང་ངོ་བོ་ཉིད་ཀྱི་སྐུ། རང་བཞིན་གྱི་སྐུ་ལ་ཐ་དད་བྱེ་བྲག་མཐའ་དབུས་མེད་ཅིང་། རྫོགས་པ་མེད་པའི་ཕྱིར་ན། གཞི་ལ་ལམ་གནས་འབྲས་བུ་གནས་ཤིང་། །འབྲས་བུ་ལ་གཞི་རྫོགས། །གཞི་ལ་འབྲས་བུ་རྫོགས། །ལམ་ལ་མ་འདྲེས་པ་ཡོངས་སུ་རྫོགས་པའི་ཕྱིར་ན། རྫོགས་པོ་མེད་པར་དུས་གསུམ་དུས་མེད་དུ་བསྟན་པའི་ཕྱིར་ན། ཀླད་དང་། གཞུང་དང་། འཇུག་དང་། སྦྱོར་དངོས་རྗེས་གསུམ་གྱི་ས་མཚམས་འབྱེད་པ་དང་། མི་འབྱེད་པ་གཉིས་སུ་བཞེད་པའོ། །ཀུན་རིག་རྒྱལ་པོ་ཐུབ་པ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ། ཀུན་རིག་རྒྱལ་པོ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་ཞིང་ཁམས་མཐའ་ཡས་སུ། ལོངས་སྐུ་སྤྲིན་ཚོགས་སྲས་དང་བཅས། །སྟོན་པ་བསྟན་པ་དབྱེར་མེད་ཀྱིས། །ཐོགས་མར་རྡོ་རྗེ་འཛིན་པ་ཡིས། །བྱ་རྒྱུད་སྡེ་ཚན་ཐ་དད་རྣམས། །ད་ནི་ཅུང་ཟད་དབྱེ་བར་བགྱི། །སྟོན་པའི་བཀའ་དང་རྒྱུད་བཞིན་དུ། །སྒྲ་དོན་སོ་སོར་འབྱེད་པར་བགྱི། །ཕྱི་རྒྱུད་གསུམ་གྱི་རིགས་ཅན་རྣམས། །མ་ཡེངས་རྩེ་ཅིག་ཡིད་ཀྱིས་ཉོན། །ནཱ་རོ་བརྒྱུད་པའི་བྱིན་བརླབས་ཤིང་། །མགྲིན་པ་ལོངས་སྤྱོད་འཁོར་རུ། །རྩ་མདུད་པདྨ་ཁ་འབྱེད་པས། ཨཱ་ལྀ་ཀཱ་ལི་མཉམ་སྦྱོར་ཞིང་། །མཁའ་འགྲོ་གསུང་མཆོག་བྱིན་བརླབས་པས། །བདེ་གཤེགས་བཀའ་ལ་ལུང་མཆོག་ཐོབ། །རྣམ་སྣང་རྒྱལ་པོ་མན་ཆོད་ནས། །ད་ལྟར་སློབ་དཔོན་ཡན་ཆད་དུ། །རིག་འཛིན་རྒྱུད་པ་ཟམ་མ་ཆད། །མུ་ཏིག་ལྟར་ལ་བརྒྱུས་པ་འདྲ། །བཀའ་དང་རྒྱུད་དང་མན་ངག་སོགས། །སྙན་རྒྱུད་དང་

(༧༥)ནི་དོན་རྒྱུད་གཉིས། །སྒྲ་དོན་བྱེ་བྲག་འབྱེད་པའི་ཕྱིར། །ད་ནི་རྒྱས་པར་བཤད་པར་བགྱི། །གཞན་པར་ཕྱིར་རྒྱུད་གཏན་ལ་འབེབས། །རང་སར་སྐུ་གསུམ་ངོ་སྤྲོད་པ། །ཁྲི་གདུང་འོད་ཟེར་རྒྱས་པ་འདྲ། །མཁས་པས་མཐོང་ན་རྒོད་རེ་བྲོ། །རྨོངས་པས་མཐོང་ན་ངུ་རེ་བྲོ། །ངུ་བྲོ་རྒོད་བྲོའི་དམ་ཆོས་འདི། །སྐལ་ལྡན་དོན་དུ་བསྟན་བར་བགྱི། གསང་པའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པར་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ་ལས། གསང་བའི་མཛོད་ཆེན་པོས་འདི་སྐད་ཅེས་གསུངས་པ་ནི། མ་རྟོགས་པ་དང་ལོག་པར་རྟོགས། །previous hit དགོངས next hit་འདུལ་བ་གསང་བ་དང་། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །དོན་དམ་འདི་ལ་ཐེ་ཚོམ་ཟ། །ཞེས་གསུངས་པའི་དོན་ནི། ཚད་མ་ཆེན་པོ་སྡེ་བདུན་དུ་འདུས་པ་སྟེ། །མ་རྟོགས་འགྲོ་བ་དྲུག་གི་སེམས་ཅན་རྣམས། །མ་རིག་འཁྲུལ་པའི་ཚད་མ་ཡིན། །སྟོན་པ་དྲུག་དང་བསྟན་པ་དྲུག །ལྟ་བ་ལོག་པ་སུམ་བརྒྱ་དྲུག་བཅུ་སྟེ། །མུ་སྟེགས་གྲུབ་མཐའ་ལོག་པའི་ཚད་མ་ཡིན། །སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ། །རྒྱུ་འབྲས་སྟོང་པ་ཉིད་དུ་བཤིག་པ་ཕྱོགས་རྟོགས་ཚད་མ་ཡིན། ལོངས་སྤྱོད་རྫོགས་པའི་སྐུ་རང་རྒྱུད་པའི་བསྟན་པ་ཕྱི་རྒྱུད་གསུམ། །རིགས་སྔགས་གཟུངས་སྔགས་ཚད་མ་ཡིན། ཆོས་ཀྱི་སྐུ་དྲུག་པ་རྡོ་རྗེ་འཆང་གི་བསྟན་པ། རྣལ་འབྱོར་ཆེན་པོ་བླ་ན་མེད་པ་གསར་རྙིང་གཉིས། །གསང་བ་སྔགས་ཀྱི་ཚད་མ་ཡིན། ངོ་བོ་ཉིད་ཀྱི་སྐུའི་བསྟན་པ་ཨ་ནུ་ཡོ་ག་གྲུབ་མཐའ་ཕྱི་ནང་གི་ཚད་མ་ཡིན། རང་བཞིན་གྱི་སྐུའི་བསྟན་པ་རྫོགས་པ་ཆེན་པོ། གཞི་རྫོགས། ལམ་རྫོགས།

(༧༦)འབྲས་བུ་རྫོགས། ཆོས་ཅན་ཆོས་ཉིད་གནས་སེམས་དང་སེམས་བྱུང་གནས་པ། ཕྱི་ནང་གི་གྲུབ་མཐའ་དང་། འཁྲུལ་པ་དང་འཁྲུལ་གཞི་ལ་སོགས་མ་བྱུང་པ་དང་། མི་གནས་པ་དང་། མ་འདྲེས་ལ་ཡོངས་སུ་མ་རྫོགས་པ་གང་ཡང་མེད་པའི་ཕྱིར་ན། ཆོས་ཀྱི་དབྱིངས་རབ་འབྱམ་ཚད་མ་སྡེ་བདུན། རང་བྱུང་ཡེ་ཤེས་རྫོགས་ཤིང་རྟོགས་པའི་ཚད་མས་ཏེ། རྫོགས་པ་ཆེན་པོ་རང་བྱུང་ཡེ་ཤེས་ཀྱི་ཚད་མ་ཡིན། དེའི་ཕྱིར་ན། ཆོས་ཀྱི་དབྱིངས་རབ་འབྱམ་རང་བྱུང་ཡེ་ཤེས་སུ་རྟོགས་ན། །དོན་དམ་པ་ལ་ཐེ་ཚོམ་ཟ་བའི་དོན་མེད། དེ་ལྟར་མ་རྟོགས་ན། ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་ལམ་བརླབས་ཤིང་། མཁས་ཀྱང་ཐེ་ཚོམ་ཅུང་ཙམ་རེ་ཡོད་དོར་ཡོད། དེའི་ཕྱིར་ན། ཚད་མ་སྡེ་བདུན་ལ་མཁས་ཤིང་། དེའི་སྒྲ་དང་དོན་རྟོགས་ནས། མཁྱེན་པ་གཉིས་དང་ལྡན་པའི་དགེ་བའི་གཤེས་གཉེན་བྱ་བ་ལགས་སོ། །སྐབས་འདིར་ལོངས་སྤྱོད་རྫོགས་པའི་རང་རྒྱུད་པའི་སྐུའི་བསྟན་པ། ཕྱི་རྒྱུད་གསུམ་གྱི་བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་བཀའ་དང་། རྒྱུད་གཉིས་སོ་སོར་འབྱེད་ཅིང་། ཕུན་སུམ་ཚོགས་པ་རྣམས་པ་ལྔ་ཡིས་སྟོན་པ་དང་། ཀྲྀ་ཡོ་གསུམ་ལས་འཕྲོས་པའི་བསྟན་བཅོས་རྣམས་རྩིས་མགོ་རྣམ་པ་ལྔ་ཡིས་ཞོར་ལ་འཆད་པའོ། །ཤཀྱ་ཐུབ་པའི་ཞལ་ནས་གསུངས་ཚད་དེ། །རིགས་སྔགས་གཟུངས་སྔགས་རྣམས་བཀའི་སྡེ་ཚན་དུ་བཞེད་པ་ཡིན། །ཤཱཀྱ་ཐུབ་པས་ལུང་བསྟན་ནས། སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་སུ། །ཨིན་ཏྲ་བྷུ་དྷི་བུ་རྒྱལ་པོ་ཛ་ཉིད་ཀྱི་དུས་སུ་བྱུང་བ་སྟེ། ལོ་ཉི་ཤུ་རྩ་གསུམ་གྱི་སྔ་དྲོའི་དུས་སུ། བ་ར་ན་

(༧༧)སེའི་བསིལ་ཁང་རང་ན་མ་ཏིའི་ཡང་ཐོག་དུ། རྡོ་རྗེ་རྩེ་མོའི་རྒྱུད་དང་། སུ་སི་ཏི་ཀ་ར་ལེགས་པར་ཞུས་པའི་རྒྱུད་ལ་སོགས་པ། ཀྲྀ་ཡོག་གསུམ་གྱིས་རིགས་གསུམ་མགོན་པོ་འབྱུང་བའི་རྒྱུད་བསམ་གྱིས་མི་ཁྱབ་པ་ཆར་དུ་བབ་པ་ནི་རྒྱུད་ཅེས་བྱ་བ་ཡིན། །བཀའ་དང་རྒྱུད་ཐམས་ཅད་ལ་སྤྱི་ཁྱབ་ཀྱི་ཕུན་སུམ་ཚོགས་པ་ལྔ་དང་། །རྒྱུད་གཟུངས་བྱེ་བྲག་གྲངས་མེད་པ་ཡོད་པ་ལས། །ཕུན་སུམ་ཚོགས་པ་ལས། །དབུ་ཞབས་སུ་གཅིག་ལ་གཅིག་མ་འདྲེས་ཤིང་། །མ་ཚང་བ་མེད་པ་ཕུན་སུམ་ཚོགས་པ་ལྔ་ལྔར་ཁོག་ཕུབ་ཅིང་སོ་སོར་བཤད་པར་བྱའོ། །ཕྱི་རྒྱུད་གསུམ་ལ། །མཁས་ཤིང་གྲུབ་པ་ཐོབ་པ་ཡིས། ཀྲྀ་ཡོག་མཁན་པོ་རྣམས་ཀྱིས་བཀའ་དང་རྒྱུད་རྣམས་ཀྱི་འགྲེལ་པ་དང་། ཡིག་སྣ་དང་གདམ་ངག་ལ་སོགས་པ་མང་དུ་འབྱེད་ཅིང་གསལ་བར་མཛད་པ་རྣམས་ཀྱང་། རྩིས་མགོ་རྣམ་པ་ལྔའི་ཞིང་ལ་བསྟན་པར་བྱའོ། །བྱ་བའི་རྒྱུད་དང་བཀའ་རྣམས་རིགས་གསུམ་མགོན་པོ་ཡིས། གཞི་ལམ་འབྲས་བུས་སྟོན་པ་བསྟན་པ་གཙོ་ཆེར་སྟོན་པ་སྟེ། །སྐབས་འདིར་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་སྟོན་པ་ཕུན་སུམ་ཚོགས་པ། བསྟན་པ་ཕུན་སུམ་ཚོགས་པ། གནས་ཕུན་སུམ་ཚོགས་པ། འཁོར་ཞུ་བ་པོ་ཕུན་སུམ་ཚོགས་པ། དུས་ཕུན་སུམ་ཚོགས་པའོ། །ཕུན་སུམ་ཚོགས་པ་རྣམ་པ་ལྔ་ཡང་མདོར་བསྡུས་ན་གསུམ་དུ་འདུས་པ་སྟེ། གཞི་འམ་རྒྱུའི་ཕྱག་ན་རྡོ་རྗེ་དང་། །ལམ་དང་འབྲས་བུའི་ཕྱག་ན་རྡོ་རྗེའོ། །གཞི་འམ་རྒྱུའི་ཕྱག་ན་རྡོ་རྗེ་ནི། །འགྲོ་བ་དྲུག་གི་སེམས་ཅན་རྣམས་

(༧༨)ཡིན་ལ། །བགྲོད་བྱ་ལམ་གྱི་ཕྱག་ན་རྡོ་རྗེ་ནི། །ནང་པ་སངས་རྒྱས་ཀྱི་གྲུབ་མཐའ་ལ་བཞུགས་པ་རྣམས་དང་། །ཕྱི་པ་མུ་སྟེགས་པའི་གྲུབ་མཐའ་ལ་གཞུག་པའོ། །ལམ་བདེན་པ་མཐོང་བའི་ཕྱག་ན་རྡོ་རྗེ་ནི། ས་དང་པོ་ནས་ས་བཅུ་པའི་ཕྱག་ན་རྡོ་རྗེ་ལྕང་ལོ་ཅན་གྱི་ཕོ་བྲང་ན་བཞུགས་པ་ཡིན། རྡོ་རྗེ་འཛིན་པ་ས་བཅུ་པའི་ཆོས་ལ་མངའ་བརྙེས་པ་དེ་ཡིན་པའོ། །འབྲས་བུ་མཐར་ཕྱིན་པའི་ཕྱག་ན་རྡོ་རྗེ་ནི། སྐུ་གསུམ་ལྷུན་གྱིས་གྲུབ་པ་སྐུ་བཞི་འདུ་འབྲལ་མེད་པ། སྐུ་ལྔ་ཡོངས་སུ་རྫོགས་པའི་ཕྱག་ན་རྡོ་རྗེ་ཡིས་མ་ཁྱབ་པ་གང་ཡང་མེད་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བ་གསུམ་གྱི་མཛོད་ཀྱང་ཕྱག་ན་རྡོ་རྗེས་འཛིན་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་ལུས་ངག་གསུམ་ཡང་ཕྱག་ན་རྡོ་རྗེས་འཛིན་པའོ། །དེའི་ཕྱིར་ན། གསང་བ་གསུམ་བསམ་གྱིས་མི་ཁྱབ་པ གསང་བ་གསུམ་གྱིས་མཛོད་འཛིན་ཞིང་། ཆོས་ཀྱི་དབྱིངས་རབ་འབྱམ་མཐའ་ཡས་པར། མ་ཁྱབ་པ་ནི་གང་ཡང་མེད། །ཅེས་གསུངས་པའི་ཕྱིར་དོན་ཡང་འདི་མ་རྟོགས་པ་ལགས་སོ། །དེའི་ཕྱིར་ན་ཕྱག་ན་རྡོ་རྗེ་མཐའ་ཡས་ཤིང་བསམ་གྱིས་མི་ཁྱབ་པའི་རྒྱུད་སྡེ་གསུངས་ཤིང་བཞུགས་པར་གདའ་ན་ཡང་། སྐབས་འདིར་ལྕང་ལོ་ཅན་གྱི་ཕོ་བྲང་ན་བཞུགས་པའི་རིགས། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེའི་སྟོན་པ་བསྟན་པ་བྱ་བའི་རྒྱུད་ཀྱི་གཟུངས་སྔགས་གཙོ་ཆེར་སྟོན་པ་སྟེ། ཀྲྀ་ཡ་དག་པའི་རྣལ་འབྱོར་བྱ་བ་ནི། མ་པའི་ཆོས་འདུལ་བ་དང་ཆ་འཐུན་པ་ལས། དེ་ཡང་ཆ་གསུམ་དུ་དབྱེ་བ་སྟེ། ཐུགས་རྗེ་ཆེན་པོ་བྱ་བའི་རྒྱུད་

(༧༩)གཟུངས་སྔགས་ཆ་གཉིས་ཡིན་ཏེ། ཆ་དང་པོ་ཕྱག་ན་རྡོ་རྗེ་ཀྲྀ་ཡ་ཡང་དག་པའི་རྣལ་འབྱོར་གྱི་གཞི་ལམ་འབྲས་བུ། མཛད་པ་ཕྲིན་ལས་སྐབས་འདིར་ཅུང་ཟད་ཙམ་གཅིག་བཤད་པར་བྱ་བ་ནི། འདི་ལྟར་དུ་ཤེས་པར་བྱའོ། གཞིའི་ཕྱག་ན་རྡོ་རྗེ་ནི་གཉིས་ཡིན་ཏེ། སེམས་ཅན་སྤྱི་ཙམ་གྱི་ཕྱག་ན་རྡོ་རྗེ་དང་། གང་ཟག་སྒོ་རྩན་གྱི་ཕྱག་ན་རྡོ་རྗེའོ། །གང་ཟག་སྒོ་རྩན་གྱི་ཕྱག་ན་རྡོ་རྗེ་ནི། སྔོན་ཐོག་མ་མེད་པའི་དུས་སུ། བློན་པོའི་བུ་སྣང་བྱེད་ཅེས་བྱ་བས་ཚོགས་བསགས་སྒྲིབ་པ་སྦྱངས། བྱང་ཆུབ་མཆོག་དུ་སེམས་བསྐྱེད་ཅིང་། །སངས་རྒྱས་གྲངས་མེད་པ་ལ་སྙེན་བསྐུར་བྱས་ཤིང་། སྐྱེ་བ་གྲངས་མེད་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་། ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ལམ་ཡུན་རིང་དུ་བསྒྲོད་པ་སྟེ། །དེའི་རྗེས་སུ་ས་དང་པོའི་བདེན་པ་མཐོང་བའི་དུས་སུ། རང་ཉིད་ལ་ངེས་ཤེས་སྐྱེས་ནས་ཐོག་མ་མེད་པའི་དུས་སུ། ངའི་ཡིད་བཞིན་ནོར་བུ་སྟེར། །སྟོར་བ་མ་ཚོར་རྙེད་པ་ཚོར། །ཞེས་གསུངས་པ་ནི། ཨ་ནུ་ཡོ་གའི་ལུང་ནས་རྒྱས་པར་བཤད་པའོ། །དེ་ནས་ཡུན་རིང་པོར་བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས། སློབ་པའི་ཟུང་འཇུག་དང་། མི་སློབ་པའི་ཟུང་འཇུག །སྒོམ་དུ་མེད་པའི་སྒོམ་ལམ་ལས། བསྐལ་པ་གྲངས་མེད་པར་ས་ལམ་རྫོགས་པར་མཛད་པའོ། །དེའི་ཚེ་དེའི་དུས་ན། བྱང་ཆུབ་སེམས་དཔའ་བསམས་བཞིན་དུ་སྲིད་པ་ཉེ་བར་ལེན་པ་མཛད་པ་ནི། འདི་ལྟ་བུ་ཤེས་པར་བྱའོ། །དེའི་ཚེ་དེའི་དུས་ན། སངས་རྒྱས་ཡོན་ཏན་མཐའ་ཡས་རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་ནོ། །དེའི་

(༨༠)ཡང་དག་སློབ་མར་གྱུར་པ་དམ་པར་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡུལ་འཁོར་སྐྱོང་ཞེས་བྱ་བ། བྱུང་སྟེ། ཡུལ་འཁོར་སྐྱོང་གི་བཙུན་མོ་མ་སྨད་པ་ཞེས་བྱ་བ་དང་། དཔེ་མེད་མ་ཞེས་བྱ་བ་དང་། གཉིས་ཀྱི་དཔང་དུ་རྒྱལ་བུ་སྟོབས་དང་ལྡན་པ་གཉིས་རྫུས་སྐྱེས་སུ་སྐྱེས་ཏེ། སྐད་ཅིག་དེ་ཉིད་ལ་སྟེང་གི་ལྷ་རྣམས་ཀྱིས། སྐྱེས་བུ་འདི་གཉིས་ནི་ཆོས་ཀྱི་སེམས་པ་དང་། ཆོས་ཀྱི་བློ་གྲོས་ཞེས་སྒྲ་བྱུང་ངོ་། །རྒྱལ་བུ་གཉིས་ཀྱི་མིང་ནི། ཆོས་ཀྱི་སེམས་པ་དང་། ཆོས་ཀྱི་བློ་གྲོས་ཞེས་བྱ་བར་བཏགས་སོ། །དེའི་ཚེ་དེའི་དུས་ན། རྒྱལ་པོ་ཡུལ་འཁོར་སྐྱོང་ལ་བུ་སྟོང་ཡོད་དེ། ཐམས་ཅད་བྱང་ཆུབ་ཆོས་ཀྱི་བདག་པོ་བྱང་ཆུབ་སེམས་དཔའ་འབའ་ཞིག་ཏུ་གྱུར་པ་ཡབ་ཀྱི་རིག་ནས། རང་གི་ཕོ་བྲང་གི་ནང་སེང་གེའི་ཁྲི་ལ་བཞུགས་ཏེ། སེམས་མཉམ་པར་གཞག་ནས། བདག་གི་བུ་འདི་རྣམས་དང་པོར་བླ་ན་མེད་པའི་སངས་རྒྱས་གང་གིས་ཐོབ་བརྟག་པར་བྱའོ། །སྙམ་དུ་བསམས་ནས། རིན་ཆེན་སྣ་བདུན་གྱི་བུམ་པའི་ནང་དུ་རྒྱལ་བུ་སྟོང་གི་མིང་བྲིས་ནས་བཅུག་སྟེ། ཞག་བདུན་གྱི་བར་དུ་མཆོད་པ་རྒྱ་ཆེན་པོ་མཛད་ནས། བུམ་པའི་ནང་ནས་རྒྱལ་བུ་རྣམས་ཀྱི་མིང་རྣམས་བྱོ་བ་ལས། ཐོག་མར་རྒྱལ་བུ་རྣམ་དག་བློ་གྲོས་ཞེས་བྱ་བའི་མི་བྱུང་བར་གྱུར་ཏེ། བྱུང་མ་ཐག་དུ་ས་ཆེན་པོ་གཡོས་པར་གྱུར་ཏེ། ཐོག་མར་བྱུང་བ་དེ་ནི་སངས་རྒྱས་འཁོར་བ་འཇིག་ཡིན་ནོ། །དེ་བཞིན་དུ་རྒྱལ་བུ་དགུ་བརྒྱ་དགུ་བཅུ་གོ་བརྒྱད་ཀྱི་མིང་རིམས་བཞིན་དུ་བྱུང་ནས། །སངས་རྒྱས་དགུ་བརྒྱ་དགུ་

(༨༡)བཅུ་གོ་བརྒྱད་དུ་སྐལ་པ་བཟང་པོ་འདི་ཉིད་ལ་སངས་རྒྱས་པའོ། །དེའི་ཚེ་དེའི་དུས་ན། རྒྱལ་བུ་ཐ་ཆུང་བློ་མཐའ་ཡས་ཞེས་བྱ་བའི་མིང་བྱུང་བར་གྱུར་པ་དང་། ཡབ་ཡུམ་སྤུན་རྣམས་ན་རེ། བདག་ཅག་གིས་སེམས་ཅན་ཐམས་ཅད་སྨིན་པར་བྱས་ཤིང་། སངས་རྒྱས་ཀྱི་བྱ་བ་རྒྱས་པར་བྱ་བའི་འོག་ཏུ། ཁྱོད་ཀྱིས་ཅི་ཞིག་བྱར་ཡོད་ཅེས་སྨོད་པ་དང་། དེའི་ཚེ་དེའི་དུས་ན། བློ་མཐའ་ཡས་པས་སྨྲས་པ། སངས་རྒྱས་ཆོས་རྣམས་འདི་དག་ནམ་མཁའ་མཚུངས་འདྲ་ཞིང་། བདག་གིས་ཡིད་ལ་སེམས་ཅན་ཟད་པ་མེད། སྙམ་བྱེད། ཚུལ་ཁྲིམས་ཀྱིས་ནི་བདག་གི་སྨོན་ལམ་རིགས་དག་འགྱུར། །བདག་གིས་སྨོན་ལམ་ཅི་འདྲ་ཐམས་ཅད་འདིར་སོན་ཞིག །ཁྱེད་ཀྱི་ཚེ་ཚད་ཇི་ཙམ་པ་དག་བསྡོམ་པ་དང་། །ཚིག་གི་རྒྱལ་པོ་ཇི་སྙེད་པ་དག་ཀུན་སྙོམས་ལ། །ཐམས་ཅད་སྡོམ་པ་དེ་སྙེད་རྩེར་འགྱུར་ཏེ། །བདག་གི་དགེ་སློང་ཚོགས་ཀྱང་དེ་ཀུན་མ་ལུས་རྙེད། །དེའི་ཚིགས་སུ་གཅད་པ་འདི་དག་སྨྲས་མ་ཐག །དེའི་ཚེ་ན་ལེགས་ཞེས་ལྷའི་སྒྲ་བྱུང་སྟེ། །སེམས་ཅན་དག་པ་ཁྱོད་ཀྱིས་བསམ་པ་རྫོགས་འགྱུར་ཅིག །ཁྱོད་ཀྱིས་ཇི་ལྟར་བསམ་བཞིན་སེམས་ཅན་དོན་མཛོད་ཅིག །དེ་ལྟར་རྒྱལ་བུ་གཞོན་ནུ་ཐམས་ཅད་ཀྱི་ཐ་ཆུང་སུ་གྱུར་པ། །བློ་མཐའ་ཡས་ཞེས་བྱ་བ་དེ་ནི། བསྐལ་པ་བཟང་པོའི་འདི་ལ་དེ་བཞིན་གཤེགས་པ་ཐ་མ་པ་མོས་པ་ཞེས་བྱ་བར་འགྱུར་ཏེ། བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས། ཚེའི་ཚད་ཇི་ཙམ་པ་དང་། ཉན་ཐོས་ཀྱི་དགེ་འདུན་ཇི་སྙེད་པར་འགྱུར་བ། དེ་བཞིན་གཤེགས་པ་

(༨༢)མོས་པ་དེའི་ཚེ་ཡང་དེ་སྲིད་དུ་འགྱུར་ཏེ། ཉན་ཐོས་ཀྱི་དགེ་འདུན་ཡང་དེ་སྙེད་དུ་འགྱུར་རོ། །བདག་དེ་ལྟར་མོས་པས་ན་མོས་པ་ཞེས་བྱའོ། །ཞི་བའི་བློ་གྲོས་འདི་ལྟར་སངས་རྒྱས་སྟེང་དུ་ཅིག་གིས། མ་ཚང་པ་དག །སངས་རྒྱས་ཀྱི་མཛད་པ་ཅི་སྙེད་མཛད་པ། དེ་སྙེད་དེ་བཞིན་གཤེགས་པ་མོས་པ་བྱེད་པར་འགྱུར་བས། ཐབས་མཁས་པའི་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་རྒྱུ། འཐུན་པ་སྨོན་ལམ་ཡོངས་སུ་རྫོགས་པའི་ཁྱད་པར་ལ་ལྟོས། དེ་ནས་གཞོན་ནུ་སྟོང་པོ་དེ་དག་གིས། །བྱང་ཆུབ་སེམས་དཔའ་གཞོན་ནུ་ཆོས་སེམས་དཔའ་དང་། ཆོས་ཀྱི་བློ་གྲོས་དང་། དེ་གཉིས་ལ་འདི་སྐད་ཅེས་སྨྲས་སོ། །རིག་ཀྱི་བུ་ཁྱོད་རྣམས་གཉིས་ཀྱིས་སྨོན་ལམ་ཇི་ལྟ་བུ་ཞིག་གཏབ། ཆོས་སེམས་དཔས་སྨྲས་པ། གྲོགས་པོ་དག་བདག་ནི་ཁྱེད་ཐམས་ཅད་ཀྱི་ལག་ན་རྡོ་རྗེར་འགྱུར་ཏེ། །ནང་ན་སྤྱོད་ཅིང་དེ་བཞིན་གཤེགས་པའི་གསང་བ་ཐམས་ཅད་ལས། ཕྱི་རོལ་དུ་མ་གྱུར་ལ། ཕྱི་ནང་གི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཉན་པ་དང་། མོས་པ་དང་བརྟག་པ་དེ་ལྟར་བདག་སྨོན་ལམ་འདེབས་སོ། བཙུན་མོ་མ་སྨད་པ་ཞེས་བྱ་བའི་དཔང་ནས་རྫུས་ཏེ་བྱུང་བའི་རྒྱལ་བུ་ཆོས་ཐམས་ཅད་སེམས་དཔའ་ཞེས་བྱ་བ་དེ་ནི། ད་ལྟར་གྱི་དུས་སུ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་འདི་ཡིན་ནོ། །བཙུན་མོ་དཔེ་མེད་མ་ཞེས་བྱ་བའི་དཔང་ནས་བྱུང་པའི་རྫུས་ཏེ་བྱུང་བའི་ཁྱེའུ་ཆོས་ཀྱི་བློ་གྲོས་ཞེས་བྱ་བ་ནི། །ཚངས་པ་གཙུག་ཕུད་ཅན་ཡིན་ཏེ། །འདི་གཉིས་ཀྱིས་སངས་རྒྱས་སྟོང་གི་འཇུག་བསྡུད་པར་འགྱུར་རོ། །ཚངས་པ་ཞོར་ལ་བསྟན་པའོ། །དེའི་ཚེ་

(༨༣)དེའི་དུས་ན་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་སངས་རྒྱས་ཀྱི་སྐུ་གསང་བ་བསམ་གྱིས་མི་ཁྱབ་པ་དང་། །གསུང་གསང་བ་བསམ་གྱིས་མི་ཁྱབ་དང་། ཐུགས་གསང་བ་བསམ་གྱིས་མི་ཁྱབ་པ་དང་། ཡོན་ཏན་ཕྲིན་ལས་གསང་བ་བསམ་གྱིས་མི་ཁྱབ་པ། མི་ཟད་པ་རྒྱན་གྱི་འཁོར་ལོ་རྣམ་པ་ལྔ། སྐད་ཅིག་ཙམ་གྱིས་རང་གིས་ཀྱང་རྟོགས་ཤིང་། བྱང་ཆུབ་སེམས་དཔའ་གཞན་གྱི་ཚོགས་རྣམས་ལ་ཡང་གསང་བའི་མཛོད་ཐམས་ཅད། རྒྱས་པ་དང་བསྡུས་པ་དག་སྟོན་ཅིང་། རྫུ་འཕྲུལ་དང་། ཆོ་འཕྲུལ་སྣ་ཚོགས་སྟོན་པ། སངས་རྒྱས་ཤཱཀྱ་ཐུབ་པས་བྱིན་གྱིས་བརླབས་སོ། །སངས་རྒྱས་ཀྱི་འཐུས་ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་པར་སངས་རྒྱས་གྲངས་ཅན་དང་། སངས་རྒྱས་བྱེ་བ་ཕྲག་བརྒྱ་དང་གྲངས་ལས་འདས་ཤིང་ཚད་གཞལ་མེད་པའི་སངས་རྒྱས། རྡུལ་གཅིག་གི་སྟེང་ན། རྡུལ་ཇི་སྙེད་བཞུགས་པའི། གྲངས་དང་སྙམ་པའི་ཕྱག་ན་རྡོ་རྗེ་ཡང་རྣམ་པར་འཕྲུལ་ཞིང་། དུས་གསུམ་དུས་མེད་དུ་གསང་སྔགས་ཀྱི་མཛོད་ལས་དབང་བསྒྱུར་བར་མཛད་དོ། །ས་བཅུའི་བྱང་ཆུབ་སེམས་དཔའ་དེའི་ཤེས་རབ་དང་། །སངས་རྒྱས་ཀྱི་མཁྱེན་པའི་ཡེ་ཤེས་གཉིས་ཀྱི་ས་མཚམ་འབྱེད་པ་ནི། །ས་བཅུའི་བྱང་ཆུབ་སེམས་དཔའི་ཤེས་རབ་བ་གླང་གི་དམིགས་རྗེས་ཀྱི་ཆུ་དང་འདྲ་ལ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་རྒྱ་མཚོ་ཆེན་པོ་དང་འདྲའོ། །དེའི་ཕྱིར་ན་མཚན་བརྗོད་ཀྱི་ལུང་ལས་ཀྱང་། དེ་བཞིན་གཤེགས་པའི་ཡེ་ཤེས་མཚོ། གསུངས་པའི་དོན་ཡང་འདི་ལ་previous hit དགོངས next hit་ཡིན། ས་བཅུའི་བྱང་ཆུབ་སེམས་དཔའ་ལ་མཁྱེན་པ་དང་བརྩེ་བ་ཡོད་པ་ཡིན་

(༨༤)ཡང་དག་པར་རྫོགས་པའི་སངས་རྒྱས་ལ། །རྐང་གཉིས་གཙོ་ལ་སྣང་བ་མེད། །ཡེ་ཤེས་དབྱིངས་སུ་ཐམས་ཅད་མཁྱེན། །ཆོས་དབྱིངས་མཐའ་དང་དབུས་མེད་པ། །མཁྱེན་དང་མི་མཁྱེན་ས་མཚམ་མེད། །ཞེས་གསུངས་པའི་དོན་ནི། གསང་བ་བསམ་གྱིས་མི་ཁྱབ་པ་གསུམ་མམ་ལྔ་ལ་previous hit དགོངས next hit་ཡིན། དེའི་ཚེ་དེའི་དུས་ན། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཡིས། །བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ། །ཕྱོགས་བཅུའི་ཞིང་ཁམས་མཐའ་དང་དབུས་མེད་པ། །སངས་རྒྱས་གྲངས་ཅན་གྲངས་མེད་རྣམས་ཀྱིས་ཞིང་ཁམས་སུ་གསང་བ་གསུམ་གྱིས་མཛོད། །གསུང་སྣ་ཚོགས་མི་ཟད་པ་རྒྱན་གྱི་འཁོར་ལོ་འདི་ལྟར་དུ་བསྟན་ཏེ། གསུམ་པོ་འདི་དག་གི་དེ་བཞིན་གཤེགས་པའི་གསང་བའོ། །གསུམ་གང་ཞེ་ན། སྐུའི་གསང་བ་དང་། གསུང་གི་གསང་བ་དང་། ཐུགས་ཀྱི་གསང་བའོ། །དེ་ལ་དེ་བཞིན་གཤེགས་པའི་སྐུའི་གསང་བ་གང་ཞེས་ན། འདི་ལ་དེ་བཞིན་གཤེགས་previous hit ་ནི་མི་དགོངས next hit་ཤིང་རབ་དུ་མི་རྟོག་པར་སྤྱོད་ལམ་ཐམས་ཅད་ཀྱང་ཀུན་ཏུ་སྟོན་དོ། །རིགས་ཀྱི་བུ་དེ་ལ་ལྷ་དང་མི་ཁ་ཅིག །འདུག་པ་གཙོ་བོར་བྱེད་པ་དེ་དག་གིས་ནི། དེ་བཞིན་གཤེགས་པ་བཞུགས་པར་མཐོང་ངོ་། །ལྷ་དང་མི་ཁ་གཅིག་འཆག་པར་གཙོ་བོར་བྱེད་པ་དེ་དག་གི་ནི། དེ་བཞིན་གཤེགས་པ་འཆག་པར་མཐོང་ངོ་། །ལྷ་དང་མི་ཁ་གཅིག་འགྲེང་བར་གཙོ་བོར་བྱེད་པ་དེ་དག་གིས་ནི། དེ་བཞིན་གཤེགས་པ་འགྲེང་པར་མཐོང་ངོ་། །ལྷ་དང་མི་ཁ་ཅིག་ཉལ་བར་གཙོ་བོར་བྱེད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་ཉལ་བར་མཐོང་ངོ་། །ལྷ་དང་

(༨༥)མི་ཁ་ཅིག་ཆོས་སྟོན་པ་གཙོ་བོར་བྱེད་པ་དེ་དག་གིས་ནི། དེ་བཞིན་གཤེགས་པ་ཆོས་སྟོན་པར་མཐོང་ངོ་། །ལྷ་དང་མི་ཁ་ཅིག་མི་སྨྲ་བར་གཙོ་བོར་བྱེད་པ་དེ་དག་གིས་ནི། དེ་བཞིན་གཤེགས་པ་མི་གསུང་བར་མཐོང་ངོ་། །ལྷ་དང་མི་ཁ་གཅིག་བསམ་གཏན་གཙོ་བོར་བྱེད་པ་དེ་དག་གིས་ནི། དེ་བཞིན་གཤེགས་པ་བསམ་གཏན་ལ་སྙོམ་པར་ཞུགས་པར་མཐོང་ངོ་། །ལྷ་དང་མི་ཁ་ཅིག་ལངས་པ་གཙོ་བོར་བྱེད་པ་དེ་དག་གིས་ནི། དེ་བཞིན་གཤེགས་པ་བཞེངས་པར་མཐོང་ངོ་། །ལྷ་དང་མི་ཁ་ཅིག་གིས་ནི་མིག་བཙུམ་པར་ལྟ་བ་གཙོ་བོར་བྱེད་པ་དེ་དག་ནི། དེ་བཞིན་གཤེགས་པ་སྤྱན་མི་བཙུམ་པར་གཟིགས་པར་མཐོང་ངོ་། །ལྷ་དང་མི་ཁ་ཅིག་འཛུམ་པར་བྱེད་པ་གཙོ་བོར་འཛིན་པ་དེ་དག་ནི། དེ་བཞིན་གཤེགས་པ་འཛུམ་པར་མཛད་པར་མཐོང་ངོ་། །ལྷ་དང་མི་ཁ་ཅིག་མདོག་གསེར་གྱི་ཁ་དོག་ལྟ་བུར་གཙོ་བོར་བྱེད་པ་དེ་དག་གིས་ནི། །དེ་བཞིན་གཤེགས་པ་སྐུ་མདོག་གསེར་གྱི་ཁ་དོག་ལྟ་བུར་མཐོང་ངོ་། །དེ་བཞིན་དུ་ལ་ལས་དངུལ་གྱི་ཁ་དོག་དུ་མཐོང་ངོ་། །དེ་བཞིན་དུ་ཤེལ་གྱི་ཁ་དོག་དང་། བཻ་ཌཱུརྱའི་ཁ་དོག་དང་། རྡོ་རྗེའི་སྙིང་པོའི་མདོག་དང་། སྤུག་གི་མདོག་དང་། མུ་ཏིག་དམར་པོའི་མདོག་དང་། མུ་ཏིག་དཀར་པོའི་མདོག་དང་། མདོག་དམར་པོ་དང་། མདོག་དཀར་པོ་དང་། བཙོད་ཁའི་མདོག་དང་། མདོག་སྔོན་པོ་དང་། མདོག་སེར་པོ་དང་། ཟླ་བའི་མདོག་དང་། ཉི་མའི་མདོག་དང་། མེའི་མདོག་དང་། འོད་ཀྱི་མདོག་དང་། བརྒྱ་བྱིན་གྱིས་མདོག་དང་།

(༨༦)ཚངས་པའི་མདོག་དང་། མ་མོའི་མདོག་དང་། ལྡོང་རོས་ཀྱི་མདོག་དང་། མཚལ་གྱི་མདོག་དང་། ལ་ལ་ཆུའི་མདོག་དང་། ལ་ལ་མྱ་ངན་ཚང་གི་མེ་ཏོག་གི་མདོག་དང་། ཙམ་པ་ཀའི་མདོག་དང་། སྣ་མའི་མེ་ཏོག་གི་མདོག་དང་། བར་ཤི་ཀའི་མདོག་དང་། པད་མའི་མདོག་དང་། ཀུ་མུད་ཏའི་མདོག་དང་། པད་མ་དཀར་པོའི་མདོག་དང་། དཔལ་གྱི་མདོག་དང་། རྣམ་ཐོས་ཀྱི་བུའི་མདོག་དང་། ངང་པའི་རྒྱལ་པོའི་མདོག་དང་། པད་མ་སར་པའི་མདོག་དང་། དཔལ་གྱི་སྙིང་པོའི་མདོག་དང་། བྱུ་རུའི་མདོག་དང་། ནོར་བུ་རིན་པོ་ཆེའི་མདོག་དང་། ཨན་དྷ་སྙིལ་གྱི་མདོག་དང་། ནམ་མཁའ་དག་པའི་གཟི་བརྗིད་ཀྱི་མདོག་དང་། ལྷ་དང་མི་ཁ་ཅིག་ཡོན་ཏན་གྱི་བསྔགས་པ་མཐའ་ཡས་པར། མོས་པ་དེ་དག་གིས་ནི། དེ་བཞིན་གཤེགས་པའི་སྐུའི་ཡོན་ཏན་གྱི་བསྔགས་པ་མཐའ་ཡས་པ་དང་ལྡན་པར་མཐོང་ངོ་། །དེ་ལྟར་ཡོངས་སུ་བརྟགས་པ་ཉེ་བར་བཟུང་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དང་། གང་ཡང་གང་གའི་ཀླུང་གི་ཇི་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་དེ་དག་ཐམས་ཅད་མིའི་ལུས་ཐོབ་པར་གྱུར་ལ། དེའི་ནང་ནས་སེམས་ཅན་གཅིག་གིས་སེམས་ཅན་ཇི་སྙེད་པ་དེ་དག་གིས་ཅི་སྙེད་པ་དེ་སྙེད་ལ། དེ་བཞིན་གཤེགས་པའི་སྐུའི་གཟུགས་དང་། མདོག་དང་། རྟགས་དང་། དབྱིབས་དང་སྤྱོད་ལམ་དུ་སེམས་ཤིང་། མོས་སྟི་ལ་མངོན་པར་བསྒྲུབས་ལ། སེམས་ཅན་གཅིག་གིས་སེམས་ཀྱི་མོས་པ་གང་ཡིན་པ་དང་། སེམས་ཅན་གཉིས་པ་མ་ཡིན་ཏེ། རྣམས་

(༨༧)གྲངས་དེས་ན་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་ཐམས་ཅད་ཀྱི་སེམས་ཀྱི་མོས་པ་ཚོལ་བར་མཛད་དོ། །ཅི་ལྟར་མོས་པ་བཞིན་དུ་སེམས་ཅན་དེ་དག་གིས། དེ་བཞིན་གཤེགས་པའི་སྐུའི་མདོག་དང་། གཟུགས་དང་རྟགས་དང་། དབྱིབས་དང་སྤྱོད་ལམ་དུ་ཤེས་མོད་ཀྱིས། དེ་ལ་དེ་བཞིན་གཤེགས་པའི་སྐུ་འམ་ཐུགས་ཀྱིས་མཛད་པ་ནི་མ་ཡིན་ཏེ། དེ་བཞིན་གཤེགས་པས་སྔོན་གྱི་ཡོངས་སུ་སྤྱོད་པ་ཡོངས་སུ་སྦྱང་བའི་ཁྱད་པར་གྱིས། ལྷུན་གྱིས་གྲུབ་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་བསམ་པ་ཚིམ་པར་མཛད་པའི། གཟུགས་དང་། ཁ་དོག་དང་། རྟགས་དང་། དབྱིབས་དང་། སྤྱོད་ལམ་གྱིས་ཀུན་ཏུ་བཞུགས་སོ། །འདི་ལྟ་སྟེ། དཔེར་ན་མེ་ལོང་གི་དཀྱིལ་འཁོར་ཡོངས་སུ་དག་པ་ལས། གཟུགས་ཀྱི་སྣང་བ་ཅི་འདྲ་བ་ཉེ་བར་བཞག་པ་དེ་འདྲ་བ་ཉིད་ཀྱིས་གཟུགས་བརྙན་དེ་ན་ལྷག་ཆད་མེད་པ་སྣང་ཡང་། མེ་ལོང་གི་དཀྱིལ་འཁོར་ནི་མི་སེམས་མི་རྟོག་གོ། །དེ་བཞིན་དུ་དེ་བཞིན་གཤེགས་previous hit ་ཡང་། མི་དགོངས next hit་མི་རྟོག་པར་ལྷུན་གྱིས་གྲུབ་པས། སེམས་ཅན་ཐམས་ཅད་ཀྱི་སེམས་བསམ་པའི་རྣལ་པར་རིག་པ་ཚིམ་པར་མཛད་དེ། །འདི་ནི་དེ་བཞིན་གཤེགས་པའི་སྐུའི་གསང་བའོ། །གཞན་ཡང་དེ་བཞིན་གཤེགས་པའི་སྐུ་ནི། ཕུང་པོས་རབ་དུ་ཕྱེ་བ་མ་ཡིན། ཁམས་ཀྱིས་རབ་དུ་ཕྱེ་བ་མ་ཡིན། སྐྱེ་མཆེད་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན། ལས་ལས་བྱུང་བ་མ་ཡིན། ཉོན་མོངས་པ་ལས་བྱུང་པ་མ་ཡིན། ཕ་མ་ལས་བྱུང་བ་མ་ཡིན། འབྱུང་བ་ཆེན་པོའི་ནུར་ནུར་པོ་ལས་བྱུང་པ་མ་ཡིན། ཤ་དང་

(༨༨)ཁྲག་གིས་གཡོགས་པ་མ་ཡིན། རུས་པ་དང་ཆུ་བའི་བོག་རེས་སྦྲེལ་བ་མ་ཡིན། དབུགས་ཕྱི་ནང་དུ་རྒྱུ་བ་དང་། སྲོག་དང་འབྲེལ་པ་མ་ཡིན་ཏེ། སངས་རྒྱས་ཀྱི་སྐུ་ནི་སྐུ་མེད་པ་སྟེ། ཆོས་ཀྱི་སྐུ་དང་། གཟུགས་ཀྱི་སྐུ་དང་། མཚན་མ་མེད་པའི་སྐུ་དང་། སྤྲོས་པ་མེད་པ་རྒྱུ་བ་མེད་པའི་སྐུ་ཡིན་ཡང་། དེ་གཟུགས་དང་མཚན་མ་གཙོ་བོར་བྱེད་པའི་སེམས་ཅན་སྐུ་བསྟན་པས་འདུལ་བ་རྣམས་ཀྱི་མིག་ལ་སྣང་བར་འགྱུར་རོ། །གཟུགས་ལས་དབེན་པའི་ཆོས་ཀྱི་མཚན་ཉིད་གཙོ་བོར་བྱེད་པའི་སེམས་ཅན་རྣམས་ལ་ནི། ལྷའི་མིག་གིས་ཀྱང་ཐམས་ཅད་ཀྱིས་ཐམས་ཅད་དུ་བལྟ་བར་སྣང་བར་མི་འགྱུར་རོ། །དེ་ལ་འཁོར་གཅིག་དུ་འདུས་པའི་སེམས་ཅན་གྱི་ནང་ནས་ཀྱང་། ཁ་ཅིག་གིས་སངས་རྒྱས་ཀྱི་སྐུ་མཐོང་། ཁ་ཅིག་གིས་ནི་མི་མཐོང་། ཁ་ཅིག་གིས་ནི་རྒྱང་རིང་པོ་ན་འདུག་ཀྱང་མཐོང་། ཁ་ཅིག་གི་ནི་ཉེ་བ་ན་འདུག་ཀྱང་མི་མཐོང་། ཁ་ཅིག་གི་ནི་ཐག་རིང་པོ་ན་འདུག་ཀྱང་མཐོང་། ཁ་ཅིག་གིས་ནི་ཉེ་བ་ན་འདུག་ཀྱང་མི་མཐོང་ངོ་། །ལ་ལས་ནི་དྲན་པའི་རྣམ་པས་མཐོང་ལ། གཡེང་བའི་རྣམ་པས་མི་མཐོང་ངོ་། ལ་ལས་ནི་གཡང་བའི་རྣམ་པས་འཐོང་ལ། དྲན་པའི་རྣམ་པས་མི་མཐོང་། ལ་ལས་ནི་གཞན་གྱིས་ཉེ་བར་བསྟན་པས་མཐོང་ཞིང་། བདག་གིས་ལྟས་པས་མ་མཐོང་། ལ་ལས་ནི་བདག་གིས་ལྟས་པས་མཐོང་ལ། གཞན་གྱིས་ལྟས་པས་མི་མཐོང་ངོ་། །ལ་ལས་ནི་རྨི་ལམ་ན་མཐོང་ལ། །སད་པ་ན་མི་མཐོང་ངོ་། །ལ་ལས་ནི་སད་པ་ན་འཐོང་

(༨༩)ལ། རྨི་ལམ་ན་མི་མཐོང་། ལ་ལས་ནི་མཉམ་པར་བཞག་པ་ན་འཐོང་ལ། ལངས་པ་ན་མི་མཐོང་། ལ་ལས་ནི་ལངས་ན་འཐོང་ལ་མཉམ་པར་བཞག་ན་མི་མཐོང་ངོ་། །ལ་ལས་ནི་སྡུག་པའི་རྣམ་པས་མཐོང་ལ། མི་སྡུག་པའི་རྣམ་པས་མི་མཐོང་ངོ་། །ལ་ལས་ནི་མི་སྡུག་པའི་རྣམ་པས་མཐོང་ལ། སྡུག་པའི་རྣམ་པས་མ་ཡིན་ནོ། །ལ་ལས་ནི་མ་བཙལ་བས་མི་མཐོང་ལ་བཙལ་བས་མཐོང་ངོ་། ལ་ལས་ནི་བསྒོམས་ན་མཐོང་ལ། མ་སྒོམ་ན་མ་ཡིན་ནོ། །དེ་ལྟར་སངས་རྒྱས་ཀྱི་སྐུ་ནི་འདི་དག་དང་། གཞན་ཡང་ཚད་མེད་པའི་རྣམ་པར་སྟོན་པ་མཛད་དོ། །གང་ཡང་གཟུགས་ན་སྤྱོད་པའི་ལྷའི་བུ། ལུས་དང་སྤྱོད་པ་དང་སྤྱོད་ལམ་རབ་དུ་ཞི་བ་མཉམ་པར་བཞག་པ། ལུས་ཞི་བ་དུལ་བ་དེ་དག་གི་མིག་ཀྱང་འཁྲུལ་པར་འགྱུར་ཏེ། སངས་རྒྱས་ཀྱི་སྐུ་ལ་དཔག་པར་བྱ་བའམ་མཚན་མ་བཟུང་བར་མ་ནུས་སོ། །དེའི་ཕྱིར་ན། སངས་རྒྱས་ཀྱི་སྐུ་ནི་ཁ་དོག་ཐ་དད་པས་ཚད་མེད་པའོ། །ཆོས་ཀྱི་རབ་དུ་ཕྱེ་བའི་ཕྱིར་ནམ་མཁའི་ཁམས་དང་མཚུངས་སོ། འདི་ལྟ་ཏེ་དཔེར་ན། ནམ་མཁའ་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བའོ། །དེ་བཞིན་དུ་སངས་རྒྱས་ཀྱི་སྐུ་ཡང་ཐམས་ཅད་ཀྱི་རྗེས་སུ་སོང་བའོ། །འདི་ལྟ་ཏེ་དཔེར་ན་ནམ་མཁའ་ནི་སྤྲོས་པ་མེད་པའོ། །དེ་བཞིན་དུ་སངས་རྒྱས་ཀྱི་སྐུ་ཡང་སྤྲོས་པ་མི་མངའ་བའོ། དཔེར་ན་ནམ་མཁའ་ནི། སེམས་ཅན་ཐམས་ཅད་ཀྱི་ཉེ་བར་མཚོ་བའོ། དེ་བཞིན་དུ་སངས་རྒྱས་ཀྱི་རྒྱུ་ཡང་། །སེམས་ཅན་ཐམས་ཅད་ཀྱི་ཉེ་བར་མཚོ་བའོ། །དཔེར་ན་ནམ་མཁའ་ནི་འབྱུང་བ་མེད་ཅིང་རྣམས་

(༩༠)པར་མི་རྟོག་པའོ། །དེ་བཞིན་དུ་སངས་རྒྱས་ཀྱི་སྐུ་ཡང་འགྱུར་བ་མི་མངའ་ཞིང་རྣམ་པར་མི་རྟོག་པའོ། །དཔེར་ན་ནམ་མཁའ་ནི་གཟུགས་སུ་སྣང་བ་ཐམས་ཅད་དུ་ཞུགས་པའོ། །དེ་བཞིན་དུ་སངས་རྒྱས་ཀྱི་སྐུ་ཡང་སེམས་ཅན་དུ་སྣང་བ་ཐམས་ཅད་དུ་ཞུགས་པའོ། །དཔེར་ན་ནམ་མཁའི་ནང་དུ་ནི་གཟུགས་སུ་སྣང་བ་ཐམས་ཅད་འདུས་སོ། །དེ་བཞིན་དུ་སངས་རྒྱས་ཀྱི་སྐུའི་ནང་དུ་ཡང་སེམས་ཅན་དུ་སྣང་བ་ཐམས་ཅད་འདུས་སོ། །དཔེར་ན་ནམ་མཁའ་ནི། རྩྭ་དང་ཤིང་། གེལ་པ་དང་། །སྨན་དང་ནག་ཚལ་ཐམས་ཅད་རྣམ་པར་འཕེལ་ལོ། །དེ་བཞིན་དུ་སངས་རྒྱས་ཀྱི་སྐུ་ལས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་རྣམ་པར་འཕེལ་ལོ། །དཔེར་ན་ནམ་མཁའ་ནི་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཏེ། ཅི་ཡང་བརྗོད་པ་མ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་ཀྱི་སྐུ་ཡང་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ནོ། །ཅིར་ཡང་བརྗོད་པ་མ་ཡིན་ནོ། །སངས་རྒྱས་ནི་སྤྱི་གཙུག་ལྟར་མི་མཐོང་བས་ཏེ། སངས་རྒྱས་ཀྱི་སྤྱི་གཙུག་མཐོང་པར་ནུས་པ་དེ་ནི། ཁོ་བོས་ལྷ་དང་བདུད་དང་ཚངས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་མ་མཐོང་ངོ་། །དེའི་ཕྱིར་ན། ཁོ་བོས་འདི་ལྟར་སྔོན་པར་ཤེས་ཏེ། བཅོམ་ལྡན་འདས་སངས་རྒྱས་ནས་རིང་པོ་མ་ལོན་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་ནས་གྲོང་ཁྱེར་ཝ་ར་ཎ་སེར་དྲང་སྲོང་ལྷུང་བའི་རི་དྭགས་ཀྱི་ནགས་ན་བཞུགས་པའི་དུས་གཅིག་ན། ཤར་ཕྱོགས་ཀྱི་སངས་རྒྱས་ཙམ་པ་ཀའི་མདོག་གིས་སངས་རྒྱས་ཀྱི་ཞིང་། འཇིག་རྟེན་

(༩༡)གྱི་ཁམས་དགྲ་འདུལ་ནས་བྱང་ཆུབ་སེམས་དཔའ་ཤུགས་འཆང་ཞེས་བྱ་བ་དེས། བཅོམ་ལྡན་འདས་ལ་སྙེན་བསྐུར་བྱ་བའི་ཕྱིར། འཇིག་རྟེན་གྱི་ཁམས་མི་འཇེད་དེར་འོངས་ཏེ། དེས་སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། ལན་གསུམ། །སྐོར་བ་བྱས་ནས། སངས་རྒྱས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་སངས་རྒྱས་ཀྱི་འཐུས་བྱང་ཆུབ་ཤུགས་འཆང་འདི། སྙམ་དུ་སེམས་ཏེ། སངས་རྒྱས་རྣམས་ནི་སྤྱི་གཙུག་བཏར་མི་འཐོང་ལ། སྐུ་ཚད་མེད་ཅིང་མཐའ་ཡས་ཀྱང་། བདག་གིས་སངས་རྒྱས་ཀྱི་སྐུ་དང་ཚད་དང་། མཐའ་རྩལ་བར་བྱ་མཉམ་མོ། །དེ་ནས་བྱང་ཆུབ་ཤུགས་འཆང་གིས་རང་གི་ལུས་དཔག་ཚད་ཁྲི་བཞི་སྟོང་དུ་བྱིན་གྱིས་བརླབས་ཏེ། སངས་རྒྱས་ཀྱི་སྐུ་ལ་ལྟས་ནས། དེས་སངས་རྒྱས་ཀྱི་སྐུ་དཔག་ཚད་འབུམ་འཕྲག་དྲུག་བཅུ་རྩ་བརྒྱད་པར་མཐོང་ནས་འདི་མཉམ་དུ་བསམས་ཏེ། བདག་གིས་མངོན་པར་ཤེས་པ་ཐོབ་པ་རྫུལ་འཕྲུལ་གྱི་རྐང་པས་རྣམ་པར་བརྩེ་བ་ཡིན་གྱིས། བདག་གིས་དེ་བས་ཀྱང་རྒྱ་ཆེར་སངས་རྒྱས་ཀྱི་སྐུ་ཚད་བརྩལ་བར་བྱའི་མཉམ་ནས། དེ་སངས་རྒྱས་ཀྱི་མཐུ་དང་རང་གི་རྫུལ་འཕྲུལ་གྱི་སྟོབས་སྐྱེད་པས། སྟེང་གི་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གང་གའི་ཀླུང་གི་བྱེ་བ་ཕྲག་བརྒྱ་བྱེ་མ་སྙེད་འདས་ཏེ། འཇིག་རྟེན་གྱི་ཁམས་པད་མ་ཅན་ཞེས་བྱ་བ་དེར། སངས་རྒྱས་སར་མའི་དཔལ་གྱི་སྙིང་པོ་ཞེས་བྱ་བ་བཞུགས་ཏེ། དེར་བྱང་ཆུབ་ཤུགས་འཆང་ཕྱིན་ནས། སངས་རྒྱས་པད་མའི་དཔལ་གྱི་སྙིང་པོ་ལ་ཞུས་པ། ཤཱཀྱ་ཐུབ་པའི་སྐུ་དང་། དེའི་སྤྱི་

(༩༢)གཙུག་གི་ཚད་བདག་ཐག་རིང་པོ་ཞིག་ནས་འོངས་པ་ལས་མཐོང་པར་མ་གྱུར་ཏོ། །སངས་རྒྱས་དེའི་ཞལ་ནས་བསྐལ་པ་གྲངས་མེད་པར་ཁྱེད་ཀྱིས་རྫུ་འཕྲུལ་དང་ཆོ་འཕྲུལ་འདི་ཉིད་ཀྱིས་སྟེང་གི་ཕྱོགས་སུ་ཡང་། ཤཱཀྱ་ཐུབ་པའི་དབུའི་གཙུག་གཏོར་དང་།སྐུའི་ཚད་འཐོང་པར་མི་ནུས་སོ། །སངས་རྒྱས་ཀྱི་སྐུ་གསུང་ ཐུགས་མཚན་དང་དཔེ་བྱད་ཀྱི་ཚོགས་རྣམས་ལ་དཔེ་ཡིས་མཚོན་དུ་མེད་པ་སྟེ། དཔེས་མཚོན་ཞིང་ཚད་བཟུང་བར་འདོད་ན། སངས་རྒྱས་ལ་སྐུར་པ་འདེབས་པའོ། །དཔེ་ཅིག་གིས་མཚོན་པ་ནམ་མཁའོ། །ནམ་མཁའ་ཇི་ཙམ་པ་སངས་རྒྱས་ཀྱི་སྐུ་ཡང་དེ་ཙམ་མོ། །ནམ་མཁའ་ཚད་མེད་པར་སངས་རྒྱས་ཀྱི་སྐུ་ཡང་ཚད་མེད་པར་ཁོང་དུ་ཆུད་པར་བྱའོ། །བྱང་ཆུབ་ཤུགས་འཆང་གིས་སངས་རྒྱས་ལ་ཞུས་པ། བདག་ཐག་ཉེ་རིང་ཇི་ཙམ་ཞིག་ནས་འདིར་མཆིས་པ་ལགས། ཁྱོད་སངས་རྒྱས་ཀྱི་ཞིང་གང་གའི་ཀླུང་གི་བྱེ་བ་ཕྲག་བརྒྱའི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ནས་སངས་རྒྱས་ཀྱི་ཞིང་འདིར་འོངས་སོ། །ཞེས་གསུངས་པ་ལས། བྱང་ཆུབ་ཤུགས་འཆང་གི་ཞུས་པ། བདག་ཐག་རིང་མོ་ཞིག་ནས་འོངས་ཀྱང་། ཤཱཀྱ་ཐུབ་པའི་གཙུག་གཏོར་རམ་སྐུའི་ཚད་མཐའ་རྟོགས་པར་ངོ་མ་ཐོག་ལགས་པའོ། །བྱང་ཆུབ་ཤུག་འཆང་གིས་སངས་རྒྱས་དེ་ལ་འདི་སྐད་ཐོས་ནས་ངོ་མཚར་སྐྱེས་ཏེ། སངས་རྒྱས་དེའི་ཞབས་གཉིས་ལ་ཕྱག་འཚལ་ནས། སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱིས་བརླབས་དང་། རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་སེམས་ཅན་གྱི་རྣམ་པར་རྟོག་པ་དྲན་པ་ཙམ་གྱིས། འཇིག་རྟེན་གྱི་ཁམས་མི་འཇེད་ཤཱཀྱ་

(༩༣)ཐུབ་པའི་དྲུང་དུ་ཕྱིན་ནས། ཤཱཀྱ་ཐུབ་པའི་ཞབས་ལ་ཕྱག་འཚལ་ནས། སྐོར་བ་ཐངས་བདུན་བྱས་ནས། གོང་གི་སྐུ་བལྟ་བའི་ལུགས་ཐམས་ཅད་རྒྱས་པར་ཞུས་པ་ལས། ཤཱཀྱ་ཐུབ་པའི་ཞལ་ནས་ཀྱང་། སངས་རྒྱས་རྣམས་ཀྱི་སྐུ་གསང་བ་བསམ་གྱི་མི་ཁྱབ་པ་ནི། འཇིག་རྟེན་གསུམ་ན་ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཚངས་པ་རྒྱ་བྱིན་ལ་སོགས་པ། འཇིག་རྟེན་ཆེན་པོ་རྣམས་ཀྱང་ཚད་བཟུང་ཞིང་ལྟ་བར་མི་ནུས་སོ། །ཞེས་སྐུ་གསང་བ་བསམ་གྱིས་མི་ཁྱབ་པའི་བཀའ་དང་། རྒྱུད་བསམ་གྱིས་མི་ཁྱབ་པའོ། །སངས་རྒྱས་ཀྱི་སྐུ་ལ་ངེས་པ་མེད་པའི་ཕྱིར་ན། ཕྱི་སྣོད་ནང་བཅུད་ཀྱིས་བསྡུས་པའི་གཟུགས་ཀྱི་ཕུང་པོས་བྱེ་བྲག་ཐམས་ཅད་དེ་བཞིན་གཤེགས་པའི་སྐུ་ཡིས་མ་ཁྱབ་པ་མེད་པའི་ཕྱིར་ན། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་ངོ་བོ་རང་བཞིན་ཅིག་ལ། གདུལ་བྱ་དབང་པོའི་བྱེ་བྲག་གིས་མཐོང་ཚུལ་ཐ་དད་དམ་མི་དད། མཐོང་ཚུལ་ཐ་དད་པའི་ཕྱིར་ན། བཀའ་དང་རྒྱུད་བསམ་གྱིས་མི་ཁྱབ་པ་སངས་རྒྱས་ཀྱི་སྐུ་ལ་ངེས་པ་མེད་པའི་ཕྱིར་ན། ཕྱི་སྣོད་ནང་བཅུད་ཀྱིས་སྡུས་པའི་སེམས་ཅན་གཟུགས་ཀྱི་ཕུང་པོའི་བྱེ་བྲག་ཐམས་ཅད་དེ་བཞིན་གཤེགས་པའི་སྐུ་བསམ་གྱི་མི་ཁྱབ་པ་མེད་པའི་ཕྱིར་ན་སྐུ་མི་ཟད། སངས་རྒྱས་མཐོང་བ་ཡང་མ་མཐོང་པའོ། །མ་མཐོང་པ་ཡང་མཐོང་པའོ། །དེའི་ཕྱིར་ན། སེམས་ཅན་དུ་མ་འཁོར་གཅིག་དུ་འདུས་པ་དག་ལས། ཁ་ཅིག་གིས་སངས་རྒྱས་ཀྱི་མཐོང་བའོ། །ཁ་ཅིག་གིས་ནི་མི་མཐོང་ངོ་། །དེ་ལ་གང་དག་གིས་མཐོང་པ་དག་ནི་དགའ་བ་བསྐྱེད་ནས་ལྟའོ། །མ་

(༩༤)མཐོང་པ་དག་ནི་ཅང་མི་སྨྲ་བར་མ་གྱུར་ཅིང་སྡོད་དེ། །སངས་རྒྱས་ནི་ཞལ་ཟས་མི་གསོལ་མོད་ཀྱིས། སེམས་ཅན་རྣམས་ཀྱིས་སངས་རྒྱས་ཞལ་ཟས་གསོལ་བར་མཐོང་ངོ་། །དེ་ལ་བྱང་ཆུབ་ཀྱི་རིམ་འགྲོའི་ལྷ་གཟི་བརྗིད་སྟོབས་ཞེས་བྱ་བ་དག །རྟག་ཏུ་སངས་རྒྱས་ཀྱི་ཞབས་འབྲིང་དུ་འབྲེང་ཞིང་། སངས་རྒྱས་ཀྱི་ཞལ་ཟས་སྣོད་དུ་ཟེད་ནས་སེམས་ཅན་རྣམས་ཀྱིས། སངས་རྒྱས་ཀྱིས་ཁམ་ཚད་དུ་བླངས་ཏེ་གསོལ་བར་མཐོང་ངོ་། །སངས་རྒྱས་ཀྱིས་ཁམ་ཚད་དུ་བླངས་པ་དེ་ཡང་སྣོད་དེ་ཉིད་དུ་འདུག་སྟེ། དེ་ལྷ་དེ་དག་གིས་ཁྱེར་ཏེ་དེ་བཞིན་གཤེགས་པས་འདུལ་བས་སེམས་ཅན་སྔོན་དགེ་བའི་རྩ་བ་སྐྱེད་པ། ལས་ཀྱིས་སྐྱེད་པའི་དབང་གིས་སྐྱེ་གནས་དེ་དང་། དེ་དག་དུ་འཕགས་པ་བཟའ་བ་དང་། བཏུང་བ་དང་། ཟས་མི་སྙེད་པ་བཀྲེས་པས་ཉམས་ཆུང་བར་འགྱུར་བ། ཅི་སྙེད་པ་དེ་དག་ལས། སངས་རྒྱས་ཀྱི་བཤོས་ཀྱི་ཕབ་བབས་དེ་བྱིན་ནས། སེམས་ཅན་དེ་དག་གིས་ཀྱང་ཟས་དེ་ཟོས་པ་དང་། བཀྲེས་སྐོམ་དང་བྲལ་ཏེ། བདེ་ཞིང་ལུས་ཚིམ་ནས་བསམ་པ་ཐག་པ་ནས་བླ་ན་མེད་པའི་བྱང་ཆུབ་དུ་སེམས་སྐྱེས་སོ་གང་དག་ལོག་པར་ལྟུང་བ་ཡི་དག་སམ། ཡ་མའི་འཇིག་རྟེན་ན་གནས་པ། བྱང་ཆུབ་དུ་སེམས་བསྐྱེད་པ་མི་ནུས་པ་དེ་དག་ལ་ཡང་། དེ་ཉིད་མྱ་ངན་ལས་འདས་པའི་བར་གྱི་རྒྱུར་འགྱུར་རོ། །རྣམས་གྲངས་འདི་ན་ཡང་ཁྱེད་ཀྱི་ཅི་ལྟར་སངས་རྒྱས་ཞལ་ཟས་མི་གསོལ་ཞིང་། སངས་རྒྱས་ཆོས་ཀྱི་ཞལ་ཟས་ཅན་དུ་དེ་ལྟར་རིག་པར་བྱ་སྟེ། སངས་རྒྱས་ཀྱི་སྐུ་ནི་སྲིད་མེད་ཀྱི་བུ་ལྟར་འཁྲགས་པ། བསྲ་

(༩༥)བ་སྙིང་པོ་ཅན་མི་ཤིགས་པ་རྡོ་རྗེའི་རང་བཞིན་ནོ། །སངས་རྒྱས་ཀྱི་སྐུ་ལ་ནི་ཕོ་བ་དང་ལོང་ག་མེད་དོ། །སྣག་ཁྲག་ལ་སོགས་མི་གཙང་པ་འཛག་པ། གང་ཡང་མེད་དོ། །སངས་རྒྱས་ཀྱི་སྐུ་ནི་འཛམ་བུ་ཆུ་བོའི་གསེར་གྱི་གར་བུ་སྟེ། ཁོང་སྟོང་མ་ཡིན་བུ་ག་མེད་པ། ཁ་ན་མ་ཐོ་བ་མེད་པའོ། །འདི་ལྟར་ལྕགས་ཀྱི་རྡོ་རྗེ་དང་འདྲ་ཡང་། འཇམ་པ་པཎ་ཙ་ལི་ཀ་ལྟར་རེག་ན་བདེ་བར་འགྱུར་བས། སངས་རྒྱས་ཀྱི་སྐུའི་ཆེ་བ་ཉིད་ལ་ལྟོས། གང་གི་ཚེ་གཟི་བརྗེད་ཆེ་བ་གཟི་བརྗེད་ཆེ་བའི་ལྷའི་བུ་རྣམས་དང་། ལྷའི་བུ་མོ་རྣམས་སངས་རྒྱས་ཀྱི་ཞབས་ལ་ཕྱག་འཚལ་བ་ན་སྔོན་མ་རིག་པའི་རེག་པས་རེག་ནས། བླ་ན་མེད་པའི་བྱང་ཆུབ་དུ་སེམས་སྐྱེད་སྟེ། དེ་དག་ཉོན་མོངས་པ་སྐྱེ་བར་མི་འགྱུར་བའི་དུས་དེ་དང་ཚད་དེ་ཡོད་དོ། །སེམས་ཅན་འདོད་ཆག་ལ་སྤྱོད་པ་གང་དག་གིས། སངས་རྒྱས་ཀྱི་སྐུ་མཐོང་བ་དེ་དག་སངས་རྒྱས་ཀྱི་སྐུ་མཐོང་མ་ཐག་དུ་བདག་ཉིད་འདོད་ཆགས་དང་བྲལ་བར་ཤེས་སོ། །ཞེ་སྡང་ལ་སྤྱོད་པ་གང་དག་གིས་མཐོང་ནས། དེ་དག་བྱམས་པ་ཐོབ་པའོ། །གཏི་མུག་ལ་སྤྱོད་པ་གང་དག་གིས་མཐོང་ན། དེ་དག་ཡེ་ཤེས་ཀྱི་སྣང་བ་ཐོབ་པའོ། །ཆ་མཉམ་པ་ལ་སྤྱོད་པ་གང་དག་གིས་མཐོང་ན་དེ་དག་ཉོན་མོངས་པ་དང་བྲལ་བར་ཤེས་སོ། །སེར་སྣ་ཅན་གང་དག་གིས་མཐོང་ན་དེ་དག་སྟོང་པ་ལ་མོས་པར་འགྱུར་རོ། །ཚུལ་ཁྲིམས་འཆལ་པ་གང་དག་གིས་མཐོང་ན། དེ་དག་ཚུལ་ཁྲིམས་ལ་མོས་པར་འགྱུར་རོ། །གནོད་སེམས་ཅན་གང་དག་གིས་

(༩༦)མཐོང་ན་དེ་དག་བཟོད་པ་ཐོབ་པོ། །ལེ་ལོ་ཅན་གང་དག་གིས་མཐོང་ན་དེ་དག་བརྩོན་འགྲུས་ལ་མོས་པར་འགྱུར་རོ། །སེམས་གཡེང་བ་གང་དག་གིས་འཐོང་ན། དེ་དག་ཏིང་ངེ་འཛིན་ཐོབ་པའོ། །ཤེས་རབ་འཆལ་པ་ཅན་གང་དག་གིས་མཐོང་ན་དེ་དག་ཤེས་རབ་ལ་མོས་པར་འགྱུར་རོ། །མདོར་ན་སེམས་ཅན་དཀར་པོའི་ཆོས་གང་དང་གང་དག །དང་བྲལ་བ་དག་གིས། སངས་རྒྱས་ཀྱི་སྐུ་འཐོང་བ་དེ་དག་མཐོང་མ་ཐག་ཏུ་མི་དགེ་བའི་རྣམ་པར་རྟོག་པ་ཐམས་ཅད་རྒྱུན་ཆད་ནས། དགེ་བའི་སེམས་ལ་རབ་དུ་གནས་པར་འགྱུར་ཏེ། དེ་ལ་སངས་རྒྱས་རྣམ་པར་རྟོགས་པ་མི་མངའ་ཞིང་བཏང་སྙོམས་སུ་བལྟ། འདི་ཡང་སངས་རྒྱས་ཀྱི་སྐུའི་གསང་བའོ། །སངས་རྒྱས་སྤྲུལ་པ་གང་སྤྲུལ་བ་དེ་ལྷུན་གྱིས་འགྲུབ་ཅིང་སྒྲིབ་པ་མི་མངའ་བ་དང་། མངོན་པར་འདུ་མཛད་པ་མི་མངའ་བས་མཛད་པ་སྟེ། སངས་རྒྱས་ནི་འདི། སྙམ་དུ་ངས་སྤྲུལ་previous hit ་དག་སྤྲུལ་ལོ་སྤྲུལ་པར་བྱའོ། །སྙམ་དུ་མ་དགོངས next hit་མོད་ཀྱིས། འོན་ཀྱང་སྤྲུལ་པས་འདུལ་བའི་སེམས་ཅན་རྣམས་ལ། གྲངས་མེད་པའི་རྣམ་འཕྲུལ་སེམས་ཅན་གྱི་གྲངས་དང་མཉམ་པར་སྤྲུལ་ཞིང་འདུལ་བས་ཏེ། འདི་ཡང་སངས་རྒྱས་ཀྱི་སྐུ་གསང་བ་བསམ་གྱིས་མི་ཁྱབ་པའོ། །མདོར་བསྡུས་པ་སྟེ་བསྐལ་པ་གྲངས་མེད་པ་མཐའ་ཡས་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲངས་མེད་པར་གསུངས་ཀྱང་། སངས་རྒྱས་ཀྱི་སྐུ་གསང་བ་བསམ་གྱིས་མི་ཁྱབ་པའི་མཐའ་ཐུག་པར་མི་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཁམས་མཐའ་ཡས་པར་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་གྲངས་མེད་པ་ཡིས། སངས་རྒྱས་ཀྱི་སྐུ་གསང་བ་བསམ་གྱིས་མི་ཁྱབ་པ་

(༩༧)བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན་ཅིང་གསུངས་པ་ལས། ཁྱད་པར་དུ་མི་འབྱེད་ཀྱི་འཇིག་རྟེན་ཁམས། འཛམ་བུའི་གླིང་བྱ་རྒོད་དང་ཕུང་པོ་རྡོ་རྗེ་གདན་དུ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པའི་བར་སྐབས་ལགས་སོ། །གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཀྱང་། བྱང་ཆུབ་སེམས་དཔའི་ཚོགས་རྣམས་ཀྱི་གསུང་གསང་བ་བསམ་གྱི་མི་ཁྱབ་པའི་མཛོད་བསྟན་པ་ནི། གསུང་དང་གསུང་གི་ཕྲིན་ལས་མི་ཟད་པ་རྒྱན་གྱིས་འཁོར་ལོ། །སེམས་ཅན་རྣམས་ཀྱི་ངག་གི་བརྗོད་བྱ་མ་ཟད་ཚེ། སངས་རྒྱས་རྣམས་ཀྱི་གསུངས་དབྱངས་དམ་པའི་ཆོས་ཀྱི་ཕུང་པོ་ཡང་ཟད་པར་མི་འགྱུར་རོ། །དེའི་ཕྱིར་ན། སངས་རྒྱས་མངོན་པར་རྫོགས་པར་སངས་རྒྱས་པ་དང་། གང་གིས་ནུབ་མོ་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བ་དེའི་བར་དུ། སངས་རྒྱས་ཀྱིས་ནི་ཆོས་ཚིག་གཅིག་གམ་ཡིག་འབྲུ་གཅིག་ཀྱང་མ་གསུངས་སོ། །གསུང་པར་མི་འགྱུར་རོ། །དེའི་ཕྱིར་ན། སངས་རྒྱས་རྟག་དུ་མཉམ་པར་གནས་ཏེ། སངས་རྒྱས་ལ་དབུགས་དབྱུང་བ་དང་རྔུབ་པ་མི་མངའོ། །རྣམ་པར་མི་རྟོག་རྣམ་པར་མི་དཔྱོད་དོ། །རྣམ་པར་རྟོགས་པ་དང་། རྣམ་པར་སྤྱོད་པ་མེད་ན། ངག་མི་འབྱུང་སྟེ། དེའི་ཕྱིར་ན། སངས་རྒྱས་ཀྱིས་ནི་ཅི་ཡང་མི་གསུང་མི་བརྗོད་གསུངས་པར་མི་མཛད་ཀྱང་། སེམས་ཅན་རྣམས་འདི། སྙམ་དུ་སེམས་ཏེ། སངས་རྒྱས་ནི་ཆོས་གསུངས་བར། སྙམ་མོ། །སངས་རྒྱས་རྟག་དུ་མཉམ་པར་གནས་པ་ལས། ཡི་གེའི་རྣམ་པར་རྟོགས་པ་ཐམས་ཅད་དུ་རྣམ་པར་རིག་པར་མི་མཛད་ཀྱང་། །གདུལ་བྱ་

(༩༨)ཡི་གེ་ལྷུར་ལེན་ཆེན་པོར་ཞུགས་པ་ལས། གདུལ་བྱ་དམ་ཆོས་ཀྱི་བྱེ་བྲག་གིས་སངས་རྒྱས་ཀྱི་ཚེམས་དང་། ཞལ་གྱི་སྒོ་དང་། ལྗགས་ལ་སོགས་པ་ནས་སྒྲ་བྱུང་ཞིང་ཆོས་གསུངས་བར་གོ། །དེ་བཞིན་གཤེགས་འདི་མཉམ་དུ་སེམས་དེ་སངས་རྒྱས་ནི་བདག་ཅག་ལ་ཡི་གེའི་བྱེ་བྲག་རྣམས་ཆོས་ཀྱི་ཕུང་པོ་གྲངས་ཅན་དང་གྲངས་མེད་སྟོན་ཏེ་མཉམ་མོ། །སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་བདག་གི་ཤེས་སོ་མཉམ་མོ། སངས་རྒྱས་ནི་གཟུང་འཛིན་ཐམས་ཅད་ལས་གྲོལ་ནས་བར་སྙོམས་པའི་གསུང་ནི། ནམ་མཁའ་ལ་སོགས་འབྱུང་བ་རྣམས་པ་ལྔ་ཡིས་བསྡུས་པའི། ཕྱི་སྣོད་ནང་བཅུད་ཀྱི་སྒྲ་སྐད་ཐམས་ཅད་སངས་རྒྱས་ཀྱི་གསུང་དུ་བྱིན་གྱིས་བརླབས་པའི་ཕྱིར་ན། གང་ཟག་དབང་པོའི་བྱེ་བྲག་གིས། སྒྲ་སྐད་ཅིག་ཐོས་པ་ལས། ཐོས་པའི་ཚུལ་བྱེ་བྲག་ཐ་དད་དམ་མི་དད། དེའི་ཕྱིར་ན། ཐོས་ཚུལ་གོ་ཚུལ་ཐ་དད་པ་སྟེ། སེམས་ཅན་རྣམས་ཀྱིས་སྒྲ་སྐད་མ་ཟད་ཚེ། སངས་རྒྱས་རྣམས་ཀྱི་དམ་ཆོས་ཕུང་པོ་ཡང་ཟད་པར་མི་འགྱུར་རོ། །སངས་རྒྱས་ཀྱི་གསུང་ནི་མི་ཟད་པ་རྒྱན་གྱི་འཁོར་ལོ་ཏེ། གསུང་དབྱངས་དྲུག་བཅུ་རྩ་བཞི་གྲངས་ཅན་དང་གྲངས་མེད། དབང་པོ་རབ་འབྲིང་ཐ་མ་རྣམས་ཀྱི་གོ་ཚུལ་ཏེ། དེ་ཡང་གང་ཞེས་ན། སྙན་པའི་གསུང་འབྱུང་བ་དང་། འཇམ་པ་དང་། ཡིད་དུ་འོང་བ་དང་། ཡིད་དུ་འཐད་པ་དང་། དག་པ་དང་། དྲི་མ་མེད་པ་དང་། འོད་གསལ་བ་དང་། སྙན་ཞིང་མཛེས་པ་དང་། མཉན་དུ་འོས་པ་དང་། མི་ཚུགས་པ་དང་། གཉེན་པ་དང་། དུལ་བ་དང་། མི་འཇུག་པ་དང་། མི་བླང་བ་དང་། རབ་དུ་དུལ་པ་དང་། རྣམ་པར་སྙན་པ་དང་། ལུས་ཚིམ་པར་བྱེད་པ་དང་། སེམས་ཚིམ་པར་བྱེད་པ་དང་། སྙིང་དགའ་བར་བྱེད་པ་

(༩༩)དང་། དགའ་བ་བསྐྱེད་པར་བྱེད་པ་དང་། ཡོངས་སུ་གདུང་བ་མེད་པ་དང་། ཀུན་ཏུ་ཤེས་པར་བྱ་བ་དང་། རྣམ་པར་རིག་པར་བྱ་བ་དང་། རྣམ་པར་གསལ་བ་དང་། དགའ་བར་བྱེད་པ་དང་། མངོན་པར་དགའ་བར་བྱེད་པ་དང་། ཀུན་ཤེས་པར་བྱེད་པ་དང་། རྣམ་པར་རིག་པར་བྱེད་པ་དང་། རིག་པ་དང་འབྲེལ་བ་དང་། བཟླས་པའི་སྐྱོན་མེད་པ་དང་། སེང་གེའི་སྒྲའི་ཤུགས་ཅན་དང་། གླང་པོ་ཆེན་པོའི་སྒྲ་སྐད་དང་། འབྲུག་གི་སྒྲ་དབྱངས་དང་། ཀླུའི་དབང་པོའི་སྐད་དང་། དྲི་ཟའི་ཀླུ་དབྱངས་དང་། བྱ་ཀ་ལ་བི་ཀའི་སྒྲ་དབྱངས་དང་། ཚངས་པའི་དབྱངས་སྒྲགས་པ་དང་། ཤང་ཤང་ཏེའུ་ཡི་སྒྲ་དབྱངས་སུ་སྒྲགས་པ་དང་། ལྷའི་དབང་པོའི་དབྱངས་ལྟར། སྙན་པ་དང་། རྔའི་སྒྲ་དང་། མ་ཁེགས་པ་དང་མི་དམའ་བ་དང་། སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་དང་། ཚིག་ཟུར་ཆག་མེད་པ་དང་། མ་ཚངས་པ་མེད་པ་དང་། མ་ཞུམ་པ་དང་། མི་ཞན་པ་དང་། རབ་ཏུ་དགའ་བ་དང་། ཁྱབ་པ་དང་། ཆུབ་པ་དང་། རྒྱུན་ཆགས་པ་དང་། འབྲེལ་པ་དང་། སྒྲ་སྐད་རྫོགས་པར་བྱེད་པ་དང་། དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་དང་། མ་སྨད་པ་དང་། མི་འགྱུར་བ་དང་། མ་རྟགས་པ་དང་། འཁོར་དུ་ཀུན་ཏུ་གྲགས་པ་དང་། འདོད་ཆགས་ཞི་བར་བྱེད་པ་དང་། ཞེ་སྡང་དུལ་བ་དང་། གཏི་མུག་སེལ་བ་དང་། བདུད་ཚར་གཅོད་པ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་འབྱུང་སྟེ། སངས་རྒྱས་ཀྱི་གསུང་ཡན་ལག་དྲུག་བཅུ་རྩ་བཞི་པོ་དེ་དག་ལྡན་པ་འབྱུང་བར་འགྱུར་རོ། །སངས་རྒྱས་ཀྱི་གསུང་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་འགེངས་ཤིང་། སེམས་ཅན་

(༡༠༠)ཐམས་ཅད་ཀྱི་བསམ་པ་ཡང་དག་པར་ཚིམ་པར་མཛད་པས་ཀྱང་། སངས་རྒྱས་ནི་འདི། སྙམ་དུ་མདོ་སྡེ་འམ་ཚིགས་སུ་བཅད་པའི་སྡེའམ། ཆེད་དུ་བརྗོད་པའི་སྡེའམ། གླེང་གཞིའི་སྡེའམ། དེ་ལྟ་བུ་འབྱུང་བའི་སྡེའམ། སྐྱེས་པ་རབ་ཀྱི་སྡེའམ། ཤིན་ཏུ་རྒྱས་པའི་སྡེའམ། རྨད་དུ་བྱུང་པའི་ཆོས་ཀྱི་སྡེ་འམ། གཏན་ལ་འབེབས་པར་བསྟན་པའི་སྡེའམ། དཔེའི་སྔོན་གྱི་ཚུལ་ལམ། རྟོགས་པ་བརྗོད་པའི་སྡེ་འམ། ཀུན་དུ་བསྙད་པ་འདི་སྟོན་ཏོ་ཞེ་འམ། རབ་ཏུ་སལ་བར་བརྗོད་དོ་ཞེ་འམ། རབ་དུ་ཤེས་པར་མཛད་དོ་ཞེ་འམ། རབ་ཏུ་འཇོག་གོ་ཞེ་འམ། རྣམ་པར་འབྱེད་དོ་ཞེ་འམ། རྣམ་པར་གྲོལ་ཏེ་ཞེ་འམ་བརྗོད་དོ་ཞེ་འམ། ཡང་དག་པར་བསྒྲག་པར་མཛད་དོ། །སྙམ་དུ་མི་previous hit དགོངས་སོ། །དེ་ལྟ་མོད་ཀྱིས་སངས་རྒྱས་ཀྱི་འཁོར་འདུས་ next hit་ཅི་འདྲ་བ་བཞི་ལ་སོགས་པ་ཐམས་ཅད་དང་ལྡན་པའི་འཁོར་རྣམས་ཀྱང་འདི་ལྟ་སྟེ། དེར་དེ་དག་གི་དབང་པོའི་རིམ་པ་དང་། དེ་དག་ཅི་འདྲ་བ་ཆོས་ཀྱི་སྦྱིན་previous hit ་ཐོབ་པས། དགོངས next hit་པར་འགྱུར་བ་དེ་འདྲ་བའི་ཆོས་ཀྱི་སྦྱིན་པ་ཐོབ་པ་སྟེ། སངས་རྒྱས་ཀྱི་ཞལ་ནས་བྱུང་བར་ཤེས་ཀྱང་། ཆོས་བསྟན་པ་དེ་ནི་ཕན་ཚུན་གྱི་ངེས་པའི་ཚིག་ཐ་དད་པ་ལས། གནོད་པ་མེད་པར་ཐམས་ཅད་ཀྱང་རང་རང་གི་ཆོས་རྣམ་པར་རིག་པར་ཀུན་དུ་ཤེས་ཏེ། འདི་ནི་སངས་རྒྱས་ཀྱི་གསུང་གི་གསང་བའོ། །གཞན་ཡང་སངས་རྒྱས་ལ་སྤྱོད་པ་ཚད་མེད་པ་རྣམས་ཀྱི་སེམས་ཅན་ཚད་མེད་པ་དག་གིས་སྤྱོད་པ་ཚད་མེད་པ་གསུངས་ན། སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་། ཞེས་འབྱུང་བ་ནི་

(༡༠༡)སེམས་ཅན་དབང་པོ་མཐུ་ཆུང་པ་རྣམས་བཟུད་པའི་ཕྱིར། བསྟན་པ་འདི་སངས་རྒྱས་ཀྱིས་བསྟན་གྱི། །སེམས་ཅན་གྱི་སྤྱོད་པ་ནི་ཚད་མེད་དོ། །སེམས་ཅན་འདོད་ཆགས་ལ་སྤྱོད་པ་རྣམས་གང་ཡིན་པ་དེ་དག་བསྐལ་པ་ཙམ་དུ་བསྟན་ཀྱང་། དེ་དག་རེ་རེ་ཡང་དེ་བས་ལྷག་པར་འགྱུར་རོ། །སངས་རྒྱས་ཀྱི་སྐུ་ཚེའི་ཚད་བསྐལ་པ་བརྒྱ་སྟོང་དུ་བཞུགས་པས། སེམས་ཅན་རྣམས་ལ་ཆོས་བསྟན་པ་གཞན་གྱི་སྐབས་མི་དབྱེ་བར་སེམས་ཅན་གྱི་སྤྱོད་པ་ཉིད་བསྟན་ཀྱང་། སངས་རྒྱས་ཀྱི་སྐུ་ཚེ་འཐར་ཐུག་པར་གྱུར་གྱིས། སེམས་ཅན་གྱི་སྤྱོད་པ་ལས་མཐར་ཐུག་པ་གང་ཡང་མེད་དོ། །སེམས་ཅན་རྣམས་མགོ་རྨོངས་སུ་འོང་ངོ་། །ཞེས་སེམས་ཅན་གྱི་སྤྱོད་པ་དེ་ཙམ་དུ་ཚད་མེད་དོ། །དེ་ཡང་སངས་རྒྱས་ཀྱི་ཚད་དང་ལྡན་པར་བསྟན་ཏེ། དེ་ལ་སངས་རྒྱས་ཀྱི་གསུང་ནི། ཅི་ལྟར་སྤྱོད་པ་ཁོང་དུ་ཆུད་པར་འགྱུར་བ་བཞིན་དུ། སེམས་ཅན་གྱི་སྤྱོད་པ་རྣམས་ལ་འབྱུང་སྟེ། འདི་ཡང་སངས་རྒྱས་ཀྱི་གསུང་གི་གསང་བའོ། །སངས་རྒྱས་ཀྱི་གསུང་ཞལ་གྱི་སྒོ་ནས་བྱུང་། སྙམ་དུ་ཁྱོད་དེ་ལྟར་མི་བལྟའོ། །དེའི་ཕྱིར་སེམས་ཅན་གང་དག་སངས་རྒྱས་ཀྱི་གསུང་གཙུག་གཏོར་ནས་བྱུང་བ་དང་། སྤྱི་གཙུག་ནས་བྱུང་བ་དང་། དབུ་སྐྲ་རྣམས་ལས་བྱུང་བ་དང་། ཕྲག་པ༴ དཔྲལ་བ༴ སྨིན་མཚམས་མཛོད་སྤུ༴ སྤྱན༴ སྙན༴ ཤངས༴ འགྲམ་པ༴ ཞལ༴ མགུར་ནས་བྱུང་བར་ཤེས་པ་དང་། དེ་བཞིན་དུ་དཔུང་པ། ཕྱག༴ སོར་མོ༴ རྩིབ་ལོག་པ༴ བྲང་༴ རྒྱབ༴ ལྟེ་བ༴ གསང་གནས༴ རླ༴ དཔུས་མོ༴ བྱིན་པ༴ ལོང་བུ༴ ཞབས་འཐིལ་མཚན་དཔེ་བྱད༴ སྤུའི་

(༡༠༢)ཁུང་བུ་ཐམས་ཅད་ནས་གསུང་མི་ཟད་པ་བརྒྱན་གྱི་འཁོར་ལོ་འབྱུང་བར་ཤེས་པ་ནི་སངས་རྒྱས་ཀྱི་གསུང་གི་གསང་བའོ། །སེམས་ཅན་རྣམས་མོས་པ་ཇི་ལྟ་བ་དང་། ཡོངས་སུ་སྦྱིན་པ་ཇི་ལྟ་བ་དང་། བསམ་པ་ཇི་ལྟ་བ་དེ་བཞིན་དུ། སངས་རྒྱས་ཀྱི་གསུང་འབྱུང་བར་ཤེས་ཀྱང་། སངས་རྒྱས་ནི་རྣམ་པར་རྟོག་པ་མི་མངའ་སྟེ། སངས་རྒྱས་ནི་བཏང་སྙོམ་དུ་བཞུགས་ཀྱང་། སེམས་ཅན་རྣམས་ཀྱི་རང་རང་གི་སྐད་དུ་ཆོས་ཀྱི་ཕུང་པོ་སོ་སོར་གོ་བའོ། །སངས་རྒྱས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ཞིང་བཞུགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བསྟན་ནས། དབྱངས་ཀྱི་དཀྱིལ་འཁོར་ཡོངས་སུ་དག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་རྒྱ་ཆེར་རབ་དུ་བསྟན་པ་དེ་འཇུག་དུ་ཕྱིན་པའི་དུས་ཀྱི་ཚེ། མོའུ་འགལ་གྱི་བུ་འདི་སྙམ་དུ་སེམས་ཏེ། སངས་རྒྱས་ཀྱི་གསུང་གི་དཀྱིལ་འཁོར་ཇི་སྲིད་གཅིག་ཏུ་རིང་དུ་འགྲོ་བ་ཞིག །བདག་གིས་སངས་རྒྱས་ཀྱི་གསུང་གི་དཀྱིལ་འཁོར་དཔག་པར་བྱའོ། །སྙམ་མོ། །དེ་ནས་མོའུ་འགལ་གྱི་བུ་རང་གི་བསྟན་གྱི་སྟེང་ནས་མི་སྣང་བར་གྱུར་ནས། རི་རབ་གྱི་རྩེར་ཕྱིན་ནས་དེ་ནས་འདུག་ན་ཡང་སངས་རྒྱས་ཀྱི་གསུང་དེ་ཁོ་ནར་ཐོས་སོ། །རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱི་མི་འཇེད་འཇིག་རྟེན་གྱི་ཁམས་མི་འཇེད་ན། ནུབ་ཕྱོགས་ཀྱི་རི་རབ་ལས་ཀྱང་འདས་ཤིང་། གླིང་བཞི་ལས་ཀྱང་འདས། འཁོར་ཡུག་ལས་ཀྱང་འདས་ཏེ། འཇིག་རྟེན་གྱི་ཁམས་ཀྱི་འཁོར་ཡུག་གི་ཟོམ་ལ་འདུག་ན་ཡང་། སངས་རྒྱས་ཀྱི་གསུང་ལྷག་ཆད་མེད་ཅིང་མཉམ་པར་དེ་འདྲ་བ་ཁོ་ནར་ཐོས་སོ། །དེས་སངས་རྒྱས་ཀྱི་འདི་སྙམ་དུ་དགོངས་ཏེ། ཀྱེ་མ་མོའུ་འགལ་གྱི་བུ་འདི་ནི། ངའི་སྒྲ་དཔོག་པར་འདོད་ཀྱིས། ངས་འདི་དག་ལ་རྫུ་འཕྲུལ་གཅིག་གཏང་ངོ་། །སྙམ་ནས། སངས་རྒྱས་ཀྱིས་དེ་ལ་རྫུ་འཕྲུལ་གཅིག་གཏང་ནས། །དེ་སངས་རྒྱས་ཀྱི་

(༡༠༣)འཐུ་དང་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱི། སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་ཕྱོགས་ལོགས་སུ། སངས་རྒྱས་ཀྱི་ཞིང་གངྒའི་ཀླུང་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་འོད་ཟེར་གྱི་རྒྱལ་མཚན་ཞེས་བྱ་བ་དེ་ན། སངས་རྒྱས་འོད་ཟེར་གྱི་རྒྱལ་པོ་ཞེས་བྱ་བ་དེ་ལྟར་ན་བཞུགས་པ་ན། མོའུ་འགལ་གྱི་བུས་ཕྱིན་ཏེ། དེར་འདུག་ཀྱང་སངས་རྒྱས་ཀྱི་སྒྲ་སྐད་དེ་འདྲ་བ་ཁོ་ནར་ཐོས་ཏེ། འདི་ལྟ་སྟེ། དཔེར་ན་འདོམ་གང་ཙམ་གྱི་ཕྱོགས་ན། འདུག་པའི་མིས་གཅིག་ཤོས་ཀྱི་སྒྲ་ཐོས་པ་དེ་བཞིན་དུ། མོའུ་འགལ་གྱི་བུ་འཇིག་རྟེན་གྱི་ཁམས་དེར་གནས་ཀྱང་། སངས་རྒྱས་ཀྱི་གསུང་སྒྲ་ཐོས་སོ། །སངས་རྒྱས་འོད་ཟེར་གྱི་རྒྱལ་པོ་དེའི་སྐུ་འཁྲུ་ནི་དཔག་ཚད་ཙམ་མོ། །བྱང་ཆུབ་སེམས་དཔའ་དེ་དག་གི་ལུས་ཀྱི་ཚད་ཕྱེད་དེ། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་སྤྱད་པར་བྱ་བའི་ལྷུང་ཟེད་ཀྱི་རྟེན་མ་གདུ་གུ་དེ་ལ། མོའུ་འགལ་གྱི་བུ་འཆག་ཅིང་འདུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་རབ་ཏུ་དགའ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ། བཅོམ་ལྡན་འདས་དགེ་སྦྱོང་གི་ཁ་དོག་འདྲ་བའི་སྲོག་ཆགས་ལྷུང་ཟེད་ཀྱི་རྟོག་གདུ་གུ་ལ་འཆགས་ཅི་མཆིས་པ་འདི་གང་ལས་མ་འཆིས་པ་ཞིག །བཅོམ་ལྡན་འདས་ཀྱི་བཀའ་བརྩལ་པ། རིགས་ཀྱི་བུ་དག་འདི་ལ་བརྙས་པར་བྱ་བའི་སེམས་མ་སྐྱེ་ཞིག །དེའི་ཅིའི་ཕྱིར་ན། འདི་ནི་གནས་བརྟན་མོའུ་འགལ་གྱི་བུ་ཆེན་པོ་ཞེས་བྱ་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཉན་ཐོས་ཀྱི་མཆོག་གོ། །ཉན་ཐོས་རྣམས་ཀྱི་ནང་ནས་རྫུ་འཕྲུལ་དང་ལྡན་པའི་མཆོག་གོ། །དེ་ནས་སངས་རྒྱས་

(༡༠༤)འོད་ཟེར་གྱི་རྒྱལ་པོས། མོའུ་འགལ་གྱི་བུ་ལ་འདི་སྐད་ཅེས་བཀའ་བརྩལ་ཏེ། ཁྱེད་ལ་བྱང་ཆུབ་སེམས་དཔའ་འདི་དག་ཁྱད་དུ་གསོད་ཀྱིས་འདི་ལྟ་སྟེ། སངས་རྒྱས་ཤཱཀྱ་ཐུབ་པ་ཉིད་ཀྱི་བྱིན་གྱིས་བརླབས་ཀྱི་རང་གི་རྫུ་འཕྲུལ་གྱི་ཆོ་འཕྲུལ་སྟོན་ཅིག །དེ་ནས་མོའུ་འགལ་གྱི་བུས། སངས་རྒྱས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ། སྐོར་བ་བྱས་ནས་འདི་སྐད་ཅེས་གསོལ་ཏེ། བཅོམ་ལྡན་འདས་རིན་པོ་ཆེའི་གླིང་འདི་སྐྱིལ་མོ་དཀྲུང་ཅིག་གིས་ཁེབས་པར་བགྱིའོ། །བཀའ་བརྩལ་པ། མོའུ་འགལ་གྱི་བུ་ཁྱོད་ཀྱིས་དེའི་དུས་ལ་བབ་པར་ཤེས་ནས་གྱིས་ཤིག །དེ་ནས་མོའུ་འགལ་གྱི་བུས་སྟེང་གི་ནམ་མཁའ་ལ་ཤིང་རྟ་ལ་བདུན་ཙམ་གྱིས་ནམ་མཁའ་གོང་དུ་མངོན་པར་འཕགས་ཏེ། རིན་པོ་ཆེའི་གླིང་དེ་སྐྱིལ་མོ་དཀྲུང་ཅིག་གིས་ཁྱབ་པར་བྱས་སོ། །སྐྱིལ་མོ་དཀྲུང་དེ་ནས་ཀྱང་མུ་ཏིག་གི་རྒྱན་འཕྲེང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མངོན་པར་འཕྱང་ངོ་། །མུ་ཏིག་གི་རྒྱན་འཕྲེང་གི་འབྲས་བུ་ཐམས་ཅད་ལས་ཀྱང་འོད་ཟེར་བརྒྱ་སྟོང་འབྱུང་ངོ་། །འོད་ཟེར་དེ་དག་ཐམས་ཅད་ཀྱི་རྩེ་མོ་དག་ལས་པད་མ་རྣམས་འབྱུང་ངོ་། །པད་མ་ཐམས་ཅད་ཀྱི་སྙིང་པོ་ལས་ཀྱང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཅི་འདྲ་བ་དེ་བཞིན་གཤེགས་པའི་གཟུགས་བཞུགས་པར་སྣང་ངོ་། །སངས་རྒྱས་ཀྱི་སྐུ་གཟུགས་དེ་དག་ཐམས་ཅད་ལས་ཀྱང་། ཤཱཀྱ་ཐུབ་པའི་དབྱིངས་ཀྱི་དཀྱིལ་འཁོར་ཡོངས་སུ་དག་པའི་ཆོས་ཀྱི་རྣམས་གྲངས་ལ་བརྩམས་ཏེ། བསྔགས་པ་གསུང་ངོ་། །དེ་ནས་མོའུ་འགལ་གྱི་བུས་འདི་སྐད་ཞུས་སོ། །བཅོམ་ལྡན་འདས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདི་སྐྱིལ་མོ་དཀྲུང་ཅིག་གིས་

(༡༠༥)ཁྱབ་པར་བགྱིའོ། །དེ་བཞིན་དུ་སྟོང་དང་། སྟོང་པ་ཉིད་ཀྱི་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྐྱིལ་མོ་དཀྲུངས་ཅིག་གིས་ཁྱབ་པར་བགྱིའོ། །སངས་རྒྱས་ཀྱིས་གསུངས་པ། ཁྱོད་ཀྱིས་དེའི་དུས་ལ་བབ་པར་ཤེས་པར་གྱིས་ཤིག །དེ་ནས་མོའུ་འགལ་གྱི་བུས་རྫུ་འཕྲུལ་གྱི་ཆོ་འཕྲུལ་དེ་བསྡུས་ཏེ། །སངས་རྒྱས་ཀྱི་སྤྱན་སྔར་འདུག་གོ། །དེས་ནས་བྱང་ཆུབ་སེམས་དཔའ་དེ་དག་ཡི་རང་སྟེ། སངས་རྒྱས་ལ་འདི་སྐད་ཅེས་ཞུས་སོ། །མོའུ་འགལ་གྱི་བུ་ཅི་ཞིག་གི་སླད་དུ་འཇིག་རྟེན་གྱི་ཁམས་འདིར་མཆིས། །སངས་རྒྱས་ཀྱིས་གསུངས་པ་རིགས་ཀྱི་བུ་དག །སངས་རྒྱས་ཤཱཀྱ་ཐུབ་པའི་དབྱངས་ཀྱི་དཀྱིལ་འཁོར་འདོད་ནས་འདིར་འོངས་སོ། །དེ་ནས་སངས་རྒྱས་དེས་མོའུ་འགལ་གྱི་བུ་ལ་གསུངས་པ། །ཁྱོད་སངས་རྒྱས་གསུང་དབྱངས་ཚད་མེད་པའི་གསུང་གི་དཀྱིལ་འཁོར་ཤེས་པར་འདོད་པས་འཇིག་རྟེན་གྱི་ཁམས་འདིར་ཕྱིན་ཏེ། །ཁྱེད་ཀྱིས་ལན་གཉིས་སུ་དེ་ལྟ་བུའི་སེམས་སྐྱེད་ཅིག །གལ་ཏེ་མོའུ་འགལ་གྱི་བུ་ཁྱེད་ཤུགས་འདི་དང་། །རྫུ་འཕྲུལ་གྱི་སྟོབས་འདི་དང་ཉིད་ཀྱིས་ནུབ་ཕྱོགས་ལོགས་སུ་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པ་སོང་ཡང་། ཁྱོད་ཀྱིས་སངས་རྒྱས་གསུང་གི་དཀྱིལ་འཁོར་གྱི་མཐའ་རྟོགས་པར་མི་ནུས་ཏེ། སངས་རྒྱས་ནི་དེ་ལྟར་གསུང་ཚད་མེད་པ་དང་ལྡན་ནོ། །དེ་ནས་མོའུ་འགལ་གྱི་བུས། སངས་རྒྱས་དེའི་ཞབས་ལ་ཕྱག་འཚལ་སྟེ། གུས་པར་བྱས་ནས། སངས་རྒྱས་གསུང་དབྱངས་ཚད་མ་མཆིས་པའི་གསུང་གི་དཀྱིལ་འཁོར་རྟོགས་པར་འཚལ་བས། བདག་ནི་ནོངས་པ་ཅན་ཏེ་ནོངས་པ་འཆག་གོ། །བཅོམ་ལྡན་འདས་བདག་ཇི་སྲིད་

(༡༠༦)གཅིག་ནས་མཆིས། སངས་རྒྱས་དེས་གསུངས་པ། །འཇིག་རྟེན་གྱི་ཁམས་གངྒའི་ཀླུང་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་འདས་པ་ནས་འདིར་འོད་སོ། །མོའུ་འགལ་གྱི་བུས་སྨྲས་པ། བདག་རིང་མོ་ཞིག་ནས་མཆིས་པས་ལུས་དུབ་སྟེ། འཇིག་རྟེན་གྱི་ཁམས་མི་འཇེད་དེར་མཆིས་པའི་རྔོ་མི་ཐོག་གོ། །སངས་རྒྱས་དེས་གསུངས་པ། མོའུ་འགལ་གྱི་བུ་ཅི་སྙམ་དུ་སེམས། ཁྱོད་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་འདིར་ཕྱིན། སྙམ་ན་དེ་ལྟར་མི་ལྟའོ། །ཅིའི་ཕྱིར་ན། ཁྱོད་ནི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ཉིད་ཀྱིས་བྱིན་གྱིས་བརླབས་ཀྱིས་འཇིག་རྟེན་གྱི་ཁམས་འདིར་ཕྱིན་ཏེ། ཁྱོད་བཅོམ་ལྡན་འདས་དེ་ཉིད་ལ་ཕྱག་འཚོལ་གཅིག་དང་། དེ་ཉིད་ཀྱིས་ཁྱོད་སླར་འཁྲིད་པར་འགྱུར་རོ། །མོའུ་འགལ་གྱི་བུ་གལ་ཏེ་ཁྱོད་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས། །འཇིག་རྟེན་གྱི་ཁམས་དེར་འགྲོ་ན་ནི། བསྐལ་པ་ཇི་སྲིད་ཀྱིས་ཀྱང་ཕྱིན་པར་མི་ནུས་སོ། །འཇིག་རྟེན་གྱི་ཁམས་དེར་ལ་ཕྱིན་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །མོའུ་འགལ་གྱི་བུ་འོད་ལས་ཇི་སྙམ་དུ་སེམས། ཤར་རམ། ལྷོ་འམ། ནུབ་བམ། བྱང་ངམ་ཕྱོགས་གང་ཞིག་དུ་ཕྱིན། གསོལ་བ། བཅོམ་ལྡན་འདས་བདག་ཕྱོགས་སླད་དེ་གང་ནས་འདིར་མཆིས་པ་མ་འཚལ་ལོ། །སངས་རྒྱས་དེས་གསུངས་པ། མོའུ་འགལ་གྱི་བུ་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། གལ་ཏེ་ཁྱེད་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་འཇིག་རྟེན་གྱི་ཁམས་དེར་འགྲོ་ན་ནི། བསྐལ་པས་ཀྱང་ཕྱིན་པར་མི་ནུས་སོ། །གསོལ་བ། བཅོམ་ལྡན་འདས་ཕྱོགས་གང་ན་ཤཱཀྱ་ཐུབ་པ་དེ་བཞུགས། བཀའ་བརྩལ་པ། མོའུ་འགལ་གྱི་བུ་ཤཱཀྱ་ཐུབ་པ་དེ་ནི་ཤར་ཕྱོགས་

(༡༠༧)ལོགས་ན་བཞུགས་སོ། །དེའི་ཚེ་མོའུ་འགལ་གྱི་བུས་ཡན་ལག་ལྔ་པ་ལ་བཏུགས་ནས། ཤར་ཕྱོགས་ལོགས་སུ་ཕྱག་འཚལ་ཏེ། དེའི་ཚེ་ཚིགས་སུ་གཅད་པ་འདི་སྨྲས་སོ། །མཐུ་ཆེན་མངའ་བ་ལྷ་དང་མིས་མཆོད་པ། །ཡེ་ཤེས་མཐའ་ཡས་གསུང་ལྡན་པ། །རྐང་གཉིས་རྣམས་ཀྱི་དམ་previous hit དགོངས next hit་སུ་གསོལ། །སླར་ཡང་ཞིང་དེར་རབ་ཏུ་འཆི་བར་བགྱི། །དེ་ལྟར་སངས་རྒྱས་ཀྱི་མཐུས། སངས་རྒྱས་ཤཱཀྱ་ཐུབ་པ་བྱ་རྒོད་ཕུང་པོའི་རི་ལ་བཞུགས་པ་དེས། མོའུ་འགལ་གྱི་བུས་གསོལ་གཏབ་པ་དེ་ཐོས་སོ། །ཐོས་ནས་ཡང་ཚེ་དང་ལྡན་པ་ཀུན་དགའ་བོས་སངས་རྒྱས་ལ་འདི་ལྟར་གསོལ་པ་འདི་སུ་ཞིག་ལགས་སངས་རྒྱས་ཀྱིས་གསུངས་པ། །འདི་ནི་མོའུ་འགལ་གྱི་བུ་སྟེ། སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་ཕྱོགས་སུ། སངས་རྒྱས་ཀྱི་ཞིང་གངྒའི་ཀླུང་དགུ་བཅུ། རྩ་དགུ་བྱེ་མ་སྙེད་འདས་པར་སོང་སྟེ། འཇིག་རྟེན་གྱི་ཁམས་འོད་ཟེར་གྱི་རྒྱལ་མཚན་ཞེས་བྱ་བར། སངས་རྒྱས་འོད་ཟེར་གྱི་རྒྱལ་པོའི་ཞིང་ན་གནས་ཏེ། འཇིག་རྟེན་གྱི་ཁམས་འདིར་འོངས་པར་འདོད་ནས་གསོལ་འདེབས་པའི་སྒྲ་དེ་ལྟ་བུ་འབྱུང་ངོ་། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་མོའུ་འགལ་གྱི་བུ་ཆེན་པོ་ཅིའི་སླད་དུ་འཇིག་རྟེན་གྱི་ཁམས་དེར་མཆིས། གསུངས་པ་ཀུན་དགའ་བོ། །མོའུ་འགལ་གྱི་བུ་འདིར་སླར་འོངས་པ་དང་འདི་ཉིད་དུ་ཐོས་པར་འགྱུར་རོ། །དེ་ནས་འཁོར་རྣམས་ཀྱིས་ཐལ་མོ་སྦྱར་ཏེ། །སངས་རྒྱས་ལ་འདི་སྐད་ཅེས་ཞུས་སོ། །འཇིག་རྟེན་གྱི་ཁམས་འོད་ཟེར་རྒྱལ་མཚན་དེ། སངས་རྒྱས་འོད་ཟེར་གྱི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། མོའུ་འགལ་གྱི་བུ་ལྟ་བར་འཚལ་ལོ་

(༡༠༨)སངས་རྒྱས་དེས་འཁོར་གྱི་གསོལ་བ་བཏབ་པར་མཁྱེན་ནས། མཛོད་སྤུ་ནས་ཐམས་ཅད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བའི་འོད་ཟེར་བྱུང་སྟེ། འོད་ཟེར་དེས་སངས་རྒྱས་ཀྱི་ཞིང་གངྒའི་ཀླུང་དགུ་བཅུ་རྩ་དགུའི་བྱེད་མ་ཀྱི་སྙེད་དེ་དག་ལས་ཐར་ཏེ། འཇིག་རྟེན་གྱི་ཁམས་འོད་ཟེར་རྒྱལ་མཚན་དེ་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏེ། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས། འཇིག་རྟེན་གྱི་ཁམས་འོད་ཟེར་རྒྱལ་མཚན་དེ་དང་། སངས་རྒྱས་འོད་ཟེར་གྱི་རྒྱལ་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། མོའུ་འགལ་གྱི་བུས་ཡན་ལག་ལྔ་པ་ལ་གཏུགས་ཏེ་སངས་རྒྱས་ལ་གསོལ་བ་འདེབས་པ་མཐོང་ངོ་། །དེ་ནས་སངས་རྒྱས་ཀྱི་མོའུ་འགལ་གྱི་བུ་ལ་གསུངས་པ། མོའུ་འགལ་གྱི་བུ་དེ་ནི་འདིའི་རྗེས་སུ་འབྲེངས་ཏེ་ཤེག་ཤིབ། དེ་ནས་མོའུ་འགལ་གྱི་བུ་འོད་དེ་ལ་བརྟེན་ཏེ། སེམས་ཅན་གྱི་རྣམ་པར་རྟོག་པ་ཙམ་གྱིས་འཇིག་རྟེན་གྱི་ཁམས་མི་འཇེད་འདིར་སངས་རྒྱས་ཤཱཀྱ་ཐུབ་པའི་སྤྱན་སྔར་ཕྱིན་ནས། སངས་རྒྱས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་སྐོར་བ་བྱས་ཏེ། །ཡན་ལག་ལྔ་པ་ལ་གཏུགས་ནས་ཕྱག་འཚལ་ནས། ནོངས་པ་བཤགས་པ། བདག་སངས་རྒྱས་གསུང་དབྱངས་ཚད་མ་མཆིས་པའི་གསུང་དབྱངས་ཀྱི་དཀྱིལ་འཁོར་རྟོགས་པར་འཚལ་ནས། དེ་སྲིད་དུ་རིང་དུ་མཆིས་པས་བདག་ནོངས་པ་ཅན་ཏེ། ནོངས་པ་ཆག་གོ་བཤགས་སོ། །དེ་སྲིད་དུ་རིང་དུ་མཆིས་ཀྱང་སངས་རྒྱས་ཀྱི་གསུང་ནི་འདི་ན་ཅི་ཙམ་དེ་ན་ལགས་སོ། །སངས་རྒྱས་ཀྱི་གསུངས་པ་མོའུ་འགལ་གྱི་བུས་ཇི་སྐད་སྨྲས་པ་དེ་དེ་བཞིན་ནོ། །སངས་རྒྱས་ཀྱི་གསུང་ལ་ནི་ཚད་གང་ཡང་མེད་དེ། སངས་རྒྱས་ཀྱི་གསུང་ལ་ཚད་དམ་མཐའ་ཡོངས་སུ་ཚེལ་བར་སེམས་དཔའ་དེ་ནི། ཆོས་ཀྱི་དབྱིངས་

(༡༠༩)ཀྱི་ཚད་དམ་མཐའ་ཡོངས་སུ་ཚོལ་བར་སེམས་དཔའ་ཡིན་ནོ། །དེའི་ཕྱིར་ན། སངས་རྒྱས་གསུང་གསང་བ་བསམ་གྱིས་མི་ཁྱབ་པ་ལས་མཐའ་འམ་ཚད་མེད་པའོ། །གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཡིས། སངས་རྒྱས་རྣམས་ཀྱི་གསུང་གསང་བ་བསམ་གྱི་མི་ཁྱབ་པ། མི་ཟད་པ་རྒྱན་གྱིས་འཁོར་ལོ་བསྟན་པའི་བར་སྐབས་ཏེ་གཉིས་པའོ། །སངས་རྒྱས་ཀྱི་མཐུ་དང་བྱིན་གྱིས་བརླབས་ཀྱི། སངས་རྒྱས་ཀྱི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པ། བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ། ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་པ་ཚད་གཞལ་མེད་པར་བྱིན་གྱིས་བརླབ་ཤིང་བསྟན་པའོ། །དེའི་ཚེ་དེའི་དུས་ན། །གསང་བའི་བདག་པོས་གསུངས་པ། སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་གསང་བ་དང་། ཐུགས་ཀྱི་ཕྲིན་ལས་མཐའ་ཡས་པ་བརྟོགས་པ་གང་ཞེ་ན། དཔེར་ན་གཟུགས་མེད་པའི་ལྷའི་གནས་སུ། སེམས་ཅན་གང་དག་སྐྱེས་པ་དེ་དག་རྣམ་པར་ཤེས་པ་ཡང་དམིགས་པ་ཅིག་གིས། བསྐལ་པ་བརྒྱད་ཁྲི་བཞི་སྟོང་དུ་གནས་ཀྱང་། ཏིང་ངེ་འཛིན་གྱི་ཚེའི་མཐའ་མ་ཐུག་གི་བར་དུ། དེ་དག་གི་རྣམ་པར་ཤེས་པ་དེ་རྣམས་ཤེས་པ་གཞན་གྱིས་རྗེས་སུ་མི་འབྲེང་སྟེ། དེ་ནས་ཤི་འཕོས་ནས་ལས་ཅི་ལྟར་བསགས་པ་བཞིན་དུ་སྐྱེ་བ་ཡོངས་སུ་འཛིན་ཏེ། དེ་བཞིན་དུ་སངས་རྒྱས་ཀྱི་ཐུགས་ཀྱང་གང་ལ་ཡང་མི་གནས་པ་ཏེ། གང་གི་ནུབ་མོ་བྱང་ཆུབ་སེམས་དཔའམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། གང་གི་ནུབ་མོ་སངས་རྒྱས་ཕུང་པོ་ལྷག་མ་མེད་

(༡༡༠)པའི་བརྒྱད་ན་ལས་འདས་པའི་དབྱིངས་སུ། ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བའི་བར་དུ་སངས་རྒྱས་ཀྱི་ཐུགས་རྟོག་པ་མི་མངའ། ཐུགས་རྣམ་པར་དཔྱོད་པ་མི་མངའ། ཐུགས་འགྱུར་བ་མི་མངའ་ཐུགས་ཀྱི་ཚད་མི་མངའ་ཐུགས་འཁྲུལ་པ་མི་མངའ། ཐུགས་སེལ་བ་མི་མངའ། ཐུགས་གཡེངས་པ་མི་མངའ། ཐུགས་ཁེངས་པ་མི་མངའ། ཐུགས་དམའ་བ་མི་མངའ། ཐུགས་ཀུན་ཏུ་བསྲུང་བ་མི་མངའ་། ཐུགས་རྒྱུ་བ་མི་མངའ། ཐུགས་ཤིན་ཏུ་རངས་པ་མི་མངའ། ཐུགས་རྣམ་པར་འཁྲུལ་པ་མི་མངའ། ཐུགས་ལ་འཁོན་དུ་འཛིན་པ་མི་མངའ། ཐུགས་ལ་གཡོ་བ་མི་མངའ། ཐུགས་ངེས་པར་སེམས་དཔའ་མི་མངའ། ཐུགས་ལ་དགྱེས་པ་མི་མངའ། ཐུགས་ལ་གནོད་པ་མི་མངའ། ཐུགས་ལ་འཇུག་པ་མི་མངའ། ཐུགས་རབ་ཏུ་རྒྱུ་བ་མི་མངའ། ཐུགས་ལ་རྟོག་པ་མི་མངའ། ཐུགས་ལ་རྣམ་པར་རྟོག་པ་མི་མངའ། ཡོངས་སུ་རྟོག་མི་མངའ། ཐུགས་ལ་ཞི་གནས་མི་མངའ་། ཐུགས་ལ་ལྷག་མཐོང་མི་མངའ། ཐུགས་རྣམ་པར་རྟོག་པའི་རྗེས་སུ་འབྲང་བ་མི་མངའ། རང་གི་ཐུགས་ལ་གནས་པ་མི་མངའ། གཞན་གྱི་སེམས་ལ་ལྟ་བ་མི་མངའ། ཐུགས་མིག་ལ་ལམ་གནས་པ་མི་མངའ། རྣ་བ། སྣ། ལྕེ། ལུས། ཡིད་ལ་མི་གནས་པ་མི་མངའ། ཐུགས་གཟུགས་ལ་གནས་པ་མི་མངའ། སྒྲ། དྲི། རོ། རེག་པ་ལ་གནས་པ་མི་མངའ། ཐུགས་ཆོས་ལ་གནས་པ་མི་མངའ། ཐུགས་དམིགས་པ་ལ་གནས་པ་མི་མངའ། ཐུགས་ཡིད་ལ་གནས་པ་མི་མངའ། ཐུགས་

(༡༡༡)ནང་དང་། ཕྱི་རོལ་དུ་གནས་པ་མི་མངའ་འོ། །ཐུགས་དེ་ཆོས་རྣམས་ལ་མི་འཇུག་གོ། །ཐུགས་དེ་ཡེ་ཤེས་ལ་མི་འཇུག་གོ། །ཐུགས་དེ་འདས་པ་འམ་མ་འོངས་པ་དང་ད་ལྟར་བྱུང་པ་མི་རྟོགས་གོ། །སངས་རྒྱས་ནི་དེ་ལྟར་ཐུགས་ཡོངས་སུ་དག་པ་སྟེ། །ཐུགས་ཀྱི་ཆོས་གང་ཡང་ཡོངས་སུ་མ་སྒྲུབས་པ་ལ། །ཆོས་ཐམས་ཅད་ལ་ཡང་དེ་ཡེ་ཤེས་མ་ཆགས་མ་ཐོགས་པ་འཇུག་གོ། །སེམས་ཅན་གང་གི་སེམས་ཀྱང་ཡོངས་སུ་མ་དག་པར་མི་གཟིགས་ཏེ། དེ་གཟིགས་ཀྱང་གཟིགས་པ་མ་ཡིན་ཞིང་། རྣམ་པར་མི་རྟོག་གོ། །གཟིགས་ཀྱང་སྤྲོས་པར་མི་མཛད་དོ། །གཟིགས་པས་གཟིགས་པ་དང་། རྣམ་པར་གཟིགས་པ་མི་གཟིགས་སོ། །སངས་རྒྱས་ཀྱི་ཡེ་ཤེས་དེ་ནི་ཤའི་མིག་གིས་མཐོང་བ་དང་ལྡན་པ་མ་ཡིན། ལྷའི་མིག་གིས་མཐོང་བ་དང་ལྡན་པ་མ་ཡིན། ཤེས་རབ་ཀྱི་མིག་གིས་མཐོང་བ་དང་ལྡན་པ་མ་ཡིན། ཆོས་ཀྱི་མིག་གིས་མཐོང་བ་དང་། ལྡན་པ་མ་ཡིན། སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པ་དང་ལྡན་པ་མ་ཡིན་ལྷའི་རྣ་བས་ཐོས་པ་དང་ལྡན་པ་མ་ཡིན། གཞན་གྱི་སེམས་ལ་ལྡང་བ་དང་ལྡན་པ་མ་ཡིན། སྔོན་གྱི་གནས་རྗེས་སུ་དྲན་པ་མ་ཡིན། རྫུ་འཕྲུལ་རྣམ་པར་འཕྲུལ་པ་དང་ལྡན་པ་མ་ཡིན། ཟག་པ་ཟད་པ་ཤེས་པ་དང་ལྡན་པའང་མ་ཡིན་ལ། །དེ་ཆོས་ཐམས་ཅད་དང་ལྡན་པའང་མ་ཡིན་ཏེ། ཆོས་ཐམས་ཅད་ལ་ཆགས་པ་མེད་པར་ལྡན་པ་ཡིན་ནོ། །དེའི་དེ་བཞིན་གཤེགས་པའི་རྒྱུ་རྣམས་ནི་འགྲིབ་པ་མི་མངའ་ཞིང་། ལྷུན་གྱིས་གྲུབ་པ་ལ་མངོན་པར་འདུ་མཛད་པ་མི་མངའ་བར་གནས་སོ། །སེམས་ཅན་གྱི་སྤྱོད་པ་

(༡༡༢)རྣམས་ལ་ཡང་གཟིགས་སོ། །སེམས་ཅན་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡང་རབ་ཏུ་མཁྱེན་ཏེ། དེའི་སྟོབས་བཅུ་དང་མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མཁྱེན་པ་ཡང་སྙེལ་བ་མི་མངའ་སྟེ། སངས་རྒྱས་ཀྱི་ཆོས་དེ་དག་ནི་ལྷུན་གྱིས་གྲུབ་ཅིང་། སྒྲིབ་པ་མི་མངའ་ལ། མངོན་པར་འདུ་མཛད་པ་མི་མངའ་བར་འཇུག་གོ། །སངས་རྒྱས་ནི་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་བྲལ་ལ། ཏིང་ངེ་འཛིན་ནི་གནས་ཀྱང་མི་འདོར་རོ། །སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཀྱང་མཛད་ལ། དེའི་ཆོས་ཐམས་ཅད་ལ་ཆགས་པ་མི་མངའ་བའི་ཡེ་ཤེས་ཀྱང་གང་དུ་ཡང་མི་འཆགས་སོ། །དཔེར་ན་སངས་རྒྱས་ཀྱི་སྤྲུལ་པའི་སངས་རྒྱས་གཉིས་གང་ཡིན་པ་དེ་ལ་ནི་སེམས་ཀྱང་མི་མངའ། ཡིད་ཀྱང་མི་མངའ། རྣམ་པར་ཤེས་པ་ཡང་མི་མངའ། སྐུའི་འདུ་བྱེད་ཀྱང་མི་མངའ། གསུང་དང་ཐུགས་ཀྱི་འདུ་བྱེད་ཀྱང་མི་མངའ་མོད་ཀྱིས། སངས་རྒྱས་ཀྱི་མཐར་ཐུགས་ཉིད་ཀྱིས་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཀྱང་མཛད་དོ། །དེ་བཞིན་དུ་སངས་རྒྱས་ལ་ཡང་སྤྲུལ་པ་དང་མཚུངས་པས་མཉམ་མོ། །སྤྲུལ་པའི་ཆོས་ཉིད་ཀྱིས་རྣམ་པར་མི་རྟོག་གོ། །དེ་ལ་སྐུ་གསུང་ཐུགས་ཀྱི་རྩོལ་བ་ཡང་མི་སྣང་བ་ལ། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཀྱང་མཛད་དེ། དེ་ཡང་ལྷུན་གྱིས་གྲུབ་ཅིང་སྒྲིབ་པ་མི་མངའ་ལ། མངོན་པར་འདུལ་མཛད་པ་མི་མངའ་བས་མཛད་དོ། །དེའི་ཕྱིར་ན་སངས་རྒྱས་ཀྱི་སྤྲུལ་པའི་རང་བཞིན་གྱི་མཚན་ཉིད་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་ཏེ། སངས་རྒྱས་ནས་ཀྱང་སེམས་ཅན་ལ་ཐུགས་བརྩེ་བ་དེ་བཞིན་དུ་བསྟན་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ནི་འདུ་བྱས་དང་། འདུ་མ་བྱས་ལ་གནས་པ་

(༡༡༣)མ་ཡིན། ཕུང་པོ་དང་ཁམས་ལ་གནས་པ་མ་ཡིན། སྐྱེ་མཆེད་དང་ཕྱི་ནང་ལ་གནས་པ་མ་ཡིན། དགེ་བ་དང་མི་དགེ་བ་ལ་གནས་པ་མ་ཡིན། འཇིག་རྟེན་ན་གནས་པ་མ་ཡིན། འཇིག་རྟེན་ལས་འདས་པ་མ་ཡིན། སྣང་ཞིང་སྲིད་པའི་ཆོས་ཅན་དང་། ཆོས་ཉིད་སངས་རྒྱས་དང་སེམས་ཅན་ཐ་དད་པ་མེད་པའི་ཕྱིར་ན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། ཆོས་སྐུ་དྲི་མ་མེད་པ་ཉག་གཅིག །ཆོས་ཐམས་ཅད་ཀྱི་དེ་བཞིན་དང་། གཞན་མ་ཡིན་པའི་དེ་བཞིན་ཉིད་དང་། མ་ནོར་བའི་དེ་བཞིན་ཉིད་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ནི། སངས་རྒྱས་ཐམས་ཅད་ཀྱི་ཐུགས་བསམ་གྱིས་མི་ཁྱབ་པའོ། །དེའི་ཚེ་དེའི་དུས་ན། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་ཞིང་། གསང་བ་བསམ་གྱིས་མི་ཁྱབ་པ་མཛོད་ལྔའི་བརྒྱུད་དང་། གསང་སྔགས་དང་རིགས་སྔགས། གཟུངས་སྔགས་ལ་སོགས་པ་གྲངས་མེད་པ་གསུང་ཞིང་གཉེར་གཏད་དོ། །དེའི་ཚེ་དེའི་དུས་ན། ཤ་རིའི་བུ་ཡིས་ཤཱཀྱ་ཐུབ་པ་ལ་ཞུས་པ་གསང་པའི་བདག་པོ་འདི་སངས་རྒྱས་ཐམས་ཅད་ཀྱི་དྲུང་ན་གྲངས་མེད་པ་བཞུགས་པ་ཡིན་ནམ་ཞུས་པ་ལས། སངས་རྒྱས་ཀྱི་ཞལ་ནས་དྲི་བ་ནི་བསམ་གྱི་མི་ཁྱབ་ཀྱིས་ཞོག་གཅིག །ལྷ་དང་བཅས་པའི་འཇིག་རྟེན་ནས་བྱང་ཆུབ་ཀྱི་སྤྱོད་པ་འདི་ལ་མགོ་རྨོངས་པར་འགྱུར་རོ། །དེ་ལྟར་ཡིན་མོད་ཀྱང་། ཐེག་པ་ཆེན་པོའི་དགེ་བའི་གཤེས་གཉེན་གྱིས་ཟིན་ཞིང་། ཆོས་ཀྱི་ཕུང་པོ་རབ་འབྱམ་གྱི་སྒྲ་དོན་འགྲེལ་

(༡༡༤)ཚུལ་གོ་བ་རྣམས་ནི། གསང་བའི་བདག་པོའི་མཛད་སྤྱོད་འདི་ལ་བསྐྲག་པར་མི་འགྱུར་རོ། །དེའི་ཕྱིར་ན་ཤཱཀྱ་ཐུབ་པ་ཡིས་གཙོ་བོ་བྱས་པ། སངས་རྒྱས་སྟོང་རྩ་གཉིས་སངས་རྒྱས་རེ་རེས་ཀྱང་བྱེ་བ་ཕྲག་བརྒྱ་སྤྲུལ་པའི་མིས་དེ་རེ་རེའི་སྤྱན་ན་ཡང་ཕྱག་ན་རྡོ་རྗེ་རེ་རེ་མཆིས་སོ། །རྡུལ་གཅིག་གི་སྟེང་ན་རྡུལ་རྙེད་བཞུགས་པ་ཡིས། །སངས་རྒྱས་གྲངས་མེད་པའི་རྒྱབ་ན་ཡང་། །ཕྱག་ན་རྡོ་རྗེ་གྲངས་མེད་པ་རེ་བཞུགས་ཤིང་བར་ཆད་བསྲུང་། བསྟན་པ་བསྲུང་། མཛད་པ་བསྒྲུབ་པོ། །སངས་རྒྱས་གྲངས་ཅན་གྲངས་མེད་རྣམས་ཀྱི་འཁོར་བྱང་ཆུབ་སེམས་དཔའ་གྲངས་ཅན་གྲངས་མེད་དུ་ཕྱུར་གྱི་རྒྱབ་ན་ཡང་། ཕྱག་ན་རྡོ་རྗེ་གྲངས་མེད་དུང་ཕྱུར་བཞུགས་ཤིང་། ས་ལམ་གོང་ནས་གོང་དུ་རྫོགས་པར་མཛད་དོ། །ཕྱག་ན་རྡོ་རྗེ་ནི་ཐོག་མ་ནས་སངས་རྒྱས་པའི་སངས་རྒྱས་ཀྱང་ཡིན། རྒྱལ་བའི་སྲས་པོ་ས་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་ཡིན། གཞི་འགྲོ་བ་རིགས་དྲུག་གི་སེམས་ཅན་གྲངས་མཐའ་མེད་པ་ཕྱག་ན་རྡོ་རྗེའི་སྙིང་པོ་ཅན་ཡང་ཡིན། དེའི་ཕྱིར་ན། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་མཛོད་འཛིན་ཞིང་། སེམས་ཅན་རྣམས་ཀྱི་ཚོགས་གཉིས་ཟུང་འཇུག་ས་བཅུ་ལམ་ལྔ་འཛིན་ལ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི། ཉན་ཐོས་ཀྱི་གང་ཟག་གིས་བདག་མེད་རྟོགས་པ་དང་། རང་རྒྱལ་གྱིས་འཛིན་སེམས་གྲོལ་གསུང་། ཡུལ་གྱི་ཕྱེད་རྟོགས་པ་འཛིན་པ་སྟེ། །འགྲོ་བ་རིགས་དྲུག་གི་ལུས་ངག་ཡིད་གསུམ་ཁམས་གསུམ་འཛིན་པའི་ཕྱིར་ན། གསང་བའི་བདག་པོ་གསང་བ་གསུམ་འཛིན་པ་ཞེས་

(༡༡༥)མིང་འདོགས་སོ། །དེའི་ཚེ་དེའི་དུས་ན། གསང་བའི་བདག་པོ་ཡིས་རྒྱལ་བ་ཤཱཀྱ་ཐུབ་པ་ཆོས་ཀྱི་སྐུ་ནམ་མཁའ་ལྟ་བུ་ལས། ལོངས་སྤྱོད་རྫོགས་པའི་སྐུ་ཉི་མ་ལྟ་བུ་ཤར་ནས་སྤྲུལ་པའི་སྐུ་འོད་ཟེར་འོད་ཟེར་ལྟ་བུ་སྐུ་གསུམ་འདུ་འབྲལ་མེད་པ། ཐོག་མ་ནས་སངས་རྒྱས་པ་ཡིན་ན་ཡང་། གདུལ་བྱ་སེམས་ཅན་རྣམས་ཀྱི་དབང་པོའི་བྱེ་བྲག་དང་གཏུན་ནས་ཚོགས་བསགས་པ་དང་། སྡིགས་སྦྱང་བ་དང་། སེམས་སྐྱེད་པ་དང་། མི་ཆོས་ཀྱི་མཛད་པ། ལྷ་ཆོས་ཀྱི་མཛད་པ་རྫོགས་ཚུལ་བསྟན་པ་དང་། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང་། བདུད་འདུལ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། རྫུ་འཕྲུལ་དང་ཆོ་འཕྲུལ་སྣ་ཚོགས་ཀྱི་བཀོད་པ་བསྟོན་པ་ལ་སོགས་པ་སྟེ། གཟུགས་སྐུ་འབྱུང་ཚུལ་གྱི་བྱེ་བྲག་རྣམས་བྱང་ཆུབ་སེམས་དཔའ་ཚོགས་དང་། ཐམས་ཅད་དང་ལྡན་པའི་འཁོར་རྣམས་ལ་འདི་ལྟ་བུ་བསྟན་ཏོ། །མུ་སྟེགས་ཅན་ལ་སོགས་པ་མ་རྟོགས་ལོག་རྟོག་གི་གདུལ་བྱ་རབ་འབྲིང་ཐ་མ་ཡིས། དབང་པོའི་བྱེ་བྲག་གིས་སངས་རྒྱས་རང་བཞིན་ངོ་བོ་གཉིས་ལ། སྣ་ཚོགས་མཐོང་ཚུལ་ཐ་དད་པ་ནི་འདི་ལྟར་སྟེ། ཤཱཀྱ་ཐུབ་པ་མངོན་སུམ་ཚད་མར་འཇིག་རྟེན་དུ་བྱོན། མ་བྱོན་སུས་ཤེས་པ་ལས་གདུལ་བྱ་རྣམས་ཀྱི་མཐོང་ཚུལ་གྱི་བྱེ་བྲག་འདི་ལྟར་དུ་མཐོང་བའོ། །དེ་ལ་ཁ་གཅིག་གིས་ནི་བྱང་ཆུབ་སེམས་དཔའ་རྐང་པ་ཡ་གཅིག་གཙུགས་ཏེ་འདུག་པར་མཐོང་ངོ་། །ཁ་ཅིག་གིས་ནི་ལག་པ་བཏེག་པ་དང་། ཉི་མ་བལྟ་བ་དང་། གདུང་བ་ལྔས་གདུང་བར་མཐོང་ངོ་། །ཁ་ཅིག་གིས་ནི་ཙོག་ཙོག་པོར་འདུག་ཅིང་སྤོང་བ་ལ་སྦྱོར་བ་བརྩོན་པ་དང་། རྐང་པ་གཙུགས་ཤིང་

(༡༡༦)མི་འགུལ་བ་དང་། རྐང་པ་གྱེན་དུ་སྒྲེང་སྟེ་འདུག་པ་དང་། ཁ་བུག་དུ་འདུག་པ་དང་། ཚེར་མའི་བསྟན་ལ་ཉལ་བ་དང་། བ་ལྕི་བའི་ནང་ན་ཉལ་བ་དང་། རྡོ་ལེབ་ལ་སྐྱིལ་དཀྲུངས་བཅའ་བ་དང་། རྩིགས་པ་ལ། གཉེས་པ་དང་། ཤིང་ལེབ་ལ་གཉེས་པ་དང་། གཏུན་ཤིང་ལ་གཉེས་པ་དང་། ཕྱག་དར་ཁྲོད་ན་ཉལ་བ་དང་། ཉི་མ་ཡོངས་སུ་སྒྱུར་བ་དང་། ཤིང་ལེབ་གྱོན་པ་དང་། རྩྭ་མུན་ཙའི་གོས་གྱོན་པ་དང་། ཀུ་ཤའི་གོས་གྱོན་པ་དང་། རི་དགས་ཀྱི་ལྤགས་པ་གྱོན་པ་དང་། རྩྭ་རྩི་ར་གྱོན་པ་དང་། སྒྲེན་མོར་འདུག་པ་དང་། རྩྭ་དར་བྷའི་གོས་གྱོན་པ་དང་། ཤིང་ཤུན་གྱི་གོས་གྱོན་པ་དང་། སྲེད་ཟ་བ་དང་། ནས་ཟ་བ་དང་། རྩྭ་ཟ་བ་དང་། ལོ་མ་ཟ་བ་དང་། མེ་ཏོག་དང་འབྲས་བུ་ཟ་བ་དང་། སྡོང་བུ་དང་གཟེག་མ་ཟ་བ་དང་། པད་མའི་རྩ་བ་ཟ་བ་དང་། ཞག་དྲུག་སྨྱུང་བ་དང་། ཤ་མི་ཟ་བ་དང་། རྒྱ་ཤུག་དང་ནས་ཤན་ཏེ་མ་ཟ་བ་དང་། ཙེ་ཙེ་དང་མོན་སྲན་ཟ་བ་དང་། མོན་སྲན་གྲོ་དང་བྲ་ཟན་ཟ་བ་དང་། ཏིལ་དང་འབྲས་སྐམ་ཟ་བ་དང་། ཆུ་འཐུངས་པ་ཙམ་གྱིས་འཚོ་བ་དང་། མར་གྱི་ཐིགས་པ་ཙམ་གྱིས་འཚོ་བ་དང་། སྦྲང་རྩི་དང་འོ་མའི་ཐིགས་པས་འཚོ་བ་དང་། ཟས་མི་ཟ་བ་དང་། གཉིད་དང་བྲལ་བར་མཐོང་ངོ་། །འདུག་པ་འབའ་ཞིག་དང་། འགྲོ་བ་འབའ་ཞིག་འཐོང་ངོ་། །དེ་ལྟར་བྱང་ཆུབ་སེམས་དཔའ་སྤྱོད་ལམ་དེ་དང་། དཀའ་བ་སྤྱོད་པ་ཚད་མེད་པ་གཞན་དག་ཀྱང་སྟོན་ཏེ། ལོ་དྲུག་ཚང་བར་སྤྱོད་ལམ་ཅིག་ཀྱང་མ་ཁྲུགས་པར་ཐམས་ཅད་རྫོགས་

(༡༡༧)པར་བསྟན་པར་འགྱུར་རོ། །བརྟུལ་ཞུགས་ཤིན་དུ་ཁྱད་པར་དུ་འཕགས་པ་དང་། བརྩོན་འགྲུས་ཤིན་ཏུ་སྦྱངས་པ་དང་། དཀའ་ཐུབ་ཤིན་ཏུ་བརྟན་པའི་ལོ་དྲུག་དུ་བརྟུལ་ཞུགས་དང་། དཀའ་ཐུབ་ཐམས་ཅད་སྟོན་ཀྱང་སེམས་ཅན་གཞན་དང་། གཞན་དག་གིས་བརྟུལ་ཞུགས་དང་། དཀའ་ཐུབ་གཞན་དང་གཞན་དུ་མི་མཐོང་སྟེ། གཞན་དག་དུ་ན་ཅི་འདྲ་བའི་བརྟུལ་ཞུགས་དང་། དཀའ་ཐུབ་ཅི་འདྲ་བའི་དབང་གིས་སེམས་ཅན་དེ་དག་འདུལ་བར་འགྱུར་བ་དེ་འདྲ་བར་བརྟུལ་ཤུགས་དང་། དཀའ་ཐུབ་མཐོང་བ་ནི་མ་གཏོགས་སོ། །བྱང་ཆུབ་སེམས་དཔའ་ནི་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པའི་བཏང་སྙོམས་ཅན་ཡང་ཡིན་ལ། བྱ་བ་དེ་དག་ཀུན་ཏུ་བརྟེན་ཏེ། དཀའ་བ་སྤྱད་པ་འདིས་ལྷ་དང་མི་བྱེ་བ་ཕྲག་སྟོང་དྲུག་བཅུ་རྩ་བཞི་ཏེ་ཐེགས་པ་གསུམ་པོ་དེ་དག་ལ་ཡང་། ཡོངས་སུ་སྨིན་པར་བྱས་སོ། །ལྷ་དང་མི་གང་དག་རྒྱ་ཆེན་པོ་ལ་མོས་པ། ཡོངས་སུ་སྦྱང་པ་བྱས་པ་དེ་དག་གིས་ནི། བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་ཁང་པ་བརྩེགས་པ་ནས་འདུག་ཅིང་མཁའ་ཁྱབ་ཀྱི་སེམས་ཅན་གདན་ལ་བསམ་གཏན་བྱེད་པ་དང་། མི་གཡོ་བ་དང་། བདེ་བ་མྱོང་བ་དང་། ལོ་དྲུག་ལོན་ནས་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་ལས་ལངས་པར་མཐོང་ངོ་། །དེ་ལ་ལྷ་དང་མི་ཆོས་ཅན་ཆོས་འདོད་པས་ཆོས་བསྟན་པས་ཡོངས་སུ་སྨིན་པར་བྱ་བ་གང་ཡིན་པ་དེ་དག་གིས་ནི། །བྱང་ཆུབ་སེམས་དཔའ་ལས་གཞན་མི་བྱེད་པར་རྒྱུན་མི་འཆད་པར། ཆོས་སྟོན་པར་མཐོང་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་ལ་སྦྱོར་བ་ཡེ་ཤེས་ཆེན་པོ་ཡང་

(༡༡༨)དག་པར་འབྱུང་བ་ཞེས་བྱའོ། །ཆོས་ཀྱི་ཚུལ་ལ་འཇུག་པ་བསམ་གྱིས་མི་ཁྱབ་པ་འབྱུང་བ་ཞེས་བྱའོ། །བྱ་དཀའ་བའི་ཡེ་ཤེས་ལ་འཇུག་པ། །བདུད་ཕས་ཀྱི་རྒོལ་བ་ཐམས་ཅད་འདུལ་བ་ཞེས་བྱའོ། །དེ་ལྟར་ལོ་དྲུག་ཚང་ནས། བྱང་ཆུབ་སེམས་དཔའ་ཇི་སྙེད་མོས་པའི་བརྟུལ་ཞུགས་དང་དཀའ་ཐུབ་དེ་ལས་ལངས་ཏེ། ཆུ་ཀླུང་ནཻ་རཉྫ་ནའི་འགྲམ་དུ་སོང་ནས། འཇིག་རྟེན་དང་འཐུན་པར་ཁྲུས་བྱས་ཏེ། ལུས་གཙང་མར་བྱས་ནས། ཆུ་ཀླུང་ནཻ་རཉྫ་ནར་བྱུང་སྟེ་འདུ་བར་གྱུར་ཏོ། །གཞན་ལྷ་ཀླུ་སྣོད་སྦྱིན་དྲི་ཟ་ལྷ་མ་ཡིན། ནམ་མཁའ་ལྡིང་མི་འམ་ཅི་ལྟོ་ཕྱེ་ཆེན་པོ་བྱེ་བ་ཁྲག་དྲུག་བཅུ་ཡང་རང་རང་གི་ཟས་ཐོགས་ཏེ་འཁོད་ནས། སོ་སོ་ནས་ཚིག་འདི་སྐད་དུ། ཀྱེ་སྐྱེས་བུ་དམ་པ་བདག་གི་བཤེས་གསོལ་ཅིག་ཅེས་ཟེར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་གྲོང་མའི་བུ་མོ་ལེགས་སྐྱེས་མ་ལ་སོགས་པ། ལྷ་ཀླུ་གནོད་སྦྱིན་བྱེ་བ་ཕྲག་དྲུག་བཅུ་པོ་དེ་དག་ཐམས་ཅད་བླངས་ནས་ཐམས་ཅད་ཟས་ཀྱང་ཕན་ཚུན་མ་མཐོང་ངོ་། །ལྷའི་བུ་རེ་རེས་ཀྱང་བྱང་ཆུབ་སེམས་དཔའ་བདག་གི་བཤོས་གསོལ་ཏེ། བྱང་ཆུབ་སེམས་དཔའ་བདག་གི་བཤོས་གསོལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པར་འཚང་རྒྱ་བ་ཤེས་སོ། །དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་ཡོངས་སུ་སྨིན་པར་བྱས་པར་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་ཟས་ལེན་པར་སྦྱོར་བར་དཀའ་བ་སྤྱོད་པ་ཡང་དག་འཕགས་ཞེས་བྱ་བའོ། །དེ་ནས་རྒྱལ་བུ་དོན་གྲུབ་ལུས་དཀྲུས་ཏེ། སྟོབས་དང་ལྡན་པར་གྱུར་ནས། ཟས་ཟོས་

(༡༡༩)ཏེ་བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དེར་སོང་ངོ་། །དེར་སོང་བ་དང་རྒྱན་པ་བྱ། ལེགས་སོ་ཞེས་ཏེ་ས་ལ་སྤྱོད་རྣམས་དགའ་སྟོང་གསུམ་ཐམས་ཅད་ཡོངས་སུ་ཕྱག་དར་བྱས། མེ་ཏོག་སིལ་མ་བཀྲམ་ཞིང་སྤོས་མཆོག་གདུག །སྤོས་ཆུ་དག་གིས་ས་གཞི་ཆག་ཆག་བཏབ། ས་ལ་སྤྱོད་པའི་ལྷའི་བུ་ས་བཟངས་ཤེས་བྱ་བས་ས་ལ་སྤྱོད་པའི་ལྷའི་བུ་རྣམས་ལ་བོས་ཏེ་སྨྲས་པ། ས་འཛིན་གང་ཞིག་མི་གཡོ་མ་སྐྱོད་པ། སྲེད་པ་བསལ་ཞིང་ཁོང་ཁྲོ་རབ་དུང་པ། བྱང་ཆུབ་དེ་ནི་ཤིན་ཏུ་བྱིན། ས་གཞི་དག་ནི་ལེགས་པར། ལག་ན་ཞོང་ཐོགས་ལག་ན་འཕྲེང་པ་ཐོགས། །གཞལ་མེད་ཁང་ནས་དེ་བཞིན་བར་སྣང་ལ། །དེ་དག་བྱང་ཆུབ་སེམས་དཔའ་མཐོང་ནས་དགའ། །དེ་ཚེ་མེ་ཏོག་སྣ་ཚོགས་ཆར་དུ་བབས། །གླིང་བཞི་པ་དག་ནང་ནས་སྐྱོང་བ་དང་། །ཅི་སྙེད་དེ་དག་ཐམས་ཅད་འཁོར་དང་བཅས། །རྣམ་པར་འདྲེན་ལ་མཆོད་པར་བྱ་བའི་ཕྱིར། །གསེར་གྱི་དྭྲ་བས་སྟོང་ཁམས་ཐམས་ཅད་བཀབ། །སྟོང་གསུམ་འཇིག་རྟེན་རྫུ་འཕྲུལ་ཆེ། །དེ་དག་བྱང་ཆུབ་སེམས་དཔའ་མཆོད་པའི་ཕྱིར། །སུམ་བཅུ་རྩ་གསུམ་རྣམ་རྒྱལ་ཁར་འཛེས་པ། །དེ་ལྟར་སྟོང་གསུམ་ཐམས་ཅད་མཛེས་པར་བརྒྱན་འཐབ་བྲལ་ལྷ་རྣམས་ཐམས་ཅད་རབ་དགའ་སྟེ། སྐྱེས་བུ་མཆོག་ལ་ཡང་དག་མཆོད་པའི་ཕྱིར། །མི་འཇེད་འཇིག་རྟེན་ཁམས་ཀྱི་སྟོང་གསུམ་ཀུན། ནམ་མཁའ་བཻཌཱུརྱ་མི་དྭྲ་བས་བཀབ། །དགའ་ལྡན་རབ་དགའ་དགའ་ལྡན་ལྷ་རྣམས་ཀྱང་། །དེ་དག་མུ་ཏིག་དྲ་བས་རྒྱན་པ་བྱས། །རྒྱན་འཕྲེང་དེ་བཞིན་ཟླ་ཁམས་རྣམས་ཀྱང་ཐོགས། །མུ་ཏིག་སིལ་མའི་ཆར་ཡང་རབ་ཏུ་ཕབ། །ལྷའི་རྒྱལ་པོ་རབ་ཏུ་

(༡༢༠)འཕྲུལ་གྱི་བར། །རབ་ཏུ་དགའ་ནས་འཛམ་བུ་ཆུ་གསེར་གྱིས། དྲིལ་བུའི་དྭྲ་བ་གསེར་གྱི་དྲ་བཅས་དང་། །སྒྲ་སྐད་བཅས་པས་སྟོང་གསུམ་ཐམས་ཅད་ཁྱབ། །ཐམས་ཅད་དོན་ལ་མི་འཇིགས་མཆོད་པའི་ཕྱིར། །དབང་སྒྱུར་དག་གིས་ལྷའི་རིན་པོ་ཆེ། །རྣམ་པར་དག་ཅིང་གཟི་བརྗིད་མཐའ་ཡས་པར། །འོད་གསལ་དྲི་མེད་དྲ་བ་གཅིག་ཀྱང་སྤྲུལ། །ཀླུ་དང་དྲི་ཟ་ལྟོ་འཕྱེ་ཆེན་པོ་དང་། །ལྷ་མིན་མཁའ་ལྡིང་མི་འམ་ཅི་ཀུན་གྱིས། །རང་རང་གནས་དང་བཀོད་པ་རྣམས་ཀྱིས་ནི། །འདོད་ཁམས་ལེགས་པར་རྒྱན་ནས་མཛེས་པར་བྱས། །དེ་ནས་སྟོང་གསུམ་བདག་པོ་ཚངས་པ་ཡིས། །ཤཱཀྱ་ཐུབ་པ་བྱང་ཆུབ་ཀྱི་སྙིང་པོར་གཤེགས་ཤེས་ནས། ཚངས་རིགས་ཀྱི་ལྷ་རྣམས་ལ་སྨྲས་པ། སངས་རྒྱས་བྱང་ཆུབ་ཀྱི་སྙིང་པོར་བཞུད་ཀྱིས། ཁྱེད་རྣམས་ཐམས་ཅད་ཆོས་ཞུ་བ་དང་སྙེན་བཀུར་བྱེད་པར་སོང་ཤིག་ཅེས་བསྒོའོ། །དེ་ལྟར་དུ་འདོད་པའི་ཁམས་སུ་མཆོད་པ་རྒྱ་ཆེན་ཅི་ལྟར་བཤམས་པ་བཞིན་དུ། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དང་། ཁམས་གསུམ་ཐམས་ཅད་ཕུན་སུམ་ཚོགས་པའི་མཆོད་པ་རྒྱ་ཆེན་པོ་ལྷུན་གྱིས་གྲུབ་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ན། ལྷ་ཀླུ་གནོད་སྦྱིན་མི་ལ་སོགས་པ་རྣམས་ཀྱིས་ཀྱང་། མཆོད་པ་རྒྱ་ཆེན་པོ་མཛད་ཅིང་སངས་རྒྱས་ཀྱི་ཞབས་ལ་ཕྱག་གྲངས་མེད་པར་འཚལ་ནས། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཀྱིས། འགྲོ་བ་རིགས་དྲུག་གི་གྲོང་ཁྱེར་ཐམས་ཅད་དུ། སངས་རྒྱས་ཆོས་དང་དགེ་འདུན་གྱི་སྒྲ་ཕྱོགས་མེད་དུ་གྲགས་ཤིང་། འགྲོ་བ་ཐམས་ཅད་ཆོས་ཀྱིས་འདུལ་བར་གྱུར་ཏོ། དེའི་ཚེ་དེའི་དུས་

(༡༢༡)དེའི་ཚེ་དེའི་དུས་ན། སངས་རྒྱས་ཀླུ་ནག་པོའི་གནས་བྱོན་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་པའི་ཚེ། ལམ་གྱི་གཡས་རོལ་ནས་རྩ་འཚོང་བཀྲ་ཤིས་པ་ཞེས་བྱ་བ་རྩ་བརྔ་ཞིང་འདུག་པ་དེས། སངས་རྒྱས་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་མཐོང་ནས་ལྷ་རྣམས་ཀྱིས་བསྐུལ་ཏེ། རྩ་འཇམ་ཞིང་ཉམས་དགའ་བ་གཞོན་ཞིང་རྨ་བྱའི་མགྲིན་པ་ལྟར་འཁྱིལ་བ་སྤར་གང་སངས་རྒྱས་ལ་ཕུལ་ཏེ། བྱང་ཆུབ་དུ་སེམས་བསྐྱེད་དོ། །དེའི་ཕྱིར་ན་རྩ་འཚོང་བཀྲ་ཤིས་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱི་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཁྲི་བཤམས་སོ། །ཕྱག་ན་རྡོ་རྗེ་ང་ཡིས་དྲན་ཏེ། བསྐལ་པ་བཟང་པོ་འདིའི་སྔོན་རོལ་ནས་བསྐལ་པ་དགུ་བཅུ་རྩ་གཅིག་འདས་པ་ན། སངས་རྒྱས་རྣམ་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་གསུང་རབ་ལ། དགེ་སློང་དགེ་འདུན་དཔག་ཏུ་མེད་པ་རྣམས་ལུང་བསྟན་ཏེ། ཁྱེད་ཅག་བསྐལ་པ་བཟང་པོ་ལ་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེའི་ཚེ་དེའི་དུས་ན། ཁྱིམ་བདག་བློ་གྲོས་ལྡན་པ་ཞེས་བྱ་བ་གཅིག་འཁོར་དེར་འདུག་པས་ཀྱང་སེམས་སྐྱེད་དེ། དགེ་སློང་སྟོང་པོ་འདི་སངས་རྒྱས་ཤིང་བྱང་ཆུབ་

(༡༢༢)ཀྱི་སྙིང་པོར་འགྲོ་བའི་དུས་སུ་སེང་གེའི་ཁྲི་བྱི་དོར་བྱའོ། །ཞེས་སྨོན་ལམ་གཏབ་པོ། ཁྱིམ་བདག་བློ་གྲོས་ལྡན་པ་ཞེས་བྱ་བ་ནི་ད་ལྟར་རྩྭ་འཚོང་བཀྲ་ཤིས་འདི་ཡིན་ནོ། །སྔོན་གྱི་སྨོན་ལམ་ཅི་ལྟ་བ་བཞིན་ཏུ་སངས་རྒྱས་སྟོང་གིས་ཁྲི་བྱི་དོར་བྱེད་ཅིང་རྩ་མཆོག་གི་གདན་འདིངས་སོ། །བྱང་ཆུབ་ཀྱི་ཤིང་དྲུང་དུ་ཤཱཀྱ་ཐུབ་པ་བྱོན་པ་དང་། །ལྷའི་བུ་དང་བུ་མོ་རྣམས་མེ་ཏོག་སྣ་ཚོགས་གཏོར་ཞིང་། མཆོད་པ་དང་བསྟོད་པ་བྱེད་དོ། དེའི་ཚེ་དེའི་དུས་ན། སངས་རྒྱས་རྩྭ་སྤར་གང་ཁྱེར་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་རྩ་བཏིང་ནས། བྱང་ཆུབ་ཤིང་ལ་ཕྱག་འཚལ་ཏེ་ལན་བདུན་སྐོར་བ་བྱས་སོ། །རྩྭ་བཏིང་མ་ཐག་དུ་ལྷའི་བུ་བརྒྱ་ཁྲི་བཞི་སྟོང་གིས་སེང་གེའི་ཁྲི་བརྒྱད་ཁྲི་བཞི་སྟོང་བཤམས་སོ། །སེང་གེའི་ཁྲི་བརྒྱད་ཁྲི་བཞི་སྟོང་དེ་དག་ལས་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་བཞི་སྟོང་བཞུགས་པར་བསྟན་ཏོ། །སངས་རྒྱས་ནི་ཁྲི་འདི་དང་འདི་ལ་བཞུགས་སྙམ་པའི་རྟོག་པ་མེད་ཀྱང་། ལྷའི་བུ་བརྒྱད་ཁྲི་བཞི་སྟོང་གིས་བདག་གི་ཁྲི་ལ་སངས་རྒྱས་བཞུགས་སོ། །སྙམ་དུ་སོ་སོར་ངོ་ཤེས་སྐྱེས་སོ། །གསང་བ་གསུམ་གྱི་མཛོད་གསང་བའི་བདག་པོས་བསྟན་པ་ལས། །བྱང་ཆུབ་ཆེན་པོ་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་ཤིང་སེང་གེའི་ཁྲི་ལ་བཞུགས་པའི་བར་སྐབས་བསྟན་པའོ། །བྱང་ཆུབ་ཤིང་དང་གདན་ལ་དབང་བའི་དུས་སུ། དེའི་ཚེ་དེའི་དུས་ན། སེང་གེའི་ཁྲི་ལ་བཞུགས་མ་ཐག་ཏུ། སངས་རྒྱས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུ་ནས། བདུད་བསྐུལ་བ་ཞེས་བྱ་བའི་འོད་ཟེར་གྱིས་སྟོང་ཆེན་པོའི་འཇིག་རྟེན་གྱི་

(༡༢༣)ཁམས་ན། འཁོད་པའི་བདུད་བྱེ་བ་ཕྲག་བཞི་བརྒྱ་ལ་རེག་གོ། །འོད་དེས་ཕོག་མ་ཐག་དུ་བདུད་རྣམས་རང་རང་གི་གནས་ན་འདུག་བཞིན་ཏུ། སྐྲག་ཅིང་འཇིགས་པར་བདུད་ཀྱི་ཡུལ་རྣམས་འཇིག་པ་དང་། འཚིག་པར་མཐོང་ནས། ཐེ་ཚོམ་ཟོས་ཏེ། བྱང་ཆུབ་སེམས་དཔའ་ཁ་ཅིག་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་པ་མེན་ནལ་ཞེས་ཀུན་གྱིས་དུས་ཅིག་ལ་བརྗོད་པ་དང་ལྟས་ཤིང་དཔྱད་པས་སངས་རྒྱས་ཁྲི་ལ་བཞུགས་པ་མཐོང་སྟེ། བདུད་རྣམས་ཞེ་སྡང་ཆེན་པོ་སྐྱེས་ནས། སྐད་ཅིག་དེ་ཉིད་ནས་རང་རང་གི་གནས་ནས་མི་སྣང་བར། གྱུར་ནས་བདུད་ཀྱི་རྫུ་འཕྲུལ་དང་ཆོས་འཕྲུལ་གྱིས་སྟོང་གསུམ་ཁྱབ་པར་བྱས་ནས། མཚོན་ཆ་སྣ་ཚོགས་དང་། སྒྲ་སྐད་སྣ་ཚོགས་ཀྱིས་སྟེང་འོག་ཕྱོགས་མཚམས་ཁྱབ་པར་བྱས་ནས། བྱང་ཆུབ་ཀྱི་ཤིང་དྲུང་དུ་དམགས་དྲངས་སོ། །གཟུགས་མི་སྡུག་པ་དང་སྒྲ་སྣ་ཚོགས་དེས། སེམས་ཅན་རབ་འབྲིང་ཐ་མ་གང་གིས་ཐོས་ཀྱང་ཁ་ནས་ཁྲག་དྲོན་མོ་སྐྱུག་ཅིང་། ཤི་བའི་འཇིགས་པ་ཡོད་པའི་ཕྱིར་ན། སངས་རྒྱས་ཀྱིས་འཐུས་གང་གིས་ཀྱང་བདུད་རྣམས་མི་མཐོང་ཞིང་། སྒྲ་མི་ཐོས་པར་བྱིན་གྱིས་བརླབས་སོ། །དེའི་ཚེ་དེའི་དུས་ན་སངས་རྒྱས་ཀྱི་མཐུ་དང་། བྱིན་གྱི་བརླབས་ཀྱིས་བདུད་ཐམས་ཅད་ཤིན་ཏུ་ཉམས་པར་གྱུར་ཏེ། མཐུ་དང་ནུས་པ་ཅི་འང་མེད་པར་གྱུར་ནས་བདུད་ཐམས་ཅད་བཅོམ་ལྡན་འདས་ལ་སྐྱབས་སུ་སོང་ནས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །གསང་བའི་བདག་པོ་ཡིས་གསང་བའི་མཛོད་ཆེན་པོ་བསྟན་པ་ལས་

(༡༢༤)བདུད་སྤ་སྐོང་ཞིང་བདུད་བཏུལ་ནས། བདུད་བྱང་ཆུབ་ཀྱི་ལམ་ལ་བཀོད་པའི་བར་སྐབས་བསྟན་པའོ། །དེའི་ཚེ་དེའི་དུས་ན། ལྷ་དང་མི་ཁ་ཅིག་གིས་ནི་བདུད་འདུལ་བར་ཤེས་སོ། །ངོ་བོ་གཅིག་མཐོང་ཚུལ་ཐ་དད་པའི་ཕྱིར་ན། ཁ་ཅིག་གིས་ནི་བྱང་ཆུབ་སེམས་དཔའ་རྩྭ་བཏིང་ནས་འདུག་པ་མཐོང་ངོ་། །ཁ་ཅིག་གིས་ནི་སེང་གེའི་ཁྲི་དང་། རིན་པོ་ཆེའི་པདྨ་ཉི་མའི་གདན་ལ་བཞུགས་པར་མཐོང་ངོ་། ཁ་ཅིག་གིས་ནི། ས་ལ་འགྲོ་བ་དང་། འདུག་པ་དང་། འཆག་པ་དང་། ཉལ་བ་དང་། བྱ་བ་སྣ་ཚོགས་བྱེད་པ་མཐོང་ངོ་། །ཁ་ཅིག་གིས་ནི་ནམ་མཁའི་དཀྱིལ་ན་བྱ་ལྟར་འཕུར་བ་དང་། སྤྲིན་ལྟར་ལྡིང་བ་དང་། ཉི་ཟླ་དང་གཟའ་སྐར་ཚོགས་བཞིན་དུ་སྣ་ཚོགས་པར་མཐོང་ངོ་། །ཁ་ཅིག་གིས་ནི་བྱང་ཆུབ་ཀྱི་ཤིང་ངོ་བོ་ཅིག་ལ་མཚན་ཉིད་ཐ་དད་པར་མཐོང་སྟེ། ཤིང་གི་རྒྱལ་པོ་ཨ་ཤྭ་ན་ཡོངས་འདུ་ས་རྟོལ་དང་རིན་པོ་ཆེ་སྣ་ཚོགས་ཀྱི་ཤིང་དང་། ལྗོན་པའི་ཚོགས་ཁ་དོག་ལོ་མ་འབྲས་བུ་སྣ་ཚོགས་སྟོང་གསུམ་ཁྱབ་པར་མཐོང་ངོ་། །སེང་གེའི་ཁྲི་རང་བཞིན་ངོ་བོ་ཅིག་ལ་གདུལ་བྱའི་དབང་པོའི་བྱེ་བྲག་གིས་མཐོང་ཚུལ་ཐ་དད་དེ། སེང་གེའི་ཁྲི་རྒྱ་ཆེ་ཆུང་འཐོ་དམན་དབྱིབས་དང་ཁ་དོག་སྣ་ཚོགས་ཚད་ཅན་དང་། ཚད་མེད། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། །གྲངས་སྣ་ཚོགས་སུ་མཐོང་ཞིང་ཁྲི་དེ་རྣམས་ལ་བྱང་ཆུབ་ཆེན་པོ་གྲངས་མེད་པ་བཞུགས་ཤིང་། མཛད་པ་བཅུ་གཉིས་བསམ་གྱིས་མི་ཁྱབ་པར་མཛད་པ། སེམས་ཅན་དབང་པོ་རབ་འབྲིང་ཐ་མ་རྣམས་ཀྱིས་རང་རང་གི་ལུས་

(༡༢༥)ངག་ཡིད་གསུམ་དང་འཐུན་པར་མཐོང་ངོ་། །སངས་རྒྱས་ཀྱི་ཆོས་ཀྱི་གསུང་གཅིག་ཀྱང་མ་གསུངས་པ་ལས། གདུལ་བྱ་དབང་པོའི་བྱེ་བྲག་གིས། །སེམས་ཅན་རང་རང་གི་སྐད་དང་འཐུན་པར་སྒྲ་གཅིག་ཐོས་པ་ལས། ཆོས་ཀྱི་ཕུང་པོའི་སྒྲ་སྐད་ཐ་དད་དོ། །དེའི་ཚེ་དེའི་དུས་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ། དཀོན་མཆོག་གསུམ་གྱི་སྒྲ་དང་། ཐེག་པ་སྣ་ཚོགས་ཆོས་ཀྱི་ཕུང་པོའི་སྒྲ་དང་། དགེ་བ་བསྒྲུབ་པ་དང་། སྡིག་པ་སྤོང་བ་དང་། །འཇིག་རྟེན་ལ་མངོན་པར་ཞེན་པ་ཟློག་པ་དང་། བཀྲ་ཤིས་པ་དང་། རྒྱུ་འབྲས་ཕུན་སུམ་ཚོགས་པའི་སྒྲ་དང་། འཐོ་རིས་ཀྱི་བདེ་བ་ཐོབ་པའི་སྒྲ་དང་། ངན་སོང་གི་སྡུག་བསྔལ་སྤོང་བའི་སྒྲ་དང་། ཚངས་པ་དང་བརྒྱ་བྱིན་འཁོར་ལོ་བསྒྱུར་བ་འཇིག་རྟེན་ཆེན་པོ་རྣམས་ཀྱི་ཡོན་ཏན་ཆེ་བ་སྒྲོགས་པའི་སྒྲ་ལ་སོགས་པ་སྟེ། ཁམས་གསུམ་པའི་སེམས་ཅན་འབྲེལ་པ་ཅན་གྱི་སྣང་བ་ལས། སངས་རྒྱས་ནི་སེམས་ཅན་རེ་རེའི་སྣང་བ་ལ་ཡང་ངེད་ཀྱི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ། །སྙམ་མོ། །གསང་བའི་བདག་པོ་གསང་བ་གསུམ་གྱི་མཛོད་བསྟན་པ་ལས། །བྱིན་བརླབས་ཀྱི་ཆོ་འཕྲུལ་བསྟན་པའི་བར་སྐབས་ལགས་སོ། །དེའི་ཚེ་དེའི་དུས་ན། །རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པས་ལྷུང་ཟེད་བཞི་ཕུལ་ལོ། །དེ་བཞིན་དུ་གླིང་བཞི་བྱེ་བ་ཕྲག་བརྒྱའི་རྒྱལ་པོ་བཞིས་བྱེ་བ་ཕྲག་བརྒྱས་ཀྱང་། ལྷུང་ཟེད་བྱེ་བ་ཕྲག་བརྒྱ་ཕུལ་བ་བཞེས་ཞིང་གཅིག་དུ་བྱིན་གྱིས་བརླབས་ཏེ། རྒྱལ་པོ་རྣམས་ཀྱང་ཤིན་དུ་དགའ་ཞིང་དགྱེས་ཏེ། ངའི་ལྷུང་ཟེད་ནས་དེ་

(༡༢༦)བཞིན་གཤེགས་པ་གསོལ་ལོ་སྙམ་དུ་སེམས་སོ། །གསང་བའི་བདག་པོས་གསང་བ་གསུམ་གྱི་མཛོད་བསྟན་པ་ལས། རྒྱལ་པོ་བཞི་བྱེ་བ་ཕྲག་རྒྱ་ཡིས་ལྷུང་ཟེད་ཕུལ་བའི་བར་སྐབས་བསྟན་པའོ། །དེའི་ཚེ་དེའི་དུས་ན། ཚོང་དཔོན་ག་གོན་བཟང་སྐྱོང་དང་། གཞན་ཡང་ལྷའི་བུ་དྲུག་ཁྲིས་སངས་རྒྱས་ཀྱི་ཞལ་ཟས་ཐོགས་ནས། སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སངས་རྒྱས་ལ་ཐོག་མར་ཞལ་ཟས་དབུལ་ལོ། །ཞེས་སྨོན་ལམ་གཏབ་པའི་སྟོབས་ཀྱིས། སངས་རྒྱས་ལ་ཞལ་ཟས་ཕུལ་བས་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །གསང་བའི་མཛོད་གསུམ་བསྟན་པ་ལས། ག་གོན་བཟང་སྐྱོང་ལྷའི་བུ་རྣམས་ཀྱིས་ཞལ་ཟས་དྲངས་པའི་བར་སྐབས་བསྟན་པའོ། །དེའི་ཚེ་དེའི་དུས་ན། ཚངས་པ་གཙུག་ཕུད་ཅན་ཞེས་བྱ་བ་ལྷའི་བུ་འབུམ་ཕྲག་དྲུག་བཅུ་རྩམ་གྱིས་བསྐོར་ཞིང་། སྟོང་གསུམ་མཆོད་པའི་ཚོགས་ཀྱི་བརྒྱན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཞིང་ལན་དྲུག་སྐོར་བ་བྱས་ནས། །རིན་པོ་ཆེ་སྣ་ཚོགས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ནས། ཆོས་ཀྱི་འཁོར་ལོ་བསྐོར་བར་སྐུལ་མ་བཏབ་པོ། །སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱི་རྒྱལ་པོ་ཡུལ་འཁོར་སྐྱོང་གི་བུ་ར་གས། བསྐལ་པ་བཟང་པོའི་སངས་རྒྱས་རྣམས་སངས་རྒྱས་པའི་དུས་སུ། ཆོས་ཀྱི་འཁོར་ལོ་བསྐོར་བར་སྨོན་ལམ་བཏབ་པ་སྟེ། དེ་ལྟར་ཚངས་པ་གཙུག་ཕུད་ཅན་ཡིན་ནོ། །དེ་བཞིན་དུ་ཚངས་པ་བྱེ་བ་ཕྲག་བརྒྱས་ཀྱང་གསོལ་བ་བཏབ་པོ། །སངས་རྒྱས་ཀྱི་ཆོས་གསུང་བར་གནང་པའི་ཚེ། ཚངས་པ་བྱེ་བ་

(༡༢༧)ཕྲག་བརྒྱ། །བརྒྱ་བྱིན་བྱེ་བ་ཕྲག་བརྒྱ་ཡིས་ཝ་ར་ཎ་སེ་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ། རིན་པོ་ཆེ་སྣ་བདུན་སེང་གེའི་ཁྲི་འཕངས་སུ་དཔག་ཚད་བཞི་ཁྲི་ཉིས་སྟོང་ཡོད་པ། ཁྱད་པར་དུ་འཕགས་པ་བྱེ་བ་ཕྲག་གཉིས་ལས། ཤཱཀྱ་ཐུབ་པ་རེ་རེ་བཞུགས་སོ། །དེའི་ཚེ་དེའི་དུས་ན། །ཚངས་པ་བརྒྱ་བྱིན་རྣམས་བདག་གི་ཁྲི་ལ་སངས་རྒྱས་བཞུགས་སོ། །སྙམ་དུ་ངེས་ཤེས་སྐྱེས་སོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་རོ། །དེའི་སྟོབས་ཀྱིས་ཚངས་པ་བརྒྱ་བྱིན་རྣམས་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་སངས་རྒྱས་ཀྱི་ཡུལ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་གོ། །དེའི་ཚེ་ན་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་མཉམ་པར་གནས་ཏེ། །མེ་ལོང་གི་དབྱིབས་ལྟར་གྱུར་ཏེ། འགྲོ་བ་དྲུག་གི་སེམས་ཅན་རྣམས་ཀྱང་ཉོན་མོངས་པ་དང་། གཟུང་འཛིན་ལས་གྲོལ་ནས། ལུས་སེམས་མཉམ་པར་གྱུར་ཏོ། །དེའི་ཚེ་སངས་རྒྱས་ལ་ཆོས་ཉན་པའི་ཕྱིར་ཐམས་ཅད་ཀྱིས་ཕྱོགས་སུ་འདུས་སོ། །དེའི་ཚེ་དེའི་དུས་ན། སངས་རྒྱས་ཀྱི་ཞལ་ནས། སངས་རྒྱས་རྣམས་ནི་ཆོས་རྣམས་ནི། །མ་བཤད་པས་ཀྱང་གོ་བ་མེད་གསུང་ནས། །སངས་རྒྱས་ཀྱི་གསུང་གི་དང་པོ་འདི་སྐད་དུ་གསུངས་སོ། གོ་ཏོ་ནས། །མིག་མི་རྟག་གོ་གསུངས་པ་དེ་ལ། གང་ཟག་དབང་པོའི་བྱེ་བྲག་གིས། སྒྲ་གཅིག་ཐོས་པ་ལས་ཆོས་ཀྱི་ཕུང་པོའི་བྱེ་བྲག་ཐ་དད་པར་ཐོས་ཤིང་གོ་བ་སྟེ། དེ་ལ་སྡུག་བསྔལ་གྱི་སྒྲས་འདུལ་བ་རྣམས་ཀྱིས་ནི། མིག་སྡུག་བསྔལ་ལོ་

(༡༢༨)ཞེས་ཐོས་སོ། །བདག་མེད་པ་རྣམས་ཀྱི་འདུལ་བ་རྣམས་ཀྱིས་ནི། །མིག་བདག་མེད་པའོ་ཞེས་ཐོས་སོ། །སྟོང་པས་འདུལ་བ་རྣམས་ཀྱི་ནི། །མིག་སྟོང་ངོ་ཞེས་ཐོས་སོ། །ཞི་བས་དུལ་བ་རྣམས་ཀྱིས་ནི་མིག་ཞི་ཞེས་ཐོས་སོ། །དབེན་པས་འདུལ་བ་རྣམས་ཀྱིས་ནི། མིག་དབེན་པའོ་ཞེས་ཐོས་སོ། །མིག་མི་རྟག་པས་འདུལ་བ་རྣམས་ཀྱིས་ནི། མིག་མི་རྟག་པའོ་ཞེས་ཐོས་སོ། །གནས་མེད་པས་འདུལ་བ་རྣམས་ཀྱིས་ནི། མིག་གནས་མེད་པའོ་ཞེས་ཐོས་སོ། །སྒྱུ་མ་ལྟ་བུས་འདུལ་བ་རྣམས་ཀྱིས་ནི། །མིག་སྒྱུ་མ་ལྟ་བུའོ་ཞེས་ཐོས་སོ། །རྨི་ལམ་ལྟ་བུས་འདུལ་བ་རྣམས་ཀྱིས་ནི། མིག་རྨི་ལམ་ལྟ་བུའོ་ཞེས་ཐོས་སོ་ཆུ་ཟླ་ལྟ་བུས་འདུལ་བ་རྣམས་ཀྱིས་ནི། མིག་ཆུ་ཟླ་ལྟ་བུའོ་ཞེས་ཐོས་སོ། །མིག་ཡོར་ལྟུ་བུས་འདུལ་བ་རྣམས་ཀྱིས་ནི། མིག་མིག་ཡོར་ལྟ་བུའོ་ཞེས་ཐོས་སོ། །བྲག་ཆ་ལྟ་བུས་འདུལ་བ་རྣམས་ཀྱིས་ནི་མིག་བྲག་ཆ་ལྟ་བུའོ་ཞེས་ཐོས་སོ། །དེ་བཞིན་དུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། མ་སྐྱེས་པ་དང་སྐྱེ་བ་མེད་པས་འདུལ་བ་རྣམས་ཀྱིས་ནི། མིག་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། མ་སྐྱེས་པ་དང་མ་བྱུང་བར་ཐོས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བས་འདུལ་བ་རྣམས་ཀྱིས་ནི། །མིག་རྟེན་ཅིང་འབྲེལ་པར་འབྱུང་བའོ། །ཞེས་ཐོས་སོ། །མིག་ལ་ཇི་ལྟ་བ་བཞིན་དུ་ཡིད་ཀྱི་བར་དུ་རྟེན་ཅིང་འབྲེལ་པར་འབྱུང་བའོ་ཞེས་ཐོས་སོ། །དེ་བཞིན་དུ་གཟུགས་སྒྲ་ དྲི་ རོ་ རེག་བྱ། ཆོས་རྣམས་སྟོང་ངོ་

(༡༢༩)ཞེས་ཐོས་སོ། །ཁ་ཅིག་ནི་ཕུང་པོ་མི་རྟགས་དང་། ཁ་ཅིག་ནི། སྐྱེ་མཆེད་བདག་མེད་པའོ་ཞེས་ཐོས་སོ། །ཁ་གཅིག་གི་ནི་ཕུང་པོ་མི་རྟག་པ་ཉིད་དུ་ཐོས་ལ་ཁམས་ལ་མི་རྟག་པ་ཉིད་དུ་མ་ཡིན་ནོ། །ཁ་ཅིག་གིས་ནི་ཁམས་ལ་མི་རྟག་པ་ཉིད་དུ་ཐོས་ལ། ཕུང་པོ་ལ་མི་རྟག་པ་ཉིད་དུ་མ་ཡིན་ནོ། །ཁ་ཅིག་གིས་ནི། སྡུག་བསྔལ་ལ་གྱི་སྒྲས་རྣམ་པར་གྲོལ་ལོ། །ཁ་ཅིག་གིས་ནི་འགོག་པའི་སྒྲས་རྣམ་པར་གྲོལ་ལོ། །ཁ་ཅིག་གིས་ནི་སྨོན་ལམ་གྱི་སྒྲས་རྣམ་པར་གྲོལ་ལོ། །དྲན་པ་ཉེ་བར་གཞག་པ་ཡང་དག་པར་སྤོང་བ་ལ་སོགས་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་སོ་སོའི་གཏམ་དུ་ཐོས་སོ། །ཞི་གནས་དང་ལྷག་མཐོང་གི་གཏམ་དུ་ཐོས་སོ། །ཁ་ཅིག་གིས་ནི་བདེན་པའི་གཏམ་དུ་ཐོས་སོ། །ཁ་ཅིག་གིས་ནི་ཉན་རང་དང་དབང་དུ་ལྡན་པའི་གཏམ་དུ་ཐོས་སོ། །ཁ་ཅིག་གིས་ནི་ཐེག་པ་ཆེན་པོ་དང་རབ་ཏུ་ལྡན་པའི་གཏམ་དུ་ཐོས་ཏེ། དེ་ལྟར་ན་སངས་རྒྱས་ཀྱི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་བསམ་པ་ཚིམ་པར་བྱ་བའི་ཕྱིར། ཆོས་ཀྱི་འཁོར་ལོ་བསྐོར་རོ། །སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། སེམས་ཅན་གྱི་དོན་མཛད་པ་གང་ཡིན་པ་དེ། སེམས་ཅན་ཐམས་ཅད་ཤ་རའི་བུ་འདྲ་བར་གྱུར་ཀྱང་། དེའི་ཤེས་རབ་ཀྱིས་བསྐལ་པ་བྱེ་བ་ཁྲག་ཁྲིག་ཏུ་བཤད་ཅིང་གསུངས་ཀྱང་། དེའི་སྒྲ་དང་དོན་གྱི་མཐའ་དང་གཏིང་རྟོགས་པར་མི་འགྱུར་རོ། །དེའི་ཕྱིར་ན། རྒྱ་གར་སྐད་དུ། སངས་རྒྱས་ཀྱི་གོ་ཏི་ན་གསུངས་པ་དེ་ལ། ཉོན་མོངས་པ་འཁོར་བ་པའི་ཆོས་ཅན་དང་། ཆོས་ཉིད། རྣམ་པར་བྱང་བ་མྱ་ངན་ལས་འདས་པའི་ཆོས་ཅན་དང་། ཆོས་

(༡༣༠)ཉིད་འདིར་མ་གསུངས་པ་གང་ཡང་མེད་པའོ། །དེའི་ཕྱིར་ན། སེམས་ཅན་གཅིག་གི་རྒྱུད་ལས་རྣམ་པར་རྟོག་པ་ལྔ། དེ་ལས་འཕྲོས་པས་རྣམ་པར་རྟོག་པ་བརྒྱད་ཁྲི་བཞི་སྟོང་། དེ་སྐྱེད་པ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་། སེམས་ཅན་ཐམས་ཅད་ལ་ཡང་མ་ཁྱབ་པ་མེད་པའོ། །དེ་གྲངས་ཅན་ཡིན་ལ། གྲངས་མེད་མཐའ་ལས་འདས་ཤིང་བསམ་གྱིས་མི་ཁྱབ་པའི་ཉོན་མོངས་པ་ཡོད་པ་སྟེ། དེ་ནི་ཉོན་མོངས་པ་འཁོར་བ་བའི་ཆོས་ཅན་ཆོས་ཉིད་ཞེས་བྱ་བའོ། །དེའི་གཉེན་པོར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པར་བཞེད་པ་ནི། ཉོན་མོངས་པ་ཞེ་སྡང་ལས་འཕྲོས་པ་ཉི་ཁྲི་གཅིག་སྟོང་གི་གཉེན་པོར་མདོ་སྡེ་ཉི་ཁྲི་གཅིག་སྟོང་། འདོད་ཆགས་ལས་འཕྲོས་པ་ཉི་ཁྲི་གཅིག་སྟོང་གི་གཉེན་པོར་འདུལ་བ་ཉི་ཁྲི་གཅིག་སྟོང་། གཏི་མུག་ལས་འཕྲོས་པ་ནི་ཉི་ཁྲི་གཅིག་སྟོང་གི་གཉེན་པོར་མངོན་པ་ཉི་ཁྲི་གཅིག་སྟོང་། དེ་གསུམ་ཆ་མཉམ་པ་ལས་འཕྲོས་པ། ང་རྒྱལ་ཕྲག་དོག་གཉིས་ལས་ཉོན་མོངས་པ་ཉི་ཁྲི་གཅིག་སྟོང་། དེའི་གཉེན་པོར་ལོངས་སྐུ་རང་རྒྱུད་པའི་བསྟན་པ་ཕྱི་རྒྱུད་གསུམ་ལས། ཀྲྀ་ཡ་ལ་གཏོགས་པ་གཟུང་སྔགས་ཀྱི་སྡེ་ཚན་སྟོང་ཕྲག་བདུན། རྣལ་འབྱོར་ལ་གཏོགས་པ་ཡོ་གའི་ཆོས་ཀྱི་ཕུང་པོ་སྟོང་ཁྲག་བདུན། ང་རྒྱལ་ཕྲག་དོག་གཉིས་ཆ་མཉམ་པའི་ཉོན་མོངས་པ་སྟོང་ཕྲག་བདུན་གྱི་གཉེན་པོར། ཀྲྀ་ཡ་ཡོ་ག་ཆ་མཉམས་པའི་སྤྱོད་པའི་རྒྱུད་སྟོང་ཕྲག་བདུན་ཏེ། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གྲངས་ཅན་གསུངས་པ་ནི། བྱ་བའི་རྒྱུད་འདུལ་བ་དང་ཆ་མཐུན། སྤྱོད་པའི་ཆོས་ཀྱི་ཕུང་

(༡༣༡)པོ་རྣམས་མངོན་པ་དང་ཆ་འཐུན། རྣལ་འབྱོར་རྒྱུད་ཀྱི་ཆོས་ཀྱི་ཕུང་པོ་རྣམས་མདོ་སྡེ་དང་ཆ་འཐུན། དེའི་ཕྱིར་ན། སེམས་ཅན་རྣམས་ཉོན་མོངས་པའི་འཁོར་བའི་ཆོས་གྲངས་ཅན་གྲང་མེད་ཅིང་བསམ་གྱིས་མི་ཁྱབ་པ་ཡོད་པའི་ཕྱིར་ན། དེའི་གཉེན་པོ་སངས་རྒྱས་ཀྱི་ཆོས་ཀྱི་ཕུང་པོ་ཡང་གྲངས་མེད་ཅིང་བསམ་གྱིས་མི་ཁྱབ་པར་གསུངས་ཤིང་བྱིན་གྱིས་བརླབས་ཏེ། འདི་རྣམས་ནི་རྣམ་པར་བྱང་བ་མྱ་ངན་ལས་འདས་པའི་ཆོས་ཅན་ཆོས་ཉིད་དོ། །དེའི་ཕྱིར་ན། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལས་ཆོས་ཅན་དང་། ཆོས་ཉིད་དུ་མ་འདུས་པ་དང་། མ་བྱུང་བ་དང་། མ་རྫོགས་པ་གང་ཡང་མེད་པར་ཤེས་པར་བྱའོ། །གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་གསང་བའི་མཛོད་གསུམ་ལས། མི་ཟད་པ་བརྒྱན་གྱི་འཁོར་ལོ་རྣམ་པ་ལྔར་གསུངས་པ་ལས། ཚངས་པ་བྱེ་བ་ཕྲག་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་མ་བཏབ་པ་དང་། སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་རྣམས་ལས། ཡུལ་ཐམས་ཅད་མཉམ་པའི་ཏིང་ངེ་འཛིན་ལ་མཉམ་པར་ཞུགས་ཤིང་། སང་ཀྲི་ཏའི་སྐད་དུ་གོ་ཏི་ན་གསུངས་པ་ལས། རབ་འབྱམ་ཆོས་ཀྱི་ཕུང་པོས། ཆོས་ཀྱི་དབྱིངས་ཀྱི་ཁྱབ་ཚད་དུ། ཀུན་གྱིས་གོང་ཞིང་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་སྐབས་བསྟན་པའོ། །དེའི་ཚེ་དེའི་དུས་ན། ཤཱཀྱ་ཐུབ་པས་ཕྱག་ན་རྡོ་རྗེ་ལུང་བསྟན་ཏེ། བསྐལ་པ་བཟང་པོ་འདི་ཉིད་ལ་ཕྱག་ན་རྡོ་རྗེས་རྡོ་རྗེ་ཐོགས་ནས། སངས་རྒྱས་སྟོང་རྩ་གཉིས་ཀྱི་བྱ་བ་དང་།

(༡༣༢)མཛད་པ་འཕྲིན་ལས་ཐམས་ཅད་རྫོགས་པར་མཛད་ནས། སེམས་ཅན་རྣམས་སྨིན་པར་མཛད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ནས། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གི་བསྟན་པ་རྫོགས་ཤིང་། སངས་རྒྱས་མོས་པའི་ཆོས་ནུབ་ནས། སངས་རྒྱས་མི་འཁྲུག་པའི་སངས་རྒྱས་ཀྱི་ཞིང་མངོན་པར་དགའ་བ་དེར་ཕྱག་ན་རྡོ་རྗེ་འབྱུང་བའི་ཚུལ་བསྟན་ནས། སངས་རྒྱས་མི་འཁྲུག་པའི་ཀྲྀ་ཡའི་ཕྱག་བརྒྱ་རྩ་བརྒྱད་ཀྱི་དབང་ཕྱག་ན་རྡོ་རྗེ་ལ་བསྐུར་རོ། །དེའི་འོག་དུ་སངས་རྒྱས་གྲངས་མེད་དཔག་ཏུ་མེད་པ་རྫོགས་པར་མཛད་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་རྣམ་པར་གནོན་པ་ཞེས་བྱ་བར་སངས་རྒྱས་ཚུལ་བསྟན་ཏོ། །དེའི་སངས་རྒྱས་ཀྱི་ཞིང་དང་མཛད་པ་ཕྲིན་ལས་ནི། སངས་རྒྱས་བརྒྱ་ཕྲག་མང་པོ་ཡིས་ཕྲིན་ལས་གཅིག་ཏུ་བསྡུས་པ་ཙམ་འབྱུང་བར་འགྱུར་རོ། །སེམས་ཅན་དབང་པོ་རབ་འབྲིང་ཐ་མ་རྣམས་ཀྱང་། སངས་རྒྱས་རྡོ་རྗེ་རྣམ་པར་གནོན་པའི་ཞིང་ཁམས་དེར་སྐྱེ་བའི་སྨོན་ལམ་འདེབས་སོ། །དེའི་ཚེ་དེའི་དུས་ན། ཕྱག་ན་རྡོ་རྗེས་སངས་རྒྱས་ཀྱི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་ཚད་ལྟ་བའི་ཕྱིར། རང་གི་ཕྱག་མཚན་རྡོ་རྗེ་དེ་ནམ་མཁའ་ལ་འཕངས་སོ། །ནམ་མཁའི་མཐའ་ནམ་སྙེད་པ་ན་ཚུར་ལོག་ཅིག་གསུངས་པ་ལས། དེ་བཞིན་གཤེགས་པའི་ཐུགས་གསང་བ་དང་ནམ་མཁའ་ལ་ཐུག་མཐའ་མེད་པའི་ཕྱིར་ན། རྡོ་རྗེ་ད་རུང་དུ་ནམ་མཁའ་ལ་འགྲོ་བར་བཤད། དེའི་ཕྱིར་ན། ད་ལྟར་རྣ་བ་གཉིས་ཀ་བཀག་པའི་དུས་སུ་འུར་སྒྲ་ཆེན་པོ་གྲག་པ་དེ། རྡོ་རྗེ་ནམ་མཁའ་ལ་འགྲོ་བའི་སྒྲར་བཞེད་པ་ཡིན། དེའི་ཕྱིར་ན་སངས་རྒྱས་ཀྱི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་གྲངས་ཅན་དང་གྲངས་མེད་དུ་གསུངས་

(༡༣༣)པའི། །གསང་བའི་བདག་པོས་གསང་བ་གསུམ་གྱི་མཛོད་བསམ་གྱིས་མི་ཁྱབ་པར་བསྟན་པ་ལས། །མཐའ་དང་དབུས་ཚད་དང་མཐའ་མེད་པར་བསྟན་པའི་བར་སྐབས་སོ། །དེའི་ཚེ་དེའི་དུས་ན། རྒྱལ་པོ་མ་སྐྱེས་དགྲ་འདི། སྙམ་དུ་སེམས་ཏེ། ཕྱག་ན་རྡོ་རྗེའི་ལག་པ་གཡས་པ་ན་ཐོགས་པའི་རྡོ་རྗེ་དེ་ལྗི། ས་ཞིག་གམ་འོན་ཏེ་ཡངས་བ་ཞིག་ཡིན། སྙམ་དུ་བསམ་མོ། །དེའི་ཚེ་དེའི་དུས་མ་སྐྱེས་དགྲའི།།།།།།ཕྱག་ན་རྡོ་རྗེ་མཁྱེན་ནས། ཕྱག་ན་རྡོ་རྗེས་མ་སྐྱེས་དགྲ་ལ་སྨྲས་པ་ནི། རྡོ་རྗེ་འདི་ལྗིད་པ་ཡང་མ་ཡིན་ནོ། །ཡང་བ་ཡང་མ་ཡིན་ནོ། །དེའི་ཕྱིར་ན། ང་རྒྱལ་ཅན་དང་། བརྒྱགས་པ་དང་། དྲེགས་པས་སྙེམས་པ་རྣམས་འདུལ་བའི་ཕྱིར་ལྕི་བ་ཡིན་ནོ། །ང་རྒྱལ་མེད་པ་དང་། དྲང་བ་དང་། སྟོན་པའི་བསྟན་པ་བཞིན་དུ་བྱེད་པ་རྣམས་ལ་ནི་ཡང་པ་ཡིན་ནོ། །དེའི་ཚེ་དེའི་དུས་ན། ཕྱག་ན་རྡོ་རྗེས་རྡོ་རྗེ་དེ་བྱིན་གྱིས་བརླབས་ནས་འཕངས་ནས་ས་ལ་བརྒྱབ་སྟེ། ཕྱེད་མངོན་ཕྱེད་ནུབ་པ་ཙམ་དུ་གཞག་གོ། །དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་སོ། །དེའི་ཚེ་མ་སྐྱེས་དགྲས་ཚན་ཆེན་པོ་དང་ལྡན་པ་དེས། རྡོ་རྗེ་དེ་བླང་པར་སེམས་ནས་རེག་ཀྱང་མ་ནུས་སོ། །བཅོམ་ལྡན་འདས་ཀྱི་བརྒྱ་བྱིན་ལ་གསུངས་པ། རྡོ་རྗེ་འདི་རང་བཞིན་གྱིས་འཁོར་ཡུག་གི་ར་ལ་སྣུན་ཡང་། ཐལ་བ་རླུང་གིས་གཏོར་བ་བཞིན་དུ་འགྲོ་སྟེ། རྡོ་རྗེ་འདིའི་སྟོབས་ནི་དེ་ཙམ་མོ་གསུངས་སོ། །བརྒྱ་བྱིན་གྱི་མོའུ་འགལ་གྱི་བུ་ལ་སྨྲས་པ་རྫུ་འཕྲུལ་དང་ལྡན་པ་

(༡༣༤)ཁྱོད་ཡིན་གྱིས་རྡོ་རྗེ་འདི་ཐོན་གཅིག །མོའུ་འགལ་བུས་བསམས་པ། རྡོ་རྗེ་འདི་བདག་གི་མ་ཐོན་ན་ནི། ལྷ་དང་བཅས་པའི་འདུན་པ་ངོ་ཚ་སྙམ་ནས། རྫུ་འཕྲུལ་གྱི་སྟོབས་ཀྱིས་རྡོ་རྗེ་ཐེན་པ་དང་འཇིག་རྟེན་གྱི་ཁམས་ཐམས་ཅད་འདར་ཤིག་ཤིག་བྱེད་ཅིང་། རྒྱ་མཚོ་ཉི་ཟླ་གཟའ་སྐར་ཡང་འཁྲུག་པ་འབྱུང་ཡང་རྡོ་རྗེ་འགུས་བར་མ་ནུས་སོ། །དེའི་ཚེ་དེའི་དུས་ན། བྱང་ཆུབ་སེམས་དཔའ་སྟོབས་དང་ལྡན་པ་རྣམས་དང་། རྒྱལ་ཆེན་བཞི་དང་། ཚང་པ་བརྒྱ་བྱིན་ལ་སོགས་པ་མཐུ་སྟོབས་རྨད་དུ་བྱུང་པ་རྣམས་ཀྱིས་བསྒུལ་བར་འདོད་ཀྱང་རེག་པར་ཡང་མ་ནུས་སོ། །དེའི་ཚེ་སངས་རྒྱས་ཀྱི་ཕྱག་རྡོར་ལ་གསུངས་པ། རྡོ་རྗེ་འདི་ཁྱེད་བདག་རང་གིས་ཐེན་གཅིག་གསུངས་པ་ལས། ཕྱག་ན་རྡོ་རྗེ་ཡིས་ཕྱག་གཡོན་པས་རྡོ་རྗེ་བླངས་ནས་ནམ་མཁའ་ལ་འཕངས་ཏེ། ལན་བདུན་བསྐོར་ནས་ཕྱག་ན་རྡོ་རྗེའི་ལག་དུ་བྱོན་ནོ། །དེའི་ཚེ་དེའི་དུས་ན། །རྒྱལ་བ་དང་རྒྱལ་བའི་སྲས་རྣམས་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། འཇིག་རྟེན་གསུམ་ན་འཁོད་པའི་དྲག་བྱེད་གཏུམ་པོ་རྣམས་ལ་སོགས་ཏེ། གང་དང་གང་གིས་ཀྱང་ཕྱག་ན་རྡོ་རྗེ་ལ་ངོ་མཚར་ཅན་དུ་མཐོང་ཞིང་། གང་ཡང་འགྲན་དུ་མེད་ལ་སྲིད་པ་གསུམ་གྱི་དྲག་བྱེད་ཕོ་མོས་ཐམས་ཅད་སྐྲག་ཅིང་དངངས་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ན། སངས་རྒྱས་ཀྱི་འཐུས་སྲིད་པ་གསུམ་གྱི་དཀྱིལ་འཁོར་འདིར་རྡོ་རྗེ་འཆང་གི་དཀྱིལ་འཁོར་ཕོ་བྲང་དུ་བྱིན་གྱིས་བརླབས་ཤིང་། །རྡོ་རྗེའི་སྟེང་གི་རྩེ་ལ་རྡོ་རྗེ་རྩེ་མོ་རྒྱུད་དང་འོག་གི་རྡོ་རྗེའི་རྩེ་མོ་ལས་རྡོ་རྗེ་ས་འོག་གི་རྒྱུད་དང་། རྭ་ལྔ་ལས་ཕྱག་

(༡༣༥)ན་རྡོ་རྗེ་རིགས་ལྔའི་རྒྱུད་དང་། རྡོ་རྗེ་ལྟེ་བ་ལ་རྡོ་རྗེ་རྣམ་པར་འཇོམས་པ་གཟུངས་སྔགས་རྩ་བའི་རྒྱུད་དང་། འོག་གི་རྭ་ལས་ཁྲོ་བོ་སྟོང་རྩ་གཉིས་རི་རབ་ཀྱི་རྩེ་མོ་ནས་ཁང་པ་རྩེགས་པའི་རྒྱུད་སྟོང་དང་། རྡོ་རྗེའི་སྟེང་གི་ཆུ་སྲིན་གྱི་ཁ་རྣམས་ལས། ཟླ་བ་ཆུ་འཛག །ཉི་མ་ཁྲག་སྐེམས། གསང་བ་གཏན་པའི་རྒྱུད་རྣམས་དང་ཁྲོ་བོ་མི་གཡོ་བའི་རྒྱུད་རྣམས་དང་། ཁྲོ་བོ་བཅུ་དང་། ཁྲོ་མོ་བཅུའི་གཟུངས་སྔགས་རྣམས་གསུངས་སོ། །རྡོ་རྗེ་ལྟེ་བའི་པད་མའི་ཟེ་འབྲུ་རྣམས་ལ་རྟེན་ནས་ཙཎྜ་རོ་ཥ་ཐུགས་ཀྱི་རྒྱུད། བཛྲ་པཱ་ཎི་སྐུའི་རྒྱུད། ནི་ལམ་བྷ་ར་གསུང་གི་རྒྱུད། །བཅོ་བརྒྱད་རྒྱལ་ངོས་ཡོན་ཏན་གྱི་རྒྱུད། བདུད་རྩི་འཁྱིལ་པ་འཕྲིན་ལས་ཀྱི་རྒྱུད་དང་། སྔགས་རྣམས་གསུངས་ཤིང་བྱིན་གྱིས་བརླབས་སོ། འོག་གི་ཆུ་སྲིན་གྱི་ཁ་དང་རྭ་རྣམས་ལས། མཚོན་ནས་རྡོ་རྗེ་ས་འོག་གི་རྒྱུད་དང་། འབྱུང་པོ་ཀུས་འདེབས་ཀྱི་རྒྱུད་དང་། བྱ་ཁྱུང་གི་རྒྱུད་རྣམས་དང་། ཀླུ་གཤེད་ཀྱི་ཁྲོ་བོ་རྣམས་ཀྱི་རྒྱུད་དང་། བཟུངས་རྣམས་གསུངས་སོ། །དེའི་ཚེ་དེའི་དུས་ན། ལྷ་མ་སྲིན་སྡེ་བརྒྱད། དྲེགས་པ་ཕོ་མོ་རྣམས་སྐད་གཅིག་ཙམ་གྱིས་འདུས་ཤིང་དམ་ལ་བཏགས་ནས། རྒྱ་གྲམ་ཆེན་པོ་ལྔའི་དཀྱིལ་འཁོར། ཁྱད་པར་གྱི་འཁོར་ལོ་བཞི་ཟེར་ཡང་རྒྱལ་པོ་ཆེན་པོ་བཞི་ཡིན། རྒྱལ་པོ་བཞི་འཁོར་དང་བཅས་པའི་རྒྱུད་དང་། གཟུངས་མང་དུ་གསུངས་པ་དང་། གསུང་གི་དལ་རྒྱ་གྲམ་ཆེན་པོ་ལྡང་དགུའི་དལ་ལས། ལྷ་མ་སྲིན་སྡེ་བརྒྱད་

(༡༣༦)ཕོ་མོ་འཁོར་དང་བཅས་པའི་རྒྱུད་དང་གཟུངས་དཔག་དུ་མེད་པ་གསུངས་པ་དང་། སྐུའི་དཀྱིལ་འཁོར་ལྷ་ལྔ། རྒྱ་རྩ་གཅིག་གི་དཀྱིལ་འཁོར་ནས། གནོད་སྦྱིན་གོས་སྔོན་ཅན་ལྔ་བརྒྱའི་རྒྱུད་དང་། གཟུངས་ཡང་དུ་གསུངས་པ་སྟེ། དཀྱིལ་འཁོར་ཅི་ལྟར་དུ་བྱུང་ན་ཡང་། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་དབུས་ན་རྡོ་རྗེ་རེ་རེ་བཞུགས་པའོ། །ཕྱོགས་སྐྱོང་བཅུ་འཁོར་དང་བཅས་པའི་རྒྱུད་གཟུངས་དཔག་དུ་མེད་པ་དང་། ཚངས་རིགས་ཀྱི་མགོན་པོ་བདུན་བཅུ་རྩ་གཉིས་འཁོར་དང་བཅས་པའི་རྒྱུད་དང་གཟུངས་དཔག་ཏུ་མེད་པ་གསུངས་པ་དང་། ཕྱག་ན་རྡོ་རྗེའི་འཁོར་གྱི་དམ་པ་དེ་ཀླུ་ཡིན་པ་ལས། ཁང་བུ་རྩེགས་པ་རིན་པོ་ཆེའི་མཆོད་རྟེན་རྩེགས་པ། ཀླུ་ཆེན་ཕོ་མོ་བཅུ་དྲུག་གི་རྒྱུད་གསུངས། སྦལ་ནག་ཁ་སྦྱོར། སྦྲུལ་ནག་འཇིང་སྣོལ། ཀླུ་ཁྱབ་འཇུག་ཆེན་པོ་བདག་སྲོག་གི་འཁོར་ལོ། །དུར་བ་ནག་པོ་མགོ་དགུ་ལ་སོགས་པའི་རྒྱུད་དང་། གཟུངས་དཔག་དུ་མེད་པ་གསུངས་པ་སྟེ། སྲིད་པ་གསུམ་གྱི་གཏུམ་པོ་དྲེགས་བྱེད་ཐམས་ཅད་ཀྱི་སྲོག་སྙིང་ཕུལ་བའོ། །ཕྱག་ན་རྡོ་རྗེ་འཁོར་དང་བཅས་པའི་རྒྱུད་དང་གཟུངས་འདི་རྣམས་གཙོ་ཆེར་བྱ་བའི་རྒྱུད་དུ་རྟོགས་པ་ཡིན། ཕལ་ཆེར་ཕྱི་རྒྱུད་གསུམ་ཀ་ལ་ཁྱབ་པ་སྟེ། གསང་བ་བསྟན་པ་རྒྱུད་ལེའུ་བདུན་པ་འདི་ཕྱག་ན་རྡོ་རྗེའི་རྩ་བའི་རྒྱུད་ཡིན། ཕྱག་ན་རྡོ་རྗེ་ཡོ་ག་ལ་གཏོགས་པ་རྣམས་ལ་བཞིར་དབྱེ་བ་ལས། ཡོ་གའི་བླ་ན་མེད་པའི་རྒྱུད་ཙམ་དུ་གསང་བ་བསྟན་པ་འདི་གཏོགས་པ་ཡིན། །དེའི་ཕྱིར་ན།

(༡༣༧)ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལས། ཀྲྀ་ཡ་དག་པའི་རྣལ་འབྱོར་ལ་ཆོས་ཀྱི་སྒོ་མོ་བདུན་དབང་པའི་ཕྱིར་ན། རྡོ་རྗེ་འཛིན་པ་བྱ་བའི་རྒྱུད་ཀྱི་ཆོས་ཀྱི་ཕུང་པོ་གཉིས་དང་། ཆོས་ཀྱི་སྒོ་མོ་གཅིག་གིས་སུམ་ཆ་ཐོབ་པ་དེ། བྱ་བ་དང་བྱེད་པ་སྣ་ཚོགས་དང་། ཁྲུས་དང་གཙང་སྦྲ། གཟུངས་སྔགས་ཀྱིས་སྒྲིབ་པ་སྦྱོང་པའོ། །གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་བྱ་བའི་རྒྱུད་ཀྱི་རྡོ་རྗེ་འཛིན་པ་འཁོར་དང་བཅས་པའི་གསང་བའི་མཛོད་རྣམས་གཏན་པའི་བར་སྐབས་སོ། །དེའི་ཚེ་དེའི་དུས་ན། ཞི་བའི་བློ་གྲོས་ཀྱི་ཕྱག་ན་རྡོ་རྗེ་ལ་སྨྲས་པ། ཤཱཀྱ་ཐུབ་པས་རྫུ་འཕྲུལ་དང་ཆོ་འཕྲུལ་མཛད་པའི་ཚེ་ཁྱེད་ཀྱིས་ཀྱང་སྤྲུལ་པ་མཛད་དམ་མི་མཛད་ཕྱག་ན་རྡོ་རྗེ་འཐད་པ་བཀོད་པ། སངས་རྒྱས་དངོས་སུ་བཞུགས་པ་ཡང་པོ་ཡིན་པའི་ཕྱིར་ན། སངས་རྒྱས་ཀྱི་གང་གའི་ཀླུང་གི་བྱེ་མ་སྙེད་རྡུལ་གཅིག་སྟེང་ནས་རྡུལ་རྙེད་ཀྱི་སྤྲུལ་པ་དུ་མ་སྤྲུལ་ན། བདག་གིས་ཀྱང་དེ་རྣམས་ཀྱི་གྲངས་དང་། ཁ་དོག་དང་སྟོབས་དང་། རྫུ་འཕྲུལ་རྣམ་པར་འཕྲུལ་པའོ། །དེ་ཅིའི་ཕྱིར་ཞེས་ན། སྔོན་གྱི་སེམས་དང་སྨོན་ལམ་དང་ཡེ་ཤེས་ཀྱི་སྟོབས་ཀྱི་མ་བྱུང་པ་ཁ་མེད་པའོ། །དེ་ཡང་མ་ཟད་དེ། ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་ནས་སངས་རྒྱས་ཇི་ལྟར་དུ་བཞུགས་པ་བཞིན་དུ། ཕྱག་ན་རྡོ་རྗེ་ཡང་དེ་ལྟར་དུ་བྱུང་སྟེ། སངས་རྒྱས་ཀྱི་མཛད་པ་སྣ་ཚོགས་སྒྲུབ་པའོ་ཕྱག་ན་རྡོ་རྗེས་གསང་བ་གསུམ་གྱི་མཛོད་བསྟན་པ་ལས། རྫུ་འཕྲུལ་མཐུ་སྟོབས་བསམ་གྱིས་མི་ཁྱབ་ཅིང་། ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་བར་སྐབས་

(༡༣༨)བསྟན་པའོ། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་པ་ལས། ཁྱད་པར་དུ་ཀྲྀ་ཡ་དག་པའི་རྣལ་འབྱོར་གྱི་སྟོན་པ་བསྟན་པ་གསང་བ་གསུམ་གྱི་མཛོད་དང་འཐུན་པར། རྒྱུད་གཟུངས་རྣམས་དང་འཐུན་པར་འཛིན་སྔགས་པ་རང་བྱུང་རྡོ་རྗེས་བསྟན་པའོ། །བྱ་བའི་རྒྱུད་ཀྱི་བསྟན་པ་རྒྱ་མཚོ་མཐའ་ཡས་པ་འདི། གང་དང་གང་དུ་བཞུགས་ཤིང་ཉན་པ་དང་བཤད་པ་དང་། བྲི་དང་ཀློག་སྐྱེད་རྫོགས་བསྒོམས་པ་ལ་སོགས་པ། རྣམས་ལ་སངས་རྒྱས་སྟོང་རྩ་གཉིས་དང་། རྡོ་རྗེ་འཛིན་པ་འཁོར་དང་བཅས་པ་རྣམས་ཀྱིས་བསྲུང་བ་དང་སྐྱོབ་པ་དང་། བར་ཆད་སེལ་བ་དང་། བསྟན་པ་བསྲུང་བ་དང་། གསང་བ་གསུམ་གྱི་མཛོད་ཀྱི་དངོས་གྲུབ་རང་གི་ལུས་ངག་ཡིད་གསུམ་ལ་སྟོབས་པར་བྱིན་གྱིས་བརློབས་ཤིག་ཆོས་དབྱིངས་བྱང་ཆུབ་ཀྱི་དཀྱིལ་འཁོར་དུ། བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་བསགས་དང་རྟོགས་པ་དང་། །འགྲོ་དྲུག་སེམས་ཅན་མ་ལུས་པ། །སྐུ་ལྔ་ཡོངས་རྫོགས་སངས་རྒྱས་ཉིད་དུ་ཤོག །ཀུན་གཞི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །བདག་དང་སེམས་ཅན་ཐམས་ཅད་ཀྱིས་དུས་གསུམ་དུ་བསགས་པ་དང་། རྟོགས་པའི་དགེ་བའི་རྩ་བ་འདིས་དུས་གསུམ་གྱི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས། གཅིག་དུ་སྡུས་པ་ཙམ་བྱེ་བ་ཁྲག་ཁྲིག་བསམ་གྱིས་མི་ཁྱབ་པ། བདག་ལ་ད་ལྟ་ཉིད་དུ་འབྱུང་ཞིང་། འགྲོ་དྲུག་སེམས་ཅན་རྣམས་སྐད་ཅིག་ཉིད་ལ། བླ་ན་མེད་པའི་སངས་རྒྱས་ལ་འགོད་པར་གྱུར་ཅིག །ཀྲྀ་ཡ་དག་པའི་རྣལ་འབྱོར་ལྕང་ལོ་ཅན་གྱི་ཕོ་བྲང་ན་བཞུགས་པའོ། །བྱང་ཆུབ་རྡོ་རྗེའི་བྱ་བའི་རྒྱུད་ཀྱི་བསྟན་པ་རྒྱ་མཚོ་མཐའ་

(༡༣༩)ཡས་རྫོགས་སོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་བརྒྱན་དུ་ཤོག །ཕུན་སུམ་ཚོགས་པ་རྒྱ་མཚོ་མཐའ་ཡས་ཀྱི་གཞུང་ས་གཅད་ཆེན་མོ་དང་། ཕུན་སུམ་ཚོགས་པ་རྒྱ་མཚོ་མཐའ་ཡས་ཀྱི། བྱ་བའི་རྒྱུད་ལ་སོགས་པ། ཕྱི་རྒྱུད་གསུམ་གྱི་གདམ་ངག་རྣམས་དང་སྦྱར་ཏེ། གཞུང་ས་བཅད་ཡིག་སྣའི་ཚུལ་དུ་བཤད་པར་བྱའོ། །རྫོགས་དང་། མ་རྫོགས། དེ་རྫོགས་སོ། །ལོངས་སྐུ་རང་རྒྱུད་པའི་བསྟན་པ་ཕྱི་བརྒྱུད་གསུམ་ལས། བྱ་བའི་རྒྱུད་ཀྱི་འཇམ་དཔལ་ཡེ་ཤེས་སེམས་པའི་སྟོན་པ་ཕུན་སུམ་ཚོགས་པ་དང་། བསྟན་པ་ཕུན་སུམ་ཚོགས་པ་ཕྱག་འཚལ་ལོ། །འཇམ་དཔལ་ཡང་གཞི་ལམ་འབྲས་བུ་ཡིན་ཏེ། ཕྱག་ན་རྡོ་རྗེ་བྱ་བའི་རྒྱུད་ཀྱི་གསང་མཛོད་དུ་རྒྱས་པར་ཤེས་པར་བྱའོ། །བྱ་བའི་རྒྱུད་ཀྱི་འཇམ་དཔལ་གྱི་བསྟན་པ་ཕུན་སུམ་ཚོགས་པ་བོད་ལ་འགྱུར་བ་དང་། མ་འགྱུར་བའི་གཟུངས་སྔགས་མང་དུ་གསུངས་པ་སྟེ། དེ་ཡང་དབྱེ་ན་རྣམ་པ་གསུམ་ཡིན་ཏེ། ཤཱཀྱ་ཐུབ་པའི་ཞལ་ནས་གསུངས་པ་རྣམས་ནི། བཀའ་ཡིན་ལ། རྒྱལ་པོ་ཛའི་དུས་སུ་བ་ར་ན་སེར་རད་ཎ་མ་ཏིའི་ཡང་ཐོག་དུ་ཆར་དུ་བབ་པ་རྣམས་ནི་རྒྱུད་ཡིན་ནོ། །དེ་ཡང་བཀའ་རྒྱུད་རྣམས་ནི་ཕུན་སུམ་ཚོགས་པ་ལྔས་སྟོན་ལ། དེ་ལས་འཕྲོས་པ་བསྟན་བཅོས་ཡིག་སྣ་ས་བཅད། གདམས་ངག་བསྒྲུབ་ཐབས་ཀྱི་ཚོགས་དང་བཅས་པ་རྣམས་ནི། །རྩིས་མགོ་རྣམ་པ་ལྔ་ཡིས་འཆད་དོ། །དེ་ཡང་དོན་རྣམ་པ་གསུམ་གྱིས་ཁོག་ཕུབ་པ་སྟེ། ཀླད་དང་དོན་དང་འཇུག་

(༡༤༠)གི་དོན་ཏོ། །ཀླད་ཀྱི་དོན་ནི་རྒྱ་གར་སྐད་བོད་ཀྱི་སྐད་འཚམས་སྦྱར་བ་དང་། རྒྱ་སྐད་བོད་སྐད་དུ་བསྒྱུར་བ་དང་། རྒྱ་གར་སྐད་དུ་སྐད་རིགས་བཞི་འམ་ལྔ་ཡོད་པ་ལས། འདི་ནི་སང་ཀྲྀ་ཏ་ལྷའི་སྐད་ལ་བོད་སྐད་བསྒྱུར་བའོ། ཡིད་ཆེས་ཤིང་བྱིན་བརླབས་འཇུག་པར་བྱ་བའི་ཕྱིར། མཚན་ལ་ཕྱག་འཚལ་བ་དང་། བླ་མ་བརྒྱུད་པའི་རིམ་པ་རྣམས་ཀྱི་གླེང་གཞི་དང་། མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་སྟེ། ཕྱི་རྒྱུད་རྣམ་པ་གསུམ་ལས། ཀྲྀ་ཡ་རིགས་གསུམ་རྡོ་རྗེ་ཡིས། བཀའ་དང་། རྒྱུད་རྣམས་སོ་སོར་འབྱེད་པ་ལས། འདིར་ནི་འཇམ་དཔལ་རྡོ་རྗེ་འཛིན་པ་ཡིས། གཞི་དང་ལམ་གྱི་བསྒྲོད་ཚུལ་འབྲས་བུའི་ཐོབ་ཚུལ། སྟོན་པ་ཕུན་སུམ་ཚོགས་པ་དང་། བསྟན་པ་ཕུན་སུམ་ཚོགས་པ་དང་། རྒྱུད་དང་བཀའ་དང་མི་འགལ་བར་གསལ་ཞིང་གོ་བར་བྱེད་པ་སྟེ། ཀླད་ཀྱི་དོན་དུ་གཞུང་ས་བཅད་དང་བཅས་པ་མདོར་བསྡུས་པའོ། །གཞུང་གི་དོན་ལ་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ནས། རབ་འབྱམ་ཆོས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་བཀའ་ཏུ་གསུངས་པ་སྟེ། དེའི་ནང་ནས་བྱེ་བྲག་དུ་འཇམ་དཔལ་བྱ་བའི་རྒྱུད་ཀྱི་གཟུངས་སྔགས་རྣམས་དང་། ཐོག་མ་མེད་པའི་ཐེག་མ་མེད་པ་ནས། འཇམ་དཔལ་བསྟན་པ་ལ་ཞུགས་པར་འདོད་པས། བསྟན་པ་ལ་ཞུགས་པར་བཞེད་པ་དང་། བྱང་ཆུབ་དུ་སེམས་སྐྱེད་པར་འདོད་པས་ཀྱང་། བསོད་ནམས་ཀྱི་ཚོགས་བསགས་ཤིང་ལམ་ལ་ཡང་མ་སྒྲོད་ནས། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་ཞིང་། གདོད་མ་ནས་ཆོས་ཐམས་ཅད་འབྱུང་བ་མེད་པར་རྟོགས་ནས་སངས་རྒྱས་པར་

(༡༤༡)བཞེད་པ་དང་། །ཐོག་མ་མེད་པའི་དུས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་ཅིང་གྲངས་མེད་པ་རྣམས་ཀྱི་དྲུང་དུ་སྐྱེ་ཞིང་། རྒྱལ་བ་སྲས་དང་བཅས་པ་རྣམས་མཉེས་པར་བགྱིད་ཅིང་། ས་ལམ་དཔག་ཏུ་མེད་པར་སྒྲོད་པར་བཞེད་པ་དང་། རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཡེ་ཤེས་དང་། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཤེས་རབ། ཤེས་དང་ཤེས་བྱའི་བདག་པོར། ཐོག་མ་མེད་པའི་དུས་གྱུར་ཞིང་། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ལ་དབང་བསྐུར། སེམས་ཅན་རྣམས་ཀྱི་ཤེས་པ་དང་ཤེས་བྱ་ལ་དབང་བསྒྱུར་བས་ཏེ། དེའི་ཕྱིར་ན་མཚན་བརྗོད་ཀྱི་ལུང་ལས་ཀྱང་ཤེས་དང་ཤེས་བྱའི་བདག་པོ་སྟེ། གཙོ་བོ་ཆོས་ཀྱི་སྦྱིན་བདག་མཆོག །ཅེས་གསུངས་པའི་དོན་ཡང་སྐབས་འདིར་དགོངས་པའི་ཕྱིར་ན། ཐོབ་མ་བར་དང་ཐ་མ་མ་མཆིས་པའི་དུས་སུ་སངས་རྒྱས་སེམས་ཅན་གང་དུ་ཡང་ཐ་སྙད་མི་འདོགས་ཤིང་། ཆོས་ཅན་དང་ཆོས་ཉིད་རང་བཞིན་གྱིས་གནས་པའི་དུས་སུ། ཐམས་ཅད་ཀུན་གྱི་རང་བཞིན་དྲི་མ་མེད་པ་འདི་གང་གིས་རྟོགས་པ་དེ་ནི་ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། ཞེས་ཐ་སྙད་འདོགས་པ་སྣང་སྲིད། རྟེན་དང་རྟེན་པ་འཇམ་དཔལ་གྱི་རང་བཞིན་གྱིས་ཤེས་རབ། སེམས་དང་སེམས་བྱུང་ཆོས་དང་ཆོས་ཉིད། ཤེས་དང་ཤེས་བྱ་ཞེས་བྱ་བས་ཏེ། མ་རིག་པས་བསྒྲིབས་ཤིང་། གཟུང་བ་དང་འཛིན་པར་གྱུར་པ་ནི། ཁམས་གསུམ་པ། ཞེས་བྱའོ། །དེའི་ཕྱིར་ན། འཁོར་འདས་ཀུན་གྱི་རང་བཞིན་ནི། འཇམ་དཔལ་ཤེས་རབ་དྲི་མ་མེད་པར་

(༡༤༢)རྟོགས་པ་དང་། དྲི་མ་དང་བཅས་པའོ། །དེའི་ཕྱིར་ན། འཁོར་འདས་ཐམས་ཅད་ཀྱི་རང་བཞིན་ལས་འཇམ་དཔལ་གྱིས་མ་ཁྱབ་པ་མེད་པའི་ཕྱིར་ན། གཞིའི་འཇམ་དཔལ་བསྒྲོད་བྱ་ལམ་གྱི་འཇམ་དཔལ་སྐུ་ལྔ་ཡོངས་སུ་རྫོགས་པའི་འཇམ་དཔལ་ཏེ། འཇམ་དཔལ་ནི་གཞི་ལམ་འབྲས་བུ་མེད་པར་འདོད་པ་དང་། གཞི་ལམ་འབྲས་བུ་མེད་པར་བཞེད་པ་སྟེ། ཀུན་རྫོབ་ཐམས་ཅད་ཡོད་པར་བཞེད་པ་སྟེ་གཞན་དང་མཐུན། དོན་དམ་པར་ན་སེམས་གྱི་གནས་ལུགས་གཤིས་ལྔ་རྟོགས་ནས། ཡེ་ཤེས་ལྔ་དང་འཇམ་དཔལ་རང་མལ་དུ་རང་ས་ཟིན་ཤིང་། རང་ངོ་ཤེས་པར་བཤད་པས་ཏེ། བདག་རིག་གཞན་རིག་ཆེན་པོ་པ། བྱ་བའི་དོན་ཡང་འདི་ལ་previous hit དགོངས next hit་ཡིན། སེམས་དང་སེམས་འབྱུང་གི་གཤིས་ལྔ་མ་རྟོགས་ཤིང་། རང་བཞིན་ཉིད་ལས་རང་དང་འཁྲུལ་པ་ལས། དུག་ལྔ་ཕུང་པོ་ལྔ་འགྲོ་བ་རིགས་ལྔའི་ལུས་ངག་ཡིད་གསུམ་འཁྲུལ་པ་སྟེ། སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །ཞེས་པ་ཡང་འདི་ལ་previous hit དགོངས next hit་ཡིན། དེའི་ཕྱིར་ན། སངས་རྒྱས་ཀྱི་ཡེ་ཤེས་གྱི་མཛོད་ཀྱང་འདི་ལ་previous hit དགོངས next hit་ཡིན་ལ། སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པ་བློ་དང་རྟོགས་པ་རིག་རིག་པོ་དང་། དུར་དུར་པོ་དང་། འདུ་བྱེད་ཀྱི་ཕུང་པོ་ཐམས་ཅད་ཀྱང་འཇམ་དཔལ་ཡིན་པར་བཞེད་པ་སྟེ། ཀུན་ཤེས་ཀུན་རིག་དམ་པ་པོ། །མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཕྲ་ཞིང་ཟག་མེད་ས་བོན་བྲལ། །ཅེས་གསུངས་previous hit ་ཡང་སྐབས་འདིར་དགོངས next hit་སོ། །སྐབས་འདིར་ནི་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་འཇམ་དཔལ་དུ་གཏན་ལ་ཕབ་སྟེ། དེ་ལས་བྱུང་བའི་རྒྱུ་འབྲས་ལས་འདས་

(༡༤༣)པའི་ཕྱིར་ན། སངས་རྒྱས་ཐོག་མ་ཐ་མ་མེད་པ་ཡང་འཇམ་དཔལ་ཡིན་ལ། འཁོར་བ་ཐོག་མ་དང་ཐ་མ་མེད་པ་ཡང་འཇམ་དཔལ་དུ་བཞེད་པའོ། །དེའི་ཚེ་དེའི་དུས་ན། འཇམ་དཔལ་བྱེ་བྲག་པ་བྱ་བའི་རྒྱུད་ཀྱིས། ས་བཅུ་རིམས་ཀྱིས་སྒྲོད་ཚུལ་བསྟན་པའི་འཇམ་དཔལ་ཡེ་ཤེས་སེམས་དཔའ། རྡོ་རྗེ་འཛིན་པ་གཏན་ལ་ཕབ་པར་བྱ་སྟེ། ཤཱཀྱ་ཐུབ་པའི་ཞལ་ནས་གསུངས་པའི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ས་ལམ་ལ་གནས་ཤིང་། ཚེ་རབས་གྲངས་མེད་པ་ནས་སངས་རྒྱས་མང་པོའི་དྲུང་དུ་སྐྱེས་ཤིང་། ས་ལམ་སྒྲོད་ཚུལ་བསྟན་པའི་སྐྱེ་རབས་ཤཱཀྱ་ཐུབ་པས་གསུངས་པ་བསམ་གྱིས་མི་ཁྱབ་པ་མདོ་རྒྱུད་ཀུན་ན་བཞུགས་པ་སྟེ། ཁྱད་པར་དུ་འཁོར་ལོ་བསྒྱུར་བ་ཡུལ་འཁོར་སྐྱོང་མ་བུ་སྟོང་ཡོད་པ་བསྐལ་བ་བཟང་པོ་འདི་ལ་སངས་རྒྱས་སྟོང་དུ་འབྱུང་ཞིང་། མཛད་པ་ཕྲིན་ལས་རྫོགས་པར་བཞེད་པ་ལས། འཇམ་དཔལ་གྱིས་ནི། སངས་རྒྱས་དགུ་བརྒྱ་དགུ་བཅུ་གོ་དགུའི་ཡེ་ཤེས་ཀྱི་མཛོད་ལ་དབང་སྒྱུར། དེ་རྣམས་ཀྱི་བསྟན་པ་ལས་སྐྱེས་པའི་སེམས་ཅན་རྣམས་ཀྱིས་ཤེས་དང་ཤེས་བྱ་ལ་དབང་བསྒྱུར་ཞིང་། རབ་འབྱམ་ཆོས་ཀྱི་ཕུང་པོ་རྣམས་འཇམ་དབྱངས་རྡོ་རྗེ་འཛིན་པ་ཡིས། སྐུ་གསུང་ཐུགས་ལ་ཤེས་རབ་དྲི་མ་མེད་པ་རྒྱས་ཤིང་རྫོགས་པར་མཛད་ཀྱང་། བདག་ནི་དེ་དུས་སངས་རྒྱས་པར་མི་བྱ་ཞིང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཡེ་ཤེས་སྤྱན་དུ་གྱུར་གཅིག་ཅེས་སྨོན་ལམ་གཏབ་པ་སྟེ། དེ་རྣམས་ཀྱི་སྒྲ་དང་དོན་མཁྱེན་པ་དང་ཡེ་ཤེས་པ་དང་ཤེས་བྱའི་ཚོགས་རྣམས་བཅུ་དེ་སོ་སོར་དབྱེ་བར་བྱའོ། །ཡང་དག་པ་

(༡༤༤)རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས། སེམས་ཅན་གཅིག་ལ་ཐམས་ཅད་ཀྱི་རྒྱུད་ལས་རྣམ་པར་རྟོག་པ་བརྒྱད་ཁྲི་བཞི་སྟོང་། དེས་སྐྱེད་པའི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་། འཇམ་དཔལ་གྱི་ཤེས་དང་ཤེས་བྱ་དྲི་མ་དང་བཅས་པར་གནས་ཤིང་སྐྱེད་པར་previous hit དགོངས་ནས། དེའི་གཉེན་པོར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་ next hit་ལས། དེ་ཡང་སོ་སོར་དབྱེ་བ་སྡེ་སྣོད་གསུམ་ཕྱི་རྒྱུད་གསུམ་དུ་འདུས་པ་སྟེ། སྡེ་སྣོད་གསུམ་དུག་གསུམ་གྱི་གཉེན་པོ་ཡིན་ལ། ཆ་མཉམ་ང་རྒྱལ་ཕྲག་གཉིས་ཀྱི་གཉེན་པོ་ཕྱི་རྒྱུད་གསུམ་བྱུང་བ་སྟེ། སྡེ་སྣོད་གསུམ་ལས་ཉི་ཁྲི་གཅིག་སྟོང་གསུང་། ཕྱི་རྒྱུད་གསུམ་ལས་ཉི་ཁྲི་གཅིག་སྟོང་། རིག་སྔགས་གཟུངས་སྔགས་ཀྱི་ཆར་གཏོགས་ཏེ། ཆོས་ཀྱི་སྒོ་དང་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུ་མིང་འདོགས་པ་སྟེ། དེ་ཡང་སོ་སོར་དབྱེ་ན་ཕྱི་རྒྱུད་གསུམ་གྱིས་ཉི་ཁྲི་གཅིག་སྟོང་དབང་བ་ལས། བྱ་བའི་བཀའ་དང་རྒྱུད་གཉིས་ཀྱིས་ཆོས་ཀྱི་ཕུང་པོ་བདུན་དབང་པ་ལས། འཇམ་དཔལ་གཞོན་ནུ་གྱུར་པའི་བྱ་བའི་བཀའ་དང་རྒྱུད་ཀྱི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས་སྟོང་ཚོ་གཉིས་དང་། སུམ་བརྒྱ་སུམ་བཅུ་རྩ་གསུམ་ཆོས་ཀྱི་སྒོ་མོ་གཅིག་གིས་སུམ་ཆའི་བསྟན་པ་དབང་པ་ཡིན། ཤེས་དང་ཤེས་བྱ་གཏན་ལ་འབེབས་ཤིང་དྲི་མ་དག་པར་བྱེད་པ་སྟེ། གཟུངས་སྔགས་ཀྱི་སྡེ་ཚན་དུ་གཏོགས་ཤིང་། མཆོག་དང་ཐུན་མོང་གི་དངོས་གྲུབ་ལས། ལྟ་བ་མཐའ་བཞི་དྲི་མ་དང་བྲལ་བར་རྟོགས་ཤིང་། ཐུན་མོང་གི་དངོས་གྲུབ་འཕྲིན་ལས་རྣམ་པ་བཞི་ལ་མངའ་མཛད་ཅིང་། ཁྱད་པར་དུ་མཁྱེན་པའི་ཡེ་ཤེས་རབ་འབྱམ་ལ་མངའ་བརྙེས་ཤིང་། བདེ་གཤེགས་བཀའ་ལས་ལུང་ཆེན་ཐོབ་པ་

(༡༤༥)དང་། མཐར་ཐུག་ཏུ་ས་བཅུའི་འཇམ་དཔལ་རྡོ་རྗེ་འཛིན་པའི་འབྲས་བུ་ཐོབ་པར་སྟོན་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁྱེན་པ་དང་། མཁྱེན་པའི་ཡེ་ཤེས་འཛིན་པའི་ཕྱིར་ན། འཇམ་དཔལ་རྡོ་རྗེ་འཛིན་པ་ཞེས་བྱའོ། །ཁམས་གསུམ་པའི་སེམས་ཅན་རྣམས་ཀྱིས། ཕྱི་སྣོད་ནང་བཅུད་ཀྱི་ཤེས་དང་ཤེས་བྱའི་བྱེ་བྲག་སྣ་ཚོགས་སོ་སོར་འབྱེད་ཅིང་། སོ་སོ་བསྟེན་ཞིང་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ལས། སེམས་དང་སེམས་འབྱུང་ཤེས་པ་དང་ཤེས་བྱའི་ཚུལ་དུ་གནས་པའི་ཕྱིར་ན། ནམ་མཁའ་ལྟ་བུར་ཆགས་པ་མེད། །སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །སེམས་ཅན་ཀུན་གྱི་ཡིད་འཕྲོག་པ། །སེམས་ཅན་ཀུན་གྱི་ཡིད་ལ་འཇུག །ཅེས་གསུངས་པའི་དོན་ཡང་སྐབས་འདིར་previous hit དགོངས་པའོ། །དེའི་ཕྱིར་ན། །རྒྱལ་བ་སྲས་དང་བཅས་ next hit་རྣམས་ཀྱིས། མཁྱེན་པ་དང་ཡེ་ཤེས་ཀྱང་འཇམ་དཔལ་ཡེ་ཤེས་སེམས་དཔའ་previous hit དགོངས next hit་དྲི་མ་མེད་པས་མ་ཁྱབ་པ་ཡིན། ཁྱབ་བདག་ཡེ་ཤེས་ལྔའི་བདག །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཞེས་གསུངས་པ་ཡང་སྐབས་འདིར་དགོང་པ་ཡིན། དེའི་ཚེ་དེའི་དུས་ན། ཁྱབ་ཆེས་ཁྱབ་ཆུང་ཐ་དད་བྱེ་བྲག་རིམ་པར་ཤེས་པར་བྱ། ཞེས་གསུངས་པའི་ཕྱིར་ན། སྐབས་འདིར་ནི་ས་ལམ་སྒྲོད་ཚུལ་བསྟན་པའོ། །འཇམ་དཔལ་གྱི་བསྟན་པའི་འཇམ་དཔལ་གྱི་སྟོན་པ་སྟན་པ་བཤད་པ་ཡིན་པའི་ཕྱིར་ན། རྡོ་རྗེ་རྩེ་མོའི་རྒྱུད་ལས་ཀྱང་། ཀྲྀ་ཡ་མདོ་སྔགས་གཉིས་ཀྱི་མཚམས་སུ་བྱུང་། སྟོན་པ་འཐུན་ཏེ། བསྟན་པ་མི་འཐུན་ནོ་གསུངས་པའི་ཕྱིར་ན། སྟོན་པ་

(༡༤༦)ཤཱཀྱ་ཐུབ་པར་འཐུན་ཡང་། བསྟན་པ་སྡེ་སྣོད་གསུམ་དང་བྱ་བའི་རྒྱུད་གཉིས་ཉམས་སུ་བླང་ཚུལ་དང་། ས་ལམ་བསྒྲོད་ཚུལ་དང་། ལམ་ཉེ་རིང་མི་འཐུན་པ་ཡིན། དེའི་ཕྱིར་ན་དྲང་དོན་ངེས་དོན་འབྱེད་པ་རྒྱལ་བ་སྲས་བཅས་གཞན་དང་འཐུན། འཇམ་དཔལ་གྱི་གཞི་ལམ་འབྲས་བུ་སངས་རྒྱས་ཀྱི་ཞིང་དང་། མཛད་པ་ཕྲིན་ལས་ལ་ཚད་ཡོད་པར་བསྟན་པའོ། །དོན་དམ་པར་ནི་འཇམ་དཔལ་ལ་གཞི་ལམ་འབྲས་བུ་མཛད་པ་ཕྲིན་ལས། ཞིང་ཁམས་ལ་ཚད་མེད་པའོ། །དེའི་ཚེ་དེའི་དུས་ན། ཤཱཀྱ་ཐུབ་པས་གསུངས་པ། ཕྱོགས་བཅུ་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འཇམ་དཔལ་ལ་གཞི་ལམ་འབྲས་བུ་ཡོད་མེད་འཇམ་དཔལ་ཉིད་ལ་དྲིས་གཅིག་ཅེས་ལུང་བསྟན་ཏོ། །སེང་གེའི་སྒྲས་མངོན་པར་སྒྲོག་པའི་སྒྲས། །འཇམ་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱིས་དང་པོ་བྱང་ཆུབ་མཆོག་དུ་སེམས་སྐྱེད་དམ། །ལམ་སྒྲོད་དམ། སངས་རྒྱས་སམ། ཞིང་ཁམས་ལ་ཚད་ཡོད་དམ་ཞེས་དྲིས་སོ། །འཇམ་དཔལ་གྱིས་གསུངས་པ། ཆོས་ཐམས་ཅད་མཐར་ཐུགས་སུ་ཆུད་པའི་སངས་རྒྱས་སྔོས་སུ་བཞུགས་བཞིན་དུ། བདག་གིས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་བདག་ཉིད་ཀྱིས་བརྗོད་ན། དེ་ནི་བྱང་ཆུབ་སེམས་དཔའ་བདག་གིས་བདག་བསྟོད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་ལྟར་མི་འགྱུར་གྱིས། འཇམ་དཔལ་ཁྱོད་ཀྱིས། ཁྱོད་ཉིད་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་སྨོན་ལམ་སྟོན་ཅིག །ཁྱོད་ལ་གཞི་ལམ་འབྲས་བུ་ཞིང་ཁམས་ཀྱི་ཚོང་རྣམས་ཡོད་པར་བྱང་ཆུབ་སེམས་དཔའ་ཚོགས་རྣམས་ཀྱིས་ཐོས་ནས་ཤིན་ཏུ་སྤྲོ་ཞིང་དགའ་བར་

(༡༤༧)གྱུར་ཏོ། །འཇམ་དཔལ་གྱིས་ཞུས་པ། བདག་ནི་སངས་རྒྱས་ཀྱི་བཀའ་མི་ཟློག་སྟེ། སངས་རྒྱས་ཀྱི་འཐུས་བསྟན་པར་བགྱིའོ། །དེའི་ཚེ་དེའི་དུས་ན། འཇམ་དཔལ་སངས་རྒྱས་པའི་ཞིང་རྒྱ་ཚོར་སྟོན་པ་དང་། འཇམ་དཔལ་གྱི་གཞི་དང་ལམ་གྱི་སྨོན་ལམ་གྱི་སྟོབས་དང་། རྟོགས་པ་ཡེ་ཤེས་ཀྱི་སྟོབས་རྒྱ་ཆེར་སྟོན་ཏེ། སྐལ་པ་དང་ལྡན་པ་རྣམས་གསོན་ཅིག །བསྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་བརྒྱ་སྟོང་གྲངས་མ་མཆིས་པ་ནས་ཉེ་བར་བཟུང་སྟེ། བདག་གིས་སྨོན་ལམ་བཏབ་པ་ནི། ནམ་བདག་གིས་ཕྱོགས་བཅུ་མཐའ་ཡས་མུ་མ་མཆིས་པའི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པས་བལྟས་ཏེ། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་དེ་དག་མ་ཐམས་ཅད་བདག་གིས་བྱང་ཆུབ་ལ་ཡང་དག་པར་བཙུད་པ་དང་། བདག་གིས་བྱང་ཆུབ་ཀྱི་སེམས་ལ་བཀོད་པ་དང་། བདག་གིས་སྦྱིན་པ་ལ་ཡང་དག་པར་བཀོད་པ་དང་། དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་གྲུས་དང་། བསྟན་དང་། ཤེས་རབ་ལ་ཡང་དག་པར་བཙུད་པ་དང་། བདག་གིས་བསྐུལ་བ་དང་། བདག་གིས་རྗེས་སུ་བསྟན་པར་གྱུར་པར་ཡ་མཐོང་བ་དེ་སྲིད་དུ། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པོར་རྫོགས་པར་འཚང་རྒྱ་བར་མི་བྱའོ། །ནམ་བདག་གིས་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པས་ཕྱོགས་བཅུར་རྣམ་པར་ལྟས་ཀྱང་། བདག་གིས་སངས་རྒྱས་ཉིད་ལ་མ་བཀོད་པའི་དེ་བཞིན་གཤེགས་པ་དེ་ལྟ་བུ་གང་ཡང་མངོན་པོར་མ་གྱུར་པ་དེའི་ཚེ། །བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་

(༡༤༨)འཚང་རྒྱ་བར་བྱའོ། །ཞེས་བགྱི་བར་སྨོན་ལམ་གཏབ་པོ། །དེ་ནས་འཁོར་དེའི་ནང་ནས་བྱང་ཆུབ་སེམས་དཔའ་ལ་ལ་འདི་མཉམ་དུ་སེམས་པར་གྱུར་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་འདིས་སངས་རྒྱས་ཇི་སྙེད་གཅིག་མཐོང་བར་གྱུར་སྙམ་པ་དང་། དེ་ལྟར་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཀྱི་རྟོག་པ་ཐུགས་སུ་ཆུད་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་བརྩལ་གྱིས་མངོན་པོར་སྒྲག་པའི་སྒྲ་ལ་འདི་སྐད་ཅེས་གསོལ་ཏེ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ལ་ལ་ཞིག་སྐྱེས་པར་གྱུར་ཏོ། །དེས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འདི་བརྡུལ་ཕྲ་རབ་དུ་བརླག་ཅིང་། བཤིག་སྟེ་ཐལ་བར་བྱས་ན་རིགས་ཀྱི་བུ་དེ་ཇི། སྙམ་དུ་སེམས་བསྡུལ་ཕྲ་རབས་ཀྱི་རྡུལ་དེ་དག་རྩིས་ཤེས་པའམ། རྩིས་ལ་ཤིན་ཏུ་མཁས་པ་དག་གིས་བརྒྱ་ཕྲག་འདི་སྙེད་གཅིག་ཡོད་དོ་ཞེ་འམ། སྟོང་ཕྲག་འདི་སྙེད་ཅིག་ཡོད་དོ་ཞེའམ། བརྒྱ་སྟོང་ཕྲག་འདི་སྙེད་གཅིག་ཡོད་དོ་ཞེའམ། བྱེ་བ་ཁྲག་ཁྲིག་འདི་སྙེད་གཅིག་ཡོད་དོ་ཞེ་འམ། བྱེ་བ་རྒྱ་ཕྲག་ཁྲག་ཁྲིག་འདི་སྙེད་གཅིག་ཡོད་དོ་ཞེ་འམ། བྱེ་བ་སྟོང་ཕྲག་འདི་སྙེད་གཅིག་ཡོད་དོ་ཞེ་འམ། བྱེ་བ་བརྒྱ་སྟོང་འབུམ་ཕྲག་འདི་སྙེད་གཅིག་ཡོད་དོ་ཤེས་པ་འམ་བགྲང་བའམ། གཞལ་བ་འམ་ཚད་གཟུང་པར་ནུས་སམ་ཞུས་པས། དེ་ལྟ་མ་ལགས་སོ། །འཇམ་དཔལ་གྱིས་སངས་རྒྱས་ཀྱི་སྤྱན་ཀྱི་སྒྲིབ་པ་མེད་པས་རྣམ་པར་ལྟས་ནས། ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་། དེ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་མཐོང་བར་འགྱུར་རོ། །དེ་ནས་སངས་རྒྱས་ལ་འཇམ་དཔལ་གྱི་ཞུས་པ། བདག་གིས་ནི་བདག་གི་སངས་རྒྱས་ཀྱི་ཞིང་གཅིག་ལ་གང་གིས་ཀླུང་དུ་མའི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཙམ་གྱིས་

(༡༤༩)ཐ་གྲུང་ཡངས་པར་ཡོངས་སུ་མ་གྲུབ་ཅིང་། སངས་རྒྱས་ཀྱི་ཞིང་དེའི་ཕྱིར་རིན་པོ་ཆེ་བརྒྱ་སྟོང་འབུམ་ཕྲག་དུ་མ་ལས་གྲུབ་པ་དང་། རིན་པོ་ཆེ་རྒྱ་སྟོང་འབུམ་ཕྲག་དུ་མས་སྤྲས་པ། སྲིད་པའི་རྩེ་མོའི་ཚད་རྩམ་དུ་མ་གྱུར་གྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བགྱིད་པར་སྨོན་ལམ་གཏབ་པོ། བདག་གིས་སངས་རྒྱས་ཀྱི་ཞིང་དེར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བཅུའི་ཚད་ཙམ་གྱི་བྱང་ཆུབ་ཀྱི་ཤིང་སྐྱེས་ཏེ། བྱང་ཆུབ་ཀྱི་ཤིང་དེ། ཡིས་སངས་རྒྱས་ཀྱི་ཞིང་དེ་ཐམས་ཅད་རྒྱས་ཤིང་ཁྱབ་པར་གྱུར་ཅིག །ཅེས་བགྱི་བར་སྨོན་ལམ་དེ་སྐད་བཏབ་པོ། །བྱང་ཆུབ་ཀྱི་ཤིང་དེའི་དྲུང་དུ་བདག་འདུག་པའི་ཚེ་མངོན་པར་སངས་རྒྱས་པ་ནས། ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ། བྱང་ཆུབ་ཀྱི་ཤིང་དྲུང་ནས་མ་ལངས་པར་ཡང་བདག་གིས་སྤྲུལ་པ་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་། སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱ་སྟོང་འབུམ་ཕྲག་གྲངས་མེད་པ་དག་དུ་དོང་ཞིང་། །སེམས་ཅན་རྣམས་ལ་ཆོས་སྟོན་པར་གྱུར་ཅིག་ཅེས་བགྱི་བར་སྨོན་ལམ་དེ་ལྟར་གདབ་པོ། བདག་གིས་སངས་རྒྱས་ཀྱི་ཞིང་དེར། ཉན་རང་མིང་ཙམ་ཡང་མེད་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་ཞེ་སྡང་དང་ཐ་བ་དང་འཆབ་པ་ཚངས་པར་སྤྱོད་པ་ཡོངས་སུ་དག་པ་སྤྱོད་པ་ཤ་སྟག་གིས། སངས་རྒྱས་ཀྱི་ཞིང་དེ་གང་ལ། དེ་དག་བུད་མེད་ཀྱི་མིང་ཡང་མི་གྲག་ཅིང་མངལ་དུ་སྐྱེ་བ་མེད་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་། གོས་ངུར་མྲིག་གྱོན་ཞིང་སྐྱིལ་མོ་ཀྲུངས་བཅས་

(༡༥༠)པར་རྫུས་ཏེ་འབྱུང་བ་དང་། སངས་རྒྱས་ཀྱི་ཞིང་དེར་ཤིན་དུ་དག་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་སྤྲུལ་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས། བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་གྲངས་མེད་པར་གཤེགས་ཤིང་། །སེམས་ཅན་རྣམས་ལ་ཆོས་སྟོན་པ་དེ་དག་ཐམས་ཅད་ཐེག་པ་གསུམ་ལས་བརྩམས་ཏེ། མོས་པའི་ཚུལ་གྱིས་བཞིན་དུ། སེམས་ཅན་རྣམས་ལ་ཆོས་སྟོན་པ་དེ་དག་ཐེག་པ་གསུམ་ལ་བརྩམས་ཏེ། མོས་པའི་ཚུལ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་སྟོན་པ་མ་གཏོགས་པར་སངས་རྒྱས་ཀྱི་ཞིང་དེར་ཉན་ཐོས་དང་རང་སངས་རྒྱས་མེད་ཅིང་། བྱང་ཆུབ་སེམས་དཔའ་ས་ཡོངས་སུ་གང་བར་གྱུར་ཅིག །ཅེས་བགྱི་བའི་སྨོན་ལམ་དེ་སྐད་བཏབ་པོ། །དེ་ནས་སངས་རྒྱས་ལ་བྱང་ཆུབ་སེམས་དཔའ་སེང་གེའི་རྩལ་གྱིས་མངོན་པར་སྒྲགས་པའི་སྒྲས་ཞུས་པ། འཇམ་དཔལ་མངོན་པོར་སངས་རྒྱས་ནས་མིང་ཇི་བགྱི་བར་འགྱུར། སངས་རྒྱས་ཀྱིས་གསུངས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་ཞེས་བྱ་བར་འགྱུར་རོ། །རིགས་ཀྱི་བུ་འདི་སངས་རྒྱས་ཀུན་ཏུ་གཟིགས་ཞེས་བྱ་བ་དེས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་པ་ཀུན་གྱི་སངས་རྒྱས་རྣམས་མཐོང་པར་འགྱུར་བ་དང་། སེམས་ཅན་གང་གིས་མཐོང་བར་འགྱུར་བ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ལ་ངེས་པར་འགྱུར་བ་དང་། སངས་རྒྱས་ཀུན་ཏུ་གཟིགས་དེའི་མཚན་གང་གིས་ཐོས་པ་དེ་དག་ནི་ཤེས་རབ་ཕུན་སུམ་ཚོགས་པ་དང་། སྤོབ་པ་ཕུན་སུམ་ཚོགས་པ་དང་། བློ་གསལ་བ་དང་། རིག་བྱ་ཐམས་ཅད་ལ་བློ་འཇུག་པར་འགྱུར་རོ། །དེའི་ཕྱིར་ན། འཇམ་དཔལ་སངས་རྒྱས་ཀྱི་ཞིང་ནས། བྱང་

(༡༥༡)ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འོད་ཀྱི་ལུས་ཅན་གྱི་ཚོགས་མ་གཏོགས་པར། ཤ་ཁྲག་གི་ལུས་ཅན་མེད་ཅིང་། མི་དགེ་བའི་ཚིག་དེ་ལྟ་བ་ལོག་པ་དང་། ཐེག་པ་ཆུང་ངུའི་སྒྲ་ཡང་མི་གྲག་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་དེ་ཕྱོགས་གང་ན་ཡོད། སྙམ་ན། ལྷོའི་ཕྱོགས་འཇིག་རྟེན་གྱི་ཁམས་འདི་ཉིད་ཀྱང་སངས་རྒྱས་ཀྱང་སངས་རྒྱས་ཀྱི་ཞིང་དེའི་ནང་ན་འདུས་ཤིང་ཁོང་དུ་ཆུད་པར་འགྱུར་རོ། །འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་འདི་ནི་ནམ་མཁའ་དང་འདྲ་ལ། སངས་རྒྱས་སྤྲུལ་པའི་སྐུའི་ཞིང་ཁམས་གཞན་རྣམས་ནི་ཉི་མ་དང་ཟླ་བ་སྐར་མའི་ཚོགས་དང་འདྲའོ། །དེའི་ཚེ་དེའི་དུས་ན། འཇམ་དཔལ་གྱི་རང་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་བཀོད་པ་དེ་བརྗོད་པ་ལས། བྱང་ཆུབ་སེམས་དཔའི་ཚོགས་རྣམས་འདི་སྙམ་དུ་སེམས་སོ། །འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་ཁམས་དེ་དང་། འཇམ་དཔལ་སངས་རྒྱས་པའི་ཀུན་ཏུ་གཟིགས་ཀྱི་ཞིང་ཁམས་དེ་གཉིས་འདྲའམ། འོན་ཏེ་མི་འདྲ། སྙམ་པ་ལས། ཤཱཀྱ་ཐུབ་པས་གསུངས་པ་འདི་ལྟ་སྟེ། དཔེར་ན་མི་འགའ་ཞིག་གིས་སྐྲའི་རྩེ་མོ་རྒྱར་བཤགས་པའི་ཆས། རྒྱ་མཚོ་ལས་ཆུ་ཐིགས་པ་གཅིག་བླངས་ནས། ཆུ་ཐིགས་པ་དེ་དང་ཕྱིར་ལུས་པའི་རྒྱ་མཚོ་དེ་གང་མང་པར་འགྱུར། ཆུ་ཐིགས་པ་གཅིག་བླངས་པ་ནི་བདེ་བ་ཅན་དང་འདྲ་ལ། རྒྱ་མཚོ་ཆེན་པོའི་ཆུ་ནི་སངས་རྒྱས་ཀུན་དུ་གཟིགས་ཀྱི་སངས་རྒྱས་

(༡༥༢)ཀྱི་ཞིང་གི་ཡོན་ཏན་དང་འདྲའོ། །སངས་རྒྱས་ཀྱི་ཞིང་བཀོད་པ་དེ་ལྟ་བུ། འཇམ་དཔལ་སངས་རྒྱས་པའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དེ་ལྟ་བུ་སངས་རྒྱས་གཞན་ལ་ཡོད་དམ། ཞེས་ཞུས་པ་ལས། གཞན་ལ་ཡང་དེ་དང་མཚུངས་པ་ཡོད་དེ། འཇམ་དཔལ་སངས་རྒྱས་པ་སངས་རྒྱས་ཀུན་དུ་གཟིགས་ཀྱི་ཞིང་ཁམས་ནི་ཁྱད་པར་དུ་འཕགས་སོ། །བྱ་བའི་རྒྱུད་ཀྱི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས་འཇམ་དཔལ་སངས་རྒྱས་ཀུན་དུ་གཟིགས་སུ་སངས་རྒྱས་པའི་ཞིང་ཁམས་ངོ་མཚར་ཞིང་རྨད་དུ་འབྱུང་བ་ཁྱད་པར་དུ་འཕགས་པ་བསྟན་པའི་བར་སྐབས་ལགས་སོ། །འཇམ་དཔལ་གྱིས་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་དང་། མ་ཞུགས་པ་དང་། བྱང་ཆུབ་མཆོག་དུ་སེམས་བསྐྱེད་པ་དང་། མ་སྐྱེད་པ་དང་། ཐེག་པ་དྲུག་གི་ལམ་སྒྲོད་པ་དང་གཉིས་པ་ལས། སྐབས་འདིར་འདྲ། དོན་གྱི་གྲུབ་མཐའ་དང་སྦྱར་བའི་ཕྱིར་ན། བྱ་བའི་རྒྱུད་ཀྱི་འཇམ་དཔལ། དང་པོ་མ་རིག་པའི་དབང་གིས་ཉོན་མོངས་པ་དུག་ལྔ་ལ་སོགས་པ། མི་དགེ་བ་དཔག་ཏུ་མེད་པ་སྤྱད་ནས། འགྲོ་བ་རིགས་དྲུག་གི་གནས་སུ་ལས་ཀྱི་དབང་གིས་ལུས་སྣ་ཚོགས་བླངས་ནས་དགེ་སྡིག་སྣ་ཚོགས་སྤྱོད་ཅིང་། སྐྱིད་སྡུག་དཔག་ཏུ་མེད་པ་མྱོང་ཞིང་། ཆུ་བོ་བཞིའི་རྒྱ་མཚོར་འཁྱམས་པའི་ཚུལ་བསྟན་པ་ནི། འཇམ་དཔལ་འཁོར་བ་རྩ་བའི་རྒྱུད་དང་། འགྲོ་བ་རིགས་དྲུག་གི་གནས་ཐ་དད་པར་སྐྱེས་པའི་ཕྱིར་ན། འཇམ་དཔལ་རིགས་དྲུག་གི་སྐྱེད་རྒྱུད་བསྟན་པའོ། །དེའི་ཕྱིར་ན། ཉོན་མོངས་པས་ནི་སེམས་བསྐྲུགས་ཤིང་། མི་ཤེས་འདམ་དུ་བྱིང་པའི་གསུང་པའི་ཕྱིར་ན། མ་རིག་ཅིང་མ་རྟོགས་པ་ཐམས་ཅད་སྡུག་བསྔལ་

(༡༥༣)མ་ཤེས་པའི་འགྲོ་བ་ཐམས་ཅད་མིག་མེད་ལོང་བ་ལྟ་བུར་གྱུར་པའི་ནང་དུ། འཇམ་དཔལ་ཡང་མ་རིག་འཁྲུལ་པའི་དབང་གིས་སྐལ་པ་གྲངས་མེད་མཐའ་ཡས་པར་གནས་ཚུལ་བསྟན་པའོ། དེའི་ཚེ་དེའི་དུས་ན། བདག་རྒྱུ་གཞན་རྒྱུ་གཉིས་གའི་རྒྱུ། བདག་སྐྱེན་གཞན་སྐྱེན་གཉིས་ཀའི་རྐྱེན། ཞེས་གསུངས་པའི་ཕྱིར་ན་གཞི་མ་རིག་པའི་འཇམ་དཔལ་གྱི་རྒྱུད་ལས་སངས་རྒྱས་ཆོས་དང་དགེ་འདུན་གྱི་ས་བོན་གནས་པ་དང་། གཞན་གྱི་རྒྱུ་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། ས་དང་ལམ་ལ་གནས་པའི་སློབ་དཔོན་རྣམས་ཀྱི་ཐུགས་རྗེའི་འབྲེལ་ཚུལ་གྱིས་རྒྱུའི་གཉིས་མེད་གཅིག་དུ་བསྐུལ་ནས། བདག་ཉིད་ཀྱི་རྐྱེན་དད་པ་དང་། ངེས་ཤེས་རྒྱུད་ལ་ཤར་ནས། གཞན་གྱི་རྐྱེན་སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སོ་སོར་ངེས་ཤེས་སྐྱེས་ནས། །སངས་རྒྱས་གཤེས་གཉེན་དམ་པར་འཛིན་ཞིང་། སྟོན་པ་མཆོག་ཏུ་བཀུར་ནས། ཆོས་ཀྱི་ལམ་དང་ལམ་མ་ཡིན་པའི་ས་མཚམས་འབྱེད་ཅིང་རྒྱལ་བའི་སྲས། དགེ་འདུན་གྱི་ཚོགས་རྣམ་ཐེག་པ་དྲུག་གི་ལམ་བསྒྲོད་པའི་གྲོགས་སུ་ཤེས་ཤིང་། ཐེག་པ་རབ་འབྲིང་ཐ་མ་དྲུག་གིས་བསྟན་པ་ལ་འཇུག་ཚུལ་དང་བསྟན་པ་དང་། བྱང་ཆུབ་མཆོག་དུ་སེམས་བསྐྱེད་ཅིང་། བྱང་ཆུབ་ཀྱི་སེམས་གསུམ་གྱི་ས་ལམ་བསྒྲོད་ཚུལ་འཇམ་དཔལ་གྱིས་བསྟན་པ་ནི། བདག་རྐྱེན་གཞན་རྐྱེན་གཉིས་གའི་རྐྱེན་ཞེས་བྱ་བའི་དོན་ཡང་འདི་ལ་previous hit དགོངས next hit་ཡིན། དེའི་ཕྱིར་ན། ཐོག་མ་མེད་པའི་དུས་མཐའ་རུ་འཇམ་དཔལ་གྱིས་མུ་སྟེགས་ཀྱི་གྲུབ་མཐའ་ལ་ཞུགས་

(༡༥༤)ཚུལ་བསྟན་ཞིང་། མུ་སྟེགས་ཀྱི་སྟོན་པ་བསྟན་པ་ལས་ཡུན་རིང་དུ་གནས་ཤིང་། སྐྱེས་པའི་རབ་ཀྱང་བསྟན་པའོ། །སངས་རྒྱས་ཀྱི་གྲུབ་མཐའ་ལ་ཞུགས་ཤིང་བསྐལ་པ་གྲངས་མེད་མང་པོར་ཉན་རང་གི་ཆ་ལུགས་སུ་ཞུགས་ཤིང་། ཐེག་པ་ཆུང་ངུའི་མཛད་ཚུལ་བསྟན་པ་དང་། བྱང་ཆུབ་སེམས་དཔའ་སྡེ་སྣོད་དུ་སེམས་སྐྱེད་སྨོན་ལམ་མཐའ་བསམ་གྱིས་མི་ཁྱབ་པར་བཀའ་བ་དཔག་ཏུ་མེད་པ་སྤྱད་ཅིང་སེམས་ཅན་ཐམས་ཅད་ཀྱི་དོན་མ་མཛད་པ་མེད་པའི་སྤྱོད་པ་བརླབས་པོ་ཆེ་དང་། སངས་རྒྱས་ཀྱི་མཐའ་ཡས་མུ་མེད་བསམ་གྱིས་མི་ཁྱབ་པར། སངས་རྒྱས་རྣམས་ཀྱི་མཛད་པ་ཕྲིན་ལས་ཡོངས་སུ་རྫོགས་པར་མཛད་པ་མེད་པ་དང་། ཕྱོགས་བཅུའི་ཆོས་ཀྱི་དབྱིངས་དང་མཉམ་པར་ཀུན་ཏུ་འོད་སྤྲུལ་པའི་སྐུར་སངས་རྒྱས་ནས། སྤྲུལ་པའི་སྐུ་ནམ་མཁའི་ཆར་གྱི་གྲངས་ཙམ་དུ་སེམས་ཅན་རང་རང་གི་གཟུགས་དང་འཐུན་པར་སྤྲུལ་ཞིང་། སྤྲུལ་སྐུ་སེམས་ཅན་གྱི་གྲངས་དང་མཉམ་པར། སྣ་ཚོགས་ཐབས་ཀྱིས་འགྲོ་དོན་མཛད་ཚུལ་བསྟན་པའོ། །འཇམ་དཔལ་བྱ་བའི་རྒྱུད་ཀྱི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། མུ་སྟེགས་ཀྱིས་འདུལ་བའི་ཐེག་པ་གསུམ་གྱིས་འདུལ་བའི་གདུལ་བྱ་རྣམས་ཀྱི་དོན་དུ། སྒྱུ་མ་ལྟ་བུ་རྣམ་པར་འཕྲུལ་པ་སྟེ། སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ཅན་ཞེས་བྱ་བའི་བར་སྐབས་བསྟན་པའོ། །དེའི་ཚེ་དེའི་དུས་ན། འཇམ་དཔལ་གདུལ་བྱ་རྣམས་ཀྱི་སྣང་ངོ་ལས། ཀྲྀ་ཡ་རིགས་གསུམ་རྡོ་རྗེ་འཛིན་པའི་ཐེག་པ་འཇམ་དཔལ་བྱ་བའི་རྒྱུད་དུ། གཟུངས་སྔགས་ཀྱི་ཐེག་པ་ལ་ཞུགས་ཤིང་། ཕྱི་རོལ་རྫས་དང་། སྐྱེད་པའི་རིམ་པ་དང་། རིགས་སྔགས་

(༡༥༥)གཟུངས་སྔགས་ཀྱི་རིམ་པ་རྣམས། སེམས་རྫོགས་རིམས་གྱི་ཏིང་ངེ་འཛིན་གྱི་བྱེ་བྲག་རྣམས་ཀྱི་ལུས་ངག་ཡིད་གསུམ། རྫས་དང་སྣང་བ་དམ་པ་མཛད་པར་མཛད་ནས་ཀྲྀ་ཡ་དག་པའི་ཏིང་ངེ་འཛིན་ལས། བུམ་དབང་དང་པོ་སྐུར་ཞིང་། མཐའ་བཞི་དྲི་མ་དང་བྲལ་བའི། ལྟ་སྒོམ་སྤྱོད་པ་རྫོགས་ནས་རི་རབ་གྱི་རྩེ་མོ། མཁའ་འགྲོ་རྩེགས་པའི་གན་སྟེང་དུ། མཁྱེན་རབ་ཀྱི་མངའ་བདག་འཇམ་དབྱངས་རྒྱལ་སྲས་རྡོ་རྗེ་འཛིན་པ། བྱ་རྒྱུད་ཆོས་ཀྱི་ཕྲིན་ལས་ལྟར་འཁྲིགས་པ་ལས་མངའ་བརྙེས་ཚུལ་བསྟན་ནས་འཇམ་དཔལ་ཀྲྀ་ཡས་འདུལ་བའི་གདུལ་བྱ་ཐམས་ཅད་ལས། འགྲོ་བ་དྲུག་དང་བར་དོའི་གནས་ཐམས་ཅད་དུ། འགྲོ་དྲུག་རང་རང་གི་ལུས་དང་འཐུན་པར་གཟུངས་སྔགས་ཀྲྀ་ཡའི་ཚོགས་རྣམས་ཀྱིས། འགྲོ་དྲུག་བར་དོའི་ལུས་ངག་ཡིད་གསུམ་དང་། འཐུན་པར་དབང་བསྐུར་བྱིན་བརླབས་དག་པར་མཛད་ནས། མི་ཚེ་གྲངས་ཅན་གྱི་འཇམ་དབྱངས་རྡོ་རྗེ་འཛིན་པའི་ས་ལ་འགོད་དོ། །དེའི་ཕྱིར་ན། མི་ཡུལ་ཁྱད་པར་བོད་ཀྱི་ཡུལ་དུ་འཇམ་དབྱངས་ཀྲྀ་ཡའི་བཀའ་དང་རྒྱུད་ལས་གྲངས་ཅན་གཅིག་བྱོན་པ་སྟེ། དེ་ལས་མཁས་ལ་གྲུབ་པ་ཐོབ་པའི་སློབ་དཔོན་རྣམས་ཀྱིས་བསྟན་བཅོས་རྒྱུད་དང་བཀའི་འགྲེལ་པ། གདམ་ངག་མཛད་པ་ཡང་མང་དུ་བཞུགས་པ་སྟེ། དེ་རྣམས་གང་དང་གང་གིས་བཤད་པ་དང་། ཉན་པ་དང་སྒོམ་པ་དང་། མཆོད་དང་བྲི་དང་ཀློག་པ་དང་། མོས་པར་གྱུར་པའི་གདུལ་བྱ་རྣམས་ཀྱང་། ཁྱད་པར་དུ་ཉོན་མོངས་པའི་གཏི་མུག་སྤང་ཞིང་། ཤེས་དང་ཤེས་བྱའི་རབ་འབྲིང་ཐ་མ་ཆ་རེ་གོ་ཞིང་རིང་པོར་མི་ཐོགས་འཇམ་དབྱངས་

(༡༥༦)རྡོ་རྗེ་འཛིན་པའི་ས་ནོན་ཞིང་། ལྷ་མོ་དབྱངས་ཅན་མ་འདི་གསུམ་ཡིན་ཏེ། ཡེ་ཤེས་ལས་དང་འཇིག་རྟེན་ནོ། །ཡེ་ཤེས་ཀྱི་དབྱངས་ཅན་མ་ནི་འཇམ་དཔལ་སྐུའི་ཡུམ་ཡིན་ལ། ལས་ཀྱི་དབྱངས་ཅན་མ་ནི་ས་དང་པོ་ནས་ས་བཅུ་པའི་བར་གྱི་འཇམ་དབྱངས་རྡོ་རྗེ་འཛིན་པའི་ཡུམ་དང་ལྕམ་དང་། ལྷ་མོའི་ཚོགས་རྣམས་ཡིན་པའི་ཕྱིར་ན། འདི་ལ་ཡང་རྒྱུད་གཟུང་བ་སྒྲུབ་ཐབས་གྲངས་མཐའ་ཡས་པ་སྟེ། གང་གིས་མོས་དང་གུས་པ་དང་། །རྫས་དང་ཏིང་འཛིན་སྔགས་ཀྱི་བསྒྲུབས་ནས། ཁྱད་པར་དུ་སངས་རྒྱས་ཀྱི་གསུང་ལ་དབང་རབ་འབྲིང་ཐ་མ་ཐོབ་ཅིང་། མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །འཇིག་རྟེན་གྱི་དབྱངས་ཅན་མ་ནི། ཁྱབ་འཇུག་ཆེན་པོའི་ཆུང་མ་སྟེ། །མདོར་ན་དེ་ལས་འཕྲོས་པ་དབང་ཕྱུག་ཆེན་པོའི་ཡུམ་ལས་ཨུ་མ་དེ་བའི་བུ་མོ་ཚ་མོ། །ཁམས་གསུམ་གྱི་མོ་རྒྱུད་འདི་རྣམས་རྒྱ་ཆེན་ཡིན་ལ། སྲིད་པ་གསུམ་གྱི་མ་མོ་འདྲེ་མོ་བསེན་མོ། །ལྷ་སྲིན་སྡེ་བརྒྱད་ཀྱི་ཆུང་མ་རྣམས་ཡིན་པའི་ཕྱིར་ན། མི་འཐུན་དོན་མི་འཐུན། བྱ་བ་ཡིན་པའི་ཕྱིར་ན། མིང་དབྱངས་ཅན་མར་མཐུན་ཡང་། འཁོར་བ་དང་མྱ་ངན་ལས་འདས་པའི་དོན་མི་འཐུན་པའི་ཕྱིར་ན། དབྱངས་ཅན་མའི་སྒྲུབ་ཐབས་སྔགས་རྣམས་འདྲེས་ནས་ཡོད་པ་སྟེ། ཧྲི་དང་ཏྲི་སོགས་ནོར་མ་ནོར་དང་། འཁྲོས་མ་འཁྲོས་ལ་སོགས་པའི་ཕྱིར་ན། དབྱངས་ཅན་མའི་སྒྲུབ་ཐབས་སྔགས་རྣམས་ཡོད་པ་སྟེ། སྔགས་སུ་གྱུར་མ་གྱུར་དང་། དེ་སོགས་སྐྱོན་ཡོན་འབྱུང་པར། ཤེས་རབ་

(༡༥༧)དྲི་མེད་བློ་ལ་མི་གསལ་ཞིང་། རྒྱལ་འགོང་འདྲེ་བསོན་སེམས་ལ་ཞུགས། རྣམ་རྟོག་འཚུབ་ཅིང་ལོག་རྟོག་བྱེད། ཅི་ལྟར་རིགས་སྔགས་སྒྲུབ་ཉེས་དང་། ཞེས་བྱ་བའི་དོན་ཡང་འདིར་ཞུགས་དགོས་ཡོད་པ་ཡིན། བྱ་བའི་རྒྱུད་འཇམ་དཔལ་རྡོ་རྗེ་འཛིན་པའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། དབྱངས་ཅན་མའི་གཏན་པ་རྒྱ་མཚོ་མཐའ་ཡས་པ་བསྟན་པའི་བར་སྐབས་སོ། །དེའི་ཕྱིར་ན། འཇམ་དབྱངས་བྱ་བའི་རྒྱུད་ལས་མ་གཏོགས་པའི་ཀྲྀ་ཡ་གཟུངས་སྔགས་ཀྱི་བྱེ་བྲག་སོ་སོར་འབྱེད་པ་དང་། བསྟན་བཅོས་རྒྱུད་འགྲེལ་མན་ངག་སྒྲུབ་ཐབས་སོ་སོར་འབྱེད་པ་རྣམས། གཞུང་ས་གཅོད་ཆེན་མོའི་ཀྲི་ཡོག་གཏན་ལ་འབེབས་པ་དང་། ཕུན་སུམ་ཚོགས་པ་རྒྱ་མཚོ་མཐའ་ཡས་ཀྱི་བྱ་རྒྱུད་སོ་སོར་དབྱེ་བ་ཡིས་གཟུངས་སྔགས་ཀྱི་རྣམས་གྲངས་སྟོན་པ་དང་། འགྲེལ་པ་གསལ་བྱེད་སྒྲོལ་མ་འདི་གསུམ། གཞུང་ས་གཅོད་འགྲེལ་པ་ཡིག་སྣང་བཞིན་དུ། གཅིག་རྒྱབ་གཅིག་གིས་སྐྱོང་ཞིང་། མ་འདྲེས་སོ་སོར་བཤད་པར་བྱའོ། །འཇམ་དབྱངས་རྡོ་རྗེ་འཛིན་པའི་གཟུངས་སྔགས་བཀའ་རྒྱུད་རྣམས། ཕུན་སུམ་ཚོགས་པ་རྣམ་ལྔས་བཤད་ཅིང་། དེ་ལས་འཕྲོས་པ་བསྟན་ཆོས་རྣམ་རྩིས་མགོ་རྣམ་པ་ལྔའི་སྒྲའི་དོན་མ་ནོར་སོ་སོར་བསྟན་པའི་བར་སྐབས་སོ། །དེའི་ཚེ་དེའི་དུས་ན། འཇམ་དབྱངས་རྡོ་རྗེ་འཛིན་པ་ལས་ངེས་པ་མེད་དེ། གཞིའི་

(༡༥༨)འཇམ་དཔལ་ནི། འགྲོ་བ་རིགས་དྲུག་སྐྱེ་བ་གནས་བཞི། ལམ་གྱི་འཇམ་དབྱངས་ནི། ཐེག་པ་དྲུག་གི་གྲུབ་མཐའ་ལ་ཞུགས་ཤིང་། ས་ལམ་བགྲོད་པའི་རབ་འབྲིང་ཐ་མ་རྣམས་ཡིན་ནོ། །སྤྲུལ་པའི་འཇམ་དཔལ་ནི་གདུལ་བྱ་འབྲེལ་བར་གྱུར་པ་ཐམས་ཅད་མེ་ལོང་གཟུགས་བརྙན་ལྟར། ལུས་ཅན་ལུས་ཀྱི་སྣང་བ་ལ་འཇམ་དཔལ་གྱི་སྤྲུལ་པས་བསམ་གྱིས་མི་ཁྱབ་པའི་ཕྱིར་ན། སྤྲུལ་པའི་སྐུ་སྟེ་སྐུའི་མཆོག །སངས་རྒྱས་སྤྲུལ་པའི་གཟུགས་འཆང་བ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཅེས་གསུངས་པ་ཡང་སྐབས་འདིར་previous hit དགོངས next hit་ཡིན། དེའི་ཕྱིར་ན། ཁམས་གསུམ་པའི་སེམས་ཅན་ཐམས་ཅད་ཀྱང་མི་རྟག་ཅིང་མི་བརྟན་ལ་སྤྲུལ་པའི་འཇིག་རྟེན་ལྟ་བུ་ཡིན་ལ། སྤྱིར་སངས་རྒྱས་ཀྱི་སྤྲུལ་སྐུ་དང་། ཁྱད་པར་དུ་འཇམ་དབྱངས་རྡོ་རྗེའི་སྤྲུལ་པ་འགྱེད་པ་ཡང་། གཅིག་དུ་མ་ངེས་དུ་མར་སྣང་བའི་ཕྱིར་ན། སེམས་ཅན་ལུས་ངག་ཡིད་གསུམ་མ་ཟད་ཚེ། འཇམ་དཔལ་གྱི་སྤྲུལ་པའི་སྐུའི་ཚོགས་ཀྱང་ཟད་པར་མི་འགྱུར་རོ། །དེ་ཕྱིར་སྤྲུལ་སྐུ་ངེས་མེད་ལས། རྟག་ཅིང་བརྟན་པར་མི་འཛིན་ཞིང་། །འཁོར་བའི་འཁྲུལ་འཁོར་བསམ་མི་ཁྱབ། །འཇམ་དབྱངས་སྤྲུལ་སྐུ་དེ་དང་མཚུངས། །གདུལ་བྱ་གདུལ་བྱེད་དྲ་བར་འབྲེལ་པའི་ཕྱིར་ན། །འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སྒྱུ་མའི་དཀྱིལ་འཁོར་ཆེན་པོར་སྟོན་པའི་ཕྱིར་ན། སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པས། །བྱང་ཆུབ་ཇི་ནས་བདག་ཐོལ་མཛོད། །ཅེས་པ་ཡང་སྐབས་འདིར་previous hit དགོངས next hit་ཡིན། འཇམ་དབྱངས་ཀྱི་རྒྱུད་

(༡༥༩)ཀྱིས་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྒྱུ་འཕྲུལ་དྲ་བར། འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་མ་རིག་པའི་འཁྲུལ་འཁོར་ཟད་པ་མེད་ཅིང་འཕེལ་བ་མེད་པའི་འཁྲུལ་འཁོར་ཆེན་པོ་དང་། གདུལ་བྱེད་ཀྱི་སྟོན་པ་འཇམ་དབྱངས་རྡོ་རྗེ་འཛིན་པ་ཡིས། རྣམ་འཕྲུལ་གདུལ་བྱ་སེམས་ཅན་གྱི་དོན་གྲངས་དང་མཉམ་པ་གཉིས། སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་གསང་བའི་མཛོད། གསང་བར་ལྡན་པའི་བར་སྐབས་སོ། །ཀུན་གཞི་ཀུན་གྱི་གཞི་ཡིན་ཡང་། །རྣམ་པར་བྱང་བའི་གཞི་མ་ཡིན། ཞེས་འཇམ་དཔལ་རང་བཞིན་གྱི་རྒྱུད་གཞི་ལམ་འབྲས་བུ་ཐམས་ཅད་ཀུན་གཞི་ལ་གནས་ཤིང་རྫོགས་པས་མ་རྟོགས་པར། སངས་རྒྱས་སེམས་ཅན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད། གང་དུ་ཡང་ཐ་སྙད་མི་འདོགས་པའི་ཕྱིར་ན། ཆོས་ཐམས་ཅད་འབྱུང་བ་མེད་པར་ཀུན་གཞི་ལས་གནས་ཤིང་བརྟེན་པ་སྟེ། བསམ་གྱིས་མི་ཁྱབ་པའི་གཞི་རྣམས་དང་། ཟབ་མོའི་གཞི་རྣམས་དང་། བདེན་པའི་མཐའ་དང་། ཆགས་པ་མེད་པའི་གཞི་རྣམས་དང་། མི་ཕྱེད་པའི་གཞི་རྣམས་དང་། སྟོང་པ་ཉིད་ཀྱི་གཞི་རྣམས་དང་། མཚན་མ་མེད་པ་དང་། སྤྲོས་པ་མེད་པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། །ཆོས་ཀྱི་དབྱིངས་ཀྱི་གཞི་རྣམས་དང་། མཚུངས་པ་མེད་པ་དང་། བླང་བ་མེད་པ་དང་། དོར་བ་མེད་པ་དང་། སངས་རྒྱས་ཀྱི་ཞིང་རྣམས་དང་། ཆོས་དང་དགེ་འདུན་གྱི་

(༡༦༠)ཞིང་རྣམས་དང་། ཡེ་ཤེས་ཡོངས་སུ་རྫོགས་པ་ཐོབ་པའི་གཞི་རྣམས་དང་། ཁམས་གསུམ་སྙམ་པ་ཉིད་དང་། ཆོས་ཐམས་ཅད་མི་དམིགས་པའི་གཞི་རྣམས་དང་། ཆོས་ཐམས་ཅད་སྐྱེ་བ་མེད་པར་བསྟན་པའི་གཞི་རྣམས་དང་། སྨྲ་བའི་སེང་གེའི་གཞི་རྣམས་དང་། དབང་པོ་བཞི་རྣམས་དང་། གཞི་མེད་པའི་གཞི་བསྟན་པ་ནི། རྒྱལ་བ་སྲས་དང་བཅས་ལ་གཞན་གྱི་སྤྱོད་ཡུལ་མ་ཡིན་ཞིང་། འཇམ་དཔལ་ཤེས་རབ་དྲི་མ་མེད་པ་འཁོར་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་གཞི། ཅིར་ཡང་མི་གསུང་མི་སྨྲ། བརྗོད་ཅིང་འདོན་པར་མི་མཛད། ཡི་གེའི་ཚོགས་རྣམས་ཀྱང་རང་བཞིན་ལ་གནས་ཤིང་། ཡི་གེའི་བྱེ་བྲག་གི་ཐ་སྙད་དུ་མ་གྲུབ་ཅིང་མི་བརྗོད། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཅན་ཆོས་ཉིད་ཀྱི་རང་བཞིན་ལ། རང་བཞིན་ཉིད་ལ་རང་ཏང་གནས་པ་ནི། རང་བཞིན་སྐུའི་འཇམ་དཔལ་ཡིན་ནོ། །དེའི་ཕྱིར་ན། རང་བཞིན་གཅིག་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་གཞི་གྲངས་མཐའ་མེད་པ་ལས། ལམ་གྲངས་མཐའ་མེད་པར་བསྒྲོད་ཅིང་། འབྲས་བུ་གྲངས་མཐའ་མེད་པར་སངས་རྒྱས་པའི་མིང་དང་ཐ་སྙད་ཚོགས་རྣམས་ནི། ཀུན་རྫོབ་ཐ་དད་པའི་འཇམ་དཔལ་ཏེ། བཞི་མེད་པ་ལས་གཞི་འདི་རྣམས་སུ་བཞེད་པའི་མཚན་ཉིད་གཞི་དང་མཚོན་བྱེད། མཚན་ཉིད་ཐ་དད་པའི་བྱེ་བྲག་སྣ་ཚོགས་ལ་བཞེད་ནས། ཞེན་པ་རྒྱ་མཚོ་མཐའ་ཡས་ཀྱི་རང་བཞིན་གྱི་སྐུའི་འཇམ་དཔལ་གྱི་བསྟན་པ་རྒྱ་མཚོ་མཐའ་ཡས་དང་། བསྟན་པ་རྒྱ་མཚོ་མཐའ་ཡས་རྟོགས་པར་ག་ན་གྱུར། ངར་འཛིན་པའི་ལྟ་བ་ཉི་ཤུ་རྩ་གཅིག་གང་དང་གང་ལ་ཞོན་པར་གྱུར་ན་ཡང་། སྐུ་ལྔ་ཡོངས་སུ་རྫོགས་པ་དེའི་འཇམ་དཔལ་རང་བཞིན་

(༡༦༡)གྱི་སྐུ། ཆོས་དབྱིངས་རབ་འབྱམ་རང་བྱུང་ཡེ་ཤེས་རང་བཞིན་གྱིས་སྣང་སྲིད་འཁོར་འདས་རང་ལ་རྫོགས་པའི་རང་བྱུང་ཡེ་ཤེས་ག་ལ་འཆར། དེ་དང་དེ་ཕྱིར་རང་བཞིན་དོན་གྱི་འཇམ་དཔལ་ལ། ངར་འཛིན་པའི་ལྟ་བ་ཉི་ཤུ་རྩ་གཅིག་ཏུ་བཞེད་ཅིང་། འདོད་པ་རྒྱ་མཚོ་མཐའ་ཡས་འཁྲུལ་པ་སྣ་ཚོགས་དང་། ཞེན་པ་སྣ་ཚོགས་ཀྱི་ནམ་མཁའ་ལ་འདུད་པ་བོར་བ་འདྲ། དེའི་སྒྲ་དོན་རྣམས་ཐམས་ཅད་ཀུན་གྱིས་མཁྱེན་པར་མཛོད། ཀུན་བཟངས་དྲུག་པ་རྡོ་རྗེ་འཆང་། དགའ་རབ་རྡོ་རྗེ་ས་ར་ཧ་དེའི་རང་བཞིན་དེར་རྟོགས་པ། ཏཻ་ལོ་ནཱ་རོའི་previous hit དགོངས next hit་སོགས། །རྒྱལ་བ་ཀུན་གྱི་རང་བཞིན་གྱིས། །འཁོར་དང་མྱ་ངན་འདས་པའི་ཆོས། །ཀུན་གྱི་རང་བཞིན་རྟོགས་པ་ཡི། །རང་བྱུང་རྣལ་འབྱོར་རྡོ་རྗེ་ནི། །རང་བཞིན་འཇམ་དཔལ་སྐུ་དང་མཚུངས། །ངར་འཛིན་ལྟ་བ་ཉི་ཤུ་གཅིག །ཕྱི་ནང་གྲུབ་མཐའ་ལ་སོགས་པ། །ཐེག་པ་དགུ་ཡི་སྒྲ་དོན་གྱིས། །ཀུན་གྱི་རང་བཞིན་རང་སར་གནས། །རང་བཞིན་སྐུ་ཞེས་བརྗོད་པ་དེ། །ངོ་བོ་རང་བཞིན་མཚན་ཉིད་ལྔ། །ཀུན་གྱི་སྒྲ་དོན་རྟོགས་ན་ཡིན། །འཇམ་དཔལ་རང་བཞིན་གྱི་ཆོས་ཐམས་ཅད་འབྱུང་བ་མེད་པར་གནས་པར་བཞེད་པ་ནི། མ་སླབས་མ་བཤད་མི་ཉན་མི་སྨྲ། གྲུབ་མཐའ་སོ་སོར་མི་འབྱེད། འཐོ་དམན་ཡངས་དོག་རྒྱ་ཆེ་ཆུང་བྱེ་བྲག་མི་འབྱེད། མི་བསྒོམ་མི་རྟོགས་མི་གནས། མི་སྡུ་མི་སྤྲོ་མི་སེམས་མི་རིགས། མི་སྤང་མི་སྒྲུབ་མི་སྐྱེ་མི་འགག །མི་རྩིལ་མི་བཤིག མི་དམིགས༴ མི་སྣང་སྣང་ལ་གསལ། ལམ་གྱིས་མི་ཁྱབ་དེ་ཁྱབ༴ མི་བཞལ་ཀུན་

(༡༦༢)ཁྱབ། མ་ཁྱབ་པ་མེད་པའི་ཕྱིར་ན། ཆོས་ཐམས་ཅད་ཀྱི་རང་བཞིན་རང་བྱུང་ཡེ་ཤེས་སུ་རྟོགས་པ་ནི། མི་མཁྱེན་དེ་མཁྱེན་མཁྱེན་པ་ཕྱོགས་མེད་འདུས་པ་ནི། ནཱ་རོ་བརྒྱུད་པའི་ཁྱད་ཆོས་ཡིན། ཨེ་མ་ངོ་མཚར་མི་ཆེ་འམ། འཇམ་དཔལ་སྐུ་ལྔ་ཡོངས་རྫོགས་འདི། སྐུ་བཞི་འདུ་འབྲལ་མེད་པ་དང་། སྐུ་གསུམ་ལྷུན་གྱི་གྲུབ་པའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ཁྱད་པར་དུ་འཇམ་དབྱངས་རྡོ་རྗེ་འཛིན་པ་ཡིས། བྱ་བའི་རྒྱུད་ཀྱི་བསྟན་པའི་བཀའ་དང་རྒྱུད་དང་། །བསྟན་བཅོས་སོ་སོར་འབྱེད་པ་གཞན་པ་དང་། །རང་གི་ས་ནས་གཅིག་ཆར་རྟོགས་པ་རང་བཞིན་ཀྱི་སྐུ། རང་འབྱུང་ཡེ་ཤེས་རྟོགས་པ་ངོ་སྤྲོད་previous hit ། རང་བྱུང་རྡོ་རྗེའི་རྟོགས་པའི་དགོངས next hit་པའི་བར་སྐབས་བསྟན་པའོ། །ཀྲྀ་ཡ་རྡོ་རྗེ་འཛིན་པའི། རྒྱུད་ཡེ་ཤེས་འཇིག་རྟེན། དམ་ཅན་རྒྱ་མཚོ་རྣམས་ཀྱི་ཆོས་འདིས་སེམས་ཅན་ཐམས་ཅད་ལ་ཁྱབ་ཅིང་། འགྲོ་བ་ཀུན་གྱི་བཞི་རྟོགས་པར་བྱིན་གྱིས་བརློབས་ཤིག །བཤད་དང་ཉན་དང་བྲི་དང་ཀློག་པ་དང་། གང་དུ་བཞུགས་ཤིང་སྒྲ་དང་དོན་ལ་སེམས་ཤིང་བསྒོམ་པ་ལ་སོགས། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིས། བར་ཆད་སེལ་ཞིང་བསྲུངས་སྐྱོབས་བྱིན་གྱིས་བརློབས། །ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་བསག་དང་རྟོགས་པ་ཡི། །འགྲོ་དྲུག་སེམས་ཅན་མ་ལུས་པ། །སྐུ་ལྔ་ཡོངས་རྫོགས་སངས་རྒྱས་ཉིད་དུ་ཤོག །ཀུན་གཞི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་བསག་པའི་དགེ་བའི་རྩ་བ་འདིས། །དུས་གསུམ་

(༡༦༣)གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་གཅིག་དུ་བསྡུས་པ་ཙམ། བྱེ་བ་ཁྲག་ཁྲིག་བསམ་གྱི་མི་ཁྱབ་པ། བདག་ལ་ད་ལྟ་ཉིད་དུ་འབྱུང་ཞིང་། འགྲོ་དྲུག་གི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་སངས་རྒྱས་ལ་འགོད་པར་གྱུར་ཅིག །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས་ཁྱད་པར་འཇམ་དབྱངས་རྡོ་རྗེ་འཛིན་པའི་བྱ་བའི་རྒྱུད་དང་། བཀའ་བསྟན་པ་རྒྱ་མཚོ་མཐའ་ཡས་པ་གསལ་བྱེད་སྒྲོན་མ་སོ་སོར་འབྱེད་པ་དང་། རང་གི་ས་ན་རང་བཞིན་སྐུའི་བསྟན་པ་རྒྱ་མཚོ་མཐའ་ཡས་རྟོགས་པ་རབ་འབྱམ། གཅིག་ཆར་རང་བྱུང་རྡོ་རྗེའི་previous hit དགོངས next hit། རྫོགས་སོ། རྫོགས་དང་། མ་རྫོགས། དེ་རྫོགས། ཕྱོགས་རྫོགས། ཕྱོགས་མེད་རྫོགས། པར་དཀའོ། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ཁྱད་པར་དུ་ཀྲྀ་ཡ་དག་པའི་རྣལ་འབྱོར་གྱི་སྟོན་པ་ཕུན་སུམ་ཚོགས་པ་སྙིང་རྗེ་ཆེན་པོ་དང་། བསྟན་པ་ཕུན་སུམ་ཚོགས་པ་བྱ་བའི་བཀའ་དང་རྒྱུད། ཕུན་སུམ་ཚོགས་པ་ལྔ་ལ་ཕྱག་འཚལ་ལོ། །བྱ་བའི་རྒྱུད་ཨ་རྒྱ་པ་ལོ་ཡང་དབྱེ་ན་གསུམ་ཡིན་ཏེ། གཞི་རང་བཞིན་གྱི་ཐུགས་རྗེ་ཆེན་པོ་དང་། བགྲོད་བྱ་ལམ་གྱི་སྤྱན་རས་གཟིགས་དང་། ལྟོས་པ་ལྟོས་ཆོས་ཀྱི་བྱེ་བྲག་འབྲས་བུ་མཐར་ཕྱིན་པའི་སྤྱན་རས་གཟིགས་སོ། །དབུ་ཞབས་གཞུང་གསུམ་གྱི་སོ་སོར་འབྱེད་ལུགས་རྣམས། གསང་བདག་རྡོ་རྗེ་འཛིན་པའི་ནང་དུ་ཤེས་པར་བྱའོ། །

(༡༦༤)རང་བཞིན་གཡོའི་ཐུགས་རྗེ་ཆེན་པོ་ནི། སངས་རྒྱས་ཆོས་དང་དགེ་འདུན་གང་ཡང་མ་བྱུང་བའི་སྔོན་རོལ་དུ། འགྲོ་བ་རིགས་དྲུག་གི་སེམས་ཅན་གྱི་མིང་དང་ཐ་སྙད་མེད་པའི་དུས་སུ། ཀུན་ཁྱབ་པའི་ཀུན་གཞི་ཐ་དང་དབུས་མེད་ཅིང་། རང་བཞིན་གྱིས་ལྷུན་གྱིས་གྲུབ་པ་ལ་ཐམས་ཅད་རང་བཞིན་གྱིས་གནས་ཤིང་། ཀུན་གཞི་ལ་ཀུན་འཁོར་བའི་དུས་སུ། རང་བཞིན་གྱིས་གཞི་ལས་རང་བྱུང་ཡེ་ཤེས་སུ་བརྟགས་ནས་སངས་རྒྱས་པ་ནི། ཀུན་ཏུ་བཟང་པོ་ཞེས་མིང་ཙམ་དུ་འདོགས་པའོ། །དོན་དམ་པར་ནི་ཀུན་བཟང་། ཀུན་མཁྱེན་ཀུན་རྫོགས་པའོ། །དེ་ལྟར་དུ་ཀུན་གཞི་ལ་ཀུན་འཁོད་བའི་དུས་སུ། དཔེར་ན་ས་བོན་སྣ་ཚོགས་ལྗང་བུ་སྣ་ཚོགས་རང་བཞིན་གྱིས་གནས་བཞིན་དུ། རྒྱུ་རྐྱེན་མ་འཛོམ་པའི་དུས་སུ་ནས་ལ་སོགས་པ་ས་བོན་སྐམ་པ་ལ་ལྗང་བུ་མི་སྣང་ཡང་། རྒྱུ་རྐྱེན་དུས་ཚོད་འཛོམ་པའི་དུས་སུ། མྱུ་གུ་སྣ་ཚོགས་སྐྱེ་ཞིང་འབྱུང་བ་མངོན་སུམ་ཚད་མ། དེ་བཞིན་དུ་ཀུན་གཞི་ཆོས་ཉིད་ལས། ཀུན་འབྱུང་པ་ཆོན་དུ་རང་གིས་མ་རིག་ནས། རང་བཞིན་ཉིད་ལ་རང་བཏང་འཁྲུལ་པ་ནི། ཀུན་གཞི་ཆོས་ཉིད་ཀྱི་རང་བཏང་མ་རྟོགས་ན། ཆོས་ཅན་རྣམ་པར་རྟོག་པ་ལྔའི་སྣ་ཚོགས་སུ་འཁྲུལ་པ་སྟེ། དཔེར་ན་མི་སྨྱོན་པ་ལྟ་བུ་ལས། འགྲོ་བ་རིགས་དྲུག་དུ་འཁྲུལ་ཞིང་། སྣ་ཚོགས་གཟུགས་ཅན་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པར་འབྱུང་བ་ནི། གཟུང་འཛིན་གཉིས་ལས་རྩ་བ་གཟུག་པ་སྟེ། བདག་དང་བདག་གི་བར་འཛིན་པ་ལ། རྒྱུ་སྐྱེན་ཉིད་ལས་རྒྱུ་སྐྱེན་འབྱུང་བ་ནི། མ་རིག་འཁྲུལ་

(༡༦༥)འཁོར་འདི་ལ་ཟད་མེད་འཕེལ་བ་མེད། ཅེས་གསུངས་པ་ཡང་སྐབས་འདིར་previous hit དགོངས next hit་ཡིན། དེའི་ཕྱིར་ན། ཀུན་གཞི་མ་རྟོགས་པའི་འགྲོ་བ་རིགས་དྲུག་གི་སེམས་ཅན་འདི་རྣམས་ཀྱིས། །ལས་དགེ་སྡིག་སྤུ་ཙམ་མ་བྱས་ཀྱང་། འཐོ་རིས་ངན་སོང་འགྲོ་བ་རིགས་དྲུག་བར་དོ་དང་བདུན་གྱིས་ཕྱི་སྣོད་ནང་བཅུད་ཀྱི་ཞིང་ཁམས་འཇིག་རྟེན་སོ་སོར་བཀྲ་བའོ། །འཇིག་པ་གསུམ་དང་རྟེན་པ་དྲུག །འཇིག་རྟེན་ཞེས་བྱར་གྲགས་པ་ཡིན། །ཞེས་གསུངས་པ་ཡང་སྐབས་འདིར་previous hit དགོངས next hit་ཡིན། སྙིང་རྗེ་ཆེན་པོ་རྡོ་རྗེ་འཛིན་པའི་ཀྲྀ་ཡའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ཀུན་གཞི་ལ་ཀུན་འཁོད་པའི་དུས་སུ། ཀུན་རྟོགས་མ་རྟོགས་གཉིས་ལས། སངས་རྒྱས་སེམས་ཅན་གཉིས་སུ་མིང་འདོགས་ཤིང་སོ་སོ་འབྱེད་པའི་བར་སྐབས་བསྟན་པའོ། །དེའི་ཚེ་དེའི་དུས་གསུམ་གྱི་རྒྱས་བ་སྲས་དང་བཅས་པ་རྣམས་ཀྱི་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་གྲངས་ཅན་གྲངས་མེད་རྣམས་ཀྱི་ཕྱི་ནང་གི་གྲུབ་མཐའ་མེད་ཅིང་། མ་རིག་ཅིང་མ་རྟོགས་པ་རྣམས་ལ། དབང་པོའི་བྱེ་བྲག་དང་འཐུན་པར་ཐེག་པ་སྣ་ཚོགས་ཀྱི་ཆོས་སྟོན་ཞིང་། སངས་རྒྱས་ཀྱི་གྲུབ་མཐའ་ལ་བཙུད་པའི་ཕྱིར་ན། བློ་སྒྱུར་ཞིང་བཅོས་པའི་ཕྱིར་ན་ཆོས་ཞེས་བྱ་བས་ཏེ། འཐོ་རིས་གནས་གསུམ་དཀར་པོའི་རིགས་སྣ་ཚོགས་པ་སྐྱེ་ཞིང་། གཅིག་གིས་གཅིག་ཁྲིད་པའི་ཚུལ་དུ་ས་ལམ་བགྲོད་ནས། དབང་པོ་རབ་འབྲིང་ཐ་མ་གསུམ་གྱིས་འཁོར་པ་ལས་ཐར་བ་ནི། སངས་རྒྱས་སེམས་ཅན་ཉན་རང་གི་ཚོགས་རྣམས་ཡིན་ཏེ། རྒྱུ་སེམས་ཅན་ལ་འབྲས་བུ་སངས་རྒྱས་འབྱུང་བའི་འདོད་པའི་དོན་དེ་ནི་འདི་རྣམས་ལ་previous hit དགོངས next hit

(༡༦༦)ཡིན། དེའི་ཕྱིར་ན། རྒྱུ་བྱུང་རྐྱེན་བྱུང་གི་སངས་རྒྱས་བྱ་བ་ཡིན། སྙིང་རྗེ་ཆེན་པོ་བྱ་བའི་རྒྱུད་ཀྱི་བསྟན་པ་ཕུན་སུམ་ཚོགས་པ་ལས། རྒྱུ་འབྲས་ཕུན་སུམ་ཚོགས་པ་ལ་སོགས་པར་འཛོམ་ན་མཐོ་རིས་དང་ཐར་པ་ཐོབ་པ་དང་། རྒྱུ་རྐྱེན་མ་རིག་ལོག་པར་འཛེམ་ན་ངན་སོང་གསུམ་ལ་སོགས་པ་ལོག་པའི་སྡུག་བསྔལ་གྱི་རྒྱུ་འབྲས་ཕྱོགས་མེད་དུ་སྨིན་པ་སྟེ། རྒྱུ་རྐྱེན་འཚོགས་ནས་ལས་རྣམས་གྲུབ་ཅེས་གསུངས་previous hit ་ཡང་སྐབས་འདིར་དགོངས next hit་པའོ། །འགྲོ་བ་ཅི་ཁྱབ་ཀྱི་རྒྱུ་རྐྱེན་ལེགས་པར་འཛོམ་པ་དང་། ལེགས་པར་འཛོམ་པའི་བར་སྐབས་བསྟན་པའོ། །དེའི་ཚེ་དེའི་དུས་ན། ཁྱད་པར་གྱི་ད་ལྟར་གྱི་ཐུགས་རྗེ་ཆེན་པོ་འདི་ཡང་། ཀུན་གཞི་ལས་ཀུན་འཁོར་བའི་དུས་སུ། རང་བཞིན་རྣམ་པར་དག་པའི་ཆོས་ཉིད་ཆོས་སྐུ་དྲི་མ་མེད་པ་ཉག་གཅིག་ཡིན་པ་ལ་ཡིན་པར་ངོ་མ་ཤེས་ཤིང་། ལྷན་ཅིག་སྐྱེས་པའི་མ་རིག་པས་སྒྲིབས་ནས། གཟུང་བ་དང་འཛིན་པ་དང་། ཆགས་པ་དང་སྡང་བར་གྱུར་ནས་ཁམས་གསུམ་དུ་འཁོར། །རྒྱུ་དྲུག་ཏུ་འཁྱམས་ནས་སྐྱེ་འཆིའི་འཁོར་ལོ་རྒྱུན་ཆད་མེད་པར་ཉམས་སུ་མྱོང་བའི་ལུགས། སྤྱི་ཁྱབ་ཀྱི་མདོ་རྒྱུད་རྣམས་དང་། ཁྱད་པར་ཐུགས་རྗེ་ཆེན་པོ་ལ་རྟོག་པའི་རྒྱུད་སྡེ་རྣམས་ལས། གྲངས་མེད་ཅིང་བྱེ་བྲག་བསམ་གྱི་མི་ཁྱབ་གསུང་བར་འདུག་པ་རྣམས་ལས། སོ་སོར་ཤེས་ཤིང་གོ་བར་བྱའོ། །དེའི་ཕྱིར་ན། ཐུགས་རྗེ་ཆེན་པོ་ཞེས་བྱ་བ་ཡང་གཉིས་ཡིན་ཏེ། སྤྲུལ་པའི་ཐུགས་རྗེ་ཆེན་པོ་དང་། རྣམ་པར་འཕྲུལ་པ་དང་། ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པར་སྐྱེ་བ་མེད་ཀྱང་སྐྱེ་ཚུལ་

(༡༦༧)སྟོན། གནས་པ་མེད་ཀྱང་གནས་ཚུལ་སྟོན། ལམ་བསྒྲོད་བདུད་བཏུལ་རྫོགས་པར་སངས་རྒྱས་ཤིང་། ཕྱོགས་བཅུ་ཞིང་ཁམས་མཐའ་ཡས་པར། ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། མྱ་ངན་ལས་འདས་པའི་ཚུལ་བསྟན་ནས། སེམས་ཅན་འཁོར་བ་ལས་བསྒྲོལ་བའི་ཐུགས་རྗེ་ཆེན་པོ་གྲངས་མེད་དཔག་ཏུ་མེད་པའི། འགྲོ་དོན་མཛད་པ་ནི་སྤྲུལ་སྐུ་རྒྱ་མཚོ་མཐའ་ཡས་ཀྱི་ཐུགས་རྗེ་ཆེན་པོ་བྱ་བ་ཡིན། རང་རྒྱུད་པའི་སྤྱན་རས་གཟིགས་ནི། མ་རིག་པའི་རྒྱ་མཚོར་བྱིང་ཞིང་། མི་ཤེས་པའི་དབང་གིས་ལས་དགེ་སྡིག་སྣ་ཚོགས་སྤྱད་སྤྱད་ནས། རང་དབང་མེད་པར་རིག་དྲུག་སྣ་ཚོགས་ཀྱི་ལུས་བླངས་ཤིང་། དགེ་བའི་ཚོགས་དང་མི་དགེ་བའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྱད་ཀྱང་གཟུང་འཛིན་གྲོལ་བའི་དབང་གིས་སྐྱེ་འཆི་ལས་རང་དབང་མ་ཐོབ་ཅིང་འཁོར་བ་ལས་མ་ཐར་བ་དེར། སེམས་དང་སེམས་བྱུང་མ་རྟོགས་པས་ལན་པ་ཡིན། བྱ་བའི་རྒྱུད་ཀྱི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། སྤྱན་རས་གཟིགས་རྡོ་རྗེ་འཛིན་པ་དང་། འགྲོ་དྲུག་སེམས་ཅན་རྣམས་ཀྱི་སྤྱི་ཁྱབ་དང་། བྱེ་བྲག་དུ་འཁོར་བར་འཁྱམ་པ་ལས། སྤྲུལ་པའི་སྐུ་དང་སེམས་ཅན་རང་རྒྱུད་པ་གཉིས་ཀྱིས་མཚམས་འབྱེད་པའི་བར་སྐབས་བསྟན་པའོ། །དེའི་ཚེ་དེའི་དུས་ན། གྲངས་མེད་བསྐལ་པ་མཐའ་ཡས་མུ་མེད་བསམ་གྱིས་མི་ཁྱབ་པའི་སྔོན་རོལ་དུ། ཕ་བྲམ་ཟེ་འབྲི་ན་རྒྱལ་བ་དང་། མ་སུ་ན་དྷ་རི་བྱ་བ་གཉིས་ལས། བུ་བྲམ་ཟེ་

(༡༦༨)ལྟ་ན་སྡུག་བྱ་བ་སྐྱེས་པའི་དུས་སུ། སངས་རྒྱས་པདྨ་མཆོག་གི་བླ་མ་ཞེས་བྱ་བ་སངས་རྒྱས་ཀྱི་ཞིང་འོད་འཕྲོ་བ་ཞེས་བྱ་བ་ན་བཞུགས་པ་ཡིས། སྒྲིབ་པ་མེད་པའི་སྤྱན་གྱིས་གཟིགས་པའི་དུས་སུ། བྲམ་ཟེའི་ཁྱེའུ་མཐོང་ན་དགའ་འདུལ་བའི་དུས་ལ་བབས་པར་གཟིགས་ནས་སྤྲུལ་པའི་འོད་ཟེར་ཆ་གཅིག་འཕྲོས་པ་ལས། བྲམ་ཟེ་ཆོས་ཀྱི་རིག་བྱེད་སྙིང་རྗེའི་བདག་ཉིད་ཅན་གཅིག་དུ་སྤྲུལ་ནས། དང་པོ་བྲམ་ཟེའི་རིག་བྱེད་ཐམས་ཅད་ལ་མཁས་པར་བརླབས་ཤིང་། དེའི་རྗེས་སུ་སྙིང་རྗེ་ཚད་མེད་ཅན། ཚད་མེད་ལ་བསླབས་ནས། ཚད་ཅན་འཇིག་རྟེན་པའི་སྙིང་རྗེ་བློ་ལོག་ནས། ཚད་མེད་པའི་འཇིག་རྟེན་ལས་འདས་པའི་སྙིང་རྗེ་ལ་བློ་སྦྱང་དུ་བཅུག་ཅིང་། བྱམས་པ་ཚད་མེད་པ། དགའ་བ་ཚད་མེད་པ། བཏང་སྙོམས་ཚད་མེད་པ་ལས་རིམས་ཀྱི་བརླླབས་སོ། །དེ་ནས་ཐེག་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་སྨོན་འཇུག་གཉིས་ལས་གོམས་པར་སྦྱང་ཞིང་། སྡུག་བསྔལ་དང་བྲལ་བའི་ཏིང་ངེ་འཛིན་ཀྱང་རྟོགས་པར་མཛད་དོ། །དེའི་ཚེ་དེའི་དུས་ན། པདྨ་མཆོག་གི་བླ་མ་དངོས་སུ་བྱོན་ནས། འགྲོ་བ་འདྲེན་པར་དབང་བསྐུར་བྱིན་གྱིས་བརླབས་སོ། །པདྨ་མཆོག་གི་བླ་ན་མེད་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཡང་མདོ་རྒྱུད་རྣམས་ནས་གྲངས་མེད་པ་གསུངས་ཤིང་འདུག་པ་སྟེ། སངས་རྒྱས་འདི་ནི་པདྨ་ར་གའི་འོད་ཟེར་འཕྲོ་བའི་ཞིང་ན་བཞུགས་པའི་སངས་རྒྱས་ཡིན། །དེའི་ཚེ་དེའི་དུས་ན། བྲམ་ཟེའི་བུ་མཐོང་ན་དགའ་དེས། སངས་རྒྱས་ཀྱི་འཐུས་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་དང་། ཆོ་འཕྲུལ་དང་རྫུ་འཕྲུལ་བསམ་གྱི་མི་ཁྱབ་པའི་སྟོབས་ཐོབ་

(༡༦༩)པར་འགྱུར་ཏོ། །དེའི་ཚེ་དེའི་དུས་ན། བྱང་ཆུབ་སེམས་དཔའ་མཐོང་ན་དགའ་ཞེས་བྱ་བར་ཐམས་ཅད་ཀུན་གྱི་མཚན་གསོལ་ཏེ། ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་པར་འགྲོ་བ་རིགས་དྲུག་གི་སྐྱེས་གནས་དང་ཡུལ་ཐམས་ཅད་དུ། སེམས་ཅན་རྣམས་སྡུག་བསྔལ་བ་དང་། ཉོན་མོངས་པ་ཐམས་ཅད་ཀྱི་རྩར་རང་གི་གཟུགས་དང་། སྐད་དང་ཁ་དོག་དང་། མགོན་པོའི་བྱེ་བྲག་དང་། ཡན་ལག་གི་གྲངས་དང་། མཉམ་པར་སྤྲུལ་ཞིང་། ཐབས་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཞི་བར་མཛད་ཅིང་། མཐར་གྱིས་འཁོར་བ་ལས་སྒྲལ་ལོ། །བཀྲེས་པ་རྣམས་ཀྱི་སྐོམ་པ་དང་ཧུབ་ཏུ་གྱུར་པ་དང་། ནད་པ་རྣམས་ཀྱི་སྨན་དང་སྨན་པར་གྱུར་བ་དང་། སྐྱབས་མེད་མགོན་མེད་གནས་མེད་རྣམས་ཀྱིས། སྐྱབས་མགོན་གཞལ་ཡས་ཁང་དུ་གྱུར་པ་དང་། ཟས་དང་ནོར་དང་ལོངས་སྤྱོད་མེད་པ་རྣམས་ཀྱི་དབུལ་འཕོངས་སྡུག་བསྔལ་བསལ་བ་ལ་སོགས་པ། སྐད་ཅིག་ལག་པ་བརྐྱང་བསྐུམ་ཙམ་གྱི་བར་དུ་ཡང་། སེམས་ཅན་རྣམས་ཀྱི་ཁམས་རྒྱུད་དང་འཐུན་པར་འཇིག་རྟེན་འདིའི་ཕན་བདེ་བསམ་གྱིས་མི་ཁྱབ་པ་བསྒྲུབས་ནས་སེམས་བསྐྱེད་པའི་སྟོབས་དང་། ཚོགས་གཉིས་ཟུང་དུ་འཇུག་པའི་སྟོབས་དང་། སྨོན་ལམ་རྒྱ་ཚོ་མཐའ་ཡས་པའི་སྟོབས་དང་འབྲེལ་པ་ཐོགས་ཚད་རྣམས་ཚད་མེད་པའི་སྙིང་རྗེ་ཆེན་པོ་ཡིས། ཐམས་ཅད་ཐེག་པ་གསུམ་ལ་བཀོད་ཅིང་སྐྱོ་བ་དང་དུབ་པ་མེད་པར། འགྲོ་བ་རིགས་དྲུག་ཐམས་ཅད་ཀྱི་གྲངས་དང་མཉམ་པའི་འོད་ཟེར་བཀྱེས་ནས། ཐམས་ཅད་ཀྱི་སྡུག་བསྔལ་སྣ་ཚོགས་ཀྱི་རྒྱ་མཚོ་ཞི་བར་

(༡༧༠)མཛད། སྤྱན་རས་གཟིགས་དང་ཚེ་རབས་མང་པོ་ནས་འབྲེལ་པ་ཡོད་པ་དང་། གསོལ་བ་འདེབས་ཤིང་སྐྱབས་འོག་ཏུ་ཚུད་པ་དང་། སྙིང་པོ་བགྲང་པ་དང་། འཇིགས་པ་དང་ཉམས་ངལ་བྱུང་དུས་སུ་ཐུགས་རྗེ་ཆེན་པོ་དྲན་ཞིང་མོས་གུས་སྐྱེས་པ་ལ་སོགས་པ་རྣམས་ཀྱིས་ནི། སྤྱན་རས་གཟིགས་ཀྱི་སྐུ་མཐོང་བ་དང་། །གསུང་ཐོས་པ་དང་། ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས་པ་དང་། འཇིག་རྟེན་འདིའི་སྡུག་བསྔལ་ཉོན་མོངས་པ་རྒྱ་མཚོའི་འཇིགས་པ་བརྒྱད་དང་གྲངས་མེད་ལས་སྐྱོབ་པར་འགྱུར་རོ། །སེམས་ཅན་ཐོག་མ་མེད་པའི་དུས་ནས། མ་རིག་པ་གཏི་མུག་གི་དབང་དུ་གྱུར་ཞིང་། དཀར་པོའི་འབྲེལ་ཚུལ་དང་ཐོན་ཐབས་ནི་མེད། ལས་ངན་པའི་དབང་དུ་གྱུར་ཅིང་གཟུང་འཛིན་གྱི་དབང་གིས་ལོག་པར་ལྟ་བའི་མུན་པ་འཁྲིགས་པ་ནི་མཐའ་ཡས་མུ་མེད་བསམ་གྱིས་མི་ཁྱབ་པའི་མུན་ནག་གཏི་མུག་འཁྲིགས་པ་རྣམས་ལས། ཐུགས་རྗེ་ཆེན་པོ་སྟོང་པ་སྙིང་རྗེ་དབྱེར་མེད་ཚད་མེད་པའི་ཐུགས་རྗེ་ཆེན་པོའི་འོད་ཟེར་དང་། རྣམ་འཕྲུལ་དང་སྤྲུལ་སྐུ་ངེས་དོན་གྱི་དབང་དུ་བྱས་ན་རྒྱུན་ཆད་མེད་པར་སྐྱེད། དྲང་དོན་གདུལ་བྱ་ཐ་མའི་དབང་དུ་ནི། སྙིང་རྗེ་ཆེན་པོའི་སྤྱན་གྱིས་འཇིག་རྟེན་ལ་ཐང་པ་དྲུག་གཟིགས་པ་གསུམ་གྱིས་བསྐལ་པ་གྲངས་མཐའ་མེད་པར་གཟིགས་ན་ཡང་། ལས་ཟད་པ་དང་འབྲེལ་པ་ཆད་པ་རྣམས་ལ། ད་ལྟ་ཉིད་དུ་ཕན་ཞིང་བྱིན་གྱིས་བརླབས་པར་མི་འགྱུར་ཏེ། ཚད་མེད་ཐུགས་རྗེའི་ཕྲིན་ལས་ཀྱི། རིམས་ཀྱི་སེམས་ཅན་ཐམས་ཅད་བསྒྲོལ་བ་དང་བཅས་པའི། དེའི་ཕྱིར་

(༡༧༡)ན་སྐད་ཅིག་ཡུད་ཙམ་ཐང་གཅིག་ལ་ཡང་། འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕན་པ་དང་། བདེ་བ་ལས་བསམ་གྱིས་མི་ཁྱབ་པ་བཀོད་དོ། །དེ་ལྟ་བུ་བསྐལ་པ་ཁྲི་ཕྲག་བདུན་གྱི་བར་དུ་རྒྱུན་ཆད་མེད་པར་སེམས་ཅན་གྱི་དོན་མཛད་ནས། ཉིན་རེ་ཡང་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཙམ་འཁོར་བ་ལས་བསྒྲོལ་ཞིང་། འཐོ་རིས་ལ་བཀོད་པར་མཛད་པ་ལས། ཚད་མེད་པའི་ཐུགས་རྗེ་ཆེན་པོའི་previous hit དགོངས next hit་དང་། previous hit དགོངས་གཞི་མཛད་ next hit་ནི། སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེ་ཕྱོགས་མེད་དུ་འདུས་པ་ཡིན་པའི་ཕྱིར་སེམས་ཅན་གྱི་དོན་འདི་ཙམ་ཞིག་མཛད་ཅིང་འཁོར་བ་ལས་སྒྲོལ་བའི་ཕྱིར་ན། སེམས་ཅན་འདི་རྣམས་ཉུང་བའམ་ཟད་ཅིང་། ཉུང་བར་མ་གྱུར་རམ། སྙམ་previous hit དགོངས་ནས་སྐད་ཅིག་ལག་ next hit་བརྐྱང་བསྐུམ་ལ། སྲིད་པའི་རྩེ་མོ་རི་བོ་སྤོ་ཏ་ལར་བྱིན་གྱིས་བརླབས་ནས། །མི་མཁྱེན་པ་མེད་པའི་ཐུགས་ཆོས་ཀྱི་དབྱིངས་རབ་འབྱམ་སྒྲིབ་པ་མེད་པའི་སྤྱན་གྱིས། འགྲོ་བ་ནི་རིགས་དྲུག་གི་སྐྱེ་གནས་ཐམས་ཅད་དུ་གཟིགས་པ་ལས། ཁམས་གསུམ་གྱི་སེམས་ཅན་ལ་ནི་ཉུང་པ་འམ་འགྲིས་པ་སྤུ་ཙམ་ཡང་མེད་ཅིང་། མཐའ་ཡས་མུ་མེད་བསམ་གྱིས་མི་ཁྱབ་པའི་འགྲོ་བ་རྣམས། ལུས་ངག་ཡིད་གསུམ་གཟུགས་སྣ་ཚོགས་གྲངས་མེད་པ་དང་། སྐྱིད་སྡུག་འཕོ་འགྱུར་ཐ་དད་པ་བསམ་གྱིས་མི་ཁྱབ་པ་དང་། སྐྱེ་རྒ་ན་འཆི་ཆུ་བོ་བཞི་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་གཟིགས་ནས། ཐུགས་ཤིན་དུ་ཆད་དོ། །ལུས་ངག་

(༡༧༢)ཡིད་གསུམ་ཐང་ཆད་སྒྱིད་ལུག་ཉམས་ཐག་ནས། སེམས་ཅན་ཐམས་ཅད་ཀྱི་ཁམས་ཆེན་པོ་རེ་མཐོང་ནས། ཐུགས་རྗེ་ཆེན་པོ་བཤུམས་ཏེ། སྤྱན་ལོང་ལོང་གི་བར་དུ་བཤུམས་སོ། །དེའི་ཕྱིར་ན། སྤྱན་རས་གཟིགས་སུ་མཚན་གསོལ་བའི་དོན་ཡང་སྐབས་འདིར་previous hit དགོངས་པའོ། །བཤུམས་ next hit་ཕྲིན་ལས་སུ་འགྱུར་བ་སྟེ། སེམས་ཅན་གྱི་རིགས་རྣམས་ཀྱི་མདོ་རྒྱུད་རེ་རེའི་འདུན་དུ་ཡང་སྒྲོལ་མའི་སྐུ་རེ་རེ་བྱོན་ནས། སྒྲོལ་མའི་ཆ་ལུགས་སྣ་ཚོགས་ལྟ་བུར་འཁོར་བ་ལས་སྒྲོལ་ལོ། །ཐུགས་རྗེ་ཆེན་པོའི་སྤྱན་ཆབ་རྣམས་ལ་ཡང་། ཚད་མེད་པའི་སྙིང་རྗེའི་དབང་གིས། རིགས་ལྔའི་སྒྲོལ་མ་ལ་སོགས་པ་སྤྲུལ་པའི་ལྷ་ཚོགས་གནམ་གྱི་སྐར་མ་ཙམ་དུ་འབྱུང་ཞིང་སེམས་ཅན་གྱི་དོན་ལ་གཤེགས་སོ། །དེའི་ཚེ་དེའི་དུས་ན། ཐུགས་རྗེ་ཆེན་པོའི་previous hit དགོངས next hit་ལས། ཤིང་ཟད་པའི་མེ་བཞིན་དུ་མཛད་པ་ཕྲིན་ལས་གང་ཡང་མི་འབྱུང་བར། ཞི་བ་རང་སངས་རྒྱས་ཡིད་བཞིན་བདེ་བ་མཆོག་གི་ས་མངོན་དུ་བྱ་དགོངས་པའི་དུས་སུ་སྟོབས་ཆེན་མཆོག་དུ་གྱུར་པའི་ཕྱག་ན་རྡོ་རྗེ་ཡིས། ཡེ་ཤེས་ཀྱི་རྡོ་རྗེ་ལས་ལས་གྲུབ་པ། རྫས་ཀྱི་རྡོ་རྗེ་དང་ཐ་དད་མེད་པ། འཕངས་ན་ཚད་མེད་པའི་སྙིང་རྗེ་ཆེན་པོའི་མགོ་ལ་སྟོག་སྟེ་དུམ་བུ་དགུར་འགྲོ་ཚུལ་བསྟན་ནས། དེའི་ཚེ་དེའི་དུས་ན། གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་ཞལ་ནས། རབ་འབྱམ་རྒྱལ་བའི་སྲས་བཅས་ཀྱིས། ཚད་མེད་ཐུགས་རྗེའི་བདག་ཉིད་ཁྱོད་ཡིན་ཞིང་། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས། །ཚད་ཅིང་སྙིང་རྗེའི་བདག་ཉིད་ཀྱང་། །ཐུགས་རྗེའི་མངའ་བདག་ཁྱོད་ཡིན་ཕྱིར། །ཞི་བར་གནས་པར་མི་

(༡༧༣)རིགས་སོ། །གསུང་ནས། དབུ་དུམ་དུ་དགུ་སྡུས་པ་ལས། ཞལ་དགུའི་སྔོན་གྱིས་དམ་བཅས་སློབ་དཔོན་ཕྱག་ན་རྡོ་རྗེ་ཡིས་དབུ་དུམ་བུ་དགུའི་ཐོག་དུ་བཞག་པ་དང་བཅུ། ཀུན་གྱིས་སློབ་དཔོན་སྣང་བ་མཐའ་ཡས་ཡིན་པའི་ཕྱིར་ན། བྱང་ཆུབ་སེམས་དཔའ་ཐེག་པ་སྨན་པ་མི་ལྟུང་པའི་དཔང་པོར་སྣང་བ་མཐའ་ཡས་ཀྱི་དབུ་བཞག་པ་དང་བཅུ་སྟེ། འདི་ལ་འགའ་ཞིག་གི་འདི་སྐད་ཟེར་ཡང་སྲིད། པདྨ་མཆོག་གི་བླ་མ་དང་། ཕྱག་ན་རྡོ་རྗེའི་དབུ་དེར་གཞག་པས། དེ་གཉིས་ལ་མགོ་མེད་པར་ཐལ་ཟེར་ཡང་ཤེས་པའི་ཕྱིར་ན། མགོ་དང་ཕྱག་དང་ཕྱག་མཚན་སངས་རྒྱས་སེམས་ཅན་གཉིས་ཀ་ཅིག་དུ་སྡུས་པའི་གྲངས་དང་མཉམ་པར་འོད་དཔག་མེད་ལ་ཡོད་པའི་ཕྱིར་ན། སྣང་བ་མཐའ་ཡས་ཞེས་པའི་དོན་ཡང་འདིས་དགོངས་པའོ། །གསང་བདག་ཀྱང་དེ་དང་འདྲ་སྟེ། རྡོ་རྗེ་འཛིན་པའི་གསལ་བྱེད་སྒྲོན་མ་ལས་ཤེས་པར་མཛོད། དེའི་ཚེ་དེའི་དུས་ན། ཕྱག་ན་རྡོ་རྗེའི་རྣམ་འཕྲུལ་རིག་འཛིན་དང་། ཕྱོགས་བཅུའི་བྱང་ཆུབ་སེམས་པའི་ཚོགས་རྣམས་ཀྱིས། ཚད་མེད་པའི་ཐུགས་རྗེ་ཆེན་པོ། པད་མ་དཀར་པོ་འདམ་གྱི་ནང་ནས་སྐྱེས་ཀྱང་། འདམ་གྱི་དྲི་མས་མི་གོས་པ་ལྟ་བུའི་སྤྱན་རས་གཟིགས་ལ་བསྟོད་པ། ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང་། །སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གང་ལ་གང་འདུལ་དེ་ལ་དེ་སྟོན་པ། །སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །ཞེས་བསྟོད་

(༡༧༤)ཅིང་། སྣང་བ་མཐའ་ཡས་ལ་སོགས་པ། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་དབུར་ཞིང་བྱིན་གྱིས་བརླབས་སོ། །དེའི་ཚེ་དེའི་དུས་ན། འཇིག་རྟེན་གྱི་ཁམས་སྲིད་པ་གསུམ་སོགས་སྤྱན་རས་གཟིགས་ཀྱིས་སྒྲ་ཕྱོགས་མེད་དུ་སྒྲོགས་པས་སེམས་ཅན་གྱིས་ཐོས་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ན། སྤྱན་རས་གཟིགས་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་ཁམས་གསུམ་དུ་བཀྱེ་ནས། ཚད་མེད་པའི་ཐུགས་རྗེ་ཆེན་པོའི་དབང་གིས། སེམས་ཅན་གྱི་གྲངས་དང་མཉམ་པ་ཙམ་དུ། མི་མཐུན་པར་སྤྱན་རས་གཟིགས་ཁམས་གསུམ་དུ་ཁྱབ་པར་སྤྲུལ་ཏེ། སེམས་ཅན་ཐམས་ཅད་ཀྱི་སེམས་བརྒྱུད་ལ་ཡང་སྤྱན་རས་གཟིགས་ཞེས་བྱ་བར་རང་བཞིན་གྱི་ཤེས་ནས། ཚད་མེད་པའི་སྙིང་རྗེ་ཤུགས་ལས་སྐྱེས་སོ། །དེའི་ཕྱིར་ན། སྤྱན་རས་གཟིགས་ཀྱིས་མ་ཁྱབ་པ་གང་ཡང་མེད། སྤྱན་རས་གཟིགས་ཀྱི་མཛད་པ་འཕྲིན་ལས་previous hit དགོངས next hit་དང་དགོངས་གཞི་ཐམས་ཅད་ཀྱང་། རྣམ་པར་སྣང་མཛད་གངས་ཆེན་མཚོ་དང་མཚུངས་སོ། །དེའི་ཕྱིར་ན་སངས་རྒྱས་ཐམས་ཅད་ཀྱི་ཚད་མེད་པའི་ཐུགས་རྗེས་གང་ཁྱབ་པའི་སར། སྤྱན་རས་གཟིགས་ཀྱི་ཚད་མེད་པའི་སྙིང་རྗེ་དང་། མཛད་པ་ཕྲིན་ལས་ཀྱི་མ་ཁྱབ་པ་མེད་པའོ། །དེའི་ཕྱིར་ན། ཐུགས་རྗེ་ཆེན་པོའི་སྐུ་ཆོས་ཀྱི་དབྱིངས་དང་མཉམ་པར། ཆོས་ཀྱི་དབྱིངས་ཀྱིས་མ་ཁྱབ་པ་མེད་པའི་སྐུ་ཞིང་ཁམས་ཐམས་ཅད་སྐུ་ལ་རྫོགས་ཤིང་། སྐུའི་ཡེ་ཤེས་ཞིང་ཁམས་ཐམས་ཅད་ལ་ཁྱབ་པའི་སྐུ། བསམ་གྱི་མི་ཁྱབ་པའི་ཆོས་ཀྱི་སྐུ། ལོངས་སྤྱོད་རྫོགས་པའི་སྐུ་གྲངས་མེད་མཐའ་ཡས་བསམ་གྱིས་མི་ཁྱབ་པ། སྐུ་ཆེ་བ་ཀུན་

(༡༧༥)སྟོང་གསུམ་ཙམ་སམ། འབྲིང་པོ་ཀུན་གླིང་བཞི་རི་རབ་དང་བཅས་པ་དང་མཉམ་པ་གདུལ་བྱ་སེམས་ཅན་རྣམས་ཀྱི་ལུས་ཆེ་ཆུང་བྱེ་བྲག་དང་མཉམ་པར། དཔེར་ན་མེ་ལོང་གཟུགས་བརྙན་བཞིན་དུ། སྤྱན་རས་གཟིགས་ཀྱི་སྐུ་ཡང་དེ་དང་མཚུངས་པ་སྟེ། སྤྱན་རས་གཟིགས་ཀྱི་སྐུ་འབའ་ཞིག་ཀུན་རི་བྲག་སྣ་ཚོགས་ཙམ་དང་། ད་ལྟར་གྱི་མིའི་ལུས་ཙམ་དང་། ཐེབ་བོང་ཙམ་དང་། ཆུང་པ་ཀུན་ཤིག་དང་ཡུངས་འབྲུ་སྲོ་མ་ཙམ་ལ་སོགས་པ་ཆེ་ཆུང་མང་ཚད་མེད་པའི་ཕྱིར་ན། གདུལ་བྱ་ཇི་ལྟར་གནས་པ་ལས། གདུལ་བྱེད་བསྟོན་པ་དེ་བཞིན་འབྱུང་། ཞེས་གསུངས་པ་ཡང་སྐབས་འདིར་previous hit དགོངས next hit་སྟེ། ཟ་མ་ཏོག་བཀོད་པའི་མདོའི་previous hit དགོངས next hit་ལས། གདུལ་བྱེད་བསྟོན་པ་དེ་བཞིན་འབྱུང་། ཞེས་གསུངས་པ་ཡང་སྐབས་འདིར་previous hit དགོངས next hit་སྟེ། ཟ་མ་ཏོག་བཀོད་པའི་མདོའི་previous hit དགོངས next hit་ལས། ཐུགས་རྗེ་ཆེན་པོ་ཀུན་ཁྱབ་ཆོས་ཀྱི་དབྱིངས་དང་མཉམ་པའི་སྐུའི་བ་སྤུའི་རྩ་བ་གསེར་ཞེས་བྱ་བ་ན་ཕར། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམས་སེལ། རྫུ་འཕྲུལ་དང་། ཆོ་འཕྲུལ། རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པས་ལོ་བཅུ་གཉིས་ཀྱི་བར་དུ། སོང་ན་ཡང་བ་སྤུའི་རྩ་བའི་གཏིང་མ་སྙེད་སྟེ་བ་སྤུའི་ནང་དེ་ན་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་དེ་ན་གནས་ཤིང་། རྒྱ་མཚོ་རི་རབ་གླིང་བཞི་ཀུན་གྱིས། འཇིག་རྟེན་གྱི་ཁམས་རྡུལ་གྱི་གྲངས་དང་མཉམ་པ། སངས་རྒྱས་ཤཱཀྱ་ཐུབ་པ་གཅིག་བུ་ཡང་། རྡུལ་གཅིག་གིས་རྡུལ་རྙེད་གཞག་པས་ཙམ་ཞིང་ཁམས་མཐའ་ཡས་མུ་མེད་པ་མཐོང་ནས་

(༡༧༦)ཤིན་ཏུ་ངལ་ཞིང་དུབ་ལ་མགོ་ཡུ་འཁོར་ནས། ཕྱིར་ལ་ལོག་ནས་ཤཱཀྱ་ཐུབ་པ་ལ་ཞུས་པ། འདིའི་བ་སྤུའི་རྩ་བ་ལ་མཐའ་ཐུག་པ་མི་སྣང་ན། ཐུགས་རྗེ་ཆེན་པོ་རངས་པའི་སྐུ་འམ་ཚད་ཇི་ལྟ་བུ་ལགས་ཞེས་ཞུས་པ་ལས། ཁྱེད་གཅིག་པུས་མཚོན་ནས་ཕྱོགས་བཅུ་དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་བ་སྤུའི་གཏིང་སྙེད་པར་མི་འགྱུར་རོ། །དེའི་ཕྱིར་ན། ཚད་མེད་པའི་སྙིང་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་སྐུ་ལ་ཁྱབ་པ་ནི། ཚད་མེད་བསམ་གྱིས་མི་ཁྱབ་ཅིང་གཏིང་དཔག་དཀའོ། །དེའི་ཕྱིར་ན། སྐུ་ཆེ་བ་བསམ་གྱིས་མི་ཁྱབ་པ་ཡང་། འགྲོ་བ་ཐམས་ཅད་ཀྱིས་མཐོང་ཞིང་། འགྲོ་དོན་རྒྱ་ཆེན་པོ་མཛད་ཚུལ་བསྟན་ཏོ། །ཁ་དོག་སྣ་ཚོགས་པས་ཀྱང་འགྲོ་དོན་མཛད་ལ། སྐྱེ་རྒས་ན་འཆིའི་སྡུག་བསྔལ་ཉོན་མོངས་འཕོངས་འགྱུར་སྣ་ཚོགས་ཐུགས་རྗེ་ཆེན་པོས་སྤྲུལ་ཞིང་སྤྱན་རས་གཟིགས་ཀྱིས་ཀྱང་མྱོང་པས་ཉམས་སུ་མྱོང་བའི་ཚུལ་བསྟན་པས་ཀྱང་། འགྲོ་བ་འཁོར་བ་ལས་སྒྲོལ་ཏེ། འགྲོ་བ་རིགས་དྲུག་ལ་སྐད་ཅིག་གི་བྱེ་བྲག་ཅི་ཙམ་ཡོད་པ་བཞིན་དུ། གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡི་གེ་དྲུག་མ། ཨོཾ་མ་ཎི་པདྨེ་ཧཱུྃ། ཡང་རིགས་དྲུག་སྐད་ཀྱི་བྱེ་བྲག་བཞིན་དུ། དེ་ལྟར་གོང་དུ་བསྟན་པ་བཞིན་སེམས་ཅན་ཀུན་གྱིས་བཟླས་པ་དང་ཐོས་པ་ཙམ་གྱིས་ཀྱང་། ཚད་མེད་པའི་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་འགྲོ་བ་ཐམས་ཅད་འཁོར་བ་ལས་སྒྲོལ་བར་གསུངས་སོ། །དེའི་ཚེ་དེའི་དུས་ན། སྐུ་ཤིན་ཏུ་ཆུང་བ་ཐེ་བོང་ཙམ་ལ་སོགས་པས་ཀྱང་། སེམས་ཅན་རྣམས་འཁོར་བ་ལས་བསྒྲོལ་ཏེ། སྐུ་

(༡༧༧)ཤིན་ཏུ་ཆུང་བ་ཀུན་དང་ཆེ་བ་ཡང་མཛད་པ་འཕྲིན་ལས་ལ་ཚད་མེད། སེམས་ཅན་རྣམས་ཀྱིས་སྣང་ཚུལ་དུ་བསྟན་པའི་ཕྱིར་ན། སྐུ་ཚེ་རིང་བ་བསྐལ་པ་གྲངས་མེད་དུ་བཞུགས་པ་དང་། ལོ་དང་ཟླ་བ་ཞག་བཅུའམ་བདུན་གྱི་བར་དུ་བཞུགས་པ་ཀུན་ཀྱང་། བསྟན་པ་དང་འགྲོ་དོན་ཡུན་རིང་ཐུང་གནས་པ་ལས་འགྲོ་དོན་མཉམ་པའོ། །དེའི་ཕྱིར་ན། འཇིག་རྟེན་གྱི་ཁམས་མི་འཇེད་འདི་ནས། འོག་གི་ཕྱོགས་ན་གང་ག་ཀླུང་གི་བྱེ་མ་སྙེད་བདུན་གྱི་མགོ་རལ་ནས། ཐེ་བོང་ཅན་གྱི་འཇིག་རྟེན་གྱི་ཁམས་བྱ་བ་ཡོད་དེ། མིའི་ལུས་པོ་ཆེ་ཆུང་ད་ལྟར་གྱི་འཛམ་བུ་གླིང་པའི་མིའི་ཐེ་བོང་ཙམ་ཡོད་པ་ལས། ད་ལྟར་འཛམ་བུའི་གླིང་ན་སྙིགས་མ་ལྔ་རྡོ་བའི་དུས་ལ་གཡོ་རྒྱུ་དང་། ཉོན་མོངས་པ་གང་ཆེ་འབུམ་འཕྲག་བྱེ་བའོ། །མི་དགེ་བའི་ཚོགས་དང་། ལོག་པའི་ཤེས་རབ་གཅིག་དུ་སྡུས་པ་ཙམ་དེའི་མི་གཅིག་ལ་ཡོད་པར་གསུངས་སོ། །དེ་སངས་རྒྱས་གང་གིས་ཀྱང་ཐུགས་རྗེས་བཟུང་མ་ནུས་པ་ལས། འོད་དཔག་མེད་ཀྱིས་བྱིན་གྱིས་བརླབས་ཤིང་། སྤྲུལ་པ་ ཐུགས་རྗེ་ཆེན་པོ་དེ་ཡིས། དེ་རྣམས་ཀུན་ཤཱཀྱ་ཐུབ་པ་བྲམ་ཟེའི་བུ་ལྔ་རྒྱར་སྤྲུལ་པ་ལ། བྲམ་ཟེའི་བུ་འཁོར་བ་འདུལ་ཞེས་བྱ་བ་སངས་རྒྱས་སྐར་མ་ལ་དགའ་བར་སངས་རྒྱ་ཚུལ་བསྟན་ཏེ། ཐེ་བོང་ཙམ་གྱི་ཞིང་ཁམས་མཐའ་ཡས་མུ་མེད་པ་རྣམས་ཀྱི་བསྟོན་པར་སྤྲུལ། དེ་ལྟར་འཛམ་བུ་གླིང་པའི་མིའི་སྐུ་འཁྲུ་གང་གི་ཚད་ཙམ་བྱོན་པ་ནི། སྙིང་རྗེ་ཆེན་པོ་རྣམ་པར་སྣང་བྱེད་ཞི་བ་དེ། རྣམས་འཕྲུལ་དང་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པས་སྣ་ཚོགས་ཐབས་ཀྱིས་སངས་རྒྱས་སྐར་

(༡༧༨)མ་ལ་དགའ་བ་ཞེས་བྱ་བ་དེ་ཡིས། ཞི་བ་དང་ཁྲོ་བོ་ལ་སོགས་པ་འཕྲིན་ལས་རྣམ་བཞིས་དེ་རྣམས་ཐེག་པ་གསུམ་ལ་བཀོད་ཅིང་། འཁོར་བ་ལས་བསྒྲལ་བ་ཡང་སྐར་མ་ལ་དགའ་བས་ཡུན་ཐུང་ངུན་ལས་མ་བཞུགས་ཀྱང་། སྙིང་རྗེ་ཆེན་པོའི་སྟོབས་ཀྱིས། ཐེ་བོ་ཅན་གྱི་ཞིང་ཁམས་སུ། སངས་རྒྱས་ཀྱི་ཆོས་ཐེག་པ་སྣ་ཚོགས་བཀའ་རབ་འབྱམས་ཡུན་རིང་ཐུང་ངུ་གནས་ཤིང་། ཉོན་མོངས་པ་ཅི་ལྟར་དུ་ཆེ་བ་བཞིན་དུ་ས་ལམ་མྱུར་དུ་རྫོགས་པ་དང་། སངས་རྒྱས་མྱུར་དུ་ཐོབ་པར་འདོད་པ་སྟེ། དེའི་ཕྱིར་ན། ལུས་ལ་ཉོན་མོངས་པ་ཇི་ལྟར་ཆེ་བ་བཞིན། སངས་རྒྱས་འཐུ་སྟོབས་མཁྱེན་པ་རྒྱས་པ་ཡིན་ཞེས་གསངས་ཡང་སྐབས་འདིར་previous hit དགོངས next hit་ཡིན་དེའི་ཕྱིར་ན། ཚད་མེད་པའི་སྙིང་རྗེ་ཆེན་པོ་དང་ལྡན་པ་སྤྱན་རས་གཟིགས་ཀྱི་སེམས་བསྐྱེད་དང་། ས་ལམ་བསྒྲོད་ཚུལ་དང་། སྨོན་ལམ་གྱིས་སྟོབས་ཆེན་པོའི་དབང་གིས་གདུལ་བྱ་དབང་ཤིག་དང་སྲོ་མ་དང་། མི་གཙང་བའི་སྲིན་བུ་ལ་སོགས་པ། ཅི་ལྟར་དུ་གནས་པ་བཞིན་དུ། སྤྱན་རས་གཟིགས་ཀྱི་ཡང་སྐུ་གསུང་ཐུགས་དང་། མཛད་པ་དེ་དང་མཚུངས་པའི་ཕྱིར་ན། སྙིང་རྗེ་ཆེན་པོའི་ཞིང་ཁམས་འདིར་ཡོད་བྱ་བ་ངེས་པ་མེད་པ་ཡིན། སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། བྱ་བའི་བཀའ་དང་། རྒྱུད་ཀྱི་ཚད་མེད་པའི་སྙིང་རྗེ་ཆེན་པོ། །རྡོ་རྗེ་འཛིན་པའི་སྤྲུལ་སྐུའི་གདུལ་བྱའི་གྲངས་དང་མཉམ་པར་ཚད་མེད་པའི་སྙིང་རྗེ་ཆེན་པོའི་བརྩོལ་བ་དང་བསྒྲུབ་པ་མེད་པར། འགྲོ་དྲུག་སེམས་ཅན་འཁོར་བ་ལས་སྒྲོལ་བའི་བར་སྐབས་བསྟན་པ་ལགས་སོ། དེའི་ཕྱིར་ན། པདྨ་ཅོད་པན་གྱི་རྒྱུ་གོངས་པ་

(༡༧༩)ལས། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཀུན་ནས་འོད་འཕྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཚེ། སངས་རྒྱས་ཀྱི་སྐུ་ལ་འོད་ཟེར་འཕྲོས་ནས་རྣམ་པར་སྣང་མཛད་གང་ཆེན་མཚོའི་སྐུ་དང་ཞིང་ཁམས་ལ་རེག་ཤིང་། སངས་རྒྱས་སྟོང་རྩ་གཉིས་མཆོད་ནས་འོད་ཟེར་ཚུར་འདུས་ཏེ། སངས་རྒྱས་ཀྱི་གཙུག་གཏོར་དུ་ཐིམ་པ་ལས། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་། ཞལ་བཅུ་གཅིག་པ་ཡིས་འཇིག་རྟེན་གྱི་ཁམས་ཁྱབ་པར་མངོན་པར་སྤྲུལ་ནས་ནི། ཕྱག་ན་རྡོ་རྗེས་སྤྱན་རས་གཟིགས་ཐེག་པ་ཆེན་པོར་བྱིན་གྱིས་བརླབས་ཤིང་རྡོ་རྗེ་འཕངས་པ་ཡང་། སངས་རྒྱས་ཀྱི་འཐུ་ཁམས་གསུམ་སྤྱན་རས་གཟིགས་ཀྱི་ཁྱབ་པ་སྤྲུལ་པ་སྟེ། པདྨ་མཆོག་གི་བླ་མ་དང་། སྣང་བ་མཐའ་ཡས་ཀྱི་རྣམ་པར་འཕྲུལ་པའོ། །བཞེད་པའོ། དེའི་ཚེ་དེའི་དུས་ན། །སྙིང་རྗེ་རྣམ་པར་རོལ་པའི་རྒྱུད་དང་། པདྨ་ཅོད་པན་མ་དྲ་བ། འཇིག་རྟེན་དབང་ཕྱུག་ཡིད་བཞིན་ནོར་བུ། སྙིང་རྗེ་པདྨ་དཀར་པོ་ལ་སོགས་བྱ་བའི་རྒྱུད་ཀྱི་ཐུགས་རྗེ་ཆེན་པོའི་བཀའ་དང་། རྒྱུད་གཉིས་ཀྱིས་བསྡུས་པའི། །གཟུངས་སྔགས་ཀྱི་སྡེ་ཚན་གྲངས་མེད་པ་གདུལ་བྱ་དབང་པོའི་བྱེ་བྲག་བཞིན་དུ་སངས་རྒྱས་རྣམས་བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་གཞུང་ས་གཅོད་ཆེན་མོ་དང་། ཕུན་སུམ་ཚོགས་པ་རྒྱ་མཚོ་མཐའ་ཡས་ཀྱི་བྱ་བའི་རྒྱུད་ཀྱི་གཟུངས་སྔགས་སོ་སོར་འབྱེད་པ་ལས་ཤེས་པར་བྱའོ། །སངས་རྒྱས་སྤྱན་རས་གཟིགས་བྱ་བའི་རྒྱུད་ཀྱི་རྡོ་རྗེ་འཛིན་པའི་ཆོས་ཀྱི་འཁོར་ལོ་ཕུང་པོ་ལས་ཆོས་ཀྱི་སྒོ་མོ་གཉིས་

(༡༨༠)དང་། གཟུངས་ཀྱི་ཆོས་ཀྱི་ཕུང་པོ་གཅིག་གི་སུམ་ཆ་སྤྱན་རས་གཟིགས་ཀྱི་སྟོན་པ་བསྟན་པའོ། །དབང་སྐལ་ཡིན་པའི་ཕྱིར་ན། དང་པོ་བྱ་བའི་རྒྱུད་ཀྱི་ཐེག་པ་དང་། འཇུག་པའི་སྒོ་ནས་བཟུང་སྟེ། རྡོ་རྗེ་འཛིན་པའི་ས་མ་ཐོབ་ཀྱི་བར་དུ། རྣམ་གྲངས་དགུ་ཡིས་འཇུག་པ་སྟེ། དེའི་སྒྲ་དང་དོན་རྣམས་སོ་སོར་འབྱེད་པའི་ཕྱིར་ན། ཡིག་སྣ་གསལ་བྱེད་སྒྲོན་མ་དབྱིབས་ཙམ་དུ། རྒྱུ་དང་། འབྲས་བུ་སོ་སོར་འབྱེད་པ་ལས། རིགས་གསུམ་མགོན་པོའི་གསལ་བྱེད་སྒྲོན་མ་འདི་གསུམ། ཡང་གཅིག་རྒྱབ་ཅིག་གིས་སྐྱོང་བ་སྟེ། རྒྱས་བསྡུས་གཅིག་དུ་སྡེབས་ཤིང་། སྒྲ་དོན་སོ་སོར་མ་འདྲེས་སོ་སོར་འབྱེད་པར་བྱའོ། །ཐུགས་རྗེ་ཆེན་པོ་ནི་སྔོན་གྱི་སྨོན་ལམ་དང་། དམ་བཅའི་སྟོབས་ཀྱིས་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་སངས་མ་རྒྱས་ཤིང་འཁོར་བ་མ་སྟོངས་ཀྱི་བར་དུ། བདག་ནི་སངས་རྒྱ་བར་མ་གྱུར་ཅིག་ཅེས། སྨོན་ལམ་གཏབ་པའི་ཕྱིར་ན། སྤྱན་རས་གཟིགས་དང་རུང་སངས་མ་རྒྱས་པར་བཞེད་པ་སྟེ། རྒྱུད་གཟུངས་འགའ་ཞིག་གི་ནང་ནས། སངས་རྒྱས་པ་དང་། ཞིང་ཁམས་བསྟན་པ་ཡང་ཡོད་པ་ལས། གདུལ་བྱ་རབ་འབྲིང་ཐ་མའི་སྣང་ངོ་ལ་བསྟན་པའོ། །བསྟན་པ་རྒྱ་མཚོ་མཐའ་ཡས་འདི། བྲི་དང་། ཀློག་དང་། བཤད་དང་། ཉན་དང་། བསྒོམ་དང་། གར་བཞུགས་པའི་གནས་མལ་ལ་སོགས་པ་རྣམས་སུ་ཚད་མེད་པའི་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་དང་། ཚངས་པ་དང་བརྒྱ་བྱིན་འཇིག་རྟེན་སྐྱོང་པ། ཀླུ་དང་ས་བདག་ལ་སོགས་པ་རྣམས་ཀྱིས་ཀྱང་། བསྟན་པ་ཕྱོགས་མེད་དུ་དར་བ་དང་། འགྲོ་དོན་ཕྱོགས་མེད་

(༡༨༡""དུ་འབྱུང་བར་བྱིན་གྱིས་བརློབས་ཤིག །བསྲུངས་སྐྱོབ་དམ་པ་མཛོད་ཅིག །ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་བསག་དང་རྟོགས་པ་ཡིས། །འགྲོ་དྲུག་སེམས་ཅན་མ་ལུས་པ། །སྐུ་ལྔ་ཡོངས་རྫོགས་སངས་རྒྱས་ཉིད་དུ་ཤོག །ཀུན་གཞི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །བདག་དང་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་དུ་བསགས་པ་དང་། རྟོགས་པའི་དགེ་བའི་རྩ་བ་འདིས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི། སྐུ༴ གསུང་༴ ཐུགས༴ ཡོན་ཏན༴ ཕྲིན་ལས་གཅིག་དུ་བསྡུས་པ་ཙམ། བདག་ལ་ད་ལྟ་ཉིད་དུ་འབྱུང་ཞིང་། འགྲོ་དྲུག་གི་སེམས་ཅན་ཐམས་ཅད་སྐད་ཅིག་ཉིད་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་འགོད་པར་གྱུར་ཅིག །བཀྲ་ཤིས་དཔལ་འབར་འཛམ་གླིང་བརྒྱན་དུ་ཤོག །ཀྲྀ་ཡ་དག་པའི་རྣལ་འབྱོར། སྤྱན་རས་གཟིགས་རྡོ་རྗེ་འཛིན་པ་བྱ་བའི་རྒྱུད་ཀྱི་བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི། ཡིག་སྣ་གསལ་བྱེད་སྒྲོན་མ་ཞེས་བྱ་བ། རྫོགས་སོ། །མ་རྫོགས། ཀུན་རྫོགས། ཕྱོགས་རྫོགས། དེ་རྫོགས། དེར་མ་རྫོགས། འོག་མིན་གྱི་གནས་བརྒྱན་གཏུག་པོ་བཀོད་པའི་ཕོ་བྲང་། །ས་ལམ་རིམ་གྱིས་སྒྲོད་ཚུལ་བསྟན་པའི་རྣམ་པར་སྣང་མཛད་ཀུན་རིག་རྒྱལ་པོའི་བསྟན་པ་སྟོན་པ་ཕུན་སུམ་ཚོགས་པ་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་ཞེས་བྱ་བ་ཡང་གསུམ་ཡིན་ཏེ། རང་བཞིན་གྱི་ལྷུན་གྱིས་གྲུབ་པའི་རྣམ་པར་སྣང་མཛད་དང་། རྫུ་འཕྲུལ་དང་ཆོ་འཕྲུལ་རྣམ་པར་སྣང་མཛད་སྤྲུལ་པའི་སྐུའི་རྣམ་པར་

(༡༨༢)སྣང་མཛད་དང་། རང་བཞིན་གདོད་མ་ནས་རྣམ་པར་སྣང་མཛད་ཡིན་པ་ལ། ཡིན་པར་ངོ་མ་ཤེས་ཤིང་། མ་རིག་པའི་དབང་དུ་སོང་པ་རྣམས་ས་ལམ་རིམས་ཀྱི་སྒྲོད་ནས། སེམས་ཅན་ལ་རྣམ་པར་སྣང་མཛད་དུ་སངས་རྒྱས་པ་དང་གསུམ་སྟེ། རྣམ་པར་སྣང་མཛད་གཉིས་པོ་སྐབས་འདིར་བཤད་པའི་དུས་ལ་མ་བབ་པོ་དེའི་ཕྱིར་ན། ལ་རིག་པའི་དབང་གི་འཁོར་བར་འཁྱམས་པ་ལས། ས་ལམ་རིམས་ཀྱི་སྒྲོད་ནས། ཕྱི་རྒྱུད་གསུམ་གྱི་ཡང་རྩེ་ཡོ་ག་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའོ། །སྟོན་པ་ཕུན་སུམ་ཚོགས་པ་དང་། བསྟན་པ་ཕུན་སུམ་ཚོགས་པ་སྐབས་འདིར་བཤད་ཅིང་གསལ་བར་བྱེ་པ་ལས། དོན་རྣམ་པ་ལྔ་ཡིན་ཏེ། །རྒྱ་སྐད་བོད་སྐད་མཚམས་སྦྱར་བ་དང་། མཚན་ལ་ཕྱག་འཚལ་བ་དང་། ཀླད་དང་གཞུང་དང་། མཇུག་གི་དོན་དང་། ལྔ་བྱས་ཀྱང་གསུམ་དུ་འདུས་པའོ། །འབྲེལ་དང་། མ་ཚང་མེད་པ་དང་། ཕུན་སུམ་ཚོགས་པས་རྒྱུད་ཅེས་བྱ། གསུང་བའི་ཕྱིར་ན། ཡོ་གའི་བཀའ་དང་རྒྱུད་རྣམས་ནི་ཕུན་སུམ་ཚོགས་པ་ལྔ་ཡིས་འཆད་ཅིང་། དེ་ལས་འཕྲོས་པ་རྒྱུད་འགྲེལ་བསྟན་བཅོས་གདམ་ངག་རྒྱས་བསྡུས་རྣམས་ནི། རྩིས་མགོ་རྣམ་པ་ལྔ་ཡིས་བསྟན་པར་བྱའོ། །དེ་ལ་ཀླད་ཀྱི་དོན་རྣམས་ནི་བསྟན་པ་རྒྱ་མཚོ་མཐའ་ཡས། གཞན་རྣམས་ཀྱི་ནང་ན་རྒྱས་བསྡུས་སྣ་ཚོགས་ཡོད་པ་དང་། སྦྱར་ཞིང་བཤད་པར་བྱའོ། །གཞུང་གི་དོན་ལ་ཐེག་པ་དགུ་ལ་བཤད་ལུགས་གྲངས་མེད་པ་ཡོད་ཀྱང་། ཡོ་ག་ཀུན་རིག་རྒྱལ་པོ་བཀའ་དང་རྒྱུད་རྣམས་འཆད་

(༡༨༣)ཅིང་བསྟོན་པའི་ཕྱིར་ན། ཞུ་བ་པོ་དང་བཀའ་བསྡུ་བ་པོ་གྲངས་མེད་པ་ཡོད་ཀྱང་། འདིར་ཕྱག་ན་རྡོ་རྗེ་རྣལ་འབྱོར་གྱི་ཆ་ལུགས་དང་འཐུན་པ་ཡིས་ཞུས་ནས་འདི་སྐད་བདག་གིས། ཐོས་པའི་དུས་གཅིག་ན་བྱ་བ་ཡིས་གཏན་ཚིགས་དང་བཅས་པ་རྒྱུད་དང་བཀའ་བསྡུས་པ་སྟོན་ཏེ། དེ་ཡང་གསུམ་དུ་འཆད་པ་ལ་གཞི་ཆོས་ཅན་ཆོས་ཉིད་མ་རིག་པ་དང་བཅས་པའི་རྣམ་པར་སྣང་མཛད་དང་། ལམ་སྒྲོད་བྱ་ཐེག་པ་དྲུག་གི་ས་ལམ་རིམས་ཀྱི་སྒྲོད་པའི་རྣམ་པར་སྣང་མཛད་དང་། འབྲས་བུ་ཀུན་རིག་རྒྱལ་པོའི་རྣམ་པར་སྣང་མཛད་དེ། ཐུབ་་ཆེན་པོ་ཐུབ་ཆེན་ལྡན། །གསང་སྔགས་ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་ཅན་བདག་ཉིད་ཅན། །ཞེས་གསུངས་པ་ཡང་སྐབས་འདིར་previous hit དགོངས next hit་ཡིན། དེའི་ཕྱིར་ན་འབྲས་བུ་མཐར་ཕྱིན་པ་ཀུན་རིག་རྒྱལ་པོ་ཡང་། གསུམ་མམ་ལྔ་ཡིན་ཏེ། སྐུ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་དང་། གསུང་རྣམ་པར་སྣང་མཛད་མངོན་པོར་བྱང་ཆུབ་པ་དང་། ཐུགས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་དང་། དེ་གསུམ་ཆ་མཉམ་པ་ལས་ཡོན་ཏན་ཕྲིན་ལས་མངོན་པར་བྱང་ཆུབ་པའོ། །དེ་ཡང་དབྱེ་ན་གསུམ་ཡིན་ཏེ། གཞི་ལམ་འབྲས་བུའོ། །གཞིའི་རྣམ་པར་སྣང་མཛད་ཀྱང་དབྱེ་ན་གཉིས་ཡིན་ཏེ། །འཁྲུལ་པ་དང་འཁྲུལ་གཞིའོ། །དེ་ལ་འཁྲུལ་གཞི་ཡོད་པར་འདོད་པ་དང་། མེད་པར་འདོད་པ་གཉིས་ཡིན་ཏེ། ཀུན་གཞི་མེད་ན་དགེ་སྡིག་སྣ་ཚོགས་ཀྱི་ལས་བསོགས་པའི་

(༡༨༤)གནས་མེད་པའི་ཕྱིར་ན། དཔེར་ན་བར་སྣང་སྟོང་པར་དངོས་པོ་སྣ་ཚོགས་མཆགས་སུ་བཏུབ་བམ་མི་ཏུབ། དངོས་པོ་མེད་ན་དགེ་སྡིག་སྣ་ཚོགས་ཀྱི་རྒྱུ་འབྲས་མི་སྨིན་པར་ཐལ། ཅིའི་ཕྱིར་ན༴ ཀུན་གཞི། རྟེན་མེད་པའི་ཕྱིར་རོ། །དངོས་པོ་ཡོད་ན་གདོད་མ་ནས་དངོས་པོར་གྱུར་པའི་ཕྱིར། ཀུན་གཞི་ཀུན་འབྱུང་བའི་ཐ་སྙད་མི་འཇུག་གོ། །དེའི་ཕྱིར་ན་གདོད་མ་ནས། རྒྱུ་འབྲས་དངོས་པོ་སྣ་ཚོགས་གྲུབ་ཐོན་པའི་ཕྱིར་ན། ལས་དགེ་སྡིག་རྒྱུ་འབྲས་སོགས། དུ་མ་སོག་པ་དོན་མེད་དུ་ཐལ། དེའི་ཕྱིར་ན་ཀུན་གཞི་ཞེས་བྱ་བ་ནི། ཐ་སྙད་སྣ་ཚོགས་གང་དུ་ཡང་མི་འདོགས། སངས་རྒྱས་སེམས་ཅན་དགེ་སྡིག་རྒྱུ་འབྲས་གང་དུ་ཡང་མ་གྲུབ། སྟེང་འོག་ཕྱོགས་མཚམས་གར་ཡང་མི་རྟེན་རྒྱུ་རྐྱེན་གང་གིས་ཀྱང་མ་སྐྱེད་མི་འགག་པའི་ཕྱིར་ན། ཀུན་གཞི་ཀུན་འབྱུང་བའི་ཆོས་ཅན་ཞེས་ཀྱང་བྱ། མཚན་གཞི་མཚོན་བྱེད་གང་དུ་ཡང་སྒྲོ་མི་འདོག་པའི་ཕྱིར་ན་གནས་མེད་གནས་ཡིན་འདི་ནི་རྒྱལ་བས་གནས་པར་གསུངས། ཞེས་གསུངས་previous hit ་ཡང་སྐབས་འདིར་དགོངས next hit་པའོ། །དེའི་ཕྱིར་ན། ཡོད་མེད་གཉིས་ཀྱི་མཐའ་ལས་འདས་པའི་ཕྱིར་ན། ཆོས་ཐམས་ཅད་རང་བཞིན་སེམས་ཅན་རྣམས་ཀྱི་སེམས་ཉིད་ཀུན་གཞི་ཞེས་བྱ་བར་མིང་འདོག་པ་ལས། ཀུན་གཞི་ཞེས་བྱ་བའི་མིང་ཡང་ཐ་སྙད་མ་གྲུབ་པའི་ཕྱིར་ན། དེ་ལྟར་དུ་དེ་བཞིན་ཉིད་ལ་རང་རང་གནས་པའི་དུས་སུ། ཀུན་གཞི་ལ་ཀུན་འཁོད་ཀུན་གནས་པ་ནི། ངོ་བོ་རང་བཞིན་མཚན་ཉིད་རྣམ་པ་ལྔར་གནས་པ་

(༡༨༥)ལས། འདི་ལྔ་མ་རིག་པའི་དབང་གིས་དུག་ལྔར་འཁྲུལ་པ་སྟེ། དེ་ཡང་གཤིས་ལྔ་དང་པོར་གང་ལས་འཁྲུལ་སྔ་བ་དེ། དུག་ལྔ་རེ་རེས་གཙོ་བྱས་ནས། དུག་བཞི་པོས་འཁོར་གྱི་ཚུལ་དུ་རིམས་བཞིན་འཁྲུལ་པའོ། །དེའི་ཕྱིར་ན། སེམས་ཉིད་ཀྱི་བཤིས་ཆོས་ཀྱི་དབྱིངས་དང་མཉམ་པ་གཤིས་འགྱུར་བ་མེད་པ། ངོ་བོ་སྟོང་པ༴ རང་བཞིན་གསལ་བ། རྣམ་པར་རྟོག་པ་སྣ་ཚོགས་སུ་འཕྲོ་བ། མཚན་ཉིད་འགག་པ་མེད་པ་འདི་ལྔ་རང་བཞིན་ཉིད་ལ་རང་ཏང་གནས་པའི་དུས་སུ། ཆོས་ཀྱི་དབྱིངས་དང་མཉམ་པར་མ་ཁྱབ་པ་མེད་པའི་དབྱིངས་ཏེ། རང་གིས་རང་མ་རིག་ནས་རང་བཞིན་ཉིད་ལ་རང་ཏང་འཁྲུལ་བས། གཏི་མུག་གི་ཁམས་ཆེན་པོར་གནས་པ་སྟེ། གཤིས་འགྱུར་བ་མེད་པ་ལ་སོགས་པ་བཞི་པོ་ཡང་། རང་གི་རང་ངོ་མ་ཤེས་ནས་རིམ་བཞིན་དུ་འཁྲུལ་པ་ལས། དུག་ལྔ་ཡུལ་དང་ཡུལ་ཅན་དུ་འཁྲུལ་པ་སྟེ། དེའི་ཕྱིར་ན་རྣམ་པར་སྣང་མཛད་ཀྱང་གཙོ་བོ་སེམས་ཀྱི་དབྱིངས་མ་རིག་ནས། བཞི་པོ་རིགས་བཞི་འཁོར་གྱི་ཚུལ་དུ་མ་རྟོགས་པའི་ཕྱིར། དེའི་ཡུལ་ཅན་དུ་ཕུང་པོ་ལྔར་འཁྲུལ་ལུས་དང་གྲིབ་མ་བཞིན་དུ། འཛིན་པ་རྣམ་པ་ལྔའི་འཛིན་པ་ཤུགས་ལས་བྱུང་དེ། གཅིག་ལས་ཅིག་འཁྲུལ་འཁོར་བའི་ཆོས་དྲུག་བཅུ་རྩ་བཞིར་འཁྲུལ་ནས། རྣམ་པར་སྣང་མཛད་ཁམས་གསུམ་གྱི་གྲོང་ཁྱེར་དུ་འཁྲུལ་བཞིན་དུ་རིགས་དྲུག་གི་གྲོང་ཁྱེར་སྣ་ཚོགས་སུ་རང་དབང་མེད་པར་འཁྱམས་ནས། འཁོར་བའི་སྐྱེ་གནས་ཐམས་ཅད་དུ་ལུས་སྣ་ཚོགས་བླང་ཞིང་། མཐོ་རིས་ངན་སོང་གང་དང་གང་གི་རིགས་སུ་སྐྱེས་པའི་རིགས་ཅན་རྣམས་སྒྲིབ་པ་མེད་པར་སྣང་ཞིང་། མ་རིག་པའི་

(༡༨༦)དབང་གིས་འདུ་བྱེད་ཀྱི་ཕུང་པོ་འཁོར་བའི་བྱ་བ་སྣ་ཚོགས་རྒྱུན་ཆད་མེད་པར་མཛད་པའི་ཕྱིར་ན། རྣམ་པ་སྣ་ཚོགས་ཆུ་བོ་བཞི་ལ་སོགས་པའི་འཕོ་འགྱུར་རྣམ་པ་སྣ་ཚོགས་མཐར་ཐུགས་པ་མེད་པར་མཛད་པའི་ཕྱིར་ན། མ་རིགས་ཁམས་གསུམ་འཁོར་བའི་རྣམ་པར་སྣང་མཛད་བྱ་བ་ཡང་སྐབས་འདིར་previous hit དགོངས next hit་སྟེ། སེམས་ཅན་སྤྱི་ཁྱབ་དང་གང་ཟག་སྒོས་རྩན་གཉིས་ཡིན་པ་ལས། གང་ཟག་སྒོས་རྩན་ནི་ཀུན་གཞི་ཀུན་འབྱུང་བའི་ཆོས་ཅན། མ་རིག་ཅིང་མ་རྟོགས་འཁྲུལ་པའི་རྒྱ་མཚོར་འཁྱམས་པའོ། །འཁྲུལ་པ་དང་འཁྲུལ་གཞི་རྣམ་པར། སྣང་མཛད་དོ། །དེའི་ཕྱིར་ན། །གང་ཟག་སྒོ་རྩན་གྱི་འཁྲུལ་པ་དང་འཁྲུལ་གཞི་མ་རྟོགས་པའི་རྣམ་པར་སྣང་མཛད་བསྟན་པའི་བར་སྐབས་སོ། །དེའི་ཕྱིར་ན། གྲུབ་མཐའ་བློ་མ་སྒྱུར་གྱི་བར་དུ། ལམ་གཉིས་ལ་འཇུག་མི་བཏུབ་པའི་ཕྱིར་ན། གྲུབ་མཐའ་ཡང་གཉིས་ཡིན་ཏེ། ཕྱི་པ་མུ་སྟེགས་པའི་གྲུབ་མཐའ་དང་། ནང་པ་སངས་རྒྱས་པའི་གྲུབ་མཐའོ། །དེའི་ཕྱིར་འཁོར་བ་ཐོག་མཐའ་མེད་པའི་ཕྱིར། སྣམ་སྣང་ཀྱང་མ་རྟོགས་པའི་འཁྲུལ་པ་རང་ཀ་མར་གནས་པའི་དུས་སུ། མུ་སྟེགས་ཀྱི་གྲུབ་མཐའ་ལ་ཞུགས་ཤིང་། རྟག་ཆད་གཉིས་དང་། གསང་བའི་ལྟ་བསྒོམ་སྤྱོད་གསུམ་ལ་བློ་སྦྱང་བ་འཐད་དམ་མི་འཐད། དེའི་ཕྱིར་ན། །མ་རིག་པ་གཏི་མུག་གིས་མ་ཁྱབ་པ་མེད་པའི་ཕྱིར་ན། མུ་སྟེགས་ཀྱི་རིགས་རྣམས་སུ་རྣམ་པར་སྣང་མཛད་ཀྱང་སྐྱེ་ཞིང་། མུ་སྟེགས་ཀྱི་གྲུབ་མཐའ་ལོག་པའི་བྱ་བ་སྣ་ཚོགས་མཛད་པའི་ལུང་མང་དུ་གསུངས་པ་སྟེ། མུ་སྟེགས་ཅན་ལ་སྨོད་མི་བྱ། །མུ་སྟེགས་ཅན་ལ་སྨད་བྱས་ན། །རྣམ་པར་སྣང་མཛད་རིང་པའི་རྒྱུ། །ཞེས་གསུངས་པ་ཡང་སྐབས་འདིར་

(༡༨༧)previous hit དགོངས next hit་ཡིན་ནོ། །དེའི་ཕྱིར་ན། ལམ་ཚོལ་ནས་ནི་མི་ཕྲན་འཇུག་བྱ་བ་ཡང་། མུ་སྟེགས་གྲུབ་མཐར་ཞུགས་ནས། དཀའ་ཐུབ་དཀའ་སྤྱད་སྣ་ཚོགས་ཀྱི་ལམ་བཙལ་ནས། ནང་པ་སངས་རྒྱས་ཀྱི་གྲུབ་མཐའ་ལ་འཇུག་པ་སྟེ། སྤྲུལ་པའི་སྐུ་རྣམས་ཀྱི་འཁོར་གྱི་དང་པོ་ཡང་། མུ་སྟེགས་པ་ཡིན་པར་བཤད་པ་ལས། ཁྱད་པར་དུ་ཤཱཀྱ་ཐུབ་པའི་འཁོར་ལྔ་སྡེ་བཟང་པོ་ཡེ་ཤེས་ཁོང་ནས་སད་པའི་ཚུལ་གྱིས་བསྙེན་པར་རྫོགས་པ་དང་། རལ་པ་ཅན་ལྔ་བརྒྱ་ཚུར་ཤོག་གི་བསྙེན་པར་རྫོགས་པ་བཞེད་པ་བཞིན། རྣམ་པར་སྣང་མཛད་ཀྱང་གྲུབ་མཐའ་ལོག་པ་མུ་སྟེགས་སུ་སྐྱེས་པ་འཐད་དམ་མི་འཐད། དེའི་ཕྱིར་ན། ནང་པ་སངས་རྒྱས་ཀྱི་གྲུབ་མཐའ་ལས་དང་པོ་ཉན་ཐོས་ཀྱི་ཐེག་པ་འབྱུང་པ་སྟེ། ཐེག་པ་ཆུང་ངུ་ལམ་འཕྲ་མོ་ལ་ཞུགས་བྱ་བ་གསུངས་པའི་དོན་ཡང་། ལུང་ཨ་ནུ་ཡོ་ག་ལས། ཁྱིའུ་ཀྲ་ར་བ་སྤུན་ལྔ་ཡིས་དང་པོ་ནང་པ་སངས་རྒྱས་པའི་གྲུབ་མཐའ་ལ་ཞུགས་ནས། སངས་རྒྱས་ལྔ་ཁྲི་ལྔ་སྟོང་ལས་བསྐལ་པ་གྲངས་མེད་པ་ལས་ཀྱང་གྲངས་མེད་པར། ཉན་ཐོས་ཀྱི་ཐེག་པར་ཕྱི་སྤྱོད་པ་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ནང་འགོག་པ་ཏིང་ངེ་འཛིན་གྱི་ཕུང་པོ་ལས་བསྐལ་པ་མང་པོར་སྙོམས་པར་ཞུགས་ཤིང་། སངས་རྒྱས་རྣམས་མཉེས་པར་བྱས་ཤིང་། ཉན་ཐོས་ཀྱི་ཐེག་པའི་ལྟ་བསྒོམ་སྤྱོད་གསུམ་འབྲས་བུ་རྣམས། རྣམ་པར་སྣང་བར་མཛད་ཅིང་། རྫོགས་པར་མཛད་པའི་ཕྱིར་ན། ཡང་ཐེག་པ་ཆུང་ངུའི་རྣམ་པར་སྣང་མཛད་དུ་བློ་སྦྱངས་པའི་བར་སྐབས་བསྟན་པའོ། །དེའི་ཕྱིར་ན། སངས་རྒྱས་ལྔ་ཁྲི་ལྔ་སྟོང་ཡང་དུས་གཅིག་མ་ཡིན་རིམས་ཀྱིས་བསྐལ་

(༡༨༨)པ་རེ་རེ་ཙམ་གྱི་དུས་སུ། སྨོན་ལམ་གྱིས་སྟོབས་ཀྱིས་མཇལ་ནས། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། བྱ་བའི་རྒྱུད་དང་། སྤྱོད་པ་དང་རྣལ་འབྱོར་གྱི་རྒྱུད་རྣམས་སུ། བསྐལ་པ་གྲངས་མེད་པ་བས་ཀྱང་གྲངས་མེད་དུ། སྐྱེ་བ་རྩིས་དང་གྲངས་ལས་འདས་པ་ཙམ་དུ་སངས་རྒྱས་རྣམས་མཆོད་ཅིང་སྙེན་བཀུར་བ་དང་། ས་ལམ་གོང་ནས་གོང་དུ་རྫོགས་པར་མཛད་ཅིང་། ཐེག་པ་དྲུག་གི་བསྟན་པ་སྟོན་པ་ལྟ་སྒོམ་སྤྱོད་པའི་བྱ་བ་རྣམས། རང་ལ་རང་སྣང་བར་མཛད་ཅིང་གཞན་ལ་ཡང་སྣང་བར་མཛད་ནས་ས་ལམ་གོང་ནས་གོང་དུ་རྫོགས་པར་མཛད་པ་ནི། སྒྲོད་བྱ་ལམ་གྱི་རྣམ་པར་སྣང་མཛད་བྱ་བ་བསྟན་པའི་བར་སྐབས་ལགས་སོ། །སངས་རྒྱས་བསྟན་པ་རིམས་ཀྱི་འཇུག །རྒྱ་མཚོ་ཆེན་པོ་བབས་ཀྱི་གཞོལ། །རི་བོ་ཆེ་ལ་ཐབས་ཀྱི་འཇུགས། །གསུངས་པའི་ཕྱིར་ན། མ་རྟོགས་པ་ལས་ལོག་རྟོགས་ཏུ། འཁོར་བའི་རྒྱུ་བཟློག་ལམ་བཟློག་འབྲས་བུ་བཟློག་ནས། ལམ་འཚོལ་བ་མུ་སྟེགས་ཀྱི་གྲུབ་མཐའ་རྣམས་ཀྱང་། རྒྱུ་ཤེས་ལམ་ཤེས་འབྲས་བུ་ཤེས་ནས། དེར་མི་གནས་ཤིང་ལམ་འཕྲན་ཉན་ཐོས་ཀྱི་ཐེག་པའི་རྒྱུ་འབྲས་རྫོགས་ཤིང་། རང་རྒྱལ་བྱང་ཆུབ་སེམས་དཔའི་ཐེག་པ་གོང་ནས་གོང་དུ་ནར་སོན་པར་བྱེད་པ་ཡི། དེར་ཡང་མི་གནས་ཤིང་། བྱ་རྒྱུད་སྤྱོད་རྒྱུད་རྣལ་འབྱོར་གྱི་རྒྱུད་རྣམས་ལ་རིམས་ཀྱི་འཇུག་ནས། བསྐལ་པ་གྲངས་མེད་ལས་ཀྱང་གྲངས་མེད་དུ་ཐེག་པ་དྲུག་གི་ས་ལམ་རྫོགས་ཤིང་དེའི་སྟོན་པ་དང་བསྟན་པ་རྣམས་ལ་དང་པོ་འཇུག་སྒོ་ནས་བཟུང་སྟེ། །ལྟོས་པ་ལྟོས་ཆོས་ཀྱི་འབྲས་བུ་ཐོབ་བྱའི་བར་དུ། ས་གཅོད་དགུ་ཡིས་ས་ལམ་སོ་སོར་བསྒྲོད་ནས། རྣམ་པར་སྣང་

(༡༨༩)མཛད་ཀུན་རིག་རྒྱལ་པོ་སངས་རྒྱས་པའི་ལུགས། ཕྱི་རྒྱུད་སྡེ་གསུམ་ཡོ་གའི་བཀའ་དང་རྒྱུད་ལས་རྒྱས་པར་བསྟན་པའོ། །གཤིས་ལྔ་ལས་འཁྲུལ་པ་དུག་བཞི་དང་། ཁྱིའུ་ཀྲ་ར་བ་གཞི་མ་རིག་པའི་དབང་གིས་འཁོར་བར་འཁྱམས་ལུགས་དང་། ལམ་མཚོ་ལམ་བྲན་དུ་ཞུགས་ཤིང་། ཐེག་པ་དྲུག་གིས་ས་ལམ་སོ་སོར་བསྒྲོད་ནས། རིགས་བཞི་རྣམ་པར་འབྱེད་པའི་སར་རྡོ་རྗེ་སེམས་དཔའ་འོད་དཔག་མེད་དོན་གྲུབ་རིན་འབྱུང་དུ་སངས་རྒྱས་པའི་ལུགས་ཐེག་པ་དྲུག་གི་མདོ་རྒྱུད་རྣམས་ལས་སོ་སོར་གཞག་ནས་སྟོན་པའོ། །ཡོ་གའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། རྣམ་པར་སྣང་མཛད་རང་རྒྱུད་པའི་ས་ལམ་རིམ་གྱིས་བསྒྲོད་ཚུལ་བསྟན་ནས་ལམ་གྱི་ཡོན་ཏན་རྫོགས་པའི་བར་སྐབས་བསྟན་པའོ། །དེའི་ཚེ་དེའི་དུས་ན། སངས་རྒྱས་ལྔ་ཁྲི་ལྔ་སྟོང་གི་ཐུགས་རྗེས་གཟུང་ཞིང་། དེ་མ་མཉེས་པ་ཕུན་སུམ་ཚོགས་པ་བསྒྲུབས་ནས། སངས་རྒྱས་དེ་རྣམས་ཀྱི་ཆོས་ཀྱི་ཕུང་པོ་ཐེག་པ་དྲུག་མན་ཆོད་ཀྱིས་ས་ལམ་གྱི་བྱེ་བྲག་རྣམས་རྫོགས་པར་མཛད་ནས། ས་བཅུ་ཆོས་ཀྱི་སྤྲིན་རྫོགས་པའི་ཐ་མ་ལས། དང་པོར་རྣམ་པར་སྣང་མཛད་སྐུ་མངོན་པར་བྱང་ཆུབ་པ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་སྤྲུལ་པའི་སྐུའི་ལོངས་སྐུ་ཆེན་པོར་རྣམ་པར་སྣང་མཛད་དང་། ཀུན་རིག་རྒྱལ་པོའི་ཞིང་ཁམས་ཡིན་པའི་ཕྱིར། དེ་ཡང་སོ་སོར་དབྱེ་ན། གླིང་བཞི་བྱེ་བ་ཕྲག་བརྒྱ་རིའི་རྒྱལ་པོ་རི་རབ་ཀྱང་བྱེ་

(༡༩༠)བ་ཕྲག་བརྒྱ་སྟེ། བྱེ་བ་ཕྲག་བརྒྱ་ལས་ཀྱང་བྱེ་བ་ཕྲག་བརྒྱ་ཡོངས་སུ་རྫོགས་པའི་ཕྱིར་ན། རིའི་རྒྱལ་པོ་རི་རབ་ཀྱང་བྱེ་བ་ཕྲག་བརྒྱ་དང་། གླིང་བཞི་བྱེ་བ་ཕྲག་བརྒྱ་སོ་སོར་སྐོར་ཞིང་མཐའ་ལྕགས་རི་མུ་ཁྱུད་བྱེ་བ་ཕྲག་བརྒྱ་ཡིས་ས་མཚམས་བཅད་པའོ། །རི་རབ་བྱེ་བ་ཕྲག་བརྒྱ་རེ་རེའི་རྩེ་ལ། རྣམ་པར་རྒྱལ་བའི་ཁང་བཟངས་ཀྱང་བྱེ་བ་ཕྲག་བརྒྱ། དེའི་བདག་པོ་ལྷའི་དབང་པོ་རྒྱ་བྱིན་ཀྱང་བྱེ་བ་ཕྲག་བརྒྱ། རི་རབ་ཀྱི་རྩེ་མོ་གཞལ་ཡས་ཁང་བྱེ་བ་ཕྲག་བརྒྱར་རྣམ་པར་སྣང་མཛད། སྐུ་མངོན་པར་རྫོགས་པར་བྱང་ཆུབ་པ་ཡང་དུས་ཅིག་བྱེ་བ་ཕྲག་བརྒྱ་གདན་སེང་གེའི་ཁྲི་དང་བཅས། རྣམ་པར་རྒྱལ་བའི་ཁང་བཟངས་ཆོས་ཀྱི་དབྱིངས་དང་མཉམ་པར་བྱིན་གྱིས་བརླབས་ཤིང་། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི། རྡུལ་ཅིག་གི་སྟེང་ན་རྡུལ་སྙེད་མངོན་པོར་བྱང་ཆུབ་ཅིང་རྣམ་པར་འཕྲུལ་པའོ། །ཚངས་བྱིན་འཁོར་ལོ་སྒྱུར་བའི་རྒྱལ་པོ་ཀླུ་དང་ས་བདག་ལ་ཤེས་ཡོད་རེ་རེ་ལ་ཡང་བྱེ་བ་ཕྲག་བརྒྱ་བརྒྱ། རང་རང་གི་འཁོར་ཕུན་སུམ་ཚོགས་པ་གཡོག་དང་བཅས་པ་རྣམས་ཀྱང་། བྱེ་བ་ཕྲག་བརྒྱའི་རྣམ་པར་སྣང་མཛད་ཀྱི་དྲུང་དུ་ཐམས་ཅད་སོ་སོར་འདུས་ཤིང་། སོ་སོར་འཁོད་ནས། previous hit དགོངས next hit་ཆོས་ཉིད་ལ་བཞུགས་པའི་ཕྱིར། སྐུ་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་སངས་རྒྱས་པའི་རྣམ་པར་སྣང་མཛད་ཀུན་རིག་རྒྱལ་པོས་ཅི་འང་མི་གསུང་ཞིང་། སྟོང་གསུམ་བྱིན་གྱིས་བརླབས་པའི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམ་པར་འཕྲུལ་པ་ཡིས། བྱིན་གྱིས་བརླབས་ཀྱི་མ་ཁྱབ་པ་མེད་པར། མངོན་པོར་རྫོགས་པར་སངས་རྒྱས་ལ་ཆོས་ཐམས་ཅད་ཆོས་

(༡༩༡)ཉིད་ཀྱི་སྐུར་སངས་རྒྱས་པའི་previous hit དགོངས next hit་མངའ་བ། དུས་གསུམ་མཉམ་པ་ཉིད་ཐུགས་སུ་ཆུད་པའི་ཡེ་ཤེས་ཀྱི་སྐུ་མངའ་བ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐུས་མ་ཁྱབ་པ་མེད་པ། སྐུ་ལ་ཞིང་ཁམས་ཐམས་ཅད་སྣང་ཞིང་གསལ་ལ། མེ་ལོང་གཟུགས་བརྙན་བཞིན་དུ་ཅིག་གིས་ཅིག་མི་སྒྲིབ་པར། ཀུན་རིག་ཀུན་མཁྱེན་ཀུན་གསལ་བའོ། །གསུང་གི་ང་རོ་བཞིན་དུ་མ་སྒྲགས་ཀྱང་། །ནམ་མཁའ་ལྟ་བུ་མཚན་ཉིད་གདུལ་བྱ་རྣམས་ཀྱི་གསལ། །ཀུན་རིག་རྒྱལ་པོའི་གསུང་གིས་མ་ཁྱབ་པ་མེད་པར་གསུང་གི་བྱིན་གྱིས་བརླབས་པ་དང་། སྟོང་གསུམ་བྱང་ཆུབ་ཀྱི་སྙིང་པོའི་ཤིང་སྤྲིན་ལྟར་དུ་གཏིབས་ཤིང་། བྱང་ཆུབ་ཀྱི་ཤིང་རེ་རེ་ལ་ཡང་། གྲངས་ཅན་རྣམ་པར་སྣང་མཛད་བྱེ་བ་ཕྲག་བརྒྱ་དང་། གྲངས་མེད་ཚད་ལས་འདས་པ་ལས། བྱང་ཆུབ་ཀྱི་ཚོགས་རྡུལ་གཅིག་སྟེང་ན་རྡུལ་སྙེད་དུ་བཞུགས་པ་རྣམས། ཀུན་རིག་རྒྱལ་པོའི་བྱིན་བརླབས་ཀྱིས། རྒྱལ་བའི་སྲས་རྣམས་སངས་རྒྱས་ཀྱི་ཞིང་ཁམས་ཀུན་ནས་བརྙེས་པའི། རབ་དང་བྱོན་པའི་ལུགས་དང་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ན་ཆོས་ཀྱི་ཕུང་པོ་གསུངས་པ་དང་། གསུངས་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོར་ཐོས་པ་རྣམས་གཅིག་གིས་གཅིག་ལ་སྒྲོ་བ་དང་། གླེང་བ་དང་། འཆད་པ་དང་། རྫུ་འཕྲུལ་ཆོ་འཕྲུལ་སྣ་ཚོགས་སྟོན་པར་མཛད་དོ། །ཀུན་རིག་རྒྱལ་པོ་བྱེ་བ་ཕྲག་བརྒྱའི་སྐུ་ལས་འོད་ཟེར་སྣ་ཚོགས་འཕྲོས་པས་ཕྱོགས་བཅུར་དྲ་བར་འབྲེལ་བ་ལས། གདུལ་བྱ་སྣ་ཚོགས་འགྲོ་བ་རིགས་དྲུག་རྣམས་སུ།

(༡༩༢)རང་རང་གི་ངག་དང་སེམས་དང་འཐུན་པར་ཐེག་པ་སྣ་ཚོགས་ཆོས་ཀྱི་ཕུང་པོར་གོ་ཞིང་། སེམས་ཅན་རྣམས་ཀྱི་སེམས་བརྒྱུད་ལ་རྣམ་རྟོག་རྣམ་པ་སྣ་ཚོགས་དེ། ཏིང་ངེ་འཛིན་གྱི་ཕུང་པོར་འཆར་རོ། །གནས་དེར་ཀུན་རིག་རྒྱལ་པོའི་སྐུ་མངོན་པར་རྫོགས་པར་སངས་རྒྱས་ནས། ལྷའི་ཞག་གཅིག་བཞུགས་ཏེ། གཙོ་ཆེར་བྱ་བའི་རྒྱུད་མན་ཆོད་ཐེག་པ་གསུམ་གྱི་ཕུང་པོ་གཟུངས་སྔགས་སྡེ་སྣོད་གསུམ་སོ་སོར་ཀུན་རིག་ཅིང་། ཞལ་ནས་མ་གསུངས་བྱིན་གྱིས་བརླབས་པའི་བཀའ་བྱ་རྒྱུད་སྡེ་སྣོད་གསུམ་གྱི་གདུལ་བྱ་རྣམས་ཀྱི་སོ་སོར་གོ་བར་མཛད་པའོ། །ལོངས་སྐུ་རང་རྒྱུད་པའི་བསྟན་པ་ཕྱི་རྒྱུད་གསུམ་ལས། རྣམ་པར་སྣང་མཛད་སྐུ་མངོན་པར་བྱང་ཆུབ་པའོ། །བསྟན་པ་ཕུན་སུམ་ཚོགས་པ་དང་། སྟོན་པ་ཕུན་སུམ་ཚོགས་པ་དང་བྱིན་བརླབས་ཀྱིས་བསྟན་པའི་བར་སྐབས་སོ། །དེའི་ཚེ་དེའི་དུས་ན། དགའ་ལྡན་གྱི་གནས་བྱེ་བ་ཕྲག་བརྒྱར། རྣམ་པར་སྣང་མཛད་བྱེ་བ་ཕྲག་བརྒྱ། ཐུགས་མངོན་པོར་རྫོགས་པར་སངས་རྒྱས་པ་ནི། སྔར་བཞིན། སྟོན་པ་ཕུན་སུམ་ཚོགས་པ་བྱེ་བ་ཕྲག་བརྒྱ་ཐུགས་ཆོས་ཉིད་ཀྱི་དབྱིངས་སུ་མི་གཡོ་བར་བཞུགས་ཚུལ་བསྟན་པ་དང་། ཕྱོགས་བཅུའི་སངས་རྒྱས་དང་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པའི་སངས་རྒྱས་རྣམས་དང་། རྒྱལ་བའི་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་རྡུལ་གཅིག་སྟེང་ན་རྡུལ་སྙེད་བཞུགས་པ་རྣམས་དང་། འཇིག་རྟེན་ཆེན་པོ་བྱེ་བ་ཕྲག་བརྒྱ་ན། ལས་རེ་རེ་ལས་ཀྱང་བྱེ་བ་བརྒྱ་རེ། ཀུན་རིག་རྒྱལ་པོ་སོ་སོར་ལ་བསྐོར་ཞིང་། ཐུགས་ཆོས་ཉིད་ལས་མི་གཡོ་མི་འདའ་བར་ཐམས་ཅད་མཉམ་པར་བཞུགས་སོ། །དེ་ལྟར་དུ་གཞུག་

(༡༩༣)ཀྱང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དཀྱིལ་འཁོར་གྱིས་མ་ཁྱབ་པ་མེད་པའི་ཕྱིར་ན། ལོངས་སྤྱོད་རྫོགས་པའི་རིགས་ལྔའི་ཞིང་ཁམས་དང་། སྤྲུལ་པའི་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་གྲངས་མཐའ་ཡས་ཚད་ལས་འདས་པ་རྣམས། ཐུགས་མི་ཟད་པ་བརྒྱན་གྱི་འཁོར་ལོ་ཡིས། ཏིང་ངེ་འཛིན་གྱི་ཚོགས་རྣམས་སུ་བྱིན་གྱིས་བརླབས་ཤིང་དངོས་སུ་ཞིང་ཁམས་རྒྱ་ཆེ་ཆུང་འབྲིང་གསུམ་གྲངས་ལས་འདས་པར་བསྟན་པ་ནི། དཔེར་ན་ནམ་མཁའ་མཐའ་མེད་པ་ལས། ཉི་ཟླ་རྒྱུ་སྐར་གྱི་ཚོགས་ཀྱིས་ཁྱབ་པར་མཛད་པ་བཞིན་དུ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དང་། ཞིང་ཁམས་དང་ཕྱི་རྒྱུད་གསུམ་མན་ཆོད་གྱི་ཐེག་པ་དྲུག་གི་ལྷ་ཚོགས་རྣམས་ཀྱིས་མ་ཁྱབ་པ་མེད་པར། ཀུན་རིག་རྒྱལ་པོའི་སྐུ་དང་གསུང་དང་ཐུགས་ལ་རྫོགས་པར་བསྟན་པའོ། །དེའི་ཕྱིར་ན། ཇི་ལྟར་དུ་དེ་རྣམས་སངས་རྒྱས་པ་དང་། མ་འདྲེས་ལ་སོ་སོར་ཇི་ལྟར་དུ་བྱིན་གྱིས་བརླབས་པ་རྣམས། རྨད་ག་ཆད་ཀུན་རིག་རྒྱལ་པོའི་ཐུགས་མི་ཟད་པའི་རྒྱན་གྱི་འཁོར་ལོ་འམ། ཆོ་འཕྲུལ་གྱི་ཞིང་ཁམས་རྣམ་པར་བཀོད་པ་ལས་ཉན་ཞིང་ཤེས་ན་གོང་ཞིང་རྟོགས་པ་དང་། གདུལ་བྱ་ཐམས་ཅད་ལ་འཆད་ཅིང་ངོ་སྤྲད་ནས། ཡོ་གའི་དཀྱིལ་འཁོར་སྟོང་གསུམ་དང་མཉམ་ཞིང་། དཀྱིལ་འཁོར་གྱི་བྱེ་བྲག་སྐར་མའི་ཚོགས་ལྟ་བུ་རྣམས་སོ་སོར་འབྱེད་ཅིང་དགོང་པ་རང་གི་ཐུགས་ལ་གསལ་ན། ཀུན་ཤེས་ཀུན་རིག་དམ་པ་པོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཤེས་གསུངས་previous hit ་ཡང་སྐབས་འདིར་དགོངས next hit་པའོ། །

(༡༩༤)ཡོ་ག་མཁན་པོ་རྣམས་ཀྱིས་ཀྱང་སྒྲ་དོན་འདི་ལྟར་དུ་གོ་ཞིང་རྟོགས་ན། ཀུན་རིག་རྒྱལ་པོ་ཉིད་དང་ཐ་དད་མེད་དོ། །རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་ནས། དགའ་ལྡན་པའི་ལུགས་ཀྱི་ཞག་གསུམ་བཞུགས་ནས། །ཀྲྀ་ཡོག་གསུམ་གྱི་དཀྱིལ་འཁོར་དང་། སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་འཇིག་རྟེན་དུ་འབྱུང་ཞིང་འདུལ་བྱའི་རབ་འབྲིང་ཐ་མ་རྣམས་ཀྱི་སེམས་རྒྱུད་ལ་སོ་སོར་གོ་ཞིང་རྟོགས་པར་བྱིན་གྱིས་བརླབས་སོ། །རྣམ་པར་སྣང་མཛད་ཀུན་རིག་རྒྱལ་པོའི་ཕྱི་རྒྱུད་གསུམ་གྱི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ཀུན་རིག་རྒྱལ་པོའི་མི་ཟད་རྒྱན་གྱི་འཁོར་ལོའི། ཐུགས་ཀྱི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཐུགས་རྒྱུད། སྐུ་གསུམ་ཞིང་ཁམས་སུ་བྱིན་གྱིས་བརླབས་པའི་བར་སྐབས་ལགས་སོ། །དེ་ནས་ཀུན་རིག་རྒྱལ་པོ་གཞན་འཕྲུལ་ལྷའི་གནས་སུ་སྐུ་གསུང་ཐུགས་མངོན་པར་བྱང་ཆུབ་པའི་ཚུལ་བསྟན་ཞིང་། སྐུ་གསུམ་མཉམ་པ་ལས། ཡོན་ཏན་ཕྲིན་ལས་རྣམ་པ་གཉིས་མངོན་པར་བྱང་ཆུབ་ནས། རྣམ་པར་སྣང་མཛད་སྐུ་གསུང་ཐུགས་མངོན་པར་བྱང་ཆུབ་པའི་ཚུལ་བསྟན་ཞིང་། སྐུ་གསུམ་ཆ་མཉམ་པ་ལས། ཡོན་ཏན་ཕྲིན་ལས་ཀྱི་དཀྱིལ་འཁོར་ལས། སྐུའི་རིག་ལྔ་ཕྱོགས་བཞི་དབུས་དང་ལྔར། རྣམ་པར་སྣང་མཛད་ཀྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལས། རིགས་བཞི་སོ་སོར་གསལ་ཞིང་འབྱེད་ལ། རིགས་བཞིའི་ཞལ་བཞི་དང་དབུས་ན་རྣམ་པར་སྣང་མཛད་ཀྱི་ཞལ་དང་ལྔ། ཀུན་དུ་ཞལ་ཕྱོགས་ཀུན་ཏུ་གཟིགས་པ་དང་། ཕྱག་རྒྱ་

(༡༩༥)ལྔ་ཡུམ་ལྔ་ཕྱག་མཚན་ལྔར་སྦས་པ་དང་། གདན་ལ་ཁ་དོག་ལྔ་ཀུན་རིག་རྒྱལ་པོའི་སྐུ་ལས་ཕྱོགས་བཞི་དབུས་དང་ལྔར་རྫོགས་པ་སྟེ། སེམས་དཔའ་བཅུ་དྲུག །སེམས་མ་བཅུ་དྲུག །ལྷ་སུམ་བཅུ་རྩ་དྲུག་གི་དཀྱིལ་འཁོར་རྣམ་པར་སྣང་མཛད་ཀྱི་སྐུ་གསུང་ཐུགས་ལས་རྫོགས་པའི་ཕྱིར་ན། གཙོ་བོ་དང་ནི་སུམ་བཅུ་རྩ་བདུན་གྱི་དཀྱིལ་འཁོར་ཏེ། ཞིང་ཁམས་ཐམས་ཅད་ཀྱིས་སྐུ་ལ་ཁྱབ་སྐུས་ཞིང་ཁམས་ཐམས་ཅད་ལ་ཁྱབ་ཅེས་གསུངས་པའང་། དོན་འདི་ལ་previous hit དགོངས next hit་ཡིན། འདི་ནི་གྲངས་ཅན་གྱི་དཀྱིལ་འཁོར་ཡིན་ལ།རྒྱས་སྡུས་དཀྱིལ་འཁོར་གྲངས་མཐའ་ཡས་པ་གསུངས་པའོ། །དེའི་ཚེ་དེའི་དུས་ན། རྣམ་པར་སྣང་མཛད་ཀུན་རིག་རྒྱལ་པོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མངོན་པར་བྱང་ཆུབ་ཅིང་། སངས་རྒྱས་ནས་ལྷའི་ཞག་བདུན་ལོན་པའི་དུས་སུ། གནས་ཕུན་སུམ་ཚོགས་པས་གཞན་འཕྲུལ་ལྷའི་ཕོ་བྲང་དུ་བྱེ་བ་ཕྲག་བརྒྱ་འོག་མིན་གནས་རྒྱན་གཏུག་པོ་བཀོད་པའི་ཕོ་བྲང་། འོད་ཐམས་ཅད་ཀྱི་སྙིང་པོ་མཐའ་ཡས་པར་བྱིན་གྱིས་བརླབས་ཤིང་། སངས་རྒྱས་ཀྱི་ཞིང་མཐའ་ཡས་མུ་མེད་བསམ་གྱིས་མི་ཁྱབ་ཅིང་། རབ་འབྱམས་ལྷུན་གྱིས་གྲུབ་པ་བྱེ་བ་ཕྲག་བརྒྱ་ན། ཀུན་རིག་རྒྱལ་པོ་བྱང་ཆུབ་སེམས་དཔའི་འཁོར་རྒྱ་མཚོ་ལྟ་བུར་བསྐོར་ཞིང་། ཆོས་སྐུ་ཆོས་ཉིད་ཀྱི་དབྱིངས་ལ་བཞུགས་ཏེ། ཅི་ཡང་མི་གསུང་བར་སྐུ་གསུང་ལྷུན་གྱིས་གྲུབ་པའི་ལོངས་སྐུའི་བསྟན་པ་བྱིན་གྱིས་བརློབས་ཤིང་བརྡའ་ཡིས་གསུངས་པ་སྟེ། སྟོན་པ་རིགས་ལྔའི་བསྟན་པ་ཕྱི་རྒྱུད་གསུམ་

(༡༩༦)ལས། བཀའ་དང་རྒྱུད་གཉིས་སུ་འདུས་པ་སྟེ། དེ་ལ་ཨུ་པ་ཡ་སྤྱོད་པའི་རྒྱུད། ཞེས་བྱ་བ་ནི་གོང་འོག་གཉིས་ལ་ལྟོས་པ་སྟེ། བྱ་རྒྱུད་བསྒྲུབ་ཅིང་རྣལ་འབྱོར་སྤྱོད་པ་ཡིན། དེའི་ཕྱིར་ན། སྤྱོད་པའི་རྒྱུད་ཀྱི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་ཡང་གོང་འོག་གཉིས་ལ་ལྟོས་པ་སྟེ། རང་དཀར་ཐོབ་པ་མ་ཡིན་ནོ། །འཇུག་པ་ཀྲྀ་ཡའི་སྒོ་ནས་འཇུག་ཅིང་། ལྟ་སྤྱོད་དབང་རྣམས་ཡོ་གའི་ཐེག་པས་སྐུར་བ་སྟེ། ཨུ་པ་ཡ་ཡང་འཇུག་སྒོ་ལ་སོགས་རྣམ་གྲངས་དགུ་ཡིས་ས་ལམ་བསྒྲོད་པའོ། །འབྲས་བུ་རིགས་བཞི་རྣམ་པར་འབྱེད་པའི་སར་སངས་རྒྱས་པར་བཞེད་པ་སྟེ། གདུལ་བྱ་དབང་པོ་རབ་འབྲིང་ཐ་མ་རྣམས་གསུམ་གྱི་དབང་གི། མི་ཚེ་གྲངས་ཅན་དགུ་འམ་བདུན་ནམ་ལྔ་ལ་སོགས་སངས་རྒྱས་སེམས་ཅན་ས་མཚམས་འབྱེད་པའོ། །དབང་པོ་འབྲིང་ཐ་མལ་མི་ཚེ་བརྒྱ་སྟོང་གི་རིགས་གསུམ་རྡོ་རྗེ་འཛིན་པའི་ས་དང་། རིགས་བཞི་རྣམ་པར་འབྱེད་པ་དང་། ཀུན་རིགས་རྒྱལ་པོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་། རྒྱལ་བ་སྲས་དང་བཅས་པར་བཞེས་པ་ནི། ཕྱི་རྒྱུད་གསུམ་གྱི་འབྲས་བུ་ཐོབ་སྐལ་ཡིན། དེའི་ཚེ་དེའི་དུས་ན། ཀུན་རིག་རྒྱལ་པོ་ཆེན་པོ་ཡིས། རྣམ་པར་སྣང་མཛད་བྱེ་བ་ཕྲག་བརྒྱ་རྣམ་པར་འཕྲུལ། དེ་རྣམས་ཐམས་ཅད་འཕོ་འགྱུར་མེད་ཅིང་། རྣམ་པར་སྣང་མཛད་ཆོས་དབྱིངས་རྣམ་པར་རོལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཤིང་། སྟོང་གསུམ་རབ་འབྱམས་བྱིན་གྱིས་བརླབས་པའི་previous hit དགོངས next hit་མཛད་པ་མ་རྟོགས་པ། ཅི་ཡང་མ་གསུངས་མི་གསུང་གསུང་བར་མི་འགྱུར་ཞིང་། ཀུན་

(༡༩༧)མཁྱེན་ཀུན་རིག་རྡོ་རྗེ་དབྱིངས་ན། བཞུགས་སོ། །དེའི་ཚེ་དེའི་དུས་ན། ཕྱི་རྒྱུད་གསུམ་སྡེ་སྣོད་གསུམ་གྱི་སྟོན་པ་ཕུན་སུམ་ཚོགས་པ་དང་། བསྟན་པ་ཕུན་སུམ་ཚོགས་པ་སོ་སོར་སྟོང་གསུམ་རབ་འབྱམ་མཐའ་ཀླས་པ། འཁོར་འདས་ཀུན་གྱི་སྐུ་གསུང་ཐུགས་ལ་ཡུན་དུ་གནས་ཤིང་། ཕྱོགས་མེད་དུ་རྒྱས་ཤིང་ཁྱབ་པར་བྱ་བའི་ཕྱིར་ན། ཀུན་རིག་རྒྱལ་པོ་བྱེ་བ་ཕྲག་བརྒྱའི་སྐུ་གསུང་ཐུགས། ཡོན་ཏན་ཕྲིན་ལས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས། ཀུན་ཏུ་བཟང་པོ་བྱེ་བ་ཕྲག་བརྒྱས་ལས་དུས་གཅིག་ལས་རྣམ་པར་འཕྲུལ་ཞིང་། ཀུན་ཏུ་བཟང་པོ་བྱེ་བ་ཕྲག་བརྒྱ་རེ་རེས་ཀྱང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་མིག་དང་། བྱང་ཆུབ་སེམས་དཔའ་ནོར་བཟང་གྱི་བུ་དང་། རྡོ་རྗེ་སྙིང་པོ་རྣམ་པར་སྣོན་པ་དང་། བློས་གྲོས་ཅན་གྱི་ཚོགས་རྣམས་དང་། རྡོ་རྗེ་ཅན་གྱི་ཚོགས་རྣམས་དང་། པད་མོ་འཛིན་པའི་ཚོགས་རྣམས་དང་། གཙུག་གཏོར་ཅན་དགུའི་ཚོགས་རྣམས་ལ་སོགས་པ་ཞིང་གི་རྡུལ་སྙེད་ཙམ་དུ་རྣམ་པར་འཕྲུལ་ཞིང་། དེ་རྣམས་ཀྱིས་ཀྱང་གཅིག་ནས་གཅིག་དུ་ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་པར། ཡོ་ག་ཕྱི་རྒྱུད་ཀྱིས་རྣམ་པར་འཕྲུལ་ཞིང་། སྟོན་པ་བསྟན་པ་ཕུན་སུམ་ཚོགས་པ་རྣམས་པ་ལྔ་གྲངས་མེད་པར་སྒྲོ་བ་དང་། གླེང་བ་དང་ཞུ་བ་དང་། ཞུས་ལེན་དང་། ཉན་པ་དང་། འཆད་པ་དང་། རྫུ་འཕྲུལ་སྣ་ཚོགས་སྟོན་པ་ནི། ཀུན་ཏུ་བཟང་པོའི་བ་སྤུའི་རྩ་བ་ཐམས་ཅད་ནས་ཀྱང་ཡོ་ག་རིགས་ལྔའི་དཀྱིལ་འཁོར་གྲངས་མེད་པ་

(༡༩༨)སྟོན་པ་དང་། བསྟན་པ་ཕུན་སུམ་ཚོགས་པ་ཡོ་གའི་རྒྱུད་སྡེ། ཕྱི་རྒྱུད་ཀྱི་གཟུངས་སྔགས་རིགས་དྲུག་གི་སྐད་དང་། མཐུན་པར་གསུངས་པ་དང་། རྣམ་འཕྲུལ་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་བཞུགས་པའི་རིགས་ཀྱི་ལྷ་ཚོགས་རྣམས་ཀྱི་གར་དང་རྡོ་རྗེའི་གྲོས་དང་། སྟང་སྟབས་ཕྱག་རྒྱ་ཞལ་གྱི་རྣམ་གྱུར་སྣ་ཚོགས་པ་ཡིས། ལོངས་སྐུའི་སྟོན་པ་བརྡ་ཡིས་མཚོན་པས་ཏེ། སྟོང་གསུམ་རབ་འབྱམས་ཡོ་ག་ཕྱི་རྒྱུད་གསུམ་གྱི་དཀྱིལ་འཁོར་རྒྱས་སྡུས་ཞི་ཁྲོ་རབ་འབྱམས་གྲངས་ལས་འདས་པ་བྱིན་གྱིས་བརླབས་ཤིང་། སྐད་ཅིག་གི་ལག་པ་བརྐྱང་བསྐུམ་ལ། རྣམ་པར་སྣང་མཛད་ཀུན་ཏུ་སྣང་ཞིང་མཛད་པ་སྣ་ཚོགས་མ་རིག་འཁོར་བའི་དཀྱིལ་འཁོར་རིགས་དྲུག་དང་མཐུན་པར་མཛད་པ་སྣ་ཚོགས་མཛད་པ་དང་། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་ཚོགས་དང་། ཀྲྀ་ཡོག་གསུམ་གྱི་བསྟན་པར་ས་ལམ་སྒྲོད་པའི་རིགས་འཛིན་རྣམས་དང་། སངས་རྒྱས་དང་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་རྣམས། རང་རང་གི་ལུགས་དང་འཐུན་པ་སྐུ་གསུང་། ཐུགས་ཡོན་ཏན་ཕྲིན་ལས་མ་འདྲེས་པ་སོ་སོར་སྣང་ཞིང་འཁོར་འདས་གཉིས་ཀྱི་མཛད་པ་སྣ་ཚོགས་རྫོགས་པར་བྱ་བའི་ཕྱིར། །ཀུན་རིག་རྒྱལ་པོས་བརྡ་ཡིས་མཚོན། ཀུན་ཏུ་བཟང་པོས་སྣང་བ་ཐམས་ཅད་རྫོགས་པར་བྱ་བའི་ཕྱིར། ཀུན་ཏུ་བཟང་པོ་རྫུ་འཕྲུལ་ཆོ་འཕྲུལ་ཐོགས་པ་མེད་ཅིང་ཀུན་ཏུ་བཟང་པོས། ཀུན་ཏུ་བཟང་པོས་ཆོས་ཀྱི་དབྱིངས་དང་མཉམ་པར་རྣམ་པར་འཕྲུལ་ལོ། །དེའི་ཕྱིར་ན། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་ནས། ལྷའི་ཞག་བདུན་

(༡༩༩)གྱི་བར་དུ་ཡང་། ཀུན་རིག་རྒྱལ་པོ་བྱེ་བ་ཕྲག་བརྒྱ་ཡིས། ཅི་ཡང་མ་གསུངས་པར་སྟོང་གསུམ་རབ་འབྱམས་འཇིག་རྟེན་ཁམས། ཀུན་རིག་རྒྱལ་པོའི་ཁམས་སུ། ལོངས་སྐུའི་བསྟན་པ་བརྡ་ཡིས་མཚན་པའི་དུས། ལོངས་སྐུར་རྒྱུད་པའི་བསྟན་པ་ལས། རྣམ་པར་སྣང་མཛད་དང་པོ་སངས་རྒྱས་ནས་ལྷའི་ཞག་བདུན་གྱི་བར་དུ་ལྷ་གནས་གསུམ་འདོད་ལྷ་རིགས་དྲུག་གི་གནས་རྣམས་སུ། བཞུགས་ཤིང་སྟོང་གསུམ་ཁམས་གསུམ་ཀུན་རིག་རྒྱལ་པོའི་ཁམས་གསུམ་བྱིན་གྱིས་བརླབས་ཤིང་། ཀུན་རིག་རྒྱལ་པོའི་ཆེ་བ་ཀུན་ཏུ་བཟང་པོས་འདོན་པའི་བར་སྐབས་བསྟན་པའོ། །དེའི་ཕྱིར་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྟེང་འོག་ཕྱོགས་མཚམས་མཐའ་དབུས་ཐམས་ཅད་དུ་ཐེག་པ་དྲུག་གི་ཆོས་ཀྱི་ཕུང་པོས་མ་ཁྱབ་པ་མེད་པར། བྱིན་གྱིས་བརླབས་ཤིང་ལོངས་སྐུ་རང་རྒྱུད་བའི་བསྟན་པ་ཀྲྀ་ཡོག་གསུམ། སྤྲུལ་སྐུའི་བསྟན་པ་ཕུན་གསུམ་ཚོགས་པའི་དཀྱིལ་འཁོར་རྒྱས་སྡུས། རྒྱལ་བ་སྲས་བཅས་སྣ་ཚོགས་ཞིང་གི་རྡུལ་སྙེད་ཙམ་དུ་དངོས་སུ་བསྟན་པ་དང་། ཕྱི་སྣོད་ནང་བཅུད་ཐམས་ཅད་ཐེག་པ་དྲུག་གི་ལྷ་ཚོགས་དང་། ཡོ་གའི་དཀྱིལ་འཁོར་ཆེན་པོ་བྱིན་གྱིས་བརླབས་ཤིང་། རྫུ་འཕྲུལ་དང་ཆོ་འཕྲུལ་ཆེན་པོས། ལོངས་སྤྱོད་རྫོགས་པའི་བསྟན་པ་བརྡ་ཡིས་མཚོན་ཞིང་། བྱིན་གྱིས་བརླབས་པ་ནི། སེམས་ཅན་ཐམས་ཅད་ཀྱི་གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་སྐུའི་ལྷ་ཚོགས་སུ་བརྡས་མཚོན་པ་དང་། སེམས་ཅན་རྣམས་

(༢༠༠)ཀྱི་སེམས་དང་སེམས་འབྱུང་རྣམ་པར་རྟོག་པ་དང་བཅས་པ་རྣམས། ཡོ་ག་ཐུགས་ཀྱི་ལྷ་ཚོགས་དང་། དཀྱིལ་འཁོར་དུ་བརྡས་མཚོན་པ་དང་། སེམས་ཅན་རྣམས་ཀྱི་ངག་གི་བརྗོད་བྱ་མ་ལུས་ཤིང་ལུས་པ་མེད་པ་སྣ་ཚོགས་པ་རྣམས། ཀུན་རིག་རྒྱལ་པོ་གསུང་གི་ལྷ་ཚོགས་དང་། དཀྱིལ་འཁོར་བསྟན་པ་ཕུན་སུམ་ཚོགས་པ་རྡ་ཡིས་མཚོན་ཞིང་བྱིན་གྱིས་བརླབས་པའི་ཕྱིར་ན། རྣམ་པར་སྣང་མཛད་བྱེ་བ་ཕྲག་བརྒྱ་ཡིས་ཞལ་ནས་གསུངས་པ་མ་མཆིས་སོ། །དེའི་ཕྱིར་ན། ཡོ་ག་ལ་སོགས་པ་ཐེག་པ་དྲུག་གིས་ཕྱོགས་བཅུར་གསལ་ཞིང་ཁྱབ་པར་བྱ་བའི་ཕྱིར། ཀུན་རིག་རྒྱལ་པོས་ཀུན་ཏུ་བཟང་པོར་འཕྲུལ། ཀུན་ཏུ་བཟང་པོའི་རྣམ་འཕྲུལ་རྡུལ་དང་། མཉམ་པ་སྟེ། ཁྱད་པར་དུ་བྱང་ཆུབ་སེམས་དཔའ་ནོར་བཟང་གི་བུར་སྤྲུལ་ཏེ། དེ་ཡིས་བླ་མ་བརྒྱ་རྩ་བཅུ་སློབ་མ་བརྒྱ་བཅུ་ལ་སོགས་པ་རྣམ་པར་འཕྲུལ་ཞིང་། བཀོད་པ་ཕུན་སུམ་ཚོགས་པ་ཡིས། ཐེག་པ་ཆེན་པོའི་བསྟན་པ་ཕུན་སུམ་ཚོགས་པ། སྟོང་གསུམ་དུ་དར་ཞིང་ཁྱབ་པར་མཛད་པའོ། །དེ་ཡང་སྤྲུལ་སྐུ་ཆེན་པོ་མཛད་སྤྱོད་རྣམ་པར་སྣང་མཛད། ཀུན་རིག་ཆེན་པོའི་ཆོ་འཕྲུལ་བསྟན་པ་ལས། ཕྱི་རྒྱུད་གསུམ་གྱི་རིགས་སྔགས་གཟུངས་སྔགས་ཀྱི་མཚན་ཉིད་གདུལ་བྱ་དབང་པོའི་བྱེ་བྲག་བཞིན་དུ་གྲངས་ཅན་གྲངས་མེད་དུ་གསུངས་པ་ལས། བཀའ་དང་རེ་རེ་ལས་ཀྱང་དབུ་ཞབས་སུ་དོན་གསུམ་གསུམ་དང་། ཕུན་སུམ་ཚོགས་པ་ལྔ་ལྔ་ཡིས། སྒྲ་དང་དོན་སོ་སོར་འབྱེད་པའོ། །དེའི་ཚེ་དེའི་དུས་ན། རྣམ་པར་སྣང་མཛད་

(༢༠༡)ཀུན་མཁྱེན་ཀུན་རིག །དམ་པར་ཆོས་སྐུ་དྲི་མ་མེད་པ་ཉག་གཅིག་ཏུ་མཐའ་དང་དབུས་མེད་པར་རྟོགས་པ་ལས། རྣམ་པར་སྣང་མཛད་སྐུ་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་སྟེ། མ་རིག་མ་རྟོགས་པའི་དུས་སུ་ནི། ཀུན་གཞི་ཞེས་བྱ་བ་སྟེ། དེའི་དུས་སུ་ཡང་། མ་ཁྱབ་པ་དང་མི་གནས་པ་མེད་པའི་ཕྱིར། མ་རིག་པའི་རྣམ་པར་མཛད་ཞེས་བྱ་བ་ཡིན། དེའི་ཕྱིར་ན། ཆོས་སྐུ་རབ་འབྱམ་མཐའ་མེད་དབུས་མེད་མུ་མེད་རྗོད་དུ་མེད་པའི་ཐུགས་མངོན་པར་བྱང་ཆུབ་པའི་ངོ་བོ་རང་བཞིན་གཤིས་མཚན་ཉིད་རྣམས་དག་ནི་ཆུང་ཟད་བསྟན་པར་བྱ། དེ་དོན་ཚིགས་སུ་བཅད་པ་འདི། འཕོ་འགྱུར་མེད་པའི་བཤིས་ཉིད་ལས། སྐྱེ་འགག་མེད་པའི་བརྗོད་དུ་མེད། བརྗོད་དུ་མེད་ལས་བསྐལ་པར་བརྗོད་བྱས་ཀྱང་། མ་བརྗོད་མེད་ལས་འཐར་ཐུག་ག་ན་ཡོད། །བརྗོད་དུ་མེད་པའི་སངས་རྒྱས་ཞིང་རྣམས་ལས། །ཐམས་ཅད་བཤིག་ཅིང་རྡུལ་དུ་བརླགས་ན་ཡང་། །གཤིས་ཉིད་འཇིག་པར་ག་ན་འགྱུར། །གདོད་ནས་མ་བྱུང་མི་གནས་ལ། །གྲངས་མེད་བསྐལ་པར་བྱས་ན་ཡང་། །བྱ་རྩལ་འདུ་བྱས་ཚོགས་རྣམས་ཀྱིས། །ཆོས་སྐུ་རྟོགས་པར་ག་ན་འགྱུར། །སྨྲ་བརྗོད་དུས་གསུམ་ཡུལ་ལས་འདས། །བརྗོད་མེད་བརྗོད་པ་ཐ་སྙད་ཡིན། །ཆོས་སྐུ་ཚིག་ལ་རྟེན་པའི་ཕྱིར། །མ་རྗེད་པས་ཀྱང་གོ་བ་མིན། །དེ་ཕྱིར་སྣ་ཚོགས་ཚིག་གིས་མཚོན་ནས་སྟོན། །ཞིང་རྣམས་བརྗོད་དུ་མེད་པའི་རྗོད་མེད་པ། །སྐད་ཅིག་སེམས་ཀྱི་ཀུན་ཀྱང་རབ་དུ་འཇིག །

(༢༠༢)སྐད་ཅིག་རེ་རེས་འཇིག་པ་བརྗོད་དུ་མེད། །འཇིག་པས་བསྐལ་པ་མང་པོ་ཟད་པར་བྱེད། །དབྱེ་བའི་བྱེ་བྲག་དབྱེ་བ་བརྗོད་དུ་མེད། །རྡུལ་ལ་འཇུག་པའི་བརྗོད་དུ་མེད་པ་དེ། །བགྲང་བའི་ཚུལ་གྱིས་བརྗོད་དུ་མེད་པའི། །བསྐལ་པ་བརྗོད་དུ་མེད་པ་ཟད་པར་བྱེད། །དབྱེ་བའི་བྱེ་བྲག་དབྱེ་བ་བརྗོད་དུ་མེད། །རྡུལ་ལ་འཇུག་པའི་བརྗོད་དུ་མེད་པ་དེ། །བགྲང་བའི་ཚུལ་གྱིས་བརྗོད་དུ་མེད་པའི་བསྐལ། །རྡུལ་དང་རྡུལ་ལ་མཚན་ཉིད་བརྗོད་དུ་མེད། །རྗོད་དུ་མེད་པའི་རྡུལ་རྣམས་ཀུན་བཟང་སྟེ། །བསྐལ་པར་ཀུན་ཏུ་བཟང་པོ་བསྟོད་བྱས་ཀྱང་། །ཀུན་ཏུ་བཟང་པོ་དེ་སྔགས་མཐར་མི་ཐུག །རྗོད་དུ་མེད་པའི་ཀུན་ཏུ་བཟང་པོ་རྣམས། །སྐྲ་རྩེ་རེ་རེ་ཀུན་ལ་ཡང་དག་འཇུག །སྐྲ་རྩེ་ཅི་བཞིན་ཡུལ་རྣམས་ཀུན་ལས་ཏེ། །ཆོས་དབྱིངས་མ་ལུས་ཇི་སྙེད་དེ་བཞིན་ནོ། །སྐྲ་རྩེ་རེ་རེ་ཞིང་གི་ཁམས་ཀྱི་རྣམས། །བརྗོད་དུ་མེད་པར་ཡང་དག་འཇུག་པར་བྱེད། །མཁའ་དབྱིངས་སྐྲའི་རྩེ་མོས་བཞལ་དུ་རུང་། །ཞིང་རྣམས་ཐམས་ཅད་བརྗོད་དུ་མེད་པའོ། །སྐྲ་རྩེ་རེ་ལ་སངས་རྒྱས་ཞིང་ཁམས་རྣམས། །རྣམ་པ་སྣ་ཚོགས་བྱེ་བ་མང་། །བསྐལ་པ་མི་འཐུན་ཞིང་རྣམས་བརྗོད་དུ་མེད། །བསྐལ་པ་འཐུན་པའི་ཞིང་ཡང་བརྗོད་དུ་མེད། །སྐྲ་རྩེ་གཅིག་ཏུ་དེ་ལ་བརྗོད་དུ་མེད་པའི། །ཞིང་རྣམས་དག་པ་བརྗོད་དུ་མེད་པའི། །སྣ་ཚོགས་རྒྱན་རྣམས་རྗོད་དུ་མེད་པས་འགོད། །རྣམ་པ་དུ་མ་ཐ་དད་བརྗོད་དུ་མེད། །མིང་གི་ཚོགས་ཀྱང་བརྗོད་དུ་མེད་པ་སྟེ། །སྐྲ་རྩེ་གཅིག་ལ་ཐམས་ཅད་རབ་དུ་གཞོལ། །དེ་བཞིན་གཤེགས་པའི་མཚན་རྣམས་རེ་རེ་

(༢༠༣)ཡང་། །རྗོད་དུ་མེད་པའི་བརྗོད་དུ་མེད་པ་ཡིན། །སངས་རྒྱས་རེ་རེ་བརྗོད་དུ་མེད་པ་ཡི། །སྐུ་རྣམས་བ་སྤུའི་ཁུང་བུར་བྱིན་གྱིས་བརློབ། །སྤུ་གཅིག་ནས་ཀྱང་བརྗོད་དུ་མེད་པ་ན། །ཁ་དོག་སྣ་ཚོགས་མང་པོ་རབ་ཏུ་འབྱུང་། །སྤུ་གཅིག་ནས་ཀྱང་བརྗོད་དུ་མེད་པའོ། །འོད་ཟེར་བརྗོད་དུ་མེད་པ་རབ་དུ་འགྱེད། །འོད་ཟེར་རེ་རེ་ལས་ཀྱང་རྗོད་དུ་མེད་པའོ། །པད་མ་བརྗོད་དུ་མེད་པ་མང་པོ་འབྱུང་། །པད་མོ་རེ་རེ་ལས་ཀྱང་རྗོད་དུ་མེད་པའི། །ལོ་མ་རྗོད་དུ་མེད་པ་མང་པོ་འབྱུང་། །རྗོད་དུ་མེད་པ་རྗོད་དུ་མེད་པའི། །ལོ་མ་ཁ་དོག་བརྗོད་དུ་མེད་པ་སྟེ། །ཁ་དོག་རེ་རེ་དེ་བཞིན་རྗོད་དུ་མེད། པད་མོ་རེ་རེ་ལ་ཡང་བརྗོད་མེད་པའི། །ལོ་མ་རྗོད་དུ་མེད་པ་མང་པོ་འབྱུང་། །རྗོད་དུ་མེད་པ་རྗོད་དུ་མེད་པའི། ལོ་མ་ཁ་དོག་བརྗོད་དུ་མེད་པ་སྟེ། །ཁ་དོག་རེ་རེ་དེ་བཞིན་རྗོད་དུ་མེད། །པད་མོ་རེ་རེ་ལ་ཡང་བརྗོད་མེད་པའི། །ལོ་མ་རེ་རེ་འོད་ཟེར་བརྗོད་དུ་མེད། །ཁ་དོག་ཐ་དད་རྣམ་པ་བརྗོད་དུ་མེད། །ཁ་དོག་རེ་རེ་དེ་བཞིན་བརྗོད་དུ་མེད། །པད་མོ་རེ་རེ་ལོ་མ་བརྗོད་དུ་མེད། །ལོ་མ་རེ་རེ་འོད་ཟེར་བརྗོད་དུ་མེད། །ཁ་དོག་རེ་རེ་བརྗོད་མེད་དེ་དག་ལས། །འོད་ཟེར་ཀུན་ལས་བརྗོད་མེད་ཟླ་བ་འབྱུང་། །ཟླ་བ་ལས་ཀྱང་ཟླ་བ་བརྗོད་དུ་མེད། །ཟླ་བ་རེ་རེ་ལས་ཀྱང་བརྗོད་དུ་མེད་པའོ། །ཁ་དོག་མཐའ་ཡས་ལྡན་པའི་མདོ་ཡང་འབྱུང་། །ཁ་དོག་རེ་རེ་ལས་ཀྱང་བརྗོད་དུ་མེད་པའོ། །ཉི་མ་ཀུན་ཏུ་སྣང་བ་བརྗོད་དུ་མེད། །ཉི་མ་རེ་རེ་ལས་ཀྱང་བརྗོད་དུ་མེད་པའོ། །ཁ་དོག་བརྗོད་དུ་མེད་པ་སྣ་ཚོགས་འབྱུང་། །ཁ་དོག་རེ་རེ་ལས་ཀྱང་བརྗོད་དུ་མེད་པའི། །འོད་ཟེར་བརྗོད་དུ་མེད་པ་རབ་ཏུ་འབྱུང་། །འོད་ཟེར་རེ་རེ་ལས་ཀྱང་བརྗོད་མེད་པའི། །སེང་གེའི་ཁྲི་མང་བརྗོད་མེད་སྣ་ཚོགས་

(༢༠༤)གནས། །སེང་གེའི་ཁྲི་མང་སྣ་ཚོགས་རེ་རེ་ལས། །འོད་ཟེར་བརྗོད་དུ་མེད་པའི་རྗོད་པ་འབྱུང་། །ཁ་དོག་སྣ་ཚོགས་རྗོད་དུ་མེད་པ་དང་། །དག་པ་སྣ་ཚོགས་བརྗོད་དུ་མེད་པ་འབྱུང་། །འོད་གསལ་རེ་རེ་ལས་ཀྱང་རྗོད་མེད་པའི། རྣམ་པར་སྣང་བ་སྣ་ཚོགས་རབ་ཏུ་འབྱུང་། །རྣམ་པར་སྣང་བ་སྣ་ཚོགས་རེ་རེ་ལས། །རྗོད་དུ་མེད་པ་བརྗོད་དུ་མེད་པའི། །བརྗོད་དུ་མེད་ལ་སྒྲོས་པའི་གྲངས་གཉེན་གྱིས། །རི་རབ་པད་མོའི་མཆོག་དང་ལྡན་པ་འབྱུང་། །རི་རབ་རེ་རེའི་ཚད་ཀྱང་འདི་ལྟ་སྟེ། །རྗོད་དུ་མེད་པ་བརྗོད་དུ་མེད་པ་ཡི། ཞིང་རྣམས་བརྗོད་དུ་མེད་པ་ཡོད་པའི་རྣམས། །རི་རབ་གཅིག་གིས་ཡོངས་སུ་རྒྱས་པ་སྟེ། །བརྗོད་དུ་མེད་པ་བརྗོད་དུ་མེད་པའི། །རི་རབ་ལྷག་པ་ཉིད་ཀྱང་དེ་ཙམ་མོ། །དེ་དག་གཤེགས་ཏེ་རྡུལ་བྲན་ཆར་བསླན་ན། །ཡོན་ཏན་ལེགས་པར་བརྗོད་མེད་དེ་སྐད་ལྡན། །དེ་བཞིན་བྱེ་བྲག་ཁྱད་པར་གཟུང་བྱས་ཀྱང་། །བརྗོད་དུ་མེད་པའི་རྗོད་དུ་མེད་པ་སྟེ། །བརྗོད་དུ་མེད་ལ་བསྒྲེས་པ་ཡོངས་བཟུང་ཞིང་། །འོད་ཟེར་བརྗོད་དུ་མེད་པ་རབ་ཏུ་འབྱུང་། །ཚིག་ཆད་བརྗོད་དུ་མེད་པ་གསང་བ་རྣམས། །རྣམ་པར་དབྱེ་བ་བརྗོད་དུ་མེད་པ་འབྱུང་། །བརྗོད་དུ་མེད་པའི་འཇིག་རྟེན་ཁམས་སུ་སྒྱུ། །དེ་བཞིན་སངས་རྒྱས་བརྗོད་དུ་མེད་པ་འབྱུང་། །བརྗོད་དུ་མེད་པ་བརྗོད་དུ་མེད་པ་ཡི། །ཕྱི་མའི་མཐའི་མུ་མཐར་བསྟན་བྱས་ཀྱང་། །དེ་བཞིན་གཤེགས་པ་དེ་དག་མུ་མེད་དོ། །སངས་རྒྱས་རེ་རེ་ཞིང་ཡང་བརྗོད་མེད་previous hit ། །བརྗོད་དུ་མེད་ལ་བསྒྲེས་མ་གསལ་དགོངས next hit་པའི། །དབྱངས་ཀྱི་ཡན་ལག་བརྗོད་མེད་གསལ་རིགས་

(༢༠༥)པར། །འཁོར་ལོ་བརྗོད་དུ་མེད་པ་རབ་ཏུ་བསྐོར། །འཁོར་ལོ་རེ་རེ་བསྐོར་བས་བརྗོད་མེད་པའི། །རྒྱུད་སྡེ་བརྗོད་དུ་མེད་པ་མང་པོ་འབྱུང་། །རྒྱུད་སྡེ་བརྗོད་དུ་མེད་པ་རེ་རེ་ལས། །ཆོས་ཀྱི་རྣམ་གྲངས་བརྗོད་དུ་མེད་པ་འབྱུང་། །ཤིན་ཏུ་བསྟན་པ་བརྗོད་མེད་རེ་རེ་ཡང་། །སེམས་ཅན་བརྗོད་དུ་མེད་པ་རྣམ་པར་འདུལ། །དེ་དག་སྐྲ་རྩེ་གཅིག་ལ་འཇུག་པ་སྟེ། །སྐུ་གཅིག་ཅི་བཞིན་དེ་བཞིན་མ་ལུས་ཀུན། །རྗོད་དུ་མེད་པའི་བརྗོད་དུ་མེད་པ་སྟེ། །བསྐལ་པ་བརྗོད་དུ་མེད་པ་ཟད་པར་བྱེད། །ཆགས་མེད་སེམས་ཀྱང་བརྗོད་ཏུ་མེད་པ་སྟེ། །དེ་དག་སངས་རྒྱས་བརྗོད་མེད་སྤྲུལ་པ་བྱེད། །སངས་རྒྱས་རེ་རེ་བརྗོད་དུ་མེད་པ་ལས། །སྒྲེས་པའི་ཚུལ་དུ་སྤྲུལ་པ་ཀུན་ཏུ་འབྱུང་། །ཕྱོགས་རྣམས་བརྗོད་དུ་མེད་པ་ཀུན་དུ་འོད། །དེ་དག་ཀུན་ཀྱང་བརྗོད་དུ་མེད་པ་སྟེ། །རྣམ་པར་བྱེ་སྐུ་དེ་བཞིན་བརྗོད་དུ་མེད། །ཁ་དོག་སྣ་ཚོགས་གྲངས་མེད་བརྗོད་དུ་མེད། །སངས་རྒྱས་ཞིང་ཚད་བརྗོད་དུ་མེད་པ་ཡང་། །སེམས་ཅན་བརྗོད་མེད་རྣམས་ལ་སྟོན་བྱེད་པ། །རྣམ་པར་བསྟན་པ་དེ་དག་རེ་རེ་ཞིང་། །སེམས་ཅན་བརྗོད་དུ་མེད་པ་ཡོངས་སུ་སྦྱོང་། །དེ་དག་བརྒྱན་བཟང་རྣམས་བྱེ་རྗོད་དུ་མེད། །དེ་དག་རྫུ་འཕྲུལ་མང་པོ་བརྗོད་དུ་མེད། །རྣམ་དག་དབང་ཡང་བརྗོད་དུ་མེད་པ་སྟེ། །ཆོ་འཕྲུལ་རྣམས་ཀྱང་བརྗོད་དུ་མེད་པ་འབྱུང་། །རྣམ་པར་འཕྲུལ་པ་བརྗོད་དུ་མེད་པ་སྟེ། །སྤྱོད་པ་རྣམས་ཀྱི་དེ་བཞིན་བརྗོད་དུ་མེད། །དེ་དག་བྱིན་གྱིས་བརླབས་ཀྱང་བརྗོད་མེད་དོ། །འཇིག་རྟེན་བརྗོད་དུ་མེད་པའི་

(༢༠༦)ཁམས་སུ་འབྱུང་། །ཆོས་ཚུལ་རྣམ་དག་རྗོད་དུ་མེད་པ་སྟེ། །ཚུལ་གྱི་རྒྱུད་ཀྱང་བརྗོད་དུ་མེད་པ་འབྱུང་། །རྒྱུད་སྡེ་རེ་རེ་ལས་ཀྱང་བརྗོད་མེད་པའི། །རྗོད་རྒྱུ་མེད་ཆོས་ཡང་དག་རབ་དུ་འབྱུང་། །ཆོས་རྣམས་རེ་རེ་ལས་ཀྱང་བརྗོད་མེད་པའི། །ཤིན་ཏུ་བསྟན་པ་རྗོད་དུ་མེད་པ་འབྱུང་། །བསྟན་པ་རེ་རེ་ལས་ཀྱང་བརྗོད་མེད་པའི། །རྟོགས་པར་ཤེས་པ་བརྗོད་དུ་མེད་པ་འབྱུང་། །རྟོགས་པར་ཤེས་པ་རེ་རེ་བརྗོད་མེད་པའི། །སེམས་ཅན་བརྗོད་དུ་མེད་པ་རྣམས་པར་འདུལ། །ཚུལ་འཐུན་ཆོས་ཀྱང་བརྗོད་དུ་མེད་པ་སྟེ། །ཚུལ་འཐུན་སེམས་ཀྱང་བརྗོད་དུ་མེད་པ་འབྱུང་། །མི་འཐུན་སེམས་ཀྱང་བརྗོད་དུ་མེད་པ་སྟེ། །མི་མཐུན་སེམས་ཀྱང་དེ་བཞིན་བརྗོད་དུ་མེད། །དབང་པོ་མི་འཐུན་བརྗོད་དུ་མེད་པ་སྟེ། །ཚིག་གི་རྣམ་པ་མི་འཐུན་བརྗོད་དུ་མེད། །དེ་དག་བརྗོད་དུ་མེད་པ་རྣམ་པར་འདུལ། །སྐད་ཅིག་རེ་རེ་སྤྱོད་ཡུལ་གྱུར་པ་ལ། །བརྗོད་དུ་མེད་པའི་རྣམ་པར་འཕྲུལ་པ་སྟོན། །དེ་བས་དེ་དག་བརྗོད་དུ་མེད་པ་ཡིན། །དེ་ལ་དུས་ཀྱང་བརྗོད་དུ་མེད་པ་སྟེ། །བསྐལ་པ་ཐ་དད་བརྗོད་དུ་མེད་པ་འབྱུང་། །བསྟན་པ་དེ་དག་བརྗོད་དུ་མེད་པ་འཇུག །གྲངས་ཀྱི་ཚུལ་གྱིས་དེ་དག་བརྗོད་དུ་མེད། །སྐྲ་རྩེ་གཅིག་ལ་བརྗོད་དུ་མེད་པ་ཡི། །ཡངས་དང་དོག་པ་རྣམ་པ་མང་པོ་གནས། །དག་དང་ཉོན་མོངས་བརྗོད་དུ་མེད་པ་སྟེ། །རྒྱ་མཚོ་ཕྲ་བ་དེ་བཞིན་བརྗོད་དུ་མེད། །ཞིང་ཅིག་ལ་ཡང་བརྗོད་དུ་མེད་པའི། །བྱེ་བྲག་རྣམ་པར་འཕྲ་བས་ཞིང་མོ་འཐུན། །ཚད་དང་གྲངས་སུ་དེ་དག་བརྗོད་དུ་མེད། །སྐྲ་རྩེ་རེ་རེ་ལ་

(༢༠༧)ཡང་དག་གཞོལ། །སངས་རྒྱས་ཞིང་རྣམས་བརྗོད་དུ་མེད་ན་གནས། །སྐྲ་རྩེ་གཅིག་དུ་previous hit དགོངས་པར་མི་འགྱུར་ཏེ། །དེ་ན་གནོད་པའི་རྣམ་ next hit་གཅིག་མེད་པར། །བརྗོད་དུ་མེད་པ་ཡང་དག་རབ་ཏུ་གཞོལ། །ཞིང་རྣམས་དེ་དག་འདྲེ་བར་མི་འགྱུར་ཏེ། །འདྲེ་བའི་ཉེས་པ་དེ་དག་ཀུན་ལ་མེད། །ཅིག་ཀྱང་བརྗོད་མེད་ཤིན་ཏུ་ཡངས་པ་སྟེ། །ཞིང་གཅིག་ཇི་བཞིན་དེ་བཞིན་ཐམས་ཅད་ཞིང་། །སྐྲ་རྩེ་གཅིག་གཟུང་བརྗོད་དུ་མེད་པ་ཡི། །མཁས་པའི་འཁའ་དབྱིངས་གཞལ་དུ་རུང་སྲིད་ཀྱིས། །སྐྲ་རྩེ་གཅིག་གི་ཞིང་རྣམས་མང་པོ་དག །ཤིན་ཏུ་བསྟན་པས་བརྗོད་དུ་མེད་པ་ཡིན། །སྐྲ་རྩེ་གཅིག་དུའང་དེ་བཞིན་སྐྲ་འཇུག་སྟེ། །བརྗོད་དུ་མེད་པ་གཅིག་ནས་གཅིག་རྒྱུད་པའི། །སྐྲ་བཟུང་ན་ཡང་བརྗོད་དུ་མེད་པ་སྟེ། །སྐྲ་རྩེ་དེ་དག་མཐར་ཐུག་གང་ཡང་མེད། །བསྐལ་པ་གཅིག་ནས་གཅིག་དུ་རྒྱུད་པ་ཡི། །ཡུང་རིངས་བརྗོད་དུ་མེད་པ་བཟུང་བྱས་ཤིང་། །ཚུལ་འདིར་བརྗོད་དུ་མེད་པ་འཇུག་པ་བྱེད། །སྐལ་པ་ཀུན་ཀྱང་དེ་བཞིན་བརྗོད་དུ་མེད། །མཐའ་དང་དབུས་མེད་དེ་བཞིན་ཚུལ་འདི་བཟུང་བྱས་ཤིང་། །བསྟན་པ་བརྗོད་དུ་མེད་པའི་སྤྱོད་ཡུལ་གྱིས། །དེ་དག་བརྗོད་དུ་མེད་པར་རབ་ཏུ་འཇུག །བརྗོད་དུ་མེད་པའི་འཇུག་ཚུལ་འདི་ཡིན་ནོ། །ཡིད་ཀྱི་དབང་པོ་བརྗོད་དུ་མེད་པ་དང་། །རྣམ་པར་གནོན་པ་བརྗོད་དུ་མེད་པ་དང་། །རྣམ་པར་འཕྲུལ་པ་བརྗོད་དུ་མེད་པ་ཡིས། །ཕྱོགས་རྣམས་བརྗོད་དུ་མེད་པ་ཀུན་ཏུ་འགྲི། །དེ་དག་སེམས་ཀྱང་བརྗོད་དུ་མེད་

(༢༠༨)པ་སྟེ། །རྒྱ་ཆེན་ཡངས་པ་བརྗོད་དུ་མེད་པ་ན། །དེ་དག་དམིགས་པ་བརྗོད་དུ་མེད་པ་ན། །དེ་ནི་རྗོད་མེད་ཀུན་གྱི་འཐར་ཕྱིན་བྱེད། །དེ་བཞིན་ལུས་ཀྱི་ལས་ཀྱང་བརྗོད་མེད་དེ། །ངག་གི་ལས་ཀྱང་བརྗོད་དུ་མེད་པ་ཡིན། །དེ་བཞིན་སེམས་ཀྱང་བརྗོད་དུ་མེད་པ་འབྱུང་། །མོས་པ་དག་པ་དག་ཀྱང་བརྗོད་དུ་མེད། །དེ་དག་རྣམ་ཤེས་དག་པ་བརྗོད་དུ་མེད། །བརྗོད་དུ་མེད་པའི་ཚུལ་རྣམས་ཡོངས་སུ་གནོན། །ཐེ་ཚོམ་བརྗོད་དུ་མེད་པ་རབ་དུ་གཅོད། །དེ་དག་འབྱུང་པ་བརྗོད་དུ་མེད་པ་དང་། །ཡོངས་སུ་གནོད་པ་བརྗོད་དུ་མེད་པ་ཡིས། །དེ་དག་ཏིང་འཛིན་བརྗོད་དུ་མེད་པ་སྟེ། །དེས་ནི་རྗོད་མེད་ཐམས་ཅད་ལྟ་བར་བྱེད། །སེམས་ཅན་ཐམས་ཅད་བརྗོད་དུ་མེད་པ་སྟེ། །ཞིང་རྣམས་ཀུན་ཀྱང་བརྗོད་དུ་མེད་པའོ། །སེམས་ཅན་ཀུན་རྣམས་བརྗོད་དུ་མེད་པ་སྟེ། །དེ་དག་བསམ་པ་བརྗོད་དུ་མེད་པ་ཡིན། །དེ་དག་ལས་ཀྱི་རྣམ་སྨིན་བརྗོད་མེད་དེ། །དེ་དག་མོས་པ་དེ་དག་བརྗོད་དུ་མེད། །ཁམས་ཀྱི་རྣམ་པ་ཐ་དད་བརྗོད་དུ་མེད། །དེ་དག་བྱེ་བྲག་ཁྱད་པར་བརྗོད་དུ་མེད། །དེ་དག་ལུས་མང་བརྗོད་དུ་མེད་པ་སྟེ། །གང་དུ་འབྱུང་བ་དེ་དག་བརྗོད་དུ་མེད། །ཇི་ལྟར་འབྱུང་བ་རྗོད་དུ་མེད་པ་སྟེ། །འདི་ལས་འབྱུང་བ་རྗོད་དུ་མེད་པ་ཡིན། །ཡང་དག་འཇུག་པ་བརྗོད་དུ་མེད་པ་ཤེས། །དེ་དག་ཚུལ་གྱི་ལམ་ཡང་བརྗོད་དུ་མེད། །དེ་དག་རབ་དུ་སྟོན་པའང་བརྗོད་དུ་མེད། །དུས་རྣམས་བརྗོད་དུ་མེད་པ་ཤིན་ཏུ་འབྱུང་། །བདག་ཉིད་ཆེ་བ་

(༢༠༩)འདི་འདྲའི་སྙིང་པོ་ཅན། །བརྗོད་དུ་མེད་པ་འཇིག་རྟེན་དག་ན་རྒྱུ། །དེ་དག་ལུས་རྣམས་བརྗོད་དུ་མེད་པ་ཡིས། །བརྗོད་དུ་མེད་པ་རྣམས་ལ་ཡང་དག་འཇུག །སེམས་ཅན་གཙོ་བོ་བརྗོད་དུ་མེད་པ་རྣམས། །མཐོང་ཞིང་ཤེས་རབ་བརྗོད་དུ་མེད་པ་ཡིས། །ཆོས་རྣམས་བརྗོད་དུ་མེད་པ་ཞི་བར་བྱེད། །སངས་རྒྱས་དེ་དག་བརྗོད་དུ་མེད་པ་སྟོན། །དེ་དག་ལུས་རྣམས་བརྗོད་དུ་མེད་པ་ཡིས། །དེ་ནས་ཞིང་རྣམས་བརྗོད་དུ་མེད་པར་འདོད། །རྣམ་པར་འཕྲུལ་པ་བརྗོད་དུ་མེད་པ་ཡིས། །ཞིང་རྣམས་བརྗོད་དུ་མེད་པ་ཀུན་དུ་འདོད། །དེ་དག་ལུས་རྣམས་བརྗོད་དུ་མེད་པ་ཡིས། །སྐྱེས་བུ་ལུས་མཆོག་བརྗོད་དུ་མེད་པ་ལས། །རྣམ་པ་ཐ་དད་བརྗོད་དུ་མེད་པ་ཡིས། །མཆོད་པ་བརྗོད་དུ་མེད་པ་རབ་ཏུ་བྱེད། །རིན་ཆེན་དག་པ་བརྗོད་དུ་མེད་པ་དང་། །མེ་ཏོག་སྣ་ཚོགས་དེ་བཞིན་བརྗོད་མེད་དང་། །སྤོས་དང་འཕྲེང་མཆོག་བརྗོད་དུ་མེད་པའོ། །རྒྱལ་བ་བརྗོད་དུ་མེད་པ་སྙེན་བཀུར་བྱེད། །དེ་དག་དགའ་བ་བརྗོད་དུ་མེད་པ་སྟེ། །མོས་པ་དག་པའང་བརྗོད་དུ་མེད་པ་ཡིན། །བསམ་པ་དེ་བཞིན་བརྗོད་དུ་མེད་པ་ཡིས། །སངས་རྒྱས་བརྗོད་དུ་མེད་ལ་ཕྱག་ཀྱང་འཚལ། །སྦྱིན་ཞིང་སྟོང་བ་བརྗོད་དུ་མེད་པ་སྟེ། །མི་དམིགས་སེམས་ཀྱང་དེ་བཞིན་བརྗོད་དུ་མེད། །ཡོངས་སུ་སྟོང་པ་བརྗོད་དུ་མེད་པ་སྟེ། །ཐམས་ཅད་སྟོང་པ་དེ་བཞིན་བརྗོད་དུ་མེད། །ཚུལ་ཁྲིམ་རྣམ་པར་དག་པ་བརྗོད་དུ་མེད། །ཡིད་གསལ་དང་པོ་དེ་བཞིན་

(༢༡༠)བརྗོད་དུ་མེད། །རྒྱལ་བ་བསྔགས་ཤིང་བསྟོད་པ་བརྗོད་མེད་དེ། །ཞི་བའི་ས་ཡང་དེ་བཞིན་བརྗོད་དུ་མེད། །དེ་དག་བཟོད་པ་བརྗོད་དུ་མེད་པ་སྟེ། །མི་སྐྱེ་བའི་ཆོས་ཀྱང་དེ་བཞིན་བརྗོད་དུ་མེད། །རབ་ཏུ་ཞི་བ་རྗོད་དུ་མེད་དང་ལྡན། །ཞི་བའི་ས་ཡང་དེ་བཞིན་བརྗོད་དུ་མེད། །བརྩོན་གྲུས་ཕུང་པོ་བརྗོད་དུ་མེད་པ་སྟེ། །ཞུམ་མེད་སེམས་ཀྱང་བརྗོད་དུ་མེད་པ་ཡིན། །ཕྱིར་མི་ཟློག་པའང་བརྗོད་དུ་མེད་པ་སྟེ། །མི་འགུལ་སེམས་ཀྱང་བརྗོད་དུ་མེད་པའི། །བསམ་གཏན་མཛད་ནི་བརྗོད་དུ་མེད་པ་སྟེ། །རྟོགས་པར་ཞོག་ཅེས་དེ་བཞིན་བརྗོད་དུ་མེད། །བསམ་གཏན་བཞི་ཡིད་བརྗོད་དུ་མེད་པ་སྟེ། །རྗོད་དུ་མེད་པའི་བསམ་གཏན་རབ་ཏུ་ཤེས། །དེ་དག་ཤེས་རབ་བརྗོད་དུ་མེད་ལ་བཞུགས། །དེ་བས་ཏིང་ངེ་འཛིན་བརྗོད་དུ་མེད་པ་སྟེ། །རབ་ཏུ་དབེན་ཆོས་བརྗོད་དུ་མེད་དང་ལྡན། །སངས་རྒྱས་བརྗོད་དུ་མེད་ལ་མངོན་པར་འཇུག །དཔྱོད་པའི་སྒོ་ནི་བརྗོད་དུ་མེད་པ་སྟེ། །དེ་དག་སྨོན་ལམ་བརྗོད་དུ་མེད་པ་ཡིན། །དེ་དག་སྤྱོད་ཡུལ་བརྗོད་དུ་མེད་པས་ན། །ཆོས་རྣམས་སྣ་ཚོགས་བརྗོད་དུ་མེད་པ་ཡིན། །དེ་དག་ཆོས་སྟོན་བརྗོད་དུ་མེད་པ་སྟེ། །ཆོས་ལ་གནས་པའང་བརྗོད་དུ་མེད་པ་ཡིན། །དེ་དག་ཆོས་ཀྱི་དྲན་པ་བརྗོད་དུ་མེད། །དེ་དག་ཆོས་ཀྱི་དབྱིངས་ཀྱང་བརྗོད་དུ་མེད། །དེ་དག་ཡེ་ཤེས་བརྗོད་དུ་མེད་དང་ལྡན། །ཡེ་ཤེས་བརྗོད་དུ་མེད་ལ་ཤིན་དུ་བསླབས། །དེ་དག་བརྗོད་མེད་ཡེ་ཤེས་འཐར་ཡང་བཏུགས། །དེ་དག་ཆོས་ཀྱི་འཁོར་ལོ་བརྗོད་དུ་མེད། །དེ་དག་ཆོས་ཀྱི་

(༢༡༡)ཆར་འབེབས་བརྗོད་དུ་མེད། །དེ་དག་ཆོས་ཀྱི་ཡེ་ཤེས་བརྗོད་དུ་མེད། །དེ་དག་ཆོས་ཀྱི་སྤྲིན་ཡང་བརྗོད་དུ་མེད། །དེ་དག་རྫུ་འཕྲུལ་རྣམ་པ་བརྗོད་མེད་དེ། །ཆོས་དབྱིངས་བརྗོད་དུ་མེད་པ་ཁོང་དུ་ཆུད། །དངོས་མེད་ཡེ་ཤེས་བརྗོད་དུ་མེད་པ་སྟེ། །སེམས་ཀྱི་སྐད་ཅིག་དེ་དག་བརྗོད་དུ་མེད། །རྗོད་མེད་ཚད་དུ་རྣམ་པ་ཐ་དད་པ། །སྐད་ཅིག་སེམས་ཀྱིས་བརྗོད་དུ་མེད་པ་ཤེས། །ཞིང་རྣམས་རྒྱ་མཚོ་བརྗོད་དུ་མེད་པ་སྟེ། །བསྟན་པ་དེ་དག་བརྗོད་དུ་མེད་པ་གནོན། །ཞིང་རྣམས་བྱེ་བར་བརྗོད་དུ་མེད་པ་སྟེ། །རྒྱན་ཀྱང་དེ་བཞིན་བརྗོད་དུ་མེད་པ་ཡིན། །གཟུགས་དང་དབྱིབས་ཀྱང་བརྗོད་དུ་མེད་པ་སྟེ། །ཁ་དོག་མདོག་ཀྱང་དེ་བཞིན་བརྗོད་དུ་མེད། །ཁྱད་པར་སྣ་ཚོགས་བརྗོད་དུ་མེད་པ་སྟེ། །རྣམ་པ་ཐ་དད་དེ་བཞིན་བརྗོད་དུ་མེད། །བདག་དང་ཉོན་མོངས་བརྗོད་དུ་མེད་པ་སྟེ། །རྣམ་པ་མི་མཐུན་ཡེ་ཤེས་བརྗོད་དུ་མེད། །སེམས་ཅན་བརྗོད་དུ་མེད་པར་རབ་དུ་ཤེས། །སེམས་ཅན་ཁམས་ཀྱང་བརྗོད་དུ་མེད་པ་སྟེ། །དེ་དག་ལས་ཀྱང་དེ་བཞིན་བརྗོད་དུ་མེད། །སེམས་ཅན་དེ་དག་སྤྱོད་པ་བརྗོད་དུ་མེད། །དབང་པོ་དག་ཀྱང་བརྗོད་དུ་མེད་པ་སྟེ། །དེ་དག་སེམས་ཀྱང་བརྗོད་དུ་མེད་པ་ཡིན། །ཁམས་ཀྱི་རྣམ་པ་དེ་དག་བརྗོད་དུ་མེད། །དེ་དག་མོས་པའང་དེ་བཞིན་བརྗོད་དུ་མེད། །དེ་དག་རྣམ་པར་སྤྱོད་པ་བརྗོད་མེད་དེ། །ཀུན་ནས་ཉོན་མོངས་དེ་བཞིན་བརྗོད་དུ་མེད། །རྣམ་པར་བྱང་པའང་བརྗོད་དུ་མེད་པ་སྟེ། །འདུལ་བ་དེ་བཞིན་བརྗོད་དུ་མེད་པ་འབྱུང་། །ལུས་ཀྱི་རྣམ་པ་བརྗོད་དུ་མེད་པ་དག །

(༢༡༢)བརྗོད་དུ་མེད་པ་མངོན་པར་སྤྲུལ་བྱས་ཤིང་། །བསྟན་པ་བརྗོད་དུ་མེད་པའི་ནན་ཏན་བྱེད། །སེམས་ཅན་བརྗོད་དུ་མེད་པ་ཡོངས་སུ་གྲོལ། །དེ་དག་རྣམ་པར་གྲོལ་བ་བརྗོད་དུ་མེད། །འོད་རྣམས་བརྗོད་དུ་མེད་པ་རབ་དུ་འགྱེད། །ཁ་དོག་སྣ་ཚོགས་དེ་བཞིན་བརྗོད་དུ་མེད། །སེམས་ཅན་བརྗོད་དུ་མེད་པ་རྣམ་པར་སྦྱོང་། །འོད་ཟེར་དྲ་བ་དེ་བཞིན་བརྗོད་དུ་མེད། །བ་སྤུ་རེ་རེ་ནས་ཀྱང་བརྗོད་དུ་མེད་པའི། །བརྗོད་དུ་མེད་པ་མང་པོ་རབ་དུ་འབྱུང་། །ཞིང་རྣམས་བརྗོད་དུ་མེད་པ་རྣམ་པར་སྣང་། །ཡོངས་སུ་གནོན་པ་རྗོད་དུ་མེད་པ་དང་། །དེ་བཞིན་འབྱུང་བ་བརྗོད་དུ་མེད་པ་དང་། །རྣམ་པར་གནོན་པ་བརྗོད་དུ་མེད་པ་ཡིས། །འཇིག་རྟེན་བརྗོད་དུ་མེད་པ་རྣམ་པར་འདུལ། །དེ་ལས་ལུས་ཀྱི་ལས་ཀྱང་བརྗོད་དུ་མེད། །རྣམ་དག་ཚིག་ཀྱང་བརྗོད་དུ་དེ་བཞིན་མེད། །མཐའ་ཡས་ཡིད་ཀྱང་དེ་བཞིན་བརྗོད་དུ་མེད། །སྤྱོད་པའི་ཁྱད་པར་དེ་བཞིན་བརྗོད་དུ་མེད། །ཡེ་ཤེས་རྒྱུད་ཀྱང་བརྗོད་དུ་མེད་པ་སྟེ། །ཁམས་གསུམ་བརྗོད་དུ་མེད་པ་ཁོང་དུ་ཆུད། །བསྟན་པ་བཟུང་རྣམས་བརྗོད་དུ་མེད་པ་ལ། །ཤིན་དུ་བརླབ་པ་བརྗོད་དུ་མེད་པ་ཡིན། །སྒྲ་དབྱངས་བརྗོད་དུ་མེད་པ་ཤེས་པ་སྟེ། །རྣམ་དག་དབྱིངས་ཀྱང་བརྗོད་དུ་མེད་པ་ཡིན། །དེ་དག་འདྲེན་པ་དྲན་པ་བརྗོད་དུ་མེད། །འགྲོ་བ་བརྗོད་དུ་མེད་པ་ཤེས་པར་བྱེད། །དེ་དག་སྤྱོད་ལམ་བརྗོད་དུ་མེད་པ་སྟེ། །ནན་ཏན་སྣང་བ་དེ་བཞིན་བརྗོད་དུ་མེད། །བག་ཚ་མེད་པ་བརྗོད་དུ་མེད་པ་སྟེ། །འཇིག་རྟེན་བརྗོད་དུ་མེད་པ་རབ་དུ་འདུལ། །དེ་བཞིན་གཤེགས་གཉིས་བརྗོད་དུ་མེད་པ་སྟེ། །རྣམ་དག་སྤྱོད་པ་བརྗོད་དུ་མེད་པ་

(༢༡༣)སྟེ། །དེ་དག་ཡོན་ཏན་ལེགས་པ་བརྗོད་དུ་མེད། །དེ་དག་ཟད་པ་མེད་ཀྱང་བརྗོད་དུ་མེད། །འཇིག་རྟེན་མགོན་པོ་བརྗོད་དུ་མེད་པ་རྣམས། །ཡོན་ཏན་ལེགས་པ་བརྗོད་དུ་མེད་གསུང་རྫོགས་པའི་བྱང་ཆུབ་སེམས་དཔའ་བརྗོད་དུ་མེད། །ཡོན་ཏན་རྣམ་དག་དེ་ཡང་བརྗོད་དུ་མེད། །བསྟན་པ་གང་ལ་གནས་པ་བརྗོད་དུ་མེད། །གང་གནས་ཡེ་ཤེས་དེ་ཡང་བརྗོད་དུ་མེད། །བསྐལ་པ་ཅི་སྙེད་ཟད་གྱུར་བརྗོད་དུ་མེད། །སངས་རྒྱས་ཤེས་བྱེད་ཡིད་འོང་བརྗོད་དུ་མེད། །ཡང་དག་འཇུག་པའི་ཡེ་ཤེས་བརྗོད་དུ་མེད། །དེ་དག་བརྗོད་དུ་མེད་པའི་ཆོས་ལ་འཇུག །དེ་དག་ཆགས་པ་མེད་པའང་བརྗོད་དུ་མེད། །དུས་གསུམ་བསམ་པ་བརྗོད་དུ་མེད་པ་སྟེ། །དེ་ལ་ཚད་བཟུང་བརྗོད་དུ་མེད་པ་ཡིན། །འབྱུང་བའི་ཡེ་ཤེས་བརྗོད་དུ་མེད་པ་སྟེ། །མི་གནས་གནས་ཡང་བརྗོད་དུ་མེད་པའི། །དེ་དག་སྤྱོད་པའི་སྟོབས་ཀྱང་བརྗོད་དུ་མེད། །དེ་དག་བརྗོད་དུ་མེད་པར་སྒོམ་བྱས་ནས། །སྐད་ཅིག་ཅིག་དུ་བརྗོད་མེད་མངོན་སངས་རྒྱས། །དེ་དག་བརྗོད་དུ་མེད་པའི་རྣམ་འཕྲུལ་བ། །དེ་དག་སྟོན་པའང་བརྗོད་དུ་མེད་པ་སྟེ། །འཇིག་རྟེན་ཕན་འདོགས་བརྗོད་དུ་མེད་པར་བྱེད། །བསྐལ་པ་བརྗོད་དུ་མེད་པ་ཐམས་ཅད་ཀྱང་། །ཟད་པར་འགྱུར་གྱིས་ཡོན་ཏན་བརྗོད་དུ་མེད། །ཡོན་ཏན་ལེགས་པ་བརྗོད་དུ་མེད་པ་བས། །ཟད་པར་མི་ནུས་དེ་བཞིན་བརྗོད་དུ་མེད། །དེ་དག་མགོ་པོ་བརྗོད་དུ་མེད་པ་ལས། །ཚོགས་དང་དབང་པོ་བརྗོད་དུ་མེད་པ་ཡིས། །སྐལ་པ་བརྗོད་དུ་མེད་པར་བསྟོད་བྱས་ཀྱང་། །དེ་བཞིན་གཤེགས་པའི་ཡོན་ཏན་མཐར་ཐུག་མེད། །ཕྱོགས་བཅུའི་སེམས་ཅན་ཇི་སྙེད་ཡོད་པ་རྣམས། །

(༢༡༤)མ་ལུས་ཐམས་ཅད་བདེ་བར་གཤེགས་འགྱུར་ཏེ། །སངས་རྒྱས་གཅིག་བཞིན་སངས་རྒྱས་ཐམས་ཅད་དེ་དང་སྐུ་གཅིག་ཅི་བཞིན་དེ་དག་ཐམས་ཅད་སྐུ། །དབུ་གཅིག་ཅི་བཞིན་དེ་དག་ཐམས་ཅད་དབུ། །ལྗགས་གཅིག་ཅིག་སྟེ་དེ་དག་ཐམས་ཅད་ལྗགས། །དབྱངས་ཀྱི་ཡན་ལག་ལྡན་པས་ལེགས་བརྗོད་ཀྱང་། །བསྐལ་པ་རྣམ་པ་སྣ་ཚོགས་མཐའ་ཡས་པའི། །སྐལ་པའི་མཐའ་ཡས་འཐར་ཐུག་ཟད་པར་འགྱུར། །ལེགས་པ་ཆགས་མེད་མཐར་ཐུག་མི་འགྱུར་རོ། །རྡུལ་རྩེ་གཅིག་ལ་བརྗོད་དུ་མེད་པ་ཡི། །པད་མོའི་དཔལ་ཞེས་བྱ་བ་བརྗོད་མེད་པ། །དེ་བཞིན་གཤེགས་པ་བཟང་པོ་ཞེས་བྱ་བའི། །ཞིང་རྣམས་རྗོད་དུ་མེད་ལ་རབ་ཏུ་འཇུག །རྡུལ་རྩེ་གཅིག་ལ་ཇི་སྙེད་ཡོད་པའིམི། །ཆོས་ཀྱི་དབྱིངས་རྣམས་ཐམས་ཅད་མ་ལུས་པར། །རྡུལ་གྱི་ཞིང་རྣམས་བརྗོད་དུ་མེད་པ་ན། །འབྱུང་བར་འགྱུར་ཞིང་གཞན་ཡང་འཇིག་པར་འགྱུར། །རྡུལ་གཅིག་རྩེ་ལ་མཐའ་དང་དབུས་མེད་པའི། །ཞིང་རྣམས་དུ་མར་བསྟན་པ་ཡང་དག་འཇུག །ཕྱོགས་རྣམས་རྣམ་པར་དབྱེ་བ་བརྗོད་དུ་མེད། །ཞིང་རྣམས་རྒྱ་མཚོ་དེ་བཞིན་བརྗོད་དུ་མེད། །ཆོས་དབྱིངས་རབ་འབྱམས་མཐའ་ཡས་ལ། །ཀུན་གཞི་ཀུན་ཁྱབ་འགྱུར་བ་མེད། །མ་རིག་ཁམས་གསུམ་འབྱུང་བའི་གནས། །བརྗོད་མེད་ཀུན་རིག་དེ་རྟོགས་པས། །རྗོད་མེད་རྣམ་སྣང་རྒྱལ་པོ་སྟེ། །རིགས་ལྔ་ཡུམ་ལྔ་བརྗོད་མེད་རྫོགས། །སེམས་དཔའ་སེམས་མ་བརྗོད་མེད་དཀྱིལ་འཁོར་རྫོགས། །སྣམ་སྣང་མངོན་པར་བྱང་ཆུབ་ལྔ། །བསྟན་པ་སྟོན་པ་བརྗོད་མེད་རྫོགས། །ཆོས་སྐུ་དྲི་མེད་ས་ར་ཧ། །ནཱ་རོ་བརྒྱུད་པའི་བྱིན་བརླབས་ཀྱིས། །རྗོད་མེད་ཀུན་གཞི་ཀུན་མཁྱེན་

(༢༡༥)རྟོགས། །སྔགས་འཆང་རང་བྱུང་རྡོ་རྗེ་ཡིས། །རང་སར་བརྗོད་མེད་ཀུན་རིག་པས། །ཡོ་གའི་སྒྲ་དོན་རང་ལ་རྫོགས། །ཡོ་གའི་སྟོན་པ་བསྟན་པ་ཕུན་སུམ་ཚོགས་པ་ལས། །གཞན་པ་ན་ཕྱི་རྒྱུད་གསུམ་གཏན་ལ་འབེབས་ཤིང་། །རང་གི་ས་ན་ཀུན་གཞི་ཀུན་མཁྱེན། །སྣང་བསྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད། ཀུན་རིག་རྒྱལ་པོར་ངོ་སྤྲོད་པའི་བར་སྐབས་ལགས་སོ། །དེའི་ཕྱིར་ན། རྣམ་པར་སྣང་མཛད་ཀྱི་སྐུ་བཞིའི་ཆ་གཅིག་ཀུན་རིག་པའི་ཕྱིར་ན། སྐུའི་རྣམ་པར་སྣང་བ་མཛད། སྐུའི་རིགས་ལྔའི་གཞི་ལམ་འབྲས་བུ་འཐར་ཕྱིན་པའོ། །ཨེ་མ་སུམ་བཅུ་རྩ་བདུན་གྱི་དཀྱིལ་འཁོར་གྲངས་ཅན་དང་གྲངས་མེད་སྐར་མའི་ཚོགས་དང་རྡུལ་གྱི་ཚོགས་ལྟ་བུ། གདུལ་བྱ་རབ་འབྲིང་ཐ་མའི་སྣང་བ་ལང་ཕྱོགས་མེད་དུ་རང་སྣང་དང་། འཐུན་པར་སྟོན་པར་མཛད་པ་སྟེ། གཙོ་བོ་རྣམ་པར་སྣང་མཛད་ཀྱིས་སྟོན་པ་བསྟན་པ་གང་ཡང་མ་གསུངས་ཀྱང་། རྣམ་འཕྲུལ་ཀུན་བཟངས་རྒྱལ་པོ་ཡིས། ཡོ་གའི་བསྟན་པ་ཕྱོགས་མེད་བསྟན། དེའི་ཕྱིར་ན།ཆེ་བ་རྣམ་པར་སྣང་མཛད་ཆེ། ཞེས་བྱ་བ་ཡང་སྐབས་འདིར་previous hit དགོངས་པའོ། །དེའི་ཕྱིར་ན། ཀུན་གཞི་རང་བཞིན་གྱི་མཉམས་ next hit་ལས། གཤིས་འགྱུར་བ་མེད་པ་དང་། ངོ་བོ་སྟོང་པ་རང་བཞིན་གསལ་བ། མཚན་ཉིད་འགག་པ་མེད་པ་བཞི་མ་རྟོགས་པ་ལས། ཉོན་མོངས་པ་དུག་བཞིར་འཁྲུལ་བ་སྟེ། གཅིག་ལས་གཅིག་འཁྲུལ་ནས། རིགས་དྲུག་གི་སྐྱེས་གནས་སུ། བསྐལ་པ་གྲངས་

(༢༡༦)མེད་པར། འཁྲུལ་པའི་དུས་སུ། སད་བྱེད་ཀྱི་རྒྱུ་དང་། སྒྲོལ་བྱེད་ཀྱི་རྐྱེན་གཉིས་འཛོམས་པ་སྟེ། སངས་རྒྱས་ལྔ་ཁྲི་ལྔ་སྟོང་ལས། །དང་པོར་འབྲེལ་བའི་སངས་རྒྱས་བཞིས་ཐུགས་རྗེས་བཟུང་ཞིང་། ཁྱིའུ་གྲ་ར་བ་ལྔས་ཀྱང་། མཉེས་པ་སྣ་ཚོགས་སྒྲུབས་ཤིང་། སངས་རྒྱས་ཀྱི་བསྟན་པ་ལ་འཇུག་ཅིང་། བྱང་ཆུབ་མཆོག་དུ་སེམས་སྐྱེད། ཐེག་པ་དྲུག་གི་ས་ལམ་རིམས་ཀྱི་བསྐལ་པ་གྲངས་མེད་མང་པོ་ལ་བསྒྲོད་ཅིང་། སངས་རྒྱས་ལྔ་ཁྲི་ལྔ་སྟོང་ཀྱང་། ཐེག་པ་གོང་ནས་གོང་དུ་རྫོགས་པར་མཛད་པའོ། །དེའི་ཕྱིར་ན། མ་དྲན་འཁོར་བ་གྲངས་མེད་པར་འཁྱམས་པའི་དུས་སུ། རིགས་དྲུག་གི་སྐྱེ་གནས་འདི་དང་འདིར་སྐྱེ་བ་མི་དྲན་པར་གཏི་མུག་བྱིང་ཞིང་འཐིབས་པའོ། །སངས་རྒྱས་རྣམས་ཀྱིས་ཐུགས་རྗེས་བཟུང་ཞིང་གྲུབ་མཐའ་ལ་ཞུགས་ཕྱིན་ཆོད་དུ། ཁྱིའུ་གྲ་བ་ལྔའི་ཕ་དང་མ་དང་། ཉེ་དུ་འབྲེལ་པ་རྣམས་དང་། རིམ་འགྲོ་པ་ལ་སོགས་པའི་མིང་རྣམས། ཨ་ནུ་ཡོ་ག་ལ་སོགས་ཐེག་པ་གོང་འོག་འགའ་ནས་གསུངས་པ་ཡང་། དེ་རྣམས་བཤད་པ་ལ་previous hit དགོངས next hit་ཡོད་པས། ང་མེད་པའི་ཕྱིར་ན་སྐབས་འདིར་མ་སྤྲོས་པའོ། །དེའི་ཕྱིར་ན། བསྐལ་པ་གྲངས་མེད་མང་པོར། རང་དོན་དང་གཞན་དོན་བསམ་གྱིས་མི་ཁྱབ་པ་བསྒྲུབས་ཤིང་ཐེགས་པ་དྲུག་གི་ས་ལམ་རྫོགས་ནས། ས་ལམ་རྫོགས་པར་བྱེད་པ་ལ་ཡང་ལམ་གསུམ་ཡིན་ཏེ། ཟག་བཅས་ཟག་མེད་ཟུང་འཇུག་གོ། །རིགས་སྔགས་གཟུངས་སྔགས་སུ་ལམ་བསྒྲོད་ཅིང་སྔགས་ཀྱི་སྡེ་ཚན་དུ་དབུགས་འབྱིན་པའོ། །དེའི་ཚེ་དེའི་དུས་ན་

(༢༡༧)བཤིས་འགྱུར་བ་མེད་པ་ཕྱོགས་མེད་དུ་རྟོགས་ཤིང་རྩལ་ཆེན་རྫོགས་ནས། རྡོ་རྗེ་སེམས་དཔའ་ཤར་ཕྱོགས་སུ་མངོན་པར་སངས་རྒྱས་པའོ། །རང་བཞིན་གསལ་བ་དབྱིངས་ཆེན་པོ་དེ་ཕྱོགས་མེད་དུ་རྟོགས་ཤིང་རྩལ་ཆེན་རྫོགས་པ་ལས། སྣང་བ་མཐའ་ཡས་བདེ་བ་ཅན་སངས་རྒྱས་པའོ། །ངོ་བོ་སྟོང་པའི་བཤིས་ཕྱོགས་མེད་དུ་རྟོགས་ཤིང་རྩལ་ཆེན་རྫོགས་པ་ལས། རིན་ཆེན་འབྱུང་ལྡན་ལྷོ་ཕྱོགས་རིན་ཆེན་སྤུངས་པའི་ཞིང་ཁམས་སུ་སངས་རྒྱས་པའོ། །མཚན་ཉིད་འགག་པ་མེད་པ་ཕྱོགས་མེད་དུ་རྟོགས་ཤིང་། རྩལ་ཆེན་རྫོགས་པ་ལས། བྱང་འཕྲིན་ལས་གྲུབ་པའི་ཞིང་ཁམས་སུ་ཕྲིན་ལས་ཐམས་ཅད་རྫོགས་པ་དོན་ཡོད་གྲུབ་པར་སངས་རྒྱས་པའོ། །དེའི་ཕྱིར་ན། གཤིས་རེ་རེ་ལ་ཡང་ལྔ་ལྔར་གནས་པ་ལས་མ་རྟོགས་ནས་འཁྲུལ་པའི་དུས་སུ་དུམ་ལྔ་ཡང་ཉི་ཤུ་རྩ་ལྔ་ཡིན་ལ། སངས་རྒྱས་པའི་དུས་རེ་རེ་ལ་ཡང་ལྔ་ལྔ་སྟེ། རིགས་ལྔ་ཉི་ཤུ་རྩ་ལྔར་སངས་རྒྱས་པའོ། །དེའི་ཕྱིར་ན། དཀྱིལ་འཁོར་དབུས་འགྱུར་མཐའ་མི་འགྱུར། བྱ་བ་ཡིན་པའི་ཕྱིར་ན། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གང་གི་རིགས་ཡིན་པ། དེ་དང་མཐུན་པར། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཡང་ལྔ་འབྱུང་བ་སྟེ། གདུལ་བྱའི་སྣང་བ་ལས། གཙོ་བོ་འཁོར་སྣ་ཚོགས་འགྱུར་བ་ཡིན། དེའི་ཕྱིར་ན། གྲངས་མེད་ཀྱི་དཀྱིལ་འཁོར་རྒྱས་བསྡུས་སྣ་ཚོགས་སུ་འབྱུང་བའི་ཕྱིར་ན། མཐའ་དང་དབུས་མེད་previous hit ་རྡོ་རྗེ་དབྱིངས་བྱ་བའི་དོན་ཡང་འདི་ལ་དགོངས next hit་པའོ། །བཤིས་ལྔ་ལས་དང་པོ་ཡང་གཙོ་ཆེར་གང་གཏོགས་ཤིང་། བཞི་པོ་རིམས། བཞིན་རྟོགས་ཤིང་རྩ་

(༢༡༨)རྫོགས་དེའི་དབང་གིས་རིགས་རེ་རེར་འབྱུང་བ་ཡིན། བཤིས་འགྱུར་བ་མེད་པ། དང་པོར་རྟོགས་ནས། གཞན་པ་གཞི་རིམས་ཀྱི་རྟོགས་པ་ལས། རྡོ་རྗེ་སེམས་དཔའ་རང་བཞིན་གསལ་བ་ཐོག་མར་རྟོགས་ཤིང་བཞི་པོ་རིམ་གྱིས་རྟོགས་པ་ནི་སྣང་བ་མཐའ་ཡས། ངོ་བོ་སྟོང་པ་དང་པོར་རྟོགས་ཤིང་བཞི་པོ་རིམས་ཀྱི་རྟོགས་པ་ནི་རིན་ཆེན་འབྱུང་ལྡན་མཚན་ཉིད་འགག་པ་མེད་པ་དང་པོ་རྟོགས་ཤིང་། བཞི་པོ་རིམས་ཀྱི་རྟོགས་ཤིང་རྩལ་ཆེན་རྫོགས་པ་ནི། དོན་ཡོད་གྲུབ་པའོ། །དེའི་ཕྱིར་ན། །ཀུན་གཞི་རྟོགས་ཚུལ་སྔ་ཕྱི་ལས་སོ་སོ་རིགས་ལྔ་ཁ་དོག་ལྔ། ཕྱག་རྒྱ་ཕྱག་མཚན་ལྔ། ཡུམ་ལྔ་གདན་ལྔ། རྒྱན་ལྔ་ཕྱོགས་ལྔ་ཡེ་ཤེས་ལྔ་ལ་སོགས་པ་ལྔ་ལྔ་ཉི་ཤུ་རྩ་ལྔའི་དཀྱིལ་འཁོར་མ་འདྲེས་པ་ལ་གསལ་བ་ནི། ས་ལམ་རིམས་ཀྱི་བསྒྲོད་པའི་རིགས་ལྔ་ཕྱི་རྒྱུད་གསུམ་གྱི་རིགས་ལྔ་གཙོ་འཁོར་ལོངས་སྤྱོད་རྫོགས་པའི་སྐུ་ཆུང་ངུའི་གཞི་ལམ་འབྲས་བུས་བསྟན་པའོ། །རྡོ་རྗེ་སེམས་དཔའ་ལ་སོགས་བཞིའི། གཞི་ལམ་སྨོན་ལམ་བཏབ་ཚུལ། སེམས་བསྐྱེད་ཚུལ་ལུགས་ས་ལམ་བསྒྲོད་ཚུལ་རྣམས་དང་། སོ་སོར། སངས་རྒྱས་པའི་ཞིང་ཁམས་རྒྱ་ཆེ་ཆུང་། ལ་སོགས་པ་དང་ཕྲིན་ལས་རྒྱ་ཆེ་ཆུང་ལ་སོགས་པ་རྣམས་ཐེག་པ་གོང་འོག་གི་མདོ་རྒྱུད་རྣམས་ནས་གསུང་ཞིང་འདུག་ཀྱང་། རྣམ་པར་སྣང་མཛད་ཀུན་རིག་རྒྱལ་པོའི་གཞི་ལམ་འབྲས་བུའི་ས་འདི་ཡིས། ཐམས་ཅད་གོ་ཞིང་ཤེས་ལ་ཚིག་མི་འཐུན་པ་རེ་རེར། མ་རྟོགས་པ་གཞན་པ་ཐམས་ཅད་མཐུན་ཡིན། དེའི་ཕྱིར་ན། རིགས་ལྔ་ཡང་། ས་ལམ་རིམ་གྱི་བསྒྲོད་པའི་

(༢༡༩)རིགས་ལྔ་དང་། ས་ལམ་བསྒྲོད་ཅིང་གཅིག་ཆར་དུ་རྟོགས་པའི་རིགས་ལྔ་གཅིག་ཡོད་པ་ལས་འདི་ས་ལམ་རིམས་ཀྱི་སྒྲོད་པའི་རིགས་ལྔ་ཕྱི་རྒྱུད་གསུམ་གྱི་དབང་སྐལ་ཡིན། ས་ལམ་མ་སྒྲོད་གཅིག་ཆར་དུ་སངས་རྒྱས་པའི་རིགས་ལྔ་ནི། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་ཡོན་ཏན་པ་སྟེ། ཐེག་པ་བདུན་ན་སྟོན་པའི་ཕྱིར་ན། འདིར་བཤད་པའི་དུས་ལ་མ་བབ། དེའི་ཕྱིར་ན། སྔགས་ཕྱི་ནང་གཉིས་བྱ་བ་དེ་འདིས་ས་མཚམས་འབྱེད་པ་ཡིན་པས། ཀྲྀ་ཡོག་གསུམ་གྱི་འདུལ་བ་མདོ་སྡེ་མངོན་པ་གསུམ། ང་ཆ་འཐུན་ཡིན་པའི་ཕྱིར་ན། མ་རིག་འཁྲུལ་པའི་དུས་སུ་ཡང་དུག་གསུམ་གྱི་ཁ་ན་ངར་རྒྱལ་ཕྲག་དོག་གཉིས་ཆ་འཐུན་དུ་ཡོད་པ་ཡིན། སངས་རྒྱས་པའི་དུས་སུ་ཡང་རིན་འབྱུང་དོན་གྲུབ་གཉིས་སྐུ་གསུང་ཐུགས་དང་ཆ་འཐུན་དུ་ཡོད་པ་ཡིན། རིགས་སྔགས་གཟུངས་སྔགས་ཀྲྀ་ཡོག་གི་བསྟན་པ་ཕུན་སུམ་ཚོགས་པ་རྣམས་ཀྱང་། སྐྱེད་རིམས་ཀྱི་གནས་གསུམ་དང་མཐུན་པ་སྟེ། བྱ་བའི་རྒྱུད་རྫུས་སྐྱེས་དང་འཐུན། སྤྱོད་པའི་རྒྱུད་སྒོང་སྐྱེས་དང་མཐུན། རྣལ་འབྱོར་གྱི་སྐྱེད་རིམས་དྲོད་བཤེགས་དང་འཐུན་པ་སྟེ། དེའི་ཕྱིར་ན། སྐད་ཅིག་དྲན་རྫོགས་དང་། ཆོ་ག་ཡན་ལག་གསུམ་དང་ལྡན་པའི་སྐྱེད་རིམས་དང་མངོན་པར་བྱང་ཆུབ་པ་ལྔ་དང་། སྐྱེད་རིམས་སྒོམ་ལུགས་གསུམ། དེ་ཕྱི་རྒྱུད་གསུམ་གྱི་དབང་སྐབས་ཡིན་པའི་ཕྱིར་ན། འོག་མ་གོང་མ་རྒལ་གོང་མ་ན་མ་བཅས་པའི་སྐྱེད་རིམ་སོ་སོར་ཤེས་སྐྱེད་པར་བྱའོ། །དེའི་ཕྱིར་ན། རྣལ་འབྱོར་བླ་ན་མེད་པའི་སྐྱེད་རིམས་ནི། མངལ་སྐྱེས་དང་ཆ་འཐུན་

(༢༢༠)པ་སྟེ། འོག་མ་འདི་གསུམ་གོང་མ་དང་སྦྱར་དོན་མེད་པའོ། །སྐབས་འདིར་འཆད་ཅིང་དབྱེ་བ་མ་ཡིན་ཏེ། ས་མཚམས་དབྱེ་བ་ལ་ལུས་དང་གྲིབ་མའི་ཚུལ་དུ་འོག་སྨོས་པའོ། །དེའི་ཕྱིར་ན། ཕྱི་རྒྱུད་གསུམ་གྱི་སྟོན་པ་ཕུན་སུམ་ཚོགས་པ། བསྟན་པ་ཕུན་སུམ་ཚོགས་པ། བསྟན་ཆོས་རྩིས་མགོ་རྣམ་པ་ལྔ་ཡིས་སྟོན་པ་རྣམས། བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་གཞི་ས་གཅོད་ཆེན་མོ་དང་། ཕུན་སུམ་ཚོགས་པ་རྒྱ་མཚོ་མཐའ་ཡས་ཀྱི་བཀའ་དང་། ཕྱི་རྒྱུད་སོ་སོར་འབྱེད་པ་ལས། རྒྱས་པར་བཤད་ཅིང་འབྲེལ་ཚུལ་མ་ནོར་བར་བྱའོ། །རྒྱུད་གཞུང་ས་གཅོད་ཡིག་སྣ་ལྟ་བུ་གཅིག་རྒྱབ་གཅིག་གིས་སྐྱོང་བའོ། །དེའི་ཕྱིར་ན། ཕྱི་རྒྱུད་གསུམ་གྱི་སྒྲ་དང་དོན་སོ་སོར་འབྱེད་པ་འོང་ཡང་། ཀུན་རིག་རྒྱལ་པོའི་དཀྱིལ་འཁོར་དུ། །མྱུར་དུ་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་དུ་སངས་རྒྱས་པའི་ཕྱིར། བཤད་ཅིང་གོ་བ་དང་སྒོམ་ཞིང་རྟོགས་པར་བྱའོ། །ན་རོ་རྒྱུད་པའི་བཞེད་དགོངས་ཀྱི། །ཆོས་ཅན་ཆོས་ཉིད་དཀྱིལ་འཁོར་དུ། །ཕྱི་ནང་གྲུབ་མཐའི་སྒྲ་དོན་རྣམས། །བརྗོད་མེད་མ་འདྲེས་སོ་སོར་རྟོགས། །རྟོགས་ལྡན་བྱ་བར་མིང་འདོགས་སོ། །སྒོམ་ཆེན་ཞེས་ཀྱང་མིང་ཙམ་འདོགས་པ་སྟེ། །མཚན་ཉིད་ལྡན་པའི་སྒོམ་ཆེན་བྱ་བ་མ་ལགས་སོ། །ཐེག་དྲུག་བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཕུང་པོ་འདི། གང་ན་བཞུགས་པ་དང་། འཆད་པ་དང་། བསྒོམ་པ་དང་། བྲི་བ་དང་། ཀླག་པ་དང་། །རྟོགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །རྒྱལ་བ་སྲས་དང་བཅས་པ་དང་། །ཞི་ཁྲོ་རིག་འཛིན་ལྷ་མོ་རྣམས། །བཀའ་ཉན་ལས་མཁན་ལྷ་སྲིན་སྡེ་བརྒྱད་ལ་སོགས་པ་རྣམས་ཀྱི་བསྲུངས་སྐྱོབས་དམ་པ་མཛད་

(༢༢༡)པ་དང་། །བར་ཆད་སྣ་ཚོགས་སེལ་ཞིང་། །ཕྲིན་ལས་རྣམ་བཞི་སྒྲུབ་པ་དང་། །བསྟན་པ་རྒྱ་མཚོ་མཐའ་ཡས་ནི། །སྟོང་གསུམ་རབ་འབྱམ་དུ་དར་ཞིང་རྒྱས་པ་དང་བསྟན་པ་ཡུན་དུ་གནས་པར་མཛོད་ཅིག །ཀུན་གཞི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། བདག་དང་སེམས་ཅན་ཐམས་ཅད་ཀྱིས། དུས་གསུམ་དུ་བསགས་པ་དང་། རྟོག་པའི་དགེ་བའི་རྩ་བ་འདིས། དུས་གསུམ་གྱི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཅིག་དུ་སྡུས་པ་ཙམ། བྱེ་བ་ཁྲག་ཁྲིག་བསམ་གྱི་མི་ཁྱབ་པ་བདག་ལ་ད་ལྟ་ཉིད་དུ་འབྱུང་ཞིང་། འགྲོ་དྲུག་གི་སེམས་ཅན་ཐམས་ཅད། སྐད་ཅིག་ཉིད་ལ་བླ་ན་མེད་པའི་སངས་རྒྱས་ལ་འགོད་པར་གྱུར་ཅིག །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ཕྱི་རྒྱུད་གསུམ་ལས་ཡོ་གའི་བསྟན་པ་དང་། རིགས་སྔགས་གཟུངས་སྔགས་གཉིས་ལས། ཆ་མཉམ་དུ་སྤྱོད་པའི་ཨུ་པ་དང་། བྱ་བའི་རྒྱུད་ཀྱི་བསྟན་པ། རིག་གསུམ་མགོན་པོའི་གཟུངས་སྔགས་རྣམས་ཏེ། ཕྱི་རྒྱུད་གསུམ་གྱི་བསྟན་པ་རྒྱ་མཚོ་མཐའ་ཡས། བསྟན་པའི་གསལ་བྱེད་སྒྲོན་མ་ཞེས་བགྱི་བ། ཀུན་གྱི་ཆིང་ལྟ་བུ་རྫོགས་སོ། །གཅིག་རྫོགས། ཐ་དད་བྱེ་བྲག་རྫོགས། ཕྱོགས་རྫོགས། སྒྲ་རྫོགས། དོན་རྫོགས། གང་ཡང་མ་རྫོགས་ཀུན་རྫོགས་པའོ། །གཅིག་ཞུས། ཤུབྷཾ།།

(༢༢༢)

(༨༡)བཅུ་གོ་བརྒྱད་དུ་སྐལ་པ་བཟང་པོ་འདི་ཉིད་ལ་སངས་རྒྱས་པའོ། །དེའི་ཚེ་དེའི་དུས་ན། རྒྱལ་བུ་ཐ་ཆུང་བློ་མཐའ་ཡས་ཞེས་བྱ་བའི་མིང་བྱུང་བར་གྱུར་པ་དང་། ཡབ་ཡུམ་སྤུན་རྣམས་ན་རེ། བདག་ཅག་གིས་སེམས་ཅན་ཐམས་ཅད་སྨིན་པར་བྱས་ཤིང་། སངས་རྒྱས་ཀྱི་བྱ་བ་རྒྱས་པར་བྱ་བའི་འོག་ཏུ། ཁྱོད་ཀྱིས་ཅི་ཞིག་བྱར་ཡོད་ཅེས་སྨོད་པ་དང་། དེའི་ཚེ་དེའི་དུས་ན། བློ་མཐའ་ཡས་པས་སྨྲས་པ། སངས་རྒྱས་ཆོས་རྣམས་འདི་དག་ནམ་མཁའ་མཚུངས། འདྲ་ཞིང་། བདག་གིས་ཡིད་ལ་སེམས་ཅན་ཟད་པ་མེད། སྙམ་བྱེད། ཚུལ་ཁྲིམས་ཀྱིས་ནི་བདག་གི་སྨོན་ལམ་རིགས་དག་འགྱུར། །བདག་གིས་སྨོན་ལམ་ཅི་འདྲ་ཐམས་ཅད་འདིར་སོན་ཞིག །ཁྱེད་ཀྱི་ཚེ་ཚད་ཇི་ཙམ་པ་དག་བསྡོམ་པ་དང་། །ཚིག་གི་རྒྱལ་པོ་ཇི་སྙེད་པ་དག་ཀུན་སྙོམས་ལ། །ཐམས་ཅད་སྡོམ་པ་དེ་སྙེད་རྩེར་འགྱུར་ཏེ། །བདག་གི་དགེ་སློང་ཚོགས་ཀྱང་དེ་ཀུན་མ་ལུས་རྙེད། །དེའི་ཚིགས་སུ་གཅད་པ་འདི་དག་སྨྲས་མ་ཐག །དེའི་ཚེ་ན་ལེགས་ཞེས་ལྷའི་སྒྲ་བྱུང་སྟེ། །སེམས་ཅན་དག་པ་ཁྱོད་ཀྱིས་བསམ་པ་རྫོགས་འགྱུར་ཅིག །ཁྱོད་ཀྱིས་ཇི་ལྟར་བསམ་བཞིན་སེམས་ཅན་དོན་མཛོད་ཅིག །དེ་ལྟར་རྒྱལ་བུ་གཞོན་ནུ་ཐམས་ཅད་ཀྱི་ཐ་ཆུང་སུ་གྱུར་པ། །བློ་མཐའ་ཡས་ཞེས་བྱ་བ་དེ་ནི། བསྐལ་པ་བཟང་པོའི་འདི་ལ་དེ་བཞིན་གཤེགས་པ་ཐ་མ་པ་མོས་པ་ཞེས་བྱ་བར་འགྱུར་ཏེ། བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས། ཚེའི་ཚད་ཇི་ཙམ་པ་དང་། ཉན་ཐོས་ཀྱི་དགེ་འདུན་ཇི་སྙེད་པར་འགྱུར་བ། དེ་བཞིན་གཤེགས་པ་

(༨༢)མོས་པ་དེའི་ཚེ་ཡང་དེ་སྲིད་དུ་འགྱུར་ཏེ། ཉན་ཐོས་ཀྱི་དགེ་འདུན་ཡང་དེ་སྙེད་དུ་འགྱུར་རོ། །བདག་དེ་ལྟར་མོས་པས་ན་མོས་པ་ཞེས་བྱའོ། །ཞི་བའི་བློ་གྲོས་འདི་ལྟར་སངས་རྒྱས་སྟེང་དུ་ཅིག་གིས། མ་ཚང་པ་དག །སངས་རྒྱས་ཀྱི་མཛད་པ་ཅི་སྙེད་མཛད་པ། དེ་སྙེད་དེ་བཞིན་གཤེགས་པ་མོས་པ་བྱེད་པར་འགྱུར་བས། ཐབས་མཁས་པའི་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་རྒྱུ། འཐུན་པ་སྨོན་ལམ་ཡོངས་སུ་རྫོགས་པའི་ཁྱད་པར་ལ་ལྟོས། དེ་ནས་གཞོན་ནུ་སྟོང་པོ་དེ་དག་གིས། །བྱང་ཆུབ་སེམས་དཔའ་གཞོན་ནུ་ཆོས་སེམས་དཔའ་དང་། ཆོས་ཀྱི་བློ་གྲོས་དང་། དེ་གཉིས་ལ་འདི་སྐད་ཅེས་སྨྲས་སོ། །རིག་ཀྱི་བུ་ཁྱོད་རྣམས་གཉིས་ཀྱིས་སྨོན་ལམ་ཇི་ལྟ་བུ་ཞིག་གཏབ། ཆོས་སེམས་དཔས་སྨྲས་པ། གྲོགས་པོ་དག་བདག་ནི་ཁྱེད་ཐམས་ཅད་ཀྱི་ལག་ན་རྡོ་རྗེར་འགྱུར་ཏེ། །ནང་ན་སྤྱོད་ཅིང་དེ་བཞིན་གཤེགས་པའི་གསང་བ་ཐམས་ཅད་ལས། ཕྱི་རོལ་དུ་མ་གྱུར་ལ། ཕྱི་ནང་གི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཉན་པ་དང་། མོས་པ་དང་བརྟག་པ་དེ་ལྟར་བདག་སྨོན་ལམ་འདེབས་སོ། བཙུན་མོ་མ་སྨད་པ་ཞེས་བྱ་བའི་དཔང་ནས་རྫུས་ཏེ་བྱུང་བའི་རྒྱལ་བུ་ཆོས་ཐམས་ཅད་སེམས་དཔའ་ཞེས་བྱ་བ་དེ་ནི། ད་ལྟར་གྱི་དུས་སུ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་འདི་ཡིན་ནོ། །བཙུན་མོ་དཔེ་མེད་མ་ཞེས་བྱ་བའི་དཔང་ནས་བྱུང་པའི་རྫུས་ཏེ་བྱུང་བའི་ཁྱེའུ་ཆོས་ཀྱི་བློ་གྲོས་ཞེས་བྱ་བ་ནི། །ཚངས་པ་གཙུག་ཕུད་ཅན་ཡིན་ཏེ། །འདི་གཉིས་ཀྱིས་སངས་རྒྱས་སྟོང་གི་འཇུག་བསྡུད་པར་འགྱུར་རོ། །ཚངས་པ་ཞོར་ལ་བསྟན་པའོ། །དེའི་ཚེ་

(༨༣)དེའི་དུས་ན་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་སངས་རྒྱས་ཀྱི་སྐུ་གསང་བ་བསམ་གྱིས་མི་ཁྱབ་པ་དང་། །གསུང་གསང་བ་བསམ་གྱིས་མི་ཁྱབ་དང་། ཐུགས་གསང་བ་བསམ་གྱིས་མི་ཁྱབ་པ་དང་། ཡོན་ཏན་ཕྲིན་ལས་གསང་བ་བསམ་གྱིས་མི་ཁྱབ་པ། མི་ཟད་པ་རྒྱན་གྱི་འཁོར་ལོ་རྣམ་པ་ལྔ། སྐད་ཅིག་ཙམ་གྱིས་རང་གིས་ཀྱང་རྟོགས་ཤིང་། བྱང་ཆུབ་སེམས་དཔའ་གཞན་གྱི་ཚོགས་རྣམས་ལ་ཡང་གསང་བའི་མཛོད་ཐམས་ཅད། རྒྱས་པ་དང་བསྡུས་པ་དག་སྟོན་ཅིང་། རྫུ་འཕྲུལ་དང་། ཆོ་འཕྲུལ་སྣ་ཚོགས་སྟོན་པ། སངས་རྒྱས་ཤཱཀྱ་ཐུབ་པས་བྱིན་གྱིས་བརླབས་སོ། །སངས་རྒྱས་ཀྱི་འཐུས་ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་པར་སངས་རྒྱས་གྲངས་ཅན་དང་། སངས་རྒྱས་བྱེ་བ་ཕྲག་བརྒྱ་དང་གྲངས་ལས་འདས་ཤིང་ཚད་གཞལ་མེད་པའི་སངས་རྒྱས། རྡུལ་གཅིག་གི་སྟེང་ན། རྡུལ་ཇི་སྙེད་བཞུགས་པའི། གྲངས་དང་སྙམ་པའི་ཕྱག་ན་རྡོ་རྗེ་ཡང་རྣམ་པར་འཕྲུལ་ཞིང་། དུས་གསུམ་དུས་མེད་དུ་གསང་སྔགས་ཀྱི་མཛོད་ལས་དབང་བསྒྱུར་བར་མཛད་དོ། །ས་བཅུའི་བྱང་ཆུབ་སེམས་དཔའ་དེའི་ཤེས་རབ་དང་། །སངས་རྒྱས་ཀྱི་མཁྱེན་པའི་ཡེ་ཤེས་གཉིས་ཀྱི་ས་མཚམ་འབྱེད་པ་ནི། །ས་བཅུའི་བྱང་ཆུབ་སེམས་དཔའི་ཤེས་རབ་བ་གླང་གི་དམིགས་རྗེས་ཀྱི་ཆུ་དང་འདྲ་ལ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་རྒྱ་མཚོ་ཆེན་པོ་དང་འདྲའོ། །དེའི་ཕྱིར་ན་མཚན་བརྗོད་ཀྱི་ལུང་ལས་ཀྱང་། དེ་བཞིན་གཤེགས་པའི་ཡེ་ཤེས་མཚོ། གསུངས་པའི་དོན་ཡང་འདི་ལ་previous hit དགོངས next hit་ཡིན། ས་བཅུའི་བྱང་ཆུབ་སེམས་དཔའ་ལ་མཁྱེན་པ་དང་བརྩེ་བ་ཡོད་པ་ཡིན་

(༨༤)ཡང་དག་པར་རྫོགས་པའི་སངས་རྒྱས་ལ། །རྐང་གཉིས་གཙོ་ལ་སྣང་བ་མེད། །ཡེ་ཤེས་དབྱིངས་སུ་ཐམས་ཅད་མཁྱེན། །ཆོས་དབྱིངས་མཐའ་དང་དབུས་མེད་པ། །མཁྱེན་དང་མི་མཁྱེན་ས་མཚམ་མེད། །ཞེས་གསུངས་པའི་དོན་ནི། གསང་བ་བསམ་གྱིས་མི་ཁྱབ་པ་གསུམ་མམ་ལྔ་ལ་previous hit དགོངས next hit་ཡིན། དེའི་ཚེ་དེའི་དུས་ན། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཡིས། །བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ། །ཕྱོགས་བཅུའི་ཞིང་ཁམས་མཐའ་དང་དབུས་མེད་པ། །སངས་རྒྱས་གྲངས་ཅན་གྲངས་མེད་རྣམས་ཀྱིས་ཞིང་ཁམས་སུ་གསང་བ་གསུམ་གྱིས་མཛོད། །གསུང་སྣ་ཚོགས་མི་ཟད་པ་རྒྱན་གྱི་འཁོར་ལོ་འདི་ལྟར་དུ་བསྟན་ཏེ། གསུམ་པོ་འདི་དག་གི་དེ་བཞིན་གཤེགས་པའི་གསང་བའོ། །གསུམ་གང་ཞེ་ན། སྐུའི་གསང་བ་དང་། གསུང་གི་གསང་བ་དང་། ཐུགས་ཀྱི་གསང་བའོ། །དེ་ལ་དེ་བཞིན་གཤེགས་པའི་སྐུའི་གསང་བ་གང་ཞེས་ན། འདི་ལ་དེ་བཞིན་གཤེགས་previous hit ་ནི་མི་དགོངས next hit་ཤིང་རབ་དུ་མི་རྟོག་པར་སྤྱོད་ལམ་ཐམས་ཅད་ཀྱང་ཀུན་ཏུ་སྟོན་དོ། །རིགས་ཀྱི་བུ་དེ་ལ་ལྷ་དང་མི་ཁ་ཅིག །འདུག་པ་གཙོ་བོར་བྱེད་པ་དེ་དག་གིས་ནི། དེ་བཞིན་གཤེགས་པ་བཞུགས་པར་མཐོང་ངོ་། །ལྷ་དང་མི་ཁ་གཅིག་འཆག་པར་གཙོ་བོར་བྱེད་པ་དེ་དག་གི་ནི། དེ་བཞིན་གཤེགས་པ་འཆག་པར་མཐོང་ངོ་། །ལྷ་དང་མི་ཁ་གཅིག་འགྲེང་བར་གཙོ་བོར་བྱེད་པ་དེ་དག་གིས་ནི། དེ་བཞིན་གཤེགས་པ་འགྲེང་པར་མཐོང་ངོ་། །ལྷ་དང་མི་ཁ་ཅིག་ཉལ་བར་གཙོ་བོར་བྱེད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་ཉལ་བར་མཐོང་ངོ་། །ལྷ་དང་

(༨༥)མི་ཁ་ཅིག་ཆོས་སྟོན་པ་གཙོ་བོར་བྱེད་པ་དེ་དག་གིས་ནི། དེ་བཞིན་གཤེགས་པ་ཆོས་སྟོན་པར་མཐོང་ངོ་། །ལྷ་དང་མི་ཁ་ཅིག་མི་སྨྲ་བར་གཙོ་བོར་བྱེད་པ་དེ་དག་གིས་ནི། དེ་བཞིན་གཤེགས་པ་མི་གསུང་བར་མཐོང་ངོ་། །ལྷ་དང་མི་ཁ་གཅིག་བསྟན་གཙོ་བོར་བྱེད་པ་དེ་དག་གིས་ནི། དེ་བཞིན་གཤེགས་པ་བསམ་གཏན་ལ་སྙོམ་པར་ཞུགས་པར་མཐོང་ངོ་། །ལྷ་དང་མི་ཁ་ཅིག་ལངས་པ་གཙོ་བོར་བྱེད་པ་དེ་དག་གིས་ནི། དེ་བཞིན་གཤེགས་པ་བཞེངས་པར་མཐོང་ངོ་། །ལྷ་དང་མི་ཁ་ཅིག་གིས་ནི་མིག་བཙུམ་པར་ལྟ་བ་གཙོ་བོར་བྱེད་པ་དེ་དག་ནི། དེ་བཞིན་གཤེགས་པ་སྤྱན་མི་བཙུམ་པར་གཟིགས་པར་མཐོང་ངོ་། །ལྷ་དང་མི་ཁ་ཅིག་འཛུམ་པར་བྱེད་པ་གཙོ་བོར་འཛིན་པ་དེ་དག་ནི། དེ་བཞིན་གཤེགས་པ་འཛུམ་པར་མཛད་པར་མཐོང་ངོ་། །ལྷ་དང་མི་ཁ་ཅིག་མདོག་གསེར་གྱི་ཁ་དོག་ལྟ་བུར་གཙོ་བོར་བྱེད་པ་དེ་དག་གིས་ནི། །དེ་བཞིན་གཤེགས་པ་སྐུ་མདོག་གསེར་གྱི་ཁ་དོག་ལྟ་བུར་མཐོང་ངོ་། །དེ་བཞིན་དུ་ལ་ལས་དངུལ་གྱི་ཁ་དོག་དུ་མཐོང་ངོ་། །དེ་བཞིན་དུ་ཤེལ་གྱི་ཁ་དོག་དང་། བེ་དུ་རྒྱའི་ཁ་དོག་དང་། རྡོ་རྗེའི་སྙིང་པོའི་མདོག་དང་། སྤུག་གི་མདོག་དང་། མུ་ཏིག་དམར་པོའི་མདོག་དང་། མུ་ཏིག་དཀར་པོའི་མདོག་དང་། མདོག་དམར་པོ་དང་། མདོག་དཀར་པོ་དང་། བཙོད་ཁའི་མདོག་དང་། མདོག་སྔོན་པོ་དང་། མདོག་སེར་པོ་དང་། ཟླ་བའི་མདོག་དང་། ཉི་མའི་མདོག་དང་། མེའི་མདོག་དང་། འོད་ཀྱི་མདོག་དང་། བརྒྱ་བྱིན་གྱིས་མདོག་དང་།

(༨༦)ཚངས་པའི་མདོག་དང་། མ་མོའི་མདོག་དང་། ལྡོང་རོས་ཀྱི་མདོག་དང་། མཚལ་གྱི་མདོག་དང་། ལ་ལ་ཆུའི་མདོག་དང་། ལ་ལ་མྱ་ངན་ཚང་གི་མེ་ཏོག་གི་མདོག་དང་། ཙམ་པ་ཀའི་མདོག་དང་། སྣ་མའི་མེ་ཏོག་གི་མདོག་དང་། བར་ཤི་ཀའི་མདོག་དང་། པད་མའི་མདོག་དང་། ཀུ་མུད་ཏའི་མདོག་དང་། པད་མ་དཀར་པོའི་མདོག་དང་། དཔལ་གྱི་མདོག་དང་། རྣམ་ཐོས་ཀྱི་བུའི་མདོག་དང་། ངང་པའི་རྒྱལ་པོའི་མདོག་དང་། པད་མ་སར་པའི་མདོག་དང་། དཔལ་གྱི་སྙིང་པོའི་མདོག་དང་། རུའི་མདོག་དང་། ནོར་བུ་རིན་པོ་ཆེའི་མདོག་དང་། ཨན་དྷ་སྙིལ་གྱི་མདོག་དང་། ནམ་མཁའ་དག་པའི་གཟི་བརྗིད་ཀྱི་མདོག་དང་། ལྷ་དང་མི་ཁ་ཅིག་ཡོན་ཏན་གྱི་བསྔགས་པ་མཐའ་ཡས་པར། མོས་པ་དེ་དག་གིས་ནི། དེ་བཞིན་གཤེགས་པའི་སྐུའི་ཡོན་ཏན་གྱི་བསྔགས་པ་མཐའ་ཡས་པ་དང་ལྡན་པར་མཐོང་ངོ་། །དེ་ལྟར་ཡོངས་སུ་བརྟགས་པ་ཉེ་བར་བཟུང་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དང་། གང་ཡང་གང་གའི་ཀླུང་གི་ཇི་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་དེ་དག་ཐམས་ཅད་མིའི་ལུས་ཐོབ་པར་གྱུར་ལ། དེའི་ནང་ནས་སེམས་ཅན་གཅིག་གིས་སེམས་ཅན་ཇི་སྙེད་པ་དེ་དག་གིས་ཅི་སྙེད་པ་དེ་སྙེད་ལ། དེ་བཞིན་གཤེགས་པའི་སྐུའི་གཟུགས་དང་། མདོག་དང་། རྟགས་དང་། དབྱིབས་དང་སྤྱོད་ལམ་དུ་སེམས་ཤིང་། མོས་སྟི་ལ་ནོར་བསྒྲུབས་ལ། སེམས་ཅན་གཅིག་གིས་སེམས་ཀྱི་མོས་པ་གང་ཡིན་པ་དང་། སེམས་ཅན་གཉིས་པ་མ་ཡིན་ཏེ། རྣམས་

(༨༧)གྲངས་དེས་ན་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་ཐམས་ཅད་ཀྱི་སེམས་ཀྱི་མོས་པ་ཚོལ་བར་མཛད་དོ། །ཅི་ལྟར་མོས་པ་བཞིན་དུ་སེམས་ཅན་དེ་དག་གིས། དེ་བཞིན་གཤེགས་པའི་སྐུའི་མདོག་དང་། གཟུགས་དང་རྟགས་དང་། དབྱིབས་དང་སྤྱོད་ལམ་དུ་ཤེས་མོད་ཀྱིས། དེ་ལ་དེ་བཞིན་གཤེགས་པའི་སྐུ་འམ་ཐུགས་ཀྱིས་མཛད་པ་ནི་མ་ཡིན་ཏེ། དེ་བཞིན་གཤེགས་པས་སྔོན་གྱི་ཡོངས་སུ་སྤྱོད་པ་ཡོངས་སུ་སྦྱང་བའི་ཁྱད་པར་གྱིས། ལྷུན་གྱིས་གྲུབ་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་བསམ་པ་ཚིམ་པར་མཛད་པའི། གཟུགས་དང་། ཁ་དོག་དང་། རྟགས་དང་། དབྱིབས་དང་། སྤྱོད་ལམ་གྱིས་ཀུན་ཏུ་བཞུགས་སོ། །འདི་ལྟ་སྟེ། དཔེར་ན་མེ་ལོང་གི་དཀྱིལ་འཁོར་ཡོངས་སུ་དག་པ་ལས། གཟུགས་ཀྱི་སྣང་བ་ཅི་འདྲ་བ་ཉེ་བར་བཞག་པ་དེ་འདྲ་བ་ཉིད་ཀྱིས་གཟུགས་བརྙན་དེ་ན་ལྷག་ཆད་མེད་པ་སྣང་ཡང་། མེ་ལོང་གི་དཀྱིལ་འཁོར་ནི་མི་སེམས་མི་རྟོག་གོ། །དེ་བཞིན་དུ་དེ་བཞིན་གཤེགས་previous hit ་ཡང་། མི་དགོངས next hit་མི་རྟོག་པར་ལྷུན་གྱིས་གྲུབ་པས། སེམས་ཅན་ཐམས་ཅད་ཀྱི་སེམས་བསམ་པའི་རྣལ་པར་རིག་པ་ཚིམ་པར་མཛད་དེ། །འདི་ནི་དེ་བཞིན་གཤེགས་པའི་སྐུའི་གསང་བའོ། །གཞན་ཡང་དེ་བཞིན་གཤེགས་པའི་སྐུ་ནི། ཕུང་པོས་རབ་དུ་ཕྱེ་བ་མ་ཡིན། ཁམས་ཀྱིས་རབ་དུ་ཕྱེ་བ་མ་ཡིན། སྐྱེ་མཆེད་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན། ལས་ལས་བྱུང་བ་མ་ཡིན། ཉོན་མོངས་པ་ལས་བྱུང་པ་མ་ཡིན། ཕ་མ་ལས་བྱུང་བ་མ་ཡིན། འབྱུང་བ་ཆེན་པོའི་ནུར་ནུར་པོ་ལས་བྱུང་པ་མ་ཡིན། ཤ་དང་

(༨༨)ཁྲག་གིས་གཡོགས་པ་མ་ཡིན། རུས་པ་དང་ཆུ་བའི་བོག་རེས་སྦྲེལ་བ་མ་ཡིན། དབུགས་ཕྱི་ནང་དུ་རྒྱུ་བ་དང་། སྲོག་དང་འབྲེལ་པ་མ་ཡིན་ཏེ། སངས་རྒྱས་ཀྱི་སྐུ་ནི་སྐུ་མེད་པ་སྟེ། ཆོས་ཀྱི་སྐུ་དང་། གཟུགས་ཀྱི་སྐུ་དང་། མཚན་མ་མེད་པའི་སྐུ་དང་། སྤྲོས་པ་མེད་པ་རྒྱུ་བ་མེད་པའི་སྐུ་ཡིན་ཡང་། དེ་གཟུགས་དང་མཚན་མ་གཙོ་བོར་བྱེད་པའི་སེམས་ཅན་སྐུ་བསྟན་པས་འདུལ་བ་རྣམས་ཀྱི་མིག་ལ་སྣང་བར་འགྱུར་རོ། །གཟུགས་ལས་དབེན་པའི་ཆོས་ཀྱི་མཚན་ཉིད་གཙོ་བོར་བྱེད་པའི་སེམས་ཅན་རྣམས་ལ་ནི། ལྷའི་མིག་གིས་ཀྱང་ཐམས་ཅད་ཀྱིས་ཐམས་ཅད་དུ་བལྟ་བར་སྣང་བར་མི་འགྱུར་རོ། །དེ་ལ་འཁོར་གཅིག་དུ་འདུས་པའི་སེམས་ཅན་གྱི་ནང་ནས་ཀྱང་། ཁ་ཅིག་གིས་སངས་རྒྱས་ཀྱི་སྐུ་མཐོང་། ཁ་ཅིག་གིས་ནི་མི་མཐོང་། ཁ་ཅིག་གིས་ནི་རྒྱང་རིང་པོ་ན་འདུག་ཀྱང་མཐོང་། ཁ་ཅིག་གི་ནི་ཉེ་བ་ན་འདུག་ཀྱང་མི་མཐོང་། ཁ་ཅིག་གི་ནི་ཐག་རིང་པོ་ན་འདུག་ཀྱང་མཐོང་། ཁ་ཅིག་གིས་ནི་ཉེ་བ་ན་འདུག་ཀྱང་མི་མཐོང་ངོ་། །ལ་ལས་ནི་དྲན་པའི་རྣམ་པས་མཐོང་ལ། གཡེང་བའི་རྣམ་པས་མི་མཐོང་ངོ་། ལ་ལས་ནི་གཡང་བའི་རྣམ་པས་འཐོང་ལ། དྲན་པའི་རྣམ་པས་མི་མཐོང་། ལ་ལས་ནི་གཞན་གྱིས་ཉེ་བར་བསྟན་པས་མཐོང་ཞིང་། བདག་གིས་ལྟས་པས་མ་མཐོང་། ལ་ལས་ནི་བདག་གིས་ལྟས་པས་མཐོང་ལ། གཞན་གྱིས་ལྟས་པས་མི་མཐོང་ངོ་། །ལ་ལས་ནི་རྨི་ལམ་ན་མཐོང་ལ། །སད་པ་ན་མི་མཐོང་ངོ་། །ལ་ལས་ནི་སད་པ་ན་འཐོང་

(༨༩)ལ། རྨི་ལམ་ན་མི་མཐོང་། ལ་ལས་ནི་མཉམ་པར་བཞག་པ་ན་འཐོང་ལ། ལངས་པ་ན་མི་མཐོང་། ལ་ལས་ནི་ལངས་ན་འཐོང་ལ་མཉམ་པར་བཞག་ན་མི་མཐོང་ངོ་། །ལ་ལས་ནི་བསྡུག་པའི་རྣམ་པས་མཐོང་ལ། མི་སྡུག་པའི་རྣམ་པས་མི་མཐོང་ངོ་། །ལ་ལས་ནི་མི་སྡུག་པའི་རྣམ་པས་མཐོང་ལ། སྡུག་པའི་རྣམ་པས་མ་ཡིན་ནོ། །ལ་ལས་ནི་མ་བཙལ་བས་མི་མཐོང་ལ་བཙལ་བས་མཐོང་ངོ་། ལ་ལས་ནི་བསྒོམས་ན་མཐོང་ལ། མ་སྒོམ་ན་མ་ཡིན་ནོ། །དེ་ལྟར་སངས་རྒྱས་ཀྱི་སྐུ་ནི་འདི་དག་དང་། གཞན་ཡང་ཚད་མེད་པའི་རྣམ་པར་སྟོན་པ་མཛད་དོ། །གང་ཡང་གཟུགས་ན་སྤྱོད་པའི་ལྷའི་བུ། ལུས་དང་སྤྱོད་པ་དང་སྤྱོད་ལམ་རབ་དུ་ཞི་བ་མཉམ་པར་བཞག་པ། ལུས་ཞི་བ་དུལ་བ་དེ་དག་གི་མིག་ཀྱང་འཁྲུལ་པར་འགྱུར་ཏེ། སངས་རྒྱས་ཀྱི་སྐུ་ལ་དཔག་པར་བྱ་བ་འམ་མཚན་མ་བཟུང་བར་མ་ནུས་སོ། །དེའི་ཕྱིར་ན། སངས་རྒྱས་ཀྱི་སྐུ་ནི་ཁ་དོག་ཐ་དད་པས་ཚད་མེད་པའོ། །ཆོས་ཀྱི་རབ་དུ་ཕྱེ་བའི་ཕྱིར་ནམ་མཁའི་ཁམས་དང་མཚུངས་སོ། འདི་ལྟ་ཏེ་དཔེར་ན། ནམ་མཁའ་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བའོ། །དེ་བཞིན་དུ་སངས་རྒྱས་ཀྱི་སྐུ་ཡང་ཐམས་ཅད་ཀྱི་རྗེས་སུ་སོང་བའོ། །འདི་ལྟ་ཏེ་དཔེར་ན་ནམ་མཁའ་ནི་སྤྲོས་པ་མེད་པའོ། །དེ་བཞིན་དུ་སངས་རྒྱས་ཀྱི་སྐུ་ཡང་སྤྲོས་པ་མི་མངའ་བའོ། དཔེར་ན་ནམ་མཁའ་ནི། སེམས་ཅན་ཐམས་ཅད་ཀྱི་ཉེ་བར་མཚོ་བའོ། དེ་བཞིན་དུ་སངས་རྒྱས་ཀྱི་རྒྱུ་ཡང་། །སེམས་ཅན་ཐམས་ཅད་ཀྱི་ཉེ་བར་མཚོ་བའོ། །དཔེར་ན་ནམ་མཁའ་ནི་འབྱུང་བ་མེད་ཅིང་རྣམས་

(༩༠)པར་མི་རྟོག་པའོ། །དེ་བཞིན་དུ་སངས་རྒྱས་ཀྱི་སྐུ་ཡང་འགྱུར་བ་མི་མངའ་ཞིང་རྣམ་པར་མི་རྟོག་པའོ། །དཔེར་ན་ནམ་མཁའ་ནི་གཟུགས་སུ་སྣང་བ་ཐམས་ཅད་དུ་ཞུགས་པའོ། །དེ་བཞིན་དུ་སངས་རྒྱས་ཀྱི་སྐུ་ཡང་སེམས་ཅན་དུ་སྣང་བ་ཐམས་ཅད་དུ་ཞུགས་པའོ། །དཔེར་ན་ནམ་མཁའི་ནང་དུ་ནི་གཟུགས་སུ་སྣང་བ་ཐམས་ཅད་འདུས་སོ། །དེ་བཞིན་དུ་སངས་རྒྱས་ཀྱི་སྐུའི་ནང་དུ་ཡང་སེམས་ཅན་དུ་སྣང་བ་ཐམས་ཅད་འདུས་སོ། །དཔེར་ན་ནམ་མཁའ་ནི། རྩྭ་དང་ཤིང་། གེལ་པ་དང་། །སྨན་དང་ནག་ཚལ་ཐམས་ཅད་རྣམ་པར་འཕེལ་ལོ། །དེ་བཞིན་དུ་སངས་རྒྱས་ཀྱི་སྐུ་ལས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་རྣམ་པར་འཕེལ་ལོ། །དཔེར་ན་ནམ་མཁའ་ནི་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཏེ། ཅི་ཡང་བརྗོད་པ་མ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་ཀྱི་སྐུ་ཡང་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ནོ། །ཅིར་ཡང་བརྗོད་པ་མ་ཡིན་ནོ། །སངས་རྒྱས་ནི་སྤྱི་གཙུག་ལྟར་མི་མཐོང་བས་ཏེ། སངས་རྒྱས་ཀྱི་སྤྱི་གཙུག་མཐོང་པར་ནུས་པ་དེ་ནི། ཁོ་བོས་ལྷ་དང་བདུད་དང་ཚངས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་མ་མཐོང་ངོ་། །དེའི་ཕྱིར་ན། ཁོ་བོས་འདི་ལྟར་སྔོན་པར་ཤེས་ཏེ། བཅོམ་ལྡན་འདས་སངས་རྒྱས་ནས་རིང་པོ་མ་ལོན་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་ནས་གྲོང་ཁྱེར་བ་ར་ན་སེར་དྲོང་ལྷུང་བའི་རི་དགས་ཀྱི་ནགས་ན་བཞུགས་པའི་དུས་གཅིག་ན། ཤར་ཕྱོགས་ཀྱི་སངས་རྒྱས་ཙམ་པ་ཀའི་མདོག་གིས་སངས་རྒྱས་ཀྱི་ཞིང་། འཇིག་རྟེན་

(༩༡)གྱི་ཁམས་དགྲ་འདུལ་ནས་བྱང་ཆུབ་སེམས་དཔའ་ཤུགས་འཆང་ཞེས་བྱ་བ་དེས། བཅོམ་ལྡན་འདས་ལ་སྙེན་བསྐུར་བྱ་བའི་ཕྱིར། འཇིག་རྟེན་གྱི་ཁམས་མི་འཇེད་དེར་འོངས་ཏེ། དེས་སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། ལན་གསུམ། །སྐོར་བ་བྱས་ནས། སངས་རྒྱས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་སངས་རྒྱས་ཀྱི་འཐུས་བྱང་ཆུབ་ཤུགས་འཆང་འདི། སྙམ་དུ་སེམས་ཏེ། སངས་རྒྱས་རྣམས་ནི་སྤྱི་གཙུག་བཏར་མི་འཐོང་ལ། སྐུ་ཚད་མེད་ཅིང་མཐའ་ཡས་ཀྱང་། བདག་གིས་སངས་རྒྱས་ཀྱི་སྐུ་དང་ཚད་དང་། མཐའ་རྩལ་བར་བྱ་མཉམ་མོ། །དེ་ནས་བྱང་ཆུབ་ཤུགས་འཆང་གིས་རང་གི་ལུས་དཔག་ཚད་ཁྲི་བཞི་སྟོང་དུ་བྱིན་གྱིས་བརླབས་ཏེ། སངས་རྒྱས་ཀྱི་སྐུ་ལ་ལྟས་ནས། དེས་སངས་རྒྱས་ཀྱི་སྐུ་དཔག་ཚད་འབུམ་འཕྲག་དྲུག་བཅུ་རྩ་བརྒྱད་པར་མཐོང་ནས་འདི་མཉམ་དུ་བསམས་ཏེ། བདག་གིས་མངོན་པོར་ཤེས་པ་ཐོབ་པ་རྫུལ་འཕྲུལ་གྱི་རྐང་པས་རྣམ་པར་བརྩེ་བ་ཡིན་གྱིས། བདག་གིས་དེ་བས་ཀྱང་རྒྱ་ཆེར་སངས་རྒྱས་ཀྱི་སྐུ་ཚད་བརྩལ་བར་བྱའི་མཉམ་ནས། དེ་སངས་རྒྱས་ཀྱི་མཐུ་དང་རང་གི་རྫུལ་འཕྲུལ་གྱི་སྟོབས་སྐྱེད་པས། སྟེང་གི་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གང་གའི་ཀླུང་གི་བྱེ་བ་ཕྲག་བརྒྱ་བྱེ་མ་སྙེད་འདས་ཏེ། འཇིག་རྟེན་གྱི་ཁམས་པད་མ་ཅན་ཞེས་བྱ་བ་དེར། སངས་རྒྱས་སར་མའི་དཔལ་གྱི་སྙིང་པོ་ཞེས་བྱ་བ་བཞུགས་ཏེ། དེར་བྱང་ཆུབ་ཤུགས་འཆང་ཕྱིན་ནས། སངས་རྒྱས་པད་མའི་དཔལ་གྱི་སྙིང་པོ་ལ་ཞུས་པ། ཤཱཀྱ་ཐུབ་པའི་སྐུ་དང་། དེའི་སྤྱི་

(༩༢)གཙུག་གི་ཚད་བདག་ཐག་རིང་པོ་ཞིག་ནས་འོངས་པ་ལས་མཐོང་པར་མ་གྱུར་ཏོ། །སངས་རྒྱས་དེའི་ཞལ་ནས་བསྐལ་པ་གྲངས་མེད་པར་ཁྱེད་ཀྱིས་རྫུ་འཕྲུལ་དང་ཆོ་འཕྲུལ་འདི་ཉིད་ཀྱིས་སྟེང་གི་ཕྱོགས་སུ་ཡང་། ཤཱཀྱ་ཐུབ་པའི་དབུའི་གཙུག་གཏོར་དང་།སྐུའི་ཚད་འཐོང་པར་མི་ནུས་སོ། །སངས་རྒྱས་ཀྱི་སྐུ་གསུང་ ཐུགས་མཚན་དང་དཔེ་བྱད་ཀྱི་ཚོགས་རྣམས་ལ་དཔེ་ཡིས་མཚོན་དུ་མེད་པ་སྟེ། དཔེས་མཚོན་ཞིང་ཚད་བཟུང་བར་འདོད་ན། སངས་རྒྱས་ལ་སྐུར་པ་འདེབ་པའོ། །དཔེ་ཅིག་གིས་མཚོན་པ་ནམ་མཁའོ། །ནམ་མཁའ་ཇི་ཙམ་པ་སངས་རྒྱས་ཀྱི་སྐུ་ཡང་དེ་ཙམ་མོ། །ནམ་མཁའ་ཚད་མེད་པར་སངས་རྒྱས་ཀྱི་སྐུ་ཡང་ཚད་མེད་པར་ཁོང་དུ་ཆུད་པར་བྱའོ། །བྱང་ཆུབ་ཤུགས་འཆང་གིས་སངས་རྒྱས་ལ་ཞུས་པ། བདག་ཐག་ཉེ་རིང་ཇི་ཙམ་ཞིག་ནས་འདིར་མཆིས་པ་ལགས། ཁྱོད་སངས་རྒྱས་ཀྱི་ཞིང་གང་གའི་ཀླུང་གི་བྱེ་བ་ཕྲག་བརྒྱའི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ནས་སངས་རྒྱས་ཀྱི་ཞིང་འདིར་འོངས་སོ། །ཞེས་གསུངས་པ་ལས། བྱང་ཆུབ་ཤུགས་འཆང་གི་ཞུས་པ། བདག་ཐག་རིང་མོ་ཞིག་ནས་འོངས་ཀྱང་། ཤཱཀྱ་ཐུབ་པའི་གཙུག་གཏོར་རམ་སྐུའི་ཚད་མཐའ་རྟོགས་པར་ངོ་མ་ཐོག་ལགས་པའོ། །བྱང་ཆུབ་ཤུག་འཆང་གིས་སངས་རྒྱས་དེ་ལ་འདི་སྐད་ཐོས་ནས་ངོ་མཚར་སྐྱེས་ཏེ། སངས་རྒྱས་དེའི་ཞབས་གཉིས་ལ་ཕྱག་འཚལ་ནས། སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱིས་བརླབས་དང་། རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་སེམས་ཅན་གྱི་རྣམ་པར་རྟོག་པ་དྲན་པ་ཙམ་གྱིས། འཇིག་རྟེན་གྱི་ཁམས་མི་འཇེད་ཤཱཀྱ་

(༩༣)ཐུབ་པའི་དྲུང་དུ་ཕྱིན་ནས། ཤཱཀྱ་ཐུབ་པའི་ཞབས་ལ་ཕྱག་འཚལ་ནས། སྐོར་བ་ཐངས་བདུན་བྱས་ནས། གོང་གི་སྐུ་བལྟ་བའི་ལུགས་ཐམས་ཅད་རྒྱས་པར་ཞུས་པ་ལས། ཤཱཀྱ་ཐུབ་པའི་ཞལ་ནས་ཀྱང་། སངས་རྒྱས་རྣམས་ཀྱི་སྐུ་གསང་བ་བསམ་གྱི་མི་ཁྱབ་པ་ནི། འཇིག་རྟེན་གསུམ་ན་ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཚངས་པ་རྒྱ་བྱིན་ལ་སོགས་པ། འཇིག་རྟེན་ཆེན་པོ་རྣམས་ཀྱང་ཚད་བཟུང་ཞིང་ལྟ་བར་མི་ནུས་སོ། །ཞེས་སྐུ་གསང་བ་བསམ་གྱིས་མི་ཁྱབ་པའི་བཀའ་དང་། རྒྱུད་བསམ་གྱིས་མི་ཁྱབ་པའོ། །སངས་རྒྱས་ཀྱི་སྐུ་ལ་ངེས་པ་མེད་པའི་ཕྱིར་ན། ཕྱི་སྣོད་ནང་བཅུད་ཀྱིས་བསྡུས་པའི་གཟུགས་ཀྱི་ཕུང་པོས་བྱེ་བྲག་ཐམས་ཅད་དེ་བཞིན་གཤེགས་པའི་སྐུ་ཡིས་མ་ཁྱབ་པ་མེད་པའི་ཕྱིར་ན། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་ངོ་བོ་རང་བཞིན་ཅིག་ལ། གདུལ་བྱ་དབང་པོའི་བྱེ་བྲག་གིས་མཐོང་ཚུལ་ཐ་དད་དམ་མི་དད། མཐོང་ཚུལ་ཐ་དད་པའི་ཕྱིར་ན། བཀའ་དང་རྒྱུད་བསམ་གྱིས་མི་ཁྱབ་པ་སངས་རྒྱས་ཀྱི་སྐུ་ལ་ངེས་པ་མེད་པའི་ཕྱིར་ན། ཕྱི་སྣོད་ནང་བཅུད་ཀྱིས་སྡུས་པའི་སེམས་ཅན་གཟུགས་ཀྱི་ཕུང་པོའི་བྱེ་བྲག་ཐམས་ཅད་དེ་བཞིན་གཤེགས་པའི་སྐུ་བསམ་གྱི་མི་ཁྱབ་པ་མེད་པའི་ཕྱིར་ན་སྐུ་མི་ཟད། སངས་རྒྱས་མཐོང་བ་ཡང་མ་མཐོང་པའོ། །མ་མཐོང་པ་ཡང་མཐོང་པའོ། །དེའི་ཕྱིར་ན། སེམས་ཅན་དུ་མ་འཁོར་གཅིག་དུ་འདུས་པ་དག་ལས། ཁ་ཅིག་གིས་སངས་རྒྱས་ཀྱི་མཐོང་བའོ། །ཁ་ཅིག་གིས་ནི་མི་མཐོང་ངོ་། །དེ་ལ་གང་དག་གིས་མཐོང་པ་དག་ནི་དགའ་བ་བསྐྱེད་ནས་ལྟའོ། །མ་

(༩༤)མཐོང་པ་དག་ནི་ཅང་མི་སྨྲ་བར་མ་གྱུར་ཅིང་སྡོད་དེ། །སངས་རྒྱས་ནི་ཞལ་ཟས་མི་གསོལ་མོད་ཀྱིས། སེམས་ཅན་རྣམས་ཀྱིས་སངས་རྒྱས་ཞལ་ཟས་གསོལ་བར་མཐོང་ངོ་། །དེ་ལ་བྱང་ཆུབ་ཀྱི་རིམ་འགྲོའི་ལྷ་གཟི་བརྗིད་སྟོབས་ཞེས་བྱ་བ་དག །རྟག་ཏུ་སངས་རྒྱས་ཀྱི་ཞབས་འབྲིང་དུ་འབྲེང་ཞིང་། སངས་རྒྱས་ཀྱི་ཞལ་ཟས་སྣོད་དུ་ཟེད་ནས་སེམས་ཅན་རྣམས་ཀྱིས། སངས་རྒྱས་ཀྱིས་ཁམ་ཚད་དུ་བླངས་ཏེ་གསོལ་བར་མཐོང་ངོ་། །སངས་རྒྱས་ཀྱིས་ཁམ་ཚད་དུ་བླངས་པ་དེ་ཡང་སྣོད་དེ་ཉིད་དུ་འདུག་སྟེ། དེ་ལྷ་དེ་དག་གིས་ཁྱེར་ཏེ་དེ་བཞིན་གཤེགས་པས་འདུལ་བས་སེམས་ཅན་སྔོན་དགེ་བའི་རྩ་བ་སྐྱེད་པ། ལས་ཀྱིས་སྐྱེད་པའི་དབང་གིས་སྐྱེ་གནས་དེ་དང་། དེ་དག་དུ་འཕགས་པ་བཟའ་བ་དང་། བཏུང་བ་དང་། ཟས་མི་སྙེད་པ་བཀྲེས་པས་ཉམས་ཆུང་པར་འགྱུར་བ། ཅི་སྙེད་པ་དེ་དག་ལས། སངས་རྒྱས་ཀྱི་བཤོས་ཀྱི་ཕབ་བབས་དེ་བྱིན་ནས། སེམས་ཅན་དེ་དག་གིས་ཀྱང་ཟས་དེ་ཟོས་པ་དང་། བཀྲེས་སྐོམ་དང་བྲལ་ཏེ། བདེ་ཞིང་ལུས་ཚིམ་ནས་བསམ་པ་ཐག་པ་ནས་བླ་ན་མེད་པའི་བྱང་ཆུབ་དུ་སེམས་སྐྱེས་སོ་གང་དག་ལོག་པར་ལྟུང་བ་ཡི་དག་སམ། ཡ་མའི་འཇིག་རྟེན་ན་གནས་པ། བྱང་ཆུབ་དུ་སེམས་བསྐྱེད་པ་མི་ནུས་པ་དེ་དག་ལ་ཡང་། དེ་ཉིད་མྱ་ངན་ལས་འདས་པའི་བར་གྱི་རྒྱུར་འགྱུར་རོ། །རྣམས་གྲངས་འདི་ན་ཡང་ཁྱེད་ཀྱི་ཅི་ལྟར་སངས་རྒྱས་ཞལ་ཟས་མི་གསོལ་ཞིང་། སངས་རྒྱས་ཆོས་ཀྱི་ཞལ་ཟས་ཅན་དུ་དེ་ལྟར་རིག་པར་བྱ་སྟེ། སངས་རྒྱས་ཀྱི་སྐུ་ནི་སྲིད་མེད་ཀྱི་བུ་ལྟར་འཁྲགས་པ། བསྲ་

(༩༥)བ་སྙིང་པོ་ཅན་མི་ཤིགས་པ་རྡོ་རྗེའི་རང་བཞིན་ནོ། །སངས་རྒྱས་ཀྱི་སྐུ་ལ་ནི་ཕོ་བ་དང་ལོང་ག་མེད་དོ། །སྣག་ཁྲག་ལ་སོགས་མི་གཙང་པ་འཇག་པ། གང་ཡང་མེད་དོ། །སངས་རྒྱས་ཀྱི་སྐུ་ནི་འཛམ་བུ་ཆུ་བོའི་གསེར་གྱི་གར་བུ་སྟེ། ཁོང་སྟོང་མ་ཡིན་བུ་ག་མེད་པ། ཁ་ན་མ་ཐོ་བ་མེད་པའོ། །འདི་ལྟར་ལྕགས་ཀྱི་རྡོ་རྗེ་དང་འདྲ་ཡང་། འཇམ་པ་པཎ་ཙ་ལི་ཀ་ལྟར་རེག་ན་བདེ་བར་འགྱུར་བས། སངས་རྒྱས་ཀྱི་སྐུའི་ཆེ་བ་ཉིད་ལ་ལྟོས། གང་གི་ཚེ་གཟི་བརྗེད་ཆེ་བ་གཟི་བརྗེད་ཆེ་བའི་ལྷའི་བུ་རྣམས་དང་། ལྷའི་བུ་མོ་རྣམས་སངས་རྒྱས་ཀྱི་ཞབས་ལ་ཕྱག་འཚལ་བ་ན་སྔོན་མ་རིག་པའི་རེག་པས་རེག་ནས། བླ་ན་མེད་པའི་བྱང་ཆུབ་དུ་སེམས་སྐྱེད་སྟེ། དེ་དག་ཉོན་མོངས་པ་སྐྱེ་བར་མི་འགྱུར་བའི་དུས་དེ་དང་ཚད་དེ་ཡོད་དོ། །སེམས་ཅན་འདོད་ཆག་ལ་སྤྱོད་པ་གང་དག་གིས། སངས་རྒྱས་ཀྱི་སྐུ་མཐོང་བ་དེ་དག་སངས་རྒྱས་ཀྱི་སྐུ་མཐོང་མ་ཐག་དུ་བདག་ཉིད་འདོད་ཆགས་དང་བྲལ་བར་ཤེས་སོ། །ཞེ་སྡང་ལ་སྤྱོད་པ་གང་དག་གིས་མཐོང་ནས། དེ་དག་བྱམས་པ་ཐོབ་པའོ། །ཏི་མུག་ལ་སྤྱོད་པ་གང་དག་གིས་མཐོང་ན། དེ་དག་ཡེ་ཤེས་ཀྱི་སྣང་བ་ཐོབ་པའོ། །ཆ་མཉམ་པ་ལ་སྤྱོད་པ་གང་དག་གིས་མཐོང་ན་དེ་དག་ཉོན་མོངས་པ་དང་བྲལ་བར་ཤེས་སོ། །སེར་སྣ་ཅན་གང་དག་གིས་མཐོང་ན་དེ་དག་སྟོང་པ་ལ་མོས་པར་འགྱུར་རོ། །ཚུལ་ཁྲིམས་འཆལ་པ་གང་དག་གིས་མཐོང་ན། དེ་དག་ཚུལ་ཁྲིམས་ལ་མོས་པར་འགྱུར་རོ། །གནོད་སེམས་ཅན་གང་དག་གིས་

(༩༦)མཐོང་ན་དེ་དག་བཟོད་པ་ཐོབ་པོ། །ལེ་ལོ་ཅན་གང་དག་གིས་མཐོང་ན་དེ་དག་བརྩུན་འགྲུས་ལ་མོས་པར་འགྱུར་རོ། །སེམས་གཡེང་བ་གང་དག་གིས་འཐོང་ན། དེ་དག་ཏིང་ངེ་འཛིན་ཐོབ་པའོ། །ཤེས་རབ་འཆལ་པ་ཅན་གང་དག་གིས་མཐོང་ན་དེ་དག་ཤེས་རབ་ལ་མོས་པར་འགྱུར་རོ། །མདོར་ན་སེམས་ཅན་དཀར་པོའི་ཆོས་གང་དང་གང་དག །དང་བྲལ་བ་དག་གིས། སངས་རྒྱས་ཀྱི་སྐུ་འཐོང་བ་དེ་དག་མཐོང་མ་ཐག་དུ་མི་དགེ་བའི་རྣམ་པར་རྟོག་པ་ཐམས་ཅད་རྒྱུན་ཆད་ནས། དགེ་བའི་སེམས་ལ་རབ་དུ་གནས་པར་འགྱུར་ཏེ། དེ་ལ་སངས་རྒྱས་རྣམ་པར་རྟོགས་པ་མི་མངའ་ཞིང་བཏང་སྙོམས་སུ་བལྟ། འདི་ཡང་སངས་རྒྱས་ཀྱི་སྐུའི་གསང་བའོ། །སངས་རྒྱས་སྤྲུལ་པ་གང་སྤྲུལ་བ་དེ་ལྷུན་གྱིས་འགྲུབ་ཅིང་སྒྲིབ་པ་མི་མངའ་བ་དང་། མངོན་པོར་འདུ་མཛད་པ་མི་མངའ་བས་མཛད་པ་སྟེ། སངས་རྒྱས་ནི་འདི། སྙམ་དུ་ངས་སྤྲུལ་previous hit ་དག་སྤྲུལ་ལོ་སྤྲུལ་པར་བྱའོ། །སྙམ་དུ་མ་དགོངས next hit་མོད་ཀྱིས། འོན་ཀྱང་སྤྲུལ་པས་འདུལ་བའི་སེམས་ཅན་རྣམས་ལ། གྲངས་མེད་པའི་རྣམ་འཕྲུལ་སེམས་ཅན་གྱི་གྲངས་དང་མཉམ་པར་སྤྲུལ་ཞིང་འདུལ་བས་ཏེ། འདི་ཡང་སངས་རྒྱས་ཀྱི་སྐུ་གསང་བ་བསམ་གྱིས་མི་ཁྱབ་པའོ། །མདོར་བསྡུས་པ་སྟེ་བསྐལ་པ་གྲངས་མེད་པ་མཐའ་ཡས་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲངས་མེད་པར་གསུངས་ཀྱང་། སངས་རྒྱས་ཀྱི་སྐུ་གསང་བ་བསམ་གྱིས་མི་ཁྱབ་པའི་མཐའ་ཐུག་པར་མི་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཁམས་མཐའ་ཡས་པར་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་གྲངས་མེད་པ་ཡིས། སངས་རྒྱས་ཀྱི་སྐུ་གསང་བ་བསམ་གྱིས་མི་ཁྱབ་པ་

(༩༧)བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན་ཅིང་གསུངས་པ་ལས། ཁྱད་པར་དུ་མི་འབྱེད་ཀྱི་འཇིག་རྟེན་ཁམས། འཛམ་བུའི་གླིང་བྱ་རྒོད་དང་ཕུང་པོ་རྡོ་རྗེ་གདན་དུ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པའི་བར་སྐབས་ལགས་སོ། །གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཀྱང་། བྱང་ཆུབ་སེམས་དཔའི་ཚོགས་རྣམས་ཀྱི་གསུང་གསང་བ་བསམ་གྱི་མི་ཁྱབ་པའི་མཛོད་བསྟན་པ་ནི། གསུང་དང་གསུང་གི་ཕྲིན་ལས་མི་ཟད་པ་རྒྱན་གྱིས་འཁོར་ལོ། །སེམས་ཅན་རྣམས་ཀྱི་ངག་གི་བརྗོད་བྱ་མ་ཟད་ཚེ། སངས་རྒྱས་རྣམས་ཀྱི་གསུངས་དབྱངས་དམ་པའི་ཆོས་ཀྱི་ཕུང་པོ་ཡང་ཟད་པར་མི་འགྱུར་རོ། །དེའི་ཕྱིར་ན། སངས་རྒྱས་མངོན་པར་རྫོགས་པར་སངས་རྒྱས་པ་དང་། གང་གིས་ནུབ་མོ་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བ་དེའི་བར་དུ། སངས་རྒྱས་ཀྱིས་ནི་ཆོས་ཚིག་གཅིག་གམ་ཡིག་འབྲུ་གཅིག་ཀྱང་མ་གསུངས་སོ། །གསུང་པར་མི་འགྱུར་རོ། །དེའི་ཕྱིར་ན། སངས་རྒྱས་རྟག་དུ་མཉམ་པར་གནས་ཏེ། སངས་རྒྱས་ལ་དབུགས་དབྱུང་བ་དང་རྔུབ་པ་མི་མངའའོ། །རྣམ་པར་མི་རྟོག་རྣམ་པར་མི་དཔྱོད་དོ། །རྣམ་པར་རྟོགས་པ་དང་། རྣམ་པར་སྤྱོད་པ་མེད་ན། ངག་མི་འབྱུང་སྟེ། དེའི་ཕྱིར་ན། སངས་རྒྱས་ཀྱིས་ནི་ཅི་ཡང་མི་གསུང་མི་བརྗོད་གསུངས་པར་མི་མཛད་ཀྱང་། སེམས་ཅན་རྣམས་འདི། སྙམ་དུ་སེམས་ཏེ། སངས་རྒྱས་ནི་ཆོས་གསུངས་བར། སྙམ་མོ། །སངས་རྒྱས་རྟག་དུ་མཉམ་པར་གནས་པ་ལས། ཡི་གེའི་རྣམ་པར་རྟོགས་པ་ཐམས་ཅད་དུ་རྣམ་པར་རིག་པར་མི་མཛད་ཀྱང་། །གདུལ་བྱ་

(༩༨)ཡི་གེ་ལྷུར་ལེན་ཆེན་པོར་ཞུགས་པ་ལས། གདུལ་བྱ་དམ་ཆོས་ཀྱི་བྱེ་བྲག་གིས་སངས་རྒྱས་ཀྱི་ཚེམས་དང་། ཞལ་གྱི་སྒོ་དང་། ལྗགས་ལ་སོགས་པ་ནས་སྒྲ་བྱུང་ཞིང་ཆོས་གསུངས་བར་གོ། །དེ་བཞིན་གཤེགས་ འདི་མཉམ་དུ་སེམས་དེ་སངས་རྒྱས་ནི་བདག་ཅག་ལ་ཡི་གེའི་བྱེ་བྲག་རྣམས་ཆོས་ཀྱི་ཕུང་པོ་གྲངས་ཅན་དང་གྲངས་མེད་སྟོན་ཏེ་མཉམ་མོ། །སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་བདག་གི་ཤེས་སོ་མཉམ་མོ། སངས་རྒྱས་ནི་གཟུང་འཛིན་ཐམས་ཅད་ལས་གྲོལ་ནས་བར་སྙོམས། པའི་གསུང་ནི། ནམ་མཁའ་ལ་སོགས་འབྱུང་བ་རྣམས་པ་ལྔ་ཡིས་བསྡུས་པའི། ཕྱི་སྣོད་ནང་བཅུད་ཀྱི་སྒྲ་སྐད་ཐམས་ཅད་སངས་རྒྱས་ཀྱི་གསུང་དུ་བྱིན་གྱིས་བརླབས་པའི་ཕྱིར་ན། གང་ཟག་དབང་པོའི་བྱེ་བྲག་གིས། སྒྲ་སྐད་ཅིག་ཐོས་པ་ལས། ཐོས་པའི་ཚུལ་བྱེ་བྲག་ཐ་དད་དམ་མི་དད། དེའི་ཕྱིར་ན། ཐོས་ཚུལ་གོ་ཚུལ་ཐ་དད་པ་སྟེ། སེམས་ཅན་རྣམས་ཀྱིས་སྒྲ་སྐད་མ་ཟད་ཚེ། སངས་རྒྱས་རྣམས་ཀྱི་དམ་ཆོས་ཕུང་པོ་ཡང་ཟད་པར་མི་འགྱུར་རོ། །སངས་རྒྱས་ཀྱི་གསུང་ནི་མི་ཟད་པ་རྒྱན་གྱི་འཁོར་ལོ་ཏེ། གསུང་དབྱངས་དྲུག་བཅུ་རྩ་བཞི་གྲངས་ཅན་དང་གྲངས་མེད། དབང་པོ་རབ་འབྲིང་ཐ་མ་རྣམས་ཀྱི་གོ་ཚུལ་ཏེ། དེ་ཡང་གང་ཞེས་ན། སྙན་པའི་གསུང་འབྱུང་བ་དང་། འཇམ་པ་དང་། ཡིད་དུ་འོང་བ་དང་། ཡིད་དུ་འཐད་པ་དང་། དག་པ་དང་། དྲི་མ་མེད་པ་དང་། འོད་གསལ་བ་དང་། སྙན་ཞིང་མཛེས་པ་དང་། མཉན་དུ་འོས་པ་དང་། མི་ཚུགས་པ་དང་། གཉེན་པ་དང་། དུལ་བ་དང་། མི་འཇུག་པ་དང་། མི་བླང་བ་དང་། རབ་དུ་དུལ་པ་དང་། རྣམ་པར་སྙན་པ་དང་། ལུས་ཚིམ་པར་བྱེད་པ་དང་། སེམས་ཚིམ་པར་བྱེད་པ་དང་། སྙིང་དགའ་བར་བྱེད་པ་

(༩༩)དང་། དགའ་བ་བསྐྱེད་པར་བྱེད་པ་དང་། ཡོངས་སུ་གདུང་བ་མེད་པ་དང་། ཀུན་ཏུ་ཤེས་པར་བྱ་བ་དང་། རྣམ་པར་རིག་པར་བྱ་བ་དང་། རྣམ་པར་གསལ་བ་དང་། དགའ་བར་བྱེད་པ་དང་། མངོན་པར་དགའ་བར་བྱེད་པ་དང་། ཀུན་ཤེས་པར་བྱེད་པ་དང་། རྣམ་པར་རིག་པར་བྱེད་པ་དང་། རིག་པ་དང་འབྲེལ་བ་དང་། བཟླས་པའི་སྐྱོན་མེད་པ་དང་། སེང་གེའི་སྒྲའི་ཤུགས་ཅན་དང་། གླང་པོ་ཆེན་པོའི་སྒྲ་སྐད་དང་། འབྲུག་གི་སྒྲ་དབྱངས་དང་། ཀླུའི་དབང་པོའི་སྐད་དང་། དྲི་ཟའི་ཀླུ་དབྱངས་དང་། བྱ་ཀ་ལ་བི་ཀའི་སྒྲ་དབྱངས་དང་། ཚངས་པའི་དབྱངས་སྒྲགས་པ་དང་། ཤང་ཤང་ཏེའུ་ཡི་སྒྲ་དབྱངས་སུ་སྒྲགས་པ་དང་། ལྷའི་དབང་པོའི་དབྱངས་ལྟར། སྙན་པ་དང་། རྔའི་སྒྲ་དང་། མ་ཁེགས་པ་དང་མི་དམའ་བ་དང་། སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་དང་། ཚིག་ཟུར་ཆག་མེད་པ་དང་། མ་ཚངས་པ་མེད་པ་དང་། མ་ཞུམ་པ་དང་། མི་ཞན་པ་དང་། རབ་ཏུ་དགའ་བ་དང་། ཁྱབ་པ་དང་། ཆུབ་པ་དང་། རྒྱུན་ཆགས་པ་དང་། འབྲེལ་པ་དང་། སྒྲ་སྐད་རྫོགས་པར་བྱེད་པ་དང་། དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་དང་། མ་སྨད་པ་དང་། མི་འགྱུར་བ་དང་། མ་རྟགས་པ་དང་། འཁོར་ཏུ་ཀུན་ཏུ་གྲགས་པ་དང་། འདོད་ཆགས་ཞི་བར་བྱེད་པ་དང་། ཞེ་སྡང་དུལ་བ་དང་། གཏི་མུག་སེལ་བ་དང་། བདུད་ཚར་གཅོད་པ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་འབྱུང་སྟེ། སངས་རྒྱས་ཀྱི་གསུང་ཡན་ལག་དྲུག་བཅུ་རྩ་བཞི་པོ་དེ་དག་ལྡན་པ་འབྱུང་བར་འགྱུར་རོ། །སངས་རྒྱས་ཀྱི་གསུང་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་འགེངས་ཤིང་། སེམས་ཅན་

(༡༠༠)ཐམས་ཅད་ཀྱི་བསམ་པ་ཡང་དག་པར་ཚིམ་པར་མཛད་པས་ཀྱང་། སངས་རྒྱས་ནི་འདི། སྙམ་དུ་མདོ་སྡེ་འམ་ཚིགས་སུ་བཅད་པའི་སྡེའམ། ཆེད་དུ་བརྗོད་པའི་སྡེའམ། གླེང་གཞིའི་སྡེའམ། དེ་ལྟ་བུ་འབྱུང་བའི་སྡེའམ། སྐྱེས་པ་རབ་ཀྱི་སྡེའམ། ཤིན་ཏུ་རྒྱས་པའི་སྡེའམ། རྨད་དུ་བྱུང་པའི་ཆོས་ཀྱི་སྡེ་འམ། གཏན་ལ་འབེབས་པར་བསྟན་པའི་སྡེའམ། དཔེའི་སྔོན་གྱི་ཚུལ་ལམ། རྟོགས་པ་བརྗོད་པའི་སྡེ་འམ། ཀུན་དུ་བསྙད་པ་འདི་སྟོན་ཏོ་ཞེ་འམ། རབ་ཏུ་སལ་བར་བརྗོད་དོ་ཞེ་འམ། རབ་དུ་ཤེས་པར་མཛད་དོ་ཞེ་འམ། རབ་ཏུ་འཇོག་གོ་ཞེ་འམ། རྣམ་པར་འབྱེད་དོ་ཞེ་འམ། རྣམ་པར་གྲོལ་ཏེ་ཞེ་འམ་བརྗོད་དོ་ཞེ་འམ། ཡང་དག་པར་བསྒྲག་པར་མཛད་དོ། །སྙམ་དུ་མི་previous hit དགོངས་སོ། །དེ་ལྟ་མོད་ཀྱིས་སངས་རྒྱས་ཀྱི་འཁོར་འདུས་ next hit་ཅི་འདྲ་བ་བཞི་ལ་སོགས་པ་ཐམས་ཅད་དང་ལྡན་པའི་འཁོར་རྣམས་ཀྱང་འདི་ལྟ་སྟེ། དེར་དེ་དག་གི་དབང་པོའི་རིམ་པ་དང་། དེ་དག་ཅི་འདྲ་བ་ཆོས་ཀྱི་སྦྱིན་previous hit ་ཐོབ་པས། དགོངས next hit་པར་འགྱུར་བ་དེ་འདྲ་བའི་ཆོས་ཀྱི་སྦྱིན་པ་ཐོབ་པ་སྟེ། སངས་རྒྱས་ཀྱི་ཞལ་ནས་བྱུང་བར་ཤེས་ཀྱང་། ཆོས་བསྟན་པ་དེ་ནི་ཕན་ཚུན་གྱི་ངེས་པའི་ཚིག་ཐ་དད་པ་ལས། གནོད་པ་མེད་པར་ཐམས་ཅད་ཀྱང་རང་རང་གི་ཆོས་རྣམ་པར་རིག་པར་ཀུན་དུ་ཤེས་ཏེ། འདི་ནི་སངས་རྒྱས་ཀྱི་གསུང་གི་གསང་བའོ། །གཞན་ཡང་སངས་རྒྱས་ལ་སྤྱོད་པ་ཚད་མེད་པ་རྣམས་ཀྱི་སེམས་ཅན་ཚད་མེད་པ་དག་གིས་སྤྱོད་པ་ཚད་མེད་པ་གསུངས་ན། སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་། ཞེས་འབྱུང་བ་ནི་

(༡༠༡)སེམས་ཅན་དབང་པོ་མཐུ་ཆུང་པ་རྣམས་བཟུད་པའི་ཕྱིར། བསྟན་པ་འདི་སངས་རྒྱས་ཀྱིས་བསྟན་གྱི། །སེམས་ཅན་གྱི་སྤྱོད་པ་ནི་ཚད་མེད་དོ། །སེམས་ཅན་འདོད་ཆགས་ལ་སྤྱོད་པ་རྣམས་གང་ཡིན་པ་དེ་དག་བསྐལ་པ་ཙམ་དུ་བསྟན་ཀྱང་། དེ་དག་རེ་རེ་ཡང་དེ་བས་ལྷག་པར་འགྱུར་རོ། །སངས་རྒྱས་ཀྱི་སྐུ་ཚེའི་ཆད་བསྐལ་པ་བརྒྱ་སྟོང་དུ་བཞུགས་པས། སེམས་ཅན་རྣམས་ལ་ཆོས་བསྟན་པ་གཞན་གྱི་སྐབས་མི་དབྱེ་བར་སེམས་ཅན་གྱི་སྤྱོད་པ་ཉིད་བསྟན་ཀྱང་། སངས་རྒྱས་ཀྱི་སྐུ་ཚེ་འཐར་ཐུག་པར་གྱུར་གྱིས། སེམས་ཅན་གྱི་སྤྱོད་པ་ལས་མཐར་ཐུག་པ་གང་ཡང་མེད་དོ། །སེམས་ཅན་རྣམས་མགོ་རྨོངས་སུ་འོང་ངོ་། །ཞེས་སེམས་ཅན་གྱི་སྤྱོད་པ་དེ་ཙམ་དུ་ཚད་མེད་དོ། །དེ་ཡང་སངས་རྒྱས་ཀྱི་ཚད་དང་ལྡན་པར་བསྟན་ཏེ། དེ་ལ་སངས་རྒྱས་ཀྱི་གསུང་ནི། ཅི་ལྟར་སྤྱོད་པ་ཁོང་དུ་ཆུད་པར་འགྱུར་བ་བཞིན་དུ། སེམས་ཅན་གྱི་སྤྱོད་པ་རྣམས་ལ་འབྱུང་སྟེ། འདི་ཡང་སངས་རྒྱས་ཀྱི་གསུང་གི་གསང་བའོ། །སངས་རྒྱས་ཀྱི་གསུང་ཞལ་གྱི་སྒོ་ནས་བྱུང་། སྙམ་དུ་ཁྱོད་དེ་ལྟར་མི་བལྟའོ། །དེའི་ཕྱིར་སེམས་ཅན་གང་དག་སངས་རྒྱས་ཀྱི་གསུང་གཙུག་གཏོར་ནས་བྱུང་བ་དང་། སྤྱི་གཙུག་ནས་བྱུང་བ་དང་། དབུ་སྐྲ་རྣམས་ལས་བྱུང་བ་དང་། ཕྲག་པ༴ དཔྲལ་བ༴ སྨིན་མཚམས་མཛོད་བུ༴ སྤྱན༴ སྙན༴ ཤངས༴ འགྲམ་པ༴ ཞལ༴ མགུར་ནས་བྱུང་བར་ཤེས་པ་དང་། དེ་བཞིན་དུ་དཔུང་པ། ཕྱག༴ སོར་མོ༴ རྩིབ་ལོག་པ༴ བྲང་༴ རྒྱབ༴ ལྟེ་བ༴ གསང་གནས༴ རླ༴ དཔུས་མོ༴ བྱིན་པ༴ ལོང་བུ༴ ཞབས་འཐིལ་མཚན་དཔེ་བྱད༴ སྤུའི་

(༡༠༢)ཁུང་བུ་ཐམས་ཅད་ནས་གསུང་མི་ཟད་པ་བརྒྱན་གྱི་འཁོར་ལོ་འབྱུང་བར་ཤེས་པ་ནི་སངས་རྒྱས་ཀྱི་གསུང་གི་གསང་བའོ། །སེམས་ཅན་རྣམས་མོས་པ་ཇི་ལྟ་བ་དང་། ཡོངས་སུ་སྦྱིན་པ་ཇི་ལྟ་བ་དང་། བསམ་པ་ཇི་ལྟ་བ་དེ་བཞིན་དུ། སངས་རྒྱས་ཀྱི་གསུང་འབྱུང་བར་ཤེས་ཀྱང་། སངས་རྒྱས་ནི་རྣམ་པར་རྟོག་པ་མི་མངའ་སྟེ། སངས་རྒྱས་ནི་བཏང་སྙོམ་དུ་བཞུགས་ཀྱང་། སེམས་ཅན་རྣམས་ཀྱི་རང་རང་གི་སྐད་དུ་ཆོས་ཀྱི་ཕུང་པོ་སོ་སོར་གོ་བའོ། །སངས་རྒྱས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ཞིང་བཞུགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བསྟན་ནས། དབྱངས་ཀྱི་དཀྱིལ་འཁོར་ཡོངས་སུ་དག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་རྒྱ་ཆེར་རབ་དུ་བསྟན་པ་དེ་འཇུག་དུ་ཕྱིན་པའི་དུས་ཀྱི་ཚེ། མོའུ་འགལ་གྱི་བུ་འདི་སྙམ་དུ་སེམས་ཏེ། སངས་རྒྱས་ཀྱི་གསུང་གི་དཀྱིལ་འཁོར་ཇི་སྲིད་གཅིག་དུ་རིང་དུ་འགྲོ་བ་ཞིག །བདག་གིས་སངས་རྒྱས་ཀྱི་གསུང་གི་དཀྱིལ་འཁོར་དཔག་པར་བྱའོ། །སྙམ་མོ། །དེ་ནས་མོའུ་འགལ་གྱི་བུ་རང་གི་བསྟན་གྱི་སྟེང་ནས་མི་སྣང་བར་གྱུར་ནས། རི་རབ་གྱི་རྩེར་ཕྱིན་ནས་དེ་ནས་འདུག་ན་ཡང་སངས་རྒྱས་ཀྱི་གསུང་དེ་ཁོ་ནར་ཐོས་སོ། །རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱི་མི་འཇེད་འཇིག་རྟེན་གྱི་ཁམས་མི་འཇེད་ན། ནུབ་ཕྱོགས་ཀྱི་རི་རབ་ལས་ཀྱང་འདས་ཤིང་། གླིང་བཞི་ལས་ཀྱང་འདས། འཁོར་ཡུག་ལས་ཀྱང་འདས་ཏེ། འཇིག་རྟེན་གྱི་ཁམས་ཀྱི་འཁོར་ཡུག་གི་ཟོམ་ལ་འདུག་ན་ཡང་། སངས་རྒྱས་ཀྱི་གསུང་ལྷག་ཆད་མེད་ཅིང་མཉམ་པར་དེ་འདྲ་བ་ཁོ་ནར་ཐོས་སོ། །དེས་སངས་རྒྱས་ཀྱི་འདི་སྙམ་དུ་དགོངས་ཏེ། ཀྱེ་མ་མོའུ་འགལ་གྱི་བུ་འདི་ནི། ངའི་སྒྲ་དཔོག་པར་འདོད་ཀྱིས། ངས་འདི་དག་ལ་རྫུ་འཕྲུལ་གཅིག་གཏང་ངོ་། །སྙམ་ནས། སངས་རྒྱས་ཀྱིས་དེ་ལ་རྫུ་འཕྲུལ་གཅིག་གཏང་ནས། །དེ་སངས་རྒྱས་ཀྱི་

(༡༠༣)འཐུ་དང་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱི། སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་ཕྱོགས་ལོགས་སུ། སངས་རྒྱས་ཀྱི་ཞིང་གངྒའི་ཀླུང་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་འོད་ཟེར་གྱི་རྒྱལ་མཚན་ཞེས་བྱ་བ་དེ་ན། སངས་རྒྱས་འོད་ཟེར་གྱི་རྒྱལ་པོ་ཞེས་བྱ་བ་དེ་ལྟར་ན་བཞུགས་པ་ན། མོའུ་འགལ་གྱི་བུས་ཕྱིན་ཏེ། དེར་འདུག་ཀྱང་སངས་རྒྱས་ཀྱི་སྒྲ་སྐད་དེ་འདྲ་བ་ཁོ་ནར་ཐོས་ཏེ། འདི་ལྟ་སྟེ། དཔེར་ན་འདོམ་གང་ཙམ་གྱི་ཕྱོགས་ན། འདུག་པའི་མིས་གཅིག་ཤོས་ཀྱི་སྒྲ་ཐོས་པ་དེ་བཞིན་དུ། མོའུ་འགལ་གྱི་བུ་འཇིག་རྟེན་གྱི་ཁམས་དེར་གནས་ཀྱང་། སངས་རྒྱས་ཀྱི་གསུང་སྒྲ་ཐོས་སོ། །སངས་རྒྱས་འོད་ཟེར་གྱི་རྒྱལ་པོ་དེའི་སྐུ་འཁྲུ་ནི་དཔག་ཚད་ཙམ་མོ། །བྱང་ཆུབ་སེམས་དཔའ་དེ་དག་གི་ལུས་ཀྱི་ཚད་ཕྱེད་དེ། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་སྤྱད་པར་བྱ་བའི་ལྷུང་ཟེད་ཀྱི་རྟེན་མ་གདུ་གུ་དེ་ལ། མོའུ་འགལ་གྱི་བུ་འཆག་ཅིང་འདུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་རབ་ཏུ་དགའ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ། བཅོམ་ལྡན་འདས་དགེ་སྦྱོང་གི་ཁ་དོག་འདྲ་བའི་སྲོག་ཆགས་ལྷུང་ཟེད་ཀྱི་རྟོག་གདུ་གུ་ལ་འཆགས་ཅི་མཆིས་པ་འདི་གང་ལས་མ་འཆིས་པ་ཞིག །བཅོམ་ལྡན་འདས་ཀྱི་བཀའ་བརྩལ་པ། རིགས་ཀྱི་བུ་དག་འདི་ལ་བརྙས་པར་བྱ་བའི་སེམས་མ་སྐྱེ་ཞིག །དེའི་ཅིའི་ཕྱིར་ན། འདི་ནི་གནས་བརྟན་མོའུ་འགལ་གྱི་བུ་ཆེན་པོ་ཞེས་བྱ་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཉན་ཐོས་ཀྱི་མཆོག་གོ། །ཉན་ཐོས་རྣམས་ཀྱི་ནང་ནས་རྫུ་འཕྲུལ་དང་ལྡན་པའི་མཆོག་གོ། །དེ་ནས་སངས་རྒྱས་

(༡༠༤)འོད་ཟེར་གྱི་རྒྱལ་པོས། མོའུ་འགལ་གྱི་བུ་ལ་འདི་སྐད་ཅེས་བཀའ་བརྩལ་ཏེ། ཁྱེད་ལ་བྱང་ཆུབ་སེམས་དཔའ་འདི་དག་ཁྱད་དུ་གསོད་ཀྱིས་འདི་ལྟ་སྟེ། སངས་རྒྱས་ཤཱཀྱ་ཐུབ་པ་ཉིད་ཀྱི་བྱིན་གྱིས་བརླབས་ཀྱི་རང་གི་རྫུ་འཕྲུལ་གྱི་ཆོ་འཕྲུལ་སྟོན་ཅིག །དེ་ནས་མོའུ་འགལ་གྱི་བུས། སངས་རྒྱས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ། སྐོར་བ་བྱས་ནས་འདི་སྐད་ཅེས་གསོལ་ཏེ། བཅོམ་ལྡན་འདས་རིན་པོ་ཆེའི་གླིང་འདི་སྐྱིལ་མོ་དཀྲུང་ཅིག་གིས་ཁེབས་པར་བགྱིའོ། །བཀའ་བརྩལ་པ། མོའུ་འགལ་གྱི་བུ་ཁྱོད་ཀྱིས་དེའི་དུས་ལ་བབ་པར་ཤེས་ནས་གྱིས་ཤིག །དེ་ནས་མོའུ་འགལ་གྱི་བུས་སྟེང་གི་ནམ་མཁའ་ལ་ཤིང་རྟ་ལ་བདུན་ཙམ་གྱིས་ནམ་མཁའ་གོང་དུ་མངོན་པར་འཕགས་ཏེ། རིན་པོ་ཆེའི་གླིང་དེ་སྐྱིལ་མོ་དཀྲུང་ཅིག་གིས་ཁྱབ་པར་བྱས་སོ། །སྐྱིལ་མོ་དཀྲུང་དེ་ནས་ཀྱང་མུ་ཏིག་གི་རྒྱན་འཕྲེང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མངོན་པར་འཕྱང་ངོ་། །མུ་ཏིག་གི་རྒྱན་འཕྲེང་གི་འབྲས་བུ་ཐམས་ཅད་ལས་ཀྱང་འོད་ཟེར་བརྒྱ་སྟོང་འབྱུང་ངོ་། །འོད་ཟེར་དེ་དག་ཐམས་ཅད་ཀྱི་རྩེ་མོ་དག་ལས་པད་མ་རྣམས་འབྱུང་ངོ་། །པད་མ་ཐམས་ཅད་ཀྱི་སྙིང་པོ་ལས་ཀྱང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཅི་འདྲ་བ་དེ་བཞིན་གཤེགས་པའི་གཟུགས་བཞུགས་པར་སྣང་ངོ་། །སངས་རྒྱས་ཀྱི་སྐུ་གཟུགས་དེ་དག་ཐམས་ཅད་ལས་ཀྱང་། ཤཱཀྱ་ཐུབ་པའི་དབྱིངས་ཀྱི་དཀྱིལ་འཁོར་ཡོངས་སུ་དག་པའི་ཆོས་ཀྱི་རྣམས་གྲངས་ལ་བརྩམས་ཏེ། བསྔགས་པ་གསུང་ངོ་། །དེ་ནས་མོའུ་འགལ་གྱི་བུས་འདི་སྐད་ཞུས་སོ། །བཅོམ་ལྡན་འདས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདི་སྐྱིལ་མོ་དཀྲུང་ཅིག་གིས་

(༡༠༥)ཁྱབ་པར་བགྱིའོ། །དེ་བཞིན་དུ་སྟོང་དང་། སྟོང་པ་ཉིས་ཀྱི་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྐྱིལ་མོ་དཀྲུངས་ཅིག་གིས་ཁྱབ་པར་བགྱིའོ། །སངས་རྒྱས་ཀྱིས་གསུངས་པ། ཁྱོད་ཀྱིས་དེའི་དུས་ལ་བབ་པར་ཤེས་པར་གྱིས་ཤིག །དེ་ནས་མོའུ་འགལ་གྱི་བུས་རྫུ་འཕྲུལ་གྱི་ཆོ་འཕྲུལ་དེ་བསྡུས་ཏེ། །སངས་རྒྱས་ཀྱི་སྤྱན་སྔར་འདུག་གོ། །དེས་ནས་བྱང་ཆུབ་སེམས་དཔའ་དེ་དག་ཡི་རང་སྟེ། སངས་རྒྱས་ལ་འདི་སྐད་ཅེས་ཞུས་སོ། །མོའུ་འགལ་གྱི་བུ་ཅི་ཞིག་གི་སླད་དུ་འཇིག་རྟེན་གྱི་ཁམས་འདིར་མཆིས། །སངས་རྒྱས་ཀྱིས་གསུངས་པ་རིགས་ཀྱི་བུ་དག །སངས་རྒྱས་ཤཱཀྱ་ཐུབ་པའི་དབྱངས་ཀྱི་དཀྱིལ་འཁོར་འདོད་ནས་འདིར་འོངས་སོ། །དེ་ནས་སངས་རྒྱས་དེས་མོའུ་འགལ་གྱི་བུ་ལ་གསུངས་པ། །ཁྱོད་སངས་རྒྱས་གསུང་དབྱངས་ཚད་མེད་པའི་གསུང་གི་དཀྱིལ་འཁོར་ཤེས་པར་འདོད་པས་འཇིག་རྟེན་གྱི་ཁམས་འདིར་ཕྱིན་ཏེ། །ཁྱེད་ཀྱིས་ལན་གཉིས་སུ་དེ་ལྟ་བུའི་སེམས་སྐྱེད་ཅིག །གལ་ཏེ་མོའུ་འགལ་གྱི་བུ་ཁྱེད་ཤུགས་འདི་དང་། །རྫུ་འཕྲུལ་གྱི་སྟོབས་འདི་དང་ཉིད་ཀྱིས་ནུབ་ཕྱོགས་ལོགས་སུ་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པ་སོང་ཡང་། ཁྱོད་ཀྱིས་སངས་རྒྱས་གསུང་གི་དཀྱིལ་འཁོར་གྱི་མཐའ་རྟོགས་པར་མི་ནུས་ཏེ། སངས་རྒྱས་ནི་དེ་ལྟར་གསུང་ཚད་མེད་པ་དང་ལྡན་ནོ། །དེ་ནས་མོའུ་འགལ་གྱི་བུས། སངས་རྒྱས་དེའི་ཞབས་ལ་ཕྱག་འཚལ་སྟེ། གུས་པར་བྱས་ནས། སངས་རྒྱས་གསུང་དབྱངས་ཚད་མ་མཆིས་པའི་གསུང་གི་དཀྱིལ་འཁོར་རྟོགས་པར་འཚལ་བས། བདག་ནི་ནོངས་པ་ཅན་ཏེ་ནོངས་པ་འཆག་གོ། །བཅོམ་ལྡན་འདས་བདག་ཇི་སྲིད་

(༡༠༦)གཅིག་ནས་མཆིས། སངས་རྒྱས་དེས་གསུངས་པ། །འཇིག་རྟེན་གྱི་ཁམས་གངྒའི་ཀླུང་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་འདས་པ་ནས་འདིར་འོད་སོ། །མོའུ་འགལ་གྱི་བུས་སྨྲས་པ། བདག་རིང་མོ་ཞིག་ནས་མཆིས་པས་ལུས་དུབ་སྟེ། འཇིག་རྟེན་གྱི་ཁམས་མི་འཇེད་དེར་མཆིས་པའི་རྔོ་མི་ཐོག་གོ། །སངས་རྒྱས་དེས་གསུངས་པ། མོའུ་འགལ་གྱི་བུ་ཅི་སྙམ་དུ་སེམས། ཁྱོད་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་འདིར་ཕྱིན། སྙམ་ན་དེ་ལྟར་མི་ལྟའོ། །ཅིའི་ཕྱིར་ན། ཁྱོད་ནི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ཉིད་ཀྱིས་བྱིན་གྱིས་བརླབས་ཀྱིས་འཇིག་རྟེན་གྱི་ཁམས་འདིར་ཕྱིན་ཏེ། ཁྱོད་བཅོམ་ལྡན་འདས་དེ་ཉིད་ལ་ཕྱག་འཚོལ་གཅིག་དང་། དེ་ཉིད་ཀྱིས་ཁྱོད་སླར་འཁྲིད་པར་འགྱུར་རོ། །མོའུ་འགལ་གྱི་བུ་གལ་ཏེ་ཁྱོད་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས། །འཇིག་རྟེན་གྱི་ཁམས་དེར་འགྲོ་ན་ནི། བསྐལ་པ་ཇི་སྲིད་ཀྱིས་ཀྱང་ཕྱིན་པར་མི་ནུས་སོ། །འཇིག་རྟེན་གྱི་ཁམས་དེར་ལ་ཕྱིན་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །མོའུ་འགལ་གྱི་བུ་འོད་ལས་ཇི་སྙམ་དུ་སེམས། ཤར་རམ། ལྷོ་འམ། ནུབ་བམ། བྱང་ངམ་ཕྱོགས་གང་ཞིག་དུ་ཕྱིན། གསོལ་བ། བཅོམ་ལྡན་འདས་བདག་ཕྱོགས་སླད་དེ་གང་ནས་འདིར་མཆིས་པ་མ་འཚལ་ལོ། །སངས་རྒྱས་དེས་གསུངས་པ། མོའུ་འགལ་གྱི་བུ་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། གལ་ཏེ་ཁྱེད་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་འཇིག་རྟེན་གྱི་ཁམས་དེར་འགྲོ་ན་ནི། བསྐལ་པས་ཀྱང་ཕྱིན་པར་མི་ནུས་སོ། །གསོལ་བ། བཅོམ་ལྡན་འདས་ཕྱོགས་གང་ན་ཤཱཀྱ་ཐུབ་པ་དེ་བཞུགས། བཀའ་བརྩལ་པ། མོའུ་འགལ་གྱི་བུ་ཤཱཀྱ་ཐུབ་པ་དེ་ནི་ཤར་ཕྱོགས་

(༡༠༧)ལོགས་ན་བཞུགས་སོ། །དེའི་ཚེ་མོའུ་འགལ་གྱི་བུས་ཡན་ལག་ལྔ་པ་ལ་བཏུགས་ནས། ཤར་ཕྱོགས་ལོགས་སུ་ཕྱག་འཚལ་ཏེ། དེའི་ཚེ་ཚིགས་སུ་གཅད་པ་འདི་སྨྲས་སོ། །མཐུ་ཆེན་མངའ་བ་ལྷ་དང་མིས་མཆོད་པ། །ཡེ་ཤེས་མཐའ་ཡས་གསུང་ལྡན་པ། །རྐང་གཉིས་རྣམས་ཀྱི་དམ་previous hit དགོངས next hit་སུ་གསོལ། །སླར་ཡང་ཞིང་དེར་རབ་ཏུ་འཆི་བར་བགྱི། །དེ་ལྟར་སངས་རྒྱས་ཀྱི་མཐུས། སངས་རྒྱས་ཤཱཀྱ་ཐུབ་པ་བྱ་རྒོད་ཕུང་པོའི་རི་ལ་བཞུགས་པ་དེས། མོའུ་འགལ་གྱི་བུས་གསོལ་གཏབ་པ་དེ་ཐོས་སོ། །ཐོས་ནས་ཡང་ཚེ་དང་ལྡན་པ་ཀུན་དགའ་བོས་སངས་རྒྱས་ལ་འདི་ལྟར་གསོལ་པ་འདི་སུ་ཞིག་ལགས་སངས་རྒྱས་ཀྱིས་གསུངས་པ། །འདི་ནི་མོའུ་འགལ་གྱི་བུ་སྟེ། སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་ཕྱོགས་སུ། སངས་རྒྱས་ཀྱི་ཞིང་གངྒའི་ཀླུང་དགུ་བཅུ། རྩ་དགུ་བྱེ་མ་སྙེད་འདས་པར་སོང་སྟེ། འཇིག་རྟེན་གྱི་ཁམས་འོད་ཟེར་གྱི་རྒྱལ་མཚན་ཞེས་བྱ་བར། སངས་རྒྱས་འོད་ཟེར་གྱི་རྒྱལ་པོའི་ཞིང་ན་གནས་ཏེ། འཇིག་རྟེན་གྱི་ཁམས་འདིར་འོངས་པར་འདོད་ནས་གསོལ་འདེབས་པའི་སྒྲ་དེ་ལྟ་བུ་འབྱུང་ངོ་། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་མོའུ་འགལ་གྱི་བུ་ཆེན་པོ་ཅིའི་སླད་དུ་འཇིག་རྟེན་གྱི་ཁམས་དེར་མཆིས། གསུངས་པ་ཀུན་དགའ་བོ། །མོའུ་འགལ་གྱི་བུ་འདིར་སླར་འོངས་པ་དང་འདི་ཉིད་དུ་ཐོས་པར་འགྱུར་རོ། །དེ་ནས་འཁོར་རྣམས་ཀྱིས་ཐལ་མོ་སྦྱར་ཏེ། །སངས་རྒྱས་ལ་འདི་སྐད་ཅེས་ཞུས་སོ། །འཇིག་རྟེན་གྱི་ཁམས་འོད་ཟེར་རྒྱལ་མཚན་དེ། སངས་རྒྱས་འོད་ཟེར་གྱི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། མོའུ་འགལ་གྱི་བུ་ལྟ་བར་འཚལ་ལོ་

(༡༠༨)སངས་རྒྱས་དེས་འཁོར་གྱི་གསོལ་བ་བཏབ་པར་མཁྱེན་ནས། མཛོད་བུ་ནས་ཐམས་ཅད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བའི་འོད་ཟེར་བྱུང་སྟེ། འོད་ཟེར་དེས་སངས་རྒྱས་ཀྱི་ཞིང་གངྒའི་ཀླུང་དགུ་བཅུ་རྩ་དགུའི་བྱེད་མ་ཀྱི་སྙེད་དེ་དག་ལས་ཐར་ཏེ། འཇིག་རྟེན་གྱི་ཁམས་འོད་ཟེར་རྒྱལ་མཚན་དེ་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏེ། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས། འཇིག་རྟེན་གྱི་ཁམས་འོད་ཟེར་རྒྱལ་མཚན་དེ་དང་། སངས་རྒྱས་འོད་ཟེར་གྱི་རྒྱལ་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། མོའུ་འགལ་གྱི་བུས་ཡན་ལག་ལྔ་པ་ལ་གཏུགས་ཏེ་སངས་རྒྱས་ལ་གསོལ་བ་འདེབས་པ་མཐོང་ངོ་། །དེ་ནས་སངས་རྒྱས་ཀྱི་མོའུ་འགལ་གྱི་བུ་ལ་གསུངས་པ། མོའུ་འགལ་གྱི་བུ་དེ་ནི་འདིའི་རྗེས་སུ་འབྲེངས་ཏེ་ཤེག་ཤིབ། དེ་ནས་མོའུ་འགལ་གྱི་བུ་འོད་དེ་ལ་བརྟེན་ཏེ། སེམས་ཅན་གྱི་རྣམ་པར་རྟོག་པ་ཙམ་གྱིས་འཇིག་རྟེན་གྱི་ཁམས་མི་འཇེད་འདིར་སངས་རྒྱས་ཤཱཀྱ་ཐུབ་པའི་སྤྱན་སྔར་ཕྱིན་ནས། སངས་རྒྱས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་སྐོར་བ་བྱས་ཏེ། །ཡན་ལག་ལྔ་པ་ལ་གཏུགས་ནས་ཕྱག་འཚལ་ནས། ནོངས་པ་བཤགས་པ། བདག་སངས་རྒྱས་གསུང་དབྱངས་ཚད་མ་མཆིས་པའི་གསུང་དབྱངས་ཀྱི་དཀྱིལ་འཁོར་རྟོགས་པར་འཚལ་ནས། དེ་སྲིད་དུ་རིང་དུ་མཆིས་པས་བདག་ནོངས་པ་ཅན་ཏེ། ནོངས་པ་ཆག་གོ་བཤགས་སོ། །དེ་སྲིད་དུ་རིང་དུ་མཆིས་ཀྱང་སངས་རྒྱས་ཀྱི་གསུང་ནི་འདི་ན་ཅི་ཙམ་དེ་ན་ལགས་སོ། །སངས་རྒྱས་ཀྱི་གསུངས་པ་མོའུ་འགལ་གྱི་བུས་ཇི་སྐད་སྨྲས་པ་དེ་དེ་བཞིན་ནོ། །སངས་རྒྱས་ཀྱི་གསུང་ལ་ནི་ཚད་གང་ཡང་མེད་དེ། སངས་རྒྱས་ཀྱི་གསུང་ལ་ཚད་དམ་མཐའ་ཡོངས་སུ་ཚེལ་བར་སེམས་དཔའ་དེ་ནི། ཆོས་ཀྱི་དབྱིངས་

(༡༠༩)ཀྱི་ཚད་དམ་མཐའ་ཡོངས་སུ་ཚོལ་བར་སེམས་དཔའ་ཡིན་ནོ། །དེའི་ཕྱིར་ན། སངས་རྒྱས་གསུང་གསང་བ་བསམ་གྱིས་མི་ཁྱབ་པ་ལས་མཐའ་འམ་ཚད་མེད་པའོ། །གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཡིས། སངས་རྒྱས་རྣམས་ཀྱི་གསུང་གསང་བ་བསམ་གྱི་མི་ཁྱབ་པ། མི་ཟད་པ་རྒྱན་གྱིས་འཁོར་ལོ་བསྟན་པའི་བར་སྐབས་ཏེ་གཉིས་པའོ། །སངས་རྒྱས་ཀྱི་མཐུ་དང་བྱིན་གྱིས་བརླབས་ཀྱི། སངས་རྒྱས་ཀྱི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པ། བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ། ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་པ་ཚད་གཞལ་མེད་པར་བྱིན་གྱིས་བརླབ་ཤིང་བསྟན་པའོ། །དེའི་ཚེ་དེའི་དུས་ན། །གསང་བའི་བདག་པོས་གསུངས་པ། སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་གསང་བ་དང་། ཐུགས་ཀྱི་ཕྲིན་ལས་མཐའ་ཡས་པ་བརྟོགས་པ་གང་ཞེ་ན། དཔེར་ན་གཟུགས་མེད་པའི་ལྷའི་གནས་སུ། སེམས་ཅན་གང་དག་སྐྱེས་པ་དེ་དག་རྣམ་པར་ཤེས་པ་ཡང་དམིགས་པ་ཅིག་གིས། བསྐལ་པ་བརྒྱད་ཁྲི་བཞི་སྟོང་དུ་གནས་ཀྱང་། ཏིང་ངེ་འཛིན་གྱི་ཚེའི་མཐའ་མ་ཐུག་གི་བར་དུ། དེ་དག་གི་རྣམ་པར་ཤེས་པ་དེ་རྣམས་ཤེས་པ་གཞན་གྱིས་རྗེས་སུ་མི་འབྲེང་སྟེ། དེ་ནས་ཤི་འཕོས་ནས་ལས་ཅི་ལྟར་བསགས་པ་བཞིན་དུ་སྐྱེ་བ་ཡོངས་སུ་འཛིན་ཏེ། དེ་བཞིན་དུ་སངས་རྒྱས་ཀྱི་ཐུགས་ཀྱང་གང་ལ་ཡང་མི་གནས་པ་ཏེ། གང་གི་ནུབ་མོ་བྱང་ཆུབ་སེམས་དཔའམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། གང་གི་ནུབ་མོ་སངས་རྒྱས་ཕུང་པོ་ལྷག་མ་མེད་

(༡༡༠)པའི་བརྒྱད་ན་ལས་འདས་པའི་དབྱིངས་སུ། ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བའི་བར་དུ་སངས་རྒྱས་ཀྱི་ཐུགས་རྟོག་པ་མི་མངའ། ཐུགས་རྣམ་པར་དཔྱོད་པ་མི་མངའ། ཐུགས་འགྱུར་བ་མི་མངའ་ཐུགས་ཀྱི་ཚད་མི་མངའ་ཐུགས་འཁྲུལ་པ་མི་མངའ། ཐུགས་སེལ་བ་མི་མངའ། ཐུགས་གཡེངས་པ་མི་མངའ། ཐུགས་ཁེངས་པ་མི་མངའ། ཐུགས་དམའ་བ་མི་མངའ། ཐུགས་ཀུན་ཏུ་བསྲུང་བ་མི་མངའ་། ཐུགས་རྒྱུ་བ་མི་མངའ། ཐུགས་ཤིན་ཏུ་རངས་པ་མི་མངའ། ཐུགས་རྣམ་པར་འཁྲུལ་པ་མི་མངའ། ཐུགས་ལ་འཁོན་དུ་འཛིན་པ་མི་མངའ། ཐུགས་ལ་གཡོ་བ་མི་མངའ། ཐུགས་ངེས་པར་སེམས་དཔའ་མི་མངའ། ཐུགས་ལ་དགྱེས་པ་མི་མངའ། ཐུགས་ལ་གནོད་པ་མི་མངའ། ཐུགས་ལ་འཇུག་པ་མི་མངའ། ཐུགས་རབ་ཏུ་རྒྱུ་བ་མི་མངའ། ཐུགས་ལ་རྟོག་པ་མི་མངའ། ཐུགས་ལ་རྣམ་པར་རྟོག་པ་མི་མངའ། ཡོངས་སུ་རྟོག་མི་མངའ། ཐུགས་ལ་ཞི་གནས་མི་མངའ་། ཐུགས་ལ་ལྷག་མཐོང་མི་མངའ། ཐུགས་རྣམ་པར་རྟོག་པའི་རྗེས་སུ་འབྲང་བ་མི་མངའ། རང་གི་ཐུགས་ལ་གནས་པ་མི་མངའ། གཞན་གྱི་སེམས་ལ་ལྟ་བ་མི་མངའ། ཐུགས་མིག་ལ་ལམ་གནས་པ་མི་མངའ། རྣ་བ། སྣ། ལྕེ། ལུས། ཡིད་ལ་མི་གནས་པ་མི་མངའ། ཐུགས་གཟུགས་ལ་གནས་པ་མི་མངའ། སྒྲ། དྲི། རོ། རེག་པ་ལ་གནས་པ་མི་མངའ། ཐུགས་ཆོས་ལ་གནས་པ་མི་མངའ། ཐུགས་དམིགས་པ་ལ་གནས་པ་མི་མངའ། ཐུགས་ཡིད་ལ་གནས་པ་མི་མངའ། ཐུགས་

(༡༡༡)ནང་དང་། ཕྱི་རོལ་དུ་གནས་པ་མི་མངའ་འོ། །ཐུགས་དེ་ཆོས་རྣམས་ལ་མི་འཇུག་གོ། །ཐུགས་དེ་ཡེ་ཤེས་ལ་མི་འཇུག་གོ། །ཐུགས་དེ་འདས་པ་འམ་མ་འོངས་པ་དང་ད་ལྟར་བྱུང་པ་མི་རྟོགས་གོ། །སངས་རྒྱས་ནི་དེ་ལྟར་ཐུགས་ཡོངས་སུ་དག་པ་སྟེ། །ཐུགས་ཀྱི་ཆོས་གང་ཡང་ཡོངས་སུ་མ་སྒྲུབས་པ་ལ། །ཆོས་ཐམས་ཅད་ལ་ཡང་དེ་ཡེ་ཤེས་མ་ཆགས་མ་ཐོགས་པ་འཇུག་གོ། །སེམས་ཅན་གང་གི་སེམས་ཀྱང་ཡོངས་སུ་མ་དག་པར་མི་གཟིགས་ཏེ། དེ་གཟིགས་ཀྱང་གཟིགས་པ་མ་ཡིན་ཞིང་། རྣམ་པར་མི་རྟོག་གོ། །གཟིགས་ཀྱང་སྤྲོས་པར་མི་མཛད་དོ། །གཟིགས་པས་གཟིགས་པ་དང་། རྣམ་པར་གཟིགས་པ་མི་གཟིགས་སོ། །སངས་རྒྱས་ཀྱི་ཡེ་ཤེས་དེ་ནི་ཤའི་མིག་གིས་མཐོང་བ་དང་ལྡན་པ་མ་ཡིན། ལྷའི་མིག་གིས་མཐོང་བ་དང་ལྡན་པ་མ་ཡིན། ཤེས་རབ་ཀྱི་མིག་གིས་མཐོང་བ་དང་ལྡན་པ་མ་ཡིན། ཆོས་ཀྱི་མིག་གིས་མཐོང་བ་དང་། ལྡན་པ་མ་ཡིན། སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པ་དང་ལྡན་པ་མ་ཡིན་ལྷའི་རྣ་བས་ཐོས་པ་དང་ལྡན་པ་མ་ཡིན། གཞན་གྱི་སེམས་ལ་ལྡང་བ་དང་ལྡན་པ་མ་ཡིན། སྔོན་གྱི་གནས་རྗེས་སུ་དྲན་པ་མ་ཡིན། རྫུ་འཕྲུལ་རྣམ་པར་འཕྲུལ་པ་དང་ལྡན་པ་མ་ཡིན། ཟག་པ་ཟད་པ་ཤེས་པ་དང་ལྡན་པའང་མ་ཡིན་ལ། །དེ་ཆོས་ཐམས་ཅད་དང་ལྡན་པའང་མ་ཡིན་ཏེ། ཆོས་ཐམས་ཅད་ལ་ཆགས་པ་མེད་པར་ལྡན་པ་ཡིན་ནོ། །དེའི་དེ་བཞིན་གཤེགས་པའི་རྒྱུ་རྣམས་ནི་འགྲིབ་པ་མི་མངའ་ཞིང་། ལྷུན་གྱིས་གྲུབ་པ་ལ་མངོན་པར་འདུ་མཛད་པ་མི་མངའ་བར་གནས་སོ། །སེམས་ཅན་གྱི་སྤྱོད་པ་

(༡༡༢)རྣམས་ལ་ཡང་གཟིགས་སོ། །སེམས་ཅན་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡང་རབ་ཏུ་མཁྱེན་ཏེ། དེའི་སྟོབས་བཅུ་དང་མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མཁྱེན་པ་ཡང་སྙེལ་བ་མི་མངའ་སྟེ། སངས་རྒྱས་ཀྱི་ཆོས་དེ་དག་ནི་ལྷུན་གྱིས་གྲུབ་ཅིང་། སྒྲིབ་པ་མི་མངའ་ལ། མངོན་པར་འདུ་མཛད་པ་མི་མངའ་བར་འཇུག་གོ། །སངས་རྒྱས་ནི་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་བྲལ་ལ། ཏིང་ངེ་འཛིན་ནི་གནས་ཀྱང་མི་འདོར་རོ། །སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཀྱང་མཛད་ལ། དེའི་ཆོས་ཐམས་ཅད་ལ་ཆགས་པ་མི་མངའ་བའི་ཡེ་ཤེས་ཀྱང་གང་དུ་ཡང་མི་འཆགས་སོ། །དཔེར་ན་སངས་རྒྱས་ཀྱི་སྤྲུལ་པའི་སངས་རྒྱས་གཉིས་གང་ཡིན་པ་དེ་ལ་ནི་སེམས་ཀྱང་མི་མངའ། ཡིད་ཀྱང་མི་མངའ། རྣམ་པར་ཤེས་པ་ཡང་མི་མངའ། སྐུའི་འདུ་བྱེད་ཀྱང་མི་མངའ། གསུང་དང་ཐུགས་ཀྱི་འདུ་བྱེད་ཀྱང་མི་མངའ་མོད་ཀྱིས། སངས་རྒྱས་ཀྱི་མཐར་ཐུགས་ཉིད་ཀྱིས་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཀྱང་མཛད་དོ། །དེ་བཞིན་དུ་སངས་རྒྱས་ལ་ཡང་སྤྲུལ་པ་དང་མཚུངས་པས་མཉམ་མོ། །སྤྲུལ་པའི་ཆོས་ཉིད་ཀྱིས་རྣམ་པར་མི་རྟོག་གོ། །དེ་ལ་སྐུ་གསུང་ཐུགས་ཀྱི་རྩོལ་བ་ཡང་མི་སྣང་བ་ལ། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཀྱང་མཛད་དེ། དེ་ཡང་ལྷུན་གྱིས་གྲུབ་ཅིང་སྒྲིབ་པ་མི་མངའ་ལ། མངོན་པར་འདུལ་མཛད་པ་མི་མངའ་བས་མཛད་དོ། །དེའི་ཕྱིར་ན་སངས་རྒྱས་ཀྱི་སྤྲུལ་པའི་རང་བཞིན་གྱི་མཚན་ཉིད་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་ཏེ། སངས་རྒྱས་ནས་ཀྱང་སེམས་ཅན་ལ་ཐུགས་བརྩེ་བ་དེ་བཞིན་དུ་བསྟན་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ནི་འདུ་བྱས་དང་། འདུ་མ་བྱས་ལ་གནས་པ་

(༡༡༣)མ་ཡིན། ཕུང་པོ་དང་ཁམས་ལ་གནས་པ་མ་ཡིན། སྐྱེ་མཆེད་དང་ཕྱི་ནང་ལ་གནས་པ་མ་ཡིན། དགེ་བ་དང་མི་དགེ་བ་ལ་གནས་པ་མ་ཡིན། འཇིག་རྟེན་ན་གནས་པ་མ་ཡིན། འཇིག་རྟེན་ལས་འདས་པ་མ་ཡིན། སྣང་ཞིང་སྲིད་པའི་ཆོས་ཅན་དང་། ཆོས་ཉིད་སངས་རྒྱས་དང་སེམས་ཅན་ཐ་དད་པ་མེད་པའི་ཕྱིར་ན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། ཆོས་སྐུ་དྲི་མ་མེད་པ་ཉག་གཅིག །ཆོས་ཐམས་ཅད་ཀྱི་དེ་བཞིན་དང་། གཞན་མ་ཡིན་པའི་དེ་བཞིན་ཉིད་དང་། མ་ནོར་བའི་དེ་བཞིན་ཉིད་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ནི། སངས་རྒྱས་ཐམས་ཅད་ཀྱི་ཐུགས་བསམ་གྱིས་མི་ཁྱབ་པའོ། །དེའི་ཚེ་དེའི་དུས་ན། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་ཞིང་། གསང་བ་བསམ་གྱིས་མི་ཁྱབ་པ་མཛོད་ལྔའི་བརྒྱུད་དང་། གསང་སྔགས་དང་རིགས་སྔགས། གཟུངས་སྔགས་ལ་སོགས་པ་གྲངས་མེད་པ་གསུང་ཞིང་གཉེར་གཏད་དོ། །དེའི་ཚེ་དེའི་དུས་ན། ཤ་རིའི་བུ་ཡིས་ཤཱཀྱ་ཐུབ་པ་ལ་ཞུས་པ་གསང་པའི་བདག་པོ་འདི་སངས་རྒྱས་ཐམས་ཅད་ཀྱི་དྲུང་ན་གྲངས་མེད་པ་བཞུགས་པ་ཡིན་ནམ་ཞུས་པ་ལས། སངས་རྒྱས་ཀྱི་ཞལ་ནས་དྲི་བ་ནི་བསམ་གྱི་མི་ཁྱབ་ཀྱིས་ཞོག་གཅིག །ལྷ་དང་བཅས་པའི་འཇིག་རྟེན་ནས་བྱང་ཆུབ་ཀྱི་སྤྱོད་པ་འདི་ལ་མགོ་རྨོངས་པར་འགྱུར་རོ། །དེ་ལྟར་ཡིན་མོད་ཀྱང་། ཐེག་པ་ཆེན་པོའི་དགེ་བའི་གཤེས་གཉེན་གྱིས་ཟིན་ཞིང་། ཆོས་ཀྱི་ཕུང་པོ་རབ་འབྱམ་གྱི་སྒྲ་དོན་འགྲེལ་

(༡༡༤)ཚུལ་གོ་བ་རྣམས་ནི། གསང་བའི་བདག་པོའི་མཛད་སྤྱོད་འདི་ལ་བསྐྲག་པར་མི་འགྱུར་རོ། །དེའི་ཕྱིར་ན་ཤཱཀྱ་ཐུབ་པ་ཡིས་གཙོ་བོ་བྱས་པ། སངས་རྒྱས་སྟོང་རྩ་གཉིས་སངས་རྒྱས་རེ་རེས་ཀྱང་བྱེ་བ་ཕྲག་བརྒྱ་སྤྲུལ་པའི་མིས་དེ་རེ་རེའི་སྤྱན་ན་ཡང་ཕྱག་ན་རྡོ་རྗེ་རེ་རེ་མཆིས་སོ། །རྡུལ་གཅིག་གི་སྟེང་ན་རྡུལ་རྙེད་བཞུགས་པ་ཡིས། །སངས་རྒྱས་གྲངས་མེད་པའི་རྒྱབ་ན་ཡང་། །ཕྱག་ན་རྡོ་རྗེ་གྲངས་མེད་པ་རེ་བཞུགས་ཤིང་བར་ཆད་བསྲུང་། བསྟན་པ་བསྲུང་། མཛད་པ་བསྒྲུབ་པོ། །སངས་རྒྱས་གྲངས་ཅན་གྲངས་མེད་རྣམས་ཀྱི་འཁོར་བྱང་ཆུབ་སེམས་དཔའ་གྲངས་ཅན་གྲངས་མེད་དུ་ཕྱུར་གྱི་རྒྱབ་ན་ཡང་། ཕྱག་ན་རྡོ་རྗེ་གྲངས་མེད་དུང་ཕྱུར་བཞུགས་ཤིང་། ས་ལམ་གོང་ནས་གོང་དུ་རྫོགས་པར་མཛད་དོ། །ཕྱག་ན་རྡོ་རྗེ་ནི་ཐོག་མ་ནས་སངས་རྒྱས་པའི་སངས་རྒྱས་ཀྱང་ཡིན། རྒྱལ་བའི་སྲས་པོ་ས་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་ཡིན། གཞི་འགྲོ་བ་རིགས་དྲུག་གི་སེམས་ཅན་གྲངས་མཐའ་མེད་པ་ཕྱག་ན་རྡོ་རྗེའི་སྙིང་པོ་ཅན་ཡང་ཡིན། དེའི་ཕྱིར་ན། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་མཛོད་འཛིན་ཞིང་། སེམས་ཅན་རྣམས་ཀྱི་ཚོགས་གཉིས་ཟུང་འཇུག་ས་བཅུ་ལམ་ལྔ་འཛིན་ལ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི། ཉན་ཐོས་ཀྱི་གང་ཟག་གིས་བདག་མེད་རྟོགས་པ་དང་། རང་རྒྱལ་གྱིས་འཛིན་སེམས་གྲོལ་གསུང་། ཡུལ་གྱི་ཕྱེད་རྟོགས་པ་འཛིན་པ་སྟེ། །འགྲོ་བ་རིགས་དྲུག་གི་ལུས་ངག་ཡིད་གསུམ་ཁམས་གསུམ་འཛིན་པའི་ཕྱིར་ན། གསང་བའི་བདག་པོ་གསང་བ་གསུམ་འཛིན་པ་ཞེས་

(༡༡༥)མིང་འདོགས་སོ། །དེའི་ཚེ་དེའི་དུས་ན། གསང་བའི་བདག་པོ་ཡིས་རྒྱལ་བ་ཤཱཀྱ་ཐུབ་པ་ཆོས་ཀྱི་སྐུ་ནམ་མཁའ་ལྟ་བུ་ལས། ལོངས་སྤྱོད་རྫོགས་པའི་སྐུ་ཉི་མ་ལྟ་བུ་ཤར་ནས་སྤྲུལ་པའི་སྐུ་འོད་ཟེར་འོད་ཟེར་ལྟ་བུ་སྐུ་གསུམ་འདུ་འབྲལ་མེད་པ། ཐོག་མ་ནས་སངས་རྒྱས་པ་ཡིན་ན་ཡང་། གདུལ་བྱ་སེམས་ཅན་རྣམས་ཀྱི་དབང་པོའི་བྱེ་བྲག་དང་གཏུན་ནས་ཚོགས་བསགས་པ་དང་། སྡིགས་སྦྱང་བ་དང་། སེམས་སྐྱེད་པ་དང་། མི་ཆོས་ཀྱི་མཛད་པ། ལྷ་ཆོས་ཀྱི་མཛད་པ་རྫོགས་ཚུལ་བསྟན་པ་དང་། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང་། བདུད་འདུལ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། རྫུ་འཕྲུལ་དང་ཆོ་འཕྲུལ་སྣ་ཚོགས་ཀྱི་བཀོད་པ་བསྟོན་པ་ལ་སོགས་པ་སྟེ། གཟུགས་སྐུ་འབྱུང་ཚུལ་གྱི་བྱེ་བྲག་རྣམས་བྱང་ཆུབ་སེམས་དཔའ་ཚོགས་དང་། ཐམས་ཅད་དང་ལྡན་པའི་འཁོར་རྣམས་ལ་འདི་ལྟ་བུ་བསྟན་ཏོ། །མུ་སྟེགས་ཅན་ལ་སོགས་པ་མ་རྟོགས་ལོག་རྟོག་གི་གདུལ་བྱ་རབ་འབྲིང་ཐ་མ་ཡིས། དབང་པོའི་བྱེ་བྲག་གིས་སངས་རྒྱས་རང་བཞིན་ངོ་བོ་གཉིས་ལ། སྣ་ཚོགས་མཐོང་ཚུལ་ཐ་དད་པ་ནི་འདི་ལྟར་སྟེ། ཤཱཀྱ་ཐུབ་པ་མངོན་སུམ་ཚད་མར་འཇིག་རྟེན་དུ་བྱོན། མ་བྱོན་སུས་ཤེས་པ་ལས་གདུལ་བྱ་རྣམས་ཀྱི་མཐོང་ཚུལ་གྱི་བྱེ་བྲག་འདི་ལྟར་དུ་མཐོང་བའོ། །དེ་ལ་ཁ་གཅིག་གིས་ནི་བྱང་ཆུབ་སེམས་དཔའ་རྐང་པ་ཡ་གཅིག་གཙུགས་ཏེ་འདུག་པར་མཐོང་ངོ་། །ཁ་ཅིག་གིས་ནི་ལག་པ་བཏེག་པ་དང་། ཉི་མ་བལྟ་བ་དང་། གདུང་བ་ལྔས་གདུང་བར་མཐོང་ངོ་། །ཁ་ཅིག་གིས་ནི་ཙོག་ཙོག་པོར་འདུག་ཅིང་སྤོང་བ་ལ་སྦྱོར་བ་བརྩོན་པ་དང་། རྐང་པ་གཙུགས་ཤིང་

(༡༡༦)མི་འགུལ་བ་དང་། རྐང་པ་གྱེན་དུ་སྒྲེང་སྟེ་འདུག་པ་དང་། ཁ་བུག་དུ་འདུག་པ་དང་། ཚེར་མའི་བསྟན་ལ་ཉལ་བ་དང་། བ་ལྕི་བའི་ནང་ན་ཉལ་བ་དང་། རྡོ་ལེབ་ལ་སྐྱིལ་དཀྲུངས་བཅའ་བ་དང་། རྩིགས་པ་ལ། གཉེས་པ་དང་། ཤིང་ལེབ་ལ་གཉེས་པ་དང་། གཏུན་ཤིང་ལ་གཉེས་པ་དང་། ཕྱག་དར་ཁྲོད་ན་ཉལ་བ་དང་། ཉི་མ་ཡོངས་སུ་སྒྱུར་བ་དང་། ཤིང་ལེབ་གྱོན་པ་དང་། རྩྭ་མུན་ཙའི་གོས་གྱོན་པ་དང་། ཀུ་ཤའི་གོས་གྱོན་པ་དང་། རི་དགས་ཀྱི་ལྤགས་པ་གྱོན་པ་དང་། རྩྭ་རྩི་ར་གྱོན་པ་དང་། སྒྲེན་མོར་འདུག་པ་དང་། རྩྭ་དར་བྷའི་གོས་གྱོན་པ་དང་། ཤིང་ཤུན་གྱི་གོས་གྱོན་པ་དང་། སྲེད་ཟ་བ་དང་། ནས་ཟ་བ་དང་། རྩྭ་ཟ་བ་དང་། ལོ་མ་ཟ་བ་དང་། མེ་ཏོག་དང་འབྲས་བུ་ཟ་བ་དང་། སྡོང་བུ་དང་གཟེག་མ་ཟ་བ་དང་། པད་མའི་རྩ་བ་ཟ་བ་དང་། ཞག་དྲུག་སྨྱུང་བ་དང་། ཤ་མི་ཟ་བ་དང་། རྒྱ་ཤུག་དང་ནས་ཤན་ཏེ་མ་ཟ་བ་དང་། ཙེ་ཙེ་དང་མོན་སྲན་ཟ་བ་དང་། མོན་སྲན་གྲོ་དང་བྲ་ཟན་ཟ་བ་དང་། ཏིལ་དང་འབྲས་སྐམ་ཟ་བ་དང་། ཆུ་འཐུངས་པ་ཙམ་གྱིས་འཚོ་བ་དང་། མར་གྱི་ཐིགས་པ་ཙམ་གྱིས་འཚོ་བ་དང་། སྦྲང་རྩི་དང་འོ་མའི་ཐིགས་པས་འཚོ་བ་དང་། ཟས་མི་ཟ་བ་དང་། གཉིད་དང་བྲལ་བར་མཐོང་ངོ་། །འདུག་པ་འབའ་ཞིག་དང་། འགྲོ་བ་འབའ་ཞིག་འཐོང་ངོ་། །དེ་ལྟར་བྱང་ཆུབ་སེམས་དཔའ་སྤྱོད་ལམ་དེ་དང་། དཀའ་བ་སྤྱོད་པ་ཚད་མེད་པ་གཞན་དག་ཀྱང་སྟོན་ཏེ། ལོ་དྲུག་ཚང་བར་སྤྱོད་ལམ་ཅིག་ཀྱང་མ་ཁྲུགས་པར་ཐམས་ཅད་རྫོགས་

(༡༡༧)པར་བསྟན་པར་འགྱུར་རོ། །བརྟུལ་ཞུགས་ཤིན་དུ་ཁྱད་པར་དུ་འཕགས་པ་དང་། བརྩོན་འགྲུས་ཤིན་ཏུ་སྦྱངས་པ་དང་། དཀའ་ཐུབ་ཤིན་ཏུ་བརྟན་པའི་ལོ་དྲུག་དུ་བརྟུལ་ཞུགས་དང་། དཀའ་ཐུབ་ཐམས་ཅད་སྟོན་ཀྱང་སེམས་ཅན་གཞན་དང་། གཞན་དག་གིས་བརྟུལ་ཞུགས་དང་། དཀའ་ཐུབ་གཞན་དང་གཞན་དུ་མི་མཐོང་སྟེ། གཞན་དག་དུ་ན་ཅི་འདྲ་བའི་བརྟུལ་ཞུགས་དང་། དཀའ་ཐུབ་ཅི་འདྲ་བའི་དབང་གིས་སེམས་ཅན་དེ་དག་འདུལ་བར་འགྱུར་བ་དེ་འདྲ་བར་བརྟུལ་ཤུགས་དང་། དཀའ་ཐུབ་མཐོང་བ་ནི་མ་གཏོགས་སོ། །བྱང་ཆུབ་སེམས་དཔའ་ནི་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པའི་བཏང་སྙོམས་ཅན་ཡང་ཡིན་ལ། བྱ་བ་དེ་དག་ཀུན་ཏུ་བརྟེན་ཏེ། དཀའ་བ་སྤྱད་པ་འདིས་ལྷ་དང་མི་བྱེ་བ་ཕྲག་སྟོང་དྲུག་བཅུ་རྩ་བཞི་ཏེ་ཐེགས་པ་གསུམ་པོ་དེ་དག་ལ་ཡང་། ཡོངས་སུ་སྨིན་པར་བྱས་སོ། །ལྷ་དང་མི་གང་དག་རྒྱ་ཆེན་པོ་ལ་མོས་པ། ཡོངས་སུ་སྦྱང་པ་བྱས་པ་དེ་དག་གིས་ནི། བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་ཁང་པ་བརྩེགས་པ་ནས་འདུག་ཅིང་མཁའ་ཁྱབ་ཀྱི་སེམས་ཅན་གདན་ལ་བསམ་གཏན་བྱེད་པ་དང་། མི་གཡོ་བ་དང་། བདེ་བ་མྱོང་བ་དང་། ལོ་དྲུག་ལོན་ནས་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་ལས་ལངས་པར་མཐོང་ངོ་། །དེ་ལ་ལྷ་དང་མི་ཆོས་ཅན་ཆོས་འདོད་པས་ཆོས་བསྟན་པས་ཡོངས་སུ་སྨིན་པར་བྱ་བ་གང་ཡིན་པ་དེ་དག་གིས་ནི། །བྱང་ཆུབ་སེམས་དཔའ་ལས་གཞན་མི་བྱེད་པར་རྒྱུན་མི་འཆད་པར། ཆོས་སྟོན་པར་མཐོང་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་ལ་སྦྱོར་བ་ཡེ་ཤེས་ཆེན་པོ་ཡང་

(༡༡༨)དག་པར་འབྱུང་བ་ཞེས་བྱའོ། །ཆོས་ཀྱི་ཚུལ་ལ་འཇུག་པ་བསམ་གྱིས་མི་ཁྱབ་པ་འབྱུང་བ་ཞེས་བྱའོ། །བྱ་དཀའ་བའི་ཡེ་ཤེས་ལ་འཇུག་པ། །བདུད་ཕས་ཀྱི་རྒོལ་བ་ཐམས་ཅད་འདུལ་བ་ཞེས་བྱའོ། །དེ་ལྟར་ལོ་དྲུག་ཚང་ནས། བྱང་ཆུབ་སེམས་དཔའ་ཇི་སྙེད་མོས་པའི་བརྟུལ་ཞུགས་དང་དཀའ་ཐུབ་དེ་ལས་ལངས་ཏེ། ཆུ་ཀླུང་ནཻ་རཉྫ་ནའི་འགྲམ་དུ་སོང་ནས། འཇིག་རྟེན་དང་འཐུན་པར་ཁྲུས་བྱས་ཏེ། ལུས་གཙང་མར་བྱས་ནས། ཆུ་ཀླུང་ནཻ་རཉྫ་ནར་བྱུང་སྟེ་འདུ་བར་གྱུར་ཏོ། །གཞན་ལྷ་ཀླུ་སྣོད་སྦྱིན་དྲི་ཟ་ལྷ་མ་ཡིན། ནམ་མཁའ་ལྡིང་མི་འམ་ཅི་ལྟོ་ཕྱེ་ཆེན་པོ་བྱེ་བ་ཁྲག་དྲུག་བཅུ་ཡང་རང་རང་གི་ཟས་ཐོགས་ཏེ་འཁོད་ནས། སོ་སོ་ནས་ཚིག་འདི་སྐད་དུ། ཀྱེ་སྐྱེས་བུ་དམ་པ་བདག་གི་བཤེས་གསོལ་ཅིག་ཅེས་ཟེར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་གྲོང་མའི་བུ་མོ་ལེགས་སྐྱེས་མ་ལ་སོགས་པ། ལྷ་ཀླུ་གནོད་སྦྱིན་བྱེ་བ་ཕྲག་དྲུག་བཅུ་པོ་དེ་དག་ཐམས་ཅད་བླངས་ནས་ཐམས་ཅད་ཟས་ཀྱང་ཕན་ཚུན་མ་མཐོང་ངོ་། །ལྷའི་བུ་རེ་རེས་ཀྱང་བྱང་ཆུབ་སེམས་དཔའ་བདག་གི་བཤོས་གསོལ་ཏེ། བྱང་ཆུབ་སེམས་དཔའ་བདག་གི་བཤོས་གསོལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པར་འཚང་རྒྱ་བ་ཤེས་སོ། །དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་ཡོངས་སུ་སྨིན་པར་བྱས་པར་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་ཟས་ལེན་པར་སྦྱོར་བར་དཀའ་བ་སྤྱོད་པ་ཡང་དག་འཕགས་ཞེས་བྱ་བའོ། །དེ་ནས་རྒྱལ་བུ་དོན་གྲུབ་ལུས་དཀྲུས་ཏེ། སྟོབས་དང་ལྡན་པར་གྱུར་ནས། ཟས་ཟོས་

(༡༡༩)ཏེ་བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དེར་སོང་ངོ་། །དེར་སོང་བ་དང་རྒྱན་པ་བྱ། ལེགས་སོ་ཞེས་ཏེ་ས་ལ་སྤྱོད་རྣམས་དགའ་སྟོང་གསུམ་ཐམས་ཅད་ཡོངས་སུ་ཕྱག་དར་བྱས། མེ་ཏོག་སིལ་མ་བཀྲམ་ཞིང་སྤོས་མཆོག་གདུག །སྤོས་ཆུ་དག་གིས་ས་གཞི་ཆག་ཆག་བཏབ། ས་ལ་སྤྱོད་པའི་ལྷའི་བུ་ས་བཟངས་ཤེས་བྱ་བས་ས་ལ་སྤྱོད་པའི་ལྷའི་བུ་རྣམས་ལ་བོས་ཏེ་སྨྲས་པ། ས་འཛིན་གང་ཞིག་མི་གཡོ་མ་སྐྱོད་པ། སྲེད་པ་བསལ་ཞིང་ཁོང་ཁྲོ་རབ་དུང་པ། བྱང་ཆུབ་དེ་ནི་ཤིན་ཏུ་བྱིན། ས་གཞི་དག་ནི་ལེགས་པར། ལག་ན་ཞོང་ཐོགས་ལག་ན་འཕྲེང་པ་ཐོགས། །གཞལ་མེད་ཁང་ནས་དེ་བཞིན་བར་སྣང་ལ། །དེ་དག་བྱང་ཆུབ་སེམས་དཔའ་མཐོང་ནས་དགའ། །དེ་ཚེ་མེ་ཏོག་སྣ་ཚོགས་ཆར་དུ་བབས། །གླིང་བཞི་པ་དག་ནང་ནས་སྐྱོང་བ་དང་། །ཅི་སྙེད་དེ་དག་ཐམས་ཅད་འཁོར་དང་བཅས། །རྣམ་པར་འདྲེན་ལ་མཆོད་པར་བྱ་བའི་ཕྱིར། །གསེར་གྱི་དྲ་བས་སྟོང་ཁམས་ཐམས་ཅད་བཀབ། །སྟོང་གསུམ་འཇིག་རྟེན་རྫུ་འཕྲུལ་ཆེ། །དེ་དག་བྱང་ཆུབ་སེམས་དཔའ་མཆོད་པའི་ཕྱིར། །སུམ་བཅུ་རྩ་གསུམ་རྣམ་རྒྱལ་ཁར་འཛེས་པ། །དེ་ལྟར་སྟོང་གསུམ་ཐམས་ཅད་མཛེས་པར་བརྒྱན་འཐབ་བྲལ་ལྷ་རྣམས་ཐམས་ཅད་རབ་དགའ་སྟེ། སྐྱེས་བུ་མཆོག་ལ་ཡང་དག་མཆོད་པའི་ཕྱིར། །མི་འཇེད་འཇིག་རྟེན་ཁམས་ཀྱི་སྟོང་གསུམ་ཀུན། ནམ་མཁའ་བཻཌཱུརྱ་མི་དྲ་བས་བཀབ། །དགའ་ལྡན་རབ་དགའ་དགའ་ལྡན་ལྷ་རྣམས་ཀྱང་། །དེ་དག་མུ་ཏིག་དྲ་བས་རྒྱན་པ་བྱས། །རྒྱན་འཕྲེང་དེ་བཞིན་ཟླ་ཁམས་རྣམས་ཀྱང་ཐོགས། །མུ་ཏིག་སིལ་མའི་ཆར་ཡང་རབ་ཏུ་ཕབ། །ལྷའི་རྒྱལ་པོ་རབ་ཏུ་

(༡༢༠)འཕྲུལ་གྱི་བར། །རབ་ཏུ་དགའ་ནས་འཛམ་བུ་ཆུ་གསེར་གྱིས། དྲིལ་བུའི་དྲ་བ་གསེར་གྱི་དྲ་བཅས་དང་། །སྒྲ་སྐད་བཅས་པས་སྟོང་གསུམ་ཐམས་ཅད་ཁྱབ། །ཐམས་ཅད་དོན་ལ་མི་འཇིགས་མཆོད་པའི་ཕྱིར། །དབང་སྒྱུར་དག་གིས་ལྷའི་རིན་པོ་ཆེ། །རྣམ་པར་དག་ཅིང་གཟི་བརྗིད་མཐའ་ཡས་པར། །འོད་གསལ་དྲི་མེད་དྲ་བ་གཅིག་ཀྱང་སྤྲུལ། །ཀླུ་དང་དྲི་ཟ་ལྟོ་འཕྱེ་ཆེན་པོ་དང་། །ལྷ་མིན་མཁའ་ལྡིང་མི་འམ་ཅི་ཀུན་གྱིས། །རང་རང་གནས་དང་བཀོད་པ་རྣམས་ཀྱིས་ནི། །འདོད་ཁམས་ལེགས་པར་རྒྱན་ནས་མཛེས་པར་བྱས། །དེ་ནས་སྟོང་གསུམ་བདག་པོ་ཚངས་པ་ཡིས། །ཤཱཀྱ་ཐུབ་པ་བྱང་ཆུབ་ཀྱི་སྙིང་པོར་གཤེགས་ཤེས་ནས། ཚངས་རིགས་ཀྱི་ལྷ་རྣམས་ལ་སྨྲས་པ། སངས་རྒྱས་བྱང་ཆུབ་ཀྱི་སྙིང་པོར་བཞུད་ཀྱིས། ཁྱེད་རྣམས་ཐམས་ཅད་ཆོས་ཞུ་བ་དང་སྙེན་བཀུར་བྱེད་པར་སོང་ཤིག་ཅེས་བསྒོའོ། །དེ་ལྟར་དུ་འདོད་པའི་ཁམས་སུ་མཆོད་པ་རྒྱ་ཆེན་ཅི་ལྟར་བཤམས་པ་བཞིན་དུ། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དང་། ཁམས་གསུམ་ཐམས་ཅད་ཕུན་སུམ་ཚོགས་པའི་མཆོད་པ་རྒྱ་ཆེན་པོ་ལྷུན་གྱིས་གྲུབ་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ན། ལྷ་ཀླུ་གནོད་སྦྱིན་མི་ལ་སོགས་པ་རྣམས་ཀྱིས་ཀྱང་། མཆོད་པ་རྒྱ་ཆེན་པོ་མཛད་ཅིང་སངས་རྒྱས་ཀྱི་ཞབས་ལ་ཕྱག་གྲངས་མེད་པར་འཚལ་ནས། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཀྱིས། འགྲོ་བ་རིགས་དྲུག་གི་གྲོང་ཁྱེར་ཐམས་ཅད་དུ། སངས་རྒྱས་ཆོས་དང་དགེ་འདུན་གྱི་སྒྲ་ཕྱོགས་མེད་དུ་གྲགས་ཤིང་། འགྲོ་བ་ཐམས་ཅད་ཆོས་ཀྱིས་འདུལ་བར་གྱུར་ཏོ། དེའི་ཚེ་དེའི་དུས་

(༡༢༡)དེའི་ཚེ་དེའི་དུས་ན། སངས་རྒྱས་ཀླུ་ནག་པོའི་གནས་བྱོན་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་པའི་ཚེ། ལམ་གྱི་གཡས་རོལ་ནས་རྩ་འཚོང་བཀྲ་ཤིས་པ་ཞེས་བྱ་བ་རྩ་བརྔ་ཞིང་འདུག་པ་དེས། སངས་རྒྱས་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་མཐོང་ནས་ལྷ་རྣམས་ཀྱིས་བསྐུལ་ཏེ། རྩ་འཇམ་ཞིང་ཉམས་དགའ་བ་གཞོན་ཞིང་རྨ་བྱའི་མགྲིན་པ་ལྟར་འཁྱིལ་བ་སྤར་གང་སངས་རྒྱས་ལ་ཕུལ་ཏེ། བྱང་ཆུབ་དུ་སེམས་བསྐྱེད་དོ། །དེའི་ཕྱིར་ན་རྩ་འཚོང་བཀྲ་ཤིས་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱི་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཁྲི་བཤམས་སོ། །ཕྱག་ན་རྡོ་རྗེ་ང་ཡིས་དྲན་ཏེ། བསྐལ་པ་བཟང་པོ་འདིའི་སྔོན་རོལ་ནས་བསྐལ་པ་དགུ་བཅུ་རྩ་གཅིག་འདས་པ་ན། སངས་རྒྱས་རྣམ་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་གསུང་རབ་ལ། དགེ་སློང་དགེ་འདུན་དཔག་ཏུ་མེད་པ་རྣམས་ལུང་བསྟན་ཏེ། ཁྱེད་ཅག་བསྐལ་པ་བཟང་པོ་ལ་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེའི་ཚེ་དེའི་དུས་ན། ཁྱིམ་བདག་བློ་གྲོས་ལྡན་པ་ཞེས་བྱ་བ་གཅིག་འཁོར་དེར་འདུག་པས་ཀྱང་སེམས་སྐྱེད་དེ། དགེ་སློང་སྟོང་པོ་འདི་སངས་རྒྱས་ཤིང་བྱང་ཆུབ་

(༡༢༢)ཀྱི་སྙིང་པོར་འགྲོ་བའི་དུས་སུ་སེང་གེའི་ཁྲི་བྱི་དོར་བྱའོ། །ཞེས་སྨོན་ལམ་གཏབ་པོ། ཁྱིམ་བདག་བློ་གྲོས་ལྡན་པ་ཞེས་བྱ་བ་ནི་ད་ལྟར་རྩྭ་འཚོང་བཀྲ་ཤིས་འདི་ཡིན་ནོ། །སྔོན་གྱི་སྨོན་ལམ་ཅི་ལྟ་བ་བཞིན་ཏུ་སངས་རྒྱས་སྟོང་གིས་ཁྲི་བྱི་དོར་བྱེད་ཅིང་རྩ་མཆོག་གི་གདན་འདིངས་སོ། །བྱང་ཆུབ་ཀྱི་ཤིང་དྲུང་དུ་ཤཱཀྱ་ཐུབ་པ་བྱོན་པ་དང་། །ལྷའི་བུ་དང་བུ་མོ་རྣམས་མེ་ཏོག་སྣ་ཚོགས་གཏེར་ཞིང་། མཆོད་པ་དང་བསྟོད་པ་བྱེད་དོ། དེའི་ཚེ་དེའི་དུས་ན། སངས་རྒྱས་རྩྭ་སྤར་གང་ཁྱེར་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་རྩ་བཏིང་ནས། བྱང་ཆུབ་ཤིང་ལ་ཕྱག་འཚལ་ཏེ་ལན་བདུན་སྐོར་བ་བྱས་སོ། །རྩྭ་བཏིང་མ་ཐག་དུ་ལྷའི་བུ་བརྒྱ་ཁྲི་བཞི་སྟོང་གིས་སེང་གེའི་ཁྲི་བརྒྱད་ཁྲི་བཞི་སྟོང་བཤམས་སོ། །སེང་གེའི་ཁྲི་བརྒྱད་ཁྲི་བཞི་སྟོང་དེ་དག་ལས་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་བཞི་སྟོང་བཞུགས་པར་བསྟན་ཏོ། །སངས་རྒྱས་ནི་ཁྲི་འདི་དང་འདི་ལ་བཞུགས་སྙམ་པའི་རྟོག་པ་མེད་ཀྱང་། ལྷའི་བུ་བརྒྱད་ཁྲི་བཞི་སྟོང་གིས་བདག་གི་ཁྲི་ལ་སངས་རྒྱས་བཞུགས་སོ། །སྙམ་དུ་སོ་སོར་ངོ་ཤེས་སྐྱེས་སོ། །གསང་བ་གསུམ་གྱི་མཛོད་གསང་བའི་བདག་པོས་བསྟན་པ་ལས། །བྱང་ཆུབ་ཆེན་པོ་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་ཤིང་སེང་གེའི་ཁྲི་ལ་བཞུགས་པའི་བར་སྐབས་བསྟན་པའོ། །བྱང་ཆུབ་ཤིང་དང་གདན་ལ་དབང་བའི་དུས་སུ། དེའི་ཚེ་དེའི་དུས་ན། སེང་གེའི་ཁྲི་ལ་བཞུགས་མ་ཐག་ཏུ། སངས་རྒྱས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུ་ནས། བདུད་བསྐུལ་བ་ཞེས་བྱ་བའི་འོད་ཟེར་གྱིས་སྟོང་ཆེན་པོའི་འཇིག་རྟེན་གྱི་

(༡༢༣)ཁམས་ན། འཁོད་པའི་བདུད་བྱེ་བ་ཕྲག་བཞི་བརྒྱ་ལ་རེག་གོ། །འོད་དེས་ཕོག་མ་ཐག་དུ་བདུད་རྣམས་རང་རང་གི་གནས་ན་འདུག་བཞིན་ཏུ། སྐྲག་ཅིང་འཇིགས་པར་བདུད་ཀྱི་ཡུལ་རྣམས་འཇིག་པ་དང་། འཚིག་པར་མཐོང་ནས། ཐེ་ཚོམ་ཟོས་ཏེ། བྱང་ཆུབ་སེམས་དཔའ་ཁ་ཅིག་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་པ་མེན་ནལ་ཞེས་ཀུན་གྱིས་དུས་ཅིག་ལ་བརྗོད་པ་དང་ལྟས་ཤིང་དཔྱད་པས་སངས་རྒྱས་ཁྲི་ལ་བཞུགས་པ་མཐོང་སྟེ། བདུད་རྣམས་ཞེ་སྡང་ཆེན་པོ་སྐྱེས་ནས། སྐད་ཅིག་དེ་ཉིད་ནས་རང་རང་གི་གནས་ནས་མི་སྣང་བར། གྱུར་ནས་བདུད་ཀྱི་རྫུ་འཕྲུལ་དང་ཆོས་འཕྲུལ་གྱིས་སྟོང་གསུམ་ཁྱབ་པར་བྱས་ནས། མཚོན་ཆ་སྣ་ཚོགས་དང་། སྒྲ་སྐད་སྣ་ཚོགས་ཀྱིས་སྟེང་འོག་ཕྱོགས་མཚམས་ཁྱབ་པར་བྱས་ནས། བྱང་ཆུབ་ཀྱི་ཤིང་དྲུང་དུ་དམགས་དྲངས་སོ། །གཟུགས་མི་སྡུག་པ་དང་སྒྲ་སྣ་ཚོགས་དེས། སེམས་ཅན་རབ་འབྲིང་ཐ་མ་གང་གིས་ཐོས་ཀྱང་ཁ་ནས་ཁྲག་དྲོན་མོ་སྐྱུག་ཅིང་། ཤི་བའི་འཇིགས་པ་ཡོད་པའི་ཕྱིར་ན། སངས་རྒྱས་ཀྱིས་འཐུས་གང་གིས་ཀྱང་བདུད་རྣམས་མི་མཐོང་ཞིང་། སྒྲ་མི་ཐོས་པར་བྱིན་གྱིས་བརླབས་སོ། །དེའི་ཚེ་དེའི་དུས་ན་སངས་རྒྱས་ཀྱི་མཐུ་དང་། བྱིན་གྱི་བརླབས་ཀྱིས་བདུད་ཐམས་ཅད་ཤིན་ཏུ་ཉམས་པར་གྱུར་ཏེ། མཐུ་དང་ནུས་པ་ཅི་འང་མེད་པར་གྱུར་ནས་བདུད་ཐམས་ཅད་བཅོམ་ལྡན་འདས་ལ་སྐྱབས་སུ་སོང་ནས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །གསང་བའི་བདག་པོ་ཡིས་གསང་བའི་མཛོད་ཆེན་པོ་བསྟན་པ་ལས་

(༡༢༤)བདུད་སྤ་སྐོང་ཞིང་བདུད་བཏུལ་ནས། བདུད་བྱང་ཆུབ་ཀྱི་ལམ་ལ་བཀོད་པའི་བར་སྐབས་བསྟན་པའོ། །དེའི་ཚེ་དེའི་དུས་ན། ལྷ་དང་མི་ཁ་ཅིག་གིས་ནི་བདུད་འདུལ་བར་ཤེས་སོ། །ངོ་བོ་གཅིག་མཐོང་ཚུལ་ཐ་དད་པའི་ཕྱིར་ན། ཁ་ཅིག་གིས་ནི་བྱང་ཆུབ་སེམས་དཔའ་རྩྭ་བཏིང་ནས་འདུག་པ་མཐོང་ངོ་། །ཁ་ཅིག་གིས་ནི་སེང་གེའི་ཁྲི་དང་། རིན་པོ་ཆེའི་པདྨ་ཉི་མའི་གདན་ལ་བཞུགས་པར་མཐོང་ངོ་། ཁ་ཅིག་གིས་ནི། ས་ལ་འགྲོ་བ་དང་། འདུག་པ་དང་། འཆག་པ་དང་། ཉལ་བ་དང་། བྱ་བ་སྣ་ཚོགས་བྱེད་པ་མཐོང་ངོ་། །ཁ་ཅིག་གིས་ནི་ནམ་མཁའི་དཀྱིལ་ན་བྱ་ལྟར་འཕུར་བ་དང་། སྤྲིན་ལྟར་ལྡིང་བ་དང་། ཉི་ཟླ་དང་གཟའ་སྐར་ཚོགས་བཞིན་དུ་སྣ་ཚོགས་པར་མཐོང་ངོ་། །ཁ་ཅིག་གིས་ནི་བྱང་ཆུབ་ཀྱི་ཤིང་ངོ་བོ་ཅིག་ལ་མཚན་ཉིད་ཐ་དད་པར་མཐོང་སྟེ། ཤིང་གི་རྒྱལ་པོ་ཨ་ཤྭ་ན་ཡོངས་འདུ་ས་རྟོལ་དང་རིན་པོ་ཆེ་སྣ་ཚོགས་ཀྱི་ཤིང་དང་། ལྗོན་པའི་ཚོགས་ཁ་དོག་ལོ་མ་འབྲས་བུ་སྣ་ཚོགས་སྟོང་གསུམ་ཁྱབ་པར་མཐོང་ངོ་། །སེང་གེའི་ཁྲི་རང་བཞིན་ངོ་བོ་ཅིག་ལ་གདུལ་བྱའི་དབང་པོའི་བྱེ་བྲག་གིས་མཐོང་ཚུལ་ཐ་དད་དེ། སེང་གེའི་ཁྲི་རྒྱ་ཆེ་ཆུང་འཐོ་དམན་དབྱིབས་དང་ཁ་དོག་སྣ་ཚོགས་ཚད་ཅན་དང་། ཚད་མེད། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། །གྲངས་སྣ་ཚོགས་སུ་མཐོང་ཞིང་ཁྲི་དེ་རྣམས་ལ་བྱང་ཆུབ་ཆེན་པོ་གྲངས་མེད་པ་བཞུགས་ཤིང་། མཛད་པ་བཅུ་གཉིས་བསམ་གྱིས་མི་ཁྱབ་པར་མཛད་པ། སེམས་ཅན་དབང་པོ་རབ་འབྲིང་ཐ་མ་རྣམས་ཀྱིས་རང་རང་གི་ལུས་

(༡༢༥)ངག་ཡིད་གསུམ་དང་འཐུན་པར་མཐོང་ངོ་། །སངས་རྒྱས་ཀྱི་ཆོས་ཀྱི་གསུང་གཅིག་ཀྱང་མ་གསུངས་པ་ལས། གདུལ་བྱ་དབང་པོའི་བྱེ་བྲག་གིས། །སེམས་ཅན་རང་རང་གི་སྐད་དང་འཐུན་པར་སྒྲ་གཅིག་ཐོས་པ་ལས། ཆོས་ཀྱི་ཕུང་པོའི་སྒྲ་སྐད་ཐ་དད་དོ། །དེའི་ཚེ་དེའི་དུས་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ། དཀོན་མཆོག་གསུམ་གྱི་སྒྲ་དང་། ཐེག་པ་སྣ་ཚོགས་ཆོས་ཀྱི་ཕུང་པོའི་སྒྲ་དང་། དགེ་བ་བསྒྲུབ་པ་དང་། སྡིག་པ་སྤོང་བ་དང་། །འཇིག་རྟེན་ལ་མངོན་པར་ཞེན་པ་ཟློག་པ་དང་། བཀྲ་ཤིས་པ་དང་། རྒྱུ་འབྲས་ཕུན་སུམ་ཚོགས་པའི་སྒྲ་དང་། འཐོ་རིས་ཀྱི་བདེ་བ་ཐོབ་པའི་སྒྲ་དང་། ངན་སོང་གི་སྡུག་བསྔལ་སྤོང་བའི་སྒྲ་དང་། ཚངས་པ་དང་བརྒྱ་བྱིན་འཁོར་ལོ་བསྒྱུར་བ་འཇིག་རྟེན་ཆེན་པོ་རྣམས་ཀྱི་ཡོན་ཏན་ཆེ་བ་སྒྲོགས་པའི་སྒྲ་ལ་སོགས་པ་སྟེ། ཁམས་གསུམ་པའི་སེམས་ཅན་འབྲེལ་པ་ཅན་གྱི་སྣང་བ་ལས། སངས་རྒྱས་ནི་སེམས་ཅན་རེ་རེའི་སྣང་བ་ལ་ཡང་ངེད་ཀྱི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ། །སྙམ་མོ། །གསང་བའི་བདག་པོ་གསང་བ་གསུམ་གྱི་མཛོད་བསྟན་པ་ལས། །བྱིན་བརླབས་ཀྱི་ཆོ་འཕྲུལ་བསྟན་པའི་བར་སྐབས་ལགས་སོ། །དེའི་ཚེ་དེའི་དུས་ན། །རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པས་ལྷུང་ཟེད་བཞི་ཕུལ་ལོ། །དེ་བཞིན་དུ་གླིང་བཞི་བྱེ་བ་ཕྲག་བརྒྱའི་རྒྱལ་པོ་བཞིས་བྱེ་བ་ཕྲག་བརྒྱས་ཀྱང་། ལྷུང་ཟེད་བྱེ་བ་ཕྲག་བརྒྱ་ཕུལ་བ་བཞེས་ཞིང་གཅིག་དུ་བྱིན་གྱིས་བརླབས་ཏེ། རྒྱལ་པོ་རྣམས་ཀྱང་ཤིན་དུ་དགའ་ཞིང་དགྱེས་ཏེ། ངའི་ལྷུང་ཟེད་ནས་དེ་

(༡༢༦)བཞིན་གཤེགས་པ་གསོལ་ལོ་སྙམ་དུ་སེམས་སོ། །གསང་བའི་བདག་པོས་གསང་བ་གསུམ་གྱི་མཛོད་བསྟན་པ་ལས། རྒྱལ་པོ་བཞི་བྱེ་བ་ཕྲག་རྒྱ་ཡིས་ལྷུང་ཟེད་ཕུལ་བའི་བར་སྐབས་བསྟན་པའོ། །དེའི་ཚེ་དེའི་དུས་ན། ཚོང་དཔོན་ག་གོན་བཟང་སྐྱོང་དང་། གཞན་ཡང་ལྷའི་བུ་དྲུག་ཁྲིས་སངས་རྒྱས་ཀྱི་ཞལ་ཟས་ཐོགས་ནས། སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སངས་རྒྱས་ལ་ཐོག་མར་ཞལ་ཟས་དབུལ་ལོ། །ཞེས་སྨོན་ལམ་གཏབ་པའི་སྟོབས་ཀྱིས། སངས་རྒྱས་ལ་ཞལ་ཟས་ཕུལ་བས་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །གསང་བའི་མཛོད་གསུམ་བསྟན་པ་ལས། ག་གོན་བཟང་སྐྱོང་ལྷའི་བུ་རྣམས་ཀྱིས་ཞལ་ཟས་དྲངས་པའི་བར་སྐབས་བསྟན་པའོ། །དེའི་ཚེ་དེའི་དུས་ན། ཚངས་པ་གཙུག་ཕུད་ཅན་ཞེས་བྱ་བ་ལྷའི་བུ་འབུམ་ཕྲག་དྲུག་བཅུ་རྩམ་གྱིས་བསྐོར་ཞིང་། སྟོང་གསུམ་མཆོད་པའི་ཚོགས་ཀྱི་བརྒྱན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཞིང་ལན་དྲུག་སྐོར་བ་བྱས་ནས། །རིན་པོ་ཆེ་སྣ་ཚོགས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ནས། ཆོས་ཀྱི་འཁོར་ལོ་བསྐོར་བར་སྐུལ་མ་བཏབ་པོ། །སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱི་རྒྱལ་པོ་ཡུལ་འཁོར་སྐྱོང་གི་བུ་ར་གས། བསྐལ་པ་བཟང་པོའི་སངས་རྒྱས་རྣམས་སངས་རྒྱས་པའི་དུས་སུ། ཆོས་ཀྱི་འཁོར་ལོ་བསྐོར་བར་སྨོན་ལམ་བཏབ་པ་སྟེ། དེ་ལྟར་ཚངས་པ་གཙུག་ཕུད་ཅན་ཡིན་ནོ། །དེ་བཞིན་དུ་ཚངས་པ་བྱེ་བ་ཕྲག་བརྒྱས་ཀྱང་གསོལ་བ་བཏབ་པོ། །སངས་རྒྱས་ཀྱི་ཆོས་གསུང་བར་གནང་པའི་ཚེ། ཚངས་པ་བྱེ་བ་

(༡༢༧)ཕྲག་བརྒྱ། །བརྒྱ་བྱིན་བྱེ་བ་ཕྲག་བརྒྱ་ཡིས་བ་ར་ན་སེ་དྲང་སྲོང་ལྷུང་བ་རི་དགས་ཀྱི་ནགས་སུ། རིན་པོ་ཆེ་སྣ་བདུན་སེང་གེའི་ཁྲི་འཕངས་སུ་དཔག་ཚད་བཞི་ཁྲི་ཉི་སྟོང་ཡོད་པ། ཁྱད་པར་དུ་འཕགས་པ་བྱེ་བ་ཕྲག་གཉིས་ལས། ཤཱཀྱ་ཐུབ་པ་རེ་རེ་བཞུགས་སོ། །དེའི་ཚེ་དེའི་དུས་ན། །ཚོངས་པ་བརྒྱ་བྱིན་རྣམས་བདག་གི་ཁྲི་ལ་སངས་རྒྱས་བཞུགས་སོ། །སྙམ་དུ་ངེས་ཤེས་སྐྱེས་སོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་རོ། །དེའི་སྟོབས་ཀྱིས་ཚངས་པ་བརྒྱ་བྱིན་རྣམས་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་སངས་རྒྱས་ཀྱི་ཡུལ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་གོ། །དེའི་ཚེ་ན་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་མཉམ་པར་གནས་ཏེ། །མེ་ལོང་གི་དབྱིབས་ལྟར་གྱུར་ཏེ། འགྲོ་བ་དྲུག་གི་སེམས་ཅན་རྣམས་ཀྱང་ཉོན་མོངས་པ་དང་། གཟུང་འཛིན་ལས་གྲོལ་ནས། ལུས་སེམས་མཉམ་པར་གྱུར་ཏོ། །དེའི་ཚེ་སངས་རྒྱས་ལ་ཆོས་ཉན་པའི་ཕྱིར་ཐམས་ཅད་ཀྱིས་ཕྱོགས་སུ་འདུས་སོ། །དེའི་ཚེ་དེའི་དུས་ན། སངས་རྒྱས་ཀྱི་ཞལ་ནས། སངས་རྒྱས་རྣམས་ནི་ཆོས་རྣམས་ནི། །མ་བཤད་པས་ཀྱང་གོ་བ་མེད་གསུང་ནས། །སངས་རྒྱས་ཀྱི་གསུང་གི་དང་པོ་འདི་སྐད་དུ་གསུངས་སོ། གོ་ཏོ་ནས། །མིག་མི་རྟག་གོ་གསུངས་པ་དེ་ལ། གང་ཟག་དབང་པོའི་བྱེ་བྲག་གིས། སྒྲ་གཅིག་ཐོས་པ་ལས་ཆོས་ཀྱི་ཕུང་པོའི་བྱེ་བྲག་ཐ་དད་པར་ཐོས་ཤིང་གོ་བ་སྟེ། དེ་ལ་སྡུག་བསྔལ་གྱི་སྒྲས་འདུལ་བ་རྣམས་ཀྱིས་ནི། མིག་སྡུག་བསྔལ་ལོ་

(༡༢༨)ཞེས་ཐོས་སོ། །བདག་མེད་པ་རྣམས་ཀྱི་འདུལ་བ་རྣམས་ཀྱིས་ནི། །མིག་བདག་མེད་པའོ་ཞེས་ཐོས་སོ། །སྟོང་པས་འདུལ་བ་རྣམས་ཀྱི་ནི། །མིག་སྟོང་ངོ་ཞེས་ཐོས་སོ། །ཞི་བས་དུལ་བ་རྣམས་ཀྱིས་ནི་མིག་ཞི་ཞེས་ཐོས་སོ། །དབེན་པས་འདུལ་བ་རྣམས་ཀྱིས་ནི། མིག་དབེན་པའོ་ཞེས་ཐོས་སོ། །མིག་མི་རྟག་པས་འདུལ་བ་རྣམས་ཀྱིས་ནི། མིག་མི་རྟག་པའོ་ཞེས་ཐོས་སོ། །གནས་མེད་པས་འདུལ་བ་རྣམས་ཀྱིས་ནི། མིག་གནས་མེད་པའོ་ཞེས་ཐོས་སོ། །སྒྱུ་མ་ལྟ་བུས་འདུལ་བ་རྣམས་ཀྱིས་ནི། །མིག་སྒྱུ་མ་ལྟ་བུའོ་ཞེས་ཐོས་སོ། །རྨི་ལམ་ལྟ་བུས་འདུལ་བ་རྣམས་ཀྱིས་ནི། མིག་རྨི་ལམ་ལྟ་བུའོ་ཞེས་ཐོས་སོ་ཆུ་ཟླ་ལྟ་བུས་འདུལ་བ་རྣམས་ཀྱིས་ནི། མིག་ཆུ་ཟླ་ལྟ་བུའོ་ཞེས་ཐོས་སོ། །མིག་ཡོར་ལྟུ་བུས་འདུལ་བ་རྣམས་ཀྱིས་ནི། མིག་མིག་ཡོར་ལྟ་བུའོ་ཞེས་ཐོས་སོ། །བྲག་ཆ་ལྟ་བུས་འདུལ་བ་རྣམས་ཀྱིས་ནི་མིག་བྲག་ཆ་ལྟ་བུའོ་ཞེས་ཐོས་སོ། །དེ་བཞིན་དུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། མ་སྐྱེས་པ་དང་སྐྱེ་བ་མེད་པས་འདུལ་བ་རྣམས་ཀྱིས་ནི། མིག་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། མ་སྐྱེས་པ་དང་མ་བྱུང་བར་ཐོས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བས་འདུལ་བ་རྣམས་ཀྱིས་ནི། །མིག་རྟེན་ཅིང་འབྲེལ་པར་འབྱུང་བའོ། །ཞེས་ཐོས་སོ། །མིག་ལ་ཇི་ལྟ་བ་བཞིན་དུ་ཡིད་ཀྱི་བར་དུ་རྟེན་ཅིང་འབྲེལ་པར་འབྱུང་བའོ་ཞེས་ཐོས་སོ། །དེ་བཞིན་དུ་གཟུགས་སྒྲ་ དྲི་ རོ་ རེག་བྱ། ཆོས་རྣམས་སྟོང་ངོ་

(༡༢༩)ཞེས་ཐོས་སོ། །ཁ་ཅིག་ནི་ཕུང་པོ་མི་རྟགས་དང་། ཁ་ཅིག་ནི། སྐྱེ་མཆེད་བདག་མེད་པའོ་ཞེས་ཐོས་སོ། །ཁ་གཅིག་གི་ནི་ཕུང་པོ་མི་རྟག་པ་ཉིད་དུ་ཐོས་ལ་ཁམས་ལ་མི་རྟག་པ་ཉིད་དུ་མ་ཡིན་ནོ། །ཁ་ཅིག་གིས་ནི་ཁམས་ལ་མི་རྟག་པ་ཉིད་དུ་ཐོས་ལ། ཕུང་པོ་ལ་མི་རྟག་པ་ཉིད་དུ་མ་ཡིན་ནོ། །ཁ་ཅིག་གིས་ནི། སྡུག་བསྔལ་ལ་གྱི་སྒྲས་རྣམ་པར་གྲོལ་ལོ། །ཁ་ཅིག་གིས་ནི་འགོག་པའི་སྒྲས་རྣམ་པར་གྲོལ་ལོ། །ཁ་ཅིག་གིས་ནི་སྨོན་ལམ་གྱི་སྒྲས་རྣམ་པར་གྲོལ་ལོ། །དྲན་པ་ཉེ་བར་གཞག་པ་ཡང་དག་པར་སྤོང་བ་ལ་སོགས་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་སོ་སོའི་གཏམ་དུ་ཐོས་སོ། །ཞི་གནས་དང་ལྷག་མཐོང་གི་གཏམ་དུ་ཐོས་སོ། །ཁ་ཅིག་གིས་ནི་བདེན་པའི་གཏམ་དུ་ཐོས་སོ། །ཁ་ཅིག་གིས་ནི་ཉན་རང་དང་དབང་དུ་ལྡན་པའི་གཏམ་དུ་ཐོས་སོ། །ཁ་ཅིག་གིས་ནི་ཐེག་པ་ཆེན་པོ་དང་རབ་ཏུ་ལྡན་པའི་གཏམ་དུ་ཐོས་ཏེ། དེ་ལྟར་ན་སངས་རྒྱས་ཀྱི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་བསམ་པ་ཚིམ་པར་བྱ་བའི་ཕྱིར། ཆོས་ཀྱི་འཁོར་ལོ་བསྐོར་རོ། །སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། སེམས་ཅན་གྱི་དོན་མཛད་པ་གང་ཡིན་པ་དེ། སེམས་ཅན་ཐམས་ཅད་ཤ་རའི་བུ་འདྲ་བར་གྱུར་ཀྱང་། དེའི་ཤེས་རབ་ཀྱིས་བསྐལ་པ་བྱེ་བ་ཁྲག་ཁྲིག་ཏུ་བཤད་ཅིང་གསུངས་ཀྱང་། དེའི་སྒྲ་དང་དོན་གྱི་མཐའ་དང་གཏིང་རྟོགས་པར་མི་འགྱུར་རོ། །དེའི་ཕྱིར་ན། རྒྱ་གར་སྐད་དུ། སངས་རྒྱས་ཀྱི་གོ་ཏི་ན་གསུངས་པ་དེ་ལ། ཉོན་མོངས་པ་འཁོར་བ་པའི་ཆོས་ཅན་དང་། ཆོས་ཉིད། རྣམ་པར་བྱང་བ་མྱ་ངན་ལས་འདས་པའི་ཆོས་ཅན་དང་། ཆོས་

(༡༣༠)ཉིད་འདིར་མ་གསུངས་པ་གང་ཡང་མེད་པའོ། །དེའི་ཕྱིར་ན། སེམས་ཅན་གཅིག་གི་རྒྱུད་ལས་རྣམ་པར་རྟོག་པ་ལྔ། དེ་ལས་འཕྲོས་པས་རྣམ་པར་རྟོག་པ་བརྒྱད་ཁྲི་བཞི་སྟོང་། དེ་སྐྱེད་པ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་། སེམས་ཅན་ཐམས་ཅད་ལ་ཡང་མ་ཁྱབ་པ་མེད་པའོ། །དེ་གྲངས་ཅན་ཡིན་ལ། གྲངས་མེད་མཐའ་ལས་འདས་ཤིང་བསམ་གྱིས་མི་ཁྱབ་པའི་ཉོན་མོངས་པ་ཡོད་པ་སྟེ། དེ་ནི་ཉོན་མོངས་པ་འཁོར་བ་བའི་ཆོས་ཅན་ཆོས་ཉིད་ཞེས་བྱ་བའོ། །དེའི་གཉེན་པོར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པར་བཞེད་པ་ནི། ཉོན་མོངས་པ་ཞེ་སྡང་ལས་འཕྲོས་པ་ཉི་ཁྲི་གཅིག་སྟོང་གི་གཉེན་པོར་མདོ་སྡེ་ཉི་ཁྲི་གཅིག་སྟོང་། འདོད་ཆགས་ལས་འཕྲོས་པ་ཉི་ཁྲི་གཅིག་སྟོང་གི་གཉེན་པོར་འདུལ་བ་ཉི་ཁྲི་གཅིག་སྟོང་། གཏི་མུག་ལས་འཕྲོས་པ་ནི་ཉི་ཁྲི་གཅིག་སྟོང་གི་གཉེན་པོར་མངོན་པ་ཉི་ཁྲི་གཅིག་སྟོང་། དེ་གསུམ་ཆ་མཉམ་པ་ལས་འཕྲོས་པ། ང་རྒྱལ་ཕྲག་དོག་གཉིས་ལས་ཉོན་མོངས་པ་ཉི་ཁྲི་གཅིག་སྟོང་། དེའི་གཉེན་པོར་ལོངས་སྐུ་རང་རྒྱུད་པའི་བསྟན་པ་ཕྱི་རྒྱུད་གསུམ་ལས། ཀྲྀ་ཡ་ལ་གཏོགས་པ་གཟུང་སྔགས་ཀྱི་སྡེ་ཚན་སྟོང་ཕྲག་བདུན། རྣལ་འབྱོར་ལ་གཏོགས་པ་ཡོ་གའི་ཆོས་ཀྱི་ཕུང་པོ་སྟོང་ཁྲག་བདུན། ང་རྒྱལ་ཕྲ་དོག་གཉིས་ཆ་མཉམ་པའི་ཉོན་མོངས་པ་སྟོང་ཕྲག་བདུན་གྱི་གཉེན་པོར། ཀྲྀ་ཡ་ཡོ་ག་ཆ་མཉམས་པའི་སྤྱོད་པའི་རྒྱུད་སྟོང་ཕྲག་བདུན་ཏེ། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གྲངས་ཅན་གསུངས་པ་ནི། བྱ་བའི་རྒྱུད་འདུལ་བ་དང་ཆ་མཐུན། སྤྱོད་པའི་ཆོས་ཀྱི་ཕུང་

(༡༣༡)པོ་རྣམས་མངོན་པ་དང་ཆ་འཐུན། རྣལ་འབྱོར་རྒྱུད་ཀྱི་ཆོས་ཀྱི་ཕུང་པོ་རྣམས་མདོ་སྡེ་དང་ཆ་འཐུན། དེའི་ཕྱིར་ན། སེམས་ཅན་རྣམས་ཉོན་མོངས་པའི་འཁོར་བའི་ཆོས་གྲངས་ཅན་གྲང་མེད་ཅིང་བསམ་གྱིས་མི་ཁྱབ་པ་ཡོད་པའི་ཕྱིར་ན། དེའི་གཉེན་པོ་སངས་རྒྱས་ཀྱི་ཆོས་ཀྱི་ཕུང་པོ་ཡང་གྲངས་མེད་ཅིང་བསམ་གྱིས་མི་ཁྱབ་པར་གསུངས་ཤིང་བྱིན་གྱིས་བརླབས་ཏེ། འདི་རྣམས་ནི་རྣམ་པར་བྱང་བ་མྱ་ངན་ལས་འདས་པའི་ཆོས་ཅན་ཆོས་ཉིད་དོ། །དེའི་ཕྱིར་ན། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལས་ཆོས་ཅན་དང་། ཆོས་ཉིད་དུ་མ་འདུས་པ་དང་། མ་བྱུང་བ་དང་། མ་རྫོགས་པ་གང་ཡང་མེད་པར་ཤེས་པར་བྱའོ། །གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་གསང་བའི་མཛོད་གསུམ་ལས། མི་ཟད་པ་བརྒྱན་གྱི་འཁོར་ལོ་རྣམ་པ་ལྔར་གསུངས་པ་ལས། ཚངས་པ་བྱེ་བ་ཕྲག་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་མ་བཏབ་པ་དང་། སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་རྣམས་ལས། ཡུལ་ཐམས་ཅད་མཉམ་པའི་ཏིང་ངེ་འཛིན་ལ་མཉམ་པར་ཞུགས་ཤིང་། སང་ཀྲི་ཏའི་སྐད་དུ་གོ་ཏི་ན་གསུངས་པ་ལས། རབ་འབྱམ་ཆོས་ཀྱི་ཕུང་པོས། ཆོས་ཀྱི་དབྱིངས་ཀྱི་ཁྱབ་ཚད་དུ། ཀུན་གྱིས་གོང་ཞིང་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་སྐབས་བསྟན་པའོ། །དེའི་ཚེ་དེའི་དུས་ན། ཤཱཀྱ་ཐུབ་པས་ཕྱག་ན་རྡོ་རྗེ་ལུང་བསྟན་ཏེ། བསྐལ་པ་བཟང་པོ་འདི་ཉིད་ལ་ཕྱག་ན་རྡོ་རྗེས་རྡོ་རྗེ་ཐོགས་ནས། སངས་རྒྱས་སྟོང་རྩ་གཉིས་ཀྱི་བྱ་བ་དང་།

(༡༣༢)མཛད་པ་འཕྲིན་ལས་ཐམས་ཅད་རྫོགས་པར་མཛད་ནས། སེམས་ཅན་རྣམས་སྨིན་པར་མཛད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ནས། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གི་བསྟན་པ་རྫོགས་ཤིང་། སངས་རྒྱས་མོས་པའི་ཆོས་ནུབ་ནས། སངས་རྒྱས་མི་འཁྲུག་པའི་སངས་རྒྱས་ཀྱི་ཞིང་མངོན་པོར་དགའ་བ་དེར་ཕྱག་ན་རྡོ་རྗེ་འབྱུང་བའི་ཚུལ་བསྟན་ནས། སངས་རྒྱས་མི་འཁྲུག་པའི་ཀྲྀ་ཡའི་ཕྱག་བརྒྱ་རྩ་བརྒྱད་ཀྱི་དབང་ཕྱག་ན་རྡོ་རྗེ་ལ་བསྐུར་རོ། །དེའི་འོག་དུ་སངས་རྒྱས་གྲངས་མེད་དཔག་ཏུ་མེད་པ་རྫོགས་པར་མཛད་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་རྣམ་པར་གནོན་པ་ཞེས་བྱ་བར་སངས་རྒྱས་ཚུལ་བསྟན་ཏོ། །དེའི་སངས་རྒྱས་ཀྱི་ཞིང་དང་མཛད་པ་ཕྲིན་ལས་ནི། སངས་རྒྱས་བརྒྱ་ཕྲག་མང་པོ་ཡིས་ཕྲིན་ལས་གཅིག་ཏུ་བསྡུས་པ་ཙམ་འབྱུང་བར་འགྱུར་རོ། །སེམས་ཅན་དབང་པོ་རབ་འབྲིང་ཐ་མ་རྣམས་ཀྱང་། སངས་རྒྱས་རྡོ་རྗེ་རྣམ་པར་གནོན་པའི་ཞིང་ཁམས་དེར་སྐྱེ་བའི་སྨོན་ལམ་འདེབས་སོ། །དེའི་ཚེ་དེའི་དུས་ན། ཕྱག་ན་རྡོ་རྗེས་སངས་རྒྱས་ཀྱི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་ཚད་ལྟ་བའི་ཕྱིར། རང་གི་ཕྱག་མཚན་རྡོ་རྗེ་དེ་ནམ་མཁའ་ལ་འཕངས་སོ། །ནམ་མཁའི་མཐའ་ནམ་སྙེད་པ་ན་ཚུར་ལོག་ཅིག་གསུངས་པ་ལས། དེ་བཞིན་གཤེགས་པའི་ཐུགས་གསང་བ་དང་ནམ་མཁའ་ལ་ཐུག་མཐའ་མེད་པའི་ཕྱིར་ན། རྡོ་རྗེ་ད་རུང་དུ་ནམ་མཁའ་ལ་འགྲོ་བར་བཤད། དེའི་ཕྱིར་ན། ད་ལྟར་རྣ་བ་གཉིས་ཀ་བཀག་པའི་དུས་སུ་འུར་སྒྲ་ཆེན་པོ་གྲག་པ་དེ། རྡོ་རྗེ་ནམ་མཁའ་ལ་འགྲོ་བའི་སྒྲར་བཞེད་པ་ཡིན། དེའི་ཕྱིར་ན་སངས་རྒྱས་ཀྱི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་གྲངས་ཅན་དང་གྲངས་མེད་དུ་གསུངས་

(༡༣༣)པའི། །གསང་བའི་བདག་པོས་གསང་བ་གསུམ་གྱི་མཛོད་བསམ་གྱིས་མི་ཁྱབ་པར་བསྟན་པ་ལས། །མཐའ་དང་དབུས་ཚད་དང་མཐའ་མེད་པར་བསྟན་པའི་བར་སྐབས་སོ། །དེའི་ཚེ་དེའི་དུས་ན། རྒྱལ་པོ་མ་སྐྱེས་དགྲ་འདི། སྙམ་དུ་སེམས་ཏེ། ཕྱག་ན་རྡོ་རྗེའི་ལག་པ་གཡས་པ་ན་ཐོགས་པའི་རྡོ་རྗེ་དེ་ལྗི། ས་ཞིག་གམ་འོན་ཏེ་ཡངས་བ་ཞིག་ཡིན། སྙམ་དུ་བསམ་མོ། །དེའི་ཚེ་དེའི་དུས་མ་སྐྱེས་དགྲའི།།།།།།ཕྱག་ན་རྡོ་རྗེ་མཁྱེན་ནས། ཕྱག་ན་རྡོ་རྗེས་མ་སྐྱེས་དགྲ་ལ་སྨྲས་པ་ནི། རྡོ་རྗེ་འདི་ལྗིད་པ་ཡང་མ་ཡིན་ནོ། །ཡང་བ་ཡང་མ་ཡིན་ནོ། །དེའི་ཕྱིར་ན། ང་རྒྱལ་ཅན་དང་། བརྒྱགས་པ་དང་། དྲེགས་པས་སྙེམས་པ་རྣམས་འདུལ་བའི་ཕྱིར་ལྕི་བ་ཡིན་ནོ། །ང་རྒྱལ་མེད་པ་དང་། དྲང་བ་དང་། སྟོན་པའི་བསྟན་པ་བཞིན་དུ་བྱེད་པ་རྣམས་ལ་ནི་ཡང་པ་ཡིན་ནོ། །དེའི་ཚེ་དེའི་དུས་ན། ཕྱག་ན་རྡོ་རྗེས་རྡོ་རྗེ་དེ་བྱིན་གྱིས་བརླབས་ནས་འཕངས་ནས་ས་ལ་བརྒྱབ་སྟེ། ཕྱེད་མངོན་ཕྱེད་ནུབ་པ་ཙམ་དུ་གཞག་གོ། །དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་སོ། །དེའི་ཚེ་མ་སྐྱེས་དགྲས་ཚན་ཆེན་པོ་དང་ལྡན་པ་དེས། རྡོ་རྗེ་དེ་བླང་པར་སེམས་ནས་རེག་ཀྱང་མ་ནུས་སོ། །བཅོམ་ལྡན་འདས་ཀྱི་བརྒྱ་བྱིན་ལ་གསུངས་པ། རྡོ་རྗེ་འདི་རང་བཞིན་གྱིས་འཁོར་ཡུག་གི་ར་ལ་སྣུན་ཡང་། ཐལ་བ་རླུང་གིས་གཏོར་བ་བཞིན་དུ་འགྲོ་སྟེ། རྡོ་རྗེ་འདིའི་སྟོབས་ནི་དེ་ཙམ་མོ་གསུངས་སོ། །བརྒྱ་བྱིན་གྱི་མོའུ་འགལ་གྱི་བུ་ལ་སྨྲས་པ་རྫུ་འཕྲུལ་དང་ལྡན་པ་

(༡༣༤)ཁྱོད་ཡིན་གྱིས་རྡོ་རྗེ་འདི་ཐོན་གཅིག །མོའུ་འགལ་བུས་བསམས་པ། རྡོ་རྗེ་འདི་བདག་གི་མ་ཐོན་ན་ནི། ལྷ་དང་བཅས་པའི་འདུན་པ་ངོ་ཚ་སྙམ་ནས། རྫུ་འཕྲུལ་གྱི་སྟོབས་ཀྱིས་རྡོ་རྗེ་ཐེན་པ་དང་འཇིག་རྟེན་གྱི་ཁམས་ཐམས་ཅད་འདར་ཤིག་ཤིག་བྱེད་ཅིང་། རྒྱ་མཚོ་ཉི་ཟླ་གཟའ་སྐར་ཡང་འཁྲུག་པ་འབྱུང་ཡང་རྡོ་རྗེ་འགུས་བར་མ་ནུས་སོ། །དེའི་ཚེ་དེའི་དུས་ན། བྱང་ཆུབ་སེམས་དཔའ་སྟོབས་དང་ལྡན་པ་རྣམས་དང་། རྒྱལ་ཆེན་བཞི་དང་། ཚང་པ་བརྒྱ་བྱིན་ལ་སོགས་པ་མཐུ་སྟོབས་རྨད་དུ་བྱུང་པ་རྣམས་ཀྱིས་བསྒུལ་བར་འདོད་ཀྱང་རེག་པར་ཡང་མ་ནུས་སོ། །དེའི་ཚེ་སངས་རྒྱས་ཀྱི་ཕྱག་རྡོར་ལ་གསུངས་པ། རྡོ་རྗེ་འདི་ཁྱེད་བདག་རང་གིས་ཐེན་གཅིག་གསུངས་པ་ལས། ཕྱག་ན་རྡོ་རྗེ་ཡིས་ཕྱག་གཡོན་པས་རྡོ་རྗེ་བླངས་ནས་ནམ་མཁའ་ལ་འཕངས་ཏེ། ལན་བདུན་བསྐོར་ནས་ཕྱག་ན་རྡོ་རྗེའི་ལག་དུ་བྱོན་ནོ། །དེའི་ཚེ་དེའི་དུས་ན། །རྒྱལ་བ་དང་རྒྱལ་བའི་སྲས་རྣམས་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། འཇིག་རྟེན་གསུམ་ན་འཁོད་པའི་དྲག་བྱེད་གཏུམ་པོ་རྣམས་ལ་སོགས་ཏེ། གང་དང་གང་གིས་ཀྱང་ཕྱག་ན་རྡོ་རྗེ་ལ་ངོ་མཚར་ཅན་དུ་མཐོང་ཞིང་། གང་ཡང་འགྲན་དུ་མེད་ལ་སྲིད་པ་གསུམ་གྱི་དྲག་བྱེད་ཕོ་མོས་ཐམས་ཅད་སྐྲག་ཅིང་དངངས་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ན། སངས་རྒྱས་ཀྱི་འཐུས་སྲིད་པ་གསུམ་གྱི་དཀྱིལ་འཁོར་འདིར་རྡོ་རྗེ་འཆང་གི་དཀྱིལ་འཁོར་ཕོ་བྲང་དུ་བྱིན་གྱིས་བརླབས་ཤིང་། །རྡོ་རྗེའི་སྟེང་གི་རྩེ་ལ་རྡོ་རྗེ་རྩེ་མོ་རྒྱུད་དང་འོག་གི་རྡོ་རྗེའི་རྩེ་མོ་ལས་རྡོ་རྗེ་ས་འོག་གི་རྒྱུད་དང་། རྭ་ལྔ་ལས་ཕྱག་

(༡༣༥)ན་རྡོ་རྗེ་རིགས་ལྔའི་རྒྱུད་དང་། རྡོ་རྗེ་ལྟེ་བ་ལ་རྡོ་རྗེ་རྣམ་པར་འཇོམས་པ་གཟུངས་སྔགས་རྩ་བའི་རྒྱུད་དང་། འོག་གི་རྭ་ལས་ཁྲོ་བོ་སྟོང་རྩ་གཉིས་རི་རབ་ཀྱི་རྩེ་མོ་ནས་ཁང་པ་རྩེགས་པའི་རྒྱུད་སྟོང་དང་། རྡོ་རྗེའི་སྟེང་གི་ཆུ་སྲིན་གྱི་ཁ་རྣམས་ལས། ཟླ་བ་ཆུ་འཛག །ཉི་མ་ཁྲག་སྐེམས། གསང་བ་གཏན་པའི་རྒྱུད་རྣམས་དང་ཁྲོ་བོ་མི་གཡོ་བའི་རྒྱུད་རྣམས་དང་། ཁྲོ་བོ་བཅུ་དང་། ཁྲོ་མོ་བཅུའི་གཟུངས་སྔགས་རྣམས་གསུངས་སོ། །རྡོ་རྗེ་ལྟེ་བའི་པད་མའི་ཟེ་འབྲུ་རྣམས་ལ་རྟེན་ནས་ཙཎྜ་རོ་ཥ་ཐུགས་ཀྱི་རྒྱུད། བཛྲ་པཱ་ཎི་སྐུའི་རྒྱུད། ནི་ལམ་བྷ་ར་གསུང་གི་རྒྱུད། །བཅོ་བརྒྱད་རྒྱལ་ངོས་ཡོན་ཏན་གྱི་རྒྱུད། བདུད་རྩི་འཁྱིལ་པ་འཕྲིན་ལས་ཀྱི་རྒྱུད་དང་། སྔགས་རྣམས་གསུངས་ཤིང་བྱིན་གྱིས་བརླབས་སོ། འོག་གི་ཆུ་སྲིན་གྱི་ཁ་དང་རྭ་རྣམས་ལས། མཚོན་ནས་རྡོ་རྗེ་ས་འོག་གི་རྒྱུད་དང་། འབྱུང་པོ་ཀུས་འདེབས་ཀྱི་རྒྱུད་དང་། བྱ་ཁྱུང་གི་རྒྱུད་རྣམས་དང་། ཀླུ་གཤེད་ཀྱི་ཁྲོ་བོ་རྣམས་ཀྱི་རྒྱུད་དང་། བཟུངས་རྣམས་གསུངས་སོ། །དེའི་ཚེ་དེའི་དུས་ན། ལྷ་མ་སྲིན་སྡེ་བརྒྱད། དྲེགས་པ་ཕོ་མོ་རྣམས་སྐད་གཅིག་ཙམ་གྱིས་འདུས་ཤིང་དམ་ལ་བཏགས་ནས། རྒྱ་གྲམ་ཆེན་པོ་ལྔའི་དཀྱིལ་འཁོར། ཁྱད་པར་གྱི་འཁོར་ལོ་བཞི་ཟེར་ཡང་རྒྱལ་པོ་ཆེན་པོ་བཞི་ཡིན། རྒྱལ་པོ་བཞི་འཁོར་དང་བཅས་པའི་རྒྱུད་དང་། གཟུངས་མང་དུ་གསུངས་པ་དང་། གསུང་གི་དལ་རྒྱ་གྲམ་ཆེན་པོ་ལྡང་དགུའི་དལ་ལས། ལྷ་མ་སྲིན་སྡེ་བརྒྱད་

(༡༣༦)ཕོ་མོ་འཁོར་དང་བཅས་པའི་རྒྱུད་དང་གཟུངས་དཔག་དུ་མེད་པ་གསུངས་པ་དང་། སྐུའི་དཀྱིལ་འཁོར་ལྷ་ལྔ། རྒྱ་རྩ་གཅིག་གི་དཀྱིལ་འཁོར་ནས། གནོད་སྦྱིན་གོས་སྔོན་ཅན་ལྔ་བརྒྱའི་རྒྱུད་དང་། གཟུངས་ཡང་དུ་གསུངས་པ་སྟེ། དཀྱིལ་འཁོར་ཅི་ལྟར་དུ་བྱུང་ན་ཡང་། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་དབུས་ན་རྡོ་རྗེ་རེ་རེ་བཞུགས་པའོ། །ཕྱོགས་སྐྱོང་བཅུ་འཁོར་དང་བཅས་པའི་རྒྱུད་གཟུངས་དཔག་དུ་མེད་པ་དང་། ཚངས་རིགས་ཀྱི་མགོན་པོ་བདུན་བཅུ་རྩ་གཉིས་འཁོར་དང་བཅས་པའི་རྒྱུད་དང་གཟུངས་དཔག་ཏུ་མེད་པ་གསུངས་པ་དང་། ཕྱག་ན་རྡོ་རྗེའི་འཁོར་གྱི་དམ་པ་དེ་ཀླུ་ཡིན་པ་ལས། ཁང་བུ་རྩེགས་པ་རིན་པོ་ཆེའི་མཆོད་རྟེན་རྩེགས་པ། ཀླུ་ཆེན་ཕོ་མོ་བཅུ་དྲུག་གི་རྒྱུད་གསུངས། སྦལ་ནག་ཁ་སྦྱོར། སྦྲུལ་ནག་འཇིང་སྣོལ། ཀླུ་ཁྱབ་འཇུག་ཆེན་པོ་བདག་སྲོག་གི་འཁོར་ལོ། །དུར་བ་ནག་པོ་མགོ་དགུ་ལ་སོགས་པའི་རྒྱུད་དང་། གཟུངས་དཔག་དུ་མེད་པ་གསུངས་པ་སྟེ། སྲིད་པ་གསུམ་གྱི་གཏུམ་པོ་དྲེགས་བྱེད་ཐམས་ཅད་ཀྱི་སྲོག་སྙིང་ཕུལ་བའོ། །ཕྱག་ན་རྡོ་རྗེ་འཁོར་དང་བཅས་པའི་རྒྱུད་དང་གཟུངས་འདི་རྣམས་གཙོ་ཆེར་བྱ་བའི་རྒྱུད་དུ་རྟོགས་པ་ཡིན། ཕལ་ཆེར་ཕྱི་རྒྱུད་གསུམ་ཀ་ལ་ཁྱབ་པ་སྟེ། གསང་བ་བསྟན་པ་རྒྱུད་ལེའུ་བདུན་པ་འདི་ཕྱག་ན་རྡོ་རྗེའི་རྩ་བའི་རྒྱུད་ཡིན། ཕྱག་ན་རྡོ་རྗེ་ཡོ་ག་ལ་གཏོགས་པ་རྣམས་ལ་བཞིར་དབྱེ་བ་ལས། ཡོ་གའི་བླ་ན་མེད་པའི་རྒྱུད་ཙམ་དུ་གསང་བ་བསྟན་པ་འདི་གཏོགས་པ་ཡིན། །དེའི་ཕྱིར་ན།

(༡༣༧)ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལས། ཀྲྀ་ཡ་དག་པའི་རྣལ་འབྱོར་ལ་ཆོས་ཀྱི་སྒོ་མོ་བདུན་དབང་པའི་ཕྱིར་ན། རྡོ་རྗེ་འཛིན་པ་བྱ་བའི་རྒྱུད་ཀྱི་ཆོས་ཀྱི་ཕུང་པོ་གཉིས་དང་། ཆོས་ཀྱི་སྒོ་མོ་གཅིག་གིས་སུམ་ཆ་ཐོབ་པ་དེ། བྱ་བ་དང་བྱེད་པ་སྣ་ཚོགས་དང་། ཁྲུས་དང་གཙང་སྦྲ། གཟུངས་སྔགས་ཀྱིས་སྒྲིབ་པ་སྦྱོང་པའོ། །གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་བྱ་བའི་རྒྱུད་ཀྱི་རྡོ་རྗེ་འཛིན་པ་འཁོར་དང་བཅས་པའི་གསང་བའི་མཛོད་རྣམས་གཏན་པའི་བར་སྐབས་སོ། །དེའི་ཚེ་དེའི་དུས་ན། ཞི་བའི་བློ་གྲོས་ཀྱི་ཕྱག་ན་རྡོ་རྗེ་ལ་སྨྲས་པ། ཤཱཀྱ་ཐུབ་པས་རྫུ་འཕྲུལ་དང་ཆོ་འཕྲུལ་མཛད་པའི་ཚེ་ཁྱེད་ཀྱིས་ཀྱང་སྤྲུལ་པ་མཛད་དམ་མི་མཛད་ཕྱག་ན་རྡོ་རྗེ་འཐད་པ་བཀོད་པ། སངས་རྒྱས་དངོས་སུ་བཞུགས་པ་ཡང་པོ་ཡིན་པའི་ཕྱིར་ན། སངས་རྒྱས་ཀྱི་གང་གའི་ཀླུང་གི་བྱེ་མ་སྙེད་རྡུལ་གཅིག་སྟེང་ནས་རྡུལ་རྙེད་ཀྱི་སྤྲུལ་པ་དུ་མ་སྤྲུལ་ན། བདག་གིས་ཀྱང་དེ་རྣམས་ཀྱི་གྲངས་དང་། ཁ་དོག་དང་སྟོབས་དང་། རྫུ་འཕྲུལ་རྣམ་པར་འཕྲུལ་པའོ། །དེ་ཅིའི་ཕྱིར་ཞེས་ན། སྔོན་གྱི་སེམས་དང་སྨོན་ལམ་དང་ཡེ་ཤེས་ཀྱི་སྟོབས་ཀྱི་མ་བྱུང་པ་ཁ་མེད་པའོ། །དེ་ཡང་མ་ཟད་དེ། ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་ནས་སངས་རྒྱས་ཇི་ལྟར་དུ་བཞུགས་པ་བཞིན་དུ། ཕྱག་ན་རྡོ་རྗེ་ཡང་དེ་ལྟར་དུ་བྱུང་སྟེ། སངས་རྒྱས་ཀྱི་མཛད་པ་སྣ་ཚོགས་སྒྲུབ་པའོ་ཕྱག་ན་རྡོ་རྗེས་གསང་བ་གསུམ་གྱི་མཛོད་བསྟན་པ་ལས། རྫུ་འཕྲུལ་མཐུ་སྟོབས་བསམ་གྱིས་མི་ཁྱབ་ཅིང་། ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་བར་སྐབས་

(༡༣༨)བསྟན་པའོ། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་པ་ལས། ཁྱད་པར་དུ་ཀྲྀ་ཡ་དག་པའི་རྣལ་འབྱོར་གྱི་སྟོན་པ་བསྟན་པ་གསང་བ་གསུམ་གྱི་མཛོད་དང་འཐུན་པར། རྒྱུད་གཟུངས་རྣམས་དང་འཐུན་པར་འཛིན་སྔགས་པ་རང་བྱུང་རྡོ་རྗེས་བསྟན་པའོ། །བྱ་བའི་རྒྱུད་ཀྱི་བསྟན་པ་རྒྱ་མཚོ་མཐའ་ཡས་པ་འདི། གང་དང་གང་དུ་བཞུགས་ཤིང་ཉན་པ་དང་བཤད་པ་དང་། བྲི་དང་ཀློག་སྐྱེད་རྫོགས་བསྒོམས་པ་ལ་སོགས་པ། རྣམས་ལ་སངས་རྒྱས་སྟོང་རྩ་གཉིས་དང་། རྡོ་རྗེ་འཛིན་པ་འཁོར་དང་བཅས་པ་རྣམས་ཀྱིས་བསྲུང་བ་དང་སྐྱོབ་པ་དང་། བར་ཆད་སེལ་བ་དང་། བསྟན་པ་བསྲུང་བ་དང་། གསང་བ་གསུམ་གྱི་མཛོད་ཀྱི་དངོས་གྲུབ་རང་གི་ལུས་ངག་ཡིད་གསུམ་ལ་སྟོབས་པར་བྱིན་གྱིས་བརློབས་ཤིག་ཆོས་དབྱིངས་བྱང་ཆུབ་ཀྱི་དཀྱིལ་འཁོར་དུ། བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་བསགས་དང་རྟོགས་པ་དང་། །འགྲོ་དྲུག་སེམས་ཅན་མ་ལུས་པ། །སྐུ་ལྔ་ཡོངས་རྫོགས་སངས་རྒྱས་ཉིད་དུ་ཤོག །ཀུན་གཞི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །བདག་དང་སེམས་ཅན་ཐམས་ཅད་ཀྱིས་དུས་གསུམ་དུ་བསགས་པ་དང་། རྟོགས་པའི་དགེ་བའི་རྩ་བ་འདིས་དུས་གསུམ་གྱི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས། གཅིག་དུ་སྡུས་པ་ཙམ་བྱེ་བ་ཁྲག་ཁྲིག་བསམ་གྱིས་མི་ཁྱབ་པ། བདག་ལ་ད་ལྟ་ཉིད་དུ་འབྱུང་ཞིང་། འགྲོ་དྲུག་སེམས་ཅན་རྣམས་སྐད་ཅིག་ཉིད་ལ། བླ་ན་མེད་པའི་སངས་རྒྱས་ལ་འགོད་པར་གྱུར་ཅིག །ཀྲྀ་ཡ་དག་པའི་རྣལ་འབྱོར་ལྕང་ལོ་ཅན་གྱི་ཕོ་བྲང་ན་བཞུགས་པའོ། །བྱང་ཆུབ་རྡོ་རྗེའི་བྱ་བའི་རྒྱུད་ཀྱི་བསྟན་པ་རྒྱ་མཚོ་མཐའ་

(༡༣༩)ཡས་རྫོགས་སོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་བརྒྱན་དུ་ཤོག །ཕུན་སུམ་ཚོགས་པ་རྒྱ་མཚོ་མཐའ་ཡས་ཀྱི་གཞུང་ས་གཅད་ཆེན་མོ་དང་། ཕུན་སུམ་ཚོགས་པ་རྒྱ་མཚོ་མཐའ་ཡས་ཀྱི། བྱ་བའི་རྒྱུད་ལ་སོགས་པ། ཕྱི་རྒྱུད་གསུམ་གྱི་གདམ་ངག་རྣམས་དང་སྦྱར་ཏེ། གཞུང་ས་བཅད་ཡིག་སྣའི་ཚུལ་དུ་བཤད་པར་བྱའོ། །རྫོགས་དང་། མ་རྫོགས། དེ་རྫོགས་སོ། །ལོངས་སྐུ་རང་རྒྱུད་པའི་བསྟན་པ་ཕྱི་བརྒྱུད་གསུམ་ལས། བྱ་བའི་རྒྱུད་ཀྱི་འཇམ་དཔལ་ཡེ་ཤེས་སེམས་པའི་སྟོན་པ་ཕུན་སུམ་ཚོགས་པ་དང་། བསྟན་པ་ཕུན་སུམ་ཚོགས་པ་ཕྱག་འཚལ་ལོ། །འཇམ་དཔལ་ཡང་གཞི་ལམ་འབྲས་བུ་ཡིན་ཏེ། ཕྱག་ན་རྡོ་རྗེ་བྱ་བའི་རྒྱུད་ཀྱི་གསང་མཛོད་དུ་རྒྱས་པར་ཤེས་པར་བྱའོ། །བྱ་བའི་རྒྱུད་ཀྱི་འཇམ་དཔལ་གྱི་བསྟན་པ་ཕུན་སུམ་ཚོགས་པ་བོད་ལ་འགྱུར་བ་དང་། མ་འགྱུར་བའི་གཟུངས་སྔགས་མང་དུ་གསུངས་པ་སྟེ། དེ་ཡང་དབྱེ་ན་རྣམ་པ་གསུམ་ཡིན་ཏེ། ཤཱཀྱ་ཐུབ་པའི་ཞལ་ནས་གསུངས་པ་རྣམས་ནི། བཀའ་ཡིན་ལ། རྒྱལ་པོ་ཛའི་དུས་སུ་བ་ར་ན་སེར་རད་ཎ་མ་ཏིའི་ཡང་ཐོག་དུ་ཆར་དུ་བབ་པ་རྣམས་ནི་རྒྱུད་ཡིན་ནོ། །དེ་ཡང་བཀའ་རྒྱུད་རྣམས་ནི་ཕུན་སུམ་ཚོགས་པ་ལྔས་སྟོན་ལ། དེ་ལས་འཕྲོས་པ་བསྟན་བཅོས་ཡིག་སྣ་ས་བཅད། གདམས་ངག་བསྒྲུབ་ཐབས་ཀྱི་ཚོགས་དང་བཅས་པ་རྣམས་ནི། །རྩིས་མགོ་རྣམ་པ་ལྔ་ཡིས་འཆད་དོ། །དེ་ཡང་དོན་རྣམ་པ་གསུམ་གྱིས་ཁོག་ཕུབ་པ་སྟེ། ཀླད་དང་དོན་དང་འཇུག་

(༡༤༠)གི་དོན་ཏོ། །ཀླད་ཀྱི་དོན་ནི་རྒྱ་གར་སྐད་བོད་ཀྱི་སྐད་འཚམས་སྦྱར་བ་དང་། རྒྱ་སྐད་བོད་སྐད་དུ་བསྒྱུར་བ་དང་། རྒྱ་གར་སྐད་དུ་སྐད་རིགས་བཞི་འམ་ལྔ་ཡོད་པ་ལས། འདི་ནི་སང་ཀྲྀ་ཏ་ལྷའི་སྐད་ལ་བོད་སྐད་བསྒྱུར་བའོ། ཡིད་ཆེས་ཤིང་བྱིན་བརླབས་འཇུག་པར་བྱ་བའི་ཕྱིར། མཚན་ལ་ཕྱག་འཚལ་བ་དང་། བླ་མ་བརྒྱུད་པའི་རིམ་པ་རྣམས་ཀྱི་གླེང་གཞི་དང་། མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་སྟེ། ཕྱི་རྒྱུད་རྣམ་པ་གསུམ་ལས། ཀྲྀ་ཡ་རིགས་གསུམ་རྡོ་རྗེ་ཡིས། བཀའ་དང་། རྒྱུད་རྣམས་སོ་སོར་འབྱེད་པ་ལས། འདིར་ནི་འཇམ་དཔལ་རྡོ་རྗེ་འཛིན་པ་ཡིས། གཞི་དང་ལམ་གྱི་བསྒྲོད་ཚུལ་འབྲས་བུའི་ཐོབ་ཚུལ། སྟོན་པ་ཕུན་སུམ་ཚོགས་པ་དང་། བསྟན་པ་ཕུན་སུམ་ཚོགས་པ་དང་། རྒྱུད་དང་བཀའ་དང་མི་འགལ་བར་གསལ་ཞིང་གོ་བར་བྱེད་པ་སྟེ། ཀླད་ཀྱི་དོན་དུ་གཞུང་ས་བཅད་དང་བཅས་པ་མདོར་བསྡུས་པའོ། །གཞུང་གི་དོན་ལ་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ནས། རབ་འབྱམ་ཆོས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་བཀའ་ཏུ་གསུངས་པ་སྟེ། དེའི་ནང་ནས་བྱེ་བྲག་དུ་འཇམ་དཔལ་བྱ་བའི་རྒྱུད་ཀྱི་གཟུངས་སྔགས་རྣམས་དང་། ཐོག་མ་མེད་པའི་ཐེག་མ་མེད་པ་ནས། འཇམ་དཔལ་བསྟན་པ་ལ་ཞུགས་པར་འདོད་པས། བསྟན་པ་ལ་ཞུགས་པར་བཞེད་པ་དང་། བྱང་ཆུབ་དུ་སེམས་སྐྱེད་པར་འདོད་པས་ཀྱང་། བསོད་ནམས་ཀྱི་ཚོགས་བསགས་ཤིང་ལམ་ལ་ཡང་མ་སྒྲོད་ནས། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་ཞིང་། གདོད་མ་ནས་ཆོས་ཐམས་ཅད་འབྱུང་བ་མེད་པར་རྟོགས་ནས་སངས་རྒྱས་པར་

(༡༤༡)བཞེད་པ་དང་། །ཐོག་མ་མེད་པའི་དུས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་ཅིང་གྲངས་མེད་པ་རྣམས་ཀྱི་དྲུང་དུ་སྐྱེ་ཞིང་། རྒྱལ་བ་སྲས་དང་བཅས་པ་རྣམས་མཉེས་པར་བགྱིད་ཅིང་། ས་ལམ་དཔག་ཏུ་མེད་པར་སྒྲོད་པར་བཞེད་པ་དང་། རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཡེ་ཤེས་དང་། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཤེས་རབ། ཤེས་དང་ཤེས་བྱའི་བདག་པོར། ཐོག་མ་མེད་པའི་དུས་གྱུར་ཞིང་། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ལ་དབང་བསྐུར། སེམས་ཅན་རྣམས་ཀྱི་ཤེས་པ་དང་ཤེས་བྱ་ལ་དབང་བསྒྱུར་བས་ཏེ། དེའི་ཕྱིར་ན་མཚན་བརྗོད་ཀྱི་ལུང་ལས་ཀྱང་ཤེས་དང་ཤེས་བྱའི་བདག་པོ་སྟེ། གཙོ་བོ་ཆོས་ཀྱི་སྦྱིན་བདག་མཆོག །ཅེས་གསུངས་པའི་དོན་ཡང་སྐབས་འདིར་དགོངས་པའི་ཕྱིར་ན། ཐོབ་མ་བར་དང་ཐ་མ་མ་མཆིས་པའི་དུས་སུ་སངས་རྒྱས་སེམས་ཅན་གང་དུ་ཡང་ཐ་སྙད་མི་འདོགས་ཤིང་། ཆོས་ཅན་དང་ཆོས་ཉིད་རང་བཞིན་གྱིས་གནས་པའི་དུས་སུ། ཐམས་ཅད་ཀུན་གྱི་རང་བཞིན་དྲི་མ་མེད་པ་འདི་གང་གིས་རྟོགས་པ་དེ་ནི་ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། ཞེས་ཐ་སྙད་འདོགས་པ་སྣང་སྲིད། རྟེན་དང་རྟེན་པ་འཇམ་དཔལ་གྱི་རང་བཞིན་གྱིས་ཤེས་རབ། སེམས་དང་སེམས་བྱུང་ཆོས་དང་ཆོས་ཉིད། ཤེས་དང་ཤེས་བྱ་ཞེས་བྱ་བས་ཏེ། མ་རིག་པས་བསྒྲིབས་ཤིང་། གཟུང་བ་དང་འཛིན་པར་གྱུར་པ་ནི། ཁམས་གསུམ་པ། ཞེས་བྱའོ། །དེའི་ཕྱིར་ན། འཁོར་འདས་ཀུན་གྱི་རང་བཞིན་ནི། འཇམ་དཔལ་ཤེས་རབ་དྲི་མ་མེད་པར་

(༡༤༢)རྟོགས་པ་དང་། དྲི་མ་དང་བཅས་པའོ། །དེའི་ཕྱིར་ན། འཁོར་འདས་ཐམས་ཅད་ཀྱི་རང་བཞིན་ལས་འཇམ་དཔལ་གྱིས་མ་ཁྱབ་པ་མེད་པའི་ཕྱིར་ན། གཞིའི་འཇམ་དཔལ་བསྒྲོད་བྱ་ལམ་གྱི་འཇམ་དཔལ་སྐུ་ལྔ་ཡོངས་སུ་རྫོགས་པའི་འཇམ་དཔལ་ཏེ། འཇམ་དཔལ་ནི་གཞི་ལམ་འབྲས་བུ་མེད་པར་འདོད་པ་དང་། གཞི་ལམ་འབྲས་བུ་མེད་པར་བཞེད་པ་སྟེ། ཀུན་རྫོབ་ཐམས་ཅད་ཡོད་པར་བཞེད་པ་སྟེ་གཞན་དང་མཐུན། དོན་དམ་པར་ན་སེམས་གྱི་གནས་ལུགས་གཤིས་ལྔ་རྟོགས་ནས། ཡེ་ཤེས་ལྔ་དང་འཇམ་དཔལ་རང་མལ་དུ་རང་ས་ཟིན་ཤིང་། རང་ངོ་ཤེས་པར་བཤད་པས་ཏེ། བདག་རིག་གཞན་རིག་ཆེན་པོ་པ། བྱ་བའི་དོན་ཡང་འདི་ལ་previous hit དགོངས next hit་ཡིན། སེམས་དང་སེམས་འབྱུང་གི་གཤིས་ལྔ་མ་རྟོགས་ཤིང་། རང་བཞིན་ཉིད་ལས་རང་དང་འཁྲུལ་པ་ལས། དུག་ལྔ་ཕུང་པོ་ལྔ་འགྲོ་བ་རིགས་ལྔའི་ལུས་ངག་ཡིད་གསུམ་འཁྲུལ་པ་སྟེ། སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །ཞེས་པ་ཡང་འདི་ལ་previous hit དགོངས next hit་ཡིན། དེའི་ཕྱིར་ན། སངས་རྒྱས་ཀྱི་ཡེ་ཤེས་གྱི་མཛོད་ཀྱང་འདི་ལ་previous hit དགོངས next hit་ཡིན་ལ། སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པ་བློ་དང་རྟོགས་པ་རིག་རིག་པོ་དང་། དུར་དུར་པོ་དང་། འདུ་བྱེད་ཀྱི་ཕུང་པོ་ཐམས་ཅད་ཀྱང་འཇམ་དཔལ་ཡིན་པར་བཞེད་པ་སྟེ། ཀུན་ཤེས་ཀུན་རིག་དམ་པ་པོ། །མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཕྲ་ཞིང་ཟག་མེད་ས་བོན་བྲལ། །ཅེས་གསུངས་previous hit ་ཡང་སྐབས་འདིར་དགོངས next hit་སོ། །སྐབས་འདིར་ནི་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་འཇམ་དཔལ་དུ་གཏན་ལ་ཕབ་སྟེ། དེ་ལས་བྱུང་བའི་རྒྱུ་འབྲས་ལས་འདས་

(༡༤༣)པའི་ཕྱིར་ན། སངས་རྒྱས་ཐོག་མ་ཐ་མ་མེད་པ་ཡང་འཇམ་དཔལ་ཡིན་ལ། འཁོར་བ་ཐོག་མ་དང་ཐ་མ་མེད་པ་ཡང་འཇམ་དཔལ་དུ་བཞེད་པའོ། །དེའི་ཚེ་དེའི་དུས་ན། འཇམ་དཔལ་བྱེ་བྲག་པ་བྱ་བའི་རྒྱུད་ཀྱིས། ས་བཅུ་རིམས་ཀྱིས་སྒྲོད་ཚུལ་བསྟན་པའི་འཇམ་དཔལ་ཡེ་ཤེས་སེམས་དཔའ། རྡོ་རྗེ་འཛིན་པ་གཏན་ལ་ཕབ་པར་བྱ་སྟེ། ཤཱཀྱ་ཐུབ་པའི་ཞལ་ནས་གསུངས་པའི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ས་ལམ་ལ་གནས་ཤིང་། ཚེ་རབས་གྲངས་མེད་པ་ནས་སངས་རྒྱས་མང་པོའི་དྲུང་དུ་སྐྱེས་ཤིང་། ས་ལམ་སྒྲོད་ཚུལ་བསྟན་པའི་སྐྱེ་རབས་ཤཱཀྱ་ཐུབ་པས་གསུངས་པ་བསམ་གྱིས་མི་ཁྱབ་པ་མདོ་རྒྱུད་ཀུན་ན་བཞུགས་པ་སྟེ། ཁྱད་པར་དུ་འཁོར་ལོ་བསྒྱུར་བ་ཡུལ་འཁོར་སྐྱོང་མ་བུ་སྟོང་ཡོད་པ་བསྐལ་བ་བཟང་པོ་འདི་ལ་སངས་རྒྱས་སྟོང་དུ་འབྱུང་ཞིང་། མཛད་པ་ཕྲིན་ལས་རྫོགས་པར་བཞེད་པ་ལས། འཇམ་དཔལ་གྱིས་ནི། སངས་རྒྱས་དགུ་བརྒྱ་དགུ་བཅུ་གོ་དགུའི་ཡེ་ཤེས་ཀྱི་མཛོད་ལ་དབང་སྒྱུར། དེ་རྣམས་ཀྱི་བསྟན་པ་ལས་སྐྱེས་པའི་སེམས་ཅན་རྣམས་ཀྱིས་ཤེས་དང་ཤེས་བྱ་ལ་དབང་བསྒྱུར་ཞིང་། རབ་འབྱམ་ཆོས་ཀྱི་ཕུང་པོ་རྣམས་འཇམ་དབྱངས་རྡོ་རྗེ་འཛིན་པ་ཡིས། སྐུ་གསུང་ཐུགས་ལ་ཤེས་རབ་དྲི་མ་མེད་པ་རྒྱས་ཤིང་རྫོགས་པར་མཛད་ཀྱང་། བདག་ནི་དེ་དུས་སངས་རྒྱས་པར་མི་བྱ་ཞིང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཡེ་ཤེས་སྤྱན་དུ་གྱུར་གཅིག་ཅེས་སྨོན་ལམ་གཏབ་པ་སྟེ། དེ་རྣམས་ཀྱི་སྒྲ་དང་དོན་མཁྱེན་པ་དང་ཡེ་ཤེས་པ་དང་ཤེས་བྱའི་ཚོགས་རྣམས་ཅུ་དེ་སོ་སོར་དབྱེ་བར་བྱའོ། །ཡང་དག་པ་

(༡༤༤)རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས། སེམས་ཅན་གཅིག་ལ་ཐམས་ཅད་ཀྱི་རྒྱུད་ལས་རྣམ་པར་རྟོག་པ་བརྒྱད་ཁྲི་བཞི་སྟོང་། དེས་སྐྱེད་པའི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་། འཇམ་དཔལ་གྱི་ཤེས་དང་ཤེས་བྱ་དྲི་མ་དང་བཅས་པར་གནས་ཤིང་སྐྱེད་པར་previous hit དགོངས་ནས། དེའི་གཉེན་པོར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་ next hit་ལས། དེ་ཡང་སོ་སོར་དབྱེ་བ་སྡེ་སྣོད་གསུམ་ཕྱི་རྒྱུད་གསུམ་དུ་འདུས་པ་སྟེ། སྡེ་སྣོད་གསུམ་དུག་གསུམ་གྱི་གཉེན་པོ་ཡིན་ལ། ཆ་མཉམ་ང་རྒྱལ་ཕྲག་གཉིས་ཀྱི་གཉེན་པོ་ཕྱི་རྒྱུད་གསུམ་བྱུང་བ་སྟེ། སྡེ་སྣོད་གསུམ་ལས་ཉི་ཁྲི་གཅིག་སྟོང་གསུང་། ཕྱི་རྒྱུད་གསུམ་ལས་ཉི་ཁྲི་གཅིག་སྟོང་། རིག་སྔགས་གཟུངས་སྔགས་ཀྱི་ཆར་གཏོགས་ཏེ། ཆོས་ཀྱི་སྒོ་དང་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུ་མིང་འདོགས་པ་སྟེ། དེ་ཡང་སོ་སོར་དབྱེ་ན་ཕྱི་རྒྱུད་གསུམ་གྱིས་ཉི་ཁྲི་གཅིག་སྟོང་དབང་བ་ལས། བྱ་བའི་བཀའ་དང་རྒྱུད་གཉིས་ཀྱིས་ཆོས་ཀྱི་ཕུང་པོ་བདུན་དབང་པ་ལས། འཇམ་དཔལ་གཞོན་ནུ་གྱུར་པའི་བྱ་བའི་བཀའ་དང་རྒྱུད་ཀྱི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས་སྟོང་ཚོ་གཉིས་དང་། སུམ་བརྒྱ་སུམ་བཅུ་རྩ་གསུམ་ཆོས་ཀྱི་སྒོ་མོ་གཅིག་གིས་སུམ་ཆའི་བསྟན་པ་དབང་པ་ཡིན། ཤེས་དང་ཤེས་བྱ་གཏན་ལ་འབེབས་ཤིང་དྲི་མ་དག་པར་བྱེད་པ་སྟེ། གཟུངས་སྔགས་ཀྱི་སྡེ་ཚན་དུ་གཏོགས་ཤིང་། མཆོག་དང་ཐུན་མོང་གི་དངོས་གྲུབ་ལས། ལྟ་བ་མཐའ་བཞི་དྲི་མ་དང་བྲལ་བར་རྟོགས་ཤིང་། ཐུན་མོང་གི་དངོས་གྲུབ་འཕྲིན་ལས་རྣམ་པ་བཞི་ལ་མངའ་མཛད་ཅིང་། ཁྱད་པར་དུ་མཁྱེན་པའི་ཡེ་ཤེས་རབ་འབྱམ་ལ་མངའ་བརྙེས་ཤིང་། བདེ་གཤེགས་བཀའ་ལས་ལུང་ཆེན་ཐོབ་པ་

(༡༤༥)དང་། མཐར་ཐུག་ཏུ་ས་བཅུའི་འཇམ་དཔལ་རྡོ་རྗེ་འཛིན་པའི་འབྲས་བུ་ཐོབ་པར་སྟོན་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁྱེན་པ་དང་། མཁྱེན་པའི་ཡེ་ཤེས་འཛིན་པའི་ཕྱིར་ན། འཇམ་དཔལ་རྡོ་རྗེ་འཛིན་པ་ཞེས་བྱའོ། །ཁམས་གསུམ་པའི་སེམས་ཅན་རྣམས་ཀྱིས། ཕྱི་སྣོད་ནང་བཅུད་ཀྱི་ཤེས་དང་ཤེས་བྱའི་བྱེ་བྲག་སྣ་ཚོགས་སོ་སོར་འབྱེད་ཅིང་། སོ་སོ་བསྟེན་ཞིང་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ལས། སེམས་དང་སེམས་འབྱུང་ཤེས་པ་དང་ཤེས་བྱའི་ཚུལ་དུ་གནས་པའི་ཕྱིར་ན། ནམ་མཁའ་ལྟ་བུར་ཆགས་པ་མེད། །སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །སེམས་ཅན་ཀུན་གྱི་ཡིད་འཕྲོག་པ། །སེམས་ཅན་ཀུན་གྱི་ཡིད་ལ་འཇུག །ཅེས་གསུངས་པའི་དོན་ཡང་སྐབས་འདིར་previous hit དགོངས་པའོ། །དེའི་ཕྱིར་ན། །རྒྱལ་བ་སྲས་དང་བཅས་ next hit་རྣམས་ཀྱིས། མཁྱེན་པ་དང་ཡེ་ཤེས་ཀྱང་འཇམ་དཔལ་ཡེ་ཤེས་སེམས་དཔའ་previous hit དགོངས next hit་དྲི་མ་མེད་པས་མ་ཁྱབ་པ་ཡིན། ཁྱབ་བདག་ཡེ་ཤེས་ལྔའི་བདག །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཞེས་གསུངས་པ་ཡང་སྐབས་འདིར་དགོང་པ་ཡིན། དེའི་ཚེ་དེའི་དུས་ན། ཁྱབ་ཆེས་ཁྱབ་ཆུང་ཐ་དད་བྱེ་བྲག་རིམ་པར་ཤེས་པར་བྱ། ཞེས་གསུངས་པའི་ཕྱིར་ན། སྐབས་འདིར་ནི་ས་ལམ་སྒྲོད་ཚུལ་བསྟན་པའོ། །འཇམ་དཔལ་གྱི་བསྟན་པའི་འཇམ་དཔལ་གྱི་སྟོན་པ་སྟན་པ་བཤད་པ་ཡིན་པའི་ཕྱིར་ན། རྡོ་རྗེ་རྩེ་མོའི་རྒྱུད་ལས་ཀྱང་། ཀྲྀ་ཡ་མདོ་སྔགས་གཉིས་ཀྱི་མཚམས་སུ་བྱུང་། སྟོན་པ་འཐུན་ཏེ། བསྟན་པ་མི་འཐུན་ནོ་གསུངས་པའི་ཕྱིར་ན། སྟོན་པ་

(༡༤༦)ཤཱཀྱ་ཐུབ་པར་འཐུན་ཡང་། བསྟན་པ་སྡེ་སྣོད་གསུམ་དང་བྱ་བའི་རྒྱུད་གཉིས་ཉམས་སུ་བླང་ཚུལ་དང་། ས་ལམ་བསྒྲོད་ཚུལ་དང་། ལམ་ཉེ་རིང་མི་འཐུན་པ་ཡིན། དེའི་ཕྱིར་ན་དྲང་དོན་ངེས་དོན་འབྱེད་པ་རྒྱལ་བ་སྲས་བཅས་གཞན་དང་འཐུན། འཇམ་དཔལ་གྱི་གཞི་ལམ་འབྲས་བུ་སངས་རྒྱས་ཀྱི་ཞིང་དང་། མཛད་པ་ཕྲིན་ལས་ལ་ཚད་ཡོད་པར་བསྟན་པའོ། །དོན་དམ་པར་ནི་འཇམ་དཔལ་ལ་གཞི་ལམ་འབྲས་བུ་མཛད་པ་ཕྲིན་ལས། ཞིང་ཁམས་ལ་ཚད་མེད་པའོ། །དེའི་ཚེ་དེའི་དུས་ན། ཤཱཀྱ་ཐུབ་པས་གསུངས་པ། ཕྱོགས་བཅུ་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འཇམ་དཔལ་ལ་གཞི་ལམ་འབྲས་བུ་ཡོད་མེད་འཇམ་དཔལ་ཉིད་ལ་དྲིས་གཅིག་ཅེས་ལུང་བསྟན་ཏོ། །སེང་གེའི་སྒྲས་མངོན་པར་སྒྲོག་པའི་སྒྲས། །འཇམ་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱིས་དང་པོ་བྱང་ཆུབ་མཆོག་དུ་སེམས་སྐྱེད་དམ། །ལམ་སྒྲོད་དམ། སངས་རྒྱས་སམ། ཞིང་ཁམས་ལ་ཚད་ཡོད་དམ་ཞེས་དྲིས་སོ། །འཇམ་དཔལ་གྱིས་གསུངས་པ། ཆོས་ཐམས་ཅད་མཐར་ཐུགས་སུ་ཆུད་པའི་སངས་རྒྱས་སྔོས་སུ་བཞུགས་བཞིན་དུ། བདག་གིས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་བདག་ཉིད་ཀྱིས་བརྗོད་ན། དེ་ནི་བྱང་ཆུབ་སེམས་དཔའ་བདག་གིས་བདག་བསྟོད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་ལྟར་མི་འགྱུར་གྱིས། འཇམ་དཔལ་ཁྱོད་ཀྱིས། ཁྱོད་ཉིད་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་སྨོན་ལམ་སྟོན་ཅིག །ཁྱོད་ལ་གཞི་ལམ་འབྲས་བུ་ཞིང་ཁམས་ཀྱི་ཚོང་རྣམས་ཡོད་པར་བྱང་ཆུབ་སེམས་དཔའ་ཚོགས་རྣམས་ཀྱིས་ཐོས་ནས་ཤིན་ཏུ་སྤྲོ་ཞིང་དགའ་བར་

(༡༤༧)གྱུར་ཏོ། །འཇམ་དཔལ་གྱིས་ཞུས་པ། བདག་ནི་སངས་རྒྱས་ཀྱི་བཀའ་མི་ཟློག་སྟེ། སངས་རྒྱས་ཀྱི་འཐུས་བསྟན་པར་བགྱིའོ། །དེའི་ཚེ་དེའི་དུས་ན། འཇམ་དཔལ་སངས་རྒྱས་པའི་ཞིང་རྒྱ་ཚོར་སྟོན་པ་དང་། འཇམ་དཔལ་གྱི་གཞི་དང་ལམ་གྱི་སྨོན་ལམ་གྱི་སྟོབས་དང་། རྟོགས་པ་ཡེ་ཤེས་ཀྱི་སྟོབས་རྒྱ་ཆེར་སྟོན་ཏེ། སྐལ་པ་དང་ལྡན་པ་རྣམས་གསོན་ཅིག །བསྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་བརྒྱ་སྟོང་གྲངས་མ་མཆིས་པ་ནས་ཉེ་བར་བཟུང་སྟེ། བདག་གིས་སྨོན་ལམ་བཏབ་པ་ནི། ནམ་བདག་གིས་ཕྱོགས་བཅུ་མཐའ་ཡས་མུ་མ་མཆིས་པའི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པས་བལྟས་ཏེ། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་དེ་དག་མ་ཐམས་ཅད་བདག་གིས་བྱང་ཆུབ་ལ་ཡང་དག་པར་བཙུད་པ་དང་། བདག་གིས་བྱང་ཆུབ་ཀྱི་སེམས་ལ་བཀོད་པ་དང་། བདག་གིས་སྦྱིན་པ་ལ་ཡང་དག་པར་བཀོད་པ་དང་། དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་གྲུས་དང་། བསྟན་དང་། ཤེས་རབ་ལ་ཡང་དག་པར་བཙུད་པ་དང་། བདག་གིས་བསྐུལ་བ་དང་། བདག་གིས་རྗེས་སུ་བསྟན་པར་གྱུར་པར་ཡ་མཐོང་བ་དེ་སྲིད་དུ། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པོར་རྫོགས་པར་འཚང་རྒྱ་བར་མི་བྱའོ། །ནམ་བདག་གིས་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པས་ཕྱོགས་བཅུར་རྣམ་པར་ལྟས་ཀྱང་། བདག་གིས་སངས་རྒྱས་ཉིད་ལ་མ་བཀོད་པའི་དེ་བཞིན་གཤེགས་པ་དེ་ལྟ་བུ་གང་ཡང་མངོན་པོར་མ་གྱུར་པ་དེའི་ཚེ། །བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་

(༡༤༨)འཚང་རྒྱ་བར་བྱའོ། །ཞེས་བགྱི་བར་སྨོན་ལམ་གཏབ་པོ། །དེ་ནས་འཁོར་དེའི་ནང་ནས་བྱང་ཆུབ་སེམས་དཔའ་ལ་ལ་འདི་མཉམ་དུ་སེམས་པར་གྱུར་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་འདིས་སངས་རྒྱས་ཇི་སྙེད་གཅིག་མཐོང་བར་གྱུར་སྙམ་པ་དང་། དེ་ལྟར་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཀྱི་རྟོག་པ་ཐུགས་སུ་ཆུད་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་བརྩལ་གྱིས་མངོན་པོར་སྒྲག་པའི་སྒྲ་ལ་འདི་སྐད་ཅེས་གསོལ་ཏེ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ལ་ལ་ཞིག་སྐྱེས་པར་གྱུར་ཏོ། །དེས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འདི་བརྡུལ་ཕྲ་རབ་དུ་བརླག་ཅིང་། བཤིག་སྟེ་ཐལ་བར་བྱས་ན་རིགས་ཀྱི་བུ་དེ་ཇི། སྙམ་དུ་སེམས་བསྡུལ་ཕྲ་རབས་ཀྱི་རྡུལ་དེ་དག་རྩིས་ཤེས་པའམ། རྩིས་ལ་ཤིན་ཏུ་མཁས་པ་དག་གིས་བརྒྱ་ཕྲག་འདི་སྙེད་གཅིག་ཡོད་དོ་ཞེ་འམ། སྟོང་ཕྲག་འདི་སྙེད་ཅིག་ཡོད་དོ་ཞེའམ། བརྒྱ་སྟོང་ཕྲག་འདི་སྙེད་གཅིག་ཡོད་དོ་ཞེའམ། བྱེ་བ་ཁྲག་ཁྲིག་འདི་སྙེད་གཅིག་ཡོད་དོ་ཞེ་འམ། བྱེ་བ་རྒྱ་ཕྲག་ཁྲག་ཁྲིག་འདི་སྙེད་གཅིག་ཡོད་དོ་ཞེ་འམ། བྱེ་བ་སྟོང་ཕྲག་འདི་སྙེད་གཅིག་ཡོད་དོ་ཞེ་འམ། བྱེ་བ་བརྒྱ་སྟོང་འབུམ་ཕྲག་འདི་སྙེད་གཅིག་ཡོད་དོ་ཤེས་པ་འམ་བགྲང་བའམ། གཞལ་བ་འམ་ཚད་གཟུང་པར་ནུས་སམ་ཞུས་པས། དེ་ལྟ་མ་ལགས་སོ། །འཇམ་དཔལ་གྱིས་སངས་རྒྱས་ཀྱི་སྤྱན་ཀྱི་སྒྲིབ་པ་མེད་པས་རྣམ་པར་ལྟས་ནས། ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་། དེ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་མཐོང་བར་འགྱུར་རོ། །དེ་ནས་སངས་རྒྱས་ལ་འཇམ་དཔལ་གྱི་ཞུས་པ། བདག་གིས་ནི་བདག་གི་སངས་རྒྱས་ཀྱི་ཞིང་གཅིག་ལ་གང་གིས་ཀླུང་དུ་མའི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཙམ་གྱིས་

(༡༤༩)ཐ་གྲུང་ཡངས་པར་ཡོངས་སུ་མ་གྲུབ་ཅིང་། སངས་རྒྱས་ཀྱི་ཞིང་དེའི་ཕྱིར་རིན་པོ་ཆེ་བརྒྱ་སྟོང་འབུམ་ཕྲག་དུ་མ་ལས་གྲུབ་པ་དང་། རིན་པོ་ཆེ་རྒྱ་སྟོང་འབུམ་ཕྲག་དུ་མས་སྤྲས་པ། སྲིད་པའི་རྩེ་མོའི་ཚད་རྩམ་དུ་མ་གྱུར་གྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བགྱིད་པར་སྨོན་ལམ་གཏབ་པོ། བདག་གིས་སངས་རྒྱས་ཀྱི་ཞིང་དེར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བཅུའི་ཚད་ཙམ་གྱི་བྱང་ཆུབ་ཀྱི་ཤིང་སྐྱེས་ཏེ། བྱང་ཆུབ་ཀྱི་ཤིང་དེ། ཡིས་སངས་རྒྱས་ཀྱི་ཞིང་དེ་ཐམས་ཅད་རྒྱས་ཤིང་ཁྱབ་པར་གྱུར་ཅིག །ཅེས་བགྱི་བར་སྨོན་ལམ་དེ་སྐད་བཏབ་པོ། །བྱང་ཆུབ་ཀྱི་ཤིང་དེའི་དྲུང་དུ་བདག་འདུག་པའི་ཚེ་མངོན་པར་སངས་རྒྱས་པ་ནས། ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ། བྱང་ཆུབ་ཀྱི་ཤིང་དྲུང་ནས་མ་ལངས་པར་ཡང་བདག་གིས་སྤྲུལ་པ་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་། སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱ་སྟོང་འབུམ་ཕྲག་གྲངས་མེད་པ་དག་དུ་དོང་ཞིང་། །སེམས་ཅན་རྣམས་ལ་ཆོས་སྟོན་པར་གྱུར་ཅིག་ཅེས་བགྱི་བར་སྨོན་ལམ་དེ་ལྟར་གདབ་པོ། བདག་གིས་སངས་རྒྱས་ཀྱི་ཞིང་དེར། ཉན་རང་མིང་ཙམ་ཡང་མེད་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་ཞེ་སྡང་དང་ཐ་བ་དང་འཆབ་པ་ཚངས་པར་སྤྱོད་པ་ཡོངས་སུ་དག་པ་སྤྱོད་པ་ཤ་སྟག་གིས། སངས་རྒྱས་ཀྱི་ཞིང་དེ་གང་ལ། དེ་དག་བུད་མེད་ཀྱི་མིང་ཡང་མི་གྲག་ཅིང་མངལ་དུ་སྐྱེ་བ་མེད་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་། གོས་ངུར་མྲིག་གྱོན་ཞིང་སྐྱིལ་མོ་ཀྲུངས་བཅས་

(༡༥༠)པར་རྫུས་ཏེ་འབྱུང་བ་དང་། སངས་རྒྱས་ཀྱི་ཞིང་དེར་ཤིན་དུ་དག་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་སྤྲུལ་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས། བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་གྲངས་མེད་པར་གཤེགས་ཤིང་། །སེམས་ཅན་རྣམས་ལ་ཆོས་སྟོན་པ་དེ་དག་ཐམས་ཅད་ཐེག་པ་གསུམ་ལས་བརྩམས་ཏེ། མོས་པའི་ཚུལ་གྱིས་བཞིན་དུ། སེམས་ཅན་རྣམས་ལ་ཆོས་སྟོན་པ་དེ་དག་ཐེག་པ་གསུམ་ལ་བརྩམས་ཏེ། མོས་པའི་ཚུལ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་སྟོན་པ་མ་གཏོགས་པར་སངས་རྒྱས་ཀྱི་ཞིང་དེར་ཉན་ཐོས་དང་རང་སངས་རྒྱས་མེད་ཅིང་། བྱང་ཆུབ་སེམས་དཔའ་ས་ཡོངས་སུ་གང་སར་གྱུར་ཅིག །ཅེས་བགྱི་བའི་སྨོན་ལམ་དེ་སྐད་བཏབ་པོ། །དེ་ནས་སངས་རྒྱས་ལ་བྱང་ཆུབ་སེམས་དཔའ་སེང་གེའི་རྩལ་གྱིས་མངོན་པར་སྒྲགས་པའི་སྒྲས་ཞུས་པ། འཇམ་དཔལ་མངོན་པོར་སངས་རྒྱས་ནས་མིང་ཇི་བགྱི་བར་འགྱུར། སངས་རྒྱས་ཀྱིས་གསུངས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་ཞེས་བྱ་བར་འགྱུར་རོ། །རིགས་ཀྱི་བུ་འདི་སངས་རྒྱས་ཀུན་ཏུ་གཟིགས་ཞེས་བྱ་བ་དེས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་པ་ཀུན་གྱི་སངས་རྒྱས་རྣམས་མཐོང་པར་འགྱུར་བ་དང་། སེམས་ཅན་གང་གིས་མཐོང་བར་འགྱུར་བ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ལ་ངེས་པར་འགྱུར་བ་དང་། སངས་རྒྱས་ཀུན་ཏུ་གཟིགས་དེའི་མཚན་གང་གིས་ཐོས་པ་དེ་དག་ནི་ཤེས་རབ་ཕུན་སུམ་ཚོགས་པ་དང་། སྤོམ་པ་ཕུན་སུམ་ཚོགས་པ་དང་། བློ་གསལ་བ་དང་། རིག་བྱ་ཐམས་ཅད་ལ་བློ་འཇུག་པར་འགྱུར་རོ། །དེའི་ཕྱིར་ན། འཇམ་དཔལ་སངས་རྒྱས་ཀྱི་ཞིང་ནས། བྱང་

(༡༥༡)ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འོད་ཀྱི་ལུས་ཅན་གྱི་ཚོགས་མ་གཏོགས་པར། ཤ་ཁྲག་གི་ལུས་ཅན་མེད་ཅིང་། མི་དགེ་བའི་ཚིག་དེ་ལྟ་བ་ལོག་པ་དང་། ཐེག་པ་ཆུང་ངུའི་སྒྲ་ཡང་མི་གྲག་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་དེ་ཕྱོག་གང་ན་ཡོད། སྙམ་ན། ལྷོའི་ཕྱོགས་འཇིག་རྟེན་གྱི་ཁམས་འདི་ཉིད་ཀྱང་སངས་རྒྱས་ཀྱང་སངས་རྒྱས་ཀྱི་ཞིང་དེའི་ནང་ན་འདུས་ཤིང་ཁོང་དུ་ཆུད་པར་འགྱུར་རོ། །འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་འདི་ནི་ནམ་མཁའ་དང་འདྲ་ལ། སངས་རྒྱས་སྤྲུལ་པའི་སྐུའི་ཞིང་ཁམས་གཞན་རྣམས་ནི་ཉི་མ་དང་ཟླ་བ་སྐར་མའི་ཚོགས་དང་འདྲའོ། །དེའི་ཚེ་དེའི་དུས་ན། འཇམ་དཔལ་གྱི་རང་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་བཀོད་པ་དེ་བརྗོད་པ་ལས། བྱང་ཆུབ་སེམས་དཔའི་ཚོགས་རྣམས་འདི་སྙམ་དུ་སེམས་སོ། །འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་ཁམས་དེ་དང་། འཇམ་དཔལ་སངས་རྒྱས་པའི་ཀུན་དུ་གཟིགས་ཀྱི་ཞིང་ཁམས་དེ་གཉིས་འདྲའམ། འོན་ཏེ་མི་འདྲ། སྙམ་པ་ལས། ཤཱཀྱ་ཐུབ་པས་གསུངས་པ་འདི་ལྟ་སྟེ། དཔེར་ན་མི་འགའ་ཞིག་གིས་སྐྲའི་རྩེ་མོ་རྒྱར་བཤགས་པའི་ཆས། རྒྱ་མཚོ་ལས་ཆུ་ཐིགས་པ་གཅིག་བླངས་ནས། ཆུ་ཐིགས་པ་དེ་དང་ཕྱིར་ལུས་པའི་རྒྱ་མཚོ་དེ་གང་མང་པར་འགྱུར། ཆུ་ཐིགས་པ་གཅིག་བླངས་པ་ནི་བདེ་བ་ཅན་དང་འདྲ་ལ། རྒྱ་མཚོ་ཆེན་པོའི་ཆུ་ནི་སངས་རྒྱས་ཀུན་དུ་གཟིགས་ཀྱི་སངས་རྒྱས་

(༡༥༢)ཀྱི་ཞིང་གི་ཡོན་ཏན་དང་འདྲའོ། །སངས་རྒྱས་ཀྱི་ཞིང་བཀོད་པ་དེ་ལྟ་བུ། འཇམ་དཔལ་སངས་རྒྱས་པའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དེ་ལྟ་བུ་སངས་རྒྱས་གཞན་ལ་ཡོད་དམ། ཞེས་ཞུས་པ་ལས། གཞན་ལ་ཡང་དེ་དང་མཚུངས་པ་ཡོད་དེ། འཇམ་དཔལ་སངས་རྒྱས་པ་སངས་རྒྱས་ཀུན་དུ་གཟིགས་ཀྱི་ཞིང་ཁམས་ནི་ཁྱད་པར་དུ་འཕགས་སོ། །བྱ་བའི་རྒྱུད་ཀྱི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས་འཇམ་དཔལ་སངས་རྒྱས་ཀུན་དུ་གཟིགས་སུ་སངས་རྒྱས་པའི་ཞིང་ཁམས་ངོ་མཚར་ཞིང་རྨད་དུ་འབྱུང་བ་ཁྱད་པར་དུ་འཕགས་པ་བསྟན་པའི་བར་སྐབས་ལགས་སོ། །འཇམ་དཔལ་གྱིས་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་དང་། མ་ཞུགས་པ་དང་། བྱང་ཆུབ་མཆོག་དུ་སེམས་བསྐྱེད་པ་དང་། མ་སྐྱེད་པ་དང་། ཐེག་པ་དྲུག་གི་ལམ་སྒྲོད་པ་དང་གཉིས་པ་ལས། སྐབས་འདིར་འདྲ། དོན་གྱི་གྲུབ་མཐའ་དང་སྦྱར་བའི་ཕྱིར་ན། བྱ་བའི་རྒྱུད་ཀྱི་འཇམ་དཔལ། དང་པོ་མ་རིག་པའི་དབང་གིས་ཉོན་མོངས་པ་དུག་ལྔ་ལ་སོགས་པ། མི་དགེ་བ་དཔག་ཏུ་མེད་པ་སྤྱད་ནས། འགྲོ་བ་རིགས་དྲུག་གི་གནས་སུ་ལས་ཀྱི་དབང་གིས་ལུས་སྣ་ཚོགས་བླངས་ནས་དགེ་སྡིག་སྣ་ཚོགས་སྤྱོད་ཅིང་། སྐྱིད་སྡུག་དཔག་ཏུ་མེད་པ་མྱོང་ཞིང་། ཆུ་བོ་བཞིའི་རྒྱ་མཚོར་འཁྱམས་པའི་ཚུལ་བསྟན་པ་ནི། འཇམ་དཔལ་འཁོར་བ་རྩ་བའི་རྒྱུད་དང་། འགྲོ་བ་རིགས་དྲུག་གི་གནས་ཐ་དད་པར་སྐྱེས་པའི་ཕྱིར་ན། འཇམ་དཔལ་རིགས་དྲུག་གི་སྐྱེད་རྒྱུད་བསྟན་པའོ། །དེའི་ཕྱིར་ན། ཉོན་མོངས་པས་ནི་སེམས་བསྐྲུགས་ཤིང་། མི་ཤེས་འདམ་དུ་བྱིང་པའི་གསུང་པའི་ཕྱིར་ན། མ་རིག་ཅིང་མ་རྟོགས་པ་ཐམས་ཅད་སྡུག་བསྔལ་

(༡༥༣)མ་ཤེས་པའི་འགྲོ་བ་ཐམས་ཅད་མིག་མེད་ལོང་བ་ལྟ་བུར་གྱུར་པའི་ནང་དུ། འཇམ་དཔལ་ཡང་མ་རིག་འཁྲུལ་པའི་དབང་གིས་སྐལ་པ་གྲངས་མེད་མཐའ་ཡས་པར་གནས་ཚུལ་བསྟན་པའོ། དེའི་ཚེ་དེའི་དུས་ན། བདག་རྒྱུ་གཞན་རྒྱུ་གཉིས་གའི་རྒྱུ། བདག་སྐྱེན་གཞན་སྐྱེན་གཉིས་ཀའི་རྐྱེན། ཞེས་གསུངས་པའི་ཕྱིར་ན་གཞི་མ་རིག་པའི་འཇམ་དཔལ་གྱི་རྒྱུད་ལས་སངས་རྒྱས་ཆོས་དང་དགེ་འདུན་གྱི་ས་བོན་གནས་པ་དང་། གཞན་གྱི་རྒྱུ་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། ས་དང་ལམ་ལ་གནས་པའི་སློབ་དཔོན་རྣམས་ཀྱི་ཐུགས་རྗེའི་འབྲེལ་ཚུལ་གྱིས་རྒྱུའི་གཉིས་མེད་གཅིག་དུ་བསྐུལ་ནས། བདག་ཉིད་ཀྱི་རྐྱེན་དད་པ་དང་། ངེས་ཤེས་རྒྱུད་ལ་ཤར་ནས། གཞན་གྱི་རྐྱེན་སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སོ་སོར་ངེས་ཤེས་སྐྱེས་ནས། །སངས་རྒྱས་གཤེས་གཉེན་དམ་པར་འཛིན་ཞིང་། སྟོན་པ་མཆོག་དུ་བཀུར་ནས། ཆོས་ཀྱི་ལམ་དང་ལམ་མ་ཡིན་པའི་ས་མཚམས་འབྱེད་ཅིང་རྒྱལ་བའི་སྲས། དགེ་འདུན་གྱི་ཚོགས་རྣམ་ཐེག་པ་དྲུག་གི་ལམ་བསྒྲོད་པའི་གྲོགས་སུ་ཤེས་ཤིང་། ཐེག་པ་རབ་འབྲིང་ཐ་མ་དྲུག་གིས་བསྟན་པ་ལ་འཇུག་ཚུལ་དང་བསྟན་པ་དང་། བྱང་ཆུབ་མཆོག་དུ་སེམས་བསྐྱེད་ཅིང་། བྱང་ཆུབ་ཀྱི་སེམས་གསུམ་གྱི་ས་ལམ་བསྒྲོད་ཚུལ་འཇམ་དཔལ་གྱིས་བསྟན་པ་ནི། བདག་རྐྱེན་གཞན་རྐྱེན་གཉིས་གའི་རྐྱེན་ཞེས་བྱ་བའི་དོན་ཡང་འདི་ལ་previous hit དགོངས next hit་ཡིན། དེའི་ཕྱིར་ན། ཐོག་མ་མེད་པའི་དུས་མཐའ་རུ་འཇམ་དཔལ་གྱིས་མུ་སྟེགས་ཀྱི་གྲུབ་མཐའ་ལ་ཞུགས་

(༡༥༤)ཚུལ་བསྟན་ཞིང་། མུ་སྟེགས་ཀྱི་སྟོན་པ་བསྟན་པ་ལས་ཡུན་རིང་དུ་གནས་ཤིང་། སྐྱེས་པའི་རབ་ཀྱང་བསྟན་པའོ། །སངས་རྒྱས་ཀྱི་གྲུབ་མཐའ་ལ་ཞུགས་ཤིང་བསྐལ་པ་གྲངས་མེད་མང་པོར་ཉན་རང་གི་ཆ་ལུགས་སུ་ཞུགས་ཤིང་། ཐེག་པ་ཆུང་ངུའི་མཛད་ཚུལ་བསྟན་པ་དང་། བྱང་ཆུབ་སེམས་དཔའ་སྡེ་སྣོད་དུ་སེམས་སྐྱེད་སྨོན་ལམ་མཐའ་བསམ་གྱིས་མི་ཁྱབ་པར་བཀའ་བ་དཔག་ཏུ་མེད་པ་སྤྱད་ཅིང་སེམས་ཅན་ཐམས་ཅད་ཀྱི་དོན་མ་མཛད་པ་མེད་པའི་སྤྱོད་པ་བརླབས་པོ་ཆེ་དང་། སངས་རྒྱས་ཀྱི་མཐའ་ཡས་མུ་མེད་བསམ་གྱིས་མི་ཁྱབ་པར། སངས་རྒྱས་རྣམས་ཀྱི་མཛད་པ་ཕྲིན་ལས་ཡོངས་སུ་རྫོགས་པར་མཛད་པ་མེད་པ་དང་། ཕྱོགས་བཅུའི་ཆོས་ཀྱི་དབྱིངས་དང་མཉམ་པར་ཀུན་ཏུ་འོད་སྤྲུལ་པའི་སྐུར་སངས་རྒྱས་ནས། སྤྲུལ་པའི་སྐུ་ནམ་མཁའི་ཆར་གྱི་གྲངས་ཙམ་དུ་སེམས་ཅན་རང་རང་གི་གཟུགས་དང་འཐུན་པར་སྤྲུལ་ཞིང་། སྤྲུལ་སྐུ་སེམས་ཅན་གྱི་གྲངས་དང་མཉམ་པར། སྣ་ཚོགས་ཐབས་ཀྱིས་འགྲོ་དོན་མཛད་ཚུལ་བསྟན་པའོ། །འཇམ་དཔལ་བྱ་བའི་རྒྱུད་ཀྱི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། མུ་སྟེགས་ཀྱིས་འདུལ་བའི་ཐེག་པ་གསུམ་གྱིས་འདུལ་བའི་གདུལ་བྱ་རྣམས་ཀྱི་དོན་དུ། སྒྱུ་མ་ལྟ་བུ་རྣམ་པར་འཕྲུལ་པ་སྟེ། སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ཅན་ཞེས་བྱ་བའི་བར་སྐབས་བསྟན་པའོ། །དེའི་ཚེ་དེའི་དུས་ན། འཇམ་དཔལ་གདུལ་བྱ་རྣམས་ཀྱི་སྣང་ངོ་ལས། ཀྲྀ་ཡ་རིགས་གསུམ་རྡོ་རྗེ་འཛིན་པའི་ཐེག་པ་འཇམ་དཔལ་བྱ་བའི་རྒྱུད་དུ། གཟུངས་སྔགས་ཀྱི་ཐེག་པ་ལ་ཞུགས་ཤིང་། ཕྱི་རོལ་རྫས་དང་། སྐྱེད་པའི་རིམ་པ་དང་། རིགས་སྔགས་

(༡༥༥)གཟུངས་སྔགས་ཀྱི་རིམ་པ་རྣམས། སེམས་རྫོགས་རིམས་གྱི་ཏིང་ངེ་འཛིན་གྱི་བྱེ་བྲག་རྣམས་ཀྱི་ལུས་ངག་ཡིད་གསུམ། རྫས་དང་སྣང་བ་དམ་པ་མཛད་པར་མཛད་ནས་ཀྲྀ་ཡ་དག་པའི་ཏིང་ངེ་འཛིན་ལས། བུམ་དབང་དང་པོ་སྐུར་ཞིང་། མཐའ་བཞི་དྲི་མ་དང་བྲལ་བའི། ལྟ་སྒོམ་སྤྱོད་པ་རྫོགས་ནས་རི་རབ་གྱི་རྩེ་མོ། མཁྲོ་རྩེགས་པའི་ག་ན་སྟེང་དུ། མཁྱེན་རབ་ཀྱི་མངའ་བདག་འཇམ་དབྱངས་རྒྱལ་སྲས་རྡོ་རྗེ་འཛིན་པ། བྱ་རྒྱུད་ཆོས་ཀྱི་ཕྲིན་ལས་ལྟར་འཁྲིགས་པ་ལས་མངའ་བརྙེས་ཚུལ་བསྟན་ནས་འཇམ་དཔལ་ཀྲྀ་ཡས་འདུལ་བའི་གདུལ་བྱ་ཐམས་ཅད་ལས། འགྲོ་བ་དྲུག་དང་བར་དོའི་གནས་ཐམས་ཅད་དུ། འགྲོ་དྲུག་རང་རང་གི་ལུས་དང་འཐུན་པར་གཟུངས་སྔགས་ཀྲྀ་ཡའི་ཚོགས་རྣམས་ཀྱིས། འགྲོ་དྲུག་བར་དོའི་ལུས་ངག་ཡིད་གསུམ་དང་། འཐུན་པར་དབང་བསྐུར་བྱིན་བརླབས་དག་པར་མཛད་ནས། མི་ཚེ་གྲངས་ཅན་གྱི་འཇམ་དབྱངས་རྡོ་རྗེ་འཛིན་པའི་ས་ལ་འགོད་དོ། །དེའི་ཕྱིར་ན། མི་ཡུལ་ཁྱད་པར་བོད་ཀྱི་ཡུལ་དུ་འཇམ་དབྱངས་ཀྲྀ་ཡའི་བཀའ་དང་རྒྱུད་ལས་གྲངས་ཅན་གཅིག་བྱོན་པ་སྟེ། དེ་ལས་མཁས་ལ་གྲུབ་པ་ཐོབ་པའི་སློབ་དཔོན་རྣམས་ཀྱིས་བསྟན་བཅོས་རྒྱུད་དང་བཀའི་འགྲེལ་པ། གདམ་ངག་མཛད་པ་ཡང་མང་དུ་བཞུགས་པ་སྟེ། དེ་རྣམས་གང་དང་གང་གིས་བཤད་པ་དང་། ཉན་པ་དང་སྒོམ་པ་དང་། མཆོད་དང་བྲི་དང་ཀློག་པ་དང་། མོས་པར་གྱུར་པའི་གདུལ་བྱ་རྣམས་ཀྱང་། ཁྱད་པར་དུ་ཉོན་མོངས་པའི་གཏི་མུག་སྤང་ཞིང་། ཤེས་དང་ཤེས་བྱའི་རབ་འབྲིང་ཐ་མ་ཆ་རེ་གོ་ཞིང་རིང་པོར་མི་ཐོགས་འཇམ་དབྱངས་

(༡༥༦)རྡོ་རྗེ་འཛིན་པའི་ས་ནོན་ཞིང་། ལྷ་མོ་དབྱངས་ཅན་མ་འདི་གསུམ་ཡིན་ཏེ། ཡེ་ཤེས་ལས་དང་འཇིག་རྟེན་ནོ། །ཡེ་ཤེས་ཀྱི་དབྱངས་ཅན་མ་ནི་འཇམ་དཔལ་སྐུའི་ཡུམ་ཡིན་ལ། ལས་ཀྱི་དབྱངས་ཅན་མ་ནི་ས་དང་པོ་ནས་ས་བཅུ་པའི་བར་གྱི་འཇམ་དབྱངས་རྡོ་རྗེ་འཛིན་པའི་ཡུམ་དང་ལྕམ་དང་། ལྷ་མོའི་ཚོགས་རྣམས་ཡིན་པའི་ཕྱིར་ན། འདི་ལ་ཡང་རྒྱུད་གཟུང་བ་སྒྲུབ་ཐབས་གྲངས་མཐའ་ཡས་པ་སྟེ། གང་གིས་མོས་དང་གུས་པ་དང་། །རྫས་དང་ཏིང་འཛིན་སྔགས་ཀྱི་བསྒྲུབས་ནས། ཁྱད་པར་དུ་སངས་རྒྱས་ཀྱི་གསུང་ལ་དབང་རབ་འབྲིང་ཐ་མ་ཐོབ་ཅིང་། མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །འཇིག་རྟེན་གྱི་དབྱངས་ཅན་མ་ནི། ཁྱབ་འཇུག་ཆེན་པོའི་ཆུང་མ་སྟེ། །མདོར་ན་དེ་ལས་འཕྲོས་པ་དབང་ཕྱུག་ཆེན་པོའི་ཡུམ་ལས་ཨུ་མ་དེ་བའི་བུ་མོ་ཚ་མོ། །ཁམས་གསུམ་གྱི་མོ་རྒྱུད་འདི་རྣམས་རྒྱ་ཆེན་ཡིན་ལ། སྲིད་པ་གསུམ་གྱི་མ་མོ་འདྲེ་མོ་བསེན་མོ། །ལྷ་སྲིན་སྡེ་བརྒྱད་ཀྱི་ཆུང་མ་རྣམས་ཡིན་པའི་ཕྱིར་ན། མི་འཐུན་དོན་མི་འཐུན། བྱ་བ་ཡིན་པའི་ཕྱིར་ན། མིང་དབྱངས་ཅན་མར་མཐུན་ཡང་། འཁོར་བ་དང་མྱ་ངན་ལས་འདས་པའི་དོན་མི་འཐུན་པའི་ཕྱིར་ན། དབྱངས་ཅན་མའི་སྒྲུབ་ཐབས་སྔགས་རྣམས་འདྲེས་ནས་ཡོད་པ་སྟེ། ཧྲི་དང་ཏྲི་སོགས་ནོར་མ་ནོར་དང་། འཁྲོས་མ་འཁྲོས་ལ་སོགས་པའི་ཕྱིར་ན། དབྱངས་ཅན་མའི་སྒྲུབ་ཐབས་སྔགས་རྣམས་ཡོད་པ་སྟེ། སྔགས་སུ་གྱུར་མ་གྱུར་དང་། དེ་སོགས་སྐྱོན་ཡོན་འབྱུང་པར། ཤེས་རབ་

(༡༥༧)དྲི་མེད་བློ་ལ་མི་གསལ་ཞིང་། རྒྱལ་འགོང་འདྲེ་བསོན་སེམས་ལ་ཞུགས། རྣམ་རྟོག་འཚུབ་ཅིང་ལོག་རྟོག་བྱེད། ཅི་ལྟར་རིགས་སྔགས་སྒྲུབ་ཉེས་དང་། ཞེས་བྱ་བའི་དོན་ཡང་འདིར་ཞུགས་དགོས་ཡོད་པ་ཡིན། བྱ་བའི་རྒྱུད་འཇམ་དཔལ་རྡོ་རྗེ་འཛིན་པའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། དབྱངས་ཅན་མའི་གཏན་པ་རྒྱ་མཚོ་མཐའ་ཡས་པ་བསྟན་པའི་བར་སྐབས་སོ། །དེའི་ཕྱིར་ན། འཇམ་དབྱངས་བྱ་བའི་རྒྱུད་ལས་མ་གཏོགས་པའི་ཀྲྀ་ཡ་གཟུངས་སྔགས་ཀྱི་བྱེ་བྲག་སོ་སོར་འབྱེད་པ་དང་། བསྟན་བཅོས་རྒྱུད་འགྲེལ་མན་ངག་སྒྲུབ་ཐབས་སོ་སོར་འབྱེད་པ་རྣམས། གཞུང་ས་གཅོད་ཆེན་མོའི་ཀྲི་ཡོག་གཏན་ལ་འབེབས་པ་དང་། ཕུན་སུམ་ཚོགས་པ་རྒྱ་མཚོ་མཐའ་ཡས་ཀྱི་བྱ་རྒྱུད་སོ་སོར་དབྱེ་བ་ཡིས་གཟུངས་སྔགས་ཀྱི་རྣམས་གྲངས་སྟོན་པ་དང་། འགྲེལ་པ་གསལ་བྱེད་སྒྲོལ་མ་འདི་གསུམ། གཞུང་ས་གཅོད་འགྲེལ་པ་ཡིག་སྣང་བཞིན་དུ། གཅིག་རྒྱབ་གཅིག་གིས་སྐྱོང་ཞིང་། མ་འདྲེས་སོ་སོར་བཤད་པར་བྱའོ། །འཇམ་དབྱངས་རྡོ་རྗེ་འཛིན་པའི་གཟུངས་སྔགས་བཀའ་རྒྱུད་རྣམས། ཕུན་སུམ་ཚོགས་པ་རྣམ་ལྔས་བཤད་ཅིང་། དེ་ལས་འཕྲོས་པ་བསྟན་ཆོས་རྣམ་རྩིས་མགོ་རྣམ་པ་ལྔའི་སྒྲའི་དོན་མ་ནོར་སོ་སོར་བསྟན་པའི་བར་སྐབས་སོ། །དེའི་ཚེ་དེའི་དུས་ན། འཇམ་དབྱངས་རྡོ་རྗེ་འཛིན་པ་ལས་ངེས་པ་མེད་དེ། གཞིའི་

(༡༥༨)འཇམ་དཔལ་ནི། འགྲོ་བ་རིགས་དྲུག་སྐྱེ་བ་གནས་བཞི། ལམ་གྱི་འཇམ་དབྱངས་ནི། ཐེག་པ་དྲུག་གི་གྲུབ་མཐའ་ལ་ཞུགས་ཤིང་། ས་ལམ་བགྲོད་པའི་རབ་འབྲིང་ཐ་མ་རྣམས་ཡིན་ནོ། །སྤྲུལ་པའི་འཇམ་དཔལ་ནི་གདུལ་བྱ་འབྲེལ་བར་གྱུར་པ་ཐམས་ཅད་མེ་ལོང་གཟུགས་བརྙན་ལྟར། ལུས་ཅན་ལུས་ཀྱི་སྣང་བ་ལ་འཇམ་དཔལ་གྱི་སྤྲུལ་པས་བསམ་གྱིས་མི་ཁྱབ་པའི་ཕྱིར་ན། སྤྲུལ་པའི་སྐུ་སྟེ་སྐུའི་མཆོག །སངས་རྒྱས་སྤྲུལ་པའི་གཟུགས་འཆང་བ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཅེས་གསུངས་པ་ཡང་སྐབས་འདིར་previous hit དགོངས next hit་ཡིན། དེའི་ཕྱིར་ན། ཁམས་གསུམ་པའི་སེམས་ཅན་ཐམས་ཅད་ཀྱང་མི་རྟག་ཅིང་མི་བརྟན་ལ་སྤྲུལ་པའི་འཇིག་རྟེན་ལྟ་བུ་ཡིན་ལ། སྤྱིར་སངས་རྒྱས་ཀྱི་སྤྲུལ་སྐུ་དང་། ཁྱད་པར་དུ་འཇམ་དབྱངས་རྡོ་རྗེའི་སྤྲུལ་པ་འགྱེད་པ་ཡང་། གཅིག་དུ་མ་ངེས་དུ་མར་སྣང་བའི་ཕྱིར་ན། སེམས་ཅན་ལུས་ངག་ཡིད་གསུམ་མ་ཟད་ཚེ། འཇམ་དཔལ་གྱི་སྤྲུལ་པའི་སྐུའི་ཚོགས་ཀྱང་ཟད་པར་མི་འགྱུར་རོ། །དེ་ཕྱིར་སྤྲུལ་སྐུ་ངེས་མེད་ལས། རྟག་ཅིང་བརྟན་པར་མི་འཛིན་ཞིང་། །འཁོར་བའི་འཁྲུལ་འཁོར་བསམ་མི་ཁྱབ། །འཇམ་དབྱངས་སྤྲུལ་སྐུ་དེ་དང་མཚུངས། །གདུལ་བྱ་གདུལ་བྱེད་དྲ་བར་འབྲེལ་པའི་ཕྱིར་ན། །འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སྒྱུ་མའི་དཀྱིལ་འཁོར་ཆེན་པོར་སྟོན་པའི་ཕྱིར་ན། སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པས། །བྱང་ཆུབ་ཇི་ནས་བདག་ཐོལ་མཛོད། །ཅེས་པ་ཡང་སྐབས་འདིར་previous hit དགོངས next hit་ཡིན། འཇམ་དབྱངས་ཀྱི་རྒྱུད་

(༡༥༩)ཀྱིས་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྒྱུ་འཕྲུལ་དྲ་བར། འགྲོ་བ་རིགས་གི་སེམས་ཅན་ཐམས་ཅད་མ་རིག་པའི་འཁྲུལ་འཁོར་ཟད་པ་མེད་ཅིང་འཕེལ་བ་མེད་པའི་འཁྲུལ་འཁོར་ཆེན་པོ་དང་། གདུལ་བྱེད་ཀྱི་སྟོན་པ་འཇམ་དབྱངས་རྡོ་རྗེ་འཛིན་པ་ཡིས། རྣམ་འཕྲུལ་གདུལ་བྱ་སེམས་ཅན་གྱི་དོན་གྲངས་དང་མཉམ་པ་གཉིས། སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་གསང་བའི་མཛོད། གསང་བར་ལྡན་པའི་བར་སྐབས་སོ། །ཀུན་གཞི་ཀུན་གྱི་གཞི་ཡིན་ཡང་། །རྣམ་པར་བྱང་བའི་གཞི་མ་ཡིན། ཞེས་འཇམ་དཔལ་རང་བཞིན་གྱི་རྒྱུད་གཞི་ལམ་འབྲས་བུ་ཐམས་ཅད་ཀུན་གཞི་ལ་གནས་ཤིང་རྫོགས་པས་མ་རྟོགས་པར། སངས་རྒྱས་སེམས་ཅན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད། གང་དུ་ཡང་ཐ་སྙད་མི་འདོགས་པའི་ཕྱིར་ན། ཆོས་ཐམས་ཅད་འབྱུང་བ་མེད་པར་ཀུན་གཞི་ལས་གནས་ཤིང་བརྟེན་པ་སྟེ། བསམ་གྱིས་མི་ཁྱབ་པའི་གཞི་རྣམས་དང་། ཟབ་མོའི་གཞི་རྣམས་དང་། བདེན་པའི་མཐའ་དང་། ཆགས་པ་མེད་པའི་གཞི་རྣམས་དང་། མི་ཕྱེད་པའི་གཞི་རྣམས་དང་། སྟོང་པ་ཉིད་ཀྱི་གཞི་རྣམས་དང་། མཚན་མ་མེད་པ་དང་། སྤྲོས་པ་མེད་པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། །ཆོས་ཀྱི་དབྱིངས་ཀྱི་གཞི་རྣམས་དང་། མཚུངས་པ་མེད་པ་དང་། བླང་བ་མེད་པ་དང་། དོར་བ་མེད་པ་དང་། སངས་རྒྱས་ཀྱི་ཞིང་རྣམས་དང་། ཆོས་དང་དགེ་འདུན་གྱི་

(༡༦༠)ཞིང་རྣམས་དང་། ཡེ་ཤེས་ཡོངས་སུ་རྫོགས་པ་ཐོབ་པའི་གཞི་རྣམས་དང་། ཁམས་གསུམ་སྙམ་པ་ཉིད་དང་། ཆོས་ཐམས་ཅད་མི་དམིགས་པའི་གཞི་རྣམས་དང་། ཆོས་ཐམས་ཅད་སྐྱེ་བ་མེད་པར་བསྟན་པའི་གཞི་རྣམས་དང་། སྨྲ་བའི་སེང་གེའི་གཞི་རྣམས་དང་། དབང་པོ་བཞི་རྣམས་དང་། གཞི་མེད་པའི་གཞི་བསྟན་པ་ནི། རྒྱལ་བ་སྲས་དང་བཅས་ལ་གཞན་གྱི་སྤྱོད་ཡུལ་མ་ཡིན་ཞིང་། འཇམ་དཔལ་ཤེས་རབ་དྲི་མ་མེད་པ་འཁོར་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་གཞི། ཅིར་ཡང་མི་གསུང་མི་སྨྲ། བརྗོད་ཅིང་འདོན་པར་མི་མཛད། ཡི་གེའི་ཚོགས་རྣམས་ཀྱང་རང་བཞིན་ལ་གནས་ཤིང་། ཡི་གེའི་བྱེ་བྲག་གི་ཐ་སྙད་དུ་མ་གྲུབ་ཅིང་མི་བརྗོད། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཅན་ཆོས་ཉིད་ཀྱི་རང་བཞིན་ལ། རང་བཞིན་ཉིད་ལ་རང་ཏང་གནས་པ་ནི། རང་བཞིན་སྐུའི་འཇམ་དཔལ་ཡིན་ནོ། །དེའི་ཕྱིར་ན། རང་བཞིན་གཅིག་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་གཞི་གྲངས་མཐའ་མེད་པ་ལས། ལམ་གྲངས་མཐའ་མེད་པར་བསྒྲོད་ཅིང་། འབྲས་བུ་གྲངས་མཐའ་མེད་པར་སངས་རྒྱས་པའི་མིང་དང་ཐ་སྙད་ཚོགས་རྣམས་ནི། ཀུན་རྫོབ་ཐ་དད་པའི་འཇམ་དཔལ་ཏེ། བཞི་མེད་པ་ལས་གཞི་འདི་རྣམས་སུ་བཞེད་པའི་མཚན་ཉིད་གཞི་དང་མཚོན་བྱེད། མཚན་ཉིད་ཐ་དད་པའི་བྱེ་བྲག་སྣ་ཚོགས་ལ་བཞེད་ནས། ཞེན་པ་རྒྱ་མཚོ་མཐའ་ཡས་ཀྱི་རང་བཞིན་གྱི་སྐུའི་འཇམ་དཔལ་གྱི་བསྟན་པ་རྒྱ་མཚོ་མཐའ་ཡས་དང་། བསྟན་པ་རྒྱ་མཚོ་མཐའ་ཡས་རྟོགས་པར་ག་ན་གྱུར། ངར་འཛིན་པའི་ལྟ་བ་ཉི་ཤུ་རྩ་གཅིག་གང་དང་གང་ལ་ཞོན་པར་གྱུར་ན་ཡང་། སྐུ་ལྔ་ཡོངས་སུ་རྫོགས་པ་དེའི་འཇམ་དཔལ་རང་བཞིན་

(༡༦༡)གྱི་སྐུ། ཆོས་དབྱིངས་རབ་འབྱམ་རང་བྱུང་ཡེ་ཤེས་རང་བཞིན་གྱིས་སྣང་སྲིད་འཁོར་འདས་རང་ལ་རྫོགས་པའི་རང་བྱུང་ཡེ་ཤེས་ག་ལ་འཆར། དེ་དང་དེ་ཕྱིར་རང་བཞིན་དོན་གྱི་འཇམ་དཔལ་ལ། ངར་འཛིན་པའི་ལྟ་བ་ཉི་ཤུ་རྩ་གཅིག་ཏུ་བཞེད་ཅིང་། འདོད་པ་རྒྱ་མཚོ་མཐའ་ཡས་འཁྲུལ་པ་སྣ་ཚོགས་དང་། ཞེན་པ་སྣ་ཚོགས་ཀྱི་ནམ་མཁའ་ལ་འདུད་པ་བོར་བ་འདྲ། དེའི་སྒྲ་དོན་རྣམས་ཐམས་ཅད་ཀུན་གྱིས་མཁྱེན་པར་མཛོད། ཀུན་བཟངས་དྲུག་པ་རྡོ་རྗེ་འཆང་། དགའ་རབ་རྡོ་རྗེ་ས་ར་ཧ་དེའི་རང་བཞིན་དེར་རྟོགས་པ། ཏཻ་ལོ་ནཱ་རོའི་previous hit དགོངས next hit་སོགས། །རྒྱལ་བ་ཀུན་གྱི་རང་བཞིན་གྱིས། །འཁོར་དང་མྱ་ངན་འདས་པའི་ཆོས། །ཀུན་གྱི་རང་བཞིན་རྟོགས་པ་ཡི། །རང་བྱུང་རྣལ་འབྱོར་རྡོ་རྗེ་ནི། །རང་བཞིན་འཇམ་དཔལ་སྐུ་དང་མཚུངས། །ངར་འཛིན་ལྟ་བ་ཉི་ཤུ་གཅིག །ཕྱི་ནང་གྲུབ་མཐའ་ལ་སོགས་པ། །ཐེག་པ་དགུ་ཡི་སྒྲ་དོན་གྱིས། །ཀུན་གྱི་རང་བཞིན་རང་སར་གནས། །རང་བཞིན་སྐུ་ཞེས་བརྗོད་པ་དེ། །ངོ་བོ་རང་བཞིན་མཚན་ཉིད་ལྔ། །ཀུན་གྱི་སྒྲ་དོན་རྟོགས་ན་ཡིན། །འཇམ་དཔལ་རང་བཞིན་གྱི་ཆོས་ཐམས་ཅད་འབྱུང་བ་མེད་པར་གནས་པར་བཞེད་པ་ནི། མ་སླབས་མ་བཤད་མི་ཉན་མི་སྨྲ། གྲུབ་མཐའ་སོ་སོར་མི་འབྱེད། འཐོ་དམན་ཡངས་དོག་རྒྱ་ཆེ་ཆུང་བྱེ་བྲག་མི་འབྱེད། མི་བསྒོམ་མི་རྟོགས་མི་གནས། མི་སྡུ་མི་སྤྲོ་མི་སེམས་མི་རིགས། མི་སྤང་མི་སྒྲུབ་མི་སྐྱེ་མི་འགག །མི་རྩིལ་མི་བཤིག མི་དམིགས༴ མི་སྣང་སྣང་ལ་གསལ། ལམ་གྱིས་མི་ཁྱབ་དེ་ཁྱབ༴ མི་བཞལ་ཀུན་

(༡༦༢)ཁྱབ། མ་ཁྱབ་པ་མེད་པའི་ཕྱིར་ན། ཆོས་ཐམས་ཅད་ཀྱི་རང་བཞིན་རང་བྱུང་ཡེ་ཤེས་སུ་རྟོགས་པ་ནི། མི་མཁྱེན་དེ་མཁྱེན་མཁྱེན་པ་ཕྱོགས་མེད་འདུས་པ་ནི། ནཱ་རོ་བརྒྱུད་པའི་ཁྱད་ཆོས་ཡིན། ཨེ་མ་ངོ་མཚར་མི་ཆེ་འམ། འཇམ་དཔལ་སྐུ་ལྔ་ཡོངས་རྫོགས་འདི། སྐུ་བཞི་འདུ་འབྲལ་མེད་པ་དང་། སྐུ་གསུམ་ལྷུན་གྱི་གྲུབ་པའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ཁྱད་པར་དུ་འཇམ་དབྱངས་རྡོ་རྗེ་འཛིན་པ་ཡིས། བྱ་བའི་རྒྱུད་ཀྱི་བསྟན་པའི་བཀའ་དང་རྒྱུད་དང་། །བསྟན་བཅོས་སོ་སོར་འབྱེད་པ་གཞན་པ་དང་། །རང་གི་ས་ནས་གཅིག་ཆར་རྟོགས་པ་རང་བཞིན་ཀྱི་སྐུ། རང་འབྱུང་ཡེ་ཤེས་རྟོགས་པ་ངོ་སྤྲོད་previous hit ། རང་བྱུང་རྡོ་རྗེའི་རྟོགས་པའི་དགོངས next hit་པའི་བར་སྐབས་བསྟན་པའོ། །ཀྲྀ་ཡ་རྡོ་རྗེ་འཛིན་པའི། རྒྱུད་ཡེ་ཤེས་འཇིག་རྟེན། དམ་ཅན་རྒྱ་མཚོ་རྣམས་ཀྱི་ཆོས་འདིས་སེམས་ཅན་ཐམས་ཅད་ལ་ཁྱབ་ཅིང་། འགྲོ་བ་ཀུན་གྱི་བཞི་རྟོགས་པར་བྱིན་གྱིས་བརློབས་ཤིག །བཤད་དང་ཉན་དང་བྲི་དང་ཀློག་པ་དང་། གང་དུ་བཞུགས་ཤིང་སྒྲ་དང་དོན་ལ་སེམས་ཤིང་བསྒོམ་པ་ལ་སོགས། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིས། བར་ཆད་སེལ་ཞིང་བསྲུངས་སྐྱོབས་བྱིན་གྱིས་བརློབས། །ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་བསག་དང་རྟོགས་པ་ཡི། །འགྲོ་དྲུག་སེམས་ཅན་མ་ལུས་པ། །སྐུ་ལྔ་ཡོངས་རྫོགས་སངས་རྒྱས་ཉིད་དུ་ཤོག །ཀུན་གཞི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་བསག་པའི་དགེ་བའི་རྩ་བ་འདིས། །དུས་གསུམ་

(༡༦༣)གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་གཅིག་དུ་བསྡུས་པ་ཙམ། བྱེ་བ་ཁྲག་ཁྲིག་བསམ་གྱི་མི་ཁྱབ་པ། བདག་ལ་ད་ལྟ་ཉིད་དུ་འབྱུང་ཞིང་། འགྲོ་དྲུག་གི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་སངས་རྒྱས་ལ་འགོད་པར་གྱུར་ཅིག །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས་ཁྱད་པར་འཇམ་དབྱངས་རྡོ་རྗེ་འཛིན་པའི་བྱ་བའི་རྒྱུད་དང་། བཀའ་བསྟན་པ་རྒྱ་མཚོ་མཐའ་ཡས་པ་གསལ་བྱེད་སྒྲོན་མ་སོ་སོར་འབྱེད་པ་དང་། རང་གི་ས་ན་རང་བཞིན་སྐུའི་བསྟན་པ་རྒྱ་མཚོ་མཐའ་ཡས་རྟོགས་པ་རབ་འབྱམ། གཅིག་ཆར་རང་བྱུང་རྡོ་རྗེའི་previous hit དགོངས next hit། རྫོགས་སོ། རྫོགས་དང་། མ་རྫོགས། དེ་རྫོགས། ཕྱོགས་རྫོགས། ཕྱོགས་མེད་རྫོགས། པར་དཀའོ། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ཁྱད་པར་དུ་ཀྲྀ་ཡ་དག་པའི་རྣལ་འབྱོར་གྱི་སྟོན་པ་ཕུན་སུམ་ཚོགས་པ་སྙིང་རྗེ་ཆེན་པོ་དང་། བསྟན་པ་ཕུན་སུམ་ཚོགས་པ་བྱ་བའི་བཀའ་དང་རྒྱུད། ཕུན་སུམ་ཚོགས་པ་ལྔ་ལ་ཕྱག་འཚལ་ལོ། །བྱ་བའི་རྒྱུད་ཨ་རྒྱ་པ་ལོ་ཡང་དབྱེ་ན་གསུམ་ཡིན་ཏེ། གཞི་རང་བཞིན་གྱི་ཐུགས་རྗེ་ཆེན་པོ་དང་། བགྲོད་བྱ་ལམ་གྱི་སྤྱན་རས་གཟིགས་དང་། ལྟོས་པ་ལྟོས་ཆོས་ཀྱི་བྱེ་བྲག་འབྲས་བུ་མཐར་ཕྱིན་པའི་སྤྱན་རས་གཟིགས་སོ། །དབུ་ཞབས་གཞུང་གསུམ་གྱི་སོ་སོར་འབྱེད་ལུགས་རྣམས། གསང་བདག་རྡོ་རྗེ་འཛིན་པའི་ནང་དུ་ཤེས་པར་བྱའོ། །

(༡༦༤)རང་བཞིན་གཡོའི་ཐུགས་རྗེ་ཆེན་པོ་ནི། སངས་རྒྱས་ཆོས་དང་དགེ་འདུན་གང་ཡང་མ་བྱུང་བའི་སྔོན་རོལ་དུ། འགྲོ་བ་རིགས་དྲུག་གི་སེམས་ཅན་གྱི་མིང་དང་ཐ་སྙད་མེད་པའི་དུས་སུ། ཀུན་ཁྱབ་པའི་ཀུན་གཞི་ཐ་དང་དབུས་མེད་ཅིང་། རང་བཞིན་གྱིས་ལྷུན་གྱིས་གྲུབ་པ་ལ་ཐམས་ཅད་རང་བཞིན་གྱིས་གནས་ཤིང་། ཀུན་གཞི་ལ་ཀུན་འཁོར་བའི་དུས་སུ། རང་བཞིན་གྱིས་གཞི་ལས་རང་བྱུང་ཡེ་ཤེས་སུ་བརྟགས་ནས་སངས་རྒྱས་པ་ནི། ཀུན་ཏུ་བཟང་པོ་ཞེས་མིང་ཙམ་དུ་འདོགས་པའོ། །དོན་དམ་པར་ནི་ཀུན་བཟང་། ཀུན་མཁྱེན་ཀུན་རྫོགས་པའོ། །དེ་ལྟར་དུ་ཀུན་གཞི་ལ་ཀུན་འཁོད་བའི་དུས་སུ། དཔེར་ན་ས་བོན་སྣ་ཚོགས་ལྗང་བུ་སྣ་ཚོགས་རང་བཞིན་གྱིས་གནས་བཞིན་དུ། རྒྱུ་རྐྱེན་མ་འཛོམ་པའི་དུས་སུ་ནས་ལ་སོགས་པ་ས་བོན་སྐམ་པ་ལ་ལྗང་བུ་མི་སྣང་ཡང་། རྒྱུ་རྐྱེན་དུས་ཚོད་འཛོམ་པའི་དུས་སུ། མྱུ་གུ་སྣ་ཚོགས་སྐྱེ་ཞིང་འབྱུང་བ་མངོན་སུམ་ཚད་མ། དེ་བཞིན་དུ་ཀུན་གཞི་ཆོས་ཉིད་ལས། ཀུན་འབྱུང་པ་ཆོན་དུ་རང་གིས་མ་རིག་ནས། རང་བཞིན་ཉིད་ལ་རང་བཏང་འཁྲུལ་པ་ནི། ཀུན་གཞི་ཆོས་ཉིད་ཀྱི་རང་བཏང་མ་རྟོགས་ན། ཆོས་ཅན་རྣམ་པར་རྟོག་པ་ལྔའི་སྣ་ཚོགས་སུ་འཁྲུལ་པ་སྟེ། དཔེར་ན་མི་སྨྱོན་པ་ལྟ་བུ་ལས། འགྲོ་བ་རིགས་དྲུག་དུ་འཁྲུལ་ཞིང་། སྣ་ཚོགས་གཟུགས་ཅན་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པར་འབྱུང་བ་ནི། གཟུང་འཛིན་གཉིས་ལས་རྩ་བ་གཟུག་པ་སྟེ། བདག་དང་བདག་གི་བར་འཛིན་པ་ལ། རྒྱུ་སྐྱེན་ཉིད་ལས་རྒྱུ་སྐྱེན་འབྱུང་བ་ནི། མ་རིག་འཁྲུལ་

(༡༦༥)འཁོར་འདི་ལ་ཟད་མེད་འཕེལ་བ་མེད། ཅེས་གསུངས་པ་ཡང་སྐབས་འདིར་previous hit དགོངས next hit་ཡིན། དེའི་ཕྱིར་ན། ཀུན་གཞི་མ་རྟོགས་པའི་འགྲོ་བ་རིགས་དྲུག་གི་སེམས་ཅན་འདི་རྣམས་ཀྱིས། །ལས་དགེ་སྡིག་སྤུ་ཙམ་མ་བྱས་ཀྱང་། འཐོ་རིས་ངན་སོང་འགྲོ་བ་རིགས་དྲུག་བར་དོ་དང་བདུན་གྱིས་ཕྱི་སྣོད་ནང་བཅུད་ཀྱི་ཞིང་ཁམས་འཇིག་རྟེན་སོ་སོར་བཀྲ་བའོ། །འཇིག་པ་གསུམ་དང་རྟེན་པ་དྲུག །འཇིག་རྟེན་ཞེས་བྱར་གྲགས་པ་ཡིན། །ཞེས་གསུངས་པ་ཡང་སྐབས་འདིར་previous hit དགོངས next hit་ཡིན། སྙིང་རྗེ་ཆེན་པོ་རྡོ་རྗེ་འཛིན་པའི་ཀྲྀ་ཡའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ཀུན་གཞི་ལ་ཀུན་འཁོད་པའི་དུས་སུ། ཀུན་རྟོགས་མ་རྟོགས་གཉིས་ལས། སངས་རྒྱས་སེམས་ཅན་གཉིས་སུ་མིང་འདོགས་ཤིང་སོ་སོ་འབྱེད་པའི་བར་སྐབས་བསྟན་པའོ། །དེའི་ཚེ་དེའི་དུས་གསུམ་གྱི་རྒྱས་བ་སྲས་དང་བཅས་པ་རྣམས་ཀྱི་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་གྲངས་ཅན་གྲངས་མེད་རྣམས་ཀྱི་ཕྱི་ནང་གི་གྲུབ་མཐའ་མེད་ཅིང་། མ་རིག་ཅིང་མ་རྟོགས་པ་རྣམས་ལ། དབང་པོའི་བྱེ་བྲག་དང་འཐུན་པར་ཐེག་པ་སྣ་ཚོགས་ཀྱི་ཆོས་སྟོན་ཞིང་། སངས་རྒྱས་ཀྱི་གྲུབ་མཐའ་ལ་བཙུད་པའི་ཕྱིར་ན། བློ་སྒྱུར་ཞིང་བཅོས་པའི་ཕྱིར་ན་ཆོས་ཞེས་བྱ་བས་ཏེ། འཐོ་རིས་གནས་གསུམ་དཀར་པོའི་རིགས་སྣ་ཚོགས་པ་སྐྱེ་ཞིང་། གཅིག་གིས་གཅིག་ཁྲིད་པའི་ཚུལ་དུ་ས་ལམ་བགྲོད་ནས། དབང་པོ་རབ་འབྲིང་ཐ་མ་གསུམ་གྱིས་འཁོར་པ་ལས་ཐར་བ་ནི། སངས་རྒྱས་སེམས་ཅན་ཉན་རང་གི་ཚོགས་རྣམས་ཡིན་ཏེ། རྒྱུ་སེམས་ཅན་ལ་འབྲས་བུ་སངས་རྒྱས་འབྱུང་བའི་འདོད་པའི་དོན་དེ་ནི་འདི་རྣམས་ལ་previous hit དགོངས next hit

(༡༦༦)ཡིན། དེའི་ཕྱིར་ན། རྒྱུ་བྱུང་རྐྱེན་བྱུང་གི་སངས་རྒྱས་བྱ་བ་ཡིན། སྙིང་རྗེ་ཆེན་པོ་བྱ་བའི་རྒྱུད་ཀྱི་བསྟན་པ་ཕུན་སུམ་ཚོགས་པ་ལས། རྒྱུ་འབྲས་ཕུན་སུམ་ཚོགས་པ་ལ་སོགས་པར་འཛོམ་ན་མཐོ་རིས་དང་ཐར་པ་ཐོབ་པ་དང་། རྒྱུ་རྐྱེན་མ་རིག་ལོག་པར་འཛེམ་ན་ངན་སོང་གསུམ་ལ་སོགས་པ་ལོག་པའི་བསྡུལ་གྱི་རྒྱུ་འབྲས་ཕྱོགས་མེད་དུ་སྨིན་པ་སྟེ། རྒྱུ་རྐྱེན་འཚོགས་ནས་ལས་རྣམས་གྲུབ་ཅེས་གསུངས་previous hit ་ཡང་སྐབས་འདིར་དགོངས next hit་པའོ། །འགྲོ་བ་ཅི་ཁྱབ་ཀྱི་རྒྱུ་རྐྱེན་ལེགས་པར་འཛོམ་པ་དང་། ལེགས་པར་འཛོམ་པའི་བར་སྐབས་བསྟན་པའོ། །དེའི་ཚེ་དེའི་དུས་ན། ཁྱད་པར་གྱི་ད་ལྟར་གྱི་ཐུགས་རྗེ་ཆེན་པོ་འདི་ཡང་། ཀུན་གཞི་ལས་ཀུན་འཁོར་བའི་དུས་སུ། རང་བཞིན་རྣམ་པར་དག་པའི་ཆོས་ཉིད་ཆོས་སྐུ་དྲི་མ་མེད་པ་ཉག་གཅིག་ཡིན་པ་ལ་ཡིན་པར་ངོ་མ་ཤེས་ཤིང་། ལྷན་ཅིག་སྐྱེས་པའི་མ་རིག་པས་སྒྲིབས་ནས། གཟུང་བ་དང་འཛིན་པ་དང་། ཆགས་པ་དང་སྡང་བར་གྱུར་ནས་ཁམས་གསུམ་དུ་འཁོར། །རྒྱུ་དྲུག་དུ་འཁྱམས་ནས་སྐྱེ་འཆིའི་འཁོར་ལོ་རྒྱུན་ཆད་མེད་པར་ཉམས་སུ་མྱོང་བའི་ལུགས། སྤྱི་ཁྱབ་ཀྱི་མདོ་རྒྱུད་རྣམས་དང་། ཁྱད་པར་ཐུགས་རྗེ་ཆེན་པོ་ལ་རྟོག་པའི་རྒྱུད་སྡེ་རྣམས་ལས། གྲངས་མེད་ཅིང་བྱེ་བྲག་བསམ་གྱི་མི་ཁྱབ་གསུང་བར་འདུག་པ་རྣམས་ལས། སོ་སོར་ཤེས་ཤིང་གོ་བར་བྱའོ། །དེའི་ཕྱིར་ན། ཐུགས་རྗེ་ཆེན་པོ་ཞེས་བྱ་བ་ཡང་གཉིས་ཡིན་ཏེ། སྤྲུལ་པའི་ཐུགས་རྗེ་ཆེན་པོ་དང་། རྣམ་པར་འཕྲུལ་པ་དང་། ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པར་སྐྱེ་བ་མེད་ཀྱང་སྐྱེ་ཚུལ་

(༡༦༧)སྟོན། གནས་པ་མེད་ཀྱང་གནས་ཚུལ་སྟོན། ལམ་བསྒྲོད་བདུད་བཏུལ་རྫོགས་པར་སངས་རྒྱས་ཤིང་། ཕྱོགས་བཅུ་ཞིང་ཁམས་མཐའ་ཡས་པར། ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། མྱ་ངན་ལས་འདས་པའི་ཚུལ་བསྟན་ནས། སེམས་ཅན་འཁོར་བ་ལས་བསྒྲོལ་བའི་ཐུགས་རྗེ་ཆེན་པོ་གྲངས་མེད་དཔག་ཏུ་མེད་པའི། འགྲོ་དོན་མཛད་པ་ནི་སྤྲུལ་སྐུ་རྒྱ་མཚོ་མཐའ་ཡས་ཀྱི་ཐུགས་རྗེ་ཆེན་པོ་བྱ་བ་ཡིན། རང་རྒྱུད་པའི་སྤྱན་རས་གཟིགས་ནི། མ་རིག་པའི་རྒྱ་མཚོར་བྱིང་ཞིང་། མི་ཤེས་པའི་དབང་གིས་ལས་དགེ་སྡིག་སྣ་ཚོགས་སྤྱད་སྤྱད་ནས། རང་དབང་མེད་པར་རིག་དྲུག་སྣ་ཚོགས་ཀྱི་ལུས་བླངས་ཤིང་། དགེ་བའི་ཚོགས་དང་མི་དགེ་བའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྱད་ཀྱང་གཟུང་འཛིན་གྲོལ་བའི་དབང་གིས་སྐྱེ་འཆི་ལས་རང་དབང་མ་ཐོབ་ཅིང་འཁོར་བ་ལས་མ་ཐར་བ་དེར། སེམས་དང་སེམས་བྱུང་མ་རྟོགས་པས་ལན་པ་ཡིན། བྱ་བའི་རྒྱུད་ཀྱི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། སྤྱན་རས་གཟིགས་རྡོ་རྗེ་འཛིན་པ་དང་། འགྲོ་དྲུག་སེམས་ཅན་རྣམས་ཀྱི་སྤྱི་ཁྱབ་དང་། བྱེ་བྲག་དུ་འཁོར་བར་འཁྱམ་པ་ལས། སྤྲུལ་པའི་སྐུ་དང་སེམས་ཅན་རང་རྒྱུད་པ་གཉིས་ཀྱིས་མཚམས་འབྱེད་པའི་བར་སྐབས་བསྟན་པའོ། །དེའི་ཚེ་དེའི་དུས་ན། གྲངས་མེད་བསྐལ་པ་མཐའ་ཡས་མུ་མེད་བསམ་གྱིས་མི་ཁྱབ་པའི་སྔོན་རོལ་དུ། ཕ་བྲམ་ཟེ་འབྲི་ན་རྒྱལ་བ་དང་། མ་སུ་ན་དྷ་རི་བྱ་བ་གཉིས་ལས། བུ་བྲམ་ཟེ་

(༡༦༨)ལྟ་ན་སྡུག་བྱ་བ་སྐྱེས་པའི་དུས་སུ། སངས་རྒྱས་པདྨ་མཆོག་གི་བླ་མ་ཞེས་བྱ་བ་སངས་རྒྱས་ཀྱི་ཞིང་འོད་འཕྲོ་བ་ཞེས་བྱ་བ་ན་བཞུགས་པ་ཡིས། སྒྲིབ་པ་མེད་པའི་སྤྱན་གྱིས་གཟིགས་པའི་དུས་སུ། བྲམ་ཟེའི་ཁྱེའུ་མཐོང་ན་དགའ་འདུལ་བའི་དུས་ལ་བབས་པར་གཟིགས་ནས་སྤྲུལ་པའི་འོད་ཟེར་ཆ་གཅིག་འཕྲོས་པ་ལས། བྲམ་ཟེ་ཆོས་ཀྱི་རིག་བྱེད་སྙིང་རྗེའི་བདག་ཉིད་ཅན་གཅིག་དུ་སྤྲུལ་ནས། དང་པོ་བྲམ་ཟེའི་རིག་བྱེད་ཐམས་ཅད་ལ་མཁས་པར་བརླབས་ཤིང་། དེའི་རྗེས་སུ་སྙིང་རྗེ་ཚད་མེད་ཅན། ཚད་མེད་ལ་བསླབས་ནས། ཚད་ཅན་འཇིག་རྟེན་པའི་སྙིང་རྗེ་བློ་ལོག་ནས། ཚད་མེད་པའི་འཇིག་རྟེན་ལས་འདས་པའི་སྙིང་རྗེ་ལ་བློ་སྦྱང་དུ་བཅུག་ཅིང་། བྱམས་པ་ཚད་མེད་པ། དགའ་བ་ཚད་མེད་པ། བཏང་སྙོམས་ཚད་མེད་པ་ལས་རིམས་ཀྱི་བརླླབས་སོ། །དེ་ནས་ཐེག་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་སྨོན་འཇུག་གཉིས་ལས་གོམས་པར་སྦྱང་ཞིང་། སྡུག་བསྔལ་དང་བྲལ་བའི་ཏིང་ངེ་འཛིན་ཀྱང་རྟོགས་པར་མཛད་དོ། །དེའི་ཚེ་དེའི་དུས་ན། པདྨ་མཆོག་གི་བླ་མ་དངོས་སུ་བྱོན་ནས། འགྲོ་བ་འདྲེན་པར་དབང་བསྐུར་བྱིན་གྱིས་བརླབས་སོ། །པདྨ་མཆོག་གི་བླ་ན་མེད་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཡང་མདོ་རྒྱུད་རྣམས་ནས་གྲངས་མེད་པ་གསུངས་ཤིང་འདུག་པ་སྟེ། སངས་རྒྱས་འདི་ནི་པདྨ་ར་གའི་འོད་ཟེར་འཕྲོ་བའི་ཞིང་ན་བཞུགས་པའི་སངས་རྒྱས་ཡིན། །དེའི་ཚེ་དེའི་དུས་ན། བྲམ་ཟེའི་བུ་མཐོང་ན་དགའ་དེས། སངས་རྒྱས་ཀྱི་འཐུས་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་དང་། ཆོ་འཕྲུལ་དང་རྫུ་འཕྲུལ་བསམ་གྱི་མི་ཁྱབ་པའི་སྟོབས་ཐོབ་

(༡༦༩)པར་འགྱུར་ཏོ། །དེའི་ཚེ་དེའི་དུས་ན། བྱང་ཆུབ་སེམས་དཔའ་མཐོང་ན་དགའ་ཞེས་བྱ་བར་ཐམས་ཅད་ཀུན་གྱི་མཚན་གསོལ་ཏེ། ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་པར་འགྲོ་བ་རིགས་དྲུག་གི་སྐྱེས་གནས་དང་ཡུལ་ཐམས་ཅད་དུ། སེམས་ཅན་རྣམས་སྡུག་བསྔལ་བ་དང་། ཉོན་མོངས་པ་ཐམས་ཅད་ཀྱི་རྩར་རང་གི་གཟུགས་དང་། སྐད་དང་ཁ་དོག་དང་། མགོན་པོའི་བྱེ་བྲག་དང་། ཡན་ལག་གི་གྲངས་དང་། མཉམ་པར་སྤྲུལ་ཞིང་། ཐབས་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཞི་བར་མཛད་ཅིང་། མཐར་གྱིས་འཁོར་བ་ལས་སྒྲལ་ལོ། །བཀྲེས་པ་རྣམས་ཀྱི་སྐོམ་པ་དང་ཧུབ་དུ་གྱུར་པ་དང་། ནད་པ་རྣམས་ཀྱི་སྨན་དང་སྨན་པར་གྱུར་བ་དང་། སྐྱབས་མེད་མགོན་མེད་གནས་མེད་རྣམས་ཀྱིས། སྐྱབས་མགོན་གཞལ་ཡས་ཁང་དུ་གྱུར་པ་དང་། ཟས་དང་ནོར་དང་ལོངས་སྤྱོད་མེད་པ་རྣམས་ཀྱི་དབུལ་འཕོངས་སྡུག་བསྔལ་བསལ་བ་ལ་སོགས་པ། སྐད་ཅིག་ལག་པ་བརྐྱང་བསྐུམ་ཙམ་གྱི་བར་དུ་ཡང་། སེམས་ཅན་རྣམས་ཀྱི་ཁམས་རྒྱུད་དང་འཐུན་པར་འཇིག་རྟེན་འདིའི་ཕན་བདེ་བསམ་གྱིས་མི་ཁྱབ་པ་བསྒྲུབས་ནས་སེམས་བསྐྱེད་པའི་སྟོབས་དང་། ཚོགས་གཉིས་ཟུང་དུ་འཇུག་པའི་སྟོབས་དང་། སྨོན་ལམ་རྒྱ་ཚོ་མཐའ་ཡས་པའི་སྟོབས་དང་འབྲེལ་པ་ཐོགས་ཚད་རྣམས་ཚད་མེད་པའི་སྙིང་རྗེ་ཆེན་པོ་ཡིས། ཐམས་ཅད་ཐེག་པ་གསུམ་ལ་བཀོད་ཅིང་སྐྱོ་བ་དང་དུབ་པ་མེད་པར། འགྲོ་བ་རིགས་དྲུག་ཐམས་ཅད་ཀྱི་གྲངས་དང་མཉམ་པའི་འོད་ཟེར་བཀྱེས་ནས། ཐམས་ཅད་ཀྱི་སྡུག་བསྔལ་སྣ་ཚོགས་ཀྱི་རྒྱ་མཚོ་ཞི་བར་

(༡༧༠)མཛད། སྤྱན་རས་གཟིགས་དང་ཚེ་རབས་མང་པོ་ནས་འབྲེལ་པ་ཡོད་པ་དང་། གསོལ་བ་འདེབས་ཤིང་སྐྱབས་འོག་ཏུ་ཚུད་པ་དང་། སྙིང་པོ་བགྲང་པ་དང་། འཇིགས་པ་དང་ཉམས་ངལ་བྱུང་དུས་སུ་ཐུགས་རྗེ་ཆེན་པོ་དྲན་ཞིང་མོས་གུས་སྐྱེས་པ་ལ་སོགས་པ་རྣམས་ཀྱིས་ནི། སྤྱན་རས་གཟིགས་ཀྱི་སྐུ་མཐོང་བ་དང་། །གསུང་ཐོས་པ་དང་། ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས་པ་དང་། འཇིག་རྟེན་འདིའི་སྡུག་བསྔལ་ཉོན་མོངས་པ་རྒྱ་མཚོའི་འཇིགས་པ་བརྒྱད་དང་གྲངས་མེད་ལས་སྐྱོབ་པར་འགྱུར་རོ། །སེམས་ཅན་ཐོག་མ་མེད་པའི་དུས་ནས། མ་རིག་པ་གཏི་མུག་གི་དབང་དུ་གྱུར་ཞིང་། དཀར་པོའི་འབྲེལ་ཚུལ་དང་ཐོན་ཐབས་ནི་མེད། ལས་ངན་པའི་དབང་དུ་གྱུར་ཅིང་གཟུང་འཛིན་གྱི་དབང་གིས་ལོག་པར་ལྟ་བའི་མུན་པ་འཁྲིགས་པ་ནི་མཐའ་ཡས་མུ་མེད་བསམ་གྱིས་མི་ཁྱབ་པའི་མུན་ནག་གཏི་མུག་འཁྲིགས་པ་རྣམས་ལས། ཐུགས་རྗེ་ཆེན་པོ་སྟོང་པ་སྙིང་རྗེ་དབྱེར་མེད་ཚད་མེད་པའི་ཐུགས་རྗེ་ཆེན་པོའི་འོད་ཟེར་དང་། རྣམ་འཕྲུལ་དང་སྤྲུལ་སྐུ་ངེས་དོན་གྱི་དབང་དུ་བྱས་ན་རྒྱུན་ཆད་མེད་པར་སྐྱེད། དྲང་དོན་གདུལ་བྱ་ཐ་མའི་དབང་དུ་ནི། སྙིང་རྗེ་ཆེན་པོའི་སྤྱན་གྱིས་འཇིག་རྟེན་ལ་ཐང་ས་དྲུག་གཟིགས་པ་གསུམ་གྱིས་བསྐལ་པ་གྲངས་མཐའ་མེད་པར་གཟིགས་ན་ཡང་། ལས་ཟད་པ་དང་འབྲེལ་པ་ཆད་པ་རྣམས་ལ། ད་ལྟ་ཉིད་དུ་ཕན་ཞིང་བྱིན་གྱིས་བརླབས་པར་མི་འགྱུར་ཏེ། ཚད་མེད་ཐུགས་རྗེའི་ཕྲིན་ལས་ཀྱི། རིམས་ཀྱི་སེམས་ཅན་ཐམས་ཅད་བསྒྲོལ་བ་དང་བཅས་པའི། དེའི་ཕྱིར་

(༡༧༡)ན་སྐད་ཅིག་ཕུད་ཙམ་ཐང་གཅིག་ལ་ཡང་། འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕན་པ་དང་། བདེ་བ་ལས་བསམ་གྱིས་མི་ཁྱབ་པ་བཀོད་དོ། །དེ་ལྟ་བུ་བསྐལ་པ་ཁྲི་ཕྲག་བདུན་གྱི་བར་དུ་རྒྱུན་ཆད་མེད་པར་སེམས་ཅན་གྱི་དོན་མཛད་ནས། ཉིན་རེ་ཡང་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཙམ་འཁོར་བ་ལས་བསྒྲོལ་ཞིང་། འཐོ་རིས་ལ་བཀོད་པར་མཛད་པ་ལས། ཚད་མེད་པའི་ཐུགས་རྗེ་ཆེན་པོའི་previous hit དགོངས next hit་དང་། previous hit དགོངས་གཞི་མཛད་ next hit་ནི། སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེ་ཕྱོགས་མེད་དུ་འདུས་པ་ཡིན་པའི་ཕྱིར་སེམས་ཅན་གྱི་དོན་འདི་ཙམ་ཞིག་མཛད་ཅིང་འཁོར་བ་ལས་སྒྲོལ་བའི་ཕྱིར་ན། སེམས་ཅན་འདི་རྣམས་ཉུང་བའམ་ཟད་ཅིང་། ཉུང་བར་མ་གྱུར་རམ། སྙམ་previous hit དགོངས་ནས་སྐད་ཅིག་ལག་ next hit་བརྐྱང་བསྐུམ་ལ། སྲིད་པའི་རྩེ་མོ་རི་བོ་སྤོ་ཏ་ལར་བྱིན་གྱིས་བརླབས་ནས། །མི་མཁྱེན་པ་མེད་པའི་ཐུགས་ཆོས་ཀྱི་དབྱིངས་རབ་འབྱམ་སྒྲིབ་པ་མེད་པའི་སྤྱན་གྱིས། འགྲོ་བ་ནི་རིགས་དྲུག་གི་སྐྱེ་གནས་ཐམས་ཅད་དུ་གཟིགས་པ་ལས། ཁམས་གསུམ་གྱི་སེམས་ཅན་ལ་ནི་ཉུང་པ་འམ་འགྲིས་པ་སྤུ་ཙམ་ཡང་མེད་ཅིང་། མཐའ་ཡས་མུ་མེད་བསམ་གྱིས་མི་ཁྱབ་པའི་འགྲོ་བ་རྣམས། ལུས་ངག་ཡིད་གསུམ་གཟུགས་སྣ་ཚོགས་གྲངས་མེད་པ་དང་། སྐྱིད་སྡུག་འཕོ་འགྱུར་ཐ་དད་པ་བསམ་གྱིས་མི་ཁྱབ་པ་དང་། སྐྱེ་རྒ་ན་འཆི་ཆུ་བོ་བཞི་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་གཟིགས་ནས། ཐུགས་ཤིན་དུ་ཆད་དོ། །ལུས་ངག་

(༡༧༢)ཡིད་གསུམ་ཐང་ཆད་སྒྱིད་ལུག་ཉམས་ཐག་ནས། སེམས་ཅན་ཐམས་ཅད་ཀྱི་ཁམས་ཆེན་པོ་རེ་མཐོང་ནས། ཐུགས་རྗེ་ཆེན་པོ་བཤུམས་ཏེ། སྤྱན་ལོང་ལོང་གི་བར་དུ་བཤུམས་སོ། །དེའི་ཕྱིར་ན། སྤྱན་རས་གཟིགས་སུ་མཚན་གསོལ་བའི་དོན་ཡང་སྐབས་འདིར་previous hit དགོངས་པའོ། །བཤུམས་ next hit་ཕྲིན་ལས་སུ་འགྱུར་བ་སྟེ། སེམས་ཅན་གྱི་རིགས་རྣམས་ཀྱི་མདོ་རྒྱུད་རེ་རེའི་འདུན་དུ་ཡང་སྒྲོལ་མའི་སྐུ་རེ་རེ་བྱོན་ནས། སྒྲོལ་མའི་ཆ་ལུགས་སྣ་ཚོགས་ལྟ་བུར་འཁོར་བ་ལས་སྒྲོལ་ལོ། །ཐུགས་རྗེ་ཆེན་པོའི་སྤྱན་ཆབ་རྣམས་ལ་ཡང་། ཚད་མེད་པའི་སྙིང་རྗེའི་དབང་གིས། རིགས་ལྔའི་སྒྲོལ་མ་ལ་སོགས་པ་སྤྲུལ་པའི་ལྷ་ཚོགས་གནམ་གྱི་སྐར་མ་ཙམ་དུ་འབྱུང་ཞིང་སེམས་ཅན་གྱི་དོན་ལ་གཤེགས་སོ། །དེའི་ཚེ་དེའི་དུས་ན། ཐུགས་རྗེ་ཆེན་པོའི་previous hit དགོངས next hit་ལས། ཤིང་ཟད་པའི་མེ་བཞིན་དུ་མཛད་པ་ཕྲིན་ལས་གང་ཡང་མི་འབྱུང་བར། ཞི་བ་རང་སངས་རྒྱས་ཡིད་བཞིན་བདེ་བ་མཆོག་གི་ས་མངོན་དུ་བྱ་དགོངས་པའི་དུས་སུ་སྟོབས་ཆེན་མཆོག་དུ་གྱུར་པའི་ཕྱག་ན་རྡོ་རྗེ་ཡིས། ཡེ་ཤེས་ཀྱི་རྡོ་རྗེ་ལས་ལས་གྲུབ་པ། རྫས་ཀྱི་རྡོ་རྗེ་དང་ཐ་དད་མེད་པ། འཕངས་ན་ཚད་མེད་པའི་སྙིང་རྗེ་ཆེན་པོའི་མགོ་ལ་སྟོག་སྟེ་དུམ་བུ་དགུར་འགྲོ་ཚུལ་བསྟན་ནས། དེའི་ཚེ་དེའི་དུས་ན། གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་ཞལ་ནས། རབ་འབྱམ་རྒྱལ་བའི་སྲས་བཅས་ཀྱིས། ཚད་མེད་ཐུགས་རྗེའི་བདག་ཉིད་ཁྱོད་ཡིན་ཞིང་། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས། །ཚད་ཅིང་སྙིང་རྗེའི་བདག་ཉིད་ཀྱང་། །ཐུགས་རྗེའི་མངའ་བདག་ཁྱོད་ཡིན་ཕྱིར། །ཞི་བར་གནས་པར་མི་

(༡༧༣)རིགས་སོ། །གསུང་ནས། དབུ་དུམ་དུ་དགུ་སྡུས་པ་ལས། ཞལ་དགུའི་སྔོན་གྱིས་དམ་བཅས་སློབ་དཔོན་ཕྱག་ན་རྡོ་རྗེ་ཡིས་དབུ་དུམ་བུ་དགུའི་ཐོག་དུ་བཞག་པ་དང་བཅུ། ཀུན་གྱིས་སློབ་དཔོན་སྣང་བ་མཐའ་ཡས་ཡིན་པའི་ཕྱིར་ན། བྱང་ཆུབ་སེམས་དཔའ་ཐེག་པ་སྨན་པ་མི་ལྟུང་པའི་དཔང་པོར་སྣང་བ་མཐའ་ཡས་ཀྱི་དབུ་བཞག་པ་དང་བཅུ་སྟེ། འདི་ལ་འགའ་ཞིག་གི་འདི་སྐད་ཟེར་ཡང་སྲིད། པདྨ་མཆོག་གི་བླ་མ་དང་། ཕྱག་ན་རྡོ་རྗེའི་དབུ་དེར་གཞག་པས། དེ་གཉིས་ལ་མགོ་མེད་པར་ཐལ་ཟེར་ཡང་ཤེས་པའི་ཕྱིར་ན། མགོ་དང་ཕྱག་དང་ཕྱག་མཚན་སངས་རྒྱས་སེམས་ཅན་གཉིས་ཀ་ཅིག་དུ་སྡུས་པའི་གྲངས་དང་མཉམ་པར་འོད་དཔག་མེད་ལ་ཡོད་པའི་ཕྱིར་ན། སྣང་བ་མཐའ་ཡས་ཞེས་པའི་དོན་ཡང་འདིས་དགོངས་པའོ། །གསང་བདག་ཀྱང་དེ་དང་འདྲ་སྟེ། རྡོ་རྗེ་འཛིན་པའི་གསལ་བྱེད་སྒྲོན་མ་ལས་ཤེས་པར་མཛོད། དེའི་ཚེ་དེའི་དུས་ན། ཕྱག་ན་རྡོ་རྗེའི་རྣམ་འཕྲུལ་རིག་འཛིན་དང་། ཕྱོགས་བཅུའི་བྱང་ཆུབ་སེམས་པའི་ཚོགས་རྣམས་ཀྱིས། ཚད་མེད་པའི་ཐུགས་རྗེ་ཆེན་པོ། པད་མ་དཀར་པོ་འདམ་གྱི་ནང་ནས་སྐྱེས་ཀྱང་། འདམ་གྱི་དྲི་མས་མི་གོས་པ་ལྟ་བུའི་སྤྱན་རས་གཟིགས་ལ་བསྟོད་པ། ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང་། །སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གང་ལ་གང་འདུལ་དེ་ལ་དེ་སྟོན་པ། །སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །ཞེས་བསྟོད་

(༡༧༤)ཅིང་། སྣང་བ་མཐའ་ཡས་ལ་སོགས་པ། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་དབུར་ཞིང་བྱིན་གྱིས་བརླབས་སོ། །དེའི་ཚེ་དེའི་དུས་ན། འཇིག་རྟེན་གྱི་ཁམས་སྲིད་པ་གསུམ་སོགས་སྤྱན་རས་གཟིགས་ཀྱིས་སྒྲ་ཕྱོགས་མེད་དུ་སྒྲོགས་པས་སེམས་ཅན་གྱིས་ཐོས་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ན། སྤྱན་རས་གཟིགས་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་ཁམས་གསུམ་དུ་བཀྱེ་ནས། ཚད་མེད་པའི་ཐུགས་རྗེ་ཆེན་པོའི་དབང་གིས། སེམས་ཅན་གྱི་གྲངས་དང་མཉམ་པ་ཙམ་དུ། མི་མཐུན་པར་སྤྱན་རས་གཟིགས་ཁམས་གསུམ་དུ་ཁྱབ་པར་སྤྲུལ་ཏེ། སེམས་ཅན་ཐམས་ཅད་ཀྱི་སེམས་བརྒྱུད་ལ་ཡང་སྤྱན་རས་གཟིགས་ཞེས་བྱ་བར་རང་བཞིན་གྱི་ཤེས་ནས། ཚད་མེད་པའི་སྙིང་རྗེ་ཤུགས་ལས་སྐྱེས་སོ། །དེའི་ཕྱིར་ན། སྤྱན་རས་གཟིགས་ཀྱིས་མ་ཁྱབ་པ་གང་ཡང་མེད། སྤྱན་རས་གཟིགས་ཀྱི་མཛད་པ་འཕྲིན་ལས་previous hit དགོངས next hit་དང་དགོངས་གཞི་ཐམས་ཅད་ཀྱང་། རྣམ་པར་སྣང་མཛད་གངས་ཆེན་མཚོ་དང་མཚུངས་སོ། །དེའི་ཕྱིར་ན་སངས་རྒྱས་ཐམས་ཅད་ཀྱི་ཚད་མེད་པའི་ཐུགས་རྗེས་གང་ཁྱབ་པའི་སར། སྤྱན་རས་གཟིགས་ཀྱི་ཚད་མེད་པའི་སྙིང་རྗེ་དང་། མཛད་པ་ཕྲིན་ལས་ཀྱི་མ་ཁྱབ་པ་མེད་པའོ། །དེའི་ཕྱིར་ན། ཐུགས་རྗེ་ཆེན་པོའི་སྐུ་ཆོས་ཀྱི་དབྱིངས་དང་མཉམ་པར། ཆོས་ཀྱི་དབྱིངས་ཀྱིས་མ་ཁྱབ་པ་མེད་པའི་སྐུ་ཞིང་ཁམས་ཐམས་ཅད་སྐུ་ལ་རྫོགས་ཤིང་། སྐུའི་ཡས་ཞིང་ཁམས་ཐམས་ཅད་ལ་ཁྱབ་པའི་སྐུ། བསམ་གྱི་མི་ཁྱབ་པའི་ཆོས་ཀྱི་སྐུ། ལོངས་སྤྱོད་རྫོགས་པའི་སྐུ་གྲངས་མེད་མཐའ་ཡས་བསམ་གྱིས་མི་ཁྱབ་པ། སྐུ་ཆེ་བ་ཀུན་

(༡༧༥)སྟོང་གསུམ་ཙམ་སམ། འབྲིང་པོ་ཀུན་གླིང་བཞི་རི་རབ་དང་བཅས་པ་དང་མཉམ་པ་གདུལ་བྱ་སེམས་ཅན་རྣམས་ཀྱི་ལུས་ཆེ་ཆུང་བྱེ་བྲག་དང་མཉམ་པར། དཔེར་ན་མེ་ལོང་གཟུགས་བརྙན་བཞིན་དུ། སྤྱན་རས་གཟིགས་ཀྱི་སྐུ་ཡང་དེ་དང་མཚུངས་པ་སྟེ། སྤྱན་རས་གཟིགས་ཀྱི་སྐུ་འབའ་ཞིག་ཀུན་རི་བྲག་སྣ་ཚོགས་ཙམ་དང་། ད་ལྟར་གྱི་མིའི་ལུས་ཙམ་དང་། ཐེབ་བོང་ཙམ་དང་། ཆུང་པ་ཀུན་ཤིག་དང་ཡུངས་འབྲུ་སྲོ་མ་ཙམ་ལ་སོགས་པ་ཆེ་ཆུང་མང་ཚད་མེད་པའི་ཕྱིར་ན། གདུལ་བྱ་ཇི་ལྟར་གནས་པ་ལས། གདུལ་བྱེད་བསྟོན་པ་དེ་བཞིན་འབྱུང་། ཞེས་གསུངས་པ་ཡང་སྐབས་འདིར་previous hit དགོངས next hit་སྟེ། ཟ་མ་ཏོག་བཀོད་པའི་མདོའི་previous hit དགོངས next hit་ལས། གདུལ་བྱེད་བསྟོན་པ་དེ་བཞིན་འབྱུང་། ཞེས་གསུངས་པ་ཡང་སྐབས་འདིར་previous hit དགོངས next hit་སྟེ། ཟ་མ་ཏོག་བཀོད་པའི་མདོའི་previous hit དགོངས next hit་ལས། ཐུགས་རྗེ་ཆེན་པོ་ཀུན་ཁྱབ་ཆོས་ཀྱི་དབྱིངས་དང་མཉམ་པའི་སྐུའི་བ་སྤུའི་རྩ་བ་གསེར་ཞེས་བྱ་བ་ན་ཕར། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམས་སེལ། རྫུ་འཕྲུལ་དང་། ཆོ་འཕྲུལ། རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པས་ལོ་བཅུ་གཉིས་ཀྱི་བར་དུ། སོང་ན་ཡང་བ་སྤུའི་རྩ་བའི་གཏིང་མ་སྙེད་སྟེ་བ་སྤུའི་ནང་དེ་ན་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་དེ་ན་གནས་ཤིང་། རྒྱ་མཚོ་རི་རབ་གླིང་བཞི་ཀུན་གྱིས། འཇིག་རྟེན་གྱི་ཁམས་རྡུལ་གྱི་གྲངས་དང་མཉམ་པ། སངས་རྒྱས་ཤཱཀྱ་ཐུབ་པ་གཅིག་བུ་ཡང་། རྡུལ་གཅིག་གིས་རྡུལ་རྙེད་གཞག་པས་ཙམ་ཞིང་ཁམས་མཐའ་ཡས་མུ་མེད་པ་མཐོང་ནས་

(༡༧༦)ཤིན་ཏུ་ངལ་ཞིང་དུབ་ལ་མགོ་ཡུ་འཁོར་ནས། ཕྱིར་ལ་ལོག་ནས་ཤཱཀྱ་ཐུབ་པ་ལ་ཞུས་པ། འདིའི་བ་སྤུའི་རྩ་བ་ལ་མཐའ་ཐུག་པ་མི་སྣང་ན། ཐུགས་རྗེ་ཆེན་པོ་རངས་པའི་སྐུ་འམ་ཚད་ཇི་ལྟ་བུ་ལགས་ཞེས་ཞུས་པ་ལས། ཁྱེད་གཅིག་པུས་མཚོན་ནས་ཕྱོགས་བཅུ་དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་བ་སྤུའི་གཏིང་སྙེད་པར་མི་འགྱུར་རོ། །དེའི་ཕྱིར་ན། ཚད་མེད་པའི་སྙིང་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་སྐུ་ལ་ཁྱབ་པ་ནི། ཚད་མེད་བསམ་གྱིས་མི་ཁྱབ་ཅིང་གཏིང་དཔག་དཀའོ། །དེའི་ཕྱིར་ན། སྐུ་ཆེ་བ་བསམ་གྱིས་མི་ཁྱབ་པ་ཡང་། འགྲོ་བ་ཐམས་ཅད་ཀྱིས་མཐོང་ཞིང་། འགྲོ་དོན་རྒྱ་ཆེན་པོ་མཛད་ཚུལ་བསྟན་ཏོ། །ཁ་དོག་སྣ་ཚོགས་པས་ཀྱང་འགྲོ་དོན་མཛད་ལ། སྐྱེ་རྒས་ན་འཆིའི་སྡུག་བསྔལ་ཉོན་མོངས་འཕོངས་འགྱུར་སྣ་ཚོགས་ཐུགས་རྗེ་ཆེན་པོས་སྤྲུལ་ཞིང་སྤྱན་རས་གཟིགས་ཀྱིས་ཀྱང་མྱོང་པས་ཉམས་སུ་མྱོང་བའི་ཚུལ་བསྟན་པས་ཀྱང་། འགྲོ་བ་འཁོར་བ་ལས་སྒྲོལ་ཏེ། འགྲོ་བ་རིགས་དྲུག་ལ་སྐད་ཅིག་གི་བྱེ་བྲག་ཅི་ཙམ་ཡོད་པ་བཞིན་དུ། གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡི་གེ་དྲུག་མ། ཨོཾ་མ་ཎི་པདྨེ་ཧཱུྃ། ཡང་རིགས་དྲུག་སྐད་ཀྱི་བྱེ་བྲག་བཞིན་དུ། དེ་ལྟར་གོང་དུ་བསྟན་པ་བཞིན་སེམས་ཅན་ཀུན་གྱིས་བཟླས་པ་དང་ཐོས་པ་ཙམ་གྱིས་ཀྱང་། ཚད་མེད་པའི་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་འགྲོ་བ་ཐམས་ཅད་འཁོར་བ་ལས་སྒྲོལ་བར་གསུངས་སོ། །དེའི་ཚེ་དེའི་དུས་ན། སྐུ་ཤིན་ཏུ་ཆུང་བ་ཐེ་བོང་ཙམ་ལ་སོགས་པས་ཀྱང་། སེམས་ཅན་རྣམས་འཁོར་བ་ལས་བསྒྲོལ་ཏེ། སྐུ་

(༡༧༧)ཤིན་ཏུ་ཆུང་བ་ཀུན་དང་ཆེ་བ་ཡང་མཛད་པ་འཕྲིན་ལས་ལ་ཚད་མེད། སེམས་ཅན་རྣམས་ཀྱིས་སྣང་ཚུལ་དུ་བསྟན་པའི་ཕྱིར་ན། སྐུ་ཚེ་རིང་བ་བསྐལ་པ་གྲངས་མེད་དུ་བཞུགས་པ་དང་། ལོ་དང་ཟླ་བ་ཞག་བཅུའམ་བདུན་གྱི་བར་དུ་བཞུགས་པ་ཀུན་ཀྱང་། བསྟན་པ་དང་འགྲོ་དོན་ཡུན་རིང་ཐུང་གནས་པ་ལས་འགྲོ་དོན་མཉམ་པའོ། །དེའི་ཕྱིར་ན། འཇིག་རྟེན་གྱི་ཁམས་མི་འཇེད་འདི་ནས། འོག་གི་ཕྱོགས་ན་གང་ག་ཀླུང་གི་བྱེ་མ་སྙེད་བདུན་གྱི་མགོ་རལ་ནས། ཐེ་བོང་ཅན་གྱི་འཇིག་རྟེན་གྱི་ཁམས་བྱ་བ་ཡོད་དེ། མིའི་ལུས་པོ་ཆེ་ཆུང་ད་ལྟར་གྱི་འཛམ་བུ་གླིང་པའི་མིའི་ཐེ་བོང་ཙམ་ཡོད་པ་ལས། ད་ལྟར་འཛམ་བུའི་གླིང་ན་སྙིགས་མ་ལྔ་རྡོ་བའི་དུས་ལ་གཡོ་རྒྱུ་དང་། ཉོན་མོངས་པ་གང་ཆེ་འབུམ་འཕྲག་བྱེ་བའོ། །མི་དགེ་བའི་ཚོགས་དང་། ལོག་པའི་ཤེས་རབ་གཅིག་དུ་སྡུས་པ་ཙམ་དེའི་མི་གཅིག་ལ་ཡོད་པར་གསུངས་སོ། །དེ་སངས་རྒྱས་གང་གིས་ཀྱང་ཐུགས་རྗེས་བཟུང་མ་ནུས་པ་ལས། འོད་དཔག་མེད་ཀྱིས་བྱིན་གྱིས་བརླབས་ཤིང་། སྤྲུལ་པ་ ཐུགས་རྗེ་ཆེན་པོ་དེ་ཡིས། དེ་རྣམས་ཀུན་ཤཱཀྱ་ཐུབ་པ་བྲམ་ཟེའི་བུ་ལྔ་རྒྱར་སྤྲུལ་པ་ལ། བྲམ་ཟེའི་བུ་འཁོར་བ་འདུལ་ཞེས་བྱ་བ་སངས་རྒྱས་སྐར་མ་ལ་དགའ་བར་སངས་རྒྱ་ཚུལ་བསྟན་ཏེ། ཐེ་བོང་ཙམ་གྱི་ཞིང་ཁམས་མཐའ་ཡས་མུ་མེད་པ་རྣམས་ཀྱི་བསྟོན་པར་སྤྲུལ། དེ་ལྟར་འཛམ་བུ་གླིང་པའི་མིའི་སྐུ་འཁྲུ་གང་གི་ཚད་ཙམ་བྱོན་པ་ནི། སྙིང་རྗེ་ཆེན་པོ་རྣམ་པར་སྣང་བྱེད་ཞི་བ་དེ། རྣམས་འཕྲུལ་དང་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པས་སྣ་ཚོགས་ཐབས་ཀྱིས་སངས་རྒྱས་སྐར་

(༡༧༨)མ་ལ་དགའ་བ་ཞེས་བྱ་བ་དེ་ཡིས། ཞི་བ་དང་ཁྲོ་བོ་ལ་སོགས་པ་འཕྲིན་ལས་རྣམ་བཞིས་དེ་རྣམས་ཐེག་པ་གསུམ་ལ་བཀོད་ཅིང་། འཁོར་བ་ལས་བསྒྲལ་བ་ཡང་སྐར་མ་ལ་དགའ་བས་ཡུན་ཐུང་ངུན་ལས་མ་བཞུགས་ཀྱང་། སྙིང་རྗེ་ཆེན་པོའི་སྟོབས་ཀྱིས། ཐེ་བོ་ཅན་གྱི་ཞིང་ཁམས་སུ། སངས་རྒྱས་ཀྱི་ཆོས་ཐེག་པ་སྣ་ཚོགས་བཀའ་རབ་འབྱམས་ཡུན་རིང་ཐུང་ངུ་གནས་ཤིང་། ཉོན་མོངས་པ་ཅི་ལྟར་དུ་ཆེ་བ་བཞིན་དུ་ས་ལམ་མྱུར་དུ་རྫོགས་པ་དང་། སངས་རྒྱས་མྱུར་དུ་ཐོབ་པར་འདོད་པ་སྟེ། དེའི་ཕྱིར་ན། ལུས་ལ་ཉོན་མོངས་པ་ཇི་ལྟར་ཆེ་བ་བཞིན། སངས་རྒྱས་འཐུ་སྟོབས་མཁྱེན་པ་རྒྱས་པ་ཡིན་ཞེས་གསངས་ཡང་སྐབས་འདིར་previous hit དགོངས next hit་ཡིན་དེའི་ཕྱིར་ན། ཚད་མེད་པའི་སྙིང་རྗེ་ཆེན་པོ་དང་ལྡན་པ་སྤྱན་རས་གཟིགས་ཀྱི་སེམས་བསྐྱེད་དང་། ས་ལམ་བསྒྲོད་ཚུལ་དང་། སྨོན་ལམ་གྱིས་སྟོབས་ཆེན་པོའི་དབང་གིས་གདུལ་བྱ་དབང་ཤིག་དང་སྲོ་མ་དང་། མི་གཙང་བའི་སྲིན་བུ་ལ་སོགས་པ། ཅི་ལྟར་དུ་གནས་པ་བཞིན་དུ། སྤྱན་རས་གཟིགས་ཀྱི་ཡང་སྐུ་གསུང་ཐུགས་དང་། མཛད་པ་དེ་དང་མཚུངས་པའི་ཕྱིར་ན། སྙིང་རྗེ་ཆེན་པོའི་ཞིང་ཁམས་འདིར་ཡོད་བྱ་བ་ངེས་པ་མེད་པ་ཡིན། སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། བྱ་བའི་བཀའ་དང་། རྒྱུད་ཀྱི་ཚད་མེད་པའི་སྙིང་རྗེ་ཆེན་པོ། །རྡོ་རྗེ་འཛིན་པའི་སྤྲུལ་སྐུའི་གདུལ་བྱའི་གྲངས་དང་མཉམ་པར་ཚད་མེད་པའི་སྙིང་རྗེ་ཆེན་པོའི་བརྩོལ་བ་དང་བསྒྲུབ་པ་མེད་པར། འགྲོ་དྲུག་སེམས་ཅན་འཁོར་བ་ལས་སྒྲོལ་བའི་བར་སྐབས་བསྟན་པ་ལགས་སོ། དེའི་ཕྱིར་ན། པདྨ་ཅོད་པན་གྱི་རྒྱུ་གོངས་པ་

(༡༧༩)ལས། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཀུན་ནས་འོད་འཕྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཚེ། སངས་རྒྱས་ཀྱི་སྐུ་ལ་འོད་ཟེར་འཕྲོས་ནས་རྣམ་པར་སྣང་མཛད་གང་ཆེན་མཚོའི་སྐུ་དང་ཞིང་ཁམས་ལ་རེག་ཤིང་། སངས་རྒྱས་སྟོང་རྩ་གཉིས་མཆོད་ནས་འོད་ཟེར་ཚུར་འདུས་ཏེ། སངས་རྒྱས་ཀྱི་གཙུག་གཏོར་དུ་ཐིམ་པ་ལས། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་། ཞལ་བཅུ་གཅིག་པ་ཡིས་འཇིག་རྟེན་གྱི་ཁམས་ཁྱབ་པར་མངོན་པར་སྤྲུལ་ནས་ནི། ཕྱག་ན་རྡོ་རྗེས་སྤྱན་རས་གཟིགས་ཐེག་པ་ཆེན་པོར་བྱིན་གྱིས་བརླབས་ཤིང་རྡོ་རྗེ་འཕངས་པ་ཡང་། སངས་རྒྱས་ཀྱི་འཐུ་ཁམས་གསུམ་སྤྱན་རས་གཟིགས་ཀྱི་ཁྱབ་པ་སྤྲུལ་པ་སྟེ། པདྨ་མཆོག་གི་བླ་མ་དང་། སྣང་བ་མཐའ་ཡས་ཀྱི་རྣམ་པར་འཕྲུལ་པའོ། །བཞེད་པའོ། དེའི་ཚེ་དེའི་དུས་ན། །སྙིང་རྗེ་རྣམ་པར་རོལ་པའི་རྒྱུད་དང་། པདྨ་ཅོད་པན་མ་དྲ་བ། འཇིག་རྟེན་དབང་ཕྱུག་ཡིད་བཞིན་ནོར་བུ། སྙིང་རྗེ་པདྨ་དཀར་པོ་ལ་སོགས་བྱ་བའི་རྒྱུད་ཀྱི་ཐུགས་རྗེ་ཆེན་པོའི་བཀའ་དང་། རྒྱུད་གཉིས་ཀྱིས་བསྡུས་པའི། །གཟུངས་སྔགས་ཀྱི་སྡེ་ཚན་གྲངས་མེད་པ་གདུལ་བྱ་དབང་པོའི་བྱེ་བྲག་བཞིན་དུ་སངས་རྒྱས་རྣམས་བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་གཞུང་ས་གཅོད་ཆེན་མོ་དང་། ཕུན་སུམ་ཚོགས་པ་རྒྱ་མཚོ་མཐའ་ཡས་ཀྱི་བྱ་བའི་རྒྱུད་ཀྱི་གཟུངས་སྔགས་སོ་སོར་འབྱེད་པ་ལས་ཤེས་པར་བྱའོ། །སངས་རྒྱས་སྤྱན་རས་གཟིགས་བྱ་བའི་རྒྱུད་ཀྱི་རྡོ་རྗེ་འཛིན་པའི་ཆོས་ཀྱི་འཁོར་ལོ་ཕུང་པོ་ལས་ཆོས་ཀྱི་སྒོ་མོ་གཉིས་

(༡༨༠)དང་། གཟུངས་ཀྱི་ཆོས་ཀྱི་ཕུང་པོ་གཅིག་གི་སུམ་ཆ་སྤྱན་རས་གཟིགས་ཀྱི་སྟོན་པ་བསྟན་པའོ། །དབང་སྐལ་ཡིན་པའི་ཕྱིར་ན། དང་པོ་བྱ་བའི་རྒྱུད་ཀྱི་ཐེག་པ་དང་། འཇུག་པའི་སྒོ་ནས་བཟུང་སྟེ། རྡོ་རྗེ་འཛིན་པའི་ས་མ་ཐོབ་ཀྱི་བར་དུ། རྣམ་གྲངས་དགུ་ཡིས་འཇུག་པ་སྟེ། དེའི་སྒྲ་དང་དོན་རྣམས་སོ་སོར་འབྱེད་པའི་ཕྱིར་ན། ཡིག་སྣ་གསལ་བྱེད་སྒྲོན་མ་དབྱིབས་ཙམ་དུ། རྒྱུ་དང་། འབྲས་བུ་སོ་སོར་འབྱེད་པ་ལས། རིགས་གསུམ་མགོན་པོའི་གསལ་བྱེད་སྒྲོན་མ་འདི་གསུམ། ཡང་གཅིག་རྒྱབ་ཅིག་གིས་སྐྱོང་བ་སྟེ། རྒྱས་བསྡུས་གཅིག་དུ་སྡེབས་ཤིང་། སྒྲ་དོན་སོ་སོར་མ་འདྲེས་སོ་སོར་འབྱེད་པར་བྱའོ། །ཐུགས་རྗེ་ཆེན་པོ་ནི་སྔོན་གྱི་སྨོན་ལམ་དང་། དམ་བཅའི་སྟོབས་ཀྱིས་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་སངས་མ་རྒྱས་ཤིང་འཁོར་བ་མ་སྟོངས་ཀྱི་བར་དུ། བདག་ནི་སངས་རྒྱ་བར་མ་གྱུར་ཅིག་ཅེས། སྨོན་ལམ་གཏབ་པའི་ཕྱིར་ན། སྤྱན་རས་གཟིགས་དང་རུང་སངས་མ་རྒྱས་པར་བཞེད་པ་སྟེ། རྒྱུད་གཟུངས་འགའ་ཞིག་གི་ནང་ནས། སངས་རྒྱས་པ་དང་། ཞིང་ཁམས་བསྟན་པ་ཡང་ཡོད་པ་ལས། གདུལ་བྱ་རབ་འབྲིང་ཐ་མའི་སྣང་ངོ་ལ་བསྟན་པའོ། །བསྟན་པ་རྒྱ་མཚོ་མཐའ་ཡས་འདི། བྲི་དང་། ཀློག་དང་། བཤད་དང་། ཉན་དང་། བསྒོམ་དང་། གར་བཞུགས་པའི་གནས་མལ་ལ་སོགས་པ་རྣམས་སུ་ཚད་མེད་པའི་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་དང་། ཚངས་པ་དང་བརྒྱ་བྱིན་འཇིག་རྟེན་སྐྱོང་པ། ཀླུ་དང་ས་བདག་ལ་སོགས་པ་རྣམས་ཀྱིས་ཀྱང་། བསྟན་པ་ཕྱོགས་མེད་དུ་དར་བ་དང་། འགྲོ་དོན་ཕྱོགས་མེད་

(༡༨༡""དུ་འབྱུང་བར་བྱིན་གྱིས་བརློབས་ཤིག །བསྲུངས་སྐྱོབ་དམ་པ་མཛོད་ཅིག །ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་བསག་དང་རྟོགས་པ་ཡིས། །འགྲོ་དྲུག་སེམས་ཅན་མ་ལུས་པ། །སྐུ་ལྔ་ཡོངས་རྫོགས་སངས་རྒྱས་ཉིད་དུ་ཤོག །ཀུན་གཞི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །བདག་དང་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་དུ་བསགས་པ་དང་། རྟོགས་པའི་དགེ་བའི་རྩ་བ་འདིས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི། སྐུ༴ གསུང་༴ ཐུགས༴ ཡོན་ཏན༴ ཕྲིན་ལས་གཅིག་དུ་བསྡུས་པ་ཙམ། བདག་ལ་ད་ལྟ་ཉིད་དུ་འབྱུང་ཞིང་། འགྲོ་དྲུག་གི་སེམས་ཅན་ཐམས་ཅད་སྐད་ཅིག་ཉིད་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་འགོད་པར་གྱུར་ཅིག །བཀྲ་ཤིས་དཔལ་འབར་འཛམ་གླིང་བརྒྱན་དུ་ཤོག །ཀྲྀ་ཡ་དག་པའི་རྣལ་འབྱོར། སྤྱན་རས་གཟིགས་རྡོ་རྗེ་འཛིན་པ་བྱ་བའི་རྒྱུད་ཀྱི་བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི། ཡིག་སྣ་གསལ་བྱེད་སྒྲོན་མ་ཞེས་བྱ་བ། རྫོགས་སོ། །མ་རྫོགས། ཀུན་རྫོགས། ཕྱོགས་རྫོགས། དེ་རྫོགས། དེར་མ་རྫོགས། འོག་མིན་གྱི་གནས་བརྒྱན་གཏུག་པོ་བཀོད་པའི་ཕོ་བྲང་། །ས་ལམ་རིམ་གྱིས་སྒྲོད་ཚུལ་བསྟན་པའི་རྣམ་པར་སྣང་མཛད་ཀུན་རིག་རྒྱལ་པོའི་བསྟན་པ་སྟོན་པ་ཕུན་སུམ་ཚོགས་པ་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་ཞེས་བྱ་བ་ཡང་གསུམ་ཡིན་ཏེ། རང་བཞིན་གྱི་ལྷུན་གྱིས་གྲུབ་པའི་རྣམ་པར་སྣང་མཛད་དང་། རྫུ་འཕྲུལ་དང་ཆོ་འཕྲུལ་རྣམ་པར་སྣང་མཛད་སྤྲུལ་པའི་སྐུའི་རྣམ་པར་

(༡༨༢)སྣང་མཛད་དང་། རང་བཞིན་གདོད་མ་ནས་རྣམ་པར་སྣང་མཛད་ཡིན་པ་ལ། ཡིན་པར་ངོ་མ་ཤེས་ཤིང་། མ་རིག་པའི་དབང་དུ་སོང་པ་རྣམས་ས་ལམ་རིམས་ཀྱི་སྒྲོད་ནས། སེམས་ཅན་ལ་རྣམ་པར་སྣང་མཛད་དུ་སངས་རྒྱས་པ་དང་གསུམ་སྟེ། རྣམ་པར་སྣང་མཛད་གཉིས་པོ་སྐབས་འདིར་བཤད་པའི་དུས་ལ་མ་བབ་པོ་དེའི་ཕྱིར་ན། ལ་རིག་པའི་དབང་གི་འཁོར་བར་འཁྱམས་པ་ལས། ས་ལམ་རིམས་ཀྱི་སྒྲོད་ནས། ཕྱི་རྒྱུད་གསུམ་གྱི་ཡང་རྩེ་ཡོ་ག་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའོ། །སྟོན་པ་ཕུན་སུམ་ཚོགས་པ་དང་། བསྟན་པ་ཕུན་སུམ་ཚོགས་པ་སྐབས་འདིར་བཤད་ཅིང་གསལ་བར་བྱེ་པ་ལས། དོན་རྣམ་པ་ལྔ་ཡིན་ཏེ། །རྒྱ་སྐད་བོད་སྐད་མཚམས་སྦྱར་བ་དང་། མཚན་ལ་ཕྱག་འཚལ་བ་དང་། ཀླད་དང་གཞུང་དང་། མཇུག་གི་དོན་དང་། ལྔ་བྱས་ཀྱང་གསུམ་དུ་འདུས་པའོ། །འབྲེལ་དང་། མ་ཚང་མེད་པ་དང་། ཕུན་སུམ་ཚོགས་པས་རྒྱུད་ཅེས་བྱ། གསུང་བའི་ཕྱིར་ན། ཡོ་གའི་བཀའ་དང་རྒྱུད་རྣམས་ནི་ཕུན་སུམ་ཚོགས་པ་ལྔ་ཡིས་འཆད་ཅིང་། དེ་ལས་འཕྲོས་པ་རྒྱུད་འགྲེལ་བསྟན་བཅོས་གདམ་ངག་རྒྱས་བསྡུས་རྣམས་ནི། རྩིས་མགོ་རྣམ་པ་ལྔ་ཡིས་བསྟན་པར་བྱའོ། །དེ་ལ་ཀླད་ཀྱི་དོན་རྣམས་ནི་བསྟན་པ་རྒྱ་མཚོ་མཐའ་ཡས། གཞན་རྣམས་ཀྱི་ནང་ན་རྒྱས་བསྡུས་སྣ་ཚོགས་ཡོད་པ་དང་། སྦྱར་ཞིང་བཤད་པར་བྱའོ། །གཞུང་གི་དོན་ལ་ཐེག་པ་དགུ་ལ་བཤད་ལུགས་གྲངས་མེད་པ་ཡོད་ཀྱང་། ཡོ་ག་ཀུན་རིག་རྒྱལ་པོ་བཀའ་དང་རྒྱུད་རྣམས་འཆད་

(༡༨༣)ཅིང་བསྟོན་པའི་ཕྱིར་ན། ཞུ་བ་པོ་དང་བཀའ་བསྡུ་བ་པོ་གྲངས་མེད་པ་ཡོད་ཀྱང་། འདིར་ཕྱག་ན་རྡོ་རྗེ་རྣལ་འབྱོར་གྱི་ཆ་ལུགས་དང་འཐུན་པ་ཡིས་ཞུས་ནས་འདི་སྐད་བདག་གིས། ཐོས་པའི་དུས་གཅིག་ན་བྱ་བ་ཡིས་གཏན་ཚིགས་དང་བཅས་པ་རྒྱུད་དང་བཀའ་བསྡུས་པ་སྟོན་ཏེ། དེ་ཡང་གསུམ་དུ་འཆད་པ་ལ་གཞི་ཆོས་ཅན་ཆོས་ཉིད་མ་རིག་པ་དང་བཅས་པའི་རྣམ་པར་སྣང་མཛད་དང་། ལམ་སྒྲོད་བྱ་ཐེག་པ་དྲུག་གི་ས་ལམ་རིམས་ཀྱི་སྒྲོད་པའི་རྣམ་པར་སྣང་མཛད་དང་། འབྲས་བུ་ཀུན་རིག་རྒྱལ་པོའི་རྣམ་པར་སྣང་མཛད་དེ། ཐུབ་་ཆེན་པོ་ཐུབ་ཆེན་ལྡན། །གསང་སྔགས་ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་ཅན་བདག་ཉིད་ཅན། །ཞེས་གསུངས་པ་ཡང་སྐབས་འདིར་previous hit དགོངས next hit་ཡིན། དེའི་ཕྱིར་ན་འབྲས་བུ་མཐར་ཕྱིན་པ་ཀུན་རིག་རྒྱལ་པོ་ཡང་། གསུམ་མམ་ལྔ་ཡིན་ཏེ། སྐུ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་དང་། གསུང་རྣམ་པར་སྣང་མཛད་མངོན་པོར་བྱང་ཆུབ་པ་དང་། ཐུགས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་དང་། དེ་གསུམ་ཆ་མཉམ་པ་ལས་ཡོན་ཏན་ཕྲིན་ལས་མངོན་པར་བྱང་ཆུབ་པའོ། །དེ་ཡང་དབྱེ་ན་གསུམ་ཡིན་ཏེ། གཞི་ལམ་འབྲས་བུའོ། །གཞིའི་རྣམ་པར་སྣང་མཛད་ཀྱང་དབྱེ་ན་གཉིས་ཡིན་ཏེ། །འཁྲུལ་པ་དང་འཁྲུལ་གཞིའོ། །དེ་ལ་འཁྲུལ་གཞི་ཡོད་པར་འདོད་པ་དང་། མེད་པར་འདོད་པ་གཉིས་ཡིན་ཏེ། ཀུན་གཞི་མེད་ན་དགེ་སྡིག་སྣ་ཚོགས་ཀྱི་ལས་བསོགས་པའི་

(༡༨༤)གནས་མེད་པའི་ཕྱིར་ན། དཔེར་ན་བར་སྣང་སྟོང་པར་དངོས་པོ་སྣ་ཚོགས་མཆགས་སུ་བཏུབ་བམ་མི་ཏུབ། དངོས་པོ་མེད་ན་དགེ་སྡིག་སྣ་ཚོགས་ཀྱི་རྒྱུ་འབྲས་མི་སྨིན་པར་ཐལ། ཅིའི་ཕྱིར་ན༴ ཀུན་གཞི། རྟེན་མེད་པའི་ཕྱིར་རོ། །དངོས་པོ་ཡོད་ན་གདོད་མ་ནས་དངོས་པོར་གྱུར་པའི་ཕྱིར། ཀུན་གཞི་ཀུན་འབྱུང་བའི་ཐ་སྙད་མི་འཇུག་གོ། །དེའི་ཕྱིར་ན་གདོད་མ་ནས། རྒྱུ་འབྲས་དངོས་པོ་སྣ་ཚོགས་གྲུབ་ཐོན་པའི་ཕྱིར་ན། ལས་དགེ་སྡིག་རྒྱུ་འབྲས་སོགས། དུ་མ་སོག་པ་དོན་མེད་དུ་ཐལ། དེའི་ཕྱིར་ན་ཀུན་གཞི་ཞེས་བྱ་བ་ནི། ཐ་སྙད་སྣ་ཚོགས་གང་དུ་ཡང་མི་འདོགས། སངས་རྒྱས་སེམས་ཅན་དགེ་སྡིག་རྒྱུ་འབྲས་གང་དུ་ཡང་མ་གྲུབ། སྟེང་འོག་ཕྱོགས་མཚམས་གར་ཡང་མི་རྟེན་རྒྱུ་རྐྱེན་གང་གིས་ཀྱང་མ་སྐྱེད་མི་འགག་པའི་ཕྱིར་ན། ཀུན་གཞི་ཀུན་འབྱུང་བའི་ཆོས་ཅན་ཞེས་ཀྱང་བྱ། མཚན་གཞི་མཚོན་བྱེད་གང་དུ་ཡང་སྒྲོ་མི་འདོག་པའི་ཕྱིར་ན་གནས་མེད་གནས་ཡིན་འདི་ནི་རྒྱལ་བས་གནས་པར་གསུངས། ཞེས་གསུངས་previous hit ་ཡང་སྐབས་འདིར་དགོངས next hit་པའོ། །དེའི་ཕྱིར་ན། ཡོད་མེད་གཉིས་ཀྱི་མཐའ་ལས་འདས་པའི་ཕྱིར་ན། ཆོས་ཐམས་ཅད་རང་བཞིན་སེམས་ཅན་རྣམས་ཀྱི་སེམས་ཉིད་ཀུན་གཞི་ཞེས་བྱ་བར་མིང་འདོག་པ་ལས། ཀུན་གཞི་ཞེས་བྱ་བའི་མིང་ཡང་ཐ་སྙད་མ་གྲུབ་པའི་ཕྱིར་ན། དེ་ལྟར་དུ་དེ་བཞིན་ཉིད་ལ་རང་རང་གནས་པའི་དུས་སུ། ཀུན་གཞི་ལ་ཀུན་འཁོད་ཀུན་གནས་པ་ནི། ངོ་བོ་རང་བཞིན་མཚན་ཉིད་རྣམ་པ་ལྔར་གནས་པ་

(༡༨༥)ལས། འདི་ལྔ་མ་རིག་པའི་དབང་གིས་དུག་ལྔར་འཁྲུལ་པ་སྟེ། དེ་ཡང་གཤིས་ལྔ་དང་པོར་གང་ལས་འཁྲུལ་སྔ་བ་དེ། དུག་ལྔ་རེ་རེས་གཙོ་བྱས་ནས། དུག་བཞི་པོས་འཁོར་གྱི་ཚུལ་དུ་རིམས་བཞིན་འཁྲུལ་པའོ། །དེའི་ཕྱིར་ན། སེམས་ཉིད་ཀྱི་བཤིས་ཆོས་ཀྱི་དབྱིངས་དང་མཉམ་པ་གཤིས་འགྱུར་བ་མེད་པ། ངོ་བོ་སྟོང་པ༴ རང་བཞིན་གསལ་བ། རྣམ་པར་རྟོག་པ་སྣ་ཚོགས་སུ་འཕྲོ་བ། མཚན་ཉིད་འགག་པ་མེད་པ་འདི་ལྔ་རང་བཞིན་ཉིད་ལ་རང་ཏང་གནས་པའི་དུས་སུ། ཆོས་ཀྱི་དབྱིངས་དང་མཉམ་པར་མ་ཁྱབ་པ་མེད་པའི་དབྱིངས་ཏེ། རང་གིས་རང་མ་རིག་ནས་རང་བཞིན་ཉིད་ལ་རང་ཏང་འཁྲུལ་བས། གཏི་མུག་གི་ཁམས་ཆེན་པོར་གནས་པ་སྟེ། གཤིས་འགྱུར་བ་མེད་པ་ལ་སོགས་པ་བཞི་པོ་ཡང་། རང་གི་རང་ངོ་མ་ཤེས་ནས་རིམ་བཞིན་དུ་འཁྲུལ་པ་ལས། དུག་ལྔ་ཡུལ་དང་ཡུལ་ཅན་དུ་འཁྲུལ་པ་སྟེ། དེའི་ཕྱིར་ན་རྣམ་པར་སྣང་མཛད་ཀྱང་གཙོ་བོ་སེམས་ཀྱི་དབྱིངས་མ་རིག་ནས། བཞི་པོ་རིགས་བཞི་འཁོར་གྱི་ཚུལ་དུ་མ་རྟོགས་པའི་ཕྱིར། དེའི་ཡུལ་ཅན་དུ་ཕུང་པོ་ལྔར་འཁྲུལ་ལུས་དང་གྲིབ་མ་བཞིན་དུ། འཛིན་པ་རྣམ་པ་ལྔའི་འཛིན་པ་ཤུགས་ལས་བྱུང་དེ། གཅིག་ལས་ཅིག་འཁྲུལ་འཁོར་བའི་ཆོས་དྲུག་བཅུ་རྩ་བཞིར་འཁྲུལ་ནས། རྣམ་པར་སྣང་མཛད་ཁམས་གསུམ་གྱི་གྲོང་ཁྱེར་དུ་འཁྲུལ་བཞིན་དུ་རིགས་དྲུག་གི་གྲོང་ཁྱེར་སྣ་ཚོགས་སུ་རང་དབང་མེད་པར་འཁྱམས་ནས། འཁོར་བའི་སྐྱེ་གནས་ཐམས་ཅད་དུ་ལུས་སྣ་ཚོགས་བླང་ཞིང་། མཐོ་རིས་ངན་སོང་གང་དང་གང་གི་རིགས་སུ་སྐྱེས་པའི་རིགས་ཅན་རྣམས་སྒྲིབ་པ་མེད་པར་སྣང་ཞིང་། མ་རིག་པའི་

(༡༨༦)དབང་གིས་འདུ་བྱེད་ཀྱི་ཕུང་པོ་འཁོར་བའི་བྱ་བ་སྣ་ཚོགས་རྒྱུན་ཆད་མེད་པར་མཛད་པའི་ཕྱིར་ན། རྣམ་པ་སྣ་ཚོགས་ཆུ་བོ་བཞི་ལ་སོགས་པའི་འཕོ་འགྱུར་རྣམ་པ་སྣ་ཚོགས་མཐར་ཐུགས་པ་མེད་པར་མཛད་པའི་ཕྱིར་ན། མ་རིགས་ཁམས་གསུམ་འཁོར་བའི་རྣམ་པར་སྣང་མཛད་བྱ་བ་ཡང་སྐབས་འདིར་previous hit དགོངས next hit་སྟེ། སེམས་ཅན་སྤྱི་ཁྱབ་དང་གང་ཟག་སྒོས་རྩན་གཉིས་ཡིན་པ་ལས། གང་ཟག་སྒོས་རྩན་ནི་ཀུན་གཞི་ཀུན་འབྱུང་བའི་ཆོས་ཅན། མ་རིག་ཅིང་མ་རྟོགས་འཁྲུལ་པའི་རྒྱ་མཚོར་འཁྱམས་པའོ། །འཁྲུལ་པ་དང་འཁྲུལ་གཞི་རྣམ་པར། སྣང་མཛད་དོ། །དེའི་ཕྱིར་ན། །གང་ཟག་སྒོ་རྩན་གྱི་འཁྲུལ་པ་དང་འཁྲུལ་གཞི་མ་རྟོགས་པའི་རྣམ་པར་སྣང་མཛད་བསྟན་པའི་བར་སྐབས་སོ། །དེའི་ཕྱིར་ན། གྲུབ་མཐའ་བློ་མ་སྒྱུར་གྱི་བར་དུ། ལམ་གཉིས་ལ་འཇུག་མི་བཏུབ་པའི་ཕྱིར་ན། གྲུབ་མཐའ་ཡང་གཉིས་ཡིན་ཏེ། ཕྱི་པ་མུ་སྟེགས་པའི་གྲུབ་མཐའ་དང་། ནང་པ་སངས་རྒྱས་པའི་གྲུབ་མཐའོ། །དེའི་ཕྱིར་འཁོར་བ་ཐོག་མཐའ་མེད་པའི་ཕྱིར། སྣམ་སྣང་ཀྱང་མ་རྟོགས་པའི་འཁྲུལ་པ་རང་ཀ་མར་གནས་པའི་དུས་སུ། མུ་སྟེགས་ཀྱི་གྲུབ་མཐའ་ལ་ཞུགས་ཤིང་། རྟག་ཆད་གཉིས་དང་། གསང་བའི་ལྟ་བསྒོམ་སྤྱོད་གསུམ་ལ་བློ་སྦྱང་བ་འཐད་དམ་མི་འཐད། དེའི་ཕྱིར་ན། །མ་རིག་པ་ཏི་མུག་གིས་མ་ཁྱབ་པ་མེད་པའི་ཕྱིར་ན། མུ་སྟེགས་ཀྱི་རིགས་རྣམས་སུ་རྣམ་པར་སྣང་མཛད་ཀྱང་སྐྱེ་ཞིང་། མུ་སྟེགས་ཀྱི་གྲུབ་མཐའ་ལོག་པའི་བྱ་བ་སྣ་ཚོགས་མཛད་པའི་ལུང་མང་དུ་གསུངས་པ་སྟེ། མུ་སྟེགས་ཅན་ལ་སྨོད་མི་བྱ། །མུ་སྟེགས་ཅན་ལ་སྨད་བྱས་ན། །རྣམ་པར་སྣང་མཛད་རིང་པའི་རྒྱུ། །ཞེས་གསུངས་པ་ཡང་སྐབས་འདིར་

(༡༨༧)previous hit དགོངས next hit་ཡིན་ནོ། །དེའི་ཕྱིར་ན། ལམ་ཚོལ་ནས་ནི་མི་ཕྲན་འཇུག་བྱ་བ་ཡང་། མུ་སྟེགས་གྲུབ་མཐར་ཞུགས་ནས། དཀའ་ཐུབ་དཀའ་སྤྱད་སྣ་ཚོགས་ཀྱི་ལམ་བཙལ་ནས། ནང་པ་སངས་རྒྱས་ཀྱི་གྲུབ་མཐའ་ལ་འཇུག་པ་སྟེ། སྤྲུལ་པའི་སྐུ་རྣམས་ཀྱི་འཁོར་གྱི་དང་པོ་ཡང་། མུ་སྟེགས་པ་ཡིན་པར་བཤད་པ་ལས། ཁྱད་པར་དུ་ཤཱཀྱ་ཐུབ་པའི་འཁོར་ལྔ་སྡེ་བཟང་པོ་ཡེ་ཤེས་ཁོང་ནས་སད་པའི་ཚུལ་གྱིས་བསྙེན་པར་རྫོགས་པ་དང་། རལ་པ་ཅན་ལྔ་བརྒྱ་ཚུར་ཤོག་གི་བསྙེན་པར་རྫོགས་པ་བཞེད་པ་བཞིན། རྣམ་པར་སྣང་མཛད་ཀྱང་གྲུབ་མཐའ་ལོག་པ་མུ་སྟེགས་སུ་སྐྱེས་པ་འཐད་དམ་མི་འཐད། དེའི་ཕྱིར་ན། ནང་པ་སངས་རྒྱས་ཀྱི་གྲུབ་མཐའ་ལས་དང་པོ་ཉན་ཐོས་ཀྱི་ཐེག་པ་འབྱུང་པ་སྟེ། ཐེག་པ་ཆུང་ངུ་ལམ་འཕྲ་མོ་ལ་ཞུགས་བྱ་བ་གསུངས་པའི་དོན་ཡང་། ལུང་ཨ་ནུ་ཡོ་ག་ལས། ཁྱིའུ་ཀྲ་ར་བ་སྤུན་ལྔ་ཡིས་དང་པོ་ནང་པ་སངས་རྒྱས་པའི་གྲུབ་མཐའ་ལ་ཞུགས་ནས། སངས་རྒྱས་ལྔ་ཁྲི་ལྔ་སྟོང་ལས་བསྐལ་པ་གྲངས་མེད་པ་ལས་ཀྱང་གྲངས་མེད་པར། ཉན་ཐོས་ཀྱི་ཐེག་པར་ཕྱི་སྤྱོད་པ་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ནང་འགོག་པ་ཏིང་ངེ་འཛིན་གྱི་ཕུང་པོ་ལས་བསྐལ་པ་མང་པོར་སྙོམས་པར་ཞུགས་ཤིང་། སངས་རྒྱས་རྣམས་མཉེས་པར་བྱས་ཤིང་། ཉན་ཐོས་ཀྱི་ཐེག་པའི་ལྟ་བསྒོམ་སྤྱོད་གསུམ་འབྲས་བུ་རྣམས། རྣམ་པར་སྣང་བར་མཛད་ཅིང་། རྫོགས་པར་མཛད་པའི་ཕྱིར་ན། ཡང་ཐེག་པ་ཆུང་ངུའི་རྣམ་པར་སྣང་མཛད་དུ་བློ་སྦྱངས་པའི་བར་སྐབས་བསྟན་པའོ། །དེའི་ཕྱིར་ན། སངས་རྒྱས་ལྔ་ཁྲི་ལྔ་སྟོང་ཡང་དུས་གཅིག་མ་ཡིན་རིམས་ཀྱིས་བསྐལ་

(༡༨༨)པ་རེ་རེ་ཙམ་གྱི་དུས་སུ། སྨོན་ལམ་གྱིས་སྟོབས་ཀྱིས་མཇལ་ནས། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། བྱ་བའི་རྒྱུད་དང་། སྤྱོད་པ་དང་རྣལ་འབྱོར་གྱི་རྒྱུད་རྣམས་སུ། བསྐལ་པ་གྲངས་མེད་པ་བས་ཀྱང་གྲངས་མེད་དུ། སྐྱེ་བ་རྩིས་དང་གྲངས་ལས་འདས་པ་ཙམ་དུ་སངས་རྒྱས་རྣམས་མཆོད་ཅིང་སྙེན་བཀུར་བ་དང་། ས་ལམ་གོང་ནས་གོང་དུ་རྫོགས་པར་མཛད་ཅིང་། ཐེག་པ་དྲུག་གི་བསྟན་པ་སྟོན་པ་ལྟ་སྒོམ་སྤྱོད་པའི་བྱ་བ་རྣམས། རང་ལ་རང་སྣང་བར་མཛད་ཅིང་གཞན་ལ་ཡང་སྣང་བར་མཛད་ནས་ས་ལམ་གོང་ནས་གོང་དུ་རྫོགས་པར་མཛད་པ་ནི། སྒྲོད་བྱ་ལམ་གྱི་རྣམ་པར་སྣང་མཛད་བྱ་བ་བསྟན་པའི་བར་སྐབས་ལགས་སོ། །སངས་རྒྱས་བསྟན་པ་རིམས་ཀྱི་འཇུག །རྒྱ་མཚོ་ཆེན་པོ་བབས་ཀྱི་གཞོལ། །རི་བོ་ཆེ་ལ་ཐབས་ཀྱི་འཇུགས། །གསུངས་པའི་ཕྱིར་ན། མ་རྟོགས་པ་ལས་ལོག་རྟོགས་ཏུ། འཁོར་བའི་རྒྱུ་བཟློག་ལམ་བཟློག་འབྲས་བུ་བཟློག་ནས། ལམ་འཚོལ་བ་མུ་སྟེགས་ཀྱི་གྲུབ་མཐའ་རྣམས་ཀྱང་། རྒྱུ་ཤེས་ལམ་ཤེས་འབྲས་བུ་ཤེས་ནས། དེར་མི་གནས་ཤིང་ལམ་འཕྲན་ཉན་ཐོས་ཀྱི་ཐེག་པའི་རྒྱུ་འབྲས་རྫོགས་ཤིང་། རང་རྒྱལ་བྱང་ཆུབ་སེམས་དཔའི་ཐེག་པ་གོང་ནས་གོང་དུ་ནར་སོན་པར་བྱེད་པ་ཡི། དེར་ཡང་མི་གནས་ཤིང་། བྱ་རྒྱུད་སྤྱོད་རྒྱུད་རྣལ་འབྱོར་གྱི་རྒྱུད་རྣམས་ལ་རིམས་ཀྱི་འཇུག་ནས། བསྐལ་པ་གྲངས་མེད་ལས་ཀྱང་གྲངས་མེད་དུ་ཐེག་པ་དྲུག་གི་ས་ལམ་རྫོགས་ཤིང་དེའི་སྟོན་པ་དང་བསྟན་པ་རྣམས་ལ་དང་པོ་འཇུག་སྒོ་ནས་བཟུང་སྟེ། །ལྟོས་པ་ལྟོས་ཆོས་ཀྱི་འབྲས་བུ་ཐོབ་བྱའི་བར་དུ། ས་གཅོད་དགུ་ཡིས་ས་ལམ་སོ་སོར་བསྒྲོད་ནས། རྣམ་པར་སྣང་

(༡༨༩)མཛད་ཀུན་རིག་རྒྱལ་པོ་སངས་རྒྱས་པའི་ལུགས། ཕྱི་རྒྱུད་སྡེ་གསུམ་ཡོ་གའི་བཀའ་དང་རྒྱུད་ལས་རྒྱས་པར་བསྟན་པའོ། །གཤིས་ལྔ་ལས་འཁྲུལ་པ་དུག་བཞི་དང་། ཁྱིའུ་ཀྲ་ར་བ་གཞི་མ་རིག་པའི་དབང་གིས་འཁོར་བར་འཁྱམས་ལུགས་དང་། ལམ་མཚོ་ལམ་བྲན་དུ་ཞུགས་ཤིང་། ཐེག་པ་དྲུག་གིས་ས་ལམ་སོ་སོར་བསྒྲོད་ནས། རིགས་བཞི་རྣམ་པར་འབྱེད་པའི་སར་རྡོ་རྗེ་སེམས་དཔའ་འོད་དཔག་མེད་དོན་གྲུབ་རིན་འབྱུང་དུ་སངས་རྒྱས་པའི་ལུགས་ཐེག་པ་དྲུག་གི་མདོ་རྒྱུད་རྣམས་ལས་སོ་སོར་གཞག་ནས་སྟོན་པའོ། །ཡོ་གའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། རྣམ་པར་སྣང་མཛད་རང་རྒྱུད་པའི་ས་ལམ་རིམ་གྱིས་བསྒྲོད་ཚུལ་བསྟན་ནས་ལམ་གྱི་ཡོན་ཏན་རྫོགས་པའི་བར་སྐབས་བསྟན་པའོ། །དེའི་ཚེ་དེའི་དུས་ན། སངས་རྒྱས་ལྔ་ཁྲི་ལྔ་སྟོང་གི་ཐུགས་རྗེས་གཟུང་ཞིང་། དེ་མ་མཉེས་པ་ཕུན་སུམ་ཚོགས་པ་བསྒྲུབས་ནས། སངས་རྒྱས་དེ་རྣམས་ཀྱི་ཆོས་ཀྱི་ཕུང་པོ་ཐེག་པ་དྲུག་མན་ཆོད་ཀྱིས་ས་ལམ་གྱི་བྱེ་བྲག་རྣམས་རྫོགས་པར་མཛད་ནས། ས་བཅུ་ཆོས་ཀྱི་སྤྲིན་རྫོགས་པའི་ཐ་མ་ལས། དང་པོར་རྣམ་པར་སྣང་མཛད་སྐུ་མངོན་པར་བྱང་ཆུབ་པ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་སྤྲུལ་པའི་སྐུའི་ལོངས་སྐུ་ཆེན་པོར་རྣམ་པར་སྣང་མཛད་དང་། ཀུན་རིག་རྒྱལ་པོའི་ཞིང་ཁམས་ཡིན་པའི་ཕྱིར། དེ་ཡང་སོ་སོར་དབྱེ་ན། གླིང་བཞི་བྱེ་བ་ཕྲག་བརྒྱ་རིའི་རྒྱལ་པོ་རི་རབ་ཀྱང་བྱེ་

(༡༩༠)བ་ཕྲག་བརྒྱ་སྟེ། བྱེ་བ་ཕྲག་བརྒྱ་ལས་ཀྱང་བྱེ་བ་ཕྲག་བརྒྱ་ཡོངས་སུ་རྫོགས་པའི་ཕྱིར་ན། རིའི་རྒྱལ་པོ་རི་རབ་ཀྱང་བྱེ་བ་ཕྲག་བརྒྱ་དང་། གླིང་བཞི་བྱེ་བ་ཕྲག་བརྒྱ་སོ་སོར་སྐོར་ཞིང་མཐའ་ལྕགས་རི་མུ་ཁྱུད་བྱེ་བ་ཕྲག་བརྒྱ་ཡིས་ས་མཚམས་བཅད་པའོ། །རི་རབ་བྱེ་བ་ཕྲག་བརྒྱ་རེ་རེའི་རྩེ་ལ། རྣམ་པར་རྒྱལ་བའི་ཁང་བཟངས་ཀྱང་བྱེ་བ་ཕྲག་བརྒྱ། དེའི་བདག་པོ་ལྷའི་དབང་པོ་རྒྱ་བྱིན་ཀྱང་བྱེ་བ་ཕྲག་བརྒྱ། རི་རབ་ཀྱི་རྩེ་མོ་གཞལ་ཡས་ཁང་བྱེ་བ་ཕྲག་བརྒྱར་རྣམ་པར་སྣང་མཛད། སྐུ་མངོན་པོར་རྫོགས་པར་བྱང་ཆུབ་པ་ཡང་དུས་ཅིག་བྱེ་བ་ཕྲག་བརྒྱ་གདན་སེང་གེའི་ཁྲི་དང་བཅས། རྣམ་པར་རྒྱལ་བའི་ཁང་བཟངས་ཆོས་ཀྱི་དབྱིངས་དང་མཉམ་པར་བྱིན་གྱིས་བརླབས་ཤིང་། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི། རྡུལ་ཅིག་གི་སྟེང་ན་རྡུལ་སྙེད་མངོན་པོར་བྱང་ཆུབ་ཅིང་རྣམ་པར་འཕྲུལ་པའོ། །ཚངས་བྱིན་འཁོར་ལོ་སྒྱུར་བའི་རྒྱལ་པོ་ཀླུ་དང་ས་བདག་ལ་ཤེས་ཡོད་རེ་རེ་ལ་ཡང་བྱེ་བ་ཕྲག་བརྒྱ་བརྒྱ། རང་རང་གི་འཁོར་ཕུན་སུམ་ཚོགས་པ་གཡོག་དང་བཅས་པ་རྣམས་ཀྱང་། བྱེ་བ་ཕྲག་བརྒྱའི་རྣམ་པར་སྣང་མཛད་ཀྱི་དྲུང་དུ་ཐམས་ཅད་སོ་སོར་འདུས་ཤིང་། སོ་སོར་འཁོད་ནས། previous hit དགོངས next hit་ཆོས་ཉིད་ལ་བཞུགས་པའི་ཕྱིར། སྐུ་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་སངས་རྒྱས་པའི་རྣམ་པར་སྣང་མཛད་ཀུན་རིག་རྒྱལ་པོས་ཅི་འང་མི་གསུང་ཞིང་། སྟོང་གསུམ་བྱིན་གྱིས་བརླབས་པའི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམ་པར་འཕྲུལ་པ་ཡིས། བྱིན་གྱིས་བརླབས་ཀྱི་མ་ཁྱབ་པ་མེད་པར། མངོན་པོར་རྫོགས་པར་སངས་རྒྱས་ལ་ཆོས་ཐམས་ཅད་ཆོས་

(༡༩༡)ཉིད་ཀྱི་སྐུར་སངས་རྒྱས་པའི་previous hit དགོངས next hit་མངའ་བ། དུས་གསུམ་མཉམ་པ་ཉིད་ཐུགས་སུ་ཆུད་པའི་ཡེ་ཤེས་ཀྱི་སྐུ་མངའ་བ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐུས་མ་ཁྱབ་པ་མེད་པ། སྐུ་ལ་ཞིང་ཁམས་ཐམས་ཅད་སྣང་ཞིང་གསལ་ལ། མེ་ལོང་གཟུགས་བརྙན་བཞིན་དུ་ཅིག་གིས་ཅིག་མི་སྒྲིབ་པར། ཀུན་རིག་ཀུན་མཁྱེན་ཀུན་གསལ་བའོ། །གསུང་གི་ང་རོ་བཞིན་དུ་མ་སྒྲགས་ཀྱང་། །ནམ་མཁའ་ལྟ་བུ་མཚན་ཉིད་གདུལ་བྱ་རྣམས་ཀྱི་གསལ། །ཀུན་རིག་རྒྱལ་པོའི་གསུང་གིས་མ་ཁྱབ་པ་མེད་པར་གསུང་གི་བྱིན་གྱིས་བརླབས་པ་དང་། སྟོང་གསུམ་བྱང་ཆུབ་ཀྱི་སྙིང་པོའི་ཤིང་སྤྲིན་ལྟར་དུ་གཏིབས་ཤིང་། བྱང་ཆུབ་ཀྱི་ཤིང་རེ་རེ་ལ་ཡང་། གྲངས་ཅན་རྣམ་པར་སྣང་མཛད་བྱེ་བ་ཕྲག་བརྒྱ་དང་། གྲངས་མེད་ཚད་ལས་འདས་པ་ལས། བྱང་ཆུབ་ཀྱི་ཚོགས་རྡུལ་གཅིག་སྟེང་ན་རྡུལ་སྙེད་དུ་བཞུགས་པ་རྣམས། ཀུན་རིག་རྒྱལ་པོའི་བྱིན་བརླབས་ཀྱིས། རྒྱལ་བའི་སྲས་རྣམས་སངས་རྒྱས་ཀྱི་ཞིང་ཁམས་ཀུན་ནས་བརྙེས་པའི། རབ་དང་བྱོན་པའི་ལུགས་དང་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ན་ཆོས་ཀྱི་ཕུང་པོ་གསུངས་པ་དང་། གསུངས་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོར་ཐོས་པ་རྣམས་གཅིག་གིས་གཅིག་ལ་སྒྲོ་བ་དང་། གླེང་བ་དང་། འཆད་པ་དང་། རྫུ་འཕྲུལ་ཆོ་འཕྲུལ་སྣ་ཚོགས་སྟོན་པར་མཛད་དོ། །ཀུན་རིག་རྒྱལ་པོ་བྱེ་བ་ཕྲག་བརྒྱའི་སྐུ་ལས་འོད་ཟེར་སྣ་ཚོགས་འཕྲོས་པས་ཕྱོགས་བཅུར་དྲ་བར་འབྲེལ་བ་ལས། གདུལ་བྱ་སྣ་ཚོགས་འགྲོ་བ་རིགས་དྲུག་རྣམས་སུ།

(༡༩༢)རང་རང་གི་ངག་དང་སེམས་དང་འཐུན་པར་ཐེག་པ་སྣ་ཚོགས་ཆོས་ཀྱི་ཕུང་པོར་གོ་ཞིང་། སེམས་ཅན་རྣམས་ཀྱི་སེམས་བརྒྱུད་ལ་རྣམ་རྟོག་རྣམ་པ་སྣ་ཚོགས་དེ། ཏིང་ངེ་འཛིན་གྱི་ཕུང་པོར་འཆར་རོ། །གནས་དེར་ཀུན་རིག་རྒྱལ་པོའི་སྐུ་མངོན་པར་རྫོགས་པར་སངས་རྒྱས་ནས། ལྷའི་ཞག་གཅིག་བཞུགས་ཏེ། གཙོ་ཆེར་བྱ་བའི་རྒྱུད་མན་ཆོད་ཐེག་པ་གསུམ་གྱི་ཕུང་པོ་གཟུངས་སྔགས་སྡེ་སྣོད་གསུམ་སོ་སོར་ཀུན་རིག་ཅིང་། ཞལ་ནས་མ་གསུངས་བྱིན་གྱིས་བརླབས་པའི་བཀའ་བྱ་རྒྱུད་སྡེ་སྣོད་གསུམ་གྱི་གདུལ་བྱ་རྣམས་ཀྱི་སོ་སོར་གོ་བར་མཛད་པའོ། །ལོངས་སྐུ་རང་རྒྱུད་པའི་བསྟན་པ་ཕྱི་རྒྱུད་གསུམ་ལས། རྣམ་པར་སྣང་མཛད་སྐུ་མངོན་པར་བྱང་ཆུབ་པའོ། །བསྟན་པ་ཕུན་སུམ་ཚོགས་པ་དང་། སྟོན་པ་ཕུན་སུམ་ཚོགས་པ་དང་བྱིན་བརླབས་ཀྱིས་བསྟན་པའི་བར་སྐབས་སོ། །དེའི་ཚེ་དེའི་དུས་ན། དགའ་ལྡན་གྱི་གནས་བྱེ་བ་ཕྲག་བརྒྱར། རྣམ་པར་སྣང་མཛད་བྱེ་བ་ཕྲག་བརྒྱ། ཐུགས་མངོན་པོར་རྫོགས་པར་སངས་རྒྱས་པ་ནི། སྔར་བཞིན། སྟོན་པ་ཕུན་སུམ་ཚོགས་པ་བྱེ་བ་ཕྲག་བརྒྱ་ཐུགས་ཆོས་ཉིད་ཀྱི་དབྱིངས་སུ་མི་གཡོ་བར་བཞུགས་ཚུལ་བསྟན་པ་དང་། ཕྱོགས་བཅུའི་སངས་རྒྱས་དང་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པའི་སངས་རྒྱས་རྣམས་དང་། རྒྱལ་བའི་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་རྡུལ་གཅིག་སྟེང་ན་རྡུལ་སྙེད་བཞུགས་པ་རྣམས་དང་། འཇིག་རྟེན་ཆེན་པོ་བྱེ་བ་ཕྲག་བརྒྱ་ན། ལས་རེ་རེ་ལས་ཀྱང་བྱེ་བ་བརྒྱ་རེ། ཀུན་རིག་རྒྱལ་པོ་སོ་སོར་ལ་བསྐོར་ཞིང་། ཐུགས་ཆོས་ཉིད་ལས་མི་གཡོ་མི་འདའ་བར་ཐམས་ཅད་མཉམ་པར་བཞུགས་སོ། །དེ་ལྟར་དུ་གཞུག་

(༡༩༣)ཀྱང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དཀྱིལ་འཁོར་གྱིས་མ་ཁྱབ་པ་མེད་པའི་ཕྱིར་ན། ལོངས་སྤྱོད་རྫོགས་པའི་རིགས་ལྔའི་ཞིང་ཁམས་དང་། སྤྲུལ་པའི་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་གྲངས་མཐའ་ཡས་ཚད་ལས་འདས་པ་རྣམས། ཐུགས་མི་ཟད་པ་བརྒྱན་གྱི་འཁོར་ལོ་ཡིས། ཏིང་ངེ་འཛིན་གྱི་ཚོགས་རྣམས་སུ་བྱིན་གྱིས་བརླབས་ཤིང་དངོས་སུ་ཞིང་ཁམས་རྒྱ་ཆེ་ཆུང་འབྲིང་གསུམ་གྲངས་ལས་འདས་པར་བསྟན་པ་ནི། དཔེར་ན་ནམ་མཁའ་མཐའ་མེད་པ་ལས། ཉི་ཟླ་རྒྱུ་སྐར་གྱི་ཚོགས་ཀྱིས་ཁྱབ་པར་མཛད་པ་བཞིན་དུ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དང་། ཞིང་ཁམས་དང་ཕྱི་རྒྱུད་གསུམ་མན་ཆོད་གྱི་ཐེག་པ་དྲུག་གི་ལྷ་ཚོགས་རྣམས་ཀྱིས་མ་ཁྱབ་པ་མེད་པར། ཀུན་རིག་རྒྱལ་པོའི་སྐུ་དང་གསུང་དང་ཐུགས་ལ་རྫོགས་པར་བསྟན་པའོ། །དེའི་ཕྱིར་ན། ཇི་ལྟར་དུ་དེ་རྣམས་སངས་རྒྱས་པ་དང་། མ་འདྲེས་ལ་སོ་སོར་ཇི་ལྟར་དུ་བྱིན་གྱིས་བརླབས་པ་རྣམས། རྨད་ག་ཆད་ཀུན་རིག་རྒྱལ་པོའི་ཐུགས་མི་ཟད་པའི་རྒྱན་གྱི་འཁོར་ལོ་འམ། ཆོ་འཕྲུལ་གྱི་ཞིང་ཁམས་རྣམ་པར་བཀོད་པ་ལས་ཉན་ཞིང་ཤེས་ན་གོང་ཞིང་རྟོགས་པ་དང་། གདུལ་བྱ་ཐམས་ཅད་ལ་འཆད་ཅིང་ངོ་སྤྲད་ནས། ཡོ་གའི་དཀྱིལ་འཁོར་སྟོང་གསུམ་དང་མཉམ་ཞིང་། དཀྱིལ་འཁོར་གྱི་བྱེ་བྲག་སྐར་མའི་ཚོགས་ལྟ་བུ་རྣམས་སོ་སོར་འབྱེད་ཅིང་དགོང་པ་རང་གི་ཐུགས་ལ་གསལ་ན། ཀུན་ཤེས་ཀུན་རིག་དམ་པ་པོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཤེས་གསུངས་previous hit ་ཡང་སྐབས་འདིར་དགོངས next hit་པའོ། །

(༡༩༤)ཡོ་ག་མཁན་པོ་རྣམས་ཀྱིས་ཀྱང་སྒྲ་དོན་འདི་ལྟར་དུ་གོ་ཞིང་རྟོགས་ན། ཀུན་རིག་རྒྱལ་པོ་ཉིད་དང་ཐ་དད་མེད་དོ། །རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་ནས། དགའ་ལྡན་པའི་ལུགས་ཀྱི་ཞག་གསུམ་བཞུགས་ནས། །ཀྲྀ་ཡོག་གསུམ་གྱི་དཀྱིལ་འཁོར་དང་། སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་འཇིག་རྟེན་དུ་འབྱུང་ཞིང་འདུལ་བྱའི་རབ་འབྲིང་ཐ་མ་རྣམས་ཀྱི་སེམས་རྒྱུད་ལ་སོ་སོར་གོ་ཞིང་རྟོགས་པར་བྱིན་གྱིས་བརླབས་སོ། །རྣམ་པར་སྣང་མཛད་ཀུན་རིག་རྒྱལ་པོའི་ཕྱི་རྒྱུད་གསུམ་གྱི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ཀུན་རིག་རྒྱལ་པོའི་མི་ཟད་རྒྱན་གྱི་འཁོར་ལོའི། ཐུགས་ཀྱི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཐུགས་རྒྱུད། སྐུ་གསུམ་ཞིང་ཁམས་སུ་བྱིན་གྱིས་བརླབས་པའི་བར་སྐབས་ལགས་སོ། །དེ་ནས་ཀུན་རིག་རྒྱལ་པོ་གཞན་འཕྲུལ་ལྷའི་གནས་སུ་སྐུ་གསུང་ཐུགས་མངོན་པར་བྱང་ཆུབ་པའི་ཚུལ་བསྟན་ཞིང་། སྐུ་གསུམ་མཉམ་པ་ལས། ཡོན་ཏན་ཕྲིན་ལས་རྣམ་པ་གཉིས་མངོན་པར་བྱང་ཆུབ་ནས། རྣམ་པར་སྣང་མཛད་སྐུ་གསུང་ཐུགས་མངོན་པར་བྱང་ཆུབ་པའི་ཚུལ་བསྟན་ཞིང་། སྐུ་གསུམ་ཆ་མཉམ་པ་ལས། ཡོན་ཏན་ཕྲིན་ལས་ཀྱི་དཀྱིལ་འཁོར་ལས། སྐུའི་རིག་ལྔ་ཕྱོགས་བཞི་དབུས་དང་ལྔར། རྣམ་པར་སྣང་མཛད་ཀྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལས། རིགས་བཞི་སོ་སོར་གསལ་ཞིང་འབྱེད་ལ། རིགས་བཞིའི་ཞལ་བཞི་དང་དབུས་ན་རྣམ་པར་སྣང་མཛད་ཀྱི་ཞལ་དང་ལྔ། ཀུན་དུ་ཞལ་ཕྱོགས་ཀུན་དུ་གཟིགས་པ་དང་། ཕྱག་རྒྱ་

(༡༩༥)ལྔ་ཡུམ་ལྔ་ཕྱག་མཚན་ལྔར་སྦས་པ་དང་། གདན་ལ་ཁ་དོག་ལྔ་ཀུན་རིག་རྒྱལ་པོའི་སྐུ་ལས་ཕྱོགས་བཞི་དབུས་དང་ལྔར་རྫོགས་པ་སྟེ། སེམས་དཔའ་བཅུ་དྲུག །སེམས་མ་བཅུ་དྲུག །ལྷ་སུམ་བཅུ་རྩ་དྲུག་གི་དཀྱིལ་འཁོར་རྣམ་པར་སྣང་མཛད་ཀྱི་སྐུ་གསུང་ཐུགས་ལས་རྫོགས་པའི་ཕྱིར་ན། གཙོ་བོ་དང་ནི་སུམ་བཅུ་རྩ་བདུན་གྱི་དཀྱིལ་འཁོར་ཏེ། ཞིང་ཁམས་ཐམས་ཅད་ཀྱིས་སྐུ་ལ་ཁྱབ་སྐུས་ཞིང་ཁམས་ཐམས་ཅད་ལ་ཁྱབ་ཅེས་གསུངས་པའང་། དོན་འདི་ལ་previous hit དགོངས next hit་ཡིན། འདི་ནི་གྲངས་ཅན་གྱི་དཀྱིལ་འཁོར་ཡིན་ལ།རྒྱས་སྡུས་དཀྱིལ་འཁོར་གྲངས་མཐའ་ཡས་པ་གསུངས་པའོ། །དེའི་ཚེ་དེའི་དུས་ན། རྣམ་པར་སྣང་མཛད་ཀུན་རིག་རྒྱལ་པོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མངོན་པར་བྱང་ཆུབ་ཅིང་། སངས་རྒྱས་ནས་ལྷའི་ཞག་བདུན་ལོན་པའི་དུས་སུ། གནས་ཕུན་སུམ་ཚོགས་པས་གཞན་འཕྲུལ་ལྷའི་ཕོ་བྲང་དུ་བྱེ་བ་ཕྲག་བརྒྱ་འོག་མིན་གནས་རྒྱན་གཏུག་པོ་བཀོད་པའི་ཕོ་བྲང་། འོད་ཐམས་ཅད་ཀྱི་སྙིང་པོ་མཐའ་ཡས་པར་བྱིན་གྱིས་བརླབས་ཤིང་། སངས་རྒྱས་ཀྱི་ཞིང་མཐའ་ཡས་མུ་མེད་བསམ་གྱིས་མི་ཁྱབ་ཅིང་། རབ་འབྱམས་ལྷུན་གྱིས་གྲུབ་པ་བྱེ་བ་ཕྲག་བརྒྱ་ན། ཀུན་རིག་རྒྱལ་པོ་བྱང་ཆུབ་སེམས་དཔའི་འཁོར་རྒྱ་མཚོ་ལྟ་བུར་བསྐོར་ཞིང་། ཆོས་སྐུ་ཆོས་ཉིད་ཀྱི་དབྱིངས་ལ་བཞུགས་ཏེ། ཅི་ཡང་མི་གསུང་བར་སྐུ་གསུང་ལྷུན་གྱིས་གྲུབ་པའི་ལོངས་སྐུའི་བསྟན་པ་བྱིན་གྱིས་བརློབས་ཤིང་བརྡའ་ཡིས་གསུངས་པ་སྟེ། སྟོན་པ་རིགས་ལྔའི་བསྟན་པ་ཕྱི་རྒྱུད་གསུམ་

(༡༩༦)ལས། བཀའ་དང་རྒྱུད་གཉིས་སུ་འདུས་པ་སྟེ། དེ་ལ་ཨུ་པ་ཡ་སྤྱོད་པའི་རྒྱུད། ཞེས་བྱ་བ་ནི་གོང་འོག་གཉིས་ལ་ལྟོས་པ་སྟེ། བྱ་རྒྱུད་བསྒྲུབ་ཅིང་རྣལ་འབྱོར་སྤྱོད་པ་ཡིན། དེའི་ཕྱིར་ན། སྤྱོད་པའི་རྒྱུད་ཀྱི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་ཡང་གོང་འོག་གཉིས་ལ་ལྟོས་པ་སྟེ། རང་དཀར་ཐོབ་པ་མ་ཡིན་ནོ། །འཇུག་པ་ཀྲྀ་ཡའི་སྒོ་ནས་འཇུག་ཅིང་། ལྟ་སྤྱོད་དབང་རྣམས་ཡོ་གའི་ཐེག་པས་སྐུར་བ་སྟེ། ཨུ་པ་ཡ་ཡང་འཇུག་སྒོ་ལ་སོགས་རྣམ་གྲངས་དགུ་ཡིས་ས་ལམ་བསྒྲོད་པའོ། །འབྲས་བུ་རིགས་བཞི་རྣམ་པར་འབྱེད་པའི་སར་སངས་རྒྱས་པར་བཞེད་པ་སྟེ། གདུལ་བྱ་དབང་པོ་རབ་འབྲིང་ཐ་མ་རྣམས་གསུམ་གྱི་དབང་གི། མི་ཚེ་གྲངས་ཅན་དགུ་འམ་བདུན་ནམ་ལྔ་ལ་སོགས་སངས་རྒྱས་སེམས་ཅན་ས་མཚམས་འབྱེད་པའོ། །དབང་པོ་འབྲིང་ཐ་མལ་མི་ཚེ་བརྒྱ་སྟོང་གི་རིགས་གསུམ་རྡོ་རྗེ་འཛིན་པའི་ས་དང་། རིགས་བཞི་རྣམ་པར་འབྱེད་པ་དང་། ཀུན་རིགས་རྒྱལ་པོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་། རྒྱལ་བ་སྲས་དང་བཅས་པར་བཞེས་པ་ནི། ཕྱི་རྒྱུད་གསུམ་གྱི་འབྲས་བུ་ཐོབ་སྐལ་ཡིན། དེའི་ཚེ་དེའི་དུས་ན། ཀུན་རིག་རྒྱལ་པོ་ཆེན་པོ་ཡིས། རྣམ་པར་སྣང་མཛད་བྱེ་བ་ཕྲག་བརྒྱ་རྣམ་པར་འཕྲུལ། དེ་རྣམས་ཐམས་ཅད་འཕོ་འགྱུར་མེད་ཅིང་། རྣམ་པར་སྣང་མཛད་ཆོས་དབྱིངས་རྣམ་པར་རོལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཤིང་། སྟོང་གསུམ་རབ་འབྱམས་བྱིན་གྱིས་བརླབས་པའི་previous hit དགོངས next hit་མཛད་པ་མ་རྟོགས་པ། ཅི་ཡང་མ་གསུངས་མི་གསུང་གསུང་བར་མི་འགྱུར་ཞིང་། ཀུན་

(༡༩༧)མཁྱེན་ཀུན་རིག་རྡོ་རྗེ་དབྱིངས་ན། བཞུགས་སོ། །དེའི་ཚེ་དེའི་དུས་ན། ཕྱི་རྒྱུད་གསུམ་སྡེ་སྣོད་གསུམ་གྱི་སྟོན་པ་ཕུན་སུམ་ཚོགས་པ་དང་། བསྟན་པ་ཕུན་སུམ་ཚོགས་པ་སོ་སོར་སྟོང་གསུམ་རབ་འབྱམ་མཐའ་ཀླས་པ། འཁོར་ལོ་འདས་ཀུན་གྱི་སྐུ་གསུང་ཐུགས་ལ་ཡུན་དུ་གནས་ཤིང་། ཕྱོགས་མེད་དུ་རྒྱས་ཤིང་ཁྱབ་པར་བྱ་བའི་ཕྱིར་ན། ཀུན་རིག་རྒྱལ་པོ་བྱེ་བ་ཕྲག་བརྒྱའི་སྐུ་གསུང་ཐུགས། ཡོན་ཏན་ཕྲིན་ལས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས། ཀུན་ཏུ་བཟང་པོ་བྱེ་བ་ཕྲག་བརྒྱས་ལས་དུས་གཅིག་ལས་རྣམ་པར་འཕྲུལ་ཞིང་། ཀུན་ཏུ་བཟང་པོ་བྱེ་བ་ཕྲག་བརྒྱ་རེ་རེས་ཀྱང་། བྱང་ཆུབ་སེམས་དཔའ་ཀུན་དུ་མིག་དང་། བྱང་ཆུབ་སེམས་དཔའ་ནོར་བཟང་གྱི་བུ་དང་། རྡོ་རྗེ་སྙིང་པོ་རྣམ་པར་སྣོན་པ་དང་། བློས་གྲོས་ཅན་གྱི་ཚོགས་རྣམས་དང་། རྡོ་རྗེ་ཅན་གྱི་ཚོགས་རྣམས་དང་། པད་མོ་འཛིན་པའི་ཚོགས་རྣམས་དང་། གཙུག་གཏོར་ཅན་དགུའི་ཚོགས་རྣམས་ལ་སོགས་པ་ཞིང་གི་རྡུལ་སྙེད་ཙམ་དུ་རྣམ་པར་འཕྲུལ་ཞིང་། དེ་རྣམས་ཀྱིས་ཀྱང་གཅིག་ནས་གཅིག་དུ་ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་པར། ཡོ་ག་ཕྱི་རྒྱུད་ཀྱིས་རྣམ་པར་འཕྲུལ་ཞིང་། སྟོན་པ་བསྟན་པ་ཕུན་སུམ་ཚོགས་པ་རྣམས་པ་ལྔ་གྲངས་མེད་པར་སྒྲོ་བ་དང་། གླེང་བ་དང་ཞུ་བ་དང་། ཞུས་ལེན་དང་། ཉན་པ་དང་། འཆད་པ་དང་། རྫུ་འཕྲུལ་སྣ་ཚོགས་སྟོན་པ་ནི། ཀུན་ཏུ་བཟང་པོའི་བ་སྤུའི་རྩ་བ་ཐམས་ཅད་ནས་ཀྱང་ཡོ་ག་རིགས་ལྔའི་དཀྱིལ་འཁོར་གྲངས་མེད་པ་

(༡༩༨)སྟོན་པ་དང་། བསྟན་པ་ཕུན་སུམ་ཚོགས་པ་ཡོ་གའི་རྒྱུད་སྡེ། ཕྱི་རྒྱུད་ཀྱི་གཟུངས་སྔགས་རིགས་དྲུག་གི་སྐད་དང་། མཐུན་པར་གསུངས་པ་དང་། རྣམ་འཕྲུལ་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་བཞུགས་པའི་རིགས་ཀྱི་ལྷ་ཚོགས་རྣམས་ཀྱི་གར་དང་རྡོ་རྗེའི་གྲོས་དང་། སྟང་སྟབས་ཕྱག་རྒྱ་ཞལ་གྱི་རྣམ་གྱུར་སྣ་ཚོགས་པ་ཡིས། ལོངས་སྐུའི་སྟོན་པ་བརྡ་ཡིས་མཚོན་པས་ཏེ། སྟོང་གསུམ་རབ་འབྱམས་ཡོ་ག་ཕྱི་རྒྱུད་གསུམ་གྱི་དཀྱིལ་འཁོར་རྒྱས་སྡུས་ཞི་ཁྲོ་རབ་འབྱམས་གྲངས་ལས་འདས་པ་བྱིན་གྱིས་བརླབས་ཤིང་། སྐད་ཅིག་གི་ལག་པ་བརྐྱང་བསྐུམ་ལ། རྣམ་པར་སྣང་མཛད་ཀུན་ཏུ་སྣང་ཞིང་མཛད་པ་སྣ་ཚོགས་མ་རིག་འཁོར་བའི་དཀྱིལ་འཁོར་རིགས་དྲུག་དང་མཐུན་པར་མཛད་པ་སྣ་ཚོགས་མཛད་པ་དང་། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་ཚོགས་དང་། ཀྲྀ་ཡོག་གསུམ་གྱི་བསྟན་པར་ས་ལམ་སྒྲོད་པའི་རིགས་འཛིན་རྣམས་དང་། སངས་རྒྱས་དང་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་རྣམས། རང་རང་གི་ལུགས་དང་འཐུན་པ་སྐུ་གསུང་། ཐུགས་ཡོན་ཏན་ཕྲིན་ལས་མ་འདྲེས་པ་སོ་སོར་སྣང་ཞིང་འཁོར་འདས་གཉིས་ཀྱི་མཛད་པ་སྣ་ཚོགས་རྫོགས་པར་བྱ་བའི་ཕྱིར། །ཀུན་རིག་རྒྱལ་པོས་བརྡ་ཡིས་མཚོན། ཀུན་ཏུ་བཟང་པོས་སྣང་བ་ཐམས་ཅད་རྫོགས་པར་བྱ་བའི་ཕྱིར། ཀུན་ཏུ་བཟང་པོ་རྫུ་འཕྲུལ་ཆོ་འཕྲུལ་ཐོགས་པ་མེད་ཅིང་ཀུན་ཏུ་བཟང་པོས། ཀུན་ཏུ་བཟང་པོས་ཆོས་ཀྱི་དབྱིངས་དང་མཉམ་པར་རྣམ་པར་འཕྲུལ་ལོ། །དེའི་ཕྱིར་ན། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་ནས། ལྷའི་ཞག་བདུན་

(༡༩༩)གྱི་བར་དུ་ཡང་། ཀུན་རིག་རྒྱལ་པོ་བྱེ་བ་ཕྲག་བརྒྱ་ཡིས། ཅི་ཡང་མ་གསུངས་པར་སྟོང་གསུམ་རབ་འབྱམས་འཇིག་རྟེན་ཁམས། ཀུན་རིག་རྒྱལ་པོའི་ཁམས་སུ། ལོངས་སྐུའི་བསྟན་པ་བརྡ་ཡིས་མཚན་པའི་དུས། ལོངས་སྐུར་རྒྱུད་པའི་བསྟན་པ་ལས། རྣམ་པར་སྣང་མཛད་དང་པོ་སངས་རྒྱས་ནས་ལྷའི་ཞག་བདུན་གྱི་བར་དུ་ལྷ་གནས་གསུམ་འདོད་ལྷ་རིགས་དྲུག་གི་གནས་རྣམས་སུ། བཞུགས་ཤིང་སྟོང་གསུམ་ཁམས་གསུམ་ཀུན་རིག་རྒྱལ་པོའི་ཁམས་གསུམ་བྱིན་གྱིས་བརླབས་ཤིང་། ཀུན་རིག་རྒྱལ་པོའི་ཆེ་བ་ཀུན་ཏུ་བཟང་པོས་འདོན་པའི་བར་སྐབས་བསྟན་པའོ། །དེའི་ཕྱིར་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྟེང་འོག་ཕྱོགས་མཚམས་མཐའ་དབུས་ཐམས་ཅད་དུ་ཐེག་པ་དྲུག་གི་ཆོས་ཀྱི་ཕུང་པོས་མ་ཁྱབ་པ་མེད་པར། བྱིན་གྱིས་བརླབས་ཤིང་ལོངས་སྐུ་རང་རྒྱུད་བའི་བསྟན་པ་ཀྲྀ་ཡོག་གསུམ། སྤྲུལ་སྐུའི་བསྟན་པ་ཕུན་གསུམ་ཚོགས་པའི་དཀྱིལ་འཁོར་རྒྱས་སྡུས། རྒྱལ་བ་སྲས་བཅས་སྣ་ཚོགས་ཞིང་གི་རྡུལ་སྙེད་ཙམ་དུ་དངོས་སུ་བསྟན་པ་དང་། ཕྱི་སྣོད་ནང་བཅུད་ཐམས་ཅད་ཐེག་པ་དྲུག་གི་ལྷ་ཚོགས་དང་། ཡོ་གའི་དཀྱིལ་འཁོར་ཆེན་པོ་བྱིན་གྱིས་བརླབས་ཤིང་། རྫུ་འཕྲུལ་དང་ཆོ་འཕྲུལ་ཆེན་པོས། ལོངས་སྤྱོད་རྫོགས་པའི་བསྟན་པ་བརྡ་ཡིས་མཚོན་ཞིང་། བྱིན་གྱིས་བརླབས་པ་ནི། སེམས་ཅན་ཐམས་ཅད་ཀྱི་གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་སྐུའི་ལྷ་ཚོགས་སུ་བརྡས་མཚོན་པ་དང་། སེམས་ཅན་རྣམས་

(༢༠༠)ཀྱི་སེམས་དང་སེམས་འབྱུང་རྣམ་པར་རྟོག་པ་དང་བཅས་པ་རྣམས། ཡོ་ག་ཐུགས་ཀྱི་ལྷ་ཚོགས་དང་། དཀྱིལ་འཁོར་དུ་བརྡས་མཚོན་པ་དང་། སེམས་ཅན་རྣམས་ཀྱི་ངག་གི་བརྗོད་བྱ་མ་ལུས་ཤིང་ལུས་པ་མེད་པ་སྣ་ཚོགས་པ་རྣམས། ཀུན་རིག་རྒྱལ་པོ་གསུང་གི་ལྷ་ཚོགས་དང་། དཀྱིལ་འཁོར་བསྟན་པ་ཕུན་སུམ་ཚོགས་པ་རྡ་ཡིས་མཚོན་ཞིང་བྱིན་གྱིས་བརླབས་པའི་ཕྱིར་ན། རྣམ་པར་སྣང་མཛད་བྱེ་བ་ཕྲག་བརྒྱ་ཡིས་ཞལ་ནས་གསུངས་པ་མ་མཆིས་སོ། །དེའི་ཕྱིར་ན། ཡོ་ག་ལ་སོགས་པ་ཐེག་པ་དྲུག་གིས་ཕྱོགས་བཅུར་གསལ་ཞིང་ཁྱབ་པར་བྱ་བའི་ཕྱིར། ཀུན་རིག་རྒྱལ་པོས་ཀུན་ཏུ་བཟང་པོར་འཕྲུལ། ཀུན་ཏུ་བཟང་པོའི་རྣམ་འཕྲུལ་རྡུལ་དང་། མཉམ་པ་སྟེ། ཁྱད་པར་དུ་བྱང་ཆུབ་སེམས་དཔའ་ནོར་བཟང་གི་བུར་སྤྲུལ་ཏེ། དེ་ཡིས་བླ་མ་བརྒྱ་རྩ་བཅུ་སློབ་མ་བརྒྱ་བཅུ་ལ་སོགས་པ་རྣམ་པར་འཕྲུལ་ཞིང་། བཀོད་པ་ཕུན་སུམ་ཚོགས་པ་ཡིས། ཐེག་པ་ཆེན་པོའི་བསྟན་པ་ཕུན་སུམ་ཚོགས་པ། སྟོང་གསུམ་དུ་དར་ཞིང་ཁྱབ་པར་མཛད་པའོ། །དེ་ཡང་སྤྲུལ་སྐུ་ཆེན་པོ་མཛད་སྤྱོད་རྣམ་པར་སྣང་མཛད། ཀུན་རིག་ཆེན་པོའི་ཆོ་འཕྲུལ་བསྟན་པ་ལས། ཕྱི་རྒྱུད་གསུམ་གྱི་རིགས་སྔགས་གཟུངས་སྔགས་ཀྱི་མཚན་ཉིད་གདུལ་བྱ་དབང་པོའི་བྱེ་བྲག་བཞིན་དུ་གྲངས་ཅན་གྲངས་མེད་དུ་གསུངས་པ་ལས། བཀའ་དང་རེ་རེ་ལས་ཀྱང་དབུ་ཞབས་སུ་དོན་གསུམ་གསུམ་དང་། ཕུན་སུམ་ཚོགས་པ་ལྔ་ལྔ་ཡིས། སྒྲ་དང་དོན་སོ་སོར་འབྱེད་པའོ། །དེའི་ཚེ་དེའི་དུས་ན། རྣམ་པར་སྣང་མཛད་

(༢༠༡)ཀུན་མཁྱེན་ཀུན་རིག །དམ་པར་ཆོས་སྐུ་དྲི་མ་མེད་པ་ཉག་གཅིག་ཏུ་མཐའ་དང་དབུས་མེད་པར་རྟོགས་པ་ལས། རྣམ་པར་སྣང་མཛད་སྐུ་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་སྟེ། མ་རིག་མ་རྟོགས་པའི་དུས་སུ་ནི། ཀུན་གཞི་ཞེས་བྱ་བ་སྟེ། དེའི་དུས་སུ་ཡང་། མ་ཁྱབ་པ་དང་མི་གནས་པ་མེད་པའི་ཕྱིར། མ་རིག་པའི་རྣམ་པར་མཛད་ཞེས་བྱ་བ་ཡིན། དེའི་ཕྱིར་ན། ཆོས་སྐུ་རབ་འབྱམ་མཐའ་མེད་དབུས་མེད་མུ་མེད་རྗོད་དུ་མེད་པའི་ཐུགས་མངོན་པར་བྱང་ཆུབ་པའི་ངོ་བོ་རང་བཞིན་གཤིས་མཚན་ཉིད་རྣམས་ད་ནི་ཆུང་ཟད་བསྟན་པར་བྱ། དེ་དོན་ཚིགས་སུ་བཅད་པ་འདི། འཕོ་འགྱུར་མེད་པའི་བཤིས་ཉིད་ལས། སྐྱེ་འགག་མེད་པའི་བརྗོད་དུ་མེད། བརྗོད་དུ་མེད་ལས་བསྐལ་པར་བརྗོད་བྱས་ཀྱང་། མ་བརྗོད་མེད་ལས་འཐར་ཐུག་ག་ན་ཡོད། །བརྗོད་དུ་མེད་པའི་སངས་རྒྱས་ཞིང་རྣམས་ལས། །ཐམས་ཅད་བཤིག་ཅིང་རྡུལ་དུ་བརླགས་ན་ཡང་། །གཤིས་ཉིད་འཇིག་པར་ག་ན་འགྱུར། །གདོད་ནས་མ་བྱུང་མི་གནས་ལ། །གྲངས་མེད་བསྐལ་པར་བྱས་ན་ཡང་། །བྱ་རྩལ་འདུ་བྱས་ཚོགས་རྣམས་ཀྱིས། །ཆོས་སྐུ་རྟོགས་པར་ག་ན་འགྱུར། །སྨྲ་བརྗོད་དུས་གསུམ་ཡུལ་ལས་འདས། །བརྗོད་མེད་བརྗོད་པ་ཐ་སྙད་ཡིན། །ཆོས་སྐུ་ཚིག་ལ་རྟེན་པའི་ཕྱིར། །མ་རྗེད་པས་ཀྱང་གོ་བ་མིན། །དེ་ཕྱིར་སྣ་ཚོགས་ཚིག་གིས་མཚོན་ནས་སྟོན། །ཞིང་རྣམས་བརྗོད་དུ་མེད་པའི་རྗོད་མེད་པ། །སྐད་ཅིག་སེམས་ཀྱི་ཀུན་ཀྱང་རབ་དུ་འཇིག །

(༢༠༢)སྐད་ཅིག་རེ་རེས་འཇིག་པ་བརྗོད་དུ་མེད། །འཇིག་པས་བསྐལ་པ་མང་པོ་ཟད་པར་བྱེད། །དབྱེ་བའི་བྱེ་བྲག་དབྱེ་བ་བརྗོད་དུ་མེད། །རྡུལ་ལ་འཇུག་པའི་བརྗོད་དུ་མེད་པ་དེ། །བགྲང་བའི་ཚུལ་གྱིས་བརྗོད་དུ་མེད་པའི། །བསྐལ་པ་བརྗོད་དུ་མེད་པ་ཟད་པར་བྱེད། །དབྱེ་བའི་བྱེ་བྲག་དབྱེ་བ་བརྗོད་དུ་མེད། །རྡུལ་ལ་འཇུག་པའི་བརྗོད་དུ་མེད་པ་དེ། །བགྲང་བའི་ཚུལ་གྱིས་བརྗོད་དུ་མེད་པའི་བསྐལ། །རྡུལ་དང་རྡུལ་ལ་མཚན་ཉིད་བརྗོད་དུ་མེད། །རྗོད་དུ་མེད་པའི་རྡུལ་རྣམས་ཀུན་བཟང་སྟེ། །བསྐལ་པར་ཀུན་དུ་བཟང་པོ་བསྟོད་བྱས་ཀྱང་། །ཀུན་དུ་བཟང་པོ་དེ་སྔགས་མཐར་མི་ཐུག །རྗོད་དུ་མེད་པའི་ཀུན་ཏུ་བཟང་པོ་རྣམས། །སྐྲ་རྩེ་རེ་རེ་ཀུན་ལ་ཡང་དག་འཇུག །སྐྲ་རྩེ་ཅི་བཞིན་ཡུལ་རྣམས་ཀུན་ལས་ཏེ། །ཆོས་དབྱིངས་མ་ལུས་ཇི་སྙེད་དེ་བཞིན་ནོ། །སྐྲ་རྩེ་རེ་རེ་ཞིང་གི་ཁམས་ཀྱི་རྣམས། །བརྗོད་དུ་མེད་པར་ཡང་དག་འཇུག་པར་བྱེད། །མཁའ་དབྱིངས་སྐྲའི་རྩེ་མོས་བཞལ་དུ་རུང་། །ཞིང་རྣམས་ཐམས་ཅད་བརྗོད་དུ་མེད་པའོ། །སྐྲ་རྩེ་རེ་ལ་སངས་རྒྱས་ཞིང་ཁམས་རྣམས། །རྣམ་པ་སྣ་ཚོགས་བྱེ་བ་མང་། །བསྐལ་པ་མི་འཐུན་ཞིང་རྣམས་བརྗོད་དུ་མེད། །བསྐལ་པ་འཐུན་པའི་ཞིང་ཡང་བརྗོད་དུ་མེད། །སྐྲ་རྩེ་གཅིག་དུ་དེ་ལ་བརྗོད་དུ་མེད་པའི། །ཞིང་རྣམས་དག་པ་བརྗོད་དུ་མེད་པའི། །སྣ་ཚོགས་རྒྱན་རྣམས་རྗོད་དུ་མེད་པས་འགོད། །རྣམ་པ་དུ་མ་ཐ་དད་བརྗོད་དུ་མེད། །མིང་གི་ཚོགས་ཀྱང་བརྗོད་དུ་མེད་པ་སྟེ། །སྐྲ་རྩེ་གཅིག་ལ་ཐམས་ཅད་རབ་དུ་གཞོལ། །དེ་བཞིན་གཤེགས་པའི་མཚན་རྣམས་རེ་རེ་

(༢༠༣)ཡང་། །རྗོད་དུ་མེད་པའི་བརྗོད་དུ་མེད་པ་ཡིན། །སངས་རྒྱས་རེ་རེ་བརྗོད་དུ་མེད་པ་ཡི། །སྐུ་རྣམས་བ་སྤུའི་ཁུང་བུར་བྱིན་གྱིས་བརློབ། །སྤུ་གཅིག་ནས་ཀྱང་བརྗོད་དུ་མེད་པ་ན། །ཁ་དོག་སྣ་ཚོགས་མང་པོ་རབ་ཏུ་འབྱུང་། །སྤུ་གཅིག་ནས་ཀྱང་བརྗོད་དུ་མེད་པའོ། །འོད་ཟེར་བརྗོད་དུ་མེད་པ་རབ་དུ་འགྱེད། །འོད་ཟེར་རེ་རེ་ལས་ཀྱང་རྗོད་དུ་མེད་པའོ། །པད་མ་བརྗོད་དུ་མེད་པ་མང་པོ་འབྱུང་། །པད་མོ་རེ་རེ་ལས་ཀྱང་རྗོད་དུ་མེད་པའི། །ལོ་མ་རྗོད་དུ་མེད་པ་མང་པོ་འབྱུང་། །རྗོད་དུ་མེད་པ་རྗོད་དུ་མེད་པའི། །ལོ་མ་ཁ་དོག་བརྗོད་དུ་མེད་པ་སྟེ། །ཁ་དོག་རེ་རེ་དེ་བཞིན་རྗོད་དུ་མེད། པད་མོ་རེ་རེ་ལ་ཡང་བརྗོད་མེད་པའི། །ལོ་མ་རྗོད་དུ་མེད་པ་མང་པོ་འབྱུང་། །རྗོད་དུ་མེད་པ་རྗོད་དུ་མེད་པའི། ལོ་མ་ཁ་དོག་བརྗོད་དུ་མེད་པ་སྟེ། །ཁ་དོག་རེ་རེ་དེ་བཞིན་རྗོད་དུ་མེད། །པད་མོ་རེ་རེ་ལ་ཡང་བརྗོད་མེད་པའི། །ལོ་མ་རེ་རེ་འོད་ཟེར་བརྗོད་དུ་མེད། །ཁ་དོག་ཐ་དད་རྣམ་པ་བརྗོད་དུ་མེད། །ཁ་དོག་རེ་རེ་དེ་བཞིན་བརྗོད་དུ་མེད། །པད་མོ་རེ་རེ་ལོ་མ་བརྗོད་དུ་མེད། །ལོ་མ་རེ་རེ་འོད་ཟེར་བརྗོད་དུ་མེད། །ཁ་དོག་རེ་རེ་བརྗོད་མེད་དེ་དག་ལས། །འོད་ཟེར་ཀུན་ལས་བརྗོད་མེད་ཟླ་བ་འབྱུང་། །ཟླ་བ་ལས་ཀྱང་ཟླ་བ་བརྗོད་དུ་མེད། །ཟླ་བ་རེ་རེ་ལས་ཀྱང་བརྗོད་དུ་མེད་པའོ། །ཁ་དོག་མཐའ་ཡས་ལྡན་པའི་མདོ་ཡང་འབྱུང་། །ཁ་དོག་རེ་རེ་ལས་ཀྱང་བརྗོད་དུ་མེད་པའོ། །ཉི་མ་ཀུན་ཏུ་སྣང་བ་བརྗོད་དུ་མེད། །ཉི་མ་རེ་རེ་ལས་ཀྱང་བརྗོད་དུ་མེད་པའོ། །ཁ་དོག་བརྗོད་དུ་མེད་པ་སྣ་ཚོགས་འབྱུང་། །ཁ་དོག་རེ་རེ་ལས་ཀྱང་བརྗོད་དུ་མེད་པའི། །འོད་ཟེར་བརྗོད་དུ་མེད་པ་རབ་ཏུ་འབྱུང་། །འོད་ཟེར་རེ་རེ་ལས་ཀྱང་བརྗོད་མེད་པའི། །སེང་གེའི་ཁྲི་མང་བརྗོད་མེད་སྣ་ཚོགས་

(༢༠༤)གནས། །སེང་གེའི་ཁྲི་མང་སྣ་ཚོགས་རེ་རེ་ལས། །འོད་ཟེར་བརྗོད་དུ་མེད་པའི་རྗོད་པ་འབྱུང་། །ཁ་དོག་སྣ་ཚོགས་རྗོད་དུ་མེད་པ་དང་། །དག་པ་སྣ་ཚོགས་བརྗོད་དུ་མེད་པ་འབྱུང་། །འོད་གསལ་རེ་རེ་ལས་ཀྱང་རྗོད་མེད་པའི། རྣམ་པར་སྣང་བ་སྣ་ཚོགས་རབ་ཏུ་འབྱུང་། །རྣམ་པར་སྣང་བ་སྣ་ཚོགས་རེ་རེ་ལས། །རྗོད་དུ་མེད་པ་བརྗོད་དུ་མེད་པའི། །བརྗོད་དུ་མེད་ལ་སྒྲོས་པའི་གྲངས་གཉེན་གྱིས། །རི་རབ་པད་མོའི་མཆོག་དང་ལྡན་པ་འབྱུང་། །རི་རབ་རེ་རེའི་ཚད་ཀྱང་འདི་ལྟ་སྟེ། །རྗོད་དུ་མེད་པ་བརྗོད་དུ་མེད་པ་ཡི། ཞིང་རྣམས་བརྗོད་དུ་མེད་པ་ཡོད་པའི་རྣམས། །རི་རབ་གཅིག་གིས་ཡོངས་སུ་རྒྱས་པ་སྟེ། །བརྗོད་དུ་མེད་པ་བརྗོད་དུ་མེད་པའི། །རི་རབ་ལྷག་པ་ཉིད་ཀྱང་དེ་ཙམ་མོ། །དེ་དག་གཤེགས་ཏེ་རྡུལ་བྲན་ཆར་བསླན་ན། །ཡོན་ཏན་ལེགས་པར་བརྗོད་མེད་དེ་སྐད་ལྡན། །དེ་བཞིན་བྱེ་བྲག་ཁྱད་པར་གཟུང་བྱས་ཀྱང་། །བརྗོད་དུ་མེད་པའི་རྗོད་དུ་མེད་པ་སྟེ། །བརྗོད་དུ་མེད་ལ་བསྒྲེས་པ་ཡོངས་བཟུང་ཞིང་། །འོད་ཟེར་བརྗོད་དུ་མེད་པ་རབ་ཏུ་འབྱུང་། །ཚིག་ཆད་བརྗོད་དུ་མེད་པ་གསང་བ་རྣམས། །རྣམ་པར་དབྱེ་བ་བརྗོད་དུ་མེད་པ་འབྱུང་། །བརྗོད་དུ་མེད་པའི་འཇིག་རྟེན་ཁམས་སུ་སྒྱུ། །དེ་བཞིན་སངས་རྒྱས་བརྗོད་དུ་མེད་པ་འབྱུང་། །བརྗོད་དུ་མེད་པ་བརྗོད་དུ་མེད་པ་ཡི། །ཕྱི་མའི་མཐའི་མུ་མཐར་བསྟན་བྱས་ཀྱང་། །དེ་བཞིན་གཤེགས་པ་དེ་དག་མུ་མེད་དོ། །སངས་རྒྱས་རེ་རེ་ཞིང་ཡང་བརྗོད་མེད་previous hit ། །བརྗོད་དུ་མེད་ལ་བསྒྲེས་མ་གསལ་དགོངས next hit་པའི། །དབྱངས་ཀྱི་ཡན་ལག་བརྗོད་མེད་གསལ་རིགས་

(༢༠༥)པར། །འཁོར་ལོ་བརྗོད་དུ་མེད་པ་རབ་ཏུ་བསྐོར། །འཁོར་ལོ་རེ་རེ་བསྐོར་བས་བརྗོད་མེད་པའི། །རྒྱུད་སྡེ་བརྗོད་དུ་མེད་པ་མང་པོ་འབྱུང་། །རྒྱུད་སྡེ་བརྗོད་དུ་མེད་པ་རེ་རེ་ལས། །ཆོས་ཀྱི་རྣམ་གྲངས་བརྗོད་དུ་མེད་པ་འབྱུང་། །ཤིན་ཏུ་བསྟན་པ་བརྗོད་མེད་རེ་རེ་ཡང་། །སེམས་ཅན་བརྗོད་དུ་མེད་པ་རྣམ་པར་འདུལ། །དེ་དག་སྐྲ་རྩེ་གཅིག་ལ་འཇུག་པ་སྟེ། །སྐུ་གཅིག་ཅི་བཞིན་དེ་བཞིན་མ་ལུས་ཀུན། །རྗོད་དུ་མེད་པའི་བརྗོད་དུ་མེད་པ་སྟེ། །བསྐལ་པ་བརྗོད་དུ་མེད་པ་ཟད་པར་བྱེད། །ཆགས་མེད་སེམས་ཀྱང་བརྗོད་ཏུ་མེད་པ་སྟེ། །དེ་དག་སངས་རྒྱས་བརྗོད་མེད་སྤྲུལ་པ་བྱེད། །སངས་རྒྱས་རེ་རེ་བརྗོད་དུ་མེད་པ་ལས། །སྒྲེས་པའི་ཚུལ་དུ་སྤྲུལ་པ་ཀུན་ཏུ་འབྱུང་། །ཕྱོགས་རྣམས་བརྗོད་དུ་མེད་པ་ཀུན་དུ་འོད། །དེ་དག་ཀུན་ཀྱང་བརྗོད་དུ་མེད་པ་སྟེ། །རྣམ་པར་བྱེ་སྐུ་དེ་བཞིན་བརྗོད་དུ་མེད། །ཁ་དོག་སྣ་ཚོགས་གྲངས་མེད་བརྗོད་དུ་མེད། །སངས་རྒྱས་ཞིང་ཚད་བརྗོད་དུ་མེད་པ་ཡང་། །སེམས་ཅན་བརྗོད་མེད་རྣམས་ལ་སྟོན་བྱེད་པ། །རྣམ་པར་བསྟན་པ་དེ་དག་རེ་རེ་ཞིང་། །སེམས་ཅན་བརྗོད་དུ་མེད་པ་ཡོངས་སུ་སྦྱོང་། །དེ་དག་བརྒྱན་བཟང་རྣམས་བྱེ་རྗོད་དུ་མེད། །དེ་དག་རྫུ་འཕྲུལ་མང་པོ་བརྗོད་དུ་མེད། །རྣམ་དག་དབང་ཡང་བརྗོད་དུ་མེད་པ་སྟེ། །ཆོ་འཕྲུལ་རྣམས་ཀྱང་བརྗོད་དུ་མེད་པ་འབྱུང་། །རྣམ་པར་འཕྲུལ་པ་བརྗོད་དུ་མེད་པ་སྟེ། །སྤྱོད་པ་རྣམས་ཀྱི་དེ་བཞིན་བརྗོད་དུ་མེད། །དེ་དག་བྱིན་གྱིས་བརླབས་ཀྱང་བརྗོད་མེད་དོ། །འཇིག་རྟེན་བརྗོད་དུ་མེད་པའི་

(༢༠༦)ཁམས་སུ་འབྱུང་། །ཆོས་ཚུལ་རྣམ་དག་རྗོད་དུ་མེད་པ་སྟེ། །ཚུལ་གྱི་རྒྱུད་ཀྱང་བརྗོད་དུ་མེད་པ་འབྱུང་། །རྒྱུད་སྡེ་རེ་རེ་ལས་ཀྱང་བརྗོད་མེད་པའི། །རྗོད་རྒྱུ་མེད་ཆོས་ཡང་དག་རབ་དུ་འབྱུང་། །ཆོས་རྣམས་རེ་རེ་ལས་ཀྱང་བརྗོད་མེད་པའི། །ཤིན་ཏུ་བསྟན་པ་རྗོད་དུ་མེད་པ་འབྱུང་། །བསྟན་པ་རེ་རེ་ལས་ཀྱང་བརྗོད་མེད་པའི། །རྟོགས་པར་ཤེས་པ་བརྗོད་དུ་མེད་པ་འབྱུང་། །རྟོགས་པར་ཤེས་པ་རེ་རེ་བརྗོད་མེད་པའི། །སེམས་ཅན་བརྗོད་དུ་མེད་པ་རྣམས་པར་འདུལ། །ཚུལ་འཐུན་ཆོས་ཀྱང་བརྗོད་དུ་མེད་པ་སྟེ། །ཚུལ་འཐུན་སེམས་ཀྱང་བརྗོད་དུ་མེད་པ་འབྱུང་། །མི་འཐུན་སེམས་ཀྱང་བརྗོད་དུ་མེད་པ་སྟེ། །མི་མཐུན་སེམས་ཀྱང་དེ་བཞིན་བརྗོད་དུ་མེད། །དབང་པོ་མི་འཐུན་བརྗོད་དུ་མེད་པ་སྟེ། །ཚིག་གི་རྣམ་པ་མི་འཐུན་བརྗོད་དུ་མེད། །དེ་དག་བརྗོད་དུ་མེད་པ་རྣམ་པར་འདུལ། །སྐད་ཅིག་རེ་རེ་སྤྱོད་ཡུལ་གྱུར་པ་ལ། །བརྗོད་དུ་མེད་པའི་རྣམ་པར་འཕྲུལ་པ་སྟོན། །དེ་བས་དེ་དག་བརྗོད་དུ་མེད་པ་ཡིན། །དེ་ལ་དུས་ཀྱང་བརྗོད་དུ་མེད་པ་སྟེ། །བསྐལ་པ་ཐ་དད་བརྗོད་དུ་མེད་པ་འབྱུང་། །བསྟན་པ་དེ་དག་བརྗོད་དུ་མེད་པ་འཇུག །གྲངས་ཀྱི་ཚུལ་གྱིས་དེ་དག་བརྗོད་དུ་མེད། །སྐྲ་རྩེ་གཅིག་ལ་བརྗོད་དུ་མེད་པ་ཡི། །ཡངས་དང་དོག་པ་རྣམ་པ་མང་པོ་གནས། །དག་དང་ཉོན་མོངས་བརྗོད་དུ་མེད་པ་སྟེ། །རྒྱ་མཚོ་ཕྲ་བ་དེ་བཞིན་བརྗོད་དུ་མེད། །ཞིང་ཅིག་ལ་ཡང་བརྗོད་དུ་མེད་པའི། །བྱེ་བྲག་རྣམ་པར་འཕྲ་བས་ཞིང་མོ་འཐུན། །ཚད་དང་གྲངས་སུ་དེ་དག་བརྗོད་དུ་མེད། །སྐྲ་རྩེ་རེ་རེ་ལ་

(༢༠༧)ཡང་དག་གཞོལ། །སངས་རྒྱས་ཞིང་རྣམས་བརྗོད་དུ་མེད་ན་གནས། །སྐྲ་རྩེ་གཅིག་དུ་previous hit དགོངས་པར་མི་འགྱུར་ཏེ། །དེ་ན་གནོད་པའི་རྣམ་ next hit་གཅིག་མེད་པར། །བརྗོད་དུ་མེད་པ་ཡང་དག་རབ་ཏུ་གཞོལ། །ཞིང་རྣམས་དེ་དག་འདྲེ་བར་མི་འགྱུར་ཏེ། །འདྲེ་བའི་ཉེས་པ་དེ་དག་ཀུན་ལ་མེད། །ཅིག་ཀྱང་བརྗོད་མེད་ཤིན་ཏུ་ཡངས་པ་སྟེ། །ཞིང་གཅིག་ཇི་བཞིན་དེ་བཞིན་ཐམས་ཅད་ཞིང་། །སྐྲ་རྩེ་གཅིག་གཟུང་བརྗོད་དུ་མེད་པ་ཡི། །མཁས་པའི་འཁའ་དབྱིངས་གཞལ་དུ་རུང་སྲིད་ཀྱིས། །སྐྲ་རྩེ་གཅིག་གི་ཞིང་རྣམས་མང་པོ་དག །ཤིན་ཏུ་བསྟན་པས་བརྗོད་དུ་མེད་པ་ཡིན། །སྐྲ་རྩེ་གཅིག་དུའང་དེ་བཞིན་སྐྲ་འཇུག་སྟེ། །བརྗོད་དུ་མེད་པ་གཅིག་ནས་གཅིག་རྒྱུད་པའི། །སྐྲ་བཟུང་ན་ཡང་བརྗོད་དུ་མེད་པ་སྟེ། །སྐྲ་རྩེ་དེ་དག་མཐར་ཐུག་གང་ཡང་མེད། །བསྐལ་པ་གཅིག་ནས་གཅིག་དུ་རྒྱུད་པ་ཡི། །ཡུང་རིངས་བརྗོད་དུ་མེད་པ་བཟུང་བྱས་ཤིང་། །ཚུལ་འདིར་བརྗོད་དུ་མེད་པ་འཇུག་པ་བྱེད། །སྐལ་པ་ཀུན་ཀྱང་དེ་བཞིན་བརྗོད་དུ་མེད། །མཐའ་དང་དབུས་མེད་དེ་བཞིན་ཚུལ་འདི་བཟུང་བྱས་ཤིང་། །བསྟན་པ་བརྗོད་དུ་མེད་པའི་སྤྱོད་ཡུལ་གྱིས། །དེ་དག་བརྗོད་དུ་མེད་པར་རབ་ཏུ་འཇུག །བརྗོད་དུ་མེད་པའི་འཇུག་ཚུལ་འདི་ཡིན་ནོ། །ཡིད་ཀྱི་དབང་པོ་བརྗོད་དུ་མེད་པ་དང་། །རྣམ་པར་གནོན་པ་བརྗོད་དུ་མེད་པ་དང་། །རྣམ་པར་འཕྲུལ་པ་བརྗོད་དུ་མེད་པ་ཡིས། །ཕྱོགས་རྣམས་བརྗོད་དུ་མེད་པ་ཀུན་ཏུ་འགྲི། །དེ་དག་སེམས་ཀྱང་བརྗོད་དུ་མེད་

(༢༠༨)པ་སྟེ། །རྒྱ་ཆེན་ཡངས་པ་བརྗོད་དུ་མེད་པ་ན། །དེ་དག་དམིགས་པ་བརྗོད་དུ་མེད་པ་ན། །དེ་ནི་རྗོད་མེད་ཀུན་གྱི་འཐར་ཕྱིན་བྱེད། །དེ་བཞིན་ལུས་ཀྱི་ལས་ཀྱང་བརྗོད་མེད་དེ། །ངག་གི་ལས་ཀྱང་བརྗོད་དུ་མེད་པ་ཡིན། །དེ་བཞིན་སེམས་ཀྱང་བརྗོད་དུ་མེད་པ་འབྱུང་། །མོས་པ་དག་པ་དག་ཀྱང་བརྗོད་དུ་མེད། །དེ་དག་རྣམ་ཤེས་དག་པ་བརྗོད་དུ་མེད། །བརྗོད་དུ་མེད་པའི་ཚུལ་རྣམས་ཡོངས་སུ་གནོན། །ཐེ་ཚོམ་བརྗོད་དུ་མེད་པ་རབ་དུ་གཅོད། །དེ་དག་འབྱུང་པ་བརྗོད་དུ་མེད་པ་དང་། །ཡོངས་སུ་གནོད་པ་བརྗོད་དུ་མེད་པ་ཡིས། །དེ་དག་ཏིང་འཛིན་བརྗོད་དུ་མེད་པ་སྟེ། །དེས་ནི་རྗོད་མེད་ཐམས་ཅད་ལྟ་བར་བྱེད། །སེམས་ཅན་ཐམས་ཅད་བརྗོད་དུ་མེད་པ་སྟེ། །ཞིང་རྣམས་ཀུན་ཀྱང་བརྗོད་དུ་མེད་པའོ། །སེམས་ཅན་ཀུན་རྣམས་བརྗོད་དུ་མེད་པ་སྟེ། །དེ་དག་བསམ་པ་བརྗོད་དུ་མེད་པ་ཡིན། །དེ་དག་ལས་ཀྱི་རྣམ་སྨིན་བརྗོད་མེད་དེ། །དེ་དག་མོས་པ་དེ་དག་བརྗོད་དུ་མེད། །ཁམས་ཀྱི་རྣམ་པ་ཐ་དད་བརྗོད་དུ་མེད། །དེ་དག་བྱེ་བྲག་ཁྱད་པར་བརྗོད་དུ་མེད། །དེ་དག་ལུས་མང་བརྗོད་དུ་མེད་པ་སྟེ། །གང་དུ་འབྱུང་བ་དེ་དག་བརྗོད་དུ་མེད། །ཇི་ལྟར་འབྱུང་བ་རྗོད་དུ་མེད་པ་སྟེ། །འདི་ལས་འབྱུང་བ་རྗོད་དུ་མེད་པ་ཡིན། །ཡང་དག་འཇུག་པ་བརྗོད་དུ་མེད་པ་ཤེས། །དེ་དག་ཚུལ་གྱི་ལམ་ཡང་བརྗོད་དུ་མེད། །དེ་དག་རབ་དུ་སྟོན་པའང་བརྗོད་དུ་མེད། །དུས་རྣམས་བརྗོད་དུ་མེད་པ་ཤིན་ཏུ་འབྱུང་། །བདག་ཉིད་ཆེ་བ་

(༢༠༩)འདི་འདྲའི་སྙིང་པོ་ཅན། །བརྗོད་དུ་མེད་པ་འཇིག་རྟེན་དག་ན་རྒྱུ། །དེ་དག་ལུས་རྣམས་བརྗོད་དུ་མེད་པ་ཡིས། །བརྗོད་དུ་མེད་པ་རྣམས་ལ་ཡང་དག་འཇུག །སེམས་ཅན་གཙོ་བོ་བརྗོད་དུ་མེད་པ་རྣམས། །མཐོང་ཞིང་ཤེས་རབ་བརྗོད་དུ་མེད་པ་ཡིས། །ཆོས་རྣམས་བརྗོད་དུ་མེད་པ་ཞི་བར་བྱེད། །སངས་རྒྱས་དེ་དག་བརྗོད་དུ་མེད་པ་སྟོན། །དེ་དག་ལུས་རྣམས་བརྗོད་དུ་མེད་པ་ཡིས། །དེ་ནས་ཞིང་རྣམས་བརྗོད་དུ་མེད་པར་འདོད། །རྣམ་པར་འཕྲུལ་པ་བརྗོད་དུ་མེད་པ་ཡིས། །ཞིང་རྣམས་བརྗོད་དུ་མེད་པ་ཀུན་དུ་འདོད། །དེ་དག་ལུས་རྣམས་བརྗོད་དུ་མེད་པ་ཡིས། །སྐྱེས་བུ་ལུས་མཆོག་བརྗོད་དུ་མེད་པ་ལས། །རྣམ་པ་ཐ་དད་བརྗོད་དུ་མེད་པ་ཡིས། །མཆོད་པ་བརྗོད་དུ་མེད་པ་རབ་ཏུ་བྱེད། །རིན་ཆེན་དག་པ་བརྗོད་དུ་མེད་པ་དང་། །མེ་ཏོག་སྣ་ཚོགས་དེ་བཞིན་བརྗོད་མེད་དང་། །སྤོས་དང་འཕྲེང་མཆོག་བརྗོད་དུ་མེད་པའོ། །རྒྱལ་བ་བརྗོད་དུ་མེད་པ་སྙེན་བཀུར་བྱེད། །དེ་དག་དགའ་བ་བརྗོད་དུ་མེད་པ་སྟེ། །མོས་པ་དག་པའང་བརྗོད་དུ་མེད་པ་ཡིན། །བསམ་པ་དེ་བཞིན་བརྗོད་དུ་མེད་པ་ཡིས། །སངས་རྒྱས་བརྗོད་དུ་མེད་ལ་ཕྱག་ཀྱང་འཚལ། །སྦྱིན་ཞིང་སྟོང་བ་བརྗོད་དུ་མེད་པ་སྟེ། །མི་དམིགས་སེམས་ཀྱང་དེ་བཞིན་བརྗོད་དུ་མེད། །ཡོངས་སུ་སྟོང་པ་བརྗོད་དུ་མེད་པ་སྟེ། །ཐམས་ཅད་སྟོང་པ་དེ་བཞིན་བརྗོད་དུ་མེད། །ཚུལ་ཁྲིམ་རྣམ་པར་དག་པ་བརྗོད་དུ་མེད། །ཡིད་གསལ་དང་པོ་དེ་བཞིན་

(༢༡༠)བརྗོད་དུ་མེད། །རྒྱལ་བ་བསྔགས་ཤིང་བསྟོད་པ་བརྗོད་མེད་དེ། །ཞི་བའི་ས་ཡང་དེ་བཞིན་བརྗོད་དུ་མེད། །དེ་དག་བཟོད་པ་བརྗོད་དུ་མེད་པ་སྟེ། །མི་སྐྱེ་བའི་ཆོས་ཀྱང་དེ་བཞིན་བརྗོད་དུ་མེད། །རབ་ཏུ་ཞི་བ་རྗོད་དུ་མེད་དང་ལྡན། །ཞི་བའི་ས་ཡང་དེ་བཞིན་བརྗོད་དུ་མེད། །བརྩོན་གྲུས་ཕུང་པོ་བརྗོད་དུ་མེད་པ་སྟེ། །ཞུམ་མེད་སེམས་ཀྱང་བརྗོད་དུ་མེད་པ་ཡིན། །ཕྱིར་མི་ཟློག་པའང་བརྗོད་དུ་མེད་པ་སྟེ། །མི་འགུལ་སེམས་ཀྱང་བརྗོད་དུ་མེད་པའི། །བསམ་གཏན་མཛད་ནི་བརྗོད་དུ་མེད་པ་སྟེ། །རྟོགས་པར་ཞོག་ཅེས་དེ་བཞིན་བརྗོད་དུ་མེད། །བསམ་གཏན་བཞི་ཡིད་བརྗོད་དུ་མེད་པ་སྟེ། །རྗོད་དུ་མེད་པའི་བསམ་གཏན་རབ་ཏུ་ཤེས། །དེ་དག་ཤེས་རབ་བརྗོད་དུ་མེད་ལ་བཞུགས། །དེ་བས་ཏིང་ངེ་འཛིན་བརྗོད་དུ་མེད་པ་སྟེ། །རབ་ཏུ་དབེན་ཆོས་བརྗོད་དུ་མེད་དང་ལྡན། །སངས་རྒྱས་བརྗོད་དུ་མེད་ལ་མངོན་པར་འཇུག །དཔྱོད་པའི་སྒོ་ནི་བརྗོད་དུ་མེད་པ་སྟེ། །དེ་དག་སྨོན་ལམ་བརྗོད་དུ་མེད་པ་ཡིན། །དེ་དག་སྤྱོད་ཡུལ་བརྗོད་དུ་མེད་པས་ན། །ཆོས་རྣམས་སྣ་ཚོགས་བརྗོད་དུ་མེད་པ་ཡིན། །དེ་དག་ཆོས་སྟོན་བརྗོད་དུ་མེད་པ་སྟེ། །ཆོས་ལ་གནས་པའང་བརྗོད་དུ་མེད་པ་ཡིན། །དེ་དག་ཆོས་ཀྱི་དྲན་པ་བརྗོད་དུ་མེད། །དེ་དག་ཆོས་ཀྱི་དབྱིངས་ཀྱང་བརྗོད་དུ་མེད། །དེ་དག་ཡེ་ཤེས་བརྗོད་དུ་མེད་དང་ལྡན། །ཡེ་ཤེས་བརྗོད་དུ་མེད་ལ་ཤིན་དུ་བསླབས། །དེ་དག་བརྗོད་མེད་ཡེ་ཤེས་འཐར་ཡང་བཏུགས། །དེ་དག་ཆོས་ཀྱི་འཁོར་ལོ་བརྗོད་དུ་མེད། །དེ་དག་ཆོས་ཀྱི་

(༢༡༡)ཆར་འབེབས་བརྗོད་དུ་མེད། །དེ་དག་ཆོས་ཀྱི་ཡེ་ཤེས་བརྗོད་དུ་མེད། །དེ་དག་ཆོས་ཀྱི་སྤྲིན་ཡང་བརྗོད་དུ་མེད། །དེ་དག་རྫུ་འཕྲུལ་རྣམ་པ་བརྗོད་མེད་དེ། །ཆོས་དབྱིངས་བརྗོད་དུ་མེད་པ་ཁོང་དུ་ཆུད། །དངོས་མེད་ཡེ་ཤེས་བརྗོད་དུ་མེད་པ་སྟེ། །སེམས་ཀྱི་སྐད་ཅིག་དེ་དག་བརྗོད་དུ་མེད། །རྗོད་མེད་ཚད་དུ་རྣམ་པ་ཐ་དད་པ། །སྐད་ཅིག་སེམས་ཀྱིས་བརྗོད་དུ་མེད་པ་ཤེས། །ཞིང་རྣམས་རྒྱ་མཚོ་བརྗོད་དུ་མེད་པ་སྟེ། །བསྟན་པ་དེ་དག་བརྗོད་དུ་མེད་པ་གནོན། །ཞིང་རྣམས་བྱེ་བར་བརྗོད་དུ་མེད་པ་སྟེ། །རྒྱན་ཀྱང་དེ་བཞིན་བརྗོད་དུ་མེད་པ་ཡིན། །གཟུགས་དང་དབྱིབས་ཀྱང་བརྗོད་དུ་མེད་པ་སྟེ། །ཁ་དོག་མདོག་ཀྱང་དེ་བཞིན་བརྗོད་དུ་མེད། །ཁྱད་པར་སྣ་ཚོགས་བརྗོད་དུ་མེད་པ་སྟེ། །རྣམ་པ་ཐ་དད་དེ་བཞིན་བརྗོད་དུ་མེད། །བདག་དང་ཉོན་མོངས་བརྗོད་དུ་མེད་པ་སྟེ། །རྣམ་པ་མི་མཐུན་ཡེ་ཤེས་བརྗོད་དུ་མེད། །སེམས་ཅན་བརྗོད་དུ་མེད་པར་རབ་དུ་ཤེས། །སེམས་ཅན་ཁམས་ཀྱང་བརྗོད་དུ་མེད་པ་སྟེ། །དེ་དག་ལས་ཀྱང་དེ་བཞིན་བརྗོད་དུ་མེད། །སེམས་ཅན་དེ་དག་སྤྱོད་པ་བརྗོད་དུ་མེད། །དབང་པོ་དག་ཀྱང་བརྗོད་དུ་མེད་པ་སྟེ། །དེ་དག་སེམས་ཀྱང་བརྗོད་དུ་མེད་པ་ཡིན། །ཁམས་ཀྱི་རྣམ་པ་དེ་དག་བརྗོད་དུ་མེད། །དེ་དག་མོས་པའང་དེ་བཞིན་བརྗོད་དུ་མེད། །དེ་དག་རྣམ་པར་སྤྱོད་པ་བརྗོད་མེད་དེ། །ཀུན་ནས་ཉོན་མོངས་དེ་བཞིན་བརྗོད་དུ་མེད། །རྣམ་པར་བྱང་པའང་བརྗོད་དུ་མེད་པ་སྟེ། །འདུལ་བ་དེ་བཞིན་བརྗོད་དུ་མེད་པ་འབྱུང་། །ལུས་ཀྱི་རྣམ་པ་བརྗོད་དུ་མེད་པ་དག །

(༢༡༢)བརྗོད་དུ་མེད་པ་མངོན་པར་སྤྲུལ་བྱས་ཤིང་། །བསྟན་པ་བརྗོད་དུ་མེད་པའི་ནན་ཏན་བྱེད། །སེམས་ཅན་བརྗོད་དུ་མེད་པ་ཡོངས་སུ་གྲོལ། །དེ་དག་རྣམ་པར་གྲོལ་བ་བརྗོད་དུ་མེད། །འོད་རྣམས་བརྗོད་དུ་མེད་པ་རབ་དུ་འགྱེད། །ཁ་དོག་སྣ་ཚོགས་དེ་བཞིན་བརྗོད་དུ་མེད། །སེམས་ཅན་བརྗོད་དུ་མེད་པ་རྣམ་པར་སྦྱོང་། །འོད་ཟེར་དྲ་བ་དེ་བཞིན་བརྗོད་དུ་མེད། །བ་སྤུ་རེ་རེ་ནས་ཀྱང་བརྗོད་དུ་མེད་པའི། །བརྗོད་དུ་མེད་པ་མང་པོ་རབ་དུ་འབྱུང་། །ཞིང་རྣམས་བརྗོད་དུ་མེད་པ་རྣམ་པར་སྣང་། །ཡོངས་སུ་གནོན་པ་རྗོད་དུ་མེད་པ་དང་། །དེ་བཞིན་འབྱུང་བ་བརྗོད་དུ་མེད་པ་དང་། །རྣམ་པར་གནོན་པ་བརྗོད་དུ་མེད་པ་ཡིས། །འཇིག་རྟེན་བརྗོད་དུ་མེད་པ་རྣམ་པར་འདུལ། །དེ་ལས་ལུས་ཀྱི་ལས་ཀྱང་བརྗོད་དུ་མེད། །རྣམ་དག་ཚིག་ཀྱང་བརྗོད་དུ་དེ་བཞིན་མེད། །མཐའ་ཡས་ཡིད་ཀྱང་དེ་བཞིན་བརྗོད་དུ་མེད། །སྤྱོད་པའི་ཁྱད་པར་དེ་བཞིན་བརྗོད་དུ་མེད། །ཡེ་ཤེས་རྒྱུད་ཀྱང་བརྗོད་དུ་མེད་པ་སྟེ། །ཁམས་གསུམ་བརྗོད་དུ་མེད་པ་ཁོང་དུ་ཆུད། །བསྟན་པ་བཟུང་རྣམས་བརྗོད་དུ་མེད་པ་ལ། །ཤིན་དུ་བརླབ་པ་བརྗོད་དུ་མེད་པ་ཡིན། །སྒྲ་དབྱངས་བརྗོད་དུ་མེད་པ་ཤེས་པ་སྟེ། །རྣམ་དག་དབྱིངས་ཀྱང་བརྗོད་དུ་མེད་པ་ཡིན། །དེ་དག་འདྲེན་པ་དྲན་པ་བརྗོད་དུ་མེད། །འགྲོ་བ་བརྗོད་དུ་མེད་པ་ཤེས་པར་བྱེད། །དེ་དག་སྤྱོད་ལམ་བརྗོད་དུ་མེད་པ་སྟེ། །ནན་ཏན་སྣང་བ་དེ་བཞིན་བརྗོད་དུ་མེད། །བག་ཚ་མེད་པ་བརྗོད་དུ་མེད་པ་སྟེ། །འཇིག་རྟེན་བརྗོད་དུ་མེད་པ་རབ་དུ་འདུལ། །དེ་བཞིན་གཤེགས་གཉིས་བརྗོད་དུ་མེད་པ་སྟེ། །རྣམ་དག་སྤྱོད་པ་བརྗོད་དུ་མེད་པ་

(༢༡༣)སྟེ། །དེ་དག་ཡོན་ཏན་ལེགས་པ་བརྗོད་དུ་མེད། །དེ་དག་ཟད་པ་མེད་ཀྱང་བརྗོད་དུ་མེད། །འཇིག་རྟེན་མགོན་པོ་བརྗོད་དུ་མེད་པ་རྣམས། །ཡོན་ཏན་ལེགས་པ་བརྗོད་དུ་མེད་གསུང་རྫོགས་པའི་བྱང་ཆུབ་སེམས་དཔའ་བརྗོད་དུ་མེད། །ཡོན་ཏན་རྣམ་དག་དེ་ཡང་བརྗོད་དུ་མེད། །བསྟན་པ་གང་ལ་གནས་པ་བརྗོད་དུ་མེད། །གང་གནས་ཡེ་ཤེས་དེ་ཡང་བརྗོད་དུ་མེད། །བསྐལ་པ་ཅི་སྙེད་ཟད་གྱུར་བརྗོད་དུ་མེད། །སངས་རྒྱས་ཤེས་བྱེད་ཡིད་འོང་བརྗོད་དུ་མེད། །ཡང་དག་འཇུག་པའི་ཡེ་ཤེས་བརྗོད་དུ་མེད། །དེ་དག་བརྗོད་དུ་མེད་པའི་ཆོས་ལ་འཇུག །དེ་དག་ཆགས་པ་མེད་པའང་བརྗོད་དུ་མེད། །དུས་གསུམ་བསམ་པ་བརྗོད་དུ་མེད་པ་སྟེ། །དེ་ལ་ཚད་བཟུང་བརྗོད་དུ་མེད་པ་ཡིན། །འབྱུང་བའི་ཡེ་ཤེས་བརྗོད་དུ་མེད་པ་སྟེ། །མི་གནས་གནས་ཡང་བརྗོད་དུ་མེད་པའི། །དེ་དག་སྤྱོད་པའི་སྟོབས་ཀྱང་བརྗོད་དུ་མེད། །དེ་དག་བརྗོད་དུ་མེད་པར་སྒོམ་བྱས་ནས། །སྐད་ཅིག་ཅིག་དུ་བརྗོད་མེད་མངོན་སངས་རྒྱས། །དེ་དག་བརྗོད་དུ་མེད་པའི་རྣམ་འཕྲུལ་བ། །དེ་དག་སྟོན་པའང་བརྗོད་དུ་མེད་པ་སྟེ། །འཇིག་རྟེན་ཕན་འདོགས་བརྗོད་དུ་མེད་པར་བྱེད། །བསྐལ་པ་བརྗོད་དུ་མེད་པ་ཐམས་ཅད་ཀྱང་། །ཟད་པར་འགྱུར་གྱིས་ཡོན་ཏན་བརྗོད་དུ་མེད། །ཡོན་ཏན་ལེགས་པ་བརྗོད་དུ་མེད་པ་བས། །ཟད་པར་མི་ནུས་དེ་བཞིན་བརྗོད་དུ་མེད། །དེ་དག་མགོ་པོ་བརྗོད་དུ་མེད་པ་ལས། །ཚོགས་དང་དབང་པོ་བརྗོད་དུ་མེད་པ་ཡིས། །སྐལ་པ་བརྗོད་དུ་མེད་པར་བསྟོད་བྱས་ཀྱང་། །དེ་བཞིན་གཤེགས་པའི་ཡོན་ཏན་མཐར་ཐུག་མེད། །ཕྱོགས་བཅུའི་སེམས་ཅན་ཇི་སྙེད་ཡོད་པ་རྣམས། །

(༢༡༤)མ་ལུས་ཐམས་ཅད་བདེ་བར་གཤེགས་འགྱུར་ཏེ། །སངས་རྒྱས་གཅིག་བཞིན་སངས་རྒྱས་ཐམས་ཅད་དེ་དང་སྐུ་གཅིག་ཅི་བཞིན་དེ་དག་ཐམས་ཅད་སྐུ། །དབུ་གཅིག་ཅི་བཞིན་དེ་དག་ཐམས་ཅད་དབུ། །ལྗགས་གཅིག་ཅིག་སྟེ་དེ་དག་ཐམས་ཅད་ལྗགས། །དབྱངས་ཀྱི་ཡན་ལག་ལྡན་པས་ལེགས་བརྗོད་ཀྱང་། །བསྐལ་པ་རྣམ་པ་སྣ་ཚོགས་མཐའ་ཡས་པའི། །སྐལ་པའི་མཐའ་ཡས་འཐར་ཐུག་ཟད་པར་འགྱུར། །ལེགས་པ་ཆགས་མེད་མཐར་ཐུག་མི་འགྱུར་རོ། །རྡུལ་རྩེ་གཅིག་ལ་བརྗོད་དུ་མེད་པ་ཡི། །པད་མོའི་དཔལ་ཞེས་བྱ་བ་བརྗོད་མེད་པ། །དེ་བཞིན་གཤེགས་པ་བཟང་པོ་ཞེས་བྱ་བའི། །ཞིང་རྣམས་རྗོད་དུ་མེད་ལ་རབ་ཏུ་འཇུག །རྡུལ་རྩེ་གཅིག་ལ་ཇི་སྙེད་ཡོད་པའིམི། །ཆོས་ཀྱི་དབྱིངས་རྣམས་ཐམས་ཅད་མ་ལུས་པར། །རྡུལ་གྱི་ཞིང་རྣམས་བརྗོད་དུ་མེད་པ་ན། །འབྱུང་བར་འགྱུར་ཞིང་གཞན་ཡང་འཇིག་པར་འགྱུར། །རྡུལ་གཅིག་རྩེ་ལ་མཐའ་དང་དབུས་མེད་པའི། །ཞིང་རྣམས་དུ་མར་བསྟན་པ་ཡང་དག་འཇུག །ཕྱོགས་རྣམས་རྣམ་པར་དབྱེ་བ་བརྗོད་དུ་མེད། །ཞིང་རྣམས་རྒྱ་མཚོ་དེ་བཞིན་བརྗོད་དུ་མེད། །ཆོས་དབྱིངས་རབ་འབྱམས་མཐའ་ཡས་ལ། །ཀུན་གཞི་ཀུན་ཁྱབ་འགྱུར་བ་མེད། །མ་རིག་ཁམས་གསུམ་འབྱུང་བའི་གནས། །བརྗོད་མེད་ཀུན་རིག་དེ་རྟོགས་པས། །རྗོད་མེད་རྣམ་སྣང་རྒྱལ་པོ་སྟེ། །རིགས་ལྔ་ཡུམ་ལྔ་བརྗོད་མེད་རྫོགས། །སེམས་དཔའ་སེམས་མ་བརྗོད་མེད་དཀྱིལ་འཁོར་རྫོགས། །སྣམ་སྣང་མངོན་པར་བྱང་ཆུབ་ལྔ། །བསྟན་པ་སྟོན་པ་བརྗོད་མེད་རྫོགས། །ཆོས་སྐུ་དྲི་མེད་ས་ར་ཧ། །ནཱ་རོ་བརྒྱུད་པའི་བྱིན་བརླབས་ཀྱིས། །རྗོད་མེད་ཀུན་གཞི་ཀུན་མཁྱེན་

(༢༡༥)རྟོགས། །སྔགས་འཆང་རང་བྱུང་རྡོ་རྗེ་ཡིས། །རང་སར་བརྗོད་མེད་ཀུན་རིག་པས། །ཡོ་གའི་སྒྲ་དོན་རང་ལ་རྫོགས། །ཡོ་གའི་སྟོན་པ་བསྟན་པ་ཕུན་སུམ་ཚོགས་པ་ལས། །གཞན་པ་ན་ཕྱི་རྒྱུད་གསུམ་གཏན་ལ་འབེབས་ཤིང་། །རང་གི་ས་ན་ཀུན་གཞི་ཀུན་མཁྱེན། །སྣང་བསྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད། ཀུན་རིག་རྒྱལ་པོར་ངོ་སྤྲོད་པའི་བར་སྐབས་ལགས་སོ། །དེའི་ཕྱིར་ན། རྣམ་པར་སྣང་མཛད་ཀྱི་སྐུ་བཞིའི་ཆ་གཅིག་ཀུན་རིག་པའི་ཕྱིར་ན། སྐུའི་རྣམ་པར་སྣང་བ་མཛད། སྐུའི་རིགས་ལྔའི་གཞི་ལམ་འབྲས་བུ་འཐར་ཕྱིན་པའོ། །ཨེ་མ་སུམ་བཅུ་རྩ་བདུན་གྱི་དཀྱིལ་འཁོར་གྲངས་ཅན་དང་གྲངས་མེད་སྐར་མའི་ཚོགས་དང་རྡུལ་གྱི་ཚོགས་ལྟ་བུ། གདུལ་བྱ་རབ་འབྲིང་ཐ་མའི་སྣང་བ་ལང་ཕྱོགས་མེད་དུ་རང་སྣང་དང་། འཐུན་པར་སྟོན་པར་མཛད་པ་སྟེ། གཙོ་བོ་རྣམ་པར་སྣང་མཛད་ཀྱིས་སྟོན་པ་བསྟན་པ་གང་ཡང་མ་གསུངས་ཀྱང་། རྣམ་འཕྲུལ་ཀུན་བཟངས་རྒྱལ་པོ་ཡིས། ཡོ་གའི་བསྟན་པ་ཕྱོགས་མེད་བསྟན། དེའི་ཕྱིར་ན།ཆེ་བ་རྣམ་པར་སྣང་མཛད་ཆེ། ཞེས་བྱ་བ་ཡང་སྐབས་འདིར་previous hit དགོངས་པའོ། །དེའི་ཕྱིར་ན། ཀུན་གཞི་རང་བཞིན་གྱི་མཉམས་ next hit་ལས། གཤིས་འགྱུར་བ་མེད་པ་དང་། ངོ་བོ་སྟོང་པ་རང་བཞིན་གསལ་བ། མཚན་ཉིད་འགག་པ་མེད་པ་བཞི་མ་རྟོགས་པ་ལས། ཉོན་མོངས་པ་དུག་བཞིར་འཁྲུལ་བ་སྟེ། གཅིག་ལས་གཅིག་འཁྲུལ་ནས། རིགས་དྲུག་གི་སྐྱེས་གནས་སུ། བསྐལ་པ་གྲངས་

(༢༡༦)མེད་པར། འཁྲུལ་པའི་དུས་སུ། སད་བྱེད་ཀྱི་རྒྱུ་དང་། སྒྲོལ་བྱེད་ཀྱི་རྐྱེན་གཉིས་འཛོམས་པ་སྟེ། སངས་རྒྱས་ལྔ་ཁྲི་ལྔ་སྟོང་ལས། །དང་པོར་འབྲེལ་བའི་སངས་རྒྱས་བཞིས་ཐུགས་རྗེས་བཟུང་ཞིང་། ཁྱིའུ་གྲ་ར་བ་ལྔས་ཀྱང་། མཉེས་པ་སྣ་ཚོགས་སྒྲུབས་ཤིང་། སངས་རྒྱས་ཀྱི་བསྟན་པ་ལ་འཇུག་ཅིང་། བྱང་ཆུབ་མཆོག་དུ་སེམས་སྐྱེད། ཐེག་པ་དྲུག་གི་ས་ལམ་རིམས་ཀྱི་བསྐལ་པ་གྲངས་མེད་མང་པོ་ལ་བསྒྲོད་ཅིང་། སངས་རྒྱས་ལྔ་ཁྲི་ལྔ་སྟོང་ཀྱང་། ཐེག་པ་གོང་ནས་གོང་དུ་རྫོགས་པར་མཛད་པའོ། །དེའི་ཕྱིར་ན། མ་དྲན་འཁོར་བ་གྲངས་མེད་པར་འཁྱམས་པའི་དུས་སུ། རིགས་དྲུག་གི་སྐྱེ་གནས་འདི་དང་འདིར་སྐྱེ་བ་མི་དྲན་པར་གཏི་མུག་བྱིང་ཞིང་འཐིབས་པའོ། །སངས་རྒྱས་རྣམས་ཀྱིས་ཐུགས་རྗེས་བཟུང་ཞིང་གྲུབ་མཐའ་ལ་ཞུགས་ཕྱིན་ཆོད་དུ། ཁྱིའུ་གྲ་བ་ལྔའི་ཕ་དང་མ་དང་། ཉེ་དུ་འབྲེལ་པ་རྣམས་དང་། རིམ་འགྲོ་པ་ལ་སོགས་པའི་མིང་རྣམས། ཨ་ནུ་ཡོ་ག་ལ་སོགས་ཐེག་པ་གོང་འོག་འགའ་ནས་གསུངས་པ་ཡང་། དེ་རྣམས་བཤད་པ་ལ་previous hit དགོངས next hit་ཡོད་པས། ང་མེད་པའི་ཕྱིར་ན་སྐབས་འདིར་མ་སྤྲོས་པའོ། །དེའི་ཕྱིར་ན། བསྐལ་པ་གྲངས་མེད་མང་པོར། རང་དོན་དང་གཞན་དོན་བསམ་གྱིས་མི་ཁྱབ་པ་བསྒྲུབས་ཤིང་ཐེགས་པ་དྲུག་གི་ས་ལམ་རྫོགས་ནས། ས་ལམ་རྫོགས་པར་བྱེད་པ་ལ་ཡང་ལམ་གསུམ་ཡིན་ཏེ། ཟག་བཅས་ཟག་མེད་ཟུང་འཇུག་གོ། །རིགས་སྔགས་གཟུངས་སྔགས་སུ་ལམ་བསྒྲོད་ཅིང་སྔགས་ཀྱི་སྡེ་ཚན་དུ་དབུགས་འབྱིན་པའོ། །དེའི་ཚེ་དེའི་དུས་ན་

(༢༡༧)བཤིས་འགྱུར་བ་མེད་པ་ཕྱོགས་མེད་དུ་རྟོགས་ཤིང་རྩལ་ཆེན་རྫོགས་ནས། རྡོ་རྗེ་སེམས་དཔའ་ཤར་ཕྱོགས་སུ་མངོན་པར་སངས་རྒྱས་པའོ། །རང་བཞིན་གསལ་བ་དབྱིངས་ཆེན་པོ་དེ་ཕྱོགས་མེད་དུ་རྟོགས་ཤིང་རྩལ་ཆེན་རྫོགས་པ་ལས། སྣང་བ་མཐའ་ཡས་བདེ་བ་ཅན་སངས་རྒྱས་པའོ། །ངོ་བོ་སྟོང་པའི་བཤིས་ཕྱོགས་མེད་དུ་རྟོགས་ཤིང་རྩལ་ཆེན་རྫོགས་པ་ལས། རིན་ཆེན་འབྱུང་ལྡན་ལྷོ་ཕྱོགས་རིན་ཆེན་སྤུངས་པའི་ཞིང་ཁམས་སུ་སངས་རྒྱས་པའོ། །མཚན་ཉིད་འགག་པ་མེད་པ་ཕྱོགས་མེད་དུ་རྟོགས་ཤིང་། རྩལ་ཆེན་རྫོགས་པ་ལས། བྱང་འཕྲིན་ལས་གྲུབ་པའི་ཞིང་ཁམས་སུ་ཕྲིན་ལས་ཐམས་ཅད་རྫོགས་པ་དོན་ཡོད་གྲུབ་པར་སངས་རྒྱས་པའོ། །དེའི་ཕྱིར་ན། གཤིས་རེ་རེ་ལ་ཡང་ལྔ་ལྔར་གནས་པ་ལས་མ་རྟོགས་ནས་འཁྲུལ་པའི་དུས་སུ་དུམ་ལྔ་ཡང་ཉི་ཤུ་རྩ་ལྔ་ཡིན་ལ། སངས་རྒྱས་པའི་དུས་རེ་རེ་ལ་ཡང་ལྔ་ལྔ་སྟེ། རིགས་ལྔ་ཉི་ཤུ་རྩ་ལྔར་སངས་རྒྱས་པའོ། །དེའི་ཕྱིར་ན། དཀྱིལ་འཁོར་དབུས་འགྱུར་མཐའ་མི་འགྱུར། བྱ་བ་ཡིན་པའི་ཕྱིར་ན། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གང་གི་རིགས་ཡིན་པ། དེ་དང་མཐུན་པར། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཡང་ལྔ་འབྱུང་བ་སྟེ། གདུལ་བྱའི་སྣང་བ་ལས། གཙོ་བོ་འཁོར་སྣ་ཚོགས་འགྱུར་བ་ཡིན། དེའི་ཕྱིར་ན། གྲངས་མེད་ཀྱི་དཀྱིལ་འཁོར་རྒྱས་བསྡུས་སྣ་ཚོགས་སུ་འབྱུང་བའི་ཕྱིར་ན། མཐའ་དང་དབུས་མེད་previous hit ་རྡོ་རྗེ་དབྱིངས་བྱ་བའི་དོན་ཡང་འདི་ལ་དགོངས next hit་པའོ། །བཤིས་ལྔ་ལས་དང་པོ་ཡང་གཙོ་ཆེར་གང་གཏོགས་ཤིང་། བཞི་པོ་རིམས། བཞིན་རྟོགས་ཤིང་རྩ་

(༢༡༨)རྫོགས་དེའི་དབང་གིས་རིགས་རེ་རེར་འབྱུང་བ་ཡིན། བཤིས་འགྱུར་བ་མེད་པ། དང་པོར་རྟོགས་ནས། གཞན་པ་གཞི་རིམས་ཀྱི་རྟོགས་པ་ལས། རྡོ་རྗེ་སེམས་དཔའ་རང་བཞིན་གསལ་བ་ཐོག་མར་རྟོགས་ཤིང་བཞི་པོ་རིམ་གྱིས་རྟོགས་པ་ནི་སྣང་བ་མཐའ་ཡས། ངོ་བོ་སྟོང་པ་དང་པོར་རྟོགས་ཤིང་བཞི་པོ་རིམས་ཀྱི་རྟོགས་པ་ནི་རིན་ཆེན་འབྱུང་ལྡན་མཚན་ཉིད་འགག་པ་མེད་པ་དང་པོ་རྟོགས་ཤིང་། བཞི་པོ་རིམས་ཀྱི་རྟོགས་ཤིང་རྩལ་ཆེན་རྫོགས་པ་ནི། དོན་ཡོད་གྲུབ་པའོ། །དེའི་ཕྱིར་ན། །ཀུན་གཞི་རྟོགས་ཚུལ་སྔ་ཕྱི་ལས་སོ་སོ་རིགས་ལྔ་ཁ་དོག་ལྔ། ཕྱག་རྒྱ་ཕྱག་མཚན་ལྔ། ཡུམ་ལྔ་གདན་ལྔ། རྒྱན་ལྔ་ཕྱོགས་ལྔ་ཡེ་ཤེས་ལྔ་ལ་སོགས་པ་ལྔ་ལྔ་ཉི་ཤུ་རྩ་ལྔའི་དཀྱིལ་འཁོར་མ་འདྲེས་པ་ལ་གསལ་བ་ནི། ས་ལམ་རིམས་ཀྱི་བསྒྲོད་པའི་རིགས་ལྔ་ཕྱི་རྒྱུད་གསུམ་གྱི་རིགས་ལྔ་གཙོ་འཁོར་ལོངས་སྤྱོད་རྫོགས་པའི་སྐུ་ཆུང་ངུའི་གཞི་ལམ་འབྲས་བུས་བསྟན་པའོ། །རྡོ་རྗེ་སེམས་དཔའ་ལ་སོགས་བཞིའི། གཞི་ལམ་སྨོན་ལམ་བཏབ་ཚུལ། སེམས་བསྐྱེད་ཚུལ་ལུགས་ས་ལམ་བསྒྲོད་ཚུལ་རྣམས་དང་། སོ་སོར། སངས་རྒྱས་པའི་ཞིང་ཁམས་རྒྱ་ཆེ་ཆུང་། ལ་སོགས་པ་དང་ཕྲིན་ལས་རྒྱ་ཆེ་ཆུང་ལ་སོགས་པ་རྣམས་ཐེག་པ་གོང་འོག་གི་མདོ་རྒྱུད་རྣམས་ནས་གསུང་ཞིང་འདུག་ཀྱང་། རྣམ་པར་སྣང་མཛད་ཀུན་རིག་རྒྱལ་པོའི་གཞི་ལམ་འབྲས་བུའི་ས་འདི་ཡིས། ཐམས་ཅད་གོ་ཞིང་ཤེས་ལ་ཚིག་མི་འཐུན་པ་རེ་རེར། མ་རྟོགས་པ་གཞན་པ་ཐམས་ཅད་མཐུན་ཡིན། དེའི་ཕྱིར་ན། རིགས་ལྔ་ཡང་། ས་ལམ་རིམ་གྱི་བསྒྲོད་པའི་

(༢༡༩)རིགས་ལྔ་དང་། ས་ལམ་བསྒྲོད་ཅིང་གཅིག་ཆར་དུ་རྟོགས་པའི་རིགས་ལྔ་གཅིག་ཡོད་པ་ལས་འདི་ས་ལམ་རིམས་ཀྱི་སྒྲོད་པའི་རིགས་ལྔ་ཕྱི་རྒྱུད་གསུམ་གྱི་དབང་སྐལ་ཡིན། ས་ལམ་མ་སྒྲོད་གཅིག་ཆར་དུ་སངས་རྒྱས་པའི་རིགས་ལྔ་ནི། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་ཡོན་ཏན་པ་སྟེ། ཐེག་པ་བདུན་ན་སྟོན་པའི་ཕྱིར་ན། འདིར་བཤད་པའི་དུས་ལ་མ་བབ། དེའི་ཕྱིར་ན། སྔགས་ཕྱི་ནང་གཉིས་བྱ་བ་དེ་འདིས་ས་མཚམས་འབྱེད་པ་ཡིན་པས། ཀྲྀ་ཡོག་གསུམ་གྱི་འདུལ་བ་མདོ་སྡེ་མངོན་པ་གསུམ། ང་ཆ་འཐུན་ཡིན་པའི་ཕྱིར་ན། མ་རིག་འཁྲུལ་པའི་དུས་སུ་ཡང་དུག་གསུམ་གྱི་ཁ་ན་ངར་རྒྱལ་ཕྲག་དོག་གཉིས་ཆ་འཐུན་དུ་ཡོད་པ་ཡིན། སངས་རྒྱས་པའི་དུས་སུ་ཡང་རིན་འབྱུང་དོན་གྲུབ་གཉིས་སྐུ་གསུང་ཐུགས་དང་ཆ་འཐུན་དུ་ཡོད་པ་ཡིན། རིགས་སྔགས་གཟུངས་སྔགས་ཀྲྀ་ཡོག་གི་བསྟན་པ་ཕུན་སུམ་ཚོགས་པ་རྣམས་ཀྱང་། སྐྱེད་རིམས་ཀྱི་གནས་གསུམ་དང་མཐུན་པ་སྟེ། བྱ་བའི་རྒྱུད་རྫུས་སྐྱེས་དང་འཐུན། སྤྱོད་པའི་རྒྱུད་སྒོང་སྐྱེས་དང་མཐུན། རྣལ་འབྱོར་གྱི་སྐྱེད་རིམས་དྲོད་བཤེགས་དང་འཐུན་པ་སྟེ། དེའི་ཕྱིར་ན། སྐད་ཅིག་དྲན་རྫོགས་དང་། ཆོ་ག་ཡན་ལག་གསུམ་དང་ལྡན་པའི་སྐྱེད་རིམས་དང་མངོན་པར་བྱང་ཆུབ་པ་ལྔ་དང་། སྐྱེད་རིམས་སྒོམ་ལུགས་གསུམ། དེ་ཕྱི་རྒྱུད་གསུམ་གྱི་དབང་སྐབས་ཡིན་པའི་ཕྱིར་ན། འོག་མ་གོང་མ་རྒལ་གོང་མ་ན་མ་བཅས་པའི་སྐྱེད་རིམ་སོ་སོར་ཤེས་སྐྱེད་པར་བྱའོ། །དེའི་ཕྱིར་ན། རྣལ་འབྱོར་བླ་ན་མེད་པའི་སྐྱེད་རིམས་ནི། མངལ་སྐྱེས་དང་ཆ་འཐུན་

(༢༢༠)པ་སྟེ། འོག་མ་འདི་གསུམ་གོང་མ་དང་སྦྱར་དོན་མེད་པའོ། །སྐབས་འདིར་འཆད་ཅིང་དབྱེ་བ་མ་ཡིན་ཏེ། ས་མཚམས་དབྱེ་བ་ལ་ལུས་དང་གྲིབ་མའི་ཚུལ་དུ་འོག་སྨོས་པའོ། །དེའི་ཕྱིར་ན། ཕྱི་རྒྱུད་གསུམ་གྱི་སྟོན་པ་ཕུན་སུམ་ཚོགས་པ། བསྟན་པ་ཕུན་སུམ་ཚོགས་པ། བསྟན་ཆོས་རྩིས་མགོ་རྣམ་པ་ལྔ་ཡིས་སྟོན་པ་རྣམས། བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་གཞི་ས་གཅོད་ཆེན་མོ་དང་། ཕུན་སུམ་ཚོགས་པ་རྒྱ་མཚོ་མཐའ་ཡས་ཀྱི་བཀའ་དང་། ཕྱི་རྒྱུད་སོ་སོར་འབྱེད་པ་ལས། རྒྱས་པར་བཤད་ཅིང་འབྲེལ་ཚུལ་མ་ནོར་བར་བྱའོ། །རྒྱུད་གཞུང་ས་གཅོད་ཡིག་སྣ་ལྟ་བུ་གཅིག་རྒྱབ་གཅིག་གིས་སྐྱོང་བའོ། །དེའི་ཕྱིར་ན། ཕྱི་རྒྱུད་གསུམ་གྱི་སྒྲ་དང་དོན་སོ་སོར་འབྱེད་པ་འོང་ཡང་། ཀུན་རིག་རྒྱལ་པོའི་དཀྱིལ་འཁོར་དུ། །མྱུར་དུ་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་དུ་སངས་རྒྱས་པའི་ཕྱིར། བཤད་ཅིང་གོ་བ་དང་སྒོམ་ཞིང་རྟོགས་པར་བྱའོ། །ན་རོ་རྒྱུད་པའི་བཞེད་དགོངས་ཀྱི། །ཆོས་ཅན་ཆོས་ཉིད་དཀྱིལ་འཁོར་དུ། །ཕྱི་ནང་གྲུབ་མཐའི་སྒྲ་དོན་རྣམས། །བརྗོད་མེད་མ་འདྲེས་སོ་སོར་རྟོགས། །རྟོགས་ལྡན་བྱ་བར་མིང་འདོགས་སོ། །སྒོམ་ཆེན་ཞེས་ཀྱང་མིང་ཙམ་འདོགས་པ་སྟེ། །མཚན་ཉིད་ལྡན་པའི་སྒོམ་ཆེན་བྱ་བ་མ་ལགས་སོ། །ཐེག་དྲུག་བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཕུང་པོ་འདི། གང་ན་བཞུགས་པ་དང་། འཆད་པ་དང་། བསྒོམ་པ་དང་། བྲི་བ་དང་། ཀླག་པ་དང་། །རྟོགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །རྒྱལ་བ་སྲས་དང་བཅས་པ་དང་། །ཞི་ཁྲོ་རིག་འཛིན་ལྷ་མོ་རྣམས། །བཀའ་ཉན་ལས་མཁན་ལྷ་སྲིན་སྡེ་བརྒྱད་ལ་སོགས་པ་རྣམས་ཀྱི་བསྲུངས་སྐྱོབས་དམ་པ་མཛད་

(༢༢༡)པ་དང་། །བར་ཆད་སྣ་ཚོགས་སེལ་ཞིང་། །ཕྲིན་ལས་རྣམ་བཞི་སྒྲུབ་པ་དང་། །བསྟན་པ་རྒྱ་མཚོ་མཐའ་ཡས་ནི། །སྟོང་གསུམ་རབ་འབྱམ་དུ་དར་ཞིང་རྒྱས་པ་དང་བསྟན་པ་ཡུན་དུ་གནས་པར་མཛོད་ཅིག །ཀུན་གཞི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། བདག་དང་སེམས་ཅན་ཐམས་ཅད་ཀྱིས། དུས་གསུམ་དུ་བསགས་པ་དང་། རྟོག་པའི་དགེ་བའི་རྩ་བ་འདིས། དུས་གསུམ་གྱི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཅིག་དུ་སྡུས་པ་ཙམ། བྱེ་བ་ཁྲག་ཁྲིག་བསམ་གྱི་མི་ཁྱབ་པ་བདག་ལ་ད་ལྟ་ཉིད་དུ་འབྱུང་ཞིང་། འགྲོ་དྲུག་གི་སེམས་ཅན་ཐམས་ཅད། སྐད་ཅིག་ཉིད་ལ་བླ་ན་མེད་པའི་སངས་རྒྱས་ལ་འགོད་པར་གྱུར་ཅིག །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ཕྱི་རྒྱུད་གསུམ་ལས་ཡོ་གའི་བསྟན་པ་དང་། རིགས་སྔགས་གཟུངས་སྔགས་གཉིས་ལས། ཆ་མཉམ་དུ་སྤྱོད་པའི་ཨུ་པ་དང་། བྱ་བའི་རྒྱུད་ཀྱི་བསྟན་པ། རིག་གསུམ་མགོན་པོའི་གཟུངས་སྔགས་རྣམས་ཏེ། ཕྱི་རྒྱུད་གསུམ་གྱི་བསྟན་པ་རྒྱ་མཚོ་མཐའ་ཡས། བསྟན་པའི་གསལ་བྱེད་སྒྲོན་མ་ཞེས་བགྱི་བ། ཀུན་གྱི་ཆིང་ལྟ་བུ་རྫོགས་སོ། །གཅིག་རྫོགས། ཐ་དད་བྱེ་བྲག་རྫོགས། ཕྱོགས་རྫོགས། སྒྲ་རྫོགས། དོན་རྫོགས། གང་ཡང་མ་རྫོགས་ཀུན་རྫོགས་པའོ། །གཅིག་ཞུས། ཤུབྷཾ།།

(༢༢༢)

(༢༢༣)ཕ་བརྒྱུད་མ་རྒྱུད་ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་ལ་གཏོགས་ཚད་ཀྱི་ཀླད་དོན་གྱི་གཞུང་བཞུགས།

(༢༢༤)ཨོཾ་སརྦ་སྭ་སྟི་སིདྷི་ཧཱུྃ། རྒྱལ་བ་ཤཱཀྱ་ཐུབ་པ་ཡོངས་སུ་མྱ་ངན་ལས་འདས་ཀར། རིག་འཛིན་གྱི་རྒྱལ་པོ་ཀུ་མ་རས་ཞུས་པ། ཐུན་མོང་གི་ཆོས་རྣམས་གསུངས་པ་ལགས་ཀྱང་། རྒྱུ་འབྲས་ལས་འདས་པའི་བདུད་རྩི་ཚིག་གསུམ་མ་གསུངས་སོ། །ཞེས་ཞུས་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་བརྩལ་པ། ང་སྟོན་པ་གཅིག་གི་ཞལ་ནས་བསྟན་པ་གཉིས་གསུང་མི་ཉན་པའི་ཕྱིར་ན། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །མ་ལ་ཡ་ཞེས་བྱ་བའི་རིར། །གཏུམ་དྲག་ཅན་གྱི་རྒྱལ་པོ་འབྱུང་། །གསུངས་པ་ལས། །སངས་རྒྱས་ཀྱི་སྐུའི་སྤྲུལ་པ་ཤཱཀྱ་ཐུབ་པ་འདས་ནས་ལོ་ཉི་ཤུ་ལོན་པའི་དུས་སུ་རྒྱལ་པོ་ཛ་སྐུ་འཁྲུངས་པ་སྟེ། དེ་ནས་ལོ་བཅུ་དང་སྤྱིར་ལོ་སུམ་བཅུའི་ནམ་གྱི་སྲོད་ལ། ལྟས་ཆེན་པོ་བཅོ་བརྒྱད། ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་ནས་གསང་མཆོག་གི་ཀུན་ཏུ་རྒྱལ་པོ་ཡིས། ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུར་རྣམ་པར་འཕྲུལ་པ་ཀུན་ཏུ་བཟང་པོ་ཡབ་ཡུམ་ཞེས་ཀྱང་བྱ། རྡོ་རྗེ་ཡིད་དང་རྡོ་རྗེ་ཆོས་ཞེས་ཀྱང་བྱ། མིང་གཉིས་ལ་དོན་ཅིག་པའི་བསྟན་པ། ལུང་ཨ་ནུ་ཡོ་ག་སངས་རྒྱས་ཐམས་ཅད་ཀྱི་previous hit དགོངས next hit་འདུས་པ་རི་མོ་ལྟར་འབར་བའི་དུར་ཁྲོད་དུ་ཆར་བཞིན་དུ་བབ་པའོ། །རྣལ་འབྱོར་ཆེན་པོ་བླ་ན་མེད་པ་སྒྲུབ་པ་བཀའ་བརྒྱད། རྒྱུད་སྡེ་བཅོ་བརྒྱད་ཀྱི་འབྲེལ་ཚུལ་ཡོད་པ་དང་། སྒྲུབ་པ་བཀའ་རེ་རེ་ལ་ཡང་རྒྱུད་བཅོ་བརྒྱད་ཀྱི་འབྲེལ་ཚུལ་ཡོད་པ་སྟེ། སིངྒ་ལའི་དུར་ཁྲོད་དུ། ཕྱི་རྒྱུད་གསུམ་ཆར་དུ་བབ་པ་ལས། བཀའ་དང་རྒྱུད་གཉིས་ཡིན་

(༢༢༥)སངས་རྒྱས་ཀྱི་ཞལ་ནས་གསུངས་པ་རྣམས་བཀའ་ཡིན་ལ། ཆར་བཞིན་དུ་བབ་པ་རྣམས་རྒྱུད་ཡིན་པའི་ཕྱིར། དེའི་ཕྱིར་ན། རྒྱུད་ལུང་མན་ངག་གསུམ། རྒྱལ་པོ་ཛའི་དག་སྣང་ལ་ཆར་བཞིན་དུ་བབ་པའི་ཚུལ་བསྟན་ཞིང་། ཀུན་ཏུ་བཟང་པོ། ཤཱཀྱ་ཐུབ་པ་ཐ་དད་མེད་པའི་སྤྲུལ་པ། རྒྱལ་པོ་ཛ་ཡིས། ཀུན་མཁྱེན་ཀུན་རིག །ཀུན་རྫོགས་པ་ཐམས་ཅད་མཁྱེན་ཞིང་ཐམས་ཅད་གཟིགས་ནས་འཛམ་བུའི་གླིང་ལ་སོགས་པ་ཁམས་གསུམ་དུ། དབང་པོ་རབ་ཀྱི་གདུལ་བྱ་རྣམས་ལ་དར་ཞིང་རྒྱས་པར་མཛད་པ་སྟེ། དེའི་ཕྱིར་ན། འཇམ་དཔལ་སྐུའི་ལྷ་ཚོགས། ཡང་དག་ཐུགས་ཀྱི་ལྷ་ཚོགས། པདྨ་གསུང་གི་ལྷ་ཚོགས། ཆེ་མཆོག་ཡོན་ཏན་གྱི་ལྷ་ཚོགས། བདུད་རྩི་སྨན་གྱི་ལྷ་ཚོགས། ཕུར་པ་ཕྲིན་ལས་ཀྱི་ལྷ་ཚོགས། མ་མོ་རྦོད་སྟོང་གི་ལྷ་ཚོགས། འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས། སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་ཀྱི་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་རྩ་བའི་རྒྱུད་ཆེན་པོ་ནི། དུར་ཁྲོད་གསང་བ་ཁུ་བྱུག་རོལ་པའི་རྒྱུད་ནི། ཐམས་ཅད་ཀྱི་རྩ་བའི་རྒྱུད་ཡིན་པ་སྟེ། ཡང་ན་མ་རྟོགས། ལོག་རྟོགས། ཕྱོགས་རྟོགས་གསུམ་གྱི་རྩ་བའི་རྒྱུད། སྤྱི་རྒྱུད་འདི་ལས་མ་བྱུང་བ་དང་། མ་འཕྲོས་པ་གང་ཡང་མེད་པ་ཡིན་པའི་ཕྱིར་ན། ཀུན་གྱིས་དེ་ལྟར་དུ་ཤེས་པར་མཛོད། ཅིའི་ཕྱིར་ན། དུར་ཁྲོད་གསང་བ་ཁུ་བྱུག་རོལ་པའི་རྒྱུད་ཀྱི་previous hit དགོངས next hit། ཀུན་ཏུ་བཟང་པོ་ཡབ་ཡུམ་སྲས་དང་སྲས་མོའི་ཚུལ་དུ། རིགས་ལྔ་ཡབ་ཡུམ་བཅུ་སྤྲུལ་པའི་སྐུ་གྲངས་ཅན་གྲངས་མེད་རྣམས་དང་། བྱང་ཆུབ་སེམས་དཔའ་དང་། སེམས་མའི་ཚོགས་ཐམས་ཅད་རྣམ་པར་འཕྲུལ་ཞིང་། ཞི་བ་ལྷུན་གྱིས་གྲུབ་པའི་ལྷ་ཚོགས་རྣམས་ཀྱི་རྒྱུད་ལུང་མན་

(༢༢༦)ངག་ཕྱོགས་མེད་དུ་འཕྲོས་ཤིང་། ཞི་བའི་དཀྱིལ་འཁོར་རྒྱས་སྡུས་ཀྱིས་ཆོས་ཀྱི་དབྱིངས་རབ་འབྱམ། ཁྱབ་པར་མཛད་པའི་དུས་སུ། གདུག་པ་ཅན་རྣམས་ཞི་བས་འདུལ་བར་མ་གྱུར་པའི་ཕྱིར་ན། དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་ཀྱི་ཐུགས་ཀར་སྐད་ཅིག་གིས་བསྡུས་ཤིང་། ཁྲོ་བོ་རྨད་དུ་བྱུང་བའི་ལྷ་ཚོགས་རྣམས་ཀྱི་དཀྱིལ་འཁོར་རྒྱས། སྡུས་ཆོས་ཀྱིས་དབྱིངས་ལྟར་ཁྱབ་པར་རྣམ་པར་འཕྲུལ་ཞིང་། ཁྲག་མཐུང་ཧེ་རུ་ཀ །སྒྲུབ་པ་བཀའ་བརྒྱད་ཀྱི་རྒྱུད་ལུང་མན་ངག་ཆོས་ཀྱི་དབྱིངས་དང་མཉམ་པར་འཕྲོས་པ་ནི་འདི་ལྟ་སྟེ། པདྨ་གསུང་གི་ལྷ་ཚོགས་ཀྱི་རྒྱུད་ཀྱི་རྩ་བ། ཟླ་གསང་ཐིག་ལེ་ལས་དུམ་བུ་གསུམ་དུ་ས་གཅོད་པའི་ཕྱིར་ན། རྒྱུད་ཀྱི་གོང་གི་དུམ་བུ་ཡིས། །དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་བདེ་བ་དང་དགྱེས་པར་སྦྱོར་བ་ཡིས། དགའ་བཞིའི་ལྔ་ལས་དགྱེས་པ་རྡོ་རྗེ་ཡབ་ཡུམ་ཀྱི་ལྷ་ཚོགས་རྣམ་པར་འཕྲུལ་པ་སྟེ། དགྱེས་པའི་ལུགས་དང་། རྣམ་པར་འཕྲུལ་པའི་གླེང་བཞི་དང་འཕྲིན་ལས་བསྒྲུབ་ཚུལ་སྣ་ཚོགས་པ་བྱིན་གྱི་རླབས་ཤིང་སྟོན་པའི་ཕྱིར་ན། རྩ་བའི་རྒྱུད་ཟླ་གསང་ཐིག་ལེའི་དུམ་བུ་གོང་མ་ལས། དགྱེས་པ་རྡོ་རྗེ་སྐུ་གསུང་ཐུགས་ཀྱི་རྒྱུད་འཕྲོས་པ་ནི། དེ་ཁོ་ན་ཉིད་ཀྱི་སྒྲོལ་མ་འབྲས་བུ་ཐུགས་ཀྱི་རྒྱུད། བཛྲ་ཨ་ར་ལི་སྐུའི་རྒྱུད་དང་། རི་གི་ཨ་ར་ལི་གསུང་གི་རྒྱུད་དང་། དགྱེས་པ་རྡོ་རྗེ་སྐུ་གསུང་ཐུགས་ལས། སྐུ་གསུམ་གསང་བའི་རྒྱུད་འཕྲོས་པ་ཡིས། ཆོས་ཀྱི་སྐུ་དྲི་མ་མེད་པ་ངོ་སྤྲོད་པའོ། །སྐུ་གསུང་ཐུགས་ཀྱི་རྒྱུད་གསུམ་ལས། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་འཕྲོས་ནས། སྐུ་གསུང་ཐུགས་ཀྱི་རྒྱུད་གསུམ་བཅུ་རྒྱས་པར་བཤད་ཅིང་ངོ་སྤྲོད་པ་སྟེ། ཕྱག་རྒྱ་ཆེན་པོ་ཡེ་ཤེས་ཐིག་ལེའི་རྒྱུད་འཕྲོས་ནས། རྒྱུད་གོང་མ་ལྔ་བརྒྱས་གཅིག་རྒྱབ་གཅིག་གིས་

(༢༢༧)བསྐྱོང་ནས་བཤད་པའོ། །དེའི་ཕྱིར་ན། ཐིག་ལེ་སྙིང་པོའི་རྒྱུད་ཀྱིས། རྒྱུད་དྲུག་ཏུ་བསྡོམས་ཤིང་སྒྲ་དང་དོན་སོ་སོར་འབྱེད་པའི་ཕྱིར་ན། ཕྱག་རྒྱ་ཆེན་པོ་ཐིག་ལེ་དང་། ཡེ་ཤེས་ཐིག་ལེའི་རྒྱུད་ན། རྒྱུད་དེ་རྣམས་སོ་སོར་འབྱེད་ཅིང་། རྒྱུད་ཀྱི་རྣམ་གྲངས་མ་འདྲེས་ལ་ཡོངས་སུ་རྫོགས་པར་བསྟན་པ་ལས། བརྟག་པ་འབུམ་ལྔ་བཤད་པའི་རྒྱུད་གསུང་བ་ནི། རྒྱུད་ཀུན་གྱི་གླེང་གཞི་གསང་བ་ཆེན་པོ་ཁ་སྦྱོར་ཐིག་ལེའི་རྒྱུད་ཅེས་བྱ་བ་དང་། བརྟག་པ་འབུམ་ལྔ་ཞེས་བྱ་བ་གཉིས་ཚིག་ལ་ཐ་དད་ཡོད་ཀྱང་། དོན་ལ་ངོ་བོ་གཅིག་པའི་ཕྱིར་ན། རྣལ་འབྱོར་བླ་ན་མེད་པའི་ཕ་རྒྱུད། མ་རྒྱུད་ཐམས་ཅད་ཀྱི་རྒྱས་བཤད་ཡིན་པ་ལས་བརྟག་པ་བཅུ་ཚན་བཅུར་སྡོམ་པ་ལས། བརྟག་པ་དྲུག་བཅུ་ཚང་ཞིང་། བཞི་བཅུ་མ་ཚང་བའི་ཕྱིར་ན། མ་ཚང་བ་ཁ་སྐོང་བ་དང་། དགྱེས་པ་རྡོ་རྗེའི་རྒྱུད་ཐམས་ཅད་ཀྱི་སྤྱི་རྒྱུད་སྤྱི་ཆིངས་སུ་དཔལ་ཡང་དག་ཁ་སྦྱོར་ཐིག་ལེའི་རྒྱུད་ཐམས་ཅད་ཀུན་ལ་ཁྱབ་པ་ཡིན་པ་ལས་བརྟག་པ་བརྒྱ་སྟག་པ་འབུམ་ལྔར་རྒྱས་པར་བཤད་ཅིང་། སྟོན་པ་ནི། རྡོ་རྗེ་སྙིང་པོ། རྒྱན་གྱི་རྒྱུད་ན་ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་རྣམས་སོ་སོར་འབྱེད་ཅིང་། བརྟག་པའི་གྲངས་དང་། རྣ་གྲངས་འབྲེལ་ཚུལ། བྱེ་བྲག་རྣམས་སོ་སོར་འབྱེད་ཅིང་སྟོན་པ་སྟེ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་མ་ཐོས་ཤིང་མི་ཤེས་པར། ཕ་རྒྱུད་མ་རྒྱུད་ཀྱི་དམ་དུམ་རྩ་འགྲེལ་ཁྲག་ཁྲིག འཐོར་བ་འབྲེལ་མེད་རྣམས་ལ་ཉན་བཤད། ལྟ་རྟོག་བྱེད་པ་རྣམས་རྨོངས་པའི་ནང་ནའང་རྨོངས་པ་སྟེ། །དཔེར་ན་ལོང་བ་ལག་མྱོང་བྱེད་པ་དང་འདྲ་བའི་ཕྱིར་ན། ཀུན་གྱིས་གོ་ཞིང་ཤེས་པར་མཛོད། རྒྱུད་ཀྱི་གླེང་གཞི་

(༢༢༨)གསང་བ་ཆེན་པོ་ཁ་སྦྱོར་ཐིག་ལེའི་རྒྱུད་ན། ཚིག་ལྷུག་ཏུ་ཡོད་པ་ལས། བརྟག་པ་གཉིས་པ་འདི་བསྡུས་ཤིང་ཚིགས་བཅད་པའི་ཕྱིར་ན། བརྩོད་པ་མང་ཞིང་། ཐེ་ཚོམ་སྣ་ཚོགས་སུ་ཟ་བ་དེ། དེ་ལྟར་དུ་ཡིན་ནམ་མན་དགྱེས་པ་རྡོ་རྗེའི་རྒྱུད་ལུང་མན་ངག་རྣམས་ཀྱིས་ནི་ཟིན་པ་མི་འདུག་པའི་ཕྱིར་ན། རྒྱུད་འདི་དང་འདིས་ཟིན་པར་འདུག་ཅེས་བྱ་བའི་ཕྱིར། དགྱེས་པ་རྡོ་རྗེའི་རྒྱུད་ལ་ཀུན་གྱིས་ལྟ་རྟོག་མཛོད་དང་གསལ་བ་ཡིན། རྣལ་འབྱོར་ཆེན་པོ་བླ་ན་མེད་པ། ཐབས་ཀྱི་རྒྱུད་དང་ཤེས་རབ་ཀྱི་རྒྱུད་གཉིས། ལྷན་ཅིག་སྐྱེས་པ་དབྱེར་མེད་པར་སྦྱོར་བ་ལས། འདོད་ཆགས་ཐབས་ཆེན་པོའི་རྒྱུད། གང་གིས་ལེགས་པར་ཤེས་ན་ནི། ཚེ་འདིས་དངོས་གྲུབ་འབྱིན་པར་བཤད། ཕ་རྒྱུད་ཐམས་ཅད་ཀྱི་རྩ་བ་དུར་ཁྲོད་གསང་བ་ཁུ་བྱུག་རོལ་པའི་རྒྱུད་ལས། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པར་འབྱུང་བ་འཕྲོས་པ་སྟེ། དེ་ལས་གསང་བ་འདུས་པ་རླུང་དང་རྣམ་པར་རྟོག་པའི་གྲངས་སྟོང་ཕྲག་གཅིག་ཏུ་བསྡུས་པ་འཕྲོས་ཤིང་། དེ་ལས་རླུང་དང་རྣམ་པར་རྟོག་པའི་གྲངས་རྒྱས་པར་དབྱེ་བ། རྡོ་རྗེ་འཕྲེང་བ་འབུམ་ཕྲག་གསུམ་རྒྱས་པར་སྟོན་པ་འཕྲོས་པའོ། །previous hit དགོངས next hit་ལུང་བསྟན་སེམས་དང་སེམས་འབྱུང་། རླུང་གི་རྟ་ལ་ཞོན་པའི་དཔེ་ཡིས་མཚོན་པའི་རྣམ་གྲངས་སྟོང་ཕྲག་བཞི་སྟོན་པ་སྟེ། ལྷ་མོ་བཞིས་ཞུས་པའི་རྒྱུད་རླུང་སེམས་ཀྱི་ལྷག་མ་བརྒྱ་བདུན་བཅུ་བསྟོན་ཅིང་དམ་ཚིག་ཆེན་པོའི་རྒྱུད་ལས་དམ་ཚིག་བསྲུང་ལུགས་ལྔ་

(༢༢༩)བཅུ་ལྔ་སྟོན་ཞིང་དམ་ཚིག་བསྲུངས་ལུགས་རྒྱས་པར་སྟོང་ཕྲག་གཅིག་རྡོ་རྗེ་ལྔ་འདུས་ཀྱི་རྒྱུད་ཀྱིས་སྟོན་པའི་ཕྱིར་ན། ཕ་རྒྱུད་ཐམས་ཅད་ལས་བཏུས་པའི་རྒྱུད་ཐབས་དང་ཤེས་རབ་དབྱེར་མེད་ཀྱི་དོན་འབུམ་ཕྲག་གཅིག་སྟོན་པ་དང་། མཉམ་ཉིད་རྣམ་རྒྱལ་གྱི་རྒྱུད་ཀྱིས་ཕྱག་རྒྱ་བཞིའི་བྱེ་བྲག་ཉིས་བརྒྱ་བཅུ་སྟོན་ཞིང་། ཟླ་གསང་ཐིག་ལེའི་རྒྱུད་ཀྱིས། པདྨ་གསུང་གི་ལྷ་ཚོགས་དགྱེས་རྡོར་ལ་སོགས་པ། སྟོང་བརྒྱ་བདུན་སྟོན་པ་དང་། རྡོ་རྗེ་ས་འོག་སྤྱོད་པའི་རྒྱུད་ཀྱིས། ས་འོག་གི་གནས་བརྒྱ་ཉི་ཤུའི་བྱེ་བྲག་སྟོན་ཞིང་། གཅོད་པན་རྡོ་རྗེའི་རྒྱུད་ཀྱིས་མཁའ་སྤྱོད། གཅོད་པཎ་ཨུ་རྒྱན་གྱི་བྱེ་བྲག་བདུན་བརྒྱ་ལྔ་སྟོན་པའོ། །ཁྲོ་བོ་ཟླ་གསང་ཐིག་ལེའི་རྒྱུད་ཀྱིས་འཇམ་དཔལ་ཞི་ཁྲོའི་ལྷ་ཚོགས་ཀྱི་བྱེ་བྲག་འབུམ་ཕྲག་ལྔ་སྟོན་པའོ། །རྡོ་རྗེ་རྣམ་རྒྱལ་བརྒྱ་དང་དགུ་བརྒྱས། ཕ་རྒྱུད་ཐམས་ཅད་ཀྱི་ཆིངས། སྟོན་ཞིང་མཉམ་ཉིད་གསང་བའི་རྒྱུད་ཀྱིས། ཐབས་དང་ཤེས་རབ་དབྱེར་མེད། རྡོ་རྗེ་རིགས་ཀྱི་གནས་ལུགས་ཀྱི་བྱེ་བྲག་བརྒྱ་དང་སྟོང་ཕྲག་ལྔ་སྟོན་པའོ། །རྡོ་རྗེ་གསང་སྟོན་སྟོང་ཕྲག་ལྔ། རྡོ་རྗེ་གསང་མཛོད་སྟོང་ཕྲག་བདུན། ནོར་བུ་གསང་ཏིག་འབུམ་ཕྲག་གཅིག་དང་། རྒྱུད་འདི་གསུམ་གསང་བ་འདུས་པ་ལས་འཕྲོས་ཤིང་། རླུང་སེམས་རྣམ་རྟོག་གི་རྣམ་གྲངས་དེ་རྣམས་གྲངས་དེ་རྣམས་ངོ་སྤྲོད་ཅིང་། སྟོན་པའི་ཕྱིར་གསུངས་པའོ། །རྣམ་པར་སྣང་མཛད་སྒྱུ་འཕྲུལ་སྐུའི་ལྷ་ཚོགས་ཀྱིས་བྱེ་བ་སྟོང་སྟོན་པའོ། །རྡོ་རྗེ་གསང་སྟོན་གྱི་རྒྱུད་ཀྱིས་ཐབས་རྒྱུད་གྲངས་མང་པོ་ངོ་ཅིག་ཏུ་སྡོམ་པ་སྟོང་ཕྲག་གཅིག་སྟོན་པ་སྟེ། སངས་རྒྱས་ཐོད་པའི་རྒྱུད་ཀྱིས་མེ་ཏོག་

(༢༣༠)དགྱེས་རྡོར་ཆ་མཉམ་པའི་མན་ངག་ཉིས་བརྒྱ་སྟོན་ཞིང་། དེ་ཁོ་ན་ཉིད་ཀྱིས་རྟོག་པའི་བྱེ་བྲག་བརྒྱ་སྟོང་བདུན་སྟོན་པ་སྟེ། དམ་ཚིག་མངོན་པ་ཆེན་པོའི་རྒྱུད་ཀྱིས། དམ་ཚིག་བསྲུང་ལུགས་བརྒྱ་སྟོང་ཕྲག་གསུམ་ལས་འཕྲོས་པ། དམ་ཚིག་ས་མ་ཡ་འབུམ་སྡེའི་བསྲུང་ལུགས་སྟོན་པའོ། །འཇམ་དཔལ་དཔའ་བོ་རྩ་བའི་རྒྱུད་ཀྱིས་དུས་གསུམ་ཆོས་ཐམས་ཅད་ཀྱི་བྱེ་བྲག་འབུམ་ཕྲག་གཅིག་ལུང་སྟོན་པའོ། །གསང་ཆེན་བསྡུས་པའི་རྒྱུད་ཀྱིས་གསང་བའི་མཚན་བཞི་བཅུ་ལས། མཚན་བརྗོད་ལ་སོགས་པ་ཐམས་ཅད་ཀྱི་སྤྱི་ཆིངས་པ་བཅད་ལྟ་བུར་སྟོན་པའོ། །རིན་པོ་ཆེན་སྡོང་པོའི་རྒྱུད་ཀྱིས། ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་ཕྱི་མའི་དོན་བདུན་བརྒྱ་བསྟོན་པ་སྟེ། དུས་ཀྱི་ཐིག་ལེ་ཟེར་ཡང་། དུས་འཁོར་གྱི་རྒྱུད་ཀྱི་ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་རྩིས་བརྒྱ་བརྒྱད་བཅུ་སྟོན་པ་དང་། མཁའ་འགྲོ་བསྟན་བཅོས་ཟེར་ཡང་། རྡོ་རྗེ་གདན་བཞིའི་རྒྱུད་ཀྱིས། ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་ཚོགས་རྣམས་མཁའ་འགྲོ་སྡེ་ལྔར་ངོ་སྤྲོད་ཅིང་རྩི་བའི་ལྔ་བརྒྱ་ཚོ་བདུན་སྟོན་པའོ། །དུས་འཁོར་གདན་བཞི་གཉིས་ཀྱང་། དགྱེས་རྡོར་བརྟག་པ་འབུམ་ལྔར་གཏོགས་པའོ། །རྒྱུད་འདི་རྣམས་ཀྱི་དོན་ནི་ཕ་རྒྱུད་ཐམས་ཅད་རླུང་སེམས་གཉིས། མ་རྒྱུད་ཐམས་ཅད་ཀྱི་དོན་རྡོ་རྗེ་རིགས་ཀྱི་གནས་ལུགས་གསུམ། འདི་གཉིས་གཅིག་ཏུ་སྡོམ་པ་ལས་རྡོ་རྗེ་རིགས་ཀྱི་གནས་ལུགས་ལྔར་འདུས་ཤིང་། ཉམས་སུ་ལེན་པའི་གདམ་ངག་ཕྱག་རྒྱ་བཞིས་བསྒོམ་པ་སྟེ། འདི་རྣམས་བསྒོམ་ཞིང་རྟོགས་པའི་བྱེ་བྲག་གིས་སྐུ་བཞིའི་ཉམས་རྟོགས་ཕྱོགས་མེད་དུ་རྒྱས། རྡོ་རྗེ་འཆང་གིས་གསུངས་ཤིང་ཡང་དག་བསྟན། འདི་ནི་གཉིས་གཉིས་འཁྱུད་པ་ཡི། །

(༢༣༡)རྒྱུད་ཀྱི་བྱེ་བྲག་བསྟན་པའི་དོན། །རྣལ་འབྱོར་བླ་མ་མེད་པ་ཡི། །རྒྱུད་ཀྱི་བྱེ་བྲག་མང་ན་ཡང་། །གསང་བ་བཞི་བཅུའི་མཚན་ཅན་ཐབས་རྒྱུད་དང་། །ཐིག་ལེ་ཉི་ཤུ་རྩ་ལྔའི་རྣམ་གྲངས་མ་རྒྱུད་དེ། དེ་གཉིས་གཅིག་ཏུ་བསྡོམས་པ་ལས། །སྐུ་བཞི་ངོ་སྤྲོད་ཀྱི་གནད་ཀྱི་བྱེ་བྲག་གྲངས་ཅན་གྲངས་མེད་དུ་སྟོན་པ་རྣམས་སྐལ་ལྡན་རྣམས་ཀྱིས་མཁྱེན་པར་མཛོད། འཇམ་དཔལ་སྐུའི་ལྷ་ཚོགས་ཀྱི་རྩ་བའི་རྒྱུད་དང་། སྐུ་སངས་རྒྱས་མཉམ་སྦྱོར་གྱི་ལེའུ་ལྔ་ལས་འཕྲོས་པ་ལས། འཁོར་ལོ་བདེ་མཆོག་གདུག་པ་ཅན་འདུལ་བའི་ཐབས་དང་གླེང་གཞི་དང་བཅས་པ། རིགས་ལྔའི་བདེ་མཆོག་འཕྲོས་པ་སྟེ་རྒྱ་གར་སྐད་དུ། ཨི་བི་ཏ་ནོར། བོད་སྐད་དུ། ངེས་པར་བརྗོད་པ་བླ་མ་ལེའུ་བདུན་བཅུ་ཡོད་པ་འཕྲོས་ཤིང་། བདེ་མཆོག་གི་རྒྱུད་ཕྲན་མང་པོ་ཡོད་པ་རྣམས། ལེའུ་མཚམས་རྣམས་ལ། ཕར་ལ་འཕྲོས་ཤིང་། ཚུར་ལ་སྦྱོར་བ་སྟེ། །མཁའ་འགྲོ་ཀུན་སྤྱོད་ཀྱི་རྒྱུད་ལས། ངེས་བརྗོད་བླ་མར་བཤད་པ་ནི། །རྣལ་འབྱོར་མའི་གསང་བ་ཆེ་གསུངས་པའི་ཕྱིར་ན། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་ཐམས་ཅད་ཀྱི་ཡང་རྩ་བར་གསུངས་པས་སོ། །དེའི་ཕྱིར་ན། བདེ་མཆོག་ལ་གཏོགས་ཚད་འདི་རྣམས། འཇམ་དཔལ་སྐུའི་ལྷ་ཚོགས་ལས་འཕྲོས་ཤིང་། རྡོ་རྗེ་རིགས་ཀྱི་གནས་ལུགས་ལྔ་ཀ་རླུང་ལ་སོགས་པ་སྟོན་པའི་ཕྱིར་ན། མ་རྒྱུད་གཅིག་སུ་མ་ཡིན་ཞིང་། ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་ཡིན་པ་ཀུན་གྱིས་ཤེས་པར་མཛོད། དེའི་ཕྱིར་ན། འཇམ་པའི་རྡོ་རྗེ་དང་བདེ་མཆོག་གཉིས་མིང་མི་མཐུན་ཡང་དོན་གཅིག་ཡིན་པའོ། །རྡོ་རྗེའི་མཁའ་འགྲོའི་

(༢༣༢)རྒྱུད་འདི། ཨ་བི་ཏ་ནོད་བདེ་མཆོག་གི་རྒྱུད་ལས་འཕྲོས་ཤིང་། མ་ཧཱ་མ་ཡ་འདི། ངེས་པར་བརྗོད་པ་བླ་མའི་རྒྱུད་ཀྱི་ཆང་བསྒྲུབ་པའི་ལེའུ་ལས་འཕྲོས་པ་སྟེ། བདེ་མཆོག་ལ་གཏོགས་ཚད་ཐམས་ཅད། སྐུ་སངས་རྒྱས་སྙམ་སྦྱོར་གྱི་ལེའུ་ལྔ་ལས་འཕྲོས་པའི་ཕྱིར་ན། ཁྱོད་བོད་ཀྱིས་བདེ་མཆོག་འདི་རྣམས་ལ་འཕྲོས་པ་དང་སྦྱོར་བ་དང་། སྦྱོར་བ་མི་འདུག་པའི་ཕྱིར་ན། བདེ་མཆོག་མཁན་པོ་ཐམས་ཅད་རྟོག་དཔྱོད་ཞིང་། སྐུ་རྒྱལ་བོད་ཀྱི་ཡུལ་རིགས་གསུམ་མགོན་པོའི་སྤྲུལ་པ། མེས་དབོན་རྣམ་གསུམ་བྱོན་པ་སྟེ། བོད་མཐའ་འཁོབ་ཀྱི་ཡུལ་དུ་ཐེག་པ་དགུའི་བསྟན་པ་དར་བར་མཛད་པའི་ཕྱིར། བསམས་བཞིན་དུ་སྲིད་པ་ཉེ་བར་བླངས་ནས་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཉམས་སུ་སྐུ་འཁྲུངས་པའི་དུས་སུ། རྒྱ་གར་ཆོས་ཀྱི་རྒྱལ་པོའི་མངའ་རིས་སུ་མཁན་པོ་བོ་དྷི་སཏྭ། བྷི་མ་ལ་མུ་ཏྲ། པདྨ་སཾ་བྷ་བ་ལ་སོགས་པ། སྤྲུལ་པའི་སྐུའི་པཎྜི་ཏ་མང་པོ་བྱོན་ཞིང་བཞུགས་པའི་དུས་སུ། བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ནས་དབུ་བྱས། སྤྲུལ་པའི་སྐུའི་ལོ་ཙ་བ་མང་པོ་དང་། ཐོན་མི་ཆུང་སམ་བྷོ་ར་ལ་སོགས་པ་སྤྲུལ་པའི་སྐུའི་ཡིག་མཁན་མང་པོ་དང་། ཚེ་རབས་མང་པོ་ནས་སྨོན་ལམ་བཏབ་པའི་ལོ་པཎ་རྒྱལ་བློན་སྤྲུལ་པའི་སྐུ་རྣམས་དུས་མཚུངས་ཤིང་། འཛམ་བུ་གླིང་པའི་རིན་ཆེན་སྣ་ཚོགས་ལ་སོགས་ཟས་ནོར་ཐམས་ཅད་རྒྱལ་པོའི་མངར་བསྡུས་པ་རྣམས། རྒྱ་གར་དང་། བོད་ཀྱི་ཡུལ་འབྲེལ་པ་ཙམ་གྱིས། ཟས་ནོར་རྣམས་ལོ་ཙ་བ་རྣམས་ཀྱིས་ཁྱེར་ཞིང་། རྒྱ་གར་གྱི་རྒྱལ་པོ་རྣམས་ལ་ཡུལ་

(༢༣༣)ནས། པཎྜི་ཏ་རྣམས་དང་། བཀའ་ཐེག་པ་དགུའི་ཆོས་མུས་ཤིང་ལུས་པ་མེད་པ་རྣམས་གདན་དྲངས་ཤིང་བསྒྱུར་ནས། ཡིག་འབྲུ་ཙམ་ཚང་བ་ལ་ཡང་། རིན་པོ་ཆེ་སྣ་ཚོགས་འཆར་བཞིན་འབབས་ཤིང་། དཀའ་ལས་སྣ་ཚོགས་ཀྱིས་མ་འགྱུར་བ་ཐམས་ཅད་འགྱུར་དུ་བཅུག །མ་ཚང་བ་ཐམས་ཅད་ཚང་དུ་བཅུག་པ་སྟེ། ཁྲི་སྲོང་ལྡེ་ཙན་གྱི་ཚའོ་སད་ལེགས་འཇིང་ཡོན་གྱི་བུ་ཆུང་བ། ཨ་ནང་འུ་ནང་སྟག་གི་བུ་སྟག་ནམ་མཁའི་ལྷ་གཟུངས་སྤྲུལ་པའི་སྐུར་བྱོན་ནས། བི་མ་ལ་མུ་ཏྲ། པདྨ་སམ་བྷ་བ། སྣུབས་ནམ་མཁའ་སྙིང་པོ་ལ་སོགས་པ། མཁས་ལ་གྲུབ་པ་ཐོབ་པའི་ལོ་པཎ་ཐམས་ཅད་ཀྱི་previous hit དགོངས next hit་གཅིག་ཏུ་བསྡུས་པ། བཀའ་ཐེག་པ་དགུའི་སྒྲ་དོན་རྩལ་རྫོགས་ཤིང་གྲུབ་པ་ཐོབ་པ་སྟེ། ཁྱད་པར་དུ་ཡེ་ཤེས་རྒྱ་མཚོ་ཀྱཻ་རྡོ་རྗེ་ལ་གཏོགས་ཚད། བདེ་མཆོག་འཁོར་ལོ་གཏོགས་ཚད། ཕ་རྒྱུད་ལ་གཏོགས་ཚད། ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་ལུང་མན་ངག་ལ་གཏོགས་ཚད་རྣམས་དུས་དེ་ནས་བདེ་ལ་འགྱུར་བ་སྟེ། སྟག་ནམ་མཁའི་ལྷ་གཟུངས་མན་ཆོད། མིང་ཡོངས་སུ་གྲགས་པ་ཀརྨ་པ་ཡན་ཆོད་དུ། སྒྲ་དོན་གཉིས་ཀྱི་འབྲེལ་པ་རྒྱུན་ཆད་མེད་ཅིང་། གྲུབ་རྟགས་ཡོན་ཏན་བར་མ་ཆད་པ་ཡིན་པའི་ཕྱིར་ན། མ་འོངས་པའི་གདུལ་བྱ་རྣམས་ཀྱི་ཡིད་ཆེས་ཞིང་། རྒྱུད་ལུང་མན་ངག་གི་སྒྲ་ལ་མཁས་ཤིང་དོན་རྣམས་རྟོགས་ནས། སྐུ་ལྔའི་སངས་རྒྱས་རང་ལ་རྫོགས་པར་མཛོད། ན་ནིང་ཕྱིས་ལོ་པཎ་སྤྲུལ་པའི་སྐུ་རྣམས་གཤེགས་ཤིང་། རྒྱལ་པོའི་རྒྱལ་ཁྲིམས་ཞིག་རྒྱབ་ཏུ། བོད་ཀྱི་ལོ་ཙཱ་བ་

(༢༣༤)རྣམས། ཡར་ལ་སྐྱེལ་ཞིང་ཟས་ནོར་འཁྱེར་རྒྱུ་མེད། མར་ལ་གསུང་མི་བྱེད་པ་རྣམས་རྒྱ་གར་ལ་སོང་ཞིང་། སྔར་བདེ་ལ་འགྱུར་བའི་ཆོས་སམ། མ་འགྱུར་བའི་དམ་དུམ། རྩ་རྩེ་ཁྲགས་ཁྲིགས་བོད་ལ་འགྱུར་བ་དང་མི་འདྲ་བའི་ཕྱིར་ན། མིང་ཡོངས་སུ་གྲགས་པ་ཀརྨཱ་པ་ལ་རྒྱུད་པའི། ཕ་རྒྱུད་མ་རྒྱུད། ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་ལུང་མན་ངག་རྣམས་བསྒྲུབ་པ་བཀའ་བརྒྱད་པས་འཕྲོས་ཤིང་། ད་ལྟར་གྱི་བར་དུ་སྐུ་བཞི་ངོ་སྤྲོད་ཀྱི་གནད་ལ་གྲུབ་པ་ཐོབ་པ་རྒྱུད་མ་ཆད་པ་ཡིན་པ་ཀུན་གྱིས་མཁྱེན་པར་མཛོད། རྒྱུད་ཀྱི་གླེང་གཞི་འབྲེལ་ཚུལ་འདི་རྣམས། བདེ་མཆོག །ཡེ་ཤེས་རྒྱ་མཚོ། ཀྱཻ་གསང་འདུས་ལ་སོགས། ཕ་རྒྱུད་ལ་གཏོགས་ཚད་ཀྱི་ཀླད་དོན་ཡིན་པའི་ཕྱིར་ན། ཐམས་ཅད་ཀྱི་དབུར་བྲིས། གང་དང་གང་ཉན་བཤད་བྱེད་ཀྱང་། དང་པོར་འདི་བཤད་ཅིང་འབྲེལ་ཚུལ་ཀུན་ལ་གོར་ཆུག །དེ་ལྟར་དུ་མ་བྱས་ན། མགོ་མེད་འཇུག་མེད་དམ་དུམ་ཁྲིགས། དེ་ལྟར་ཁ་ཕྱར་ཁ་འཁྱིལ་རྣམས་ཀྱིས། རང་དྲན། རང་ཤེས། རང་གར་འཇུག་པ་རྣམས་སྟོན་པ་ལྔའི་བསྟན་པ་དང་འབྲེལ་པ་ཆད་པ་མངོན་སུམ་ཚད་མ། དེ་ལྟ་བུ་ལ་བསྐལ་པ་སྟོང་གི་བར་དུ་བཤད་བསྒོམ་བྱས་ཀྱང་། ངལ་བ་དོན་མེད་སྡུག་བསྔལ་གྱི་རྒྱུ་ཡིན་པར་ཐལ་རིགས། བཀྲ་ཤིས་དཔལ་འབར༴ བསྟན་པ་རྒྱས་འབར་གསང་མཆོག་འཛམ་གླིང་རྒྱན་དུ་ཤོག །།

(༢༣༥)གསང་སྔགས་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ཆེན་པོ་རྣམས་ཀྱི་བཞེད་པ་སོ་སོར་འབྱེད་པར་བྱེད་པ་མ་ཧཱ་ཡོ་ག་གསར་མཱི་རྒྱ་མཚོ་མཐའ་ཡས་བཞུགས་སོ། །

(༢༣༦)རྒྱ་གར་སྐད་དུ། མ་ཧཱ་ཡོ་ག །བོད་སྐད་དུ། རྣལ་འབྱོར་ཆེན་པོ་གསར་མ་སྟོན་པ་བསྟན་པ་ལྔའི་རྒྱ་མཚོ་མཐའ་ཡས་ལས། ཁྱད་པར་དུ་རྣལ་འབྱོར་བླ་ན་མེད་པ་གསར་མའི་སྟོན་པ་བསྟན་པ་རྣམས་ལ་ཕྱག་འཚལ་ལོ། །ཕ་རྒྱུད་མ་རྒྱུད་ཐམས་ཅད་ཀྱི་རྒྱུད་སྡེ་གྲངས་མང་བར་གསུངས་ན་ཡང་། ཐབས་དང་ཤེས་རབ་དབྱེར་མེད་པའི་རྒྱུད་དུ་འདུས་པ་སྟེ། རྒྱུད་ཅེས་བྱ་བ་རྒྱུན་ཡིན་ཏེ། རྒྱུན་མི་འཆད་པས་རྒྱུད་ཅེས་བྱ། འབྲེལ་དང་མ་ཚང་མེད་པ་དང་། ཕུན་སུམ་ཚོགས་པས་རྒྱུན་དུ་བཤད། དེའི་ཕྱིར་ན། ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རྒྱུད་དང་རྒྱུད་ཀྱི་ཕྱི་མ་སྟེ། ཕྱི་མ་ལས་ཀྱང་ཕྱི་མ་སྟེ། །རྒྱུད་རྣམས་ཀུན་གྱི་རྩ་རྒྱུད་ནི། །དངོས་པོ་གཤིས་ཀྱི་གནས་ལུགས་ཡིན། །ཐེག་པ་དྲུག་གི་སྒྲ་དོན་རྣམས། །ཐེག་པ་གཅིག་ཏུ་རྫོགས་པ་ནི། །རྣལ་འབྱོར་ཆེན་པོ་བླ་ན་མེད། །ཆོས་སྐུའི་བསྟན་པ་བསམ་མི་ཁྱབ། །དེའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ། །རྡོ་རྗེ་འཆང་གིས་གསུངས་པའི་རྒྱུད་ཀྱི་སྒྲ་དང་དོན་ཐམས་ཅད་གསལ་ཞིང་རྟོགས་པར་བྱ་བའི་ཕྱིར། བསྟན་བཅོས་ཐམས་ཅད་རྩིས་མགོ་རྣམ་པ་ལྔ་ཡིས་སྟོན་པ་སྟེ། དེ་དང་དེའི་སྒྲ་དང་དོན་རྣམས་རྒྱུད་དང་

(༢༣༧)ལུང་དང་མན་ངག་རྣམས་གནས་ལུགས་རྣམ་པ་བཞིར་ངོ་སྤྲད་ནས། རྒྱས་པར་དབྱེ་ཞིང་སྒྲ་དོན་གཅིག་ཏུ་འདུས་པར་སྟོན་པའི་ཕྱིར་ན། མཁྱེན་པ་གཉིས་དང་ལྡན་པའི་སྒོམ་ཆེན་པ་རྣམས་ལེགས་པར་ཉོན་ཅིག །རྡོ་རྗེ་འཆང་གིས་གསུངས་པའི་རྒྱུད་ཀྱི་previous hit དགོངས next hit། །ཕུན་སུམ་ཚོགས་པ་རྣམ་པ་ལྔ། རྒྱུད་ཀྱི་ལུང་གཙོ་བོར་བྱས་ནས་མདོར་བསྡུས་ཏེ་བསྟན་པའོ། །གླེང་གཞི་བསྡུས་དང་རྒྱས་པ་ཡིས། རྒྱུད་ཀུན་གྱི་ནི་རྩ་བ་ཡིན། །གླེང་བསླང་བའི་ཁྱད་པར་གྱིས། །ཡི་གེ་གསུམ་དང་ལྡན་པ་ཡི། །བསམ་མི་ཁྱབ་ཀྱི་རྩ་བར་སྟོན། །ལྔ་ཡི་ཕུན་སུམ་ཚོགས་པ་ཅན། །ཨེ་ཝཾ་ལས་ནི་ཡང་དག་འབྱུང་། །དེ་ཡང་ཨེ་ཝཾ་ཉིད་དུ་གནས། །ངོ་མཚར་བ་ནི་ལམ་ཡིན་ཏེ། །ལམ་ནི་སྙིང་པོ་ཉིད་དུ་གྲོལ། །བྱམས་པ་ཆེན་པོའི་ཏིང་ངེ་འཛིན་གྱིས། །འཆི་བདག་བདུད་ནི་རབ་ཏུ་འཇོམས། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། །ལྟ་བུའི་བདུད་ཀྱི་ཕྱེད་པ་མིན། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན། །ཕུང་པོ་ལས་ནི་རྒྱས་བཏབ་མཆོག །རྣམ་པར་མི་རྫོགས་ཁྱད་པར་གྱིས། །ཉོན་མོངས་བདུད་ནི་ཞི་བ་རྟོག །དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་དང་ལྡན་པ་སྐལ་བ་ཡིན། །མྱ་ངན་ལྡན་པའི་འཁོར་བ་ཉིད། །དེ་ཉིད་ཤེས་པ་མྱ་ངན་འདས། །བདེ་བར་གཤེགས་པ་ཐམས་ཅད་ནི། བཞུགས་དང་བཞེངས་དང་གཟིམས་པ་དང་། །འཆག་པ་སྐུ་ཡི་ཕྲིན་ལས་ཡིན། །ཨེ་ཝཾ་ལྡན་པའི་གསུང་རབ་ནི། །ལྔ་ཡི་

(༢༣༨)རྒྱུད་ནི་གསུང་ཉིད་ཡིན། །ནང་དུ་བཞུགས་དང་ཡང་དག་གཞག །ཐུགས་ཀྱི་ཕྲིན་ལས་ཡེ་ཤེས་ཀྱིས། །གསུང་བའི་ཕྱིར་ན་རྡོ་རྗེ་བོ། །ལོ་ཙ་ན་དང་མཱ་མ་ཀི། །གོས་དཀར་ཅན་གྱི་ཆོས་འབྱུང་བ། །བཙུན་མོ་རྣམས་ཞེས་བཤད་པ་ཡིན། །བྷ་ག་ཝ་ཏི་བཅོམ་ལྡན་འདས། བྷ་ག་གནས་སུ་གྲགས་པས་ཏེ། །དག་པ་དྲི་མ་མེད་མཚན་ཉིད། །ལམ་དང་འབྲས་བུར་གྲགས་པ་ནི། །བརྡ་ཡི་ཁྱད་པར་གནས་ཀྱི་མཆོག །གནས་དེར་སྟོན་པ་བཞུགས་ནས་ནི། །རྒྱུད་རྣམས་ཀུན་གྱི་བསྡུད་བྱེད་ཡིན། །མ་ནོར་པ་ལ་གཤེགས་ཕྱིར་དང་། འགྲོ་བའི་དོན་ལ་དེ་མཚུངས་ཕྱིར། །དེ་བཞིན་གཤེགས་ཞེས་བཤད་པ་ཡིན། །གཉིས་མེད་གཉིས་སུ་མི་གཡོ་ཞིང་། །གཉིས་ཀྱིས་གཉིས་སུ་མི་བསྐྱོད་པས། །མི་སྐྱོད་པར་ནི་རིགས་པ་ཡིན། །སྤྲོས་པ་མེད་ཅིང་འདོད་འབྱུང་བས། །རིན་ཆེན་འབྱུང་གནས་ཞེས་ནི་བཤད། འདམ་སྐྱེས་པདྨ་ཇི་བཞིན་དུ། །འཁོར་བ་མ་སྤངས་སྐྱོན་མི་གསོ། །སྣ་ཚོགས་འབྲས་བུར་ཤར་གྱུར་པ། །མཐའ་ཡས་པདྨའི་རྒྱལ་པོའོོ། །རྟོགས་པ་ལས་ནི་དོན་འབྱུང་ཞིང་། །རང་ལ་གྲུབ་པར་ཤེས་ནས་ཀྱང་། །རང་བཞིན་ཇི་ལྟ་བར་གནས་པ། །གཞན་ལ་སྦྱོར་བས་དོན་ཡོད་མཐོང་། །རྣམ་རྟོག་ཡེ་ཤེས་ཆེར་རྟོགས་པས། །དགྲ་བཅོམ་ཞེས་ནི་བཤད་པ་ཡིན། །གཉུག་མའི་མཐའ་ཡིས་མ་གོས་པ། །ཡང་དག་ཉིད་དུ་རིག་པར་བྱ། །རྒྱུ་དང་རྐྱེན་གྱིས་མ་སྐྱེད་པ། །རྫོགས་པའི་ཚད་དུ་གསུངས་པའོ། །སྤངས་དང་ཡེ་ཤེས་ཚོགས་པ་ཅན། །སངས་རྒྱས་ཞེས་ནི་གྲགས་པ་ཡིན། །དབྱེར་མི་ཕྱེད་པས་རྡོ་རྗེ་སྟེ། །ལྡན་པའི་དོན་གྱིས་འཆད་པ་ཡིན། །

(༢༣༩)ཡེ་ཤེས་མཐའ་ཡིས་མ་གོས་པའོ། །སྲིད་པ་གསུམ་ནི་གསུངས་པའི་ཕྱིར། །སེམས་དཔའ་ཞེས་ནི་གྲགས་པ་ཡིན། །ཆེན་པོ་དོལ་པ་རྣམ་པ་གཉིས། །རྒྱུན་ཆད་མེད་ཕྱིར་གསུངས་པ་ཡིན། །སྤྱན་མ་དངོས་པོ་མ་གཟིགས་པས། །ས་རྣམས་དེ་བཞིན་ཉིད་དུ་ཤེས། །རྒྱུན་དག་པ་ནི་མཱ་མ་ཀི། །ཆུ་རྣམས་དེ་བཞིན་ཉིད་དུ་ཤེས། །གོས་དཀར་མོ་ནི་པདྨའི་མདངས། །མེ་རྣམས་དེ་བཞིན་ཉིད་དུ་ཤེས། །སྒྲོལ་མ་ཀུན་དུ་རྒྱུ་བ་ཅན། །རྒྱུད་རྣམས་དེ་བཞིན་ཉིད་དུ་ཤེས། ཕྱོགས་ཆ་མེད་པ་བྱམས་པའོ། །རང་བཞིན་མ་དམིགས་འཇམ་པའི་དབྱངས། །མེ་ལོང་ཡེ་ཤེས་པའི་སྙིང་པོ། །གཟུགས་ཀྱི་སྐྱེ་མཆེད་ལྷན་ཅིག་སྐྱེས། །ཆོས་ཀྱི་དབྱིངས་ནི་རྡོ་རྗེ་འཛིན། །སྒྲ་ཡི་སྐྱེ་མཆེད་ལྷན་ཅིག་སྐྱེས། །ནམ་མཁའ་སྙིང་པོ་མཉམ་པ་ཉིད། །དྲི་ཡི་སྐྱེ་བ་ཆེད་ལྷན་ཅིག་སྐྱེས། །སོ་སོར་རྟོག་པ་འཇིག་རྟེན་དབང་། །རོ་ཡི་སྐྱེ་མཆེད་ལྷན་ཅིག་སྐྱེས། །བྱ་བ་ནན་ཏན་སྒྲིབ་རྣམས་སེལ། །རེག་གམ་སྐྱེད་མཆེད་ལྷན་ཅིག་སྐྱེས། །ཀུན་དུ་བཟང་པོ་བསམ་མི་ཁྱབ། །འཁོར་དང་མྱང་འདས་དབྱེར་མི་ཕྱེད། །རྟོགས་པས་འཁོར་བ་ལས་རྣམ་རྒྱལ། །ཐ་དད་པའི་བགེགས་རྣམས་ནི། །ཐ་མི་དད་ཀྱིས་མཐར་བྱས་པས། །རྣམ་རྒྱལ་བགེགས་མཐར་བྱེད་ཅེས་བརྗོད། །གཤིན་སེམས་ཅན་ཐམས་ཅད་ཏེ། །རྟོགས་པས་ཀུན་ཀྱང་མཐར་འགྱུར་བྱེད། །ཤེས་རབ་གྲུབ་པའི་མཐའ་རྣམས་ནི། །འདའ་བ་མེད་པས་མཐར་བྱེད་ཡིན། །ལས་ནི་སེམས་ཅན་བཞི་རྣམས་ལས། །འབད་མེད་བྱེད་པར་མཐར་མེད་མིན། །ཨེ་ཝཾ་མ་ཡའི་བདག་ཉིད་ཅན། །མཚན་ལྡན་ཕྱག་རྒྱ་དཔེ་ཤེས་རབ། །རྟོགས་པའི་ཤེས་རབ་ལམ་ཡིན་ཏེ། །བསམ་དུ་མེད་པ་འབྲས་བུའོ། །ཐིག་ལེ་མཉམ་པ་དཔེ་བདེ་བ། །སྣང་བ་ལ་རྟེན་བདེ་བ་ལམ། །

(༢༤༠)དགོས་པ་མེད་པ་འབྲས་བུའི་མཆོག །མན་ཏྲ་ཡིད་སྐྱོབ་པ་ཡི་སྔགས། །ཐབས་ཀྱི་ཁྱད་པར་མན་ངག་མཆོག །དུས་ཀྱི་རླུང་ནི་བཟུང་བ་ཡིས། །རྩ་བའི་ཡིད་ནི་སྐྱབ་པར་བྱེད། །རོ་སྙོམས་པ་ཡི་ཁྱད་པར་གྱིས། །དངོས་དང་སྟོང་པའི་ཕྱོགས་རྟོགས་མིན། །བྱ་བ་བཏང་བའི་སྔགས་ཆེན་པོས། །ཡིད་ལ་མི་བྱེད་མན་ངག་མཆོག་། སྤྱོད་པ་ཡི་ནི་ཁྱད་པར་གྱིས། །གཤིན་རྗེ་ལྟ་བུའི་བརྡུལ་ཞུགས་བྱས། །ཡ་མན་ཏ་ཀ་བདེ་བ་ཆེ། །རྒྱུན་ཆད་མེད་པ་ཆུ་བོ་ལྟར། །རང་བཞིན་ཅིག་པ་གཙོ་ཆེན་ལ། །དབྱེར་མེད་རྟོགས་པའི་རྣལ་འབྱོར་པས། །མ་ཡེངས་པར་ནི་བལྟས་པ་དང་། །རང་བཞིན་ཉམས་ཀྱི་འཛུམ་སྐྱེས་པས། །ཡི་གེ་གསུམ་དང་བསམ་མི་ཁྱབ། །རྩེ་གཅིག་སེམས་ཀྱི་རྩེ་མོ་གཅིག །དེའི་རྣམ་འཕྲུལ་བསམ་མི་ཁྱབ། །སྣང་བའི་གཟིགས་མོ་ལོངས་སྤྱོད་ཉིད། །སེམས་ཀྱི་གཟེངས་ནི་བསྟོད་ནས་ཀྱང་། །གོ་བཟློག་པར་ནི་ཤེས་པར་བྱ། །ཐབས་དང་ཤེས་རབ་དབྱེར་མེད་པ། །ཆོས་རྣམས་ཀུན་གྱི་རང་བཞིན་ཡིན། མ་སྐྱེས་པའི་གནས་ལུགས་ཀྱིས། །མ་རིག་པ་དང་དངོས་པོ་གང་། །བཏང་སྙོམས་རྣམས་ནི་སྤྱོད་པར་བྱེད། །འགོག་པ་མེད་ཅིང་ཞེན་པ་མིན། །རང་གིས་མྱོང་ཞིང་རྒྱུན་མི་འཆད། །གསལ་བ་དང་ནི་སྟོང་པ་དང་། བདེ་བ་རྣམ་པ་གསུམ་དག་ནི། །དབྱེར་མི་ཕྱེད་པས་གཉུག་མ་ཉིད། །ལོངས་སྤྱོད་རྫོགས་དང་སྤྲུལ་པ་ཉིད། །བདེ་གསལ་དག་ལ་བརྟེན་པས་འགྲུབ། །སྟོང་པས་ཆོས་ཀྱི་སྐུ་ཡིན་ཏེ། །སྣང་བ་དང་ནི་རང་སེམས་དང་། །གཉིས་མེད་ལྷན་ཅིག་སྐྱེས་ལས་བྱུང་། །གནས་ལུགས་ཐབས་དང་འབྲས་བུ་ནི། །བསམ་མི་ཁྱབ་དང་བསམ་དུ་མེད། །སྤངས་པ་རང་བྱུང་ཡོན་ཏན་གཞི། །རྒྱུད་འདི་ཡི་ནི་མཚན་ཉིད་ཡིན། །དེ་ནས་ཕྱག་ན་རྡོ་རྗེ་ཡིས། །རྡོ་རྗེ་འཆང་བ་ལ་གསོལ་བ། །སེམས་ཉིད་ཅིར་ཡང་མེད་པ་སྟེ། །ཡིད་ལ་

(༢༢༣)ཕ་བརྒྱུད་མ་རྒྱུད་ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་ལ་གཏོགས་ཚད་ཀྱི་ཀླད་དོན་གྱི་གཞུང་བཞུགས།

(༢༢༤)ཨོཾ་སརྦ་སྭ་སྟི་སིདྷི་ཧཱུྃ། རྒྱལ་བ་ཤཱཀྱ་ཐུབ་པ་ཡོངས་སུ་མྱ་ངན་ལས་འདས་ཀར། རིག་འཛིན་གྱི་རྒྱལ་པོ་ཀུ་མ་རས་ཞུས་པ། ཐུན་མོང་གི་ཆོས་རྣམས་གསུངས་པ་ལགས་ཀྱང་། རྒྱུ་འབྲས་ལས་འདས་པའི་བདུད་རྩི་ཚིག་གསུམ་མ་གསུངས་སོ། །ཞེས་ཞུས་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་བརྩལ་པ། ང་སྟོན་པ་གཅིག་གི་ཞལ་ནས་བསྟན་པ་གཉིས་གསུང་མི་ཉན་པའི་ཕྱིར་ན། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །མ་ལ་ཡ་ཞེས་བྱ་བའི་རིར། །གཏུམ་དྲག་ཅན་གྱི་རྒྱལ་པོ་འབྱུང་། །གསུངས་པ་ལས། །སངས་རྒྱས་ཀྱི་སྐུའི་སྤྲུལ་པ་ཤཱཀྱ་ཐུབ་པ་འདས་ནས་ལོ་ཉི་ཤུ་ལོན་པའི་དུས་སུ་རྒྱལ་པོ་ཛ་སྐུ་འཁྲུངས་པ་སྟེ། དེ་ནས་ལོ་བཅུ་དང་སྤྱིར་ལོ་སུམ་བཅུའི་ནམ་གྱི་སྲོད་ལ། ལྟས་ཆེན་པོ་བཅོ་བརྒྱད། ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་ནས་གསང་མཆོག་གི་ཀུན་ཏུ་རྒྱལ་པོ་ཡིས། ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུར་རྣམ་པར་འཕྲུལ་པ་ཀུན་ཏུ་བཟང་པོ་ཡབ་ཡུམ་ཞེས་ཀྱང་བྱ། རྡོ་རྗེ་ཡིད་དང་རྡོ་རྗེ་ཆོས་ཞེས་ཀྱང་བྱ། མིང་གཉིས་ལ་དོན་ཅིག་པའི་བསྟན་པ། ལུང་ཨ་ནུ་ཡོ་ག་སངས་རྒྱས་ཐམས་ཅད་ཀྱི་previous hit དགོངས next hit་འདུས་པ་རི་མོ་ལྟར་འབར་བའི་དུར་ཁྲོད་དུ་ཆར་བཞིན་དུ་བབ་པའོ། །རྣལ་འབྱོར་ཆེན་པོ་བླ་ན་མེད་པ་སྒྲུབ་པ་བཀའ་བརྒྱད། རྒྱུད་སྡེ་བཅོ་བརྒྱད་ཀྱི་འབྲེལ་ཚུལ་ཡོད་པ་དང་། སྒྲུབ་པ་བཀའ་རེ་རེ་ལ་ཡང་རྒྱུད་བཅོ་བརྒྱད་ཀྱི་འབྲེལ་ཚུལ་ཡོད་པ་སྟེ། སིངྒ་ལའི་དུར་ཁྲོད་དུ། ཕྱི་རྒྱུད་གསུམ་ཆར་དུ་བབ་པ་ལས། བཀའ་དང་རྒྱུད་གཉིས་ཡིན་

(༢༢༥)སངས་རྒྱས་ཀྱི་ཞལ་ནས་གསུངས་པ་རྣམས་བཀའ་ཡིན་ལ། ཆར་བཞིན་དུ་བབ་པ་རྣམས་རྒྱུད་ཡིན་པའི་ཕྱིར། དེའི་ཕྱིར་ན། རྒྱུད་ལུང་མན་ངག་གསུམ། རྒྱལ་པོ་ཛའི་དག་སྣང་ལ་ཆར་བཞིན་དུ་བབ་པའི་ཚུལ་བསྟན་ཞིང་། ཀུན་ཏུ་བཟང་པོ། ཤཱཀྱ་ཐུབ་པ་ཐ་དད་མེད་པའི་སྤྲུལ་པ། རྒྱལ་པོ་ཛ་ཡིས། ཀུན་མཁྱེན་ཀུན་རིག །ཀུན་རྫོགས་པ་ཐམས་ཅད་མཁྱེན་ཞིང་ཐམས་ཅད་གཟིགས་ནས་འཛམ་བུའི་གླིང་ལ་སོགས་པ་ཁམས་གསུམ་དུ། དབང་པོ་རབ་ཀྱི་གདུལ་བྱ་རྣམས་ལ་དར་ཞིང་རྒྱས་པར་མཛད་པ་སྟེ། དེའི་ཕྱིར་ན། འཇམ་དཔལ་སྐུའི་ལྷ་ཚོགས། ཡང་དག་ཐུགས་ཀྱི་ལྷ་ཚོགས། པདྨ་གསུང་གི་ལྷ་ཚོགས། ཆེ་མཆོག་ཡོན་ཏན་གྱི་ལྷ་ཚོགས། བདུད་རྩི་སྨན་གྱི་ལྷ་ཚོགས། ཕུར་པ་ཕྲིན་ལས་ཀྱི་ལྷ་ཚོགས། མ་མོ་རྦོད་སྟོང་གི་ལྷ་ཚོགས། འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས། སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་ཀྱི་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་རྩ་བའི་རྒྱུད་ཆེན་པོ་ནི། དུར་ཁྲོད་གསང་བ་ཁུ་བྱུག་རོལ་པའི་རྒྱུད་ནི། ཐམས་ཅད་ཀྱི་རྩ་བའི་རྒྱུད་ཡིན་པ་སྟེ། ཡང་ན་མ་རྟོགས། ལོག་རྟོགས། ཕྱོགས་རྟོགས་གསུམ་གྱི་རྩ་བའི་རྒྱུད། སྤྱི་རྒྱུད་འདི་ལས་མ་བྱུང་བ་དང་། མ་འཕྲོས་པ་གང་ཡང་མེད་པ་ཡིན་པའི་ཕྱིར་ན། ཀུན་གྱིས་དེ་ལྟར་དུ་ཤེས་པར་མཛོད། ཅིའི་ཕྱིར་ན། དུར་ཁྲོད་གསང་བ་ཁུ་བྱུག་རོལ་པའི་རྒྱུད་ཀྱི་previous hit དགོངས next hit། ཀུན་ཏུ་བཟང་པོ་ཡབ་ཡུམ་སྲས་དང་སྲས་མོའི་ཚུལ་དུ། རིགས་ལྔ་ཡབ་ཡུམ་བཅུ་སྤྲུལ་པའི་སྐུ་གྲངས་ཅན་གྲངས་མེད་རྣམས་དང་། བྱང་ཆུབ་སེམས་དཔའ་དང་། སེམས་མའི་ཚོགས་ཐམས་ཅད་རྣམ་པར་འཕྲུལ་ཞིང་། ཞི་བ་ལྷུན་གྱིས་གྲུབ་པའི་ལྷ་ཚོགས་རྣམས་ཀྱི་རྒྱུད་ལུང་མན་

(༢༢༦)ངག་ཕྱོགས་མེད་དུ་འཕྲོས་ཤིང་། ཞི་བའི་དཀྱིལ་འཁོར་རྒྱས་སྡུས་ཀྱིས་ཆོས་ཀྱི་དབྱིངས་རབ་འབྱམ། ཁྱབ་པར་མཛད་པའི་དུས་སུ། གདུག་པ་ཅན་རྣམས་ཞི་བས་འདུལ་བར་མ་གྱུར་པའི་ཕྱིར་ན། དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་ཀྱི་ཐུགས་ཀར་སྐད་ཅིག་གིས་བསྡུས་ཤིང་། ཁྲོ་བོ་རྨད་དུ་བྱུང་བའི་ལྷ་ཚོགས་རྣམས་ཀྱི་དཀྱིལ་འཁོར་རྒྱས། སྡུས་ཆོས་ཀྱིས་དབྱིངས་ལྟར་ཁྱབ་པར་རྣམ་པར་འཕྲུལ་ཞིང་། ཁྲག་མཐུང་ཧེ་རུ་ཀ །སྒྲུབ་པ་བཀའ་བརྒྱད་ཀྱི་རྒྱུད་ལུང་མན་ངག་ཆོས་ཀྱི་དབྱིངས་དང་མཉམ་པར་འཕྲོས་པ་ནི་འདི་ལྟ་སྟེ། པདྨ་གསུང་གི་ལྷ་ཚོགས་ཀྱི་རྒྱུད་ཀྱི་རྩ་བ། ཟླ་གསང་ཐིག་ལེ་ལས་དུམ་བུ་གསུམ་དུ་ས་གཅོད་པའི་ཕྱིར་ན། རྒྱུད་ཀྱི་གོང་གི་དུམ་བུ་ཡིས། །དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་བདེ་བ་དང་དགྱེས་པར་སྦྱོར་བ་ཡིས། དགའ་བཞིའི་ལྔ་ལས་དགྱེས་པ་རྡོ་རྗེ་ཡབ་ཡུམ་ཀྱི་ལྷ་ཚོགས་རྣམ་པར་འཕྲུལ་པ་སྟེ། དགྱེས་པའི་ལུགས་དང་། རྣམ་པར་འཕྲུལ་པའི་གླེང་བཞི་དང་འཕྲིན་ལས་བསྒྲུབ་ཚུལ་སྣ་ཚོགས་པ་བྱིན་གྱི་རླབས་ཤིང་སྟོན་པའི་ཕྱིར་ན། རྩ་བའི་རྒྱུད་ཟླ་གསང་ཐིག་ལེའི་དུམ་བུ་གོང་མ་ལས། དགྱེས་པ་རྡོ་རྗེ་སྐུ་གསུང་ཐུགས་ཀྱི་རྒྱུད་འཕྲོས་པ་ནི། དེ་ཁོ་ན་ཉིད་ཀྱི་སྒྲོལ་མ་འབྲས་བུ་ཐུགས་ཀྱི་རྒྱུད། བཛྲ་ཨ་ར་ལི་སྐུའི་རྒྱུད་དང་། རི་གི་ཨ་ར་ལི་གསུང་གི་རྒྱུད་དང་། དགྱེས་པ་རྡོ་རྗེ་སྐུ་གསུང་ཐུགས་ལས། སྐུ་གསུམ་གསང་བའི་རྒྱུད་འཕྲོས་པ་ཡིས། ཆོས་ཀྱི་སྐུ་དྲི་མ་མེད་པ་ངོ་སྤྲོད་པའོ། །སྐུ་གསུང་ཐུགས་ཀྱི་རྒྱུད་གསུམ་ལས། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་འཕྲོས་ནས། སྐུ་གསུང་ཐུགས་ཀྱི་རྒྱུད་གསུམ་བཅུ་རྒྱས་པར་བཤད་ཅིང་ངོ་སྤྲོད་པ་སྟེ། ཕྱག་རྒྱ་ཆེན་པོ་ཡེ་ཤེས་ཐིག་ལེའི་རྒྱུད་འཕྲོས་ནས། རྒྱུད་གོང་མ་ལྔ་བརྒྱས་གཅིག་རྒྱབ་གཅིག་གིས་

(༢༢༧)བསྐྱོང་ནས་བཤད་པའོ། །དེའི་ཕྱིར་ན། ཐིག་ལེ་སྙིང་པོའི་རྒྱུད་ཀྱིས། རྒྱུད་དྲུག་ཏུ་བསྡོམས་ཤིང་སྒྲ་དང་དོན་སོ་སོར་འབྱེད་པའི་ཕྱིར་ན། ཕྱག་རྒྱ་ཆེན་པོ་ཐིག་ལེ་དང་། ཡེ་ཤེས་ཐིག་ལེའི་རྒྱུད་ན། རྒྱུད་དེ་རྣམས་སོ་སོར་འབྱེད་ཅིང་། རྒྱུད་ཀྱི་རྣམ་གྲངས་མ་འདྲེས་ལ་ཡོངས་སུ་རྫོགས་པར་བསྟན་པ་ལས། བརྟག་པ་འབུམ་ལྔ་བཤད་པའི་རྒྱུད་གསུང་བ་ནི། རྒྱུད་ཀུན་གྱི་གླེང་གཞི་གསང་བ་ཆེན་པོ་ཁ་སྦྱོར་ཐིག་ལེའི་རྒྱུད་ཅེས་བྱ་བ་དང་། བརྟག་པ་འབུམ་ལྔ་ཞེས་བྱ་བ་གཉིས་ཚིག་ལ་ཐ་དད་ཡོད་ཀྱང་། དོན་ལ་ངོ་བོ་གཅིག་པའི་ཕྱིར་ན། རྣལ་འབྱོར་བླ་ན་མེད་པའི་ཕ་རྒྱུད། མ་རྒྱུད་ཐམས་ཅད་ཀྱི་རྒྱས་བཤད་ཡིན་པ་ལས་བརྟག་པ་བཅུ་ཚན་བཅུར་སྡོམ་པ་ལས། བརྟག་པ་དྲུག་བཅུ་ཚང་ཞིང་། བཞི་བཅུ་མ་ཚང་བའི་ཕྱིར་ན། མ་ཚང་བ་ཁ་སྐོང་བ་དང་། དགྱེས་པ་རྡོ་རྗེའི་རྒྱུད་ཐམས་ཅད་ཀྱི་སྤྱི་རྒྱུད་སྤྱི་ཆིངས་སུ་དཔལ་ཡང་དག་ཁ་སྦྱོར་ཐིག་ལེའི་རྒྱུད་ཐམས་ཅད་ཀུན་ལ་ཁྱབ་པ་ཡིན་པ་ལས་བརྟག་པ་བརྒྱ་སྟག་པ་འབུམ་ལྔར་རྒྱས་པར་བཤད་ཅིང་། སྟོན་པ་ནི། རྡོ་རྗེ་སྙིང་པོ། རྒྱན་གྱི་རྒྱུད་ན་ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་རྣམས་སོ་སོར་འབྱེད་ཅིང་། བརྟག་པའི་གྲངས་དང་། རྣ་གྲངས་འབྲེལ་ཚུལ། བྱེ་བྲག་རྣམས་སོ་སོར་འབྱེད་ཅིང་སྟོན་པ་སྟེ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་མ་ཐོས་ཤིང་མི་ཤེས་པར། ཕ་རྒྱུད་མ་རྒྱུད་ཀྱི་དམ་དུམ་རྩ་འགྲེལ་ཁྲག་ཁྲིག འཐོར་བ་འབྲེལ་མེད་རྣམས་ལ་ཉན་བཤད། ལྟ་རྟོག་བྱེད་པ་རྣམས་རྨོངས་པའི་ནང་ནའང་རྨོངས་པ་སྟེ། །དཔེར་ན་ལོང་བ་ལག་མྱོང་བྱེད་པ་དང་འདྲ་བའི་ཕྱིར་ན། ཀུན་གྱིས་གོ་ཞིང་ཤེས་པར་མཛོད། རྒྱུད་ཀྱི་གླེང་གཞི་

(༢༢༨)གསང་བ་ཆེན་པོ་ཁ་སྦྱོར་ཐིག་ལེའི་རྒྱུད་ན། ཚིག་ལྷུག་ཏུ་ཡོད་པ་ལས། བརྟག་པ་གཉིས་པ་འདི་བསྡུས་ཤིང་ཚིགས་བཅད་པའི་ཕྱིར་ན། བརྩོད་པ་མང་ཞིང་། ཐེ་ཚོམ་སྣ་ཚོགས་སུ་ཟ་བ་དེ། དེ་ལྟར་དུ་ཡིན་ནམ་མན་དགྱེས་པ་རྡོ་རྗེའི་རྒྱུད་ལུང་མན་ངག་རྣམས་ཀྱིས་ནི་ཟིན་པ་མི་འདུག་པའི་ཕྱིར་ན། རྒྱུད་འདི་དང་འདིས་ཟིན་པར་འདུག་ཅེས་བྱ་བའི་ཕྱིར། དགྱེས་པ་རྡོ་རྗེའི་རྒྱུད་ལ་ཀུན་གྱིས་ལྟ་རྟོག་མཛོད་དང་གསལ་བ་ཡིན། རྣལ་འབྱོར་ཆེན་པོ་བླ་ན་མེད་པ། ཐབས་ཀྱི་རྒྱུད་དང་ཤེས་རབ་ཀྱི་རྒྱུད་གཉིས། ལྷན་ཅིག་སྐྱེས་པ་དབྱེར་མེད་པར་སྦྱོར་བ་ལས། འདོད་ཆགས་ཐབས་ཆེན་པོའི་རྒྱུད། གང་གིས་ལེགས་པར་ཤེས་ན་ནི། ཚེ་འདིས་དངོས་གྲུབ་འབྱིན་པར་བཤད། ཕ་རྒྱུད་ཐམས་ཅད་ཀྱི་རྩ་བ་དུར་ཁྲོད་གསང་བ་ཁུ་བྱུག་རོལ་པའི་རྒྱུད་ལས། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པར་འབྱུང་བ་འཕྲོས་པ་སྟེ། དེ་ལས་གསང་བ་འདུས་པ་རླུང་དང་རྣམ་པར་རྟོག་པའི་གྲངས་སྟོང་ཕྲག་གཅིག་ཏུ་བསྡུས་པ་འཕྲོས་ཤིང་། དེ་ལས་རླུང་དང་རྣམ་པར་རྟོག་པའི་གྲངས་རྒྱས་པར་དབྱེ་བ། རྡོ་རྗེ་འཕྲེང་བ་འབུམ་ཕྲག་གསུམ་རྒྱས་པར་སྟོན་པ་འཕྲོས་པའོ། །previous hit དགོངས next hit་ལུང་བསྟན་སེམས་དང་སེམས་འབྱུང་། རླུང་གི་རྟ་ལ་ཞོན་པའི་དཔེ་ཡིས་མཚོན་པའི་རྣམ་གྲངས་སྟོང་ཕྲག་བཞི་སྟོན་པ་སྟེ། ལྷ་མོ་བཞིས་ཞུས་པའི་རྒྱུད་རླུང་སེམས་ཀྱི་ལྷག་མ་བརྒྱ་བདུན་བཅུ་བསྟོན་ཅིང་དམ་ཚིག་ཆེན་པོའི་རྒྱུད་ལས་དམ་ཚིག་བསྲུང་ལུགས་ལྔ་

(༢༢༩)བཅུ་ལྔ་སྟོན་ཞིང་དམ་ཚིག་བསྲུངས་ལུགས་རྒྱས་པར་སྟོང་ཕྲག་གཅིག་རྡོ་རྗེ་ལྔ་འདུས་ཀྱི་རྒྱུད་ཀྱིས་སྟོན་པའི་ཕྱིར་ན། ཕ་རྒྱུད་ཐམས་ཅད་ལས་བཏུས་པའི་རྒྱུད་ཐབས་དང་ཤེས་རབ་དབྱེར་མེད་ཀྱི་དོན་འབུམ་ཕྲག་གཅིག་སྟོན་པ་དང་། མཉམ་ཉིད་རྣམ་རྒྱལ་གྱི་རྒྱུད་ཀྱིས་ཕྱག་རྒྱ་བཞིའི་བྱེ་བྲག་ཉིས་བརྒྱ་བཅུ་སྟོན་ཞིང་། ཟླ་གསང་ཐིག་ལེའི་རྒྱུད་ཀྱིས། པདྨ་གསུང་གི་ལྷ་ཚོགས་དགྱེས་རྡོར་ལ་སོགས་པ། སྟོང་བརྒྱ་བདུན་སྟོན་པ་དང་། རྡོ་རྗེ་ས་འོག་སྤྱོད་པའི་རྒྱུད་ཀྱིས། ས་འོག་གི་གནས་བརྒྱ་ཉི་ཤུའི་བྱེ་བྲག་སྟོན་ཞིང་། གཅོད་པན་རྡོ་རྗེའི་རྒྱུད་ཀྱིས་མཁའ་སྤྱོད། གཅོད་པཎ་ཨུ་རྒྱན་གྱི་བྱེ་བྲག་བདུན་བརྒྱ་ལྔ་སྟོན་པའོ། །ཁྲོ་བོ་ཟླ་གསང་ཐིག་ལེའི་རྒྱུད་ཀྱིས་འཇམ་དཔལ་ཞི་ཁྲོའི་ལྷ་ཚོགས་ཀྱི་བྱེ་བྲག་འབུམ་ཕྲག་ལྔ་སྟོན་པའོ། །རྡོ་རྗེ་རྣམ་རྒྱལ་བརྒྱ་དང་དགུ་བརྒྱས། ཕ་རྒྱུད་ཐམས་ཅད་ཀྱི་ཆིངས། སྟོན་ཞིང་མཉམ་ཉིད་གསང་བའི་རྒྱུད་ཀྱིས། ཐབས་དང་ཤེས་རབ་དབྱེར་མེད། རྡོ་རྗེ་རིགས་ཀྱི་གནས་ལུགས་ཀྱི་བྱེ་བྲག་བརྒྱ་དང་སྟོང་ཕྲག་ལྔ་སྟོན་པའོ། །རྡོ་རྗེ་གསང་སྟོན་སྟོང་ཕྲག་ལྔ། རྡོ་རྗེ་གསང་མཛོད་སྟོང་ཕྲག་བདུན། ནོར་བུ་གསང་ཏིག་འབུམ་ཕྲག་གཅིག་དང་། རྒྱུད་འདི་གསུམ་གསང་བ་འདུས་པ་ལས་འཕྲོས་ཤིང་། རླུང་སེམས་རྣམ་རྟོག་གི་རྣམ་གྲངས་དེ་རྣམས་གྲངས་དེ་རྣམས་ངོ་སྤྲོད་ཅིང་། སྟོན་པའི་ཕྱིར་གསུངས་པའོ། །རྣམ་པར་སྣང་མཛད་སྒྱུ་འཕྲུལ་སྐུའི་ལྷ་ཚོགས་ཀྱིས་བྱེ་བ་སྟོང་སྟོན་པའོ། །རྡོ་རྗེ་གསང་སྟོན་གྱི་རྒྱུད་ཀྱིས་ཐབས་རྒྱུད་གྲངས་མང་པོ་ངོ་ཅིག་ཏུ་སྡོམ་པ་སྟོང་ཕྲག་གཅིག་སྟོན་པ་སྟེ། སངས་རྒྱས་ཐོད་པའི་རྒྱུད་ཀྱིས་མེ་ཏོག་

(༢༣༠)དགྱེས་རྡོར་ཆ་མཉམ་པའི་མན་ངག་ཉིས་བརྒྱ་སྟོན་ཞིང་། དེ་ཁོ་ན་ཉིད་ཀྱིས་རྟོག་པའི་བྱེ་བྲག་བརྒྱ་སྟོང་བདུན་སྟོན་པ་སྟེ། དམ་ཚིག་མངོན་པ་ཆེན་པོའི་རྒྱུད་ཀྱིས། དམ་ཚིག་བསྲུང་ལུགས་བརྒྱ་སྟོང་ཕྲག་གསུམ་ལས་འཕྲོས་པ། དམ་ཚིག་ས་མ་ཡ་འབུམ་སྡེའི་བསྲུང་ལུགས་སྟོན་པའོ། །འཇམ་དཔལ་དཔའ་བོ་རྩ་བའི་རྒྱུད་ཀྱིས་དུས་གསུམ་ཆོས་ཐམས་ཅད་ཀྱི་བྱེ་བྲག་འབུམ་ཕྲག་གཅིག་ལུང་སྟོན་པའོ། །གསང་ཆེན་བསྡུས་པའི་རྒྱུད་ཀྱིས་གསང་བའི་མཚན་བཞི་བཅུ་ལས། མཚན་བརྗོད་ལ་སོགས་པ་ཐམས་ཅད་ཀྱི་སྤྱི་ཆིངས་པ་བཅད་ལྟ་བུར་སྟོན་པའོ། །རིན་པོ་ཆེན་སྡོང་པོའི་རྒྱུད་ཀྱིས། ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་ཕྱི་མའི་དོན་བདུན་བརྒྱ་བསྟོན་པ་སྟེ། དུས་ཀྱི་ཐིག་ལེ་ཟེར་ཡང་། དུས་འཁོར་གྱི་རྒྱུད་ཀྱི་ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་རྩིས་བརྒྱ་བརྒྱད་བཅུ་སྟོན་པ་དང་། མཁའ་འགྲོ་བསྟན་བཅོས་ཟེར་ཡང་། རྡོ་རྗེ་གདན་བཞིའི་རྒྱུད་ཀྱིས། ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་ཚོགས་རྣམས་མཁའ་འགྲོ་སྡེ་ལྔར་ངོ་སྤྲོད་ཅིང་རྩི་བའི་ལྔ་བརྒྱ་ཚོ་བདུན་སྟོན་པའོ། །དུས་འཁོར་གདན་བཞི་གཉིས་ཀྱང་། དགྱེས་རྡོར་བརྟག་པ་འབུམ་ལྔར་གཏོགས་པའོ། །རྒྱུད་འདི་རྣམས་ཀྱི་དོན་ནི་ཕ་རྒྱུད་ཐམས་ཅད་རླུང་སེམས་གཉིས། མ་རྒྱུད་ཐམས་ཅད་ཀྱི་དོན་རྡོ་རྗེ་རིགས་ཀྱི་གནས་ལུགས་གསུམ། འདི་གཉིས་གཅིག་ཏུ་སྡོམ་པ་ལས་རྡོ་རྗེ་རིགས་ཀྱི་གནས་ལུགས་ལྔར་འདུས་ཤིང་། ཉམས་སུ་ལེན་པའི་གདམ་ངག་ཕྱག་རྒྱ་བཞིས་བསྒོམ་པ་སྟེ། འདི་རྣམས་བསྒོམ་ཞིང་རྟོགས་པའི་བྱེ་བྲག་གིས་སྐུ་བཞིའི་ཉམས་རྟོགས་ཕྱོགས་མེད་དུ་རྒྱས། རྡོ་རྗེ་འཆང་གིས་གསུངས་ཤིང་ཡང་དག་བསྟན། འདི་ནི་གཉིས་གཉིས་འཁྱུད་པ་ཡི། །

(༢༣༡)རྒྱུད་ཀྱི་བྱེ་བྲག་བསྟན་པའི་དོན། །རྣལ་འབྱོར་བླ་མ་མེད་པ་ཡི། །རྒྱུད་ཀྱི་བྱེ་བྲག་མང་ན་ཡང་། །གསང་བ་བཞི་བཅུའི་མཚན་ཅན་ཐབས་རྒྱུད་དང་། །ཐིག་ལེ་ཉི་ཤུ་རྩ་ལྔའི་རྣམ་གྲངས་མ་རྒྱུད་དེ། དེ་གཉིས་གཅིག་ཏུ་བསྡོམས་པ་ལས། །སྐུ་བཞི་ངོ་སྤྲོད་ཀྱི་གནད་ཀྱི་བྱེ་བྲག་གྲངས་ཅན་གྲངས་མེད་དུ་སྟོན་པ་རྣམས་སྐལ་ལྡན་རྣམས་ཀྱིས་མཁྱེན་པར་མཛོད། འཇམ་དཔལ་སྐུའི་ལྷ་ཚོགས་ཀྱི་རྩ་བའི་རྒྱུད་དང་། སྐུ་སངས་རྒྱས་མཉམ་སྦྱོར་གྱི་ལེའུ་ལྔ་ལས་འཕྲོས་པ་ལས། འཁོར་ལོ་བདེ་མཆོག་གདུག་པ་ཅན་འདུལ་བའི་ཐབས་དང་གླེང་གཞི་དང་བཅས་པ། རིགས་ལྔའི་བདེ་མཆོག་འཕྲོས་པ་སྟེ་རྒྱ་གར་སྐད་དུ། ཨི་བི་ཏ་ནོར། བོད་སྐད་དུ། ངེས་པར་བརྗོད་པ་བླ་མ་ལེའུ་བདུན་བཅུ་ཡོད་པ་འཕྲོས་ཤིང་། བདེ་མཆོག་གི་རྒྱུད་ཕྲན་མང་པོ་ཡོད་པ་རྣམས། ལེའུ་མཚམས་རྣམས་ལ། ཕར་ལ་འཕྲོས་ཤིང་། ཚུར་ལ་སྦྱོར་བ་སྟེ། །མཁའ་འགྲོ་ཀུན་སྤྱོད་ཀྱི་རྒྱུད་ལས། ངེས་བརྗོད་བླ་མར་བཤད་པ་ནི། །རྣལ་འབྱོར་མའི་གསང་བ་ཆེ་གསུངས་པའི་ཕྱིར་ན། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་ཐམས་ཅད་ཀྱི་ཡང་རྩ་བར་གསུངས་པས་སོ། །དེའི་ཕྱིར་ན། བདེ་མཆོག་ལ་གཏོགས་ཚད་འདི་རྣམས། འཇམ་དཔལ་སྐུའི་ལྷ་ཚོགས་ལས་འཕྲོས་ཤིང་། རྡོ་རྗེ་རིགས་ཀྱི་གནས་ལུགས་ལྔ་ཀ་རླུང་ལ་སོགས་པ་སྟོན་པའི་ཕྱིར་ན། མ་རྒྱུད་གཅིག་སུ་མ་ཡིན་ཞིང་། ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་ཡིན་པ་ཀུན་གྱིས་ཤེས་པར་མཛོད། དེའི་ཕྱིར་ན། འཇམ་པའི་རྡོ་རྗེ་དང་བདེ་མཆོག་གཉིས་མིང་མི་མཐུན་ཡང་དོན་གཅིག་ཡིན་པའོ། །རྡོ་རྗེའི་མཁའ་འགྲོའི་

(༢༣༢)རྒྱུད་འདི། ཨ་བི་ཏ་ནོད་བདེ་མཆོག་གི་རྒྱུད་ལས་འཕྲོས་ཤིང་། མ་ཧཱ་མ་ཡ་འདི། ངེས་པར་བརྗོད་པ་བླ་མའི་རྒྱུད་ཀྱི་ཆང་བསྒྲུབ་པའི་ལེའུ་ལས་འཕྲོས་པ་སྟེ། བདེ་མཆོག་ལ་གཏོགས་ཚད་ཐམས་ཅད། སྐུ་སངས་རྒྱས་སྙམ་སྦྱོར་གྱི་ལེའུ་ལྔ་ལས་འཕྲོས་པའི་ཕྱིར་ན། ཁྱོད་བོད་ཀྱིས་བདེ་མཆོག་འདི་རྣམས་ལ་འཕྲོས་པ་དང་སྦྱོར་བ་དང་། སྦྱོར་བ་མི་འདུག་པའི་ཕྱིར་ན། བདེ་མཆོག་མཁན་པོ་ཐམས་ཅད་རྟོག་དཔྱོད་ཞིང་། སྐུ་རྒྱལ་བོད་ཀྱི་ཡུལ་རིགས་གསུམ་མགོན་པོའི་སྤྲུལ་པ། མེས་དབོན་རྣམ་གསུམ་བྱོན་པ་སྟེ། བོད་མཐའ་འཁོབ་ཀྱི་ཡུལ་དུ་ཐེག་པ་དགུའི་བསྟན་པ་དར་བར་མཛད་པའི་ཕྱིར། བསམས་བཞིན་དུ་སྲིད་པ་ཉེ་བར་བླངས་ནས་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཉམས་སུ་སྐུ་འཁྲུངས་པའི་དུས་སུ། རྒྱ་གར་ཆོས་ཀྱི་རྒྱལ་པོའི་མངའ་རིས་སུ་མཁན་པོ་བོ་དྷི་སཏྭ། བྷི་མ་ལ་མུ་ཏྲ། པདྨ་སཾ་བྷ་བ་ལ་སོགས་པ། སྤྲུལ་པའི་སྐུའི་པཎྜི་ཏ་མང་པོ་བྱོན་ཞིང་བཞུགས་པའི་དུས་སུ། བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ནས་དབུ་བྱས། སྤྲུལ་པའི་སྐུའི་ལོ་ཙ་བ་མང་པོ་དང་། ཐོན་མི་ཆུང་སམ་བྷོ་ར་ལ་སོགས་པ་སྤྲུལ་པའི་སྐུའི་ཡིག་མཁན་མང་པོ་དང་། ཚེ་རབས་མང་པོ་ནས་སྨོན་ལམ་བཏབ་པའི་ལོ་པཎ་རྒྱལ་བློན་སྤྲུལ་པའི་སྐུ་རྣམས་དུས་མཚུངས་ཤིང་། འཛམ་བུ་གླིང་པའི་རིན་ཆེན་སྣ་ཚོགས་ལ་སོགས་ཟས་ནོར་ཐམས་ཅད་རྒྱལ་པོའི་མངར་བསྡུས་པ་རྣམས། རྒྱ་གར་དང་། བོད་ཀྱི་ཡུལ་འབྲེལ་པ་ཙམ་གྱིས། ཟས་ནོར་རྣམས་ལོ་ཙ་བ་རྣམས་ཀྱིས་ཁྱེར་ཞིང་། རྒྱ་གར་གྱི་རྒྱལ་པོ་རྣམས་ལ་ཡུལ་

(༢༣༣)ནས། པཎྜི་ཏ་རྣམས་དང་། བཀའ་ཐེག་པ་དགུའི་ཆོས་མུས་ཤིང་ལུས་པ་མེད་པ་རྣམས་གདན་དྲངས་ཤིང་བསྒྱུར་ནས། ཡིག་འབྲུ་ཙམ་ཚང་བ་ལ་ཡང་། རིན་པོ་ཆེ་སྣ་ཚོགས་འཆར་བཞིན་འབབས་ཤིང་། དཀའ་ལས་སྣ་ཚོགས་ཀྱིས་མ་འགྱུར་བ་ཐམས་ཅད་འགྱུར་དུ་བཅུག །མ་ཚང་བ་ཐམས་ཅད་ཚང་དུ་བཅུག་པ་སྟེ། ཁྲི་སྲོང་ལྡེ་ཙན་གྱི་ཚའོ་སད་ལེགས་འཇིང་ཡོན་གྱི་བུ་ཆུང་བ། ཨ་ནང་འུ་ནང་སྟག་གི་བུ་སྟག་ནམ་མཁའི་ལྷ་གཟུངས་སྤྲུལ་པའི་སྐུར་བྱོན་ནས། བི་མ་ལ་མུ་ཏྲ། པདྨ་སམ་བྷ་བ། སྣུབས་ནམ་མཁའ་སྙིང་པོ་ལ་སོགས་པ། མཁས་ལ་གྲུབ་པ་ཐོབ་པའི་ལོ་པཎ་ཐམས་ཅད་ཀྱི་previous hit དགོངས next hit་གཅིག་ཏུ་བསྡུས་པ། བཀའ་ཐེག་པ་དགུའི་སྒྲ་དོན་རྩལ་རྫོགས་ཤིང་གྲུབ་པ་ཐོབ་པ་སྟེ། ཁྱད་པར་དུ་ཡེ་ཤེས་རྒྱ་མཚོ་ཀྱཻ་རྡོ་རྗེ་ལ་གཏོགས་ཚད། བདེ་མཆོག་འཁོར་ལོ་གཏོགས་ཚད། ཕ་རྒྱུད་ལ་གཏོགས་ཚད། ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་ལུང་མན་ངག་ལ་གཏོགས་ཚད་རྣམས་དུས་དེ་ནས་བདེ་ལ་འགྱུར་བ་སྟེ། སྟག་ནམ་མཁའི་ལྷ་གཟུངས་མན་ཆོད། མིང་ཡོངས་སུ་གྲགས་པ་ཀརྨ་པ་ཡན་ཆོད་དུ། སྒྲ་དོན་གཉིས་ཀྱི་འབྲེལ་པ་རྒྱུན་ཆད་མེད་ཅིང་། གྲུབ་རྟགས་ཡོན་ཏན་བར་མ་ཆད་པ་ཡིན་པའི་ཕྱིར་ན། མ་འོངས་པའི་གདུལ་བྱ་རྣམས་ཀྱི་ཡིད་ཆེས་ཞིང་། རྒྱུད་ལུང་མན་ངག་གི་སྒྲ་ལ་མཁས་ཤིང་དོན་རྣམས་རྟོགས་ནས། སྐུ་ལྔའི་སངས་རྒྱས་རང་ལ་རྫོགས་པར་མཛོད། ན་ནིང་ཕྱིས་ལོ་པཎ་སྤྲུལ་པའི་སྐུ་རྣམས་གཤེགས་ཤིང་། རྒྱལ་པོའི་རྒྱལ་ཁྲིམས་ཞིག་རྒྱབ་ཏུ། བོད་ཀྱི་ལོ་ཙཱ་བ་

(༢༣༤)རྣམས། ཡར་ལ་སྐྱེལ་ཞིང་ཟས་ནོར་འཁྱེར་རྒྱུ་མེད། མར་ལ་གསུང་མི་བྱེད་པ་རྣམས་རྒྱ་གར་ལ་སོང་ཞིང་། སྔར་བདེ་ལ་འགྱུར་བའི་ཆོས་སམ། མ་འགྱུར་བའི་དམ་དུམ། རྩ་རྩེ་ཁྲགས་ཁྲིགས་བོད་ལ་འགྱུར་བ་དང་མི་འདྲ་བའི་ཕྱིར་ན། མིང་ཡོངས་སུ་གྲགས་པ་ཀརྨཱ་པ་ལ་རྒྱུད་པའི། ཕ་རྒྱུད་མ་རྒྱུད། ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་ལུང་མན་ངག་རྣམས་བསྒྲུབ་པ་བཀའ་བརྒྱད་པས་འཕྲོས་ཤིང་། ད་ལྟར་གྱི་བར་དུ་སྐུ་བཞི་ངོ་སྤྲོད་ཀྱི་གནད་ལ་གྲུབ་པ་ཐོབ་པ་རྒྱུད་མ་ཆད་པ་ཡིན་པ་ཀུན་གྱིས་མཁྱེན་པར་མཛོད། རྒྱུད་ཀྱི་གླེང་གཞི་འབྲེལ་ཚུལ་འདི་རྣམས། བདེ་མཆོག །ཡེ་ཤེས་རྒྱ་མཚོ། ཀྱཻ་གསང་འདུས་ལ་སོགས། ཕ་རྒྱུད་ལ་གཏོགས་ཚད་ཀྱི་ཀླད་དོན་ཡིན་པའི་ཕྱིར་ན། ཐམས་ཅད་ཀྱི་དབུར་བྲིས། གང་དང་གང་ཉན་བཤད་བྱེད་ཀྱང་། དང་པོར་འདི་བཤད་ཅིང་འབྲེལ་ཚུལ་ཀུན་ལ་གོར་ཆུག །དེ་ལྟར་དུ་མ་བྱས་ན། མགོ་མེད་འཇུག་མེད་དམ་དུམ་ཁྲིགས། དེ་ལྟར་ཁ་ཕྱར་ཁ་འཁྱིལ་རྣམས་ཀྱིས། རང་དྲན། རང་ཤེས། རང་གར་འཇུག་པ་རྣམས་སྟོན་པ་ལྔའི་བསྟན་པ་དང་འབྲེལ་པ་ཆད་པ་མངོན་སུམ་ཚད་མ། དེ་ལྟ་བུ་ལ་བསྐལ་པ་སྟོང་གི་བར་དུ་བཤད་བསྒོམ་བྱས་ཀྱང་། ངལ་བ་དོན་མེད་སྡུག་བསྔལ་གྱི་རྒྱུ་ཡིན་པར་ཐལ་རིགས། བཀྲ་ཤིས་དཔལ་འབར༴ བསྟན་པ་རྒྱས་འབར་གསང་མཆོག་འཛམ་གླིང་རྒྱན་དུ་ཤོག །།

(༢༣༥)གསང་སྔགས་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ཆེན་པོ་རྣམས་ཀྱི་བཞེད་པ་སོ་སོར་འབྱེད་པར་བྱེད་པ་མ་ཧཱ་ཡོ་ག་གསར་མའི་རྒྱ་མཚོ་མཐའ་ཡས་བཞུགས་སོ། །

(༢༣༦)རྒྱ་གར་སྐད་དུ། མ་ཧཱ་ཡོ་ག །བོད་སྐད་དུ། རྣལ་འབྱོར་ཆེན་པོ་གསར་མ་སྟོན་པ་བསྟན་པ་ལྔའི་རྒྱ་མཚོ་མཐའ་ཡས་ལས། ཁྱད་པར་དུ་རྣལ་འབྱོར་བླ་ན་མེད་པ་གསར་མའི་སྟོན་པ་བསྟན་པ་རྣམས་ལ་ཕྱག་འཚལ་ལོ། །ཕ་རྒྱུད་མ་རྒྱུད་ཐམས་ཅད་ཀྱི་རྒྱུད་སྡེ་གྲངས་མང་བར་གསུངས་ན་ཡང་། ཐབས་དང་ཤེས་རབ་དབྱེར་མེད་པའི་རྒྱུད་དུ་འདུས་པ་སྟེ། རྒྱུད་ཅེས་བྱ་བ་རྒྱུན་ཡིན་ཏེ། རྒྱུན་མི་འཆད་པས་རྒྱུད་ཅེས་བྱ། འབྲེལ་དང་མ་ཚང་མེད་པ་དང་། ཕུན་སུམ་ཚོགས་པས་རྒྱུན་དུ་བཤད། དེའི་ཕྱིར་ན། ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རྒྱུད་དང་རྒྱུད་ཀྱི་ཕྱི་མ་སྟེ། ཕྱི་མ་ལས་ཀྱང་ཕྱི་མ་སྟེ། །རྒྱུད་རྣམས་ཀུན་གྱི་རྩ་རྒྱུད་ནི། །དངོས་པོ་གཤིས་ཀྱི་གནས་ལུགས་ཡིན། །ཐེག་པ་དྲུག་གི་སྒྲ་དོན་རྣམས། །ཐེག་པ་གཅིག་ཏུ་རྫོགས་པ་ནི། །རྣལ་འབྱོར་ཆེན་པོ་བླ་ན་མེད། །ཆོས་སྐུའི་བསྟན་པ་བསམ་མི་ཁྱབ། །དེའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ། །རྡོ་རྗེ་འཆང་གིས་གསུངས་པའི་རྒྱུད་ཀྱི་སྒྲ་དང་དོན་ཐམས་ཅད་གསལ་ཞིང་རྟོགས་པར་བྱ་བའི་ཕྱིར། བསྟན་བཅོས་ཐམས་ཅད་རྩིས་མགོ་རྣམ་པ་ལྔ་ཡིས་སྟོན་པ་སྟེ། དེ་དང་དེའི་སྒྲ་དང་དོན་རྣམས་རྒྱུད་དང་

(༢༣༧)ལུང་དང་མན་ངག་རྣམས་གནས་ལུགས་རྣམ་པ་བཞིར་ངོ་སྤྲད་ནས། རྒྱས་པར་དབྱེ་ཞིང་སྒྲ་དོན་གཅིག་ཏུ་འདུས་པར་སྟོན་པའི་ཕྱིར་ན། མཁྱེན་པ་གཉིས་དང་ལྡན་པའི་སྒོམ་ཆེན་པ་རྣམས་ལེགས་པར་ཉོན་ཅིག །རྡོ་རྗེ་འཆང་གིས་གསུངས་པའི་རྒྱུད་ཀྱི་previous hit དགོངས next hit། །ཕུན་སུམ་ཚོགས་པ་རྣམ་པ་ལྔ། རྒྱུད་ཀྱི་ལུང་གཙོ་བོར་བྱས་ནས་མདོར་བསྡུས་ཏེ་བསྟན་པའོ། །གླེང་གཞི་བསྡུས་དང་རྒྱས་པ་ཡིས། རྒྱུད་ཀུན་གྱི་ནི་རྩ་བ་ཡིན། །གླེང་བསླང་བའི་ཁྱད་པར་གྱིས། །ཡི་གེ་གསུམ་དང་ལྡན་པ་ཡི། །བསམ་མི་ཁྱབ་ཀྱི་རྩ་བར་སྟོན། །ལྔ་ཡི་ཕུན་སུམ་ཚོགས་པ་ཅན། །ཨེ་ཝཾ་ལས་ནི་ཡང་དག་འབྱུང་། །དེ་ཡང་ཨེ་ཝཾ་ཉིད་དུ་གནས། །ངོ་མཚར་བ་ནི་ལམ་ཡིན་ཏེ། །ལམ་ནི་སྙིང་པོ་ཉིད་དུ་གྲོལ། །བྱམས་པ་ཆེན་པོའི་ཏིང་ངེ་འཛིན་གྱིས། །འཆི་བདག་བདུད་ནི་རབ་ཏུ་འཇོམས། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། །ལྟ་བུའི་བདུད་ཀྱི་ཕྱེད་པ་མིན། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན། །ཕུང་པོ་ལས་ནི་རྒྱས་བཏབ་མཆོག །རྣམ་པར་མི་རྫོགས་ཁྱད་པར་གྱིས། །ཉོན་མོངས་བདུད་ནི་ཞི་བ་རྟོག །དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་དང་ལྡན་པ་སྐལ་བ་ཡིན། །མྱ་ངན་ལྡན་པའི་འཁོར་བ་ཉིད། །དེ་ཉིད་ཤེས་པ་མྱ་ངན་འདས། །བདེ་བར་གཤེགས་པ་ཐམས་ཅད་ནི། བཞུགས་དང་བཞེངས་དང་གཟིམས་པ་དང་། །འཆག་པ་སྐུ་ཡི་ཕྲིན་ལས་ཡིན། །ཨེ་ཝཾ་ལྡན་པའི་གསུང་རབ་ནི། །ལྔ་ཡི་

(༢༣༨)རྒྱུད་ནི་གསུང་ཉིད་ཡིན། །ནང་དུ་བཞུགས་དང་ཡང་དག་གཞག །ཐུགས་ཀྱི་ཕྲིན་ལས་ཡེ་ཤེས་ཀྱིས། །གསུང་བའི་ཕྱིར་ན་རྡོ་རྗེ་བོ། །ལོ་ཙ་ན་དང་མཱ་མ་ཀི། །གོས་དཀར་ཅན་གྱི་ཆོས་འབྱུང་བ། །བཙུན་མོ་རྣམས་ཞེས་བཤད་པ་ཡིན། །བྷ་ག་ཝ་ཏི་བཅོམ་ལྡན་འདས། བྷ་ག་གནས་སུ་གྲགས་པས་ཏེ། །དག་པ་དྲི་མ་མེད་མཚན་ཉིད། །ལམ་དང་འབྲས་བུར་གྲགས་པ་ནི། །བརྡ་ཡི་ཁྱད་པར་གནས་ཀྱི་མཆོག །གནས་དེར་སྟོན་པ་བཞུགས་ནས་ནི། །རྒྱུད་རྣམས་ཀུན་གྱི་བསྡུད་བྱེད་ཡིན། །མ་ནོར་པ་ལ་གཤེགས་ཕྱིར་དང་། འགྲོ་བའི་དོན་ལ་དེ་མཚུངས་ཕྱིར། །དེ་བཞིན་གཤེགས་ཞེས་བཤད་པ་ཡིན། །གཉིས་མེད་གཉིས་སུ་མི་གཡོ་ཞིང་། །གཉིས་ཀྱིས་གཉིས་སུ་མི་བསྐྱོད་པས། །མི་སྐྱོད་པར་ནི་རིགས་པ་ཡིན། །སྤྲོས་པ་མེད་ཅིང་འདོད་འབྱུང་བས། །རིན་ཆེན་འབྱུང་གནས་ཞེས་ནི་བཤད། འདམ་སྐྱེས་པདྨ་ཇི་བཞིན་དུ། །འཁོར་བ་མ་སྤངས་སྐྱོན་མི་གསོ། །སྣ་ཚོགས་འབྲས་བུར་ཤར་གྱུར་པ། །མཐའ་ཡས་པདྨའི་རྒྱལ་པོའོོ། །རྟོགས་པ་ལས་ནི་དོན་འབྱུང་ཞིང་། །རང་ལ་གྲུབ་པར་ཤེས་ནས་ཀྱང་། །རང་བཞིན་ཇི་ལྟ་བར་གནས་པ། །གཞན་ལ་སྦྱོར་བས་དོན་ཡོད་མཐོང་། །རྣམ་རྟོག་ཡེ་ཤེས་ཆེར་རྟོགས་པས། །དགྲ་བཅོམ་ཞེས་ནི་བཤད་པ་ཡིན། །གཉུག་མའི་མཐའ་ཡིས་མ་གོས་པ། །ཡང་དག་ཉིད་དུ་རིག་པར་བྱ། །རྒྱུ་དང་རྐྱེན་གྱིས་མ་སྐྱེད་པ། །རྫོགས་པའི་ཚད་དུ་གསུངས་པའོ། །སྤངས་དང་ཡེ་ཤེས་ཚོགས་པ་ཅན། །སངས་རྒྱས་ཞེས་ནི་གྲགས་པ་ཡིན། །དབྱེར་མི་ཕྱེད་པས་རྡོ་རྗེ་སྟེ། །ལྡན་པའི་དོན་གྱིས་འཆད་པ་ཡིན། །

(༢༣༩)ཡེ་ཤེས་མཐའ་ཡིས་མ་གོས་པའོ། །སྲིད་པ་གསུམ་ནི་གསུངས་པའི་ཕྱིར། །སེམས་དཔའ་ཞེས་ནི་གྲགས་པ་ཡིན། །ཆེན་པོ་དོལ་པ་རྣམ་པ་གཉིས། །རྒྱུན་ཆད་མེད་ཕྱིར་གསུངས་པ་ཡིན། །སྤྱན་མ་དངོས་པོ་མ་གཟིགས་པས། །ས་རྣམས་དེ་བཞིན་ཉིད་དུ་ཤེས། །རྒྱུན་དག་པ་ནི་མཱ་མ་ཀི། །ཆུ་རྣམས་དེ་བཞིན་ཉིད་དུ་ཤེས། །གོས་དཀར་མོ་ནི་པདྨའི་མདངས། །མེ་རྣམས་དེ་བཞིན་ཉིད་དུ་ཤེས། །སྒྲོལ་མ་ཀུན་དུ་རྒྱུ་བ་ཅན། །རྒྱུད་རྣམས་དེ་བཞིན་ཉིད་དུ་ཤེས། ཕྱོགས་ཆ་མེད་པ་བྱམས་པའོ། །རང་བཞིན་མ་དམིགས་འཇམ་པའི་དབྱངས། །མེ་ལོང་ཡེ་ཤེས་པའི་སྙིང་པོ། །གཟུགས་ཀྱི་སྐྱེ་མཆེད་ལྷན་ཅིག་སྐྱེས། །ཆོས་ཀྱི་དབྱིངས་ནི་རྡོ་རྗེ་འཛིན། །སྒྲ་ཡི་སྐྱེ་མཆེད་ལྷན་ཅིག་སྐྱེས། །ནམ་མཁའ་སྙིང་པོ་མཉམ་པ་ཉིད། །དྲི་ཡི་སྐྱེ་བ་ཆེད་ལྷན་ཅིག་སྐྱེས། །སོ་སོར་རྟོག་པ་འཇིག་རྟེན་དབང་། །རོ་ཡི་སྐྱེ་མཆེད་ལྷན་ཅིག་སྐྱེས། །བྱ་བ་ནན་ཏན་སྒྲིབ་རྣམས་སེལ། །རེག་གམ་སྐྱེད་མཆེད་ལྷན་ཅིག་སྐྱེས། །ཀུན་དུ་བཟང་པོ་བསམ་མི་ཁྱབ། །འཁོར་དང་མྱང་འདས་དབྱེར་མི་ཕྱེད། །རྟོགས་པས་འཁོར་བ་ལས་རྣམ་རྒྱལ། །ཐ་དད་པའི་བགེགས་རྣམས་ནི། །ཐ་མི་དད་ཀྱིས་མཐར་བྱས་པས། །རྣམ་རྒྱལ་བགེགས་མཐར་བྱེད་ཅེས་བརྗོད། །གཤིན་རྗེ་སེམས་ཅན་ཐམས་ཅད་ཏེ། །རྟོགས་པས་ཀུན་ཀྱང་མཐར་འགྱུར་བྱེད། །ཤེས་རབ་གྲུབ་པའི་མཐའ་རྣམས་ནི། །འདའ་བ་མེད་པས་མཐར་བྱེད་ཡིན། །ལས་ནི་སེམས་ཅན་བཞི་རྣམས་ལས། །འབད་མེད་བྱེད་པར་མཐར་མེད་མིན། །ཨེ་ཝཾ་མ་ཡའི་བདག་ཉིད་ཅན། །མཚན་ལྡན་ཕྱག་རྒྱ་དཔེ་ཤེས་རབ། །རྟོགས་པའི་ཤེས་རབ་ལམ་ཡིན་ཏེ། །བསམ་དུ་མེད་པ་འབྲས་བུའོ། །ཐིག་ལེ་མཉམ་པ་དཔེ་བདེ་བ། །སྣང་བ་ལ་རྟེན་བདེ་བ་ལམ། །

(༢༤༠)དགོས་པ་མེད་པ་འབྲས་བུའི་མཆོག །མན་ཏྲ་ཡིད་སྐྱོབ་པ་ཡི་སྔགས། །ཐབས་ཀྱི་ཁྱད་པར་མན་ངག་མཆོག །དུས་ཀྱི་རླུང་ནི་བཟུང་བ་ཡིས། །རྩ་བའི་ཡིད་ནི་སྐྱབ་པར་བྱེད། །རོ་སྙོམས་པ་ཡི་ཁྱད་པར་གྱིས། །དངོས་དང་སྟོང་པའི་ཕྱོགས་རྟོགས་མིན། །བྱ་བ་བཏང་བའི་སྔགས་ཆེན་པོས། །ཡིད་ལ་མི་བྱེད་མན་ངག་མཆོག་། སྤྱོད་པ་ཡི་ནི་ཁྱད་པར་གྱིས། །གཤིན་རྗེ་ལྟ་བུའི་བརྡུལ་ཞུགས་བྱས། །ཡ་མན་ཏ་ཀ་བདེ་བ་ཆེ། །རྒྱུན་ཆད་མེད་པ་ཆུ་བོ་ལྟར། །རང་བཞིན་ཅིག་པ་གཙོ་ཆེན་ལ། །དབྱེར་མེད་རྟོགས་པའི་རྣལ་འབྱོར་པས། །མ་ཡེངས་པར་ནི་བལྟས་པ་དང་། །རང་བཞིན་ཉམས་ཀྱི་འཛུམ་སྐྱེས་པས། །ཡི་གེ་གསུམ་དང་བསམ་མི་ཁྱབ། །རྩེ་གཅིག་སེམས་ཀྱི་རྩེ་མོ་གཅིག །དེའི་རྣམ་འཕྲུལ་བསམ་མི་ཁྱབ། །སྣང་བའི་གཟིགས་མོ་ལོངས་སྤྱོད་ཉིད། །སེམས་ཀྱི་གཟེངས་ནི་བསྟོད་ནས་ཀྱང་། །གོ་བཟློག་པར་ནི་ཤེས་པར་བྱ། །ཐབས་དང་ཤེས་རབ་དབྱེར་མེད་པ། །ཆོས་རྣམས་ཀུན་གྱི་རང་བཞིན་ཡིན། མ་སྐྱེས་པའི་གནས་ལུགས་ཀྱིས། །མ་རིག་པ་དང་དངོས་པོ་གང་། །བཏང་སྙོམས་རྣམས་ནི་སྤྱོད་པར་བྱེད། །འགོག་པ་མེད་ཅིང་ཞེན་པ་མིན། །རང་གིས་མྱོང་ཞིང་རྒྱུན་མི་འཆད། །གསལ་བ་དང་ནི་སྟོང་པ་དང་། བདེ་བ་རྣམ་པ་གསུམ་དག་ནི། །དབྱེར་མི་ཕྱེད་པས་གཉུག་མ་ཉིད། །ལོངས་སྤྱོད་རྫོགས་དང་སྤྲུལ་པ་ཉིད། །བདེ་གསལ་དག་ལ་བརྟེན་པས་འགྲུབ། །སྟོང་པས་ཆོས་ཀྱི་སྐུ་ཡིན་ཏེ། །སྣང་བ་དང་ནི་རང་སེམས་དང་། །གཉིས་མེད་ལྷན་ཅིག་སྐྱེས་ལས་བྱུང་། །གནས་ལུགས་ཐབས་དང་འབྲས་བུ་ནི། །བསམ་མི་ཁྱབ་དང་བསམ་དུ་མེད། །སྤངས་པ་རང་བྱུང་ཡོན་ཏན་གཞི། །རྒྱུད་འདི་ཡི་ནི་མཚན་ཉིད་ཡིན། །དེ་ནས་ཕྱག་ན་རྡོ་རྗེ་ཡིས། །རྡོ་རྗེ་འཆང་བ་ལ་གསོལ་བ། །སེམས་ཉིད་ཅིར་ཡང་མེད་པ་སྟེ། །ཡིད་ལ་

(༢༤༡)རྟག་ཏུ་མི་འགྲུབ་པའོ། །ཨེ་ཝཾ་རྒྱལ་པོའི་ཕྱག་རྒྱ་ལས། །ཅིར་ཡང་སྣང་མཛད་རྡོ་རྗེ་འཛིན། །སྐྱོད་པ་མེད་པ་མི་སྐྱོད་པ། །རྟོགས་པ་བདེ་འབྱུང་རིན་ཆེན་ཏེ། །བསམ་གྱིས་མི་ཁྱབ་སྣང་མཐའ་ཡས་། །དོན་ཡོད་ཉིད་ལྡན་དོན་ཡོད་གྲུབ། །ཀུན་ཏུ་བཟང་པོ་ཉིད་ལ་འདུད། །དངོས་རྗོད་ཐམས་ཅད་སེམས་ཡིན་ཏེ། །ཡིད་ལ་བྱར་མེད་ཆོས་ཀྱི་སྐུ། །ཆོས་སྐུའི་སྣང་བ་བདེ་བ་ཆེ། །རེ་དོགས་མཚན་མའི་འཆི་བ་སྤངས། །དེ་ལ་རྟོག་ན་སྐྱོན་དང་བཅས། །གསལ་དངས་མར་མེ་ཇི་བཞིན་དུ། །དབྱེར་མེད་རྟོགས་ནས་མངོན་སངས་རྒྱས། །ཅིར་སྣང་ཐམས་ཅད་ཆོས་ཀྱི་སྐུ། །previous hit དགོངས next hit་དགག་སྒྲུབ་གཉིས་མི་རྟོགས། །དེ་བཞིན་ཉིད་ནི་སྐྱེ་བ་མེད། །སེམས་ལས་གཞན་དུ་བརྗོད་མ་ཡིན། །དེ་ཉིད་ཅིར་ཡང་མ་ངེས་པའོ། །ངེས་པའི་གྲོགས་ལ་འབད་པར་བྱ། །སྙིང་པོའི་ཁྱད་པར་བླ་ན་མེད། །སངས་རྒྱས་རྣམས་ཀྱི་previous hit དགོངས next hit་ཏེ། །ཐོབ་དང་མ་ཐོབ་མ་ཡིན་ཏེ། །མི་མཐུན་དོན་དུ་རང་བཞིན་མེད། །རྒྱུད་ལ་བརྟེན་དང་སྒོམ་དུ་མེད། །འདི་ཡི་ཡེ་ཤེས་བསམ་མི་ཁྱབ། །སངས་རྒྱས་སྡོམ་པ་ཨེ་ཝཾ་ནི། །བླ་མ་ལ་ནི་རྟེན་གསང་ཐོབ། །བླ་མ་ཡོན་ཏན་ཤེས་བྱས་ནས། །སློབ་མ་དེ་དང་མཚུངས་པས་བཟུང་། །འབྲས་བུ་གཞན་ལ་མི་རྙེད་ཕྱིར། །འབད་པས་བསྙེན་བཀུར་བྱ་བར་འོས། །བླ་མ་རྡོ་རྗེ་འཆང་དབྱེར་མེད། །དེ་ལ་མཆོད་པས་མཉེས་བྱས་ནས། །བསྟོད་དང་གསོལ་བ་གདབ་པ་ཡི། །བསོད་ནམས་དེ་ནི་གཞལ་མི་ནུས། །མཆོག་གི་སེམས་ཅན་བྱར་མེད་རྣམས། །བསྐལ་པ་འབྲིང་ལས་སོགས་རྣམས་ཀྱིས། །དམ་པ་བསྟེན་ཞིང་ཚོགས་བསགས་ན། །མཆོག་དང་ཐུན་མོང་ཕན་ཡོན་དང་། །ངེས་པར་ལེགས་པ་ལ་སོགས་འབྱུང་། །མ་སྟེན་བར་ནི་སྡུག་བསྔལ་བསྐྱེད། །དམ་པའི་མཚན་ཉིད་བརྟག་བྱས་ཏེ།

(༢༤༢)གདམ་ངག་མི་འགྱུར་རྟོག་པ་མཁས། །དབང་པོ་དལ་ཞིང་ཤེས་རབ་ཟབ། །ཞེ་སྡང་ལ་སོགས་སྤངས་པའི་རྒྱུད། །ཤེས་རབ་སྙིང་རྗེ་ཡིད་སྐྱོབ་སྔགས། །ལྡན་ཞིང་མངོན་རྟོགས་ལ་མཁས་པ། །ལྷ་དང་བཟླས་པ་གཏོར་མས་མཆོད། །ཟས་སྐོམ་ཁྲུས་དང་སྤྱོད་ལམ་དང་། །ལས་ཀྱི་གོ་རིམ་བསམ་མི་ཁྱབ། །ཡིད་དུ་འོང་ཞིང་འཛུམ་པའི་མདངས། །སྙིང་རྗེས་སློབ་མ་འཛིན་བྱེད་ཅིང་། །མི་སྤང་སྤྱད་དང་བསྲུང་བ་ཡི། །དམ་ཚིག་ལ་སོགས་ཉེར་བཟུང་བ། །སྤྱོད་པ་བརྒྱད་ལ་གནས་པར་བྱེད། །སྒྲ་རིག་དོན་རིག་བསྟན་བཅོས་རིག །གསོ་བ་རིག་དང་བཟོ་རིག་པས། །མི་མཐུན་རྣམས་ནི་སེལ་བར་བྱེད། །སྙིང་པོ་ལ་སྤྱོད་བླ་མ་ཡིན། །རྟོགས་པ་མྱོང་ཞིང་རྒྱུན་མི་འཆད། །བརྒྱུད་པའི་སྙིང་རྗེ་ཆེར་ལྡན་པས། །བྱ་བ་རིག་པའི་རིམ་ལ་མཁས། །གཟེབ་ཀྱི་སྣོད་ནི་ཕྱིར་སྤངས་ཏེ། །བདུད་རྩི་རིན་ཆེན་སྣོད་དུ་འཛག །རྒྱུ་རྐྱེན་སྤྱི་བོ་ལ་བསྐུར་ནས། །ངེས་པར་རྒྱུད་ཀྱི་སྡོམ་ལྔ་ཡིས། །མི་མཐུན་ལ་ནི་ཁྱབ་བྱས་པས། །རང་གི་ངོ་བོར་དེ་བཞིན་འགྲོ། །རྟོགས་པ་དེ་ལྡན་རྣལ་འབྱོར་པས། །རྣམ་རྟོག་གིས་ནི་སྤྱོད་མི་ནུས། །ཕྱོགས་མེད་འོད་གསལ་ཨེ་ཝཾ་དུ། །གསུང་ཞིང་གཞན་ལ་སྟོན་མཁྱེན་པས། །གནས་ལུགས་དངོས་པོར་ཤར་འགྱུར་ལ། །ཤེས་རབ་ཆེན་པོ་མདའ་འཕེན་ཅིང་། །འཁོར་ལོ་བཞིའི་ཚངས་པ་ནི། །མ་སྐྱེས་སྐྱེ་བར་ནུས་པའི་ཐབས། །སྤྱོད་ཅིང་རིག་པའི་ཁུ་བས་འགུགས། །དེ་ལྟ་བུ་ཡི་བླ་མེད་ཡིན། །གཏི་མུག་ཆེན་པོ་སྐྱེས་བུ་ཡི། །སློབ་མ་ལང་ཚོ་རབ་རྒྱས་པ། །ང་རྒྱལ་མེད་པ་མཆོག་ལ་གུས། །སྡོམ་པ་མཆོག་ནི་ཉེ་བར་ལེན། །ཤེས་རབ་སྙིང་རྗེ་ལྡན་པ་ཡིས། །བླ་མའི་གདམ་ངག་ཆེར་དྲན་པས། །བྱས་པ་བཟོ་ཞིང་དྲིན་དུ་ཚོར། །དམ་པ་རྣམས་ལ་

(༢༤༣)ངོ་ཚ་ཤེས། །དམ་བཅས་མི་ཉམས་ཁྲེལ་ཡོད་གོས། །སྡོམ་གསུམ་རྟགས་ཀྱིས་ཉེ་བར་གོས། །གཏི་མུག་རྩོགས་རྒྱན་དབྱེར་མེད་སེམས། །དྲི་དང་ཚུལ་ཁྲིམས་བརྟུལ་ཞུགས་བྱུག །དམ་པ་དྲན་པས་སྤྱི་གཙུག་བཀུར། །རོ་ལངས་གྲོང་དུ་འཇུག་ནུས་ཤིང་། །གུས་དང་དད་པ་བསྟན་པའི་ཡིད། །དོག་དམན་བདེ་བ་དོན་མི་གཉེར། །སྡོམ་པའི་ངོ་བོ་མི་མཐུན་ཕྱོགས། །ཕྱིར་བཅས་པ་ལ་རབ་ཏུ་མཁས། །དམ་པའི་བཀའ་དང་རྗེས་མཐུན་པས། །རང་གིས་ཤེས་པའི་ཉམས་མྱོང་སྐྱོང་། །དམན་པ་རྣམས་ལ་སྐུར་གྱིས་འདེབས། །བླ་མས་བསྒོ་ན་སྲོག་ཀྱང་འདོར། །བབ་ཅོལ་ངག་འཁྱལ་འདོད་རྟོག་སྤང་། །སྦྱོར་བ་མི་དགག་གཡོ་རྒྱུ་མེད། །བླ་མ་བརྒྱུད་དང་བདེ་ཆེན་འཚོལ། །གང་ཟག་ཚོད་ལ་སྨོད་མི་བྱེད། །ཏིང་འཛིན་མཐུ་ལ་གོམས་བྱས་ནས། །ཉོན་མོངས་ཉིད་ནི་མཐར་བྱ་སྟེ། །ཐོགས་མེད་རླུང་གི་དམིགས་པ་སྤོ། །དངོས་པོ་དོན་དུ་རབ་ཤེས་པས། །རྒོད་པའི་སེམས་ནི་ཞི་བར་བྱེད། །བླ་མ་རང་གི་རྒྱུད་ལྟས་པས། །འགྱོད་པའི་སེམས་ནི་ནམ་ཡང་མིན། །འདུ་འཛི་ལ་ནི་རྐང་མི་བརྐྱང་། །བདེ་བ་གསུངས་ལ་རབ་དགའ་བ། །འདི་ནི་དམ་པའི་སློབ་མ་ཡིན། །འབྲེལ་པ་རྩེ་གཅིག་སླུ་མི་སྲིད། །བླ་མ་མཆོག་ནི་མ་ཡིན་ལ། །དག་པའི་ལམ་གཞན་རྙེད་མི་སྲིད། །འཁོར་དང་མྱ་ངན་འདས་རྣམས་ཀྱི། །འཁོར་རྣམས་ཨེ་ཝཾ་རྣམ་འཕྲུལ་ཡིན། །ཐུན་མོང་མ་ཡིན་རིག་པ་ནི། །རྣལ་འབྱོར་མཆོག་གི་ཉམས་མྱོང་ཡིན། །བླ་མ་རྒྱུད་དང་བསམ་མི་ཁྱབ། །མཆོག་གི་འདོད་པའི་ལུང་དུ་སྦྱར། །འབྲས་བུ་ཕུན་སུམ་ཚོགས་པ་ཡི། །ཐོབ་བྱ་རང་གི་རྒྱུད་ལ་གནས། །མ་རྟོགས་པ་ནི་འཁོར་བའི་ལམ། །རྟོགས་པའི་དུས་ན་དེ་ཉིད་ཡིན། །ཀུན་རྫོབ་དང་ནི་དོན་དམ་དུ། །

(༢༤༤)དབྱེར་མེད་ལོངས་སྤྱོད་ཆེན་པོ་ཡིན། །སློབ་མའི་ཞིང་དང་བླ་མའི་ཞིང་། །རང་གི་ཆོས་ལྡན་དང་པོ་ཡིན། །དུར་ཁྲོད་རྣམ་པ་གཉིས་དག་ནི། །གསོལ་བཏབ་པས་ནི་སྨིན་བྱེད་ཡིན། །ཚནྡྷོ་ཧ་དང་ཉེ་ཚནྡྷོ། །ཏིང་ངེ་འཛིན་དང་གོམས་བྱེད་ཡིན། །གནས་གཉིས་དག་གི་དབྱེ་བ་ནི། །སྣང་བ་རྟོགས་ཤིང་སེམས་སྐྱོང་ཡིན། མདུན་པ་དང་ནི་ཉེ་མདུན་པ་དང་།། །བརྟུལ་ཞུགས་རེ་དོགས་གཉིས་མེད་ཡིན། །ཕྱོགས་སུ་འཛིན་པ་ཀུན་སྤངས་ཏེ། །ཕྱོགས་མེད་མ་བཅོས་མཆོག་ཏུ་བསྟན། །སྒྲོ་སྐུར་མེད་པས་སྙིང་པོའི་སྐུ། །རྟེན་མེད་པས་ནི་ཀུན་མཁྱེན་ངང་། །ཤེས་རབ་རྟོགས་པ་མེད་མི་ཤེས། །འབྲས་བུའི་ལུས་ནི་ཐ་མལ་སེམས། །སྐྱེ་ངན་དོན་མེད་རང་དགར་བཏང་། །གཉིས་སུ་མེད་པ་གཉིས་ཟུང་འཇུག །འབྲས་བུ་སྐུ་བཞི་རྒྱུད་ལ་གནས། །བ་མ་མཆོད་previous hit ་སྔོན་སོང་བས། །སྤྱོད་སོགས་ཚུལ་ནི་བསྡམས་ནས་ཀྱང་། །ཐུགས་དགོངས next hit་པར་ནི་གསོལ་བཏབ་ནས། །སྐྱབས་སུ་འགྲོ་དང་སེམས་སྐྱེད་ཅིང་། །དོན་ཉིད་ལ་ནི་འགོད་པར་བྱ། །གནས་ནི་ཤིན་དུ་གཏར་བ་ལ། །མཆོད་པའི་གནས་དང་རྒྱན་བཀོད་ནས། །ས་སྦྱངས་ནས་ནི་ཐིག་ལེ་དགོད། །དམ་ཚིག་ཡེ་ཤེས་གཉིས་མེད་ལ། །ཕྱག་རྒྱ་བཞི་ཡིས་རྒྱས་བཏབ་ནས། །ཕྱག་འཚལ་མཆོད་དང་བཤགས་པ་དང་། །ཡི་རང་བསྐུལ་དང་གསོལ་བ་གདབ། །སྔོ་བ་མ་ལུས་རྫོགས་བྱ་བ། །ལུས་འབུལ་བ་དང་ལམ་ལ་འགོད། །ཐུན་མོང་མཆོག་གི་སྨོན་ལམ་གདབ། །བླ་མེད་རྒྱུད་ནི་རྒྱུད་ཆེན་པོ། །སྙིང་པོའི་རྒྱུད་ནི་བླ་མེད་པ། །ངོ་བོ་རྒྱུ་མཚོན་དབྱེ་བ་དང་། །མཚན་ཉིད་ཐམས་ཅད་ས་དང་ལམ། །རྟོགས་བྱ་རྣམས་དང་གྲངས་བདུན་གྱིས། །མདོ་སྡེ་རྒྱུད་དང་རྣམ་གནས་ཡིན། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཡིན། །བློ་མ་ཞུགས་པའི་དེ་ཉིད་དབྱིངས། །ངོ་བོ་ཉིད་ཅིག་འབྲས་བུ་ནི། །རྒྱུན་མི་ཆད་ཕྱིར་

(༢༤༥)རྒྱུད་ཉིད་ཡིན། །རྒྱུད་དང་ཐབས་དང་འབྲས་བུའི་རྒྱུད། །ཉེ་བ་དང་ནི་རིང་བ་དང་། །ས་བོན་ཙམ་དུ་གནས་པ་ལ། །རིན་ཆེ་བ་དང་རྙེད་དཀའ་དང་། །ཕན་འདོགས་མི་མཐུན་གནོད་པ་སེལ། །དགའ་བ་བསྐྱེད་པའི་ཕྱིར་ན་མཆོག །རབ་དང་འབྲིང་དང་ཐ་མ་ནི། །པདྨ་པད་དཀར་ཨུཏྤ་ལ། །དམ་ཚིག་བརྟན་ཞིང་གཞན་དོན་འཛིན། །རྒྱུད་མྱོང་པ་ནི་དང་པོ་ཡིན། །རྩ་བ་མེད་ཅིང་རང་དོན་གཉེར། །དམ་པའི་ཞལ་སྤངས་གཉིས་པ་ཡིན། །གཞི་མི་གནས་ཤིང་འཇིག་རྟེན་ཆགས། །ཉོན་མོངས་འདུལ་དཀའི་བྱེ་ལ་འདྲ། །གསུམ་པ་དག་ཏུ་ཤེས་པར་བྱ། །རྩ་བ་སྤངས་ཤིང་ང་རྒྱལ་ཆེ། །གསང་རྫོགས་སྨྲ་བ་མང་བ་དང་། །འབྲས་བུའི་དམིགས་པ་ཉིད་སྤངས་པ། རྒྱུ་བའི་རྒྱུད་ནི་གསུམ་པ་ནི། །ཧེ་ནི་རྒྱུ་སོགས་མེད་པ་སྟེ། །རྒྱུ་ཡིས་ཚོགས་པ་ས་ཚོགས་ཀུན། །དབྱེར་མེད་ལྷན་ཅིག་སྐྱེས་པའོ། །ཀ་ནི་གང་དུའང་མི་གནས་ཤིང་། །སྐུ་ལྔ་ཡོངས་རྫོགས་ཧེ་རུ་ཀ །རྒྱལ་བའི་དཀྱིལ་འཁོར་རང་ལ་རྫོགས། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ། །གདུལ་བྱ་ལ་ནི་ཤིན་དུ་སྣང་། །རྒྱུད་ཀྱི་འབྲས་བུ་ཤེས་པར་བྱ། །ཐབས་ནི་བྱ་སྤྱོད་རྣལ་འབྱོར་དང་། །བླ་མེད་དང་ནི་སྙིང་པོའི་རྒྱུད། །རིམ་པ་རྣམ་པ་ལྔར་བརྗོད་པ། །ཕྱག་རྒྱ་བཞིར་ནི་བསྡུས་བྱས་ཡིན། །རིམ་པ་གཉིས་པོ་ཆེར་ལྡན་པ། །མཚན་ཉིད་དུ་ནི་རིག་པ་ཡིན། །ཨེ་ཝཾ་རྩ་བ་ལས་སྐྱེས་པའི། །དབྱངས་དང་གསལ་བྱེད་གསུང་རབས་ཚོགས། །སྒྲ་དོན་སྤྱི་ཡི་རྣམ་པ་ནི། །དེ་ཉིད་རྒྱུད་དུ་སྦྱར་བར་བྱ། །བོ་ལ་དང་ནི་ཀ་ཀཽ་ལ། །དབྱིངས་ཀྱི་ཐིག་ལེ་ཉིད་ཅན་ལ། །དོན་གྱི་ཡེ་ཤེས་མཚོན་བྱེད་པ། །རབ་འབྲེལ་པ་ནི་དེ་བཞིན་རྒྱུད། །བློ་ནི་ངོ་བོ་ལ་བཞག་ནས། །དེ་ཉིད་ནམ་མཁའ་ལྟར་གནས་པ། །སྙིང་རྗེ་དོན་

(༢༤༦)གྱི་རང་བཞིན་གྱིས། །བསམ་དུ་མེད་པ་རྒྱུད་ཆེན་པོ། །སྨིན་ལམ་དང་ནི་གྲོལ་ལམ་གྱི། །ལམ་གྱི་རྒྱུད་ནི་རྒྱུད་གཅིག་པས། །དངོས་པོ་དང་ནི་དངོས་མེད་ལས། །གཉིས་དང་གཉིས་མེད་རབ་འཕེལ་བས། །གཅོད་བྱེད་ཕྱོགས་མེད་ཞི་བ་ཅན། །ལས་ཆེན་པོར་ནི་རབ་ཏུ་བརྟགས། །རྟོགས་བྱ་སྙིང་པོ་རྒྱུད་ཡིན་ཏེ། །རྣམ་གསུམ་རྒྱུད་ནི་རྟོགས་བྱེད་དོ། །ཨེ་ལུས་ངག་ཡིད་གསུམ་དག་པ། །བྱང་ཕྱོགས་ནས་ནི་དེས་པར་འབྱུང་། །རྟོག་པ་རྣམས་ནི་ཤེས་བྱས་ནས། །རྗེས་སུ་འགྲོ་བ་དེ་བཞིན་འགྱུར། །ཝཾ་ཁྱད་པར་ཁྱད་པར་གོམས་པ་ལས། །དྲི་མ་རྣམས་ནི་དག་ནས་ཀྱང་། །དེ་ཡི་ཡེ་ཤེས་ཆེ་མཐོང་ནས། །འབྲས་བུ་བླ་ན་མེད་པའོ། །མ་དཀྱིལ་འཁོར་དཀྱིལ་འཁོར་བླ་མེད་པ། །དམ་ཚིག་དང་ནི་དཀའ་ཐུབ་ལས། །ངེས་པར་འབྱུང་ཞིང་དམ་བཅས་པའི། །སེམས་ནི་རྡོ་རྗེ་ལྟ་བུར་གནས། །ཡསྙིང་རྗེ་དང་ནི་ཤེས་རབ་ཆེ། །དབྱེར་མི་ཕྱེད་ཀྱི་ལམ་ཉིད་ནི། །ཐེག་པ་ཆེན་པོ་ཉིད་ཡིན་ཕྱིར། །དམ་བཅས་ནས་ནི་གཏོང་མི་བྱ། །ཨེ །སྐྱེད་པ་དང་ནི་རྫོགས་པའི་རིམ། །རིམ་པ་གཉིས་ཀྱི་རང་བཞིན་ནི། །དམན་དང་རབ་ཀྱི་ཁྱད་པར་གྱིས། སེམས་སྦྱོང་བ་ནི་རྡོ་རྗེ་འཛིན། །ཝཾ་རང་དང་གཞན་གྱི་དོན་རྣམས་ནི། །རྩ་བ་དམ་པ་རྣམས་ལས་བྱུང་། །ཕུན་སུམ་ཚོགས་པའི་རྒྱན་དག་ལས། །འབྲས་བུ་རྣམས་ཀྱི་སྟོབས་བསྐྱེད་ཡིན། །མཞི་བ་དང་ནི་རྒྱས་པ་དང་། །དབང་དང་དྲག་པོ་དགུག་དང་བསྐྲད། །གནན་པ་དང་ནི་གཟིར་བ་རྣམས། །དམིགས་པ་བརྟན་པ་ལས་ནི་འབྱུང་། །ཡགསང་སྔགས་ཐེག་པའི་འགྲོ་རྣམས་ཀྱིས། །བླ་མ་ལ་ནི་རྟེན་བཅས་ནས། །རིམ་པ་གསུམ་གྱིས་གོ་བྱས་ལ། །འབད་དང་རྩོལ་བས་འབྲས་བུ་འབྱུང་། །ཨེདབང་ཐོབ་པ་དང་དམ་ཚིག་དང་། །ཕྲིན་ལས་དང་ནི་རྣལ་འབྱོར་སེམས། །མན་ངག་མཆོག་

(༢༤༧)ནི་ཆེར་ལྡན་པ། །རྣལ་འབྱོར་རྒྱུད་ཀྱི་རྩ་བ་ཡིན། ཝཾབསོད་ནམས་ཚོགས་ནི་རབ་བསགས་ནས། །སྡིག་དང་སྒྲིབ་པ་གྲོལ་བྱ་སྟེ། །རང་གི་ལྷག་པའི་ལྷར་དམིགས་ནས། །རིག་པའི་སྔགས་ཀྱང་བཟླས་པར་བྱ། །མ་ལུས་བྱིན་གྱིས་བརླབས་ནས་ཀྱང་། །འཁོར་ལོའི་ལྷ་ཚོགས་གསལ་སྒོམས་ནས། །བྱིན་གྱི་བརླབ་དང་བསྒྲུབ་བྱ་བ། །འདི་ནི་བདག་ཉིད་ཆེན་པོ་ཡིན། ཡ །དང་པོ་བྱང་ཆུབ་སེམས་སྐྱེད་ནས། །སེམས་ནི་སོ་སོར་བརྟག་བྱས་ལ། །མཐའ་ཡས་གོ་གཅིག་རབ་ཤེས་ན། །དབྱེར་མེད་ཡེ་ཤེས་བསྒོམ་པར་བྱ། །ཨེཚད་དང་ལྡན་པའི་ཤེས་རབ་ལ། །རྐྱང་མ་ཡི་ནི་རྩ་གནས་པ། །བདེ་བའི་ཡེ་ཤེས་རྨད་པོ་ཆེ། །གཞིར་བཞག་པ་ནི་ངོ་མཚར་ཡིན། །ཝཾསྣ་ཚོགས་སྣང་བའི་ཆོས་ཇི་རྙེད། །ལྷན་ཅིག་སྐྱེས་པའི་རོ་རྟགས་ནས། །ཆོས་རྣམས་མཐོང་བ་ཅིག་ཀྱང་མེད། །མ་མཐོང་བ་ཉིད་དེ་མཐོང་ཡིན། །མ་ཀུན་གྱི་འབྲས་བུ་ཅི་ཡང་མེད། །ཕྱག་རྒྱ་ཆེན་པོ་ཡིད་བྱེད་མེད། །གང་ལ་ཡང་ནི་མི་གནས་པ། །རྟགས་པ་མེད་པ་འབྲས་བུའི་ལུས། །ཡཉམས་སུ་མྱོང་བའི་ཁྱད་པར་གྱིས། །རྒྱུད་ཉིད་ཁྱད་པར་ཁྱད་པར་ལས། །རང་རྒྱུད་ཕུན་སུམ་ཚོགས་པ་དང་། །རྒྱུན་ཆད་མེད་པ་དམ་ཚིག་ཆེ། །ཨེལྟེ་བ་སྤྲུལ་པའི་འཁོར་ལོ་ལ། །གཟི་བརྗིད་གཏུམ་མོ་གནས་པ་དང་། །སྤྲུལ་པའི་སྐུ་ཡི་ཡེ་ཤེས་ཆེ། །དེ་བཞིན་ཤེགས་པ་ཐམས་ཅད་ཀྱི། །ལྷན་ཅིག་སྐྱེས་པ་བསམ་གྱིས་མི་ཁྱབ་པ། །སྐུ་གསུམ་ལྷུན་གྱིས་གྲུབ་པ། །ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་ཕ་རྒྱུད་མ་རྒྱུད། ཐབས་དང་ཤེས་རབ་དབྱེར་མེད་པའི་རྒྱུད་སྡེ། རྣལ་འབྱོར་ཆེན་པོ་གསར་མའི་རྒྱུད་སྡེ་གྲངས་ཅན་དང་གྲངས་མེད་རྣམས་ཀྱི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་རྡོ་རྗེ་རིགས་ཀྱི་གནས་

(༢༤༨)ལུགས་བཞིའི་དཀྱིལ་འཁོར་དུ། ཨེ་ཝཾ་བཞི་དང་ཨ་ཧཾ་གཉིས་དང་ཕྱག་རྒྱ་བཞི་དང་རིམ་པ་ལྔ་ལ་སོགས་ཏེ། །རྩ་གསུམ་འཁོར་ལོ་བཞིའི་ཕོ་བྲང་དུ་དགའ་བ་བཞི་དང་ས་བོན་ལྔ་ལ་སོགས་ཏེ། ཐབས་དང་ཤེས་རབ་དབྱེར་མེད་དུ་སྦྱོར་བ་ལས། རྩ་རླུང་བྱང་ཆུབ་སེམས་ཀྱི་རྟེན་འབྲེལ་གྱིས་མི་ཚེ་གཅིག་ལ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར། བདེ་མཆོག་དགྱེས་རྡོར་གསང་འདུས་ལ་སོགས་པ་ལྷ་ཚོགས་ཐམས་ཅད། གདོད་མ་ནས་རང་ཉིད་ཡིན་པ་ལ་ཐབས་དང་ཤེས་རབ་དབྱེར་མེད་པས་ཉོན་མོངས་པ་ལམ་དུ་སློང་ཞིང་། དཀྱིལ་འཁོར་ཐམས་ཅད་རང་ལ་རྫོགས་པའི་ཕྱི་དང་ནང་དང་གསང་བ་དེ་ཁོ་ན་ཉིད་དང་ཕུན་སུམ་ཚོགས་པ་ལྔའི་གཞུང་མདོར་བསྡུས་པ་བསྟན་པའོ། །དེ་ལྟ་བུའི་དོན་གོམས་ཤིང་མཐར་ཕྱིན་ན། ཉམས་སྣ་ཚོགས་ཐུན་མོང་དང་། ཐུན་མོང་མ་ཡིན་པ་རྒྱུད་ལ་མི་འཆར་ཁ་མེད་པའི་ཕྱིར་ན། །དེའི་དུས་སུ་གསང་བ་སྔགས་ཀྱི་སྤྱོད་པ་དགོས་ཏེ། །བདེ་མཆོག་འཁོར་བཞི་རྒྱུད་ལས་ཀྱང་། དང་པོ་བྱང་ཆུབ་སེམས་ཀྱི་རོ་མྱོང་ནས། གཉིས་པ་རིག་པའི་སྤྱོད་པ་བྱ། །རིག་པའི་བརྟུལ་ཞུགས་སྤྱད་པ་ནི། །ལྷན་སྐྱེས་ཡེ་ཤེས་དགག་སྒྲུབ་མེད། །ཆུ་བོ་ལྟ་བུའི་ཉམས་སྐྱེས་ནས། །ཚོགས་ཀྱི་སྤྱོད་པ་ཅི་བདེར་བྱ། །སྨྱོན་པ་ལྟ་བུའི་དོན་རྟོགས་ནས། །ཕྱོགས་མེད་རྣམ་རྒྱལ་རང་བཞིན་སྤྱོད། །དེ་ལྟར་རྟོགས་པ་མཐར་ཕྱིན་ན། །དེ་ཁོ་ན་ཉིད་ཀྱི་སྤྱོད་པ་སྟེ། །སྤྱོད་བྱ་སྤྱོད་བྱེད་མ་གྲུབ་ཅིང་། །ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས། །སངས་རྒྱས་སྐུ་གསུམ་རང་ལ་རྫོགས། །རྣལ་འབྱོར་ཆེན་པོ་གསར་མ་ཡི། །previous hit དགོངས next hit་འབྲས་བུ་མཐར་ཕྱིན་པ། །ཐེག་བདུན་ཡེ་ཤེས་ལྔ་ཡི་གཙོ། །རྡོ་རྗེ་འཆང་དང་previous hit དགོངས next hit་མཉམ། ཞེས་གསུངས་པའི་ཕྱིར་རོ། །ལྷན་ཅིག་སྐྱེས་

(༢༤༩)པའི་ཡེ་ཤེས་རྣལ་འབྱོར་ཆེན་པོ་གསར་མའི་ཕུན་སུམ་ཚོགས་པ་རྣམ་པ་ལྔའི་སྒྲ་དོན་ངོ་བོ་མཚན་ཉིད་རང་བཞིན་ཕྱོགས་མེད་དུ་རྟོགས་ཀྱང་། གོམས་པ་དང་འདྲིས་པ་མཐར་མ་ཕྱིན་གྱི་བར་དུ་རི་ཁྲོད་དང་དུར་ཁྲོད་གྲུབ་པའི་གནས་དང་དབེན་པའི་གནས་སུ་རིག་པ་རྩལ་སྦྱང་ཞིང་། མཐུན་རྐྱེན་བསོད་ནམས་ཀྱི་ཚོགས་མཐར་ཐུག་པ་ཚོགས་ཀྱི་འཁོར་ལོ་དང་། ཐབས་དང་ཤེས་རབ་དབྱེར་མེད་པའི་གོམས་འདྲི་མཐར་མ་ཕྱིན་གྱི་བར་དུ་བརྩོན་གྲུས་དར་དྲག་ལ་ཡུན་རིང་དུ་སྒོམ་པ་ནི་གསང་སྤྱོད་བྱ་བ་ཡིན། རིག་སྤྱོད་བྱ་བ་ནི་སྐྱེ་བ་མེད་པའི་དོན་རྟོགས་ཀྱང་འགག་པ་མེད་པའི་རྩལ་སྦྱང་། རོ་སྙོམས་ཀྱི་སྤྱོད་པ་གླང་པོ་ཆེ་སྨྱོན་པ་ལྟ་བུར་འཁྲི་བ་གཅོད་པ་ནི། ཉོན་མོངས་པ་དང་རེ་དོགས་དང་གཟུང་འཛིན་དང་ཆགས་སྡང་བདེ་སྡུག་རྩོལ་སྒྲུབ་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་མ་བྲལ་བར་འཁྲི་བ་བཅད་པའོ། །ཚོགས་སྤྱོད་བྱ་བ་ནི། དུས་གསུམ་དུས་མེད་ཐམས་ཅད་དུ་ཆོས་ཀྱི་དབྱིངས་རབ་འབྱམ། རྟོགས་པ་རབ་འབྱམ་རྒྱ་མཚོ་མཐའ་ཡས་སྐུ་གསུམ་ཡེ་ཤེས་ལྔ་དང་ལྡན་པའི་previous hit དགོངས next hit་མཐར་ཕྱིན་པའི་དུས་སུ། རང་དོན་དང་གཞན་དོན་སངས་རྒྱས་དང་སེམས་ཅན་ཐེག་པ་ཆེ་ཆུང་གི་ས་མཚམས་གང་ཡང་མེད་པར་སྐུ་གསུམ་ལྷུན་གྱིས་གྲུབ་པའི་དུས་སུ། previous hit དགོངས next hit་མཐའ་ཡས་པ་ཏེ། རྩོལ་བསྒྲུབ་སྤོང་ལེན་གང་གིས་ས་མཚམས་མེད་པའི་ཕྱིར་ན། རྩོལ་བ་དང་བསྒྲུབ་པ་མེད་པར་ཕྱོགས་བཅུའི་ཞིང་ཁམས་སུ་འབྲེལ་པ་དང་ལྡན་པ་རྣམས་ཀྱི་སྣང་པ་ལ་ཕྲིན་ལས་སྣ་ཚོགས་པ་འགྲོ་དོན་ཤུགས་ལས་འབྱུང་བར་འགྱུར་རོ། །དབང་པོ་ཡང་རབ་ཐེག་པ་བདུན་གཅིག་ཏུ་རྫོགས་པ་ཡིས། ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་སྡེ་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པ་རྣམ་པ་ལྔའི་སྒྲ་དང་དོན་ཕྱོགས་མེད་དུ་རྟོགས་

(༢༥༠)ཤིང་། མི་ཚེ་གཅིག་ལ་རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད། སྐུ་གསུམ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར། བདེ་མཆོག་དགྱེས་རྡོར་གསང་འདུས་ལ་སོགས་པ། གསང་སྔགས་གསར་མའི་དཀྱིལ་འཁོར་ཐམས་ཅད། གདོད་མ་ནས་རང་ཉིད་ཡིན་པར་རང་ངོ་ཤེས་ཤིང་རང་ལ་རྫོགས་པའི་བར་སྐབས་བསྟན་པའོ། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལ་ཕྱག་འཚལ་ལོ། །རྒྱ་གར་སྐད་དུ། མ་ཧཱ་ཡོ་ག་སྟེ། བོད་སྐད་དུ། རྣལ་འབྱོར་ཆེན་པོ་ཞེས་ཀྱང་བྱ། རྣལ་འབྱོར་བླ་ན་མེད་པའི་གསར་མའི་ཐེག་པ་ལས། སྟོན་པ་མཐར་ཐུག་པ་དྲུག་པ་རྡོ་རྗེ་འཆང་ཡིན། གནས་ཁྱད་པར་འཕགས་པ་བཅུ་གསུམ་ཅིག་ཏུ་རྫོགས་པ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཡིན། བསྟན་པ་མཐར་ཐུག་པ་གསང་སྔགས་གསར་མའི་ཕ་རྒྱུད་མ་རྒྱུད་རྣམས་ཡིན། གསང་བའི་གནས་མཐར་ཐུག་པ་སྐུ་གསུམ་ལྷུན་གྱིས་གྲུབ་པ་བཙུན་མོའི་བྷ་ག་ཆོས་ཀྱི་དབྱིངས་འོག་མིན་གྱི་གནས་ཡིན། ལམ་མཐར་ཐུག་པ་ཐབས་དང་ཤེས་རབ་དབྱེར་མེད་པའི་ལམ་ཡིན། དབང་མཐར་ཐུག་པ་བུམ་པའི་དབང་ལ་བཞིར་དབྱེ་བ་དང་། །གསང་བའི་དབང་ལ་བཞིར་དབྱེ་བ་དབང་བདུན་གྱི་འབྲས་བུ་བརྒྱད་གཅིག་ཏུ་རྫོགས་པ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དབང་མཐར་ཕྱིན་པ་ཡིན། དུས་ཁྱད་པར་དུ་འཕགས་པ་གསང་སྔགས་རྡོ་རྗེ་ཐེག་པ་གསར་མའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་འབྱུང་བའི་དུས་ཡིན་ཏེ། ལམ་ཐག་ཤིན་ཏུ་ཉེ་བ་དབང་པོ་ཡང་རབ་མི་ཚེ་གཅིག་གམ་ཟླ་བ་དྲུག་གམ། སྐད་ཅིག་མ་ཉི་ཤུ་རྩ་གཅིག་གིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པར་བཞེད་པ་སྟེ། དབང་པོ་རབ་འབྲིང་ཐ་མ་གསུམ་ཀྱིས་རྟོགས་བྱར་བཞེད་པའོ། །དེའི་ཕྱིར་ན། རྣལ་འབྱོར་ཆེན་པོ་གསར་མ་དང་རྒྱུད་སྡེ་གྲངས་མེད་པ་གཅིག་གསུངས་ཀྱང་། ཐབས་གཙོ་བོར་སྟོན་པ་ཕའི་རྒྱུད་དང་། ཤེས་རབ་གཙོ་བོར་སྟོན་པ་མའི་རྒྱུད་ཡིན་པ་ལས། ཕ་རྒྱུད་

(༢༥༡)ཐམས་ཅད་རིམ་པ་ལྔ་ཡིས་སྟོན་ཅིང་། མ་རྒྱུད་ཐམས་ཅད་ཕྱག་རྒྱ་བཞིས་གཏན་ལ་འབེབས་པ་ལས། ལྔ་དང་བཞི་གཉིས་གཅིག་ཏུ་སྦྱོར་བ་ལས། །ཐབས་དང་ཤེས་རབ་དབྱེར་མེད་པའི་རྒྱུད་ཅེས་བྱ་བ་ནི་ཐབས་ཀྱི་རྒྱུད་ལས་སྐྱེད་པའི་རིམ་པ་དང་། སེམས་དབེན་གྱི་རིམ་པ་དང་། འོད་གསལ་གྱི་རིམ་པ་དང་། སྒྱུ་ལུས་ཀྱི་རིམ་པ་དང་། རྡོ་རྗེའི་བཟླས་པའི་རིམ་པའང་ལྔའོ། །ཤེས་རབ་ཡེ་ཤེས་ཀྱི་རྒྱུད་ལས་ཆོས་ཀྱི་ཕྱག་དང་། ལས་ཀྱི་ཕྱག་རྒྱ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་སྟེ། འདི་གཉིས་གཅིག་ཏུ་སྦྱོར་བ་ལས། རྣལ་འབྱོར་ཆེན་པོའི་ཐབས་དང་ཤེས་རབ་དབྱེར་མེད་པར་ལམ་བསྒྲོད་ནས། ཟབ་མོའི་ཐབས་ལམ་སྨིན་པ་དང་གྲོལ་བ་དབང་གི་ལམ་བྱ་བ་ཡིན། གསང་སྔགས་གསར་མའི་ཕ་རྒྱུད་མ་རྒྱུད་རྣལ་འབྱོར་བླ་ན་མེད་པའི་ཐེག་པ་ལས་འཕྲོས་པ། ཐབས་དང་ཤེས་རབ་དབྱེར་མེད་རྒྱ་མཚོ་མཐའ་ཡས་ལ། ས་གཅོད་མདོར་བསྡུས་པའི་བར་སྐབས་དང་པོའོ། །རྡོ་རྗེ་འཆང་ཆེན་ས་ར་ཧ། །ཅིག་ཅར་རྟོགས་པའི་ནཱ་རོ་པ། །སངས་རྒྱས་སྐུ་ལྔ་གསང་བའི་མཛོད། །སྐད་ཅིག་ཙམ་གྱིས་རྟོགས་པ་ལ། །རིམ་ལྔ་ཕྱག་རྒྱ་བཞི་དག་གི། །ཐབས་དང་ཤེས་རབ་ས་མཚམས་མེད། །གཤིས་ལྔ་རྟོགས་པ་ཡེ་ཤེས་ལྔ། །ཡུལ་དང་ཡུལ་ཅན་རིགས་ལྔ་ཡབ་ཡུམ་སྟེ། །རྒྱལ་བའི་དཀྱིལ་འཁོར་མཐའ་ཡས་ཀྱང་། །སྐད་ཅིག་རྟོགས་པའི་དཀྱིལ་འཁོར་དུ། །རྒྱལ་བ་རྒྱ་མཚོ་རང་ཉིད་ཡིན། །ཕྲིན་ལས་རབ་འབྱམ་སྣ་ཚོགས་ཀྱང་། །རྩོལ་བསྒྲུབ་མེད་པར་ལྷུན་གྱིས་གྲུབ། །རྟོགས་པ་རབ་འབྱམས་མཐའ་ཡས་པ། །རང་བྱུང་ཡེ་ཤེས་མཐའ་དབུས་མེད། །སྐུ་ལྔ་ཡོངས་སུ་རྫོགས་པ་ཡི། །སངས་རྒྱས་སྐད་ཅིག་ཉིད་ལ་རྫོགས། །རང་བྱུང་དབྱིངས་ཀྱི་རྡོ་རྗེ་ཡིས། །ཀུན་མཁྱེན་ཐུགས་ལ་

(༢༥༢)ཁྲི་གདུགས་ཤར། །རྒྱུ་འབྲས་དུས་མཚུངས་ཡོངས་རྫོགས་པས། །རྒྱུ་འབྲས་གཞན་ནས་ཐོབ་ཏུ་མེད། །ནཱ་རོ་བརྒྱུད་པའི་བྱིན་རླབས་ཀྱིས། །རང་བྱུང་རྡོ་རྗེའི་རྟོགས་ཚུལ་ཡིན། །ཅིག་ཅར་རྟོགས་པའི་ས་ར་ཧ་དང་ཏཻ་ལོ་བརྒྱུད་པའི་རང་གིས་རང་ཉིད་རྟོགས་པའི་རང་བྱུང་ཡེ་ཤེས་ཀྱི་བར་སྐབས་དང་པོ་ལགས་སོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པར་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ་ལས། མ་རྟོགས་པ་དང་ལོག་པར་རྟོགས། །previous hit དགོངས next hit་འདུལ་བ་གསང་བ་དང་། །ཕྱོགས་རྟོགས་ཡན་ལག་ཉིད་མ་རྟོགས། །དོན་དམ་འདི་ལ་ཐེ་ཚོམ་ཟ། །ཞེས་གསུངས་པའི་ཕྱིར་ན། ལུང་འདིས་ངར་འཛིན་པའི་ལྟ་བ་ཉི་ཤུ་རྩ་གཅིག་ལ་མ་ཁྱབ་པ་མེད་པའི་ཕྱིར་ན། བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་ལུང་གི་རྩ་བ་འདི་ལ་ཐུག་པ་ཡིན་པས། སྐབས་འདིར་ནི་གསང་པ་ཞེས་བྱ་བའི་སྒྲ་དང་དོན་སྟོན་པ་ཡིན་པ་ལས། གསང་བ་ཡང་གཉིས་ཡིན་ཏེ། གསང་སྔགས་སྙིང་པོའི་ཐེག་པ་ལས་སྒྲུབ་པ་བཀའ་བརྒྱད་དང་། རྒྱུད་སྡེ་བཅོ་བརྒྱད་ཀྱི་འབྲེལ་ཚུལ་ལས་བསམ་གྱིས་མི་ཁྱབ་པ་གཞན་ནས་སྟོན་པའི་ཕྱིར་ན། འདི་ན་མི་སྤྲོ་ཞིང་མི་སྟོན་པའོ། །གསང་སྔགས་གསར་མའི་ཐེག་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་། ལུང་དང་མན་ངག་ལས། འོག་མིན་ཀྱི་གནས་དང་། མཁའ་འགྲོའི་གནས་དང་། རིག་འཛིན་གྱི་ཐུགས་དང་། མིའི་ཡུལ་དུ་བྱོན་པ་ལས། གྲངས་ཅན་དང་གྲངས་མེད་བསམ་གྱིས་མི་ཁྱབ་པ་བཞུགས་ན་ཡང་། འཛམ་བུའི་གླིང་ངམ་བོད་ཀྱི་ཡུལ་དུ་བྱོན་པ་ལས། །ཐབས་ཀྱི་རྒྱུད་དང་། ཤེས་རབ་ཀྱི་རྒྱུད་དང་། ཐབས་དང་ཤེས་རབ་དབྱེར་མེད་པའི་རྒྱུད་གྲངས་ཅན་ཅུང་ཟད་ཅིག་བྱོན་ཞིང་འགྱུར་བ་སྟེ། དེ་ཡང་སངས་རྒྱས་ཐམས་ཅད་དང་། ཧེ་རུ་ཀ་རྣམས་དང་

(༢༥༣)སེམས་དཔའ་དང་། སེམས་མ་དང་། དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་རང་བཞིན་གྱིས་འདུས་པ་དང་། ངོ་བོ་ཉིད་ཀྱིས་འདུས་པ་དང་ཆོས་ཀྱི་སྐུར་འདུས་པ་དང་། ལོངས་སྤྱོད་རྫོགས་པའི་སྐུར་འདུས་པ་དང་། སྤྲུལ་པའི་སྐུར་འདུས་པ་སྟེ། གང་ཟག་དབང་པོའི་བྱེ་བྲག་གིས་སྣང་ཚུལ་ལས་འདུས་ལུགས་བསམ་གྱིས་མི་ཁྱབ་པ་སྣང་ན་ཡང་། །སྐབས་འདིར་དཔལ་གསང་བ་འདུས་པ་ཐབས་ཀྱི་རྒྱུད་དགྲ་ནག་འཇིག་བྱེད་ཆ་ལག་དང་བཅས་པའི་རྒྱུད་སྡེ་གྲངས་མེད་པ་གཅིག་འོག་མིན་གནས་དང་མཁའ་འགྲོའི་གནས་ན་བཞུགས་ཀྱང་། བོད་ཀྱི་ཡུལ་དུ་ཅུང་ཟད་ཙམ་ཅིག་བྱོན་ཞིང་འགྱུར་བ་སྟེ། དེ་ལ་གསང་བ་འདུས་པ་འདི་ཡིན་པ་གསང་སྔགས་གསར་མའི་ཐབས་ཀྱི་རྒྱུད་ཡིན་པ་ལས། སྙིང་པའི་རྒྱུད་དུ་བཞེད་པ་ཡང་ཡོད། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བཞུགས་པའི་དུས་སུ། ཨིནྟྲ་བྷུ་ཏི་ལ་སྡེ་སྣོད་གསུམ་གྱི་ཆོས་བསྟན་པའི་དུས་སུ། རྒྱལ་པོ་དེ་ལ་མ་དད་ནས་ཨིནྟྲ་བྷུ་ཏིས་འདི་སྐད་དུ། གཏུམ་པའི་ཚལ་ནི་ཉམས་དགའ་བར། །ཝ་ནི་སེང་གེར་གྱུར་ཀྱང་སླ། །འདོད་ཡོན་སྤངས་པའི་སངས་རྒྱས་ནི། །འགོའུ་རམ་ནམ་ཡང་མི་འདོད་དོ། །ཞེས་གསུངས་ནས་རིན་པོ་ཆེ་སྣ་བདུན་ལ་སོགས་པ་རྒྱལ་སྲིད་ལོངས་སྤྱོད་འདི་རྣམས་བདག་གིས་སྤང་མི་ནུས་ཀྱི། འདི་ལ་སྤངས་པར་ཐབས་དང་ཤེས་རབ་དབྱེར་མེད་ལམ་དུ་ཁྱེར་ནས་སངས་རྒྱས་པའི་ཐབས་ཡོད་ན། དེ་བཙུན་མོ་སྲས་དང་བཅས་པ་ཁྱེད་ཀྱི་བསྟན་པ་ལ་འཇུག་གོ་ཞེས་གསུངས་སོ། །དེའི་ཚེ་དེའི་དུས་ན། ཤཱཀྱ་ཐུབ་པས། འདུལ་བའི་དུས་ལ་བབ་པར་previous hit དགོངས་ནས། སྐད་ཅིག་ཙམ་

(༢༥༤)གྱིས་ཐུབ་ next hit་ཆེན་པོ་ཉིད་ཞེ་སྡང་རྡོ་རྗེ་ཉིད་དུ་སྤྲུལ་ནས། རིགས་ལྔ་ཡབ་ཡུམ་བཅུའི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་དང་མཉམ་པར། གཞལ་ཡས་ཁང་རང་བཞིན་གྱིས་ལྷུན་གྱིས་གྲུབ་པ་འོག་མིན་གྱི་གནས་བདེ་བ་ཅན་གྱི་ཕོ་བྲང་དུ་བྱིན་གྱིས་བརླབས་ཤིང་། འཁོར་དགེ་སློང་གི་དགེ་འདུན་དགྲ་བཅོམ་པ་དང་རང་སངས་རྒྱས་ཀྱིས་ཚོགས་དང་བཅས་པ་རྣམས་ཀྱང་། དཔའ་བོ་མཁའ་འགྲོ་དང་བྱང་ཆུབ་སེམས་དཔའ་དང་སེམས་མའི་ཚོགས་སུ་བྱིན་གྱིས་བརླབས་པ་སྟེ། རྒྱལ་པོ་འཁོར་དང་བཅས་པ་ལ་དཀྱིལ་འཁོར་གྱི་ལྷ་ཚོགས་དག་པའི་སྣང་བར་བསྟན་པ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་རྣམས་རྫོགས་པར་བསྐུར་ཞིང་། སྐད་ཅིག་དེ་ཉིད་ལ་རྒྱལ་པོ་འཁོར་དང་བཅས་པ་རྣམས། གསང་བའི་མཛོད་གསུམ་མམ་ལྔའི་དབང་ཡོངས་སུ་རྫོགས་ཤིང་རྟོགས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱི་ཞལ་ནས་ཀྱང་། ས་བོན་ཆུའི་རྒྱུན་བཞིན་དུ་ཐུར་དུ་བབ། བདག་ཏུ་འཛིན་ན་མི་རུང་ངོ་། །ཉན་ཐོས་བྱིས་པ་རྣམས་ལ་ངས་མ་བསྟན་གསུང་། དེའི་དོན་ནི། གང་ཟག་དབང་པོའི་བྱེ་བྲག་གིས་ལོག་པར་རྟོགས་པ་དང་། ཐེ་ཚོམ་ཟོས་ན་ངན་སོང་གསུམ་དང་འཁོར་བའི་ས་བོན་དུ་འགྲོ་བའི་ཕྱིར་ན། ཉན་ཐོས་དགེ་འདུན་གྱི་ཚོགས་ཀྱི་གསང་བ་འདུས་པའི་དཀྱིལ་འཁོར་མ་མཐོང་ཞིང་མ་བསྟན་པའོ། །བསྟན་ཀྱང་ཐེག་པ་དམན་ཞིང་དབང་པོ་ཞན་པ་དང་། ཉན་ཐོས་ཀྱི་ཐེག་པ་ལ་ཨ་འཐབ་པའི་ཕྱིར་ན། མཐོང་ཞིང་རྟོགས་པར་ག་ན་འགྱུར། དེའི་ཕྱིར་ན་ཐུབ་པ་ཆེན་པོ་དངོས་སུ་བཞུགས་པའི་དུས་སུ་གསང་བ་འདུས་པ་སྤྲུལ་པའི་དཀྱིལ་འཁོར་དུ་བསྟན་པའི་ཕྱིར་ན། གསང་སྔགས་རྙིང་མའི་ཐབས་ཀྱི་རྒྱུད་དུ་བཞེད་པའི་དོན་དེ་ཡིན། ལུང་བསྟན་སྐྱེས་བུ་མི་བཞིའི་དབང་དུ་བྱས་ན། འཕགས་པ་ཀླུ་སྒྲུབ་སྙིང་པོ་ལོ་བཞི་བརྒྱའི་དུས་སུ་འབྱུང་

(༢༥༥)བར་གསུངས་པ་སྟེ། ཀླུ་སྒྲུབ་མ་བྱོན་གྱི་བར་དུ་གསང་སྔགས་གསར་མའི་ཐབས་ཀྱི་རྒྱུད་སྡེ་རྣམས་འོག་མིན་གྱི་གནས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་གནས་སམ། སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པ་བཙུན་མོའི་བྷ་གའི་ནུབ་ཕྱོགས་ཨོ་རྒྱན། མཁའ་འགྲོའི་གནས་ན། རང་བཞིན་གྱི་རྒྱུད་སྡེ་རྣམས་ངོ་བོ་ཉིད་དུ་གནས་པ་ལས། ཀླུ་སྒྲུབ་སྙིང་པོ་དང་གྲུབ་ཆེན་བརྒྱད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམ་པར་འཕྲུལ་པས་གསང་སྔགས་མི་ཡུལ་དུ་འབྱུང་ཞིང་གདུལ་བྱ་སྐལ་བ་དང་ལྡན་previous hit ་རྣམས་འདུལ་བའི་དུས་ལ་བབ་པར་དགོངས next hit་ནས། རིམ་དང་རིམ་གྱིས་བྱོན་ཅིང་དེའི་previous hit དགོངས next hit་དང་previous hit དགོངས་གཞི་སྒྲ་དང་དོན་གོ་ཞིང་རྟོགས་པའི་ཚུལ་བསྟན་ next hit། རིམ་གྱིས་པ་དང་ཅིག་ཅར་བའི་གྲུབ་ཐོབ་བསམ་གྱིས་མི་ཁྱབ་པ་རྣམས་བྱོན་ནས། ཕྲིན་ལས་བཞི་དང་གྲུབ་ཆེན་བརྒྱད་ཀྱིས་སྐད་ཅིག་ཙམ་གྱིས་འགྲོ་བ་ཐམས་ཅད་སྨིན་ཅིང་གྲོལ་བར་མཛད་པའོ། །དེ་རྣམས་ཐམས་ཅད་ཀྱང་ཀླུ་སྒྲུབ་སྙིང་པོའི་རྣམ་འཕྲུལ་ཏེ། ཀླུ་སྒྲུབ་སྙིང་པོ་ཤཱཀྱ་ཐུབ་པ་ཞེ་སྡང་རྡོ་རྗེ། གཏི་མུག་རྡོ་རྗེ། འདོད་ཆགས་རྡོ་རྗེ། ང་རྒྱལ་རྡོ་རྗེ། ཕྲག་དོག་རྡོ་རྗེ་ཡབ་ཡུམ་རྣམས་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམ་པར་འཕྲུལ་པའི་གསང་བ་གཅིག་ཏུ་འདུས་པ་ཀླུ་སྒྲུབ་སྙིང་པོ་ཡིན་པའི་ཕྱིར་ན། ཀླུ་སྒྲུབ་སྙིང་རྗེའི་དུས་སུ་ཐབས་ཀྱི་རྒྱུད་སྡེ་ཐམས་ཅད་དར་ཞིང་རྒྱས་པར་མཛད་པའི་ཕྱིར་ན། རྣལ་འབྱོར་ཆེན་པོ་གསར་མའི་ཐབས་ཀྱི་རྒྱུད་དཔལ་གསང་བ་འདུས་པ་ལ་གཏོགས་ཚད་ཀྱི་རྒྱུད་སྡེ་ཐམས་ཅད་རྣལ་འབྱོར་བླ་ན་མེད་པ་གསར་མའི་ཐབས་ཀྱི་རྒྱུད་ཡིན་ངེས་པ་ལགས་སོ། །རྣལ་འབྱོར་ཆེན་པོ་ཕ་རྒྱུད་ཀྱི་གླེང་གཞི་བྱུང་ཚུལ་མདོ་ཙམ་བསྟན་པའི་སྐབས་ལགས་སོ། །ཐབས་གཙོ་བོར་སྟོན་པ་ཕ་རྒྱུད་གསང་བ་འདུས་པའི་རྒྱུད་དང་

(༢༥༦)རྒྱུད་ཕྱི་མ་ལ་སོགས་ཏེ་གྲངས་མེད་པ་ཅིག་གསུངས་ཀྱང་། མདོར་བསྡུ་ན་རིགས་ལྔ་ཡབ་ཡུམ་བཅུར་འདུས་པ་སྟེ། གཤིས་ལ་གནས་ལུགས་རིགས་ལྔ་དང་། ཐབས་ཤེས་དབྱེར་མེད་ཀྱི་རིགས་ལྔ་དང་། འབྲས་བུ་མཐར་ཕྱིན་པ་རང་བཞིན་ལྷུན་གྱིས་གྲུབ་པའི་རིགས་ལྔ་ཡབ་ཡུམ་བཅུ་སྟེ། དུས་གསུམ་རྒྱལ་བ་རྒྱ་མཚོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གསང་བ་འདུས་པའོ། །གཤིས་ལ་གནས་པའི་རིགས་ལྔ་དངོས་པོ་གཤིས་ཀྱི་གནས་ལུགས། སངས་རྒྱས་དང་སེམས་གང་གི་ཡང་ཐ་སྙད་མེད་པ། གཤིས་མཉམ་པ་ལ་ངོ་བོ་མཚན་ཉིད་རང་བཞིན་ལྔ་ལྡན་དུ་གནས་པ་ལས། རྟོགས་ན་ནི་སངས་རྒྱས་སྐུ་ལྔ་རང་ལ་རྫོགས་ལ། མ་རྟོགས་ན་ནི་ཁམས་གསུམ་འཁོར་བ་མ་རིག་པའི་རྒྱ་མཚོ་འཁྲུལ་པ་མཐའ་ཡས་པའོ། །དེའི་ཕྱིར་ན་སངས་རྒྱས་སེམས་ཅན་ཞེས་བྱ་བ་གཉིས་སུ་མིང་འདོགས་པ་སྟེ། རྟོགས་མ་རྟོགས་གཉིས་ཀྱི་ས་མཚམས་འབྱེད་པའོ། །དེ་ལ་རིགས་རྣམ་པ་ལྔ་ཡིས་གཤིས་ཀྱི་གནས་ལུགས་ལྔ་ཇི་ལྟར་དུ་གནས་པའི་ཚུལ་གཤིས་འགྱུར་པ་མེད་པ་ལ་སོགས་པ་དང་པོ་གཙོ་ཆེར་གང་རྟོགས་པ་དེ་ལས་རིགས་རྣམ་པ་ལྔ། སོ་སོར་མིང་འདོགས་པའོ། །དེའི་ཕྱིར་ན་རྣམ་པར་སྣང་མཛད་ཀྱི་དངོས་པོ་ཀུན་ལ་ཁྱབ་པ་ཡིས། གཙོ་བོ་བྱེས་ནས་གཤིས་ལྔ་ཕྱོགས་མེད་དུ་རྟོགས་པ་ལས། རྣམ་པར་སྣང་མཛད་སྐུའི་དཀྱིལ་འཁོར་དུ་རྫོགས་པ་ཡི་གནས་ལུགས་བྱང་ཆུབ་ཀྱི་སེམས་འདི་ལྟར་དུ་གསུངས་སོ། །དངོས་པོ་ཐམས་ཅད་ཀུན་ཁྱབ་ཅིང་། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་པར་གྲོལ། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །ཆོས་དབྱིངས་ཀུན་ལས་ཁྱབ་པའོ། །ཞེས་རྣམ་པར་སྣང་མཛད་ཀྱིས་དངོས་པོ་ཀུན་ལས་ཁྱབ་པ་ཡིས་གཙོ་བོ་བྱས་ནས་

(༢༥༧)གཤིས་ལྔ་རྟོགས་པའི་previous hit དགོངས next hit་བསམ་གྱིས་མི་ཁྱབ་པ་གསུངས་སོ། །དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའི་དངོས་པོ་གཤིས་ཀྱི་གནས་ལུགས་གཤིས་འགྱུར་བ་མེད་པའི་དོན་གྱིས་དངོས་པོ་གཤིས་ཀྱི་གནས་ལུགས་ལྔ་ལྡན་ཕྱོགས་མེད་དུ་རྟོགས་ཤིང་། གནས་ལུགས་བྱང་ཆུབ་ཀྱི་སེམས་འདི་ལྟར་གསུངས་སོ། །དངོས་པོ་འདི་རྣམས་དངོས་མེད་ཅིང་། །གདོད་ནས་འགྱུར་བ་མེད་པ་ལས། །ཆོས་དང་ཆོས་ཉིད་མེད་པ་སྟེ། །ནམ་མཁའ་ལྟ་བུ་མཐའ་ཡས་པ། །བྱང་ཆུབ་མི་འགྱུར་བརྟན་པའོ། །དེ་བཞིན་པ་མི་སྐྱོད་previous hit ་ཡིས། །འགྱུར་བ་མེད་པའི་དཀྱིལ་འཁོར་དུ་རྟོགས་ཤིང་སངས་རྒྱས་པའི་དགོངས next hit་པའོ། །བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱིས་གནས་ལུགས་རང་བཞིན་གསལ་བ་དང་པོར་རིག་ཅིང་རྟོགས་ནས། གནས་ལུགས་ལྔ་པོ་ཕྱོགས་མེད་དུ་རྫོགས་པ་མཐར་ཕྱིན་པས། previous hit དགོངས next hit་འདི་གསུངས་སོ། །ཆོས་རྣམས་ཐམས་ཅད་རང་བཞིན་སྟོང་། །ཐམས་ཅད་ཀུན་གྱི་མཚན་ཉིད་རྒྱས། །བདག་མེད་ཆོས་ལས་ཀུན་ཀྱང་འབྱུང་། །བྱང་ཆུབ་སེམས་འདི་བརྟན་པའོ། །རིན་ཆེན་འབྱུང་ལྡན་གྱི་རང་བཞིན་སྟོང་པ་ཡིས་ཐོག་དྲངས་ནས། ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་སྟོང་ཞིང་དངོས་པོ་ཀུན་གྱི་ཡོན་ཏན་ཆེ་མཆོག་རྒྱལ་པོར་རྟོགས་པ་ཡིས་གསང་བའི་མཛོད་གསུངས་པའོ། །དེ་ནས་སངས་རྒྱས་འོད་དཔག་མེད་ཀྱི་རང་བཞིན་གྱིས་འོད་གསལ་བའི་གནས་ལུགས་དང་པོ་རྟོགས་ནས། གནས་ལུགས་བཞི་པོ་ཡང་ཕྱོགས་མེད་དུ་རྟོགས་པ་ཡིས། །གནས་ལུགས་གསང་བའི་མཛོད་འདི་གསུངས་སོ། །རང་བཞིན་གདོད་ནས་འོད་གསལ་བས། །མ་སྐྱེས་པའི་ཆོས་རྣམས་ལ། །ངོ་བོ་མེད་དེ་སྒོམ་པའང་མེད། །ནམ་མཁའི་དབྱིངས་སུ་སྦྱོར་བའང་མེད། །དེ་ལྟར་ཡོན་ཏན་ཀུན་རྫོགས་སོ། །

(༢༥༨)སྣང་བ་མཐའ་ཡས་ཀྱི་གནས་ལུགས་ལྔ་པོ་རང་བཞིན་གསལ་བ་ཡིས་མཚོན་ནས། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་བ་སྣ་ཚོགས་མཐའ་ཡས་པར་རྟོགས་ཤིང་རྫོགས་པ་ཡིས། previous hit དགོངས next hit་གསང་བ་ཐམས་ཅད་འདིར་འདུས་པའོ། །ཞེས་གསུངས་སོ། །ཕྲིན་ལས་ཐམས་ཅད་ཡོངས་སུ་རྫོགས་པའི་དོན་ཡོད་གྲུབ་པས་མཚན་ཉིད་ཐོགས་པ་མེད་པས་དང་པོར་མཚོན་ནས། དངོས་པོ་གཤིས་ཀྱི་གནས་ལུགས་ལྔ་ལྡན་ཕྱོགས་མེད་དུ་རྟོགས་ཤིང་། བྱ་བ་གྲུབ་པའི་ཡེ་ཤེས་ཀུན་མཁྱེན་རྣམ་པར་མཁྱེན་པ་ཡི་དོན་དམ་པ་གསང་བའི་མཛོད་འདི་གསུངས་སོ། །ཆོས་རྣམས་ངོ་བོ་མཚན་ཉིད་རང་བཞིན་རྫོགས། །གདོད་ནས་དག་པས་ནམ་མཁའ་བཞིན། །བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། །མཚན་ཉིད་སྣ་ཚོགས་ཅིར་ཡང་འཆར། །བྱང་ཆུབ་ཚུལ་འདི་བསྟན་པའོ། །དོན་ཡོད་གྲུབ་པའི་མཚན་ཉིད་མཚན་གཞི་མཚོན་བྱེད་གཤིས་ལ་གནས་previous hit ་ཕྱོགས་མེད་དུ་རྟོགས་ཤིང་རྫོགས་པའི་དགོངས next hit་པའོ། །དེའི་ཕྱིར་ན། མཚན་བརྗོད་ཀྱི་ལུང་ལས་ཀྱང་། ལམ་གྱི་ཡན་ལག་བརྒྱད་ཚུལ་རིགས། ཞེས་གསུངས་པའི་ཕྱིར་ན། རང་བཞིན་ལྷུན་གྱིས་གྲུབ་པའི་རིགས་ལྔ་ཡིས་དངོས་པོ་གཤིས་ཀྱི་གནས་ལུགས་ལས། སྐད་ཅིག་མ་དང་པོ་ལ་སོ་མ་ཟིན་ན། སྐད་ཅིག་མ་ཉི་ཤུ་རྩ་བཞིའི་དུས་སུ་འོད་ཁ་དོག་རྣམ་པ་ལྔའི་སྣང་བ་མིག་རྒྱུ་ཙམ་འགྱུར་བའི་དུས་སུ། རྣམ་པར་སྣང་མཛད་ཀྱི་སེམས་ཉིད་དངོས་པོ་ཀུན་ལ་ཁྱབ་པ་ལས་འཁྲུལ་པ་ལས། འོད་ཁ་དོག་དཀར་པོ་དང་པོར་རིག་ནས་ཁ་དོག་ལྔ་པོ་ཕྱོགས་མེད་དུ་རྟོགས་པ་ལས། རྣམ་པར་སྣང་མཛད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། སྐུའི་དཀྱིལ་འཁོར་ཉི་ཤུ་རྩ་ལྔའི་དཀྱིལ་འཁོར་དུ་འཁྲུལ་པ་ལམ་དུ་རྟོགས། ལམ་དང་འཁྲུལ་པ་གཉིས་ཀ་ཆོས་དབྱིངས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཆར་བའོ། །སེམས་ཉིད་ཀྱི་གཤིས་འགྱུར་བ་མེད་པ་ལས། འོད་ཁ་དོག་

(༢༥༩)སྔོན་པོར་འཁྲུལ་བའི་དུས་སུ། གཤིས་འགྱུར་བ་མེད་པ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་རྟོགས་ཤིང་གནས་ལུགས་ཐམས་ཅད་ཕྱོགས་མེད་དུ་རྟོགས་པ་ལས། རྡོ་རྗེ་སེམས་དཔའི་ཐུགས་ཀྱི་དལ་དུ་ཤར་བའོ། །སེམས་ཉིད་ཀྱི་གཤིས་ངོ་བོ་སྟོང་པ་ལས་ཅུང་ཟད་ཙམ་གྱི་འཁྲུལ་སྣང་དུ་འོད་དམར་པོ་དང་པོར་རིག་ཅིང་གནས་ལུགས་ཐམས་ཅད་ཕྱོགས་མེད་དུ་རྟོགས་པ་ལས། སྣང་བ་མཐའ་ཡས་གསུང་གི་དཀྱིལ་འཁོར་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་རང་བྱུང་ཡེ་ཤེས་སུ་ཤར་བའོ། །རང་བཞིན་གཤིས་ལས་གསལ་བ་ལས། ཅུང་ཟད་ཙམ་གྱི་འཁྲུལ་སྣང་ལས་འོད་སེར་པོ་དང་པོར་རིག་ཅིང་གཤིས་ལྔ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་རྟོགས་ཤིང་། རིན་ཆེན་འབྱུང་ལྡན་ཡོན་ཏན་གྱི་དཀྱིལ་འཁོར་དུ་རང་བཞིན་གྱིས་རྫོགས་པའོ། །སེམས་ཉིད་ཀྱི་གཤིས་ལ་མི་ཟད་ཐོགས་པ་མེད་པར་གདོད་མ་ནས་གནས་པ་ལས། ཅུང་ཟད་འཁྲུལ་པའི་སྣང་བ་འོད་ཁ་དོག་ལྗང་གུ་བྱ་བ་གྲུབ་པའི་ཡེ་ཤེས་སུ་རྟོགས་ཤིང་། དངོས་པོ་གཤིས་ཀྱི་གནས་ལུགས་ཆོས་ཀྱི་དབྱིངས་དང་མཉམ་པ་མཚན་ཉིད་ཅིར་ཡང་འཆར་བ། ཀུན་གྱི་ངོ་བོ་རང་བཞིན་མཚན་ཉིད་ཕྱོགས་མེད་དུ་རྟོགས་ཤིང་རྫོགས་པ་ལས་དོན་ཡོད་གྲུབ་པ་ཕྲིན་ལས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པའོ། །དེའི་ཕྱིར་ན་རིགས་ལྔ་གཅིག་ལ་ཡང་རིགས་ལྔ་ཡབ་ཡུམ་བཅུའི་དཀྱིལ་འཁོར་ཕྱོགས་མེད་དུ་མ་རྫོགས་པ་གང་ཡང་མེད་པ་སྟེ། གནས་ལུགས་གཅིག་ལ་ལྔ། དེ་ལས་འཁྲུལ་པ་དང་པོ་འོད་ཁ་དོག་ལྔའི་སྣང་ཆ་ཙམ་བྱུང་བའི་དུས་སུ་དང་པོ་ཁ་དོག་གང་རྟོགས་པ་དེས། རིགས་ལྔའི་སངས་རྒྱས་ཁ་དོག་སོ་སོར་ཕྱག་མཚན་དང་། གདན་དང་། ཡུམ་དང་ཕྱག་རྒྱ་ལ་སོགས་པ་གྲངས་ཅན་དང་གྲངས་མེད་སོ་སོར་གསལ་བའོ། །དེའི་ཕྱིར་ན། རིགས་ལྔར་ལྷུན་གྱིས་གྲུབ་པའི་སངས་རྒྱས་འདི་རྣམས་སྣང་ཆ་དང་གསལ་ཆ་ལྔ་དང་བཅུ། སྐད་ཅིག་མ་ཉི་ཤུ་རྩ་གཅིག་ལ་རྫོགས་པའི་ཕྱིར་ན། ཡུལ་དང་ཡུལ་ཅན་ཞེས་ཀྱང་བྱ། སྣང་

(༢༦༠)སེམས་གཉིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་མཐར་ཕྱིན་པའི་སངས་རྒྱས་ཞེས་བྱ་བའོ། །དེའི་ཕྱིར་ན། སངས་རྒྱས་འདི་རྣམས་ལ་རྒྱུ་དང་འབྲས་བུ་ས་དང་ལམ་གྱི་སྒྲོད་བྱ། སློབ་དཔོན་དང་ཆོས་དང་གདམས་ངག་གང་ཡང་མ་མཆིས་སོ། །དེའི་ཕྱིར་ན་དངོས་པོ་གཤིས་ཀྱི་གནས་ལུགས་ཀུན་ལ་ཁྱབ་པར་གནས་ཀྱང་། གང་གིས་རྟོགས་པའི་དུས་སུ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གསང་བ་འདུས་པ། གནས་ལུགས་འདི་ལྔ་གང་གིས་མ་རྟོགས་ཤིང་མི་རིག་པའི་དུས་སུ་ནི་ཁམས་གསུམ་འཁོར་བ་དུག་ལྔ་འབྱུང་པ་ལྔ་འགྲོ་བ་རིགས་ལྔ། ལྔ་ལྔའོ་གྲངས་ཅན་དང་གྲངས་མེད་འཁྲུལ་པའི་རྒྱ་མཚོར་གནས་པའི་ཕྱིར་ན། ས་རྟོགས་པའི་སེམས་ཅན་ཐམས་ཅད་ལ་སྐུ་ལྔ་ཡེ་ཤེས་ལྔ་གནས་ལུགས་ལྔ་རང་བཞིན་གྱིས་གནས་ཀྱང་། ངོ་མ་ཤེས་པའི་ཕྱིར་ན་རང་གིས་རང་ངོ་མ་ཤེས་པས་ན། མ་རྟོགས་མ་རིག་པའི་གང་ཟག་ཀུན་ལ་ངོ་བོ་ཉིད་ཀྱིས་གསང་བའི་ཕྱིར་ན་གསང་བ་འདུས་པ་ཞེས་བྱ། ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་རིགས་ལྔ་དེ་བཞིན་གཤེགས་པའི་ཚོགས་ཐམས་ཅད་ཀྱིས་གདོད་མ་ནས་མ་ཁྱབ་པ་མེད་པ་ཡིན། གང་དང་གང་གིས་རྟོགས་པ་རྣམས་ལ་ནི་དེ་བཞིན་གཤེགས་པ་ལྔ་དང་། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་རྣམ་པ་ལྔ་སངས་རྒྱས་གཅིག་ལ་ཡང་རྫོགས་ལ། སངས་རྒྱས་ཐམས་ཅད་ལ་ཡང་རྫོགས་པའོ། །དེའི་ཕྱིར་ན་མངོན་པར་རྟོགས་པའི་རྒྱན། གསང་བའི་མཛོད། གསང་བ་ཐམས་ཅད་འདུས་པ། གང་གིས་རྟོགས་པ་དེ་རང་ཉིད་ཡིན་ཞིང་རང་ལ་ཐམས་ཅད་རྫོགས་པའོ། །དེའི་ཕྱིར་ན་གཤིས་ལ་གནས་པའི་རིགས་ལྔ་སྐད་ཅིག་མ་ཉི་ཤུ་རྩ་གཅིག་གིས་ཕྱོགས་མེད་དུ་རྟོགས་ཤིང་རྫོགས་པ་ལ། རྒྱལ་བ་ལོངས་སྤྱོད་རྫོགས་པའི་དལ་ཆོས་ཀྱི་དབྱིངས་དང་མཉམ་པ་རང་བཞིན་གྱིས་ལྷུན་གྱིས་གྲུབ་པར་རྫོགས་པའོ། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས་

(༢༦༡)གཤིས་ལ་གནས་པའི་རིགས་ལྔ་ལམ་གྱི་ཡན་ལག་བརྒྱད་ཚུལ་དུ་རིག་ནས། རིགས་ལྔའི་དལ་དུ་རྟོགས་ཤིང་ཕྱོགས་མེད་དུ་མི་ཟད་པ་རྒྱན་གྱི་འཁོར་ལོ་རྣམ་པ་ལྔ་བསྟན་པའི་བར་སྐབས་སོ། །དཔལ་གསང་བ་འདུས་པའི་ལུང་ལས། དེ་ཞིན་གཤེགས་པའི་ཚོགས་བསགས་ན། དངོས་གྲུབ་དམ་པ་ཐོབ་པར་འགྱུར། གསུང་བའི་དོན་ཡང་འདི་ལྟ་བུ་ལ་previous hit དགོངས next hit་ཡིན། གདོད་མ་ནས་དངོས་པོ་གཤིས་ཀྱི་གནས་ལུགས་དེ་བཞིན་གཤེགས་པ་སྐུ་ལྔའི་དལ་ཡིན་པ་ལ། ཡིན་པར་ངོ་མ་ཤེས་ཤིང་ལྷན་ཅིག་སྐྱེས་པའི་མ་རིག་པ་བསྒྲིབས་ནས། གཤིས་ཀྱི་གནས་ལུགས་ངོ་བོ་མཚན་ཉིད་ལྔ་དང་ལྡན་པ་དེ་ལོག་པར་འཁྲུལ་ཞིང་ལོག་པར་རྟོགས་པས་གཤིས་འགྱུར་བ་མེད་པ་ལ་ཞེ་སྡང་དུ་འཁྲུལ། ངོ་བོ་སྟོང་པ་ལ་འདོད་ཆགས་སུ་འཁྲུལ། རང་བཞིན་གསལ་བ་ལས་ང་རྒྱལ་དུ་འཁྲུལ། དངོས་པོ་ཀུན་ལ་ཁྱབ་པ་ལས་གཏི་མུག་ཏུ་འཁྲུལ། མཚན་ཉིད་ཐོགས་པ་མེད་པ་ལས་རྣམ་པར་རྟོགས་པ་ཕྱོགས་མེད་དུ་འཕྲོ་བ་ལས་ཕྲག་དོག་ཏུ་འཁྲུལ། དེའི་ཕྱིར་ན། རྩ་བའི་རྣམ་པར་རྟོགས་པ་ལྔ་ལས་རྣམ་པར་རྟོགས་པ་བརྒྱད་ཁྲི་བཞི་སྟོང་ངོ་། །དེས་བསྐྱེད་པའི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དུ་འཁྲུལ་པའི་ཕྱིར་ན་མ་རིག་པའི་འཁྲུལ་འཁོར་ཆེན་པོ། ཉོན་མོངས་པའི་རྒྱ་མཚོ་ཆེན་པོ། གྲངས་མེད་ཚད་མེད་བསམ་གྱིས་མི་ཁྱབ་པར་འགྲོ་བ་རིགས་ལྔའི་སྐྱེ་གནས་རྒྱུན་ཆད་མེད་པར་འགྲིམ་ཞིང་། ཆུ་བོ་བཞིའི་རྒྱ་མཚོ་ཆེན་པོར་རང་བཞིན་ཉིད་ལ་རང་ཐང་འཁྲུལ་པ་དེ་རྩ་བ་རང་སེམས་ལ་རྟོགས་པའི་རྒྱུ་འབྲས་མེད་པའི་རྒྱུ་འབྲས་ཀྱི་འཁོར་ལོའོ། །དེའི་ཕྱིར་ན། ནང་པ་སངས་རྒྱས་པའི་ཐེག་པ་ལ་ཡང་། ཉན་ཐོས་ཀྱི་ཐེག་པ་ནས་རྣལ་འབྱོར་གྱི་ཐེག་པ་མན་ཆོད་ཐེག་

(༢༦༢)པ་དྲུག་གིས་ཀྱང་འཁྲུལ་པ་འདི་རྣམས་ལ་བཀག་པ་དང་བསྒྱུར་བ་ལ་སོགས་པའི་བཞེད་ལུགས་དཔག་ཏུ་མེད་པ་ཡོད་པ་སྟེ། དེ་ཡང་མ་རིག་པ་དཀར་པོའི་བློ་ཡིན། རྣལ་འབྱོར་ཆེན་པོ་གསར་མའི་ཕ་རྒྱུད་མ་རྒྱུད་ཀྱི་previous hit དགོངས་པའི་དབང་དུ་བྱས་ན། མ་རིག་ next hit་རང་རིག་པའི་ཡེ་ཤེས་སུ་རྟོགས། རྣམ་པར་རྟོག་པའི་ཚོགས་དང་ཉོན་མོངས་པའི་ཚོགས་རྣམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་ན། དེ་བཞིན་གཤེགས་པའི་ཚོགས་ཐམས་ཅད་གདོད་མ་ནས་རང་ཉིད་ཡིན་པ་ལ་ཡིན་པར་རྟོགས་ཤིང་ངོ་བོ་མཚན་ཉིད་རྫོགས་ན། ཉོན་མོངས་པ། དེ་བཞིན་གཤེགས་པའི་ཚོགས་རྣམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དབྱིངས་སུ་སད་པའི་ཕྱིར་ན། རང་བྱུང་ཡེ་ཤེས་རྟོགས་པ་རབ་འབྱམས་ཀྱི་དངོས་གྲུབ་དེ་བཞིན་གཤེགས་པ་སྐུ་ལྔའི་ཚོགས་རང་ལ་རྫོགས་པའོ། །དེའི་ཕྱིར་ན་རྟོགས་ན་ནི་དེ་བཞིན་གཤེགས་པ་རྒྱལ་བ་རྒྱ་མཚོ་རྒྱལ་བ་སྲས་དང་བཅས་པ་རྣམས་རང་གི་ལུས་ངག་ཡིད་གསུམ་ལ་རྫོགས་པའི་ཕྱིར་ན། རང་བྱུང་དཀྱིལ་འཁོར་ཆེན་པོ་བྱ་བ་ཡིན་དངོས་པོ་གཤིས་ཀྱི་གནས་ལུགས་དེ་ལྟར་དུ་མ་རྟོགས་ཤིང་མ་རིག་འཁྲུལ་པ་མཐའ་མེད་མུ་མེད་དུ་ཁ་འབྱམས་ན། ཁམས་གསུམ་འཁོར་བ་ཁྲག་གི་རྒྱ་མཚོ་བྱ་བ་ཡིན། དེའི་ཕྱིར་ན། མ་ཧཱ་ཡོ་གའི་བཞེད་ཀྱིས་རྟོགས་དང་མ་རྟོགས་པ། མ་རིག་པའི་དེ་བཞིན་གཤེགས་པའི་ཚོགས་དང་། རང་རིག་པའི་ཡེ་ཤེས་ཀྱི་དེ་བཞིན་གཤེགས་པའི་ཚོགས་གཉིས་ལ། རྟོགས་པ་དང་མ་རྟོགས་པ་གཉིས་ཀྱི་ས་མཚམས་མ་ལགས་པ། རྒྱུ་འབྲས་དང་སྣང་བཀག་དང་སྒོམ་སྒྲུབ་དང་ཆོས་དང་སློབ་དཔོན་གང་ཡང་མ་མཆིས་སོ། །དེའི་ཕྱིར་ན། དེ་བཞིན་གཤེགས་པའི་ཚོགས་བསད་ན། དངོས་གྲུབ་དམ་པ་ཐོབ་པར་འགྱུར་གསུང་བ་ཡང་རྟོགས་མ་རྟོགས་གཉིས་ལ་previous hit དགོངས next hit་ཡིན། དེའི་ཕྱིར་ན་དབྱེར་མེད་པའི་

(༢༦༣)ཚོགས་གཤིས་ལ་གནས་པ། ལམ་དུ་ཐབས་ཤེས་རབ་དབྱེར་མེད་དུ་བགྲོད་པ། སྐུ་ལྔ་ཡོངས་སུ་རྫོགས་པའི་དེ་བཞིན་གཤེགས་པའི་ཚོགས། དཀྱིལ་འཁོར་ཆེན་པོ་རང་ལ་རྫོགས་པའི་དུས་སུ་གསང་བ་འདུས་པ་ཞེས་ཀྱང་བྱ། previous hit དགོངས next hit་གདོད་མ་ནས་རང་ལ་འདུས་ཤིང་རྫོགས་པ་ཞེས་ཀྱང་བྱའོ། །དེའི་ཕྱིར་ན། ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་འཁོར་བའི་ཆོས་དྲུག་བཅུ་རྩ་བཞི་ལ་སོགས་ཏེ། ཕྱི་ནང་སྣོད་བཅུད་ཐམས་ཅད་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཆེན་པོ་ལོངས་སྤྱོད་རྫོགས་པ་རྒྱལ་བ་སྲས་དང་བཅས་པ་རང་བཞིན་གྱིས་ལྷུན་གྱིས་གྲུབ་པའི་ཕྱིར་ན། དེ་བཞིན་གཤེགས་པའི་ཚོགས་ཤེས་བྱ་བའི་དོན་ཡང་དེ་ཡིན། དེའི་ཕྱིར་ན་ཁམས་གསུམ་པའི་སེམས་ཅན་ཐམས་ཅད་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱང་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཡིན་ལ། གང་ཟག་གཅིག་གི་ལུས་ངག་ཡིད་གསུམ་ལ་ཡང་སངས་རྒྱས་སྐུའི་དཀྱིལ་འཁོར་མ་རྫོགས་པ་དང་མ་ཚང་བ་མི་གནས་པ་ནི་གང་ཡང་མེད། དེའི་ཕྱིར་ན་སྒོམ་པ་དང་བསྒྲུབ་པ་རྩོལ་བ་སྣ་ཚོགས་ཀྱིས་བྱས་པ་ཐམས་ཅད་ཐང་ཅིག་རྟག་ཅིང་བརྟན་ཡང་འཇིག་ཅིང་མི་བརྟན་པ་དང་འགྱུར་བའི་ཆོས་ཅན་ཡིན་པའི་ཕྱིར་ན། སྐྱེད་རྫོགས་ཡིད་ལ་བྱེད་པའི་ཆོས་ཐམས་ཅད་འདུས་བྱས་ཀྱི་གངས་སུ་གཏོགས་པའོ། །འདུས་མ་བྱས་ཤིང་སངས་རྒྱས་སེམས་ཅན་གང་གི་ཡང་ཐ་སྙད་མི་འདོགས་པའི་གཤིས་རང་བཞིན་གྱིས་ལྷུན་གྱིས་གྲུབ་པའི་རིགས་ལྔ་ཡབ་ཡུམ་ཀྱི་དཀྱིལ་འཁོར་རང་གིས་རང་ངོ་ཤེས་ཤིང་། ཆོས་དབྱིངས་རབ་འབྱམ་སྐུ་ལྔའི་དལ་རང་ལ་རྫོགས་ན། འཕོ་བ་མེད་ཅིང་འགྱུར་བ་མེད་པའོ། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། རྣལ་འབྱོར་ཆེན་པོ་གསར་མའི་གཤིས་ལ་གནས་པའི་རིགས་ལྔའི་དཀྱིལ་འཁོར་བསྟན་པའི་བར་སྐབས་ལགས་སོ། །

(༢༦༤)དེ་ལྟར་དུ་ཡིན་ན་ཡང་མ་རྟོགས་པ་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་འཁྲུལ་པ་རང་ག་མར་གནས་པའི་དུས་སུ། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ན་བཞུགས་པའི་དྲུག་པ་རྡོ་རྗེ་འཆང་གི་ཐུགས་རྗེའི་འབྲེང་ལ་ཚུལ་ཇི་ལྟར་ཡོད་པ་བཞིན་དུ། རྫུལ་འཕྲུལ་དང་ཆོ་འཕྲུལ་རྣམ་པར་འཕྲུལ་པ་དཔག་ཏུ་མེད་པ་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་བཞུགས་པའི་སྟོན་པ་ལྔའི་རྣམ་པར་འཕྲུལ་པ། གདུལ་བྱ་དབང་པོའི་བྱེ་བྲག་ཇི་བཞིན་དུ་སྣ་ཚོགས་སུ་བསྟན་པ། ཐེག་པ་དྲུག་གི་སྟོན་པ་གཉིས་དང་བསྟན་པ་ཆོས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་གསུངས་ཀྱང་། དེ་རྣམས་ཐུན་མོང་མོས་པའི་ལམ་ཡིན་པ་ལས། ཐེག་པ་དྲུག་ཐེག་པ་གཅིག་ཏུ་རྫོགས་ཤིིང་ཁྱད་པར་དུ་འཕགས་པ་ནི། རྣལ་འབྱོར་ཆེན་པོ་གསར་མའི་ཐེག་པ་རྡོ་རྗེ་འཆང་གི་previous hit དགོངས next hit་མ་ནོར་བ་རྒྱུད་སྡེ་གྲངས་མེད་པ་གསུངས་ཀྱང་། ཐབས་དང་ཤེས་རབ་གཉིས་ཀྱི་རྒྱུད་དུ་འདུས་པ་སྟེ། དེ་ལ་རླུང་དང་སེམས་གཙོ་བོར་སྟོན་པ་ཐབས་ཀྱི་རྒྱུད་ཡིན་ལ། རྩ་དང་བྱང་ཆུབ་ཀྱི་སེམས་གཙོ་བོར་སྟོན་པ་ཤེས་རབ་མའི་རྒྱུད་ཏེ། དེ་གཉིས་གཉིས་ཀ་ཐབས་དང་ཤེས་རབ་དབྱེར་མེད་དུ་སྟོན་པ་ནི། ཕ་རྒྱུད་དང་མ་རྒྱུད་གཉིས་སུ་མེད་པའི་རྒྱུད་ཅེས་བྱའོ། །དེ་ལ་དབང་པོ་ཡང་རབ་ཅིག་ཅར་དུ་རྟོགས་ནས་previous hit དགོངས next hit་རྡོ་རྗེ་འཆང་དང་མཉམ་པ་ཡིན་པ་ལས། འདིར་དབང་པོ་འབྲིང་ལམ་རིམ་གྱིས་བགྲོད་པའི་ཚུལ་གྱིས། རིམ་པ་ལྔ་དང་། ཕྱག་རྒྱ་བཞི་དང་། དབང་བཞིས་སྨིན་པ་དང་གྲོལ་བ་ཡིས་previous hit དགོངས next hit་ཡོངས་སུ་རྫོགས་ཤིང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཐར་ཕྱིན་པ་ནི་ལམ་བསྒྲོད་པའི་ཚུལ་གྱི་རིགས་ལྔ་སྟེ། དེའི་ཕྱིར་ན་ལམ་བསྒྲོད་ཚུལ་རྣམ་པ་བཞི་ཡིན་པ་ལས། ཕྱི་དབྱིབས་ལ་བསླབ་པ་དཀྱིལ་འཁོར་རྒྱས་བསྡུས་སྐྱེད་རིམ་ལ་བརྟན་པར་བྱ་བ་དང་། སེམས་བདག་མེད་པ་ལ་

(༢༦༥)བསླབ་པ་རྫོགས་རིམ་གྱི་ཏིང་ངེ་འཛིན་སྣ་ཚོགས་ལ་བསླབ་པ་དང་། ངག་སྔགས་ཀྱི་བསླབ་པ་ལ་སྦྱང་བ། ཕྱི་སྤྲོ་བསྡུའི་བཟླས་པ་དང་། འགོག་པའི་བཟླས་པ་དང་། གསང་བ་རླུང་རྡོ་རྗེའི་བཟླས་པ་ལ་བསླབ་པའོ། །དེ་གསུམ་བརྟན་ཞིང་མཐར་ཕྱིན་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མི་རྟོགས་ཀ་མེད་ཡིན། དེ་ལྟར་དུ་རྟོགས་ཀྱང་གོམས་པ་དང་རྩལ་མ་རྫོགས་ན་ལམ་གྱི་རྟོགས་པ་སྟེ། འབྲས་བུ་མཐར་ཕྱིན་པ་རྡོ་རྗེ་འཆང་གི་previous hit དགོངས next hit་མ་ཡིན་ནོ། །དེའི་ཕྱིར་ན་གསང་སྔགས་གསར་མའི་ལམ་ཐག་ཤིན་དུ་ཉེ་བ་སྟེ། རླུང་སེམས་གཉིས་ལ་དབང་མ་ཐོབ་ན། ཕྱིའི་སྔགས་དང་ལྷ་དང་ཐོས་བསམ་གནས་ལུགས་ཤེས་པ་ཙམ་ལ་བཞག་ན། མཚན་ཉིད་སྡེ་སྣོད་གསུམ་པས་ཀྱང་ལམ་ཐག་ཤིན་དུ་རིང་བའོ། །དེའི་ཕྱིར་ན། ཕ་རྒྱུད་མ་རྒྱུད་རྒྱུད་སྡེ་ཐམས་ཅད་ཀྱི་སྒྲ་དོན་མན་ངག་དང་ལུང་གསང་བ་གནད་ཀྱི་མན་ངག་ལ་མཁས་ཤིང་། བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱིས་བྱིན་གྱིས་བརླབས་ཤིང་དབང་ཐོབ་ནས་ལུས་སེམས་སྣོད་དུ་རུང་བའི་སྐལ་བ་དང་ལྡན་པ་རྣམས་ཀྱིས། རླུང་སེམས་གནད་ཀྱི་མན་ངག་ལ་རྩོལ་བས་དྲག་ཏུ་བསྒོམས་ན། མྱུར་དུ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེའི་ཕྱིར་ན་རྗེ་བཙུན་ནཱ་རོ་པའི་ཞལ་ནས་ཀྱང་། ཟླ་དྲུག་བསྒོམས་པས་རླུང་དྲུག་ཟིན། གསུང་བ་ཡང་། ཕ་རྒྱུད་མ་རྒྱུད་ལ་རྒྱུད་སྡེ་གནམ་གྱི་སྐར་མ་ཙམ་གསུངས་པ་ཡང་། མདོར་བསྡུས་ན་རླུང་སེམས་གཉིས་ཀྱི་དཀྱིལ་འཁོར་དུ་འདུས་པ་ཡིན། དེ་རྣམས་ཐམས་ཅད་ཀྱི་བཅུད་མཁའ་འགྲོའི་སྲོག་སྙིང་གནད་ཀྱི་མན་ངག་རྗེ་ཏཻ་ལོ་དང་ནཱ་རོ་པའི་སྙན་རྒྱུད་དུ་སྐུ་ཉམས་སུ་བཞེས་ཤིང་previous hit དགོངས next hit་མཐར་ཕྱིན་པ། དབང་པོ་ཡང་རབ་ཀྱི་སྐད་ཅིག་མ་ཉི་ཤུ་རྩ་གཅིག་ལ་མཆོག་གི་དངོས་གྲུབ་ཐོབ་པ་དང་། དབང་པོ་འབྲིང་གི་ཟླ་བ་དྲུག་ཙམ་

(༢༦༦)གྱིས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པ་དང་། དབང་པོ་ཐ་མས་ཀྱང་མི་ཚེ་གཅིག་གིས་རྩོལ་བས་དྲག་ཏུ་བསྒྲུབས་ན། བར་དོ་དང་པོ་ན་གཤིས་ལ་གནས་པའི། འོད་གསལ་རང་བྱུང་ངོ་བོ་གཅིག་ལ་ལྔ་ལྡན་དུ་གནས་པ་དེ། དེ་ཉིད་དུ་ངོ་ཤེས་ནས་བར་དོ་མེད་པར་རང་ས་ཟིན་པའོ། །དེའི་ཕྱིར་ན། རྣལ་འབྱོར་གསར་མའི་རྒྱུད་སྡེ་འོག་མའི་རྒྱ་མཚོ་དང་འདྲ་བ་ལས། སྙན་རྒྱུད་གནད་ཀྱི་མན་ངག་མར་གྱི་ཉིང་གུ་ལྟ་བུ་དེ། ཐབས་དང་ཤེས་རབ་རྩ་རླུང་བྱང་ཆུབ་ཀྱི་སེམས་རང་བྱུང་ཕྱག་རྒྱ་ཆེན་པོའི་གནས་སུ་རླུང་སེམས་འདུས་ན། སྐད་ཅིག་ལག་པ་བརྐྱང་བསྐུམ་ལ་མཆོག་གི་དངོས་གྲུབ་ཐོབ་པ་དེ། རྗེ་ནཱ་རོ་པཎ་ཆེན་གྱི་ཁྱད་ཆོས་ཡིན། དེའི་ཕྱིར་ན། དེ་དང་དེ་དོན་དེའི་ས་ལམ་བསྒྲོད་ཚུལ། དེའི་འབྲས་བུ་དངོས་གྲུབ་རང་ལ་རྫོགས་ཚུལ་ད་ནི་རྒྱས་པར་བསྟན་པར་བྱ། སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ཁྱད་པར་དུ་གསར་མའི་རྣལ་འབྱོར་ཆེན་པོའི་རྒྱུད་སྡེ་ཐམས་ཅད་ཀྱི་འབྲེལ་ཚུལ་དང་། སྟོན་པ་བསྟན་པའི་འབྲེལ་ཚུལ་ལས། རྗེ་ཏཻ་ལོ་དང་ནཱ་རོ་པའི་ཟབ་མོ་གནད་ཀྱི་གདམ་ངག །རླུང་སེམས་མཁའ་འགྲོའི་སྲོག་སྙིང་མདོར་བསྡུས་ཏེ་བསྟན་པའི་བར་སྐབས་ལགས་སོ། །གསང་སྔགས་གསར་མའི་ཕ་རྒྱུད་མ་རྒྱུད་ཐབས་དང་ཤེས་རབ་ཀྱི་རྒྱུད། དབྱེར་མེད་དུ་སྒྲ་དོན་བསམ་གྱིས་མི་ཁྱབ་པ་གསུངས་ཀྱང་། གནས་ལུགས་བཞིར་འདུས་པ་སྟེ། སེམས་ཅན་རྡོ་རྗེ་རིགས་ཀྱི་གནས་ལུགས་དང་། ལུས་རྡོ་རྗེ་རིགས་ཀྱི་གནས་ལུགས་དང་། རྩ་རྡོ་རྗེ་རིགས་ཀྱི་གནས་ལུགས་དང་། རླུང་རྡོ་རྗེ་རིགས་ཀྱི་གནས་ལུགས་དང་། གནས་ལུགས་བཞི་པོ་འདི་གདོད་མ་ནས་དངོས་པོ་གཤིས་ཀྱི་གནས་ལུགས་ལ་རང་བཞིན་གྱིས་གནས་པ་སྟེ། དཔེར་ན་ས་བོན་ལ་འབྲས་བུས་ཁྱབ་པ་

(༢༦༧)བཞིན་དུ་དུས་རྣམ་པ་ཐམས་ཅད་དུ་འདི་བཞི་འབྲལ་མི་སྲིད་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། གནས་ལུགས་འདི་ལ་རྟོགས་པའི་དུས་སུ་མ་རིག་པའི་འཁྲུལ་འཁོར་ཆེན་པོ་ཁམས་གསུམ་གྱི་གྲོང་ཁྱེར་གང་དང་གང་དུ་སྐྱེས་ན་ཡང་། འདི་བཞིས་སྐྱེད་ཅིང་འདི་བཞི་ལ་གནས་ནས་འདི་བཞིའི་རྒྱུ་འབྲས་དཀར་ནག་ཁྲ་གསུམ་དུ་རྫོགས་ནས། བདེ་སྡུག་ཆུ་བོ་བཞི་རྒྱུན་མི་འཆད་པའི་ཕྱིར་ན། གནས་ལུགས་རྒྱུའི་རྒྱུད་ཅེས་བྱ་བའི་དོན་ཡང་དེ་ཡིན། འདི་བཞི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ཕྱོགས་མེད་དུ་རྟོགས་ན། རིགས་ལྔ་སྐུ་ལྔ་ཡེ་ཤེས་ལྔ་རང་ལ་རྫོགས་པའི་ཕྱིར་ན། ལུས་ཡེ་ཤེས་ཀྱི་སྐུ། རླུང་ཡེ་ཤེས་ཀྱི་རླུང་། སེམས་ཡེ་ཤེས་ཀྱི་སེམས། རྩ་ཡེ་ཤེས་ཀྱི་རྩ་འོག་མིན་གྱི་གནས་རིག་པ་ལྔའི་ཕོ་བྲང་ལྔ་ན་རྒྱལ་བའི་དཀྱིལ་འཁོར་རང་བྱུང་རང་གྲོལ་རང་ལ་རྫོགས་པའོ། །དེའི་ཕྱིར་ན། འཇམ་དཔལ་མཚན་བརྗོད་ལས་ཀྱང་། ཡེ་ཤེས་ལས་ཅན་དེ་བཞིན་གཤེགས། གསུངས་པ་ཡང་འདི་ལ་previous hit དགོངས next hit་ཡིན། དེའི་ཕྱིར་ན་མ་རྟོགས་ན་ནི་ཁམས་གསུམ་འཁོར་བ་མ་རིག་པའི་ལུས་ཅན་ཡིན། གནས་ལུགས་བཞི་པོ་རྟོགས་ན་ནི་ཡེ་ཤེས་སྐུ་ལྔའི་དཀྱིལ་འཁོར་སྐུ་ཅན་གསུང་ཅན་ཐུགས་ཅན་ཡོན་ཏན་ཕྲིན་ལས་རང་ལ་རྫོགས་པའོ། །དབང་པོ་ཡང་རབ་ཅིག་ཅར་བའི་རྟོགས་མ་རྟོགས་ས་མཚམས་ཡིན། དབང་པོ་འབྲིང་དང་ཐ་མས་རྣལ་འབྱོར་ཆེན་པོའི་ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ལ་འཇུག་པའི་ལུགས་ནི། འདི་ལྟར་དུ་ཤེས་པར་བྱ་སྟེ། རླུང་རྡོ་རྗེ་རིགས་ཀྱི་གནས་ལུགས་འདི་དང་། སེམས་རྡོ་རྗེ་རིགས་ཀྱི་གནས་ལུགས་རྩ་དང་ལུས་འདི་གཞི་རྟེན་འབྲེལ་འགྲིག་པ་དང་མ་འགྲིག་པ་དང་། ལེགས་པར་འདུས་པ་དང་ལོག་པར་འདུས་པ་དང་། རླུང་སེམས་དཀར་བར་འདུས་པ་དང་། ནག་པར་འདུས་པ་དང་། ལུང་དུ་བསྟན་

(༢༦༨)པར་འདུས་པ་དང་ལུང་མ་བསྟན་པར་འདུས་པ་དང་། གནས་ལུགས་བཞི་པོ་འཁྲུགས་པ་དང་མ་འཁྲུགས་པ་དང་། ཆ་མཉམ་པ་དང་ཆ་མི་མཉམ་པ་ལས་འཁོར་འདས་གཉིས་ཀྱི་སྐྱོན་དང་ཡོན་ཏན་སྣ་ཚོགས་པ་སྐད་ཅིག་ཉིད་ལ་ཡང་། དུས་དང་དུས་ཀྱི་འཁོར་ལོ་དཔག་ཏུ་མེད་ཅིང་གྲངས་མེད་པའི་རྒྱུ་འབྲས་ཉམས་སུ་མི་མྱོང་ཁ་མེད་པའོ། །དེའི་ཕྱིར་ན་དཔལ་གསང་བ་འདུས་པའི་ལུང་ལས་ཀྱང་། རླུང་ཞེས་བྱ་བས་ལས་ཀུན་བྱེད། གསུང་བ་ཡང་རླུང་རྡོ་རྗེ་རིགས་ཀྱི་གནས་ལུགས་ལ་previous hit དགོངས next hit་སྟེ། མ་རྟོགས་པའི་ཁམས་གསུམ་པའི་སེམས་ཅན་རྣམས་ཀྱི་མ་རིག་པའི་སེམས་དང་། ལས་ཀྱི་རླུང་གཉིས་ལུས་སེམས་གང་དང་གང་དུ་འདུས་པ་ལས། མཐོ་རིས་གནས་གསུམ་དང་ངན་སོང་གནས་གསུམ་ལས་རྒྱུ་འབྲས་དང་། སྐྱེ་གནས་སྣ་ཚོགས་པའི་ལས་རྣམས་བསྒྲུབ་པ་སྟེ། རླུང་ཡང་རྩ་བ་ལྔ་ཡིན། སའི་ཁམས་ཀྱི་རླུང་དང་། མེའི་ཁམས་ཀྱི་རླུང་དང་། ནམ་མཁའི་རླུང་དང་། རླུང་གི་རླུང་དང་། ཆུའི་ཁམས་ཀྱི་རླུང་དང་ལྔ་ཡིན་པ་སྟེ། རེ་རེ་ལ་ཡང་ལྔ་ལྔར་དབྱེ་བ་ལས། རྣམ་གྲངས་ཉི་ཤུ་རྩ་ལྔའོ། །དེའི་ཕྱིར་ན། །ནམ་མཁའི་ཁམས་ཀྱི་ནམ་མཁའི་རླུང་དང་། ནམ་མཁའི་ཁམས་ཀྱི་སའི་རླུང་དང་། ནམ་མཁའི་ཆུ་རླུང་དང་། ནམ་མཁའི་མེ་རླུང་དང་། ནམ་མཁའི་ཁམས་ཀྱི་རླུང་གི་རླུང་དང་ལྔའོ། །སའི་ཁམས་ཀྱི་སའི་རླུང་དང་། སའི་ཆུ་རླུང་དང་། སའི་མེ་རླུང་དང་། སའི་ནམ་མཁའི་རླུང་དང་། སའི་ཁམས་ཀྱི་རླུང་གི་རླུང་དང་ལྔའོ། །མེའི་ཁམས་ཀྱི་མེ་རླུང་དང་། མེའི་ཁམས་ཀྱི་ཆུ་རླུང་དང་། མེའི་ཁམས་ཀྱི་ས་རླུང་དང་། མེའི་ཁམས་ཀྱི་ནམ་མཁའི་རླུང་དང་། མེའི་ཁམས་ཀྱི་རླུང་གི་རླུང་དང་ལྔའོ། །རླུང་གི་ཁམས་ཀྱི་རླུང་དང་། རླུང་གི་ཁམས་ཀྱི་ས་རླུང་དང་། རླུང་གི་ཁམས་ཀྱི་མེ་རླུང་དང་། རླུང་གི་ཁམས་ཀྱི་ཆུ་རླུང་དང་། རླུང་གི་ཁམས་ཀྱི་ནམ་མཁའི་རླུང་དང་ལྔའོ། །

(༢༦༩)ཆུའི་ཁམས་ཀྱི་ཆུ་རླུང་དང་། ཆུའི་ཁམས་ཀྱི་མེ་རླུང་དང་། ཆུའི་ཁམས་ཀྱི་ནམ་མཁའི་རླུང་དང་། ཆུའི་ཁམས་ཀྱི་ས་རླུང་དང་། ཆུའི་ཁམས་ཀྱི་རླུང་གི་རླུང་དང་ལྔའོ། །རྣམ་གྲངས་ཉི་ཤུ་རྩ་ལྔའི་རླུང་འདི་དག་གིས། མ་རྟོགས་པའི་དུས་སུ་ཁམས་གསུམ་པའི་བདེ་སྡུག་སྐྱེ་གནས་སྣ་ཚོགས་པ་སྟེ། ནད་རིགས་སུམ་བརྒྱ་དྲུག་བཅུ་དང་། བགེགས་རིགས་སྟོང་ཕྲག་བརྒྱད་བཅུ་རྩ་བཞི་དང་། རྐྱེན་ཉི་ཁྲི་ཆིག་སྟོང་དང་། ཕྱོགས་བཞི་དབུས་དང་ལྔ་དང་། ཁ་དོག་ལྔ་དང་། དབྱིབས་ལྔ་དང་། སེམས་ཉིད་ཀྱི་གཤིས་མ་རྟོགས་པའི་དུག་ལྔ་རང་བཞིན་གྱིས་གནས་པ་དང་། ལས་ཀྱི་རླུང་ལྔ་དང་། ཉི་ཤུ་རྩ་ལྔ་ཇི་ལྟར་དུ་འདུས་པ་བཞིན་དུ། ལྷ་ཚངས་པ་དང་འཁོར་ལོ་བསྒྱུར་བའི་རྒྱལ་པོ་མན་ཆོད། མནར་མེད་པའི་དམྱལ་བ་ཡན་ཆོད་ཀྱི་རྒྱུ་འབྲས་བདེ་སྡུག་ཞིང་ཁམས་ལོངས་སྤྱོད་དང་ལོངས་སྤྱོད་མ་ཡིན་པ། བསོད་ནམས་དང་བསོད་ནམས་ཚོགས་མ་ཡིན་པ་དང་། ཚེ་རིང་ཐུང་ལུས་ཆེ་ཆུང་ལ་སོགས་འཁོར་བའི་བྱ་བ་སྣ་ཚོགས་པ་དུག་ལྔ་མ་རིག་པའི་སེམས་དང་། རླུང་ཉི་ཤུ་རྩ་ལྔ་སྟེ། རླུང་སེམས་གཉིས་ཕུང་པོ་ཁམས་དང་སྐྱེ་མཆེད་རྩ་གསུམ་འཁོར་ལོ་ལྔའི་ཕོ་བྲང་དུ་ཇི་ལྟར་འདུས་པ་བཞིན་དུ། འཁོར་བའི་བྱ་བ་སྣ་ཚོགས་ལས་སྣ་ཚོགས་མི་སྒྲུབ་ཀ་མེད་པ་སྟེ། དེའི་ཕྱིར་ན། རླུང་ཞེས་བྱ་བས་ལས་ཀུན་བསྒྲུབ། བྱ་བའི་དོན་ཡང་འདི་ལ་previous hit དགོངས next hit་ཡིན། དེའི་ཕྱིར་ན། མ་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱི་རྩ་བ་དབུ་མར་སེམས་ཉིད་ཀྱི་གཤིས་མ་རིག་པ་དང་། ནམ་མཁའི་རླུང་གིས་གཙོ་བོ་བྱས་ནས་རླུང་ལྔ་དུས་ཅིག་ལ་འདུས་ན། གཏི་མུག་གི་ལས་རྣམས་བསྒྲུབ་པའོ། །རྩ་གཡས་པ་རཱ་ས་ནར་ཞེ་སྡང་གི་གཤིས་དང་ཆུ་རླུང་གིས་གཙོ་བོ་བྱས་ནས་རླུང་

(༢༧༠)ལྔ་དུས་ཅིག་ལ་འདུས་ན་ཞེ་སྡང་གི་ལས་རྣམས་བསྒྲུབ་པའོ། །རྩ་གཡོན་པ་ར་པིར་འདོད་ཆགས་གཤིས་ཀྱི་སེམས་དང་། མེ་རླུང་གིས་གཙོ་བྱས་ནས་རླུང་ལྔ་དུས་ཅིག་ལ་འདུས་ན་འདོད་ཆགས་ཀྱི་ལས་རྣམས་བསྒྲུབ་པའོ། །གསང་གནས་རྡོ་རྗེའི་འཁོར་ལོར་ཕྲ་དོག་གཤིས་ཀྱི་སེམས་དང་། རླུང་གི་གཙོ་བོ་བྱས་པའི་རྩ་བའི་རླུང་ལྔ་འམ་ཉི་ཤུ་རྩ་ལྔའི་རླུང་སེམས་དུས་ཅིག་ལ་འདུས་ན་ཕྲ་དོག་གི་ལས་རྣམས་བསྒྲུབ་ཅིང་། ལྷ་མ་ཡིན་གྱི་རིགས་སུ་སྐྱེ་བའི་ལས་རྣམས་བསྒྲུབ་པའོ། །ལྟེ་བ་སྤྲུལ་པའི་འཁོར་ལོར་ང་རྒྱལ་གཤིས་ལ་གནས་པའི་སེམས་དང་སའི་རླུང་གིས་གཙོ་བྱས་བྱས་ནས། རླུང་སེམས་འདུས་ན་ང་རྒྱལ་གྱི་ལས་རྣམས་བསྒྲུབ་ཅིང་མིའི་གནས་སུ་སྐྱེ་བའི་ལས་རྣམས་བསྒྲུབ་པོ། །སྙིང་ག་ཆོས་ཀྱི་འཁོར་ལོ་གཤིས་ལ་གནས་པའི་ཞེ་སྡང་གི་སེམས་དང་། ཆུའི་རླུང་གིས་གཙོ་བོ་བྱས་ནས་རླུང་ལྔ་འམ་ཉི་ཤུ་རྩ་ལྔའི་རླུང་སེམས་འདུས་ན། །ཞེ་སྡང་གི་ལས་རྣམས་བསྒྲུབ་ཅིང་དམྱལ་ཁམས་བཅོ་བརྒྱད་ཀྱི་ལས་རྣམས་འགྲུབ་པར་འགྱུར་རོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་འདོད་ཆགས་གཤིས་ལ་གནས་པའི་སེམས་དང་མེའི་རླུང་གིས་གཙོ་བོ་བྱས་ནས་རླུང་ཉི་ཤུ་རྩ་ལྔ་སྟེ། རླུང་སེམས་དུས་ཅིག་ལ་འདུས་ན་འདོད་ཆགས་ཀྱི་ལས་རྣམས་བསྒྲུབ་ཅིང་ཡི་དགས་ཀྱི་ཚོགས་ཆེན་པོ་བསྐྱེད་པར་འགྱུར་རོ། །སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་གཤིས་ལ་གནས་པའི་གཏི་མུག་གི་སེམས་དང་། ནམ་མཁའི་རླུང་གིས་གཙོ་བོ་བྱས་ནས་རྩ་བའི་རླུང་ལྔ་འམ་དེ་ལས་འཕྲོས་པ་ཉི་ཤུ་རྩ་ལྔ་དང་། རླུང་སེམས་རྨོངས་པར་འདུས་ན་གཏི་མུག་གི་ལས་རྣམས་བསྒྲུབ་ཅིང་། བྱོལ་སོང་གི་སྐྱེ་གནས་སྣ་ཚོགས་བསྐྱེད་པར་འགྱུར་རོ། །ཡན་ལག་དང་ཉིང་ལག་ཕུང་པོ་ཁམས་དང་

(༢༧༡)སྐྱེ་མཆེད་རྩ་བྲན་སྣ་ཚོགས་པར། ཉོན་མོངས་པའི་ཡིད་ཅན་གྱི་སེམས་ཅན་རྣམ་པར་རྟོག་པ་སྣ་ཚོགས་པ་དང་། རླུང་གི་རྣམ་གྲངས་ཉི་ཤུ་རྩ་ལྔ་ལས་ཆ་རེ་རེའི་རླུང་སེམས་གང་དང་གང་དུ་འདུས་ན་དཀར་པོ་དགེ་བ་བསོད་ནམས་ཀྱི་ཚོགས་སྣ་ཚོགས་པའི་ལས་བསྒྲུབ་པ་ཡང་ཡོད། ཉོན་མོངས་པ་མི་དགེ་བ་གྲངས་ཅན་བརྒྱད་ཁྲི་བཞི་སྟོང་དང་། གྲངས་མེད་ཚད་ལས་འདས་པ་དང་། ལུང་མ་བསྟན་གྱི་ལས་སྣ་ཚོགས་བསྒྲུབ་པའི་ཕྱིར་ན། རླུང་ཞེས་བྱ་བས་ལས་ཀུན་བསྒྲུབ། བྱ་བའི་དོན་ཡང་འདི་རྣམས་ལ་previous hit དགོངས next hit་ཡིན། བ་སྤུའི་རྩ་བ་དང་སྐྲ་དང་ཀླད་པ་དང་ཀླད་རྒྱ་དང་རུས་པ་དང་རྐང་དང་པགས་པ་དང་། སོ་དང་ངག་དང་དབང་པོ་ལྔ་ལ་སོགས་པ་གང་དང་གང་དུ་རླུང་སེམས་ལེགས་པར་འདུས་པ་དང་ལོག་པར་འདུས་པ་ཡིས། ལེགས་པར་འདུས་ན་འཇིག་རྟེན་འདིའི་ཡོན་ཏན་དང་ལེགས་པ་སྣ་ཚོགས་བསྐྱེད་པའོ། །རླུང་སེམས་ཀྱི་རྟེན་འབྲེལ་ལོག་ཅིང་མི་མཐུན་པ་དགྲ་གཤེད་ལྟ་བུར་འདུས་ན། ཞ་བ་དང་འོན་པ་དང་ལོང་པ་དང་། ལྐུགས་པ་དང་ཚེ་ཐུང་བ་དང་ནད་མང་བ་དང་དགྲ་བགེགས་སྣ་ཚོགས་འབྱུང་པ་ལ་སོགས་པའི་མི་མཐུན་པའི་རྐྱེན་དང་། སྡུག་བསྔལ་སྣ་ཚོགས་པ་རྣམས་རླུང་གིས་བསྒྲུབ་པ་སྟེ། དེའི་ཕྱིར་ན་ཕྱི་སྣོད་ནང་བཅུད་ཐམས་ཅད་རླུང་ལ་བརྟེན་པའི་ཕྱིར་ན་ཕྱིའི་བརྟེན་པ་ནི་འབྱུང་བའི་རླུང་ཡིན་ལ། ནང་གི་སེམས་ཅན་རྣམས་ཀྱི་སྲོག་འཛིན་པ་དེ་ལས་ཀྱི་རླུང་དུ་བཞེད་པ་ཡིན། དཔེར་ན་རྟ་སྲབ་མེད་པ་མ་བསྐུལ་བ་སྟོབས་དང་ལྡན་པ་གཅིག །མི་ལག་པ་གཅིག་གིས་ཞོན་ན་རྟ་དེའི་དབང་དུ་སོང་ནས་སྟེང་འོག་ཕྱོགས་མཚམས་ཀུན་དུ་རྒྱུ་བ་བཞིན་དུ། ལས་ཀྱི་རླུང་ལྔ་འམ་ཉི་ཤུ་རྩ་ལྔ་དེ་ལྟ་བུ། སེམས་མ་རྟོགས་པ་མ་རིག་པ་དུག་ལྔ་རང་ཆས་སུ་གནས་པ་དེ་མི་ལྟ་བུ། ལས་ཀྱི་རླུང་གི་རྟ་མ་རིག་པ་རྣམ་པར་རྟོག་པ་དང་བཅས་

(༢༧༢)པའི་སེམས་ཀྱིས་ཞོན་ནས་ཕྱོགས་མཚམས་ཐམས་ཅད་དུ་སྐད་ཅིག་སྐད་ཅིག་ཀྱང་མི་གནས་པར་རྒྱུ་ཞིང་། འདུ་བྱེད་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པར་བསྒྲུབས་པ་སྟེ། དེའི་ཕྱིར་ན་མ་རྟོགས་མ་རིག་འཁོར་བའི་རྒྱུ་འབྲས་གཟུང་འཛིན་རླུང་སེམས་གཉིས་ཀྱིས་བསྒྲུབས་པ་སྟེ། འཁོར་བའི་རྡོ་རྗེ་རིགས་ཀྱི་གནས་ལུགས་ལོག་པའི་རྒྱུ་འབྲས་བཞིའི་དཀྱིལ་འཁོར་དུ་དགེ་དང་མི་དགེ་ཇི་ལྟར་དུ་བསྒྲུབ་ཀྱང་འཇིག་རྟེན་གསུམ་ལས་ནམ་ཡང་འདའ་བར་མི་འགྱུར་རོ། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ཁྱད་པར་དུ་གསང་སྔགས་གསར་མའི་རྣལ་འབྱོར་ཆེན་པོའི་ཐེག་པ་ལས། མ་རྟོགས་ཤིང་མ་རིག་པའི་རླུང་སེམས་གཉིས་ཀྱིས་ཁམས་གསུམ་འཁོར་བའི་རྒྱུ་འབྲས་སྣ་ཚོགས་རླུང་གིས་བསྒྲུབ་པའི་བར་སྐབས་ལགས་སོ། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ཁྱད་པར་དུ་གསང་སྔགས་གསར་མའི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་གྲངས་མེད་པ་ཅིག་གསུངས་ཀྱང་། ཕ་རྒྱུད་མ་རྒྱུད་གཉིས་སུ་འདུས་ཏེ། ཐབས་ཀྱི་རྒྱུད་ལ་ནམ་མཁའ་ལྟར་རྒྱ་ཆེ་བ་དཔལ་གསང་བ་འདུས་པ་དགྲ་ནག་དང་འཇིགས་བྱེད་ཀྱི་རྒྱུད་དང་། རྒྱུད་ཀྱི་ཕྱི་མ་དང་། །ཕྱི་མའི་ཕྱི་མ་སྟེ་གྲངས་མེད་པ་ཅིག་གསུངས་ཀྱང་། རླུང་སེམས་གཉིས་གཙོ་བོར་སྟོན་པའོ། །ཤེས་རབ་མའི་རྒྱུད་ལ་རྒྱ་མཚོ་ལྟར་ཟབ་པ་བདེ་མཆོག་འཁོར་ལོའི་རྒྱུད་སྡེ་གྲངས་མཐའ་ཡས་ལས། བོད་ལ་ཡང་རྒྱུད་སྡེ་བརྒྱ་ལྷག་ཙམ་འགྱུར་བ་ཡིན། ཉི་ཟླ་ལྟར་གྲགས་པ་དགྱེས་པའི་རྡོ་རྗེ་ལས། མཁའ་འགྲོ་མའི་གནས་འོག་མིན་གྱི་གནས་ན་གྲངས་མེད་པ་བཞུགས་པར་གསུངས་པ་སྟེ། བོད་ལ་འགྱུར་བ་བརྟག་པ་གཉིས་པ་དང་། རྡོ་རྗེ་གུར་དང་། རྒྱུད་ལེའུ་བདུན་པ་དང་། སམ་པཱུ་ཊི་དང་མ་རྒྱུད་ཀུན་གྱི་ཆིངས་ཡིན་ཏེ། ཁྱད་པར་དུ་དགྱེས་རྡོར་དང་རྒྱུད་དང་རྒྱུད་ཀྱི་འབྲེལ་པ་

(༢༧༣)ཟབ་པར་བཞེད་པའོ། །ནོར་བུ་རིན་པོ་ཆེ་ལྟ་བུའི་རྒྱུད་མ་ཧཱ་མ་ཡ་སྟེ། བདེ་མཆོག་གི་བདེ་ཆེན་མཁའ་འགྲོ་མ་བདེ་བ་ཆེན་པོའི་འཁོར་ལོ་ལས་འཕྲོས་པར་བཞེད་པ་ཡིན། རྡོ་རྗེ་གདན་གཞིའི་རྒྱུད་ཚིག་བར་བདུན་པ་ལ་སོགས་པ་རྒྱུད་སྡེ་རྣམས་དགྱེས་པ་རྡོ་རྗེ་ལས་འཕྲོས་པའོ། །དུས་ཀྱི་འཁོར་ལོའི་རྒྱུད་དང་རྒྱུད་ཀྱི་ཕྱི་མ་རྣམས་མ་རྒྱུད་ཐམས་ཅད་ཀྱི་ཆིངས་དང་ངོ་བོ་མཚན་ཉིད་དུས་དང་དུས་མ་ཡིན་པའི་ས་མཚམས་སྟོན་པའོ། །དེའི་ཕྱིར་ན་གསང་སྔགས་གསར་མ་ཞེས་བགྱི་བ་ལ། ཕ་རྒྱུད་མ་རྒྱུད་རྣམས་གྲངས་འདི་ཙམ་ཅིག་བོད་ལ་འགྱུར་བར་བཞེད་པ་སྟེ། དེ་ལ་ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་དཀྱིལ་འཁོར་རྒྱས་བསྡུས་བསམ་གྱིས་མི་ཁྱབ་པ་ཅིག་གསུངས་ན་ཡང་། ཁྱད་པར་དུ་མ་རྒྱུད་ཐམས་ཅད་ཀྱི་previous hit དགོངས next hit་གཅིག་ཏུ་འདུས་པ་རྩ་དང་བྱང་ཆུབ་ཀྱི་སེམས་གཙོ་ཆེར་སྟོན་པ་སྟེ། ཕ་རྒྱུད་ཐམས་ཅད་ཀྱི་རླུང་སེམས་གཉིས་སྟོན་པ་ལས། དེ་གཉིས་གཉིས་ཀའི་དོན་གཅིག་ཏུ་བསྡུས་པ་ལས་རྩ་རླུང་བྱང་ཆུབ་ཀྱི་གནད། སྲོག་རྩོལ་རླུང་གི་ཁ་ལོ་བསྒྱུར་ན་དབང་པོ་རབ་འབྲིང་ཐ་མ་གསུམ། ལོ་འམ་ཟླ་བ་འམ་མི་ཚེ་གཅིག་གི་ཡོན་ཏན་གྲུབ་ཆེན་བརྒྱད་དང་མཉམས་པར་མཆོག་དང་ཐུན་མོང་གི་དངོས་གྲུབ་སྣ་ཚོགས་ཐོབ་པར་བཞེད་པའོ། །དེའི་ཕྱིར་ན་ཕ་རྒྱུད་མ་རྒྱུད་ཀྱི་རྒྱུད་སྡེ་ཐམས་ཅད་འོ་མའི་རྒྱ་མཚོ་དང་འདྲ་བ་ལས། རྗེ་ཏཻ་ལོ་དང་ནཱ་རོ་ཡིས་ཐབས་དང་ཤེས་རབ་དབྱེར་མེད་ཅིང་། ཕྱག་རྒྱ་བཞི་ལྡན་གྱི་གདམ་ངག་མར་གྱི་སྙིང་པོ་ལྟ་བུའི་སྙན་རྒྱུད་གནད་ཀྱི་མན་ངག །ཧེ་རུ་ཀ་དང་དཔའ་བོ་རྒྱ་མཚོ་མཁའ་འགྲོ་རྒྱ་མཚོའི་སྲོག་སྙིང་རླུང་སེམས་གཉིས་དང་། ལུས་དང་རྩ་དང་བྱང་ཆུབ་ཀྱི་སེམས་ཉོན་མོངས་པ་དང་། འབྱུང་པ་དང་འཁྲུལ་པའི་ཚོགས་གནད་ཟབ་མོས་ལམ་དུ་སློང་ཞིང་། སངས་རྒྱས་སྐུ་ལྔའི་དཀྱིལ་འཁོར་རང་གི་ལུས་ངག་

(༢༧༤)ཡིད་གསུམ་འཁོར་ལོ་ལྔའི་དཀྱིལ་འཁོར་དུ། ད་ལྟ་ཉིད་དུ་རྟེན་འབྲེལ་བསྒྲིག་པའོ། །དེའི་ཕྱིར་ན། །དཔལ་གསང་བ་འདུས་པའི་རྒྱུད་ལས་ཀྱང་། རླུང་ཞེས་བྱ་བས་ལས་ཀུན་བསྒྲུབ། གསུངས་པའི་དོན་ཡང་གོང་གི་འདི་རྣམས་ལ་previous hit དགོངས next hit་ཡིན་ཏེ། ཁྱད་པར་དུ་ཧེ་རུ་ཀའི་དཀྱིལ་འཁོར་དུ་སངས་རྒྱས་པ་ཡང་རླུང་སེམས་མཆོག་ཏུ་འདུས་པའི་རྒྱུ་འབྲས་ཡིན། དེའི་ཕྱིར་ན་གནད་ཟབ་མོ་གསང་སྔགས་རླུང་སེམས་ཀྱི་འཁོར་ལོ་དར་དྲག་ལ་ཡུན་རིང་དུ་ལུས་སེམས་སྐལ་བ་དང་ལྡན་པའི་རྣལ་འབྱོར་པ་རྣམས་ཀྱིས་བསྒོམས་ན། རླུང་སེམས་ཁྱད་པར་དུ་འདུས་པའི་རྟགས་དང་ཡོན་ཏན་མི་འབྱུང་ཁ་མེད་པ་སྟེ། གསང་གནས་རྡོ་རྗེའི་འཁོར་ལོ་རྩ་འདབ་སུམ་བཅུ་རྩ་གཉིས་དང་ལྡན་པར་སེམས་ཀྱི་གཤིས་མཚན་ཉིད་ཐོག་པ་མེད་པ་དང་། རླུང་གི་རླུང་གཉིས་མཚན་ཉིད་ཆགས་ཐོགས་མེད་པར་འདུས་ན། དོན་ཡོད་གྲུབ་པའི་དལ་དངོས་སུ་མཐོང་ཞིང་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཆ་གཅིག་རྟོགས་པ་དང་། ཕྲིན་ལས་རྣམ་པ་བཞི་ལས་ཅུང་ཟད་ཙམ་དབང་བ་སྟེ། དེ་ཡང་ཉམས་ཀྱིས་འདུས་པ་ཡང་ཡོད་པ་ལས། དེ་མི་རྟག་ཅིང་མི་བརྟན་ལ་ནམ་མཁའི་སྤྲིན་བཞིན་དུ་ཡུན་རིང་ཐུང་ཙམ་མ་གཏོགས་པ་མྱུར་དུ་ཡལ་ཞིང་འཇིག་པར་འགྱུར་རོ། །དོན་དམ་པའི་བདེན་པ་མཐོང་ཞིང་རླུང་སེམས་དེ་ལྟར་དུ་འདུས་ན། དོན་ཡོད་གྲུབ་པའི་ལྷ་ཚོགས་དང་བྱ་བ་གྲུབ་པའི་ཡེ་ཤེས་རྒྱུན་དུ་བརྟག་ཅིང་བརྟན་པར་འགྱུར་རོ། །འདི་ལྟ་བུའི་ཡོན་ཏན་ཡང་རླུང་ཡེ་ཤེས་ཀྱི་རླུང་དུ་དབང་ཐོབ་པའི་ཕྲིན་ལས་ཡིན་ན། རླུང་སེམས་གནད་དུ་བསྣུན་པ་ཡིས་ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་བཅུ་རྩ་བཞི། ཡོད་པར་སའི་ཁམས་སུ་སེམས་ཀྱི་གཤིས་རང་བཞིན་གསལ་བ་དང་། སའི་རླུང་གཉིས་ཐབས་དང་ཤེས་རབ་དབྱེར་མེད་དུ་འདུས་ན་

(༢༧༥)རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་རམ་སངས་རྒྱས་སེར་པོའི་ཞལ་མཐོང་ཞིང་། ཐེག་ཆེན་ཆོས་ཀྱི་སྒྲ་ཐོས་པ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་ཆ་གཅིག་གསལ་བ་སྟེ། འདི་ཡང་ཉམས་ཀྱི་གསལ་བ་ཡང་ཡོད། དོན་དམ་པའི་བདེན་པ་མཐོང་ཞིང་རླུང་སེམས་ཀྱི་དཀྱིལ་འཁོར་དུ་རྟོགས་ན། ཡོན་ཏན་ཐམས་ཅད་རིན་ཆེན་འབྱུང་ལྡན་དང་མཉམ་ཞིང་རྒྱས་པའི་ལས་རྣམས་འགྲུབ་པ་སྟེ། གོང་བཞིན་དུ་ཉམས་དང་རྟོགས་པ་གང་ཡིན་སོ་སོར་ཤེས་པར་བྱའོ། །དེའི་ཕྱིར་ན། སའི་རླུང་གིས་གཙོ་བོ་བྱས་ནས་རླུང་ལྔ་འམ་ཉི་ཤུ་རྩ་ལྔ་ཡེ་ཤེས་ཀྱི་རླུང་དུ་དབང་ཐོབ་ན། ཡེ་ཤེས་ཀྱི་རླུང་གིས་རྒྱས་པའི་དཀྱིལ་འཁོར་རང་ལ་རྫོགས་པའི་ལས་ཀུན་བྱེད་པའོ། །སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་མ་བརྒྱད་ཡོད་པ་ལས། ཆུའི་ཁམས་ཀྱི་རླུང་དང་སེམས་ཉིད་ཀྱི་གཤིས་འགྱུར་བ་མེད་པ་གཉིས་རླུང་སེམས་དབྱེར་མེད་དུ་འདུས་ན། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཕྱོགས་མེད་དུ་གསལ་ཞིང་། མེ་ལོང་ལྟ་བུའི་ཡེ་ཤེས་ཆ་གཅིག་ཏུ་གསལ་བའོ། །དེ་ཡང་གོང་བཞིན་ཉམས་ཀྱི་གསལ་བ་དང་རྟོགས་པས་གསལ་བ་གཉིས་ཡིན་ཏེ། ཉམས་ཡིན་ན་འགྲིབ་ཅིང་རྟོགས་པ་ཡིན་ན་འཕེལ་འགྲིབ་དང་འགྱུར་བ་མེད་ཅིང་ཡོན་ཏན་རྡོ་རྗེ་སེམས་དཔའ་དང་མཉམ་ལ། རླུང་ཡེ་ཤེས་ཀྱི་རླུང་ལ་དབང་ཐོབ་ཅིང་། ཐུགས་འགྱུར་བ་མེད་པའི་ལས་རྣམས་ཡེ་ཤེས་ཀྱི་རླུང་གིས་བསྒྲུབ་པའོ། །དེ་ལྟར་དུ་རླུང་སེམས་གནད་གྱི་འཁོར་ལོ་དྲག་ཏུ་གནད་དུ་ཚུད་ན། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ་རྩ་འདབ་བཅུ་དྲུག་ཡོད་པ་ལས། སེམས་ཉིད་ཀྱི་གཤིས་རང་བཞིན་སྟོང་པ་དང་། མེའི་ཁམས་ཀྱི་རླུང་གཉིས་རླུང་སེམས་དབྱེར་མེད་དུ་འདུས་ན། ཕྱི་ནང་ཐམས་ཅད་སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་དུ་གསལ་ཞིང་། ཀུན་ཏུ་རྟོགས་པའི་ཡེ་ཤེས་ཆ་གཅིག་གསལ་བ་སྟེ། དེ་ཡང་གོང་བཞིན་དུ་ཉམས་

(༢༧༦)ཀྱི་རླུང་སེམས་འདུས་པ་ཡང་ཡོད། རྟོགས་པས་འདུས་པ་ཡང་ཡོད་ཏེ་ས་མཚམས་གོང་བཞིན་དུ་ཤེས་པར་བྱའོ། །སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ལ་རྩ་འདབ་སུམ་བཅུ་རྩ་གཉིས་ཡོད་པ་འཁོར་ལོའི་ལྟེ་བ་ཨོཾ་གྱིས་མཚན་པར། སེམས་ཉིད་ཀྱི་གཤིས་དངོས་པོ་ཀུན་ལ་ཁྱབ་པ་དང་། ནམ་མཁའི་ཁམས་ཀྱི་རླུང་གཉིས་བསྒོམས་པའི་སྟོབས་ཀྱི་དབྱེར་མེད་གཅིག་ཏུ་འདུས་ན། གཟུགས་ཀྱི་ཕུང་པོ་ཐམས་ཅད་རྣམ་པར་སྣང་མཛད་དུ་གསལ་ཞིང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ཆ་གཅིག་གསལ་བ་སྟེ། དེ་ཡང་ཉམས་ཀྱི་གསལ་བ་དང་རྟོགས་པར་དབང་ཐོབ་པ་སྟེ། ཉམས་ཀྱི་རླུང་སེམས་འདུས་པ་ཡིན་ན་མི་བརྟག་ཅིང་མི་བརྟན་ལ་འཕོ་ཞིང་འགྱུར་བའོ། །རླུང་སེམས་ཀྱི་རླུང་། སེམས་ཡེ་ཤེས་ཀྱི་སེམས། རྩ་ཡེ་ཤེས་ཀྱི་རྩ། བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཆ་ཕྲ་བའི་ཐིག་ལེ། དེ་རྣམས་ཕྱོགས་མེད་དུ་འདུས་ཤིང་རྟོགས་པ་མཐར་ཕྱིན་ན། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ལས་རིགས་ལྔ་ཡབ་ཡུམ་བཅུ། ཡེ་ཤེས་ལྔའི་ཉི་ཤུ་རྩ་ལྔ་རང་ལ་རྫོགས་པ་སྟེ། རླུང་ཉི་ཤུ་རྩ་ལྔ་ཡེ་ཤེས་ཀྱི་རླུང་དུ་རང་དབང་ཐོབ་ཅིང་རང་ལ་རྫོགས་པའི་ཡེ་ཤེས་ཀྱི་རླུང་གིས་རིགས་ལྔ་སྐུ་ལྔའི་ལས་རབ་འབྱམ་རྒྱ་མཚོ་རང་སར་རྟོགས་པའོ། །དེའི་ཕྱིར་ན། རྩ་རླུང་བྱང་ཆུབ་སེམས་ཀྱི་གནད། སྨིན་ལམ་དག་གི་དཀྱིལ་འཁོར་དུ་རྒྱུན་ཆད་མེད་པར་གནད་དུ་བསྣུན་ན། སེམས་འབྱུང་རྣམ་པར་རྟོག་པའི་ཚོགས་ཐམས་ཅད་དང་ཡན་ལག་གི་རླུང་རྣམས། ཁམས་དང་སྐྱེ་མཆེད་དང་ཡན་ལག་དང་ཉིང་ལག་དང་། དབང་པོའི་སྒོ་ཐམས་ཅད་དུ་ཐབས་དང་ཤེས་རབ་དབྱེར་མེད་དུ་འདུས་ན། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་སེམས་མ་དང་། དཔའ་བོ་དང་མཁའ་འགྲོ་མ་དང་དམ་ཅན་རྒྱ་མཚོ་དང་ཁྲོ་བོ་དང་ཁྲོ་མོའི་ཚོགས་ལ་སོགས་པ་མཐོང་སྣང་སྣ་ཚོགས་

(༢༧༧)འབྱུང་ཞིང་། ཕྲིན་ལས་དང་ཡོན་ཏན་གྱི་ཚོགས་མང་པོ་ཡང་འབྱུང་བར་འགྱུར་ཏེ། དེ་ཡང་ཉམས་ཀྱི་རླུང་སེམས་འདུས་པ་དང་རྟོགས་པས་འདུས་པ་གཉིས་ཡིན་ཏེ། དེ་ཡང་ཉམས་ཀྱིས་འདུས་པ་ཡིན་ན་ལོ་འམ་ཟླ་བ་འམ་ཉིན་གཅིག་ལ་སོགས་པ་ཙམ་གྱིས་རྟགས་ཐམས་ཅད་ཡལ་བར་འགྱུར་རོ། །ཐབས་དང་ཤེས་རབ་དབྱེར་མེད་མཆོག་དང་ཐུན་མོང་གི་དངོས་གྲུབ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རླུང་སེམས་འདུས་ན། དུས་རྒྱུན་དུ་རྟོགས་ཤིང་འཕེལ་བ་དང་འགྲིབ་པ་མེད་པར་འགྱུར་རོ། །དེའི་ཕྱིར་ན། གསང་བ་འདུས་པའི་རྒྱུད་ལས། རླུང་ཞེས་བྱ་བས་ལས་ཀུན་བྱེད་བྱ་བའི་དོན་ནི། རླུང་སེམས་ཀྱི་ཆ་རབ་འབྲིང་ཐ་མ་ཇི་ལྟར་དུ་འདུས་པ་བཞིན་དུ་སངས་རྒྱས་དང་རྒྱལ་བ་དང་རྒྱལ་བའི་སྲས་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད། རླུང་སེམས་རབ་འབྲིང་ཐ་མ་གསུམ་དུ་འདུས་པའི་ཕྲིན་ལས་ཡིན་ནོ། །རླུང་ཞེས་བྱ་བས་ལས་ཀུན་བསྒྲུབ་བྱ་བའི་དོན་ཡང་འདི་ལ་previous hit དགོངས next hit་ཡིན། སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ཁྱད་པར་དུ་གསང་སྔགས་གསར་མའི་ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་ལས་རླུང་ཉི་ཤུ་རྩ་ལྔ་རྩ་གསུམ་འཁོར་ལོ་ལྔའི་ཕོ་བྲང་དུ་འབྱུང་བ་ལྔའི་ས་བོན་དང་། འབྱུང་བ་ལྔའི་རླུང་དང་། སེམས་ཉིད་ཀྱི་གཤིས་ལྔ་འབྱུང་བ་ལྔའི་ཐིག་ལེ་ལྔ་ཉམས་སུ་རླུང་སེམས་འདུས་པ་དང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རླུང་སེམས་འདུས་ན། སངས་རྒྱས་སྐུ་ལྔའི་དཀྱིལ་འཁོར་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམ་པར་འཕྲུལ་པ་མི་ཟད་པ་རྒྱན་གྱི་འཁོར་ལོ་རྣམ་པ་ལྔ། རླུང་སེམས་གཉིས་ཀྱི་དཀྱིལ་འཁོར་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་བར་སྐབས་ལགས་སོ། །རྣལ་འབྱོར་ཆེན་པོ་གསར་མའི་རྒྱུད་སྡེ་གྲངས་ཅན་དང་གྲངས་མེད་རྣམས་ཀྱི་སྒྲ་དང་དོན་གོ་ཞིང་རྟོགས་ནས་

(༢༧༨)ཕྱག་རྒྱ་བཞི་དང་རིམ་པ་ལྔ་གཉིས་མེད་ལྷན་ཅིག་སྐྱེས་པར་སྦྱོང་ཞིང་། རྩ་དང་རླུང་དང་སེམས་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་དུ། རིགས་ལྔའི་ཕོ་བྲང་དུ་ལུས་སེམས་སྔར་བཞིན་ངེས་པར་འདུས་ཤིང་ཁྱད་པར་དུ་དབང་ཐོབ་ནས། ཁམས་གསུམ་འཁོར་བ་རྒྱལ་བའི་དཀྱིལ་འཁོར་དུ་རང་ལ་རྫོགས་པ་ལས། ཐབས་དང་ཤེས་རབ་དབྱེར་མེད་དུ་ལམ་བསྒྲོད་ན་ཟག་པ་དང་བཅས་པའི་འབྲས་བུ་དང་ཟག་པ་མེད་པའི་འབྲས་བུ་དང་། ལྷན་ཅིག་སྐྱེས་པའི་འབྲས་བུ་དང་ཡེ་ཤེས་ལྔ་འམ་ཉི་ཤུ་རྩ་ལྔའི་འབྲས་བུ་མི་རྫོགས་ཀ་མེད་པ་སྟེ། དེ་ལ་རིམ་གྱིས་བསྒྲོད་པའི་དུས་སུ་འཁོར་ལོ་ལྔ་འམ་བཞི་རྩ་གསུམ་གྱི་ཕོ་བྲང་ན། རང་བཞིན་གྱིས་གནས་པའི་དགའ་བ་བཞི་དང་། རྐྱེན་གྱིས་སྐྱེད་པའི་དགའ་བ་བཞི་དང་། ཐབས་ཟབ་མོས་ཉོན་མོངས་པ་ལམ་དུ་སློང་པའི་དགའ་བ་བཞི་དང་། ཡང་ན་དགའ་བ་རེ་རེ་ལ་ཡང་བཞི་བཞིར་དབྱེ་སྟེ། རྣམ་གྲངས་བཅུ་དྲུག་ཏུ་བཞེད་པ་ཡང་ཡོད། ཐབས་དང་ལམ་འདི་རྣམས་ཐམས་ཅད་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྫོགས་ཤིང་། འཁོར་ལོ་ལྔ་འཁོར་ལོ་གཅིག་ཏུ་རླུང་སེམས་ཡེ་ཤེས་སུ་རྟོགས་ཤིང་རྫོགས་ན། དབང་པོ་ཡང་རབ་སྐྱེ་བ་འདི་ཉིད་ལ་རྒྱལ་བ་རྒྱ་མཚོའི་རྣམ་འཕྲུལ་དང་ཆོ་འཕྲུལ་སྣ་ཚོགས་པར་ཤུགས་ལས། ཆོས་ཀྱི་དབྱིངས་དང་ཁྱབ་པར་ཉི་མ་དང་ཉི་མའི་འོད་ཟེར་བཞིན་དུ་འདུ་འབྲལ་མེད་པར་རང་བཞིན་གྱི་ངོ་བོ་ཉིད་ཀྱི་ལྷུན་གྱིས་གྲུབ་པ་སྟེ། དེའི་ཕྱིར་ན་སྤྱི་གཙུག་བདེ་བ་ཆེན་པོའི་གནས་སུ། གཏི་མུག་གི་ཁམས་དང་། ནམ་མཁའི་ཁམས་དང་། སྐུའི་ས་བོན་ཨོཾ་དུ་ཐམས་ཅད་གནས་པ་ལས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རླུང་སེམས་འདུས་ཤིང་རྫོགས་ན། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྣམ་འཕྲུལ་དང་ཆོ་འཕྲུལ་རང་

(༢༧༩)གི་རྟོགས་ཚུལ་དང་སྦྱར་ཏེ། རྒྱ་ཆེ་ཆུང་འབྲིང་གསུམ་དེ་ལྟར་དུ་འབྱུང་བར་འགྱུར་རོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་ཉོན་མོངས་པ་འདོད་ཆགས་མེའི་ཁམས་དང་མེའི་རླུང་སྣང་བ་མཐའ་ཡས་དང་མ་རྟོགས་ན་འདོད་ཆགས་ཀྱི་ས་བོན་ཐམས་ཅད་ཧྲིལ་གནས་པ་ལས། ཟབ་མོ་གནད་ཀྱི་མན་ངག་གི་ལམ་གྱི་དུས་སུ་ཐབས་དང་ཤེས་རབ་དབྱེར་མེད་དུ་གོམས་ལ། འབྲས་བུའི་དུས་སུ་གསུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས། སྣང་བ་མཐའ་ཡས་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པ་རྟོགས་པའི་དུས་མཐར་ཕྱིན་མ་ཕྱིན་དང་། ཆ་མཐུན་པར་གསུང་གི་དཀྱིལ་འཁོར་ཡང་ཚད་ཅན་དང་ཚད་མེད་ཤུགས་ལས་འབྱུང་བར་འགྱུར་རོ། །སྙིང་ག་ཆོས་ཀྱི་འཁོར་ལོ་ཉོན་མོངས་པ་ཞེ་སྡང་གི་གཤིས་དང་འབྱུང་བ་ཆུའི་ཁམས་དང་། ཆུའི་རླུང་དང་། ཐ་མལ་པའི་དུས་སུ་ནི་ཞེ་སྡང་གི་ས་བོན་གསང་སྔགས་ཀྱི་ཐབས་ཟབ་མོས་ཐབས་དང་ཤེས་རབ་དབྱེར་མེད་དེ་བསྒྲོད་པའི་དུས་སུ། རྡོ་རྗེ་སེམས་དཔའ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ས་བོན་ཧཱུྃ་དུ་ཐམས་ཅད་གནས་པ་ལས། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་རང་ལ་རྫོགས་ནས་ཐུགས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་མི་སྐྱོད་པ་རྡོ་རྗེ་སེམས་དཔའི་དལ་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་མཐར་ཕྱིན་ན། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་ཤུགས་ལས་འབྱུང་བར་འགྱུར་རོ། །རྟོགས་པའི་རྩལ་རྫོགས་པ་དང་མ་རྫོགས་པ་དང་ཆ་མཐུན་པར། ཚད་ཅན་དང་ཚད་མེད་ཀྱི་ལོངས་སྐུའི་དཀྱིལ་འཁོར་སྣ་ཚོགས་རང་ལ་རྫོགས་པར་འགྱུར་རོ། །ལྟེ་བ་སྤྲུལ་པའི་འཁོར་ལོར་ཉོན་མོངས་པ་ང་རྒྱལ་གྱི་ས་བོན་ཏྲཾ་སའི་ཁམས་དང་སའི་རླུང་དང་ཡུལ་

(༢༨༠)དང་ཡུལ་ཅན་ཐ་མལ་པའི་དུས་སུ། ང་རྒྱལ་གྱི་གཤིས་གནས་པ་ལས། གསང་སྔགས་ཀྱི་གནད་གསུམ་གནད་ཟབ་མོས་ང་རྒྱལ་ལམ་དུ་སློང་ཞིང་ཐབས་དང་ཤེས་རབ་དབྱེར་མེད་དུ་ལམ་བསྒྲོད་ཅིང་། ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོར་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས། ཡུམ་སངས་རྒྱས་སྤྱན་མ་ལ་སོགས་པའི་ཡོན་ཏན་གྱི་རིགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་དང་། གྲངས་ཅན་དང་གྲངས་མེད་སྣ་ཚོགས་པ་ཇི་ལྟར་རྟོགས་པའི་བྱེ་བྲག་བཞིན་དུ་རྩོལ་བསྒྲུབ་མེད་པར་ཤུགས་ལས་འབྱུང་བར་འགྱུར་རོ། །གསང་གནས་རྡོ་རྗེའི་འཁོར་ལོ་ཕྲག་དོག་གི་ས་བོན་གཤིས་ཀྱི་ཡེ་གེ་ཨཾ་དང་། རླུང་གི་ཁམས་དང་རླུང་གི་རླུང་གཉིས་དང་། ཕྲ་དོག་གི་ཚོགས་ཐམས་ཅད་ཨཾ་དུ་གནས་པ་ལས། འདི་རྣམས་ཐ་མལ་པའི་དུས་སུ་ཁམས་གསུམ་འཁོར་བ་རིགས་ལྔ་ཁམས་གསུམ་གྱི་འབྱུང་བཞི་དང་རྒྱུ་འབྲས་ཡིན་ལ། འདི་རྣམས་ཐབས་དང་ཤེས་རབ་གཉིས་ཀྱི་དཀྱིལ་འཁོར་དུ། གཞི་ལྔ་མ་སྤངས་ལྷུན་གྱིས་གྲུབ་པ་ལ། ལམ་ལྔ་སྤངས་ཐོབ་མེད་པར་དུག་ལྔ་ཐབས་དང་ཤེས་རབ་དབྱེར་མེད་དུ་ལམ་དུ་སློང་ཞིང་། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས། ཡེ་ཤེས་ལྔ་ལྡན་དུ་རྟོགས་པ་རྩལ་རྫོགས་ན། ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་སོགས་པ་རང་བཞིན་གྱིས་ལྷུན་གྱིས་གྲུབ་པ་ལ་སོགས་པ། རྒྱལ་བ་ལོངས་སྤྱོད་རྫོགས་པའམ་དཀྱིལ་འཁོར་མི་ཟད་པ་རྒྱན་གྱི་འཁོར་ལོ་ལྔ། དབང་པོ་ཡང་རབ་མི་ཚེ་གཅིག་ལ་རྟེན་འབྲེལ་འགྲིག་པ་དེ་གསང་སྔགས་གསར་མའི་ཕ་རྒྱུད་མ་རྒྱུད་ཐམས་ཅད་previous hit དགོངས next hit་ཅིག་ཏུ་འདུས་པའི་གནད་ཀྱི་གདམ་ངག །རླུང་སེམས་གཉིས་ཀྱི་དཀྱིལ་འཁོར་དུ་སྒོམ་ཞིང་རྟོགས་པ་མཐར་ཕྱིན་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྣམ་འཕྲུལ་དང་ཆོ་འཕྲུལ་

(༢༨༡)ཡེ་ཤེས་ཀུན་མཁྱེན་རྒྱུ་འབྲས་རང་ལ་རྫོགས་པ་སྟེ། འདི་ལྟ་བུའི་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་འབྱུང་སྟེ། ཕྱག་རྒྱ་ཆེན་པོ་རྟོགས་པའི་ཡོན་ཏན་དང་ཕྲིན་ལས་རྒྱུ་ལས་མ་བྱུང་ཞིང་རྐྱེན་གྱིས་མ་སྐྱེད་པས་ན། གསང་བའི་དབང་ལ་བཞིར་དབྱེ་བའི་འབྲས་བུ་མཐར་ཕྱིན་པ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཤུགས་ལས་བྱུང་བའི་ཕྲིན་ལས་སོ། །ཕྱག་རྒྱ་ཆེན་པོ་རྟོགས་ཟེར་ཞིང་ཕ་རྒྱུད་མ་རྒྱུད་སྒྲ་དོན་མཁས་ཤིང་། རླུང་སེམས་ལ་དབང་ཐོབ་པར་འདོད་པ་རྣམས་ལ་ཡོན་ཏན་དང་ཕྲིན་ལས་རྫུ་འཕྲུལ་དང་ཆོ་འཕྲུལ་འདི་རྣམས་ཀྱང་ཆ་རེ་ཙམ་མི་འདུག་ན། མ་རྟོགས་ཤིང་མ་རིག་པ་རྨོངས་པ་གཏི་མུག་འཁྱིལ་བའི་འཁོར་བའི་རྒྱུས་ཅན་དུ་རིག་པར་བྱའོ། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། གསང་སྔགས་གསར་མའི་ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་ལས། གནས་ལྔར་སྲོག་རྩོལ་གནད་ཀྱི་མན་ངག་གི། རིགས་ལྔ་ཡབ་ཡུམ་བཅུའི་དཀྱིལ་འཁོར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོར་རླུང་སེམས་ཡེ་ཤེས་སུ་འདུས་ཤིང་རྫོགས་ན། ལྷ་འམ་མི་འམ་འགྲོ་བ་རིགས་དྲུག་གི་ལུས་ཅན་དུ་སྣང་ན་ཡང་། ཡོན་ཏན་དང་ཕྲིན་ལས་རྒྱལ་བ་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་དང་མཉམ་པའི་བར་སྐབས་བསྟན་པའོ། །དགྱེས་པ་རྡོ་རྗེའི་རྒྱུད་ལས་ཀྱང་། །ལྟེ་བའི་གཏུམ་མོ་སྦར་བྱས་ཏེ། །དེ་བཞིན་གཤེགས་པ་ལྔ་བསྲེགས་ནས། །སྤྱན་ལ་སོགས་པ་ཡང་བསྲེགས་ཏེ། །སྲེགས་པས་རི་བོང་ཅན་ཧམ་འཇག །ཅེས་གསུངས་པའི་ཕྱིར་རོ། །དེའི་དོན་ཡང་འདི་ལྟར་དུ་གོ་ཞིང་རྟོགས་པར་བྱའོ། །དེའི་ཕྱིར་ན། སེམས་དངོས་པོ་གཤིས་ཀྱི་གནས་ལུགས་ངོ་བོ་གཅིག་ལ་མཚན་ཉིད་ལྔ་ལྡན་དུ་གནས་པ་དེ་རིགས་ལྔ་ཡབ་ཡུམ་བཅུ་ཡིན་པ་ལ་ཡིན་པར་ངོ་མ་ཤེས་ཤིང་། ལྷན་ཅིག་སྐྱེས་

(༢༨༢)པའི་མ་རིག་པས་བསྒྲིབས་ནས་སེམས་ཅན་གྱི་དུག་ལྔ་ཕུང་པོ་ཁམས་དང་སྐྱེ་མཆེད་འཁོར་བའི་རྒྱུ་འབྲས་སྣ་ཚོགས་སུ་འཁྲུལ་བའི་ཕྱིར་ན། གཤིས་ལ་དེ་བཞིན་གཤེགས་པ་གནས་ཀྱང་། དཔེར་ན་ཉི་མ་སྤྲིན་གྱིས་སྒྲིབས་པ་བཞིན་དུ་ཁམས་གསུམ་འཁོར་བ་འཁྲུལ་པའི་རྒྱུ་འབྲས་ལོག་པ་མ་རྟོགས་པ། རྣམ་པར་བྱང་བའི་རྒྱུ་འབྲས་སྐད་ཅིག་ཀྱང་མི་འཆར་བའི་ཕྱིར་ན། འཁྲུལ་པའི་ཚོགས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པར་བྱ་བའི་ཕྱིར། ཐེག་པ་དྲུག་གཅིག་ཏུ་རྫོགས་པའི་རྣལ་འབྱོར་ཆེན་པོ་གསར་མའི་ཕ་རྒྱུད་མ་རྒྱུད་ཀྱི་ཐབས་དང་ཤེས་རབ་ཟབ་མོས་ཉོན་མོངས་པ་དུག་ལྔ་ལམ་དུ་སློང་བ་སྟེ། དེའི་ཕྱིར་ན། ལྟེ་བའི་གཏུམ་མོ་སྦར་བྱ་སྟེ། བྱ་བའི་དོན་ནི། སེམས་ཅན་ཐམས་ཅད་སྐྱེ་བའི་དུས་སུ་ཡང་དང་པོ་ལྟེ་བ་ནས་ཆགས་ཏེ། སེམས་ཉིད་ཀྱི་གཤིས་ཀྱི་དང་པོ་གནས་ས་ལྟེ་བ་ཡིན་པའི་ཕྱིར་ན། ལྟེ་བའི་དབུས་སུ་རླུང་སེམས་འདུས་པའི་གཤིས་ཨ་ཤད་ལྟ་བུ་གནས་པ་ལས། མ་རྟོགས་ཀྱི་བར་དུ་ཁམས་གསུམ་འཁོར་བ་བསྒྲུབ་པའོ། །ལུང་ལས་ཀྱང་། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཁོང་ནས་འབྱུང་བ་སྐྱེ་བ་མེད། །གསུང་བའི་དོན་ཡང་འདི་ལ་previous hit དགོངས next hit་ཡིན། དེའི་ཕྱིར་ན། འཁོར་ལོ་ལྔའི་ཕོ་བྲང་ན་སེམས་ཉིད་ཀྱི་གཤིས་ལྔ་ངོ་བོ་རིགས་ལྔའི་ས་བོན་གནས་པ་ལས། དེ་གསང་སྔགས་ཀྱི་ཐབས་ཟབ་མོས་སྲོག་སྲོག་རྩོལ་གནད་ཀྱི་འཁོར་ལོ་བསྐོར་ན། གཤིས་ལ་གནས་པའི་གཏུམ་མོ་དང་། མཚོན་པར་བྱེད་པ་མེའི་གཏུམ་མོའི་འཁོར་ལོ་ལྔའི་ཕོ་བྲང་དུ། དུག་ལྔ་དང་འབྱུང་བ་ལྔ་ཡུལ་དང་ཡུལ་ཅན་ཐབས་དང་ཤེས་རབ་གཉིས་སུ་མེད་པར་བསྲེགས་ནས། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་ཐབས་མཚོན་པ་ཀུན་རྫོབ་ཀྱི་ཧམ་དང་། ཤེས་རབ་རང་གི་གཤིས་ཀྱི་ཧམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་

(༢༨༣)འབར་བ་དང་འཛག་པས། དབང་པོ་ཡང་རབ་ཟླ་བ་དྲུག་གམ་མི་ཚེ་གཅིག་གིས་དབང་བཞི་དང་དགའ་བ་བཞི་རྫོགས་པ་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པ་ཕྱོགས་མེད་དུ་འཆར་བའོ། །དེའི་ཕྱིར་ན་མཚན་ཉིད་ན་བསྐལ་པ་གྲངས་མེད་གསུམ་གྱིས་ས་ལམ་བསྒྲོད་དགོས་པའི་ཐད་དུ། རྣལ་འབྱོར་ཆེན་པོ་གསར་མའི་ལུགས་ཀྱི་རྩ་རླུང་བྱང་ཆུབ་སེམས་ཀྱི་གནད་ཟབ་མོ་དང་། བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་བྱིན་གྱིས་བརླབས་ཀྱིས། མ་སྨིན་པ་སྨིན་པ་དབང་བཞི་རྫོགས། སྨིན་པ་གྲོལ་བ་ཐབས་དང་ཤེས་རབ་དབྱེར་མེད་ཕྱག་རྒྱ་བཞི་དང་ལྡན་པ་ཡིས། སྐལ་བ་དང་ལྡན་པ་རྣམས་རླུང་སེམས་རྩ་དང་བྱང་ཆུབ་སེམས་དང་གནད་བཞིའི་རྟེན་འབྲེལ་འགྲིག་ན། མི་ཚེ་གཅིག་ལ་རིགས་ལྔ་ཡེ་ཤེས་ལྔ་ཡུམ་ལྔའི་དཀྱིལ་འཁོར་རང་ལ་རྫོགས་ནས། ཁམས་གསུམ་ཡང་བྱིན་གྱིས་བརློབ་ནུས་ཤིང་། ཁྱད་པར་དུ་འཛམ་བུའི་གླིང་དུ་ཉི་མ་དང་ཟླ་བ་ལྟ་བུར་གྲགས་པའི་དངོས་གྲུབ་ཐོབ་ཁྱད་པར་དུ་འཕགས་པ་འབྱུང་བ་སྟེ། ཐབས་ཀྱི་རྒྱལ་པོ་ཕ་རྒྱུད་དང་ཤེས་རབ་ཀྱི་རྒྱལ་པོ་མ་རྒྱུད་ལས། ཐབས་དང་ཤེས་རབ་དབྱེར་མེད་པ་རྩ་རླུང་བྱང་ཆུབ་སེམས་ཀྱི་གནད། རྗེ་ཏཻ་ལོ་ནཱ་རོའི་ཁྱད་ཆོས་ཡིན། རླུང་སེམས་གཉིས་ལ་དབང་ཐོབ་ན་སངས་རྒྱས་དང་སེམས་ཅན་ཐམས་ཅད་ལ་དབང་ཐོབ་པར་འགྱུར་རོ། །དགྱེས་པ་རྡོ་རྗེའི་ལུང་ལས། ལྟེ་བར་གཏུམ་མོ་སྦར་བྱ་སྟེ། ཞེས་གསུངས་པའི་དོན་ཡང་འདི་ལ་previous hit དགོངས next hit་ཡིན། གསང་སྔགས་གསར་མའི་ལུགས་ཀྱི་འཁོར་ལོ་ལྔའི་ཕོ་བྲང་དུ་དངོས་པོ་གཤིས་ཀྱི་གནས་ལུགས་གཤིས་ལྔ་ཡེ་ཤེས་ལྔ་ཧེ་རུ་ཀ་ལྔ་མཁའ་འགྲོ་ལྔ་ལ་སོགས་པ། གསང་སྔགས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱང་། སྐད་ཅིག་ཙམ་གྱིས་རླུང་སེམས་གཉིས་ཐབས་དང་ཤེས་རབ་དབྱེར་མེད་དུ་འདུས་པའི་ཕྱིར། བདེ་མཆོག་དགྱེས་རྡོར་གསང་འདུས་ཀྱི་

(༢༨༤)ལྷ་ཚོགས་ཐམས་ཅད་རང་ལ་རྫོགས་ཤིང་རང་ཉིད་ཡིན་པའི་བར་སྐབས་བསྟན་པའོ། །མ་ཧཱ་མ་ཡའི་རྒྱུད་ལས། །སྔགས་དང་དབྱིབས་དང་ཆོས་བདག་མེད། །འདི་དག་རྣལ་འབྱོར་གསུམ་ཡིན་ཏེ། །སྲིད་པ་གསུམ་གྱིས་མི་གོས་ཤིང་། །ལྷན་སྐྱེས་ལོངས་སྐུའི་དཀྱིལ་འཁོར་རྫོགས། ཤེས་གསུངས་པའི་ཕྱིར་ན། སྔགས་ཀྱང་རྣམ་པ་གསུམ་ཡིན་ཏེ། ཕྱི་སྤྲོ་བསྡུའི་བཟླས་པ་དང་། ནང་དང་གསང་བ་སྲོག་རྩོལ་རླུང་གི་བཟླས་པ་དང་། །དེ་ཁོ་ན་ཉིད་འགྱུར་བ་མེད་པ་རྡོ་རྗེའི་བཟླས་པའོ། །དབྱིངས་ཀྱང་གཉིས་ཡིན་ཏེ། །ཞི་བ་དང་རྒྱས་པའི་དཀྱིལ་འཁོར་དང་། དབང་དང་དྲག་པོའི་དལ་དང་། བདག་མེད་མ་ཡང་གཉིས་ཡིན་ཏེ། །དམིགས་པ་དང་བཅས་པའི་རྫོགས་རིམ་དང་། དམིགས་པ་མེད་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པར་བྱེད་པའོ། །དེ་ལ་ཕྱི་སྤྲོ་བསྡུའི་བཟླས་པ་ནི། ཕ་རྒྱུད་ཀྱི་དཀྱིལ་འཁོར་རྣམས་ཀྱི་སྙིང་པོ་དང་། ཉེ་བའི་སྙིང་པོ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོའི་སྔགས་དང་། ཕྲིན་ལས་དང་མཐའ་རྟུལ་གྱི་སྔགས་རྣམས་ལ་སོ་སོར་བསྙེན་བསྒྲུབ་ཚད་དུ་སྐྱོལ་བར་བཞེད་པའོ། །མ་རྒྱུད་ཀྱི་ལྷ་ཚོགས་རྣམས་ལས། བདེ་མཆོག་དགྱེས་རྡོར་དུས་འཁོར་རྡོ་རྗེ་གདན་གཞི་མ་ཧཱ་མ་ཡ་གང་ཡང་རུང་བ་རྣམས་ཀྱི་སྙིང་པོ་དང་། ཉེ་བའི་བསྙེན་པ་དང་། བསྙེན་པ་ཆེན་པོ་དང་། སྒྲུབ་པ་དང་སྒྲུབ་པ་ཆེན་པོ་དང་། ཕྲིན་ལས་དང་མཐའ་བརྟུལ་གྱི་སྔགས་རྣམས་ལ་དཀྱིལ་འཁོར་ཐམས་ཅད་སོ་སོའི་སྔགས་ལས། །བསྙེན་པ་དང་བསྒྲུབ་པ་མཐར་ཕྱིན་པ་ནི་ཕྱི་སྤྲོ་བསྡུའི་བཟླས་པ་སྟེ། ཉེ་བའི་རྒྱུ་ལས་རིང་བའི་ལམ་མོ། །སྲོག་རྩོལ་རླུང་རྡོ་རྗེའི་བཟླས་པ་ནི། རླུང་བུམ་པ་ཅན་དྲག་ཏུ་བཟུང་བ་དང་། སྦྱོར་བ་བཞི་ལྡན་གྱི་རླུང་ཕྱིར་བཟུང་བ་དང་། ཞི་བ་འཇམ་པའི་རླུང་། རླུང་རྩི་ཞིང་གྲངས་བཟུང་བ་ལ་སོགས་པ་རླུང་གི་བཟུང་ལུགས་གྲངས་མེད་པ་ཅིག་གསུངས་

(༢༨༥)པ་སྟེ། དབང་པོ་བྱེ་བྲག་དང་བསྟུན་ནས་དེ་ལ་གནད་ཀྱི་མན་ངག་དང་ལྡན་པར་སྲོག་རྩོལ་རླུང་གི་འཁོར་ལོ་ཁུག་པ་ཅིག་བཟུང་ན་ཡང་། སྤྲོ་བསྡུའི་བཟླས་པ་མི་ཚེ་གཅིག་ལ་བྱས་པ་བས་གྲུབ་ཐག་ཤིན་དུ་ཉེ་བའོ། དེའི་ཕྱིར་ན། རྩ་རླུང་བྱང་ཆུབ་ཀྱི་སེམས་སྲོག་རྩོལ་རླུང་ལ་དབང་ཐོབ་ན། སངས་རྒྱས་ཐམས་ཅད་ལ་དབང་བསྒྱུར་ཞིང་ཁམས་གསུམ་པ་ལ་དབང་བསྒྱུར་བ་སྟེ། རང་གི་ལུས་ངག་ཡིད་གསུམ་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྩ་རླུང་བྱང་ཆུབ་སེམས་ལ་དབང་ཐོབ་ན། འཁོར་འདས་རིགས་ཀྱི་གཙོ་བོ་རྡོ་རྗེ་འཆང་ཆེན་རང་ཉིད་ཡིན་པའི་ཕྱིར་རོ། །བདག་མེད་པ་ནི་དམིགས་བཅས་ཀྱི་རྫོགས་རིམ་ཏིང་ངེ་འཛིན་གྱི་བྱེ་བྲག་གྲངས་མེད་པ་སྐུའི་སྙིང་པོ་ལ་བསླབ་པ་དང་། གསུང་དང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི་ས་བོན་ལ་བསླབ་པ་དང་། ནཱ་ད་ལ་བསླབ་པ་དང་། ཐིག་ལེ་དང་ཟླ་ཚེས་ལ་བསླབ་པ་དང་། སྣ་རྩེ་གསུམ་ལ་བསླབ་པ་དང་། རྨི་ལམ་སྒྱུ་ལུས་འོད་གསལ་སེམས་དབེན་དམིགས་བཅས་ཀྱི་གཏུམ་མོ་འཕོ་བ་གྲོང་འཇུག་ལ་སོགས་པ་ཉམས་ཀྱི་ཏིང་ངེ་འཛིན་བདེ་གསལ་མི་རྟོགས་པ་གསུམ་ལ་ཞི་གནས་ལ་བསླབ་པ་སྟེ། དེ་རྣམས་ནི་དམིགས་པ་དང་བཅས་པའི་བདག་མེད་སེམས་འཛིན་པའི་རིམ་པ་བསྟན་པའོ། །དེ་རྣམས་ཀྱི་དོན་ལ་ཐབས་དང་ཤེས་རབ་དབྱེར་མེད་དུ་ལམ་བསྒྲོད་ཅིང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གྲོལ་ཕྱག་རྒྱ་ཆེན་པོར་རྟོགས་ན། ཁམས་གསུམ་སྲིད་པ་གསུམ་རྒྱུ་དྲུག་འཁོར་བའི་འདམ་གྱིས་མི་གོས་ཤིང་། ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་ཕྱག་རྒྱ་ཆེན་པོར་རྟོགས་པ་མཐའ་ཡས་པ་སྟེ། །སྲིད་པ་གསུམ་གྱི་གྲོང་ཁྱེར་ཡང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། ལུང་ལས་ཀྱང་། ཇི་ལྟར་ཆུ་ལ་ཆུ་གཞག་པ་དང་། །ཇི་ལྟར་མར་ལ་མར་བཞག་བཞིན། །རང་གི་རང་རིག་ཡེ་ཤེས་

(༢༨༦)ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །གསུང་བའི་ཕྱིར་ན། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་གདོད་མ་ནས་གཤིས་ཉིད་ཡིན་པ་ལས། །ཐབས་དང་ཤེས་རབ་དབྱེར་མེད་པའི་ཐབས་ཟབ་མོས་ཉོན་མོངས་པ་དུག་ལྔ་ལ་སོགས་པ་འཁྲུལ་པའི་ཚོགས་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་ཡིན་པ་ལ། ཡིན་པར་ངོ་ཤེས་ཤིང་ལམ་དུ་སློང་སྟེ། རླུང་སེམས་གནད་ཀྱི་འཁོར་ལོ་བསྐོར་ན་ཆོས་ཀྱི་དབྱིངས་ཀྱི་ཁྱབ་ཚད་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་ཤིང་། སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ལྔ་ལྡན་རང་ཉིད་ཡིན་པ་སྟེ། མ་ཧཱ་མ་ཡའི་སྔགས་དང་དབྱིབས་དང་ཆོས་བདག་མེད་གསུམ་གྱིས། ཐབས་དང་ཤེས་རབ་དབྱེར་མེད་དུ་ཉོན་མོངས་པ་ལམ་དུ་སློང་ན། མི་ཚེ་གཅིག་ལ་ལྷུན་གྱིས་གྲུབ་པའི་རིགས་ལྔ་ཡབ་ཡུམ་བཅུར་སངས་རྒྱ་བར་འགྱུར་རོ། །ཆོས་སྐུའི་བསྟན་པ་རྣལ་འབྱོར་ཆེན་པོ་བླ་ན་མེད་པ་གསར་མའི་ཐེག་པ་ལས། གཞི་མ་སྤངས་ལྷུན་གྱིས་གྲུབ་པ་ལས། ལམ་རྩོལ་བ་དང་སྒྲུབ་པ་དགག་སྒྲུབ་མེད་པར་བསྒྲོད་ནས། འབྲས་བུ་སྤང་ཐོབ་མེད་པར་སྐུ་གསུམ་ལྷུན་གྱིས་གྲུབ་པའི་བར་སྐབས་བསྟན་པའོ། །བདེ་མཆོག་འཁོར་ལོའི་རྒྱུད་ལས་ཀྱང་། གསང་བ་མཆོག་གི་དགྱེས་པ་ན། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། ཤེས་གསུངས་པའི་ཕྱིར་ན། གསང་སྔགས་གསར་མའི་ཕ་རྒྱུད་མ་རྒྱུད་ཐམས་ཅད་ཀྱི་སྒྲ་དང་དོན་རྒྱུད་དང་མན་ངག་ཐམས་ཅད་ལུང་འདིས་གཏན་ལ་འབེབས་པ་སྟེ། དེའི་ཕྱིར་ན་གསང་བ་ཞེས་བྱ་བ་ནི། དངོས་པོ་གཤིས་ཀྱི་གནས་ལུགས་ལ་previous hit དགོངས next hit་སྟེ། མ་རྟོགས་ཤིང་མ་རིག་པའི་དུས་སུ་འགྲོ་བ་ཀུན་ལ་རང་བཞིན་གྱིས་གསང་ལ། གང་གིས་རིག་ཅིང་རྟོགས་པའི་དུས་སུ་ནི་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རྟོགས་ཤིང་རང་བྱུང་གི་ཡེ་ཤེས་མངོན་དུ་འཆར་བའི་ཕྱིར་ན། རང་གིས་རང་ལ་

(༢༨༧)གསང་བ་བསྟན་པའི་ཕྱིར་ན། རང་གི་ལུས་ངག་ཡིད་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུམ་སྐུ་ལྔར་རྟོགས་པའོ། །དེའི་ཕྱིར་ན། མཆོག་གི་དགྱེས་པ་ཞེས་བྱ་བའི་དོན་ནི། གཤིས་ཀྱི་གནས་ལུགས་འདི་འཕོ་བ་དང་འགྱུར་བ་དང་སྐྱེ་བ་དང་འཇིག་པ་མེད་པའི་ཕྱིར་ན། ཐམས་ཅད་ཀུན་གྱི་མཆོག་ཅེས་བྱའོ། །དགྱེས་པ་ཞེས་བྱ་བ་ནི། མཐའ་དང་མུ་མ་མཆིས་ཤིང་སངས་རྒྱས་སེམས་ཅན་གང་གིས་ཀྱང་ཐ་སྙད་མི་འདོགས་པར། རང་བཞིན་གཤིས་ཀྱི་བདེ་བ་ཆེན་པོས་ཆོས་ཀྱི་དབྱིངས་དང་མཉམ་པར་ལ་ཁྱབ་པ་མེད་པའི་ཕྱིར་ན་དགྱེས་པ་ཞེས་བྱའོ། །བདག་ཉིད་ཅེས་བྱ་བའི་དོན་ནི། མ་རྟོགས་པའི་དུས་སུ་ཁམས་གསུམ་པའི་འགྲོ་བ་རིགས་དྲུག་དང་། རྟོགས་པའི་དུས་སུ་སངས་རྒྱས་སྐུ་ལྔ་འཁོར་འདས་གཉིས་ཀྱི་བདག་ཉིད་ཆེན་པོ་དང་འབྱུང་བཞི་ཡིན་པའི་ཕྱིར་རོ། །གསང་བ་མཆོག་གི་དགྱེས་པ་ཡང་བཞི་ཡིན་ཏེ། ཕྱིའི་གསང་བ་དང་། ནང་གི་གསང་བ་དང་། གསང་བའི་གསང་བ་དང་། དེ་ཁོ་ན་ཉིད་ཀྱི་གསང་བ་དང་བཞིའོ། །ཕྱིའི་གསང་བ་ནི། སེམས་ཅན་ཐམས་ཅད་ཀྱི་ལུས་རྡོ་རྗེ་རིགས་ཀྱི་གནས་ལུགས་སོ། །ནང་གི་གསང་བ་ནི། རྩ་རྡོ་རྗེ་རིགས་ཀྱི་གནས་ལུགས་ཏེ། ལྟེ་བ་སྤྲུལ་པའི་འཁོར་ལོའི། །གསང་བའི་དགྱེས་པ་ནི་ཨེ་ཝཾ་བཞི་དང་ཨ་ཧམ་གཉིས་སུ་འདུས་པའོ། །དེ་ཁོ་ན་ཉིད་ཀྱི་གསང་བ་ནི་སེམས་དང་དངོས་པོ་གཤིས་ཀྱི་གནས་ལུགས་སོ། །སེམས་ཅན་ཐམས་ཅད་གཤིས་གདོད་མ་ནས་སྐུ་ལྔ་དང་ཡེ་ཤེས་ལྔ་ཡིན་ན་ཡང་། མ་རིག་མ་རྟོགས་པའི་དབང་གིས་གཟུང་འཛིན་གཉིས་སུ་བདག་ཏུ་འཛིན་པས་རྣམ་པར་རྟོག་པ་བརྒྱད་ཁྲི་བཞི་སྟོང་དང་། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་ལོ་མ་དང་འདབ་མ་རྒྱས་པ་སྟེ། རྩ་བ་མ་རིག་པ་དང་གཟུང་འཛིན་གཉིས་ཡིན། དེའི་ཕྱིར་ན་ལུས་སེམས་གཉིས་ཀྱི་དཀྱིལ་འཁོར་དུ་རླུང་སེམས་འཁོར་བའི་རྒྱུ་འབྲས་ཀྱི་འདུས་ཚུལ་གྲངས་མེད་པ་ལས། ཕྲ་དོག་ཏུ་འདུས་

(༢༨༨)པ་དང་། རླུང་སེམས་ང་རྒྱལ་དུ་འདུས་པ་དང་། རླུང་སེམས་ཞེ་སྡང་དུ་འདུས་པ་དང་། རླུང་སེམས་འདོད་ཆགས་སུ་འདུས་པ་དང་། རླུང་སེམས་གཏི་མུག་ཏུ་འདུས་པ་དང་། རླུང་སེམས་ཀྱི་འདུས་ཚུལ་འཁྲུལ་པའི་བྱེ་བྲག་གྲངས་མེད་པ་སྟེ། ཁམས་གསུམ་གྱི་གྲོང་ཁྱེར་ན་ཡང་བདེ་བ་དང་སྡུག་པ་ལ་སོགས་པ། དབང་ཆེ་ཆུང་ལ་སོགས་པ་སྐྱེ་གནས་མཐོ་དམན་དང་། ཚེ་རིང་ཐུང་ལ་སོགས་པ་གྲངས་མེད་ཅིང་མཐའ་ཡས་པ་སྟེ། བསམ་གྱི་མི་ཁྱབ་པ་ཡོད་པ་དེ་མ་རིག་ཅིང་མ་རྟོགས་པའི་རླུང་སེམས་ཀྱི་འདུས་ཚུལ་ཁམས་གསུམ་འཁོར་བ་ཐ་དད་ཅིང་གྲངས་མེད་པའི་བདག་ཉིད་ཆེན་པོ་དེ་སེམས་མ་རྟོགས་པའི་རླུང་སེམས་གཉིས་ཀྱི་དཀྱིལ་འཁོར་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ན་མ་རིག་པའི་གསང་བའི་དཀྱིལ་འཁོར་ན་སེམས་ཅན་ཐམས་ཅད་ཀྱི་འཁྲུལ་པ་རྒྱ་མཚོའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ན་སེམས་ཅན་ཐམས་ཅད་དང་གང་ཟག་གཅིག་གི་ཡང་ལུས་ངག་སེམས་ཕུང་པོ་ཁམས་དང་སྐྱེ་མཆེད་རྡོ་རྗེ་རིགས་ཀྱི་གནས་ལུགས་བཞི་བསྡུས་པ་ལས། གཟུགས་ཁམས་གནས་རིས་བཅུ་བདུན་གྱི་རྩ་གནས་དང་ས་བོན་དང་བག་ཆགས་གནས་ལ། གཟུགས་མེད་སྐྱེ་མཆེད་མུ་བཞིའི་རྩ་གནས་དང་ས་བོན་དང་བདག་ཏུ་འཛིན་པ་དང་། འདོད་ཁམས་གནས་རིགས་ཉི་ཤུའི་རྩ་གནས་དང་ས་བོན་དང་བག་ཆགས་བདག་ཏུ་འཛིན་པ་སྟེ། དེའི་ཕྱིར་ན་ལྷ་མ་ཡིན་གྱི་རྩ་གནས་དང་ས་བོན་དང་བག་ཆགས་བདག་ཏུ་འཛིན་པའི་རླུང་སེམས་འདུས་ལུགས་དང་། མི་རྣམས་ཀྱི་ས་བོན་དང་བགས་བདག་ཏུ་འཛིན་པའི་རླུང་སེམས་འདུས་ཚུལ་དང་། བྱོལ་སོང་རྣམས་ཀྱི་སོན་དང་རྩ་གནས་དང་བགས་བདག་ཏུ་འཛིན་པའི་རླུང་སེམས་ཀྱི་འདུས་ཚུལ་དང་། ཡི་དྭགས་རྣམས་ཀྱི་རྩ་གནས་དང་ས་བོན་དང་བག་ཆགས་བདག་ཏུ་འཛིན་པའི་རླུང་སེམས་ཀྱི་འདུས་ཚུལ་དང་། དམྱལ་བ་རྣམས་ཀྱི་རྩ་གནས་དང་ས་བོན་དང་

(༢༨༩)བག་ཆགས་བདག་ཏུ་འཛིན་པའི་རླུང་སེམས་ཀྱི་འདུས་ཚུལ་ཏེ། མ་རིག་པའི་དབང་གིས་རླུང་སེམས་ཀྱི་འདུས་ཚུལ་གྱི་སྟོབས་ཀྱིས། བཟང་རྟོག་ངན་རྟོག་གི་དབང་གིས་ལས་དགེ་སྡིག་སྣ་ཚོགས་དང་ཟག་པ་དང་བཅས་པའི་ཏིང་ངེ་འཛིན་ནི་བདེ་གསལ་མི་རྟོག་པའི་རྒྱུ་འབྲས་ཀྱི་ཤེས་པ་དང་ཤེས་བྱ་སྣ་ཚོགས་སུ་རླུང་སེམས་འདུས་ནས། ཚངས་པ་དང་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་དང་། ལྷ་ཆེན་པོ་བརྒྱད་དང་། ཀླུ་ཆེན་པོ་བརྒྱད་དང་། གཟའ་ཆེན་པོ་བརྒྱད་དང་། གནོད་སྦྱིན་ཆེན་པོ་བརྒྱད་དང་། བགེགས་དང་སྲིན་པོ་དང་བདུད་དང་མ་མོ་དང་གཤིན་རྗེ་དང་བཙན་དང་། རྒྱལ་པོ་དང་རེ་རེ་ལ་ཡང་གཙོ་བོ་དགུ་དགུ་སྟེ། འཁོར་གྲངས་མཐས་ཡས་ཤིང་བྱ་བའི་ལས་བསམ་གྱིས་མི་ཁྱབ་པ་དང་། རྫུ་འཕྲུལ་དང་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་དེ་མ་རིག་པའི་རླུང་སེམས་ཀྱི་འདུས་ཚུལ་དང་། ལས་དང་ཏིང་ངེ་འཛིན་གྱི་སྟོབས་ལས་གྲུབ་པ་སྟེ། མི་ལ་སོགས་ཏེ་གང་ཟག་གཅིག་གི་ཡང་ལུས་ངག་ཡིད་གསུམ་ཕུང་པོ་ཁམས་དང་སྐྱེ་མཆེད་འདི་རྣམས་ཀྱི་རྩ་གནས་དང་ས་བོན་དང་། འཁོར་བ་ཐོག་མ་མེད་པ་ནས་འགྲོ་བ་སྣ་ཚོགས་སུ་སྐྱེ་བའི་བག་ཆགས་ཡོད་པ་སྟེ། དེ་རྣམས་གང་དང་གང་དུ་རླུང་སེམས་འདུས་ན། ཐ་མལ་པའི་སེམས་ཅན་རྣམས་ལ་ཡང་སྟོབས་ཆེ་ཆུང་དང་བསོད་ནམས་ཆེ་ཆུང་དང་། ཚེ་རིང་ཐུང་དང་བདེ་སྡུག་སྣ་ཚོགས་འབྱུང་བར་འགྱུར་རོ། །དེའི་ཕྱིར་ན། གསང་སྔགས་ཀྱི་ཐབས་ཟབ་མོས་སྲོག་རྩོལ་གནད་ཀྱི་མན་ངག་བརྩོན་འགྲུས་དར་དྲག་ལ་ཡུན་རིང་དུ་བསྒོམས་ན་རླུང་སེམས་ཇི་ལྟར་འདུས་པ་བཞིན་དུ་ལྷ་ཚངས་པ་དང་འཁོར་ལོ་བསྒྱུར་བ་མན་ཆོད། མནར་མེད་པའི་དམྱལ་བ་ཡན་ཆོད་ཀྱི་བར་གྱི་འགྲོ་བ་རིགས་དྲུག་གི་སྐྱེ་གནས་སྣ་ཚོགས་དང་། བདེ་སྡུག་གྲངས་

(༢༩༠)མེད་པའི་ཉམས་སྣ་ཚོགས་ཡུན་རིང་ཐུང་ཅི་རིགས་པར་འབྱུང་བར་འགྱུར་རོ། །རྗེ་བཙུན་མི་ལའི་ཞལ་ནས་ཀྱང་། དབྱར་གྱི་ས་ལ་གང་ཡང་སྐྱེ། རྣལ་འབྱོར་ཉམས་ལ་ཅི་ཡང་འཆར། གསུང་བ་ཡང་རླུང་སེམས་བསྒོམས་པའི་གང་ཟག་རྣམས་ལ་previous hit དགོངས next hit་ཡིན། དེའི་ཕྱིར་ན། བླ་མ་མཚན་ཉིད་དང་མི་ལྡན་ཞིང་། གདུལ་བྱ་ཤེས་རབ་དང་མི་ལྡན་པས་ཐོས་བསམ་སྒོམ་གསུམ་ཇི་ལྟར་དུ་བྱས་ན་ཡང་། ཁམས་གསུམ་འཁོར་བ་བསྒྲུབ་པ་མ་གཏོགས་པ། །རང་སེམས་ཆོས་སྐུ་རྟོགས་པར་མི་འགྱུར་རོ། །དེའི་ཕྱིར་ན་གསང་བ་མཆོག་གི་དགྱེས་པ་ན། །མ་རིག་པའི་བདག་ཉིད་ཁམས་གསུམ་འཁོར་བའི་ཚངས་དང་བརྒྱ་བྱིན། འཁོར་ལོས་བསྒྱུར་བ་ལ་སོགས་པའི་བདག་ཉིད་ཆེན་པོ་ཁམས་གསུམ་འཁོར་བ་རྟག་པའི་རྒྱལ་པོ་ལས་མི་འདའ་བའོ། །དེའི་ཕྱིར་ན། ཆོས་སྐུའི་བསྟན་པ་རྣལ་འབྱོར་ཆེན་པོ་གསར་མའི་ཐབས་དང་ཤེས་རབ་དབྱེར་མེད་སྲོག་རྩོལ་གནད་ཀྱི་མན་ངག །བླ་མ་མཁས་ལ་གྲུབ་པ་ཐོབ་ཅིང་སྨིན་པ་དང་གྲོལ་བའི་དབང་གིས་ཆུ་བོ་རྒྱུན་མ་ཆད་པ་དང་། མཁའ་འགྲོ་རྒྱལ་མཚོས་བྱིན་གྱིས་བརླབས་པའི་ལུས་སེམས་གཉིས་ཀྱི་དཀྱིལ་འཁོར་དུ་རྡོ་རྗེའི་གནས་ལུགས་བཞིའི་རྟེན་འབྲེལ་འགྲིག་པའི་སྐལ་བ་དང་ལྡན་པ་རྣམས་ཀྱི། ཨེ་ཝཾ་བཞིའི་ཕོ་བྲང་དང་རྩ་རླུང་བྱང་ཆུབ་ཀྱི་སེམས་ཀྱི་གནད། དུས་དང་དུས་ཀྱིས་འཁོར་ལོ་བཞིན་དུ་རྩ་རླུང་བྱང་ཆུབ་སེམས་གསུམ་གྱི་དུས་གནད་ཇི་ལྟར་འགྲིག་པའི་དུས་སུ། རླུང་རྡོ་རྗེའི་བཟླས་པ་རྒྱུན་ཆད་མེད་པར་བྱས་ན་རྟགས་བཅུ་དང་ཡོན་ཏན་བརྒྱད་དང་གྲུབ་ཆེན་བརྒྱད་ལ་སོགས་པ་རླུང་སེམས་ཇི་ལྟར་འདུས་པ་བཞིན་དུ། རྟགས་ཀྱི་བྱེ་བྲག་སྣ་ཚོགས་རྣམས་རིམས་དང་རིམ་གྱིས་འབྱུང་བར་འགྱུར་རོ། །དེའི་ཕྱིར་ན། དངོས་པོ་གཤིས་ཀྱི་གནས་

(༢༩༡)ལུགས་ལ་རྟོགས་པའི་བྱེ་བྲག་ཇི་ཙམ་རྟོགས་པ་བཞིན་དུ་ཉན་ཐོས་རྣམས་ཀྱི་རྩ་གནས་དང་། རླུང་སེམས་ཀྱི་འདུས་ཚུལ་ཉན་ཐོས་ཀྱི་རྩར་འདུས་ན་དགྲ་བཅོམ་པའི་བདག་ཉིད་དུ་འགྱུར་རོ། །རང་སངས་རྒྱས་ཀྱི་རྩར་རླུང་སེམས་འདུས་ན། རང་སངས་རྒྱས་ཀྱི་ཡོན་ཏན་ཆོ་འཕྲུལ་ཡ་མ་ཟུང་ལ་རང་དབང་ཐོབ་པ་དང་། བྱང་ཆུབ་སེམས་དཔའི་རྩར་རླུང་སེམས་འདུས་ན། བྱང་ཆུབ་སེམས་དཔའི་ས་དང་པོ་ནས་བཅུ་པའི་བར་དུ་རྟགས་དང་ཡོན་ཏན་སྣ་ཚོགས་རང་ལ་འཆར་ཞིང་། ས་བཅུ་རྫོགས་པའི་བདག་ཉིད་ཆེན་པོར་འགྱུར་རོ། །སྤྲུལ་པའི་སྐུའི་ལུས་སེམས་རྩ་གནས་རྣམས་སུ་རླུང་སེམས་འདུས་ཤིང་། བརྟན་ན་སྤྲུལ་སྐུའི་ཞིང་ཁམས་མཐོང་བ་དང་། སྤྲུལ་སྐུ་གྲངས་ཅན་དང་གྲངས་མེད་རྣམས་ཀྱི་བདག་ཉིད་ཆེན་པོར་འགྱུར་བ་སྟེ། ཡོངས་སུ་རྫོགས་པའི་རྩ་གནས་འཁོར་ལོ་བཞི་དང་དགའ་བ་བཞི་གནས་སུ་རླུང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་འདུས་ན། ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་ཞི་པ་དང་དབང་དང་རྒྱས་པ་དྲག་པོའི་ལྷ་ཚོགས་རྣམས་དངོས་སུ་མཐོང་བ་དང་། བདག་ཉིད་ཡིན་མཉམ་བྱེད་པ་དང་མཐར་ཕྱིན་ན། རང་བཞིན་ལྷུན་གྱིས་གྲུབ་པའི་ལོངས་སྐུ་རང་ལ་རྫོགས་པར་འགྱུར་བ་སྟེ། རྒྱལ་བ་སྲས་བཅས་བདག་ཉིད་ཆེན་པོར་འགྱུར། ཆོས་སྐུ་གདོད་ནས་མ་སྐྱེས་པ་སྐྱེ་བ་མེད་པ་ཨའི་རྩར་རླུང་སེམས་འདུས་ནས། ཆོས་ཀྱི་སྐུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟོགས་པ་འཆར་བ་དང་། མཚོན་དུ་ཡོད་པ་དྲུག་པ་རྡོ་རྗེ་འཆང་གི་དཀྱིལ་འཁོར་རང་ལ་རྫོགས་པའི་བདག་ཉིད་ཆེན་པོ་ཆོས་སྐུའི་དཀྱིལ་འཁོར་ནམ་མཁའི་དབྱིངས་དང་མཉམ་པའི་བདག་ཉིད་དགྱེས་པ་ཆེན་པོར་འགྱུར་རོ། །སྲོག་རྩོལ་གནད་

(༢༩༢)ཀྱི་མན་ངག་རྩོལ་བ་མཐར་ཕྱིན་པ་ཡིས། ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན་ལ་ཁྱབ་པར་རང་བཞིན་ངོ་བོ་ཉིད་ཀྱི་རླུང་སེམས་འདུས་ན། དབྱིངས་དང་ཡེ་ཤེས་རོ་མཉམ་པའི་བདག་ཉིད་ཆེན་པོར་འགྱུར་རོ། །དངོས་པོ་གཤིས་ཀྱི་གནས་ལུགས་གཤིས་ལྔ་རླུང་ལྔ་རང་བཞིན་གྱིས་རྫོགས་ཤིང་། ཆོས་ཀྱི་དབྱིངས་མཐའ་ཡས་པར་རང་བྱུང་ཡེ་ཤེས་ཉག་ཅིག་ཏུ་འཆར་ན། སྐུ་ལྔ་ཡོངས་སུ་རྫོགས་པའི་བདག་ཉིད་ཆེན་པོ་སྟེ། གསང་བ་མཆོག་གི་དགྱེས་པ་ན། ཡེ་ཤེས་བདག་ཉིད་རྟག་ཏུ་བཞུགས་བྱ་བ་ཡིན་ཏེ། འཁོར་འདས་ཡོངས་སུ་རྫོགས་པའི་བདག་ཉིད་ཆེན་པོ་ཡིན་པའི་ཕྱིར་ན། འདི་ལ་འཕོ་བ་དང་འགྱུར་བ་དང་སངས་རྒྱས་དང་སེམས་ཅན་དང་རྩོལ་བ་དང་སྒྲུབ་པའི་ས་མཚམས་གང་ཡང་མེད་དོ། །དེའི་ཕྱིར་ན། དཔལ་ཀུན་ཏུ་བཟང་པོ་ཡེ་ཤེས་དངོས་ཅིག་དྲི་མ་མེད་བྱ་བའོ། །ཆོས་སྐུའི་བསྟན་པ་རྣལ་འབྱོར་ཆེན་པོ་གསར་མའི་ཕ་རྒྱུད་མ་རྒྱུད་ཀྱི་previous hit དགོངས next hit་རང་བཞིན་གྱིས་རྫོགས་པ། གསང་བ་མཆོག་གི་དགྱེས་པ། མ་རྟོགས་ན་ནི་ཁམས་གསུམ་འཁོར་བ་མ་རིག་པའི་བདག་ཉིད། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པ་རབ་འབྱམས་རྩལ་རྫོགས་ན། རིགས་ལྔ་སྐུ་ལྔ་ཡེ་ཤེས་ལྔའི་བདག་ཉིད་དགྱེས་པ་ཆེན་པོ་བསྟན་པའི་བར་སྐབས་ལགས་སོ། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ཆོས་སྐུའི་བསྟན་པ་རྣལ་འབྱོར་ཆེན་པོ་གསར་མའི་སྣང་སྲིད་འཁོར་འདས་བྱ་བ་སྣ་ཚོགས་མཁའ་འགྲོ་ཡིས་སྒྲུབ་པ་ལས། དངོས་པོ་གཤིས་ཀྱི་གནས་ལུགས་ངོ་བོ་རང་བཞིན་མཚན་ཉིད་ལྔ་མ་རྟོགས་ཤིང་། མ་རིག་པའི་ཁམས་གསུམ་སྲིད་པའི་གྲོང་ཁྱེར་ཕུང་པོ་ཁམས་དང་

(༢༩༣)སྐྱེ་མཆེད་ཀྱིས་བསྡུས་པ། ཕྱི་སྣོད་ནང་བཅུད་ཀྱིས་བསྡུས་པ་ས་བླ་ས་འོག་ས་སྟེངས་གསུམ། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས། མ་རིག་འཁྲུལ་པས་ཀུན་བརྟགས་ཏེ་དེ་རྣམས་ཐམས་ཅད་རྣལ་འབྱོར་ཆེན་པོ་གསར་མའི་ཐབས་དང་ཤེས་རབ་དབྱེར་མེད་པའི་རྒྱུད་སྡེ་གྲངས་མེད་རྣམས་ཀྱིས། མཁའ་འགྲོ་སྡེ་བཞིར་ཐམས་ཅད་གཏན་ལ་འབེབས་ཤིང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བྱ་བ་སྣ་ཚོགས་དུས་དང་དུས་ཀྱི་འཁོར་ལོར་འབྱུང་བ་ལྔ་ཡུལ་དང་ཡུལ་ཅན། ལོ་སྐོར་བཅུ་གཉིས། ཟླ་བ་བཅུ་གཉིས། སྤར་ཁ་བརྒྱད། ཉི་མ་དང་ཟླ་བ། གཟའ་དང་སྐར་མ། ཉིན་མོ་དང་མཚན་མོ། ཀང་ཀང་ཆུ་ཚོད་གྲངས་མེད་པ་ཅིག་གསུངས་ཀྱང་། རྩ་གསུམ་འཁོར་ལོ་ལྔ་རྩ་བའི་རླུང་ལྔ་དབྱེ་ན་ཉི་ཤུ་རྩ་ལྔ་སྟེ། རྩའི་རྒྱལ་པོ་གཙོ་བོ་གཅིག་ལས་སྟོང་ཕྲག་བདུན་བཅུ་རྩ་གཉིས། ཡལ་ག་ལོ་འདབ་རྒྱས་པ་འདྲ། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དཀྱིལ་འཁོར་གཅིག་གི་རླུང་དུ་བཞེད་པ་ཡིན། འདི་རྣམས་ཐམས་ཅད་རྩ་རླུང་བྱང་ཆུབ་སེམས་སུ་འདུས་པས་ཏེ། གསང་སྔགས་ཀྱི་ཐབས་ཟབ་མོས་དུས་དང་དུས་ཀྱི་འཁོར་ལོར་དུས་གནད་མ་ནོར་ཡོངས་སུ་ཤེས་གྱུར་ན། བྱ་བ་སྣ་ཚོགས་མཁའ་འགྲོས་བསྒྲུབ་པ་སྟེ། དེ་དང་དེའི་སྒྲ་དོན་རྣམས་དེ་ནི་རྒྱས་པར་བཤད་པར་བྱ། ལུས་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་དང་། རྩ་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་དང་། སེམས་རྡོ་རྗེ་རིགས་ཀྱི་དལ་དང་། བྱང་ཆུབ་སེམས་ཀྱི་ཐིག་ལེ་དཀར་དམར་རྡོ་རྗེ་རིགས་ཀྱི་དལ་དང་། རླུང་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ཏེ། དཀྱིལ་འཁོར་ལྔ་པོ་འདིར་མཁའ་འགྲོ་སྡེ་ལྔ། གནས་ཉི་ཤུ་རྩ་བཞི། །ཉེ་བའི་གནས་ཉི་ཤུ་རྩ་བཞི་དང་། དུར་ཁྲོད་བརྒྱད་དང་།

(༢༩༤)ཉེ་བའི་དུར་ཁྲོད་བརྒྱད་དང་། ཚནྡྷོ་དང་ཉེ་བའི་ཚན་དྷོ་དང་། རིགས་ལྔ་ཡབ་ཡུམ་བཅུ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བྱ་བ་དང་ཕྲིན་ལས་སྣ་ཚོགས་འདིར་མ་འདུས་ཤིང་མ་རྫོགས་པ་གང་ཡང་མེད་པ་སྟེ། རྩ་རླུང་བྱང་ཆུབ་སེམས་ཀྱི་རྟེན་འབྲེལ་འགྲིག་པ་དང་མ་འགྲིག་པ་དང་། ལས་དཀར་ནག་གི་དུས་དང་དུས་ཀྱི་འཁོར་ལོར་སྣ་ཚོགས་སུ་འབྱུང་ཞིང་། འཁོར་བ་དང་མྱ་ངན་ལས་འདས་པའི་རྒྱུ་འབྲས་སྣ་ཚོགས་སུ་ཐ་དད་པའི་བྱེ་བྲག་རྣམས། རླུང་སེམས་ལ་དབང་ཐོབ་པའི་རྣལ་འབྱོར་པ་རྣམས་ཀྱིས། དུས་དང་དུས་ཀྱི་འཁོར་ལོར་རྟོགས་ཤིང་སྟོན་པའོ། །དེ་ནས་སྐུ་གསུང་ཐུགས་ཀྱི་ནི། འཁོར་ལོར་གནས་པའི་བྱེ་བྲག་དངས། །གནས་ཀྱི་རབ་ཏུ་དབྱེ་བ་དང་། །ཡུལ་གྱི་དབྱེ་བ་བཤད་པར་བྱ། །མགོ་ནི་མ་ལ་ཡ་ཡུལ་ཏེ། །སྤྱི་གཙུག་ཛ་ལནྡྷ་ར་ནི། །ཨོ་རྒྱན་རྣ་བ་གཡས་པ་སྟེ། །ཨར་བུ་རྟ་ནི་རྒྱབ་ཕྱོགས་ཡིན། །གནས་ཀྱི་མིང་ཅན་རྣམ་པ་བཞིའོ། །གོ་ཏ་བ་ནི་རྣ་གཡོན་ཏེ། །ར་མི་ཤྭ་རི་སྨིན་དབུས་གསུངས། །མིག་ནི་དེ་ཝ་ཀོ་ཊ་ཏེ། །དཔུང་པ་མ་ལ་བ་ཞེས་བརྗོད། །འདི་དག་ཉེ་བའི་གནས་ཡིན་ཏེ། །གནས་ཀྱི་ཁྱད་པར་ཚུལ་གྱིས་ནི། །མཁའ་སྤྱོད་ཐུགས་ཀྱི་འཁོར་ལོར་གནས། །ཀ་མ་རུ་མཆན་ཁུང་དེ་བཞིན་དུས། །ནུ་མ་ཨོ་ཊེར་རབ་ཏུ་གྲགས། །དེ་དག་ཞིང་སྟེ་ལྟེ་བ་ནི། །ཏྲི་ཤ་ཀུ་ནི་ཞེས་བྱ་ཡིན། །སྣ་ཡི་རྩེ་མོ་ཀོ་པ་ལ། །དེ་དག་ཉེ་བའི་ཞིང་དུ་བརྗོད། །ཁ་ནི་ཀ་ལིང་ཀ་ཡིན་ཏེ། །མགྲིན་པ་ལམ་པ་ཀ་ཏུ་བརྗོད། །ཚནྡྷོ་ཧ་ཞེས་བྱ་བར་གྲགས། །སྙིང་ག་ཙན་རྡི་ཞེས་བྱ་སྟེ། །ཆུ་སོ་ཧི་མ་ལ་ཡ་ཞེས། །

(༢༩༥)ཉེ་བའི་རོལ་པར་བརྗོད་པ་ཡིན། །གནས་ཀྱི་ཁྱད་པར་ཚུལ་གྱིས་ནི། །ས་སྤྱོད་གསུང་གི་འཁོར་ལོར་གནས། །མཚན་ནི་ཡི་དྭགས་གནས་པ་སྟེ། །གྲྀ་ཧ་དེ་ཝ་ཏྲ་བཤང་ལམ། །དེ་དག་འདུ་བར་བརྗོད་པ་སྟེ། །བརླ་ནི་སོ་ར་ཏྲ་ཞེས་བྱ། །བྱིན་པ་གཉིས་ནི་གསེར་གླིང་སྟེ། །ཉེ་བའི་འདུ་བ་ཉིད་ཡིན་ནོ། །སོར་མོ་རྣམས་ནི་ནཱ་ག་ར། །རྐང་པའི་བོལ་ནི་སིན་དྷུ་སྟེ། །དུར་ཁྲོད་ཅེས་ནི་བྱ་བར་བརྗོད། །མཐེ་བོ་མ་རུ་ཞེས་བྱ་སྟེ། །དཔུས་མོ་ཀུ་ལུ་ཏ་ཞེས་བརྗོད། །ཉེ་བའི་དུར་ཁྲོད་ས་འོག་ནི། །སྐུ་ཡི་འཁོར་ལོར་ཡང་དག་གནས། །རང་ལུས་སྐྱེས་པ་འདི་དག་ནི། མཁའ་འགྲོ་མ་ཡི་གནས་སུ་བརྗོད། ཕྱི་དང་ནང་དང་ཡང་དག་གནས། ཉི་ཤུ་རྩ་བཞིར་ཕྱེ་བ་ཡིས། སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཡིན། གནས་རྣམས་དག་ནི་ཐམས་ཅད་དུ། །རྩ་རྣམས་ཀུན་ལ་ཡང་དག་བཤད། །ཡུལ་འདི་རྣམས་ཀྱི་བུ་མ་གང་། །རྩ་རྣམས་རོལ་པའོ། །ཀན་ཙིར་ནི། འཇིགས་བྱེད་ཆེན་པོ་དང་། དྷ་ན་མ་སྟེ། གཤང་བ་འབབ་པར་གྲགས་སོ། །ཧི་མ་ལ་ཡར་ནི། མིག་མི་བཟད་དང་ཁྭ་གདོང་མ་སྟེ། །འཚོགས་མའི་བསྲུབས་འབབ་པའོ། །ཉེ་བའི་རོལ་པའོ། །གསུང་གི་འཁོར་ལོ་ལ་སྤྱོད་དེ། །སྙོམས་པར་ཞུགས་པས་ཡང་དག་གནས། །པྲེ་ཏ་ཨ་ཏི་སིར་ནི། སྟོབས་པོ་ཆེ་དང་འཁོར་ལོ་ཤུགས་ཅན་མ་སྟེ། ཐམས་ཅད་དུ་བད་ཀན་འབབ་པའོ། །གྲྀ་ཧ་དེ་བ་ལྟར། རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མ་སྟེ། རྟག་ཏུ་རྟག་འབབ་པའོ། །འདུ་བའོ། །སོའུར་ལྟར་ནི། རྟ་མགྲིན་དང་གླང་སྣ་མ་སྟེ། རྟག་ཏུ་

(༢༩༦)ཁྲག་འབབ་པར་གྲགས་པོ། སུ་པ་རྣ་དི་པར། ནམ་མཁའི་སྙིང་པོ་དང་། འཁོར་ལོའི་གོ་ཆ་མ་སྟེ། དེ་བཞིན་དུ་རྡུལ་འབེབ་པའོ། །ཉེ་བའི་འདུན་པའོ། །ན་ག་རར་ནི། ལྷ་ཡི་དགྲ་དང་། ཤིན་དུ་དཔའ་མོ་སྟེ། ཚིལ་འབབ་པའོ། །སིན་དུའི་ཡུལ་དུ་ནི། པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ་སྟེ། རྟག་ཏུ་མཆི་མ་འབབ་པའོ། །དུར་ཁྲོད་དོ། །མ་རུ་ནིར་རྣམ་པར་སྣང་མཛད་དང་། འཁོར་ལོ་བསྒྱུར་མ་སྟེ། མཆིལ་མ་འབབ་པར་གྲགས་སོ། །ཀུན་ལུ་ཏར་ནི། རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ། སྣབས་གཞོན་ནུ་འབབ་པའོ། །ཉེ་བའི་དུར་ཁྲོད་དོ། །སྐུའི་འཁོར་ལོ་ས་འོག་སྤྱོད། །སྙོམས་པར་ཞུགས་པ་བཞུགས་ཡིན་ཞེས། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བ། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་གནས་ཉི་ཤུ་རྩ་བཞི་རྡོ་རྗེ་རིགས་ཀྱི་གནས་ལུགས་བཞིའི་དཀྱིལ་འཁོར་དུ། །རང་བཞིན་ངོ་བོ་གཤིས་ལ་མཚན་ཉིད་ཀུན་ལ་ཁྱབ་པར་གནས་པ་སྟེ། མ་རྟོགས་པའི་དུས་སུ་ནི་ཁམས་གསུམ་པའི་རྒྱུ་དང་ལམ་དང་འབྲས་བུ་གནས་ཡིན་ལ། གཟུགས་ཀྱི་གནས་སོ་ཞེས། དཔའ་བོ་ཀུན་དང་མཉམ་སྦྱོར་བ། །མཁའ་འགྲོ་མའི་དྲ་བ་སྡོམ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །སླར་ཡང་བསྡུས་ཏེ་བཤད་བྱ་བ། །དེ་ནི་བདག་གིས་བཤད་ཀྱི་ཉོན། །སུ་ལི་ར་དང་མ་ལ་ཡར། །ཐོད་པའི་དུམ་བུ་ཅན་དང་རབ་ཏུ་གཏུམ་མོ་སྟེ། །སོ་དང་སེན་མོ་འབབ་པའོ། །ཛ་ལནྡྷ་རར་ཀེང་རུས་ཆེན་པོ་དང་།

(༢༩༧)གཏུམ་མིག་མ་སྟེ་སྐྲ་དང་པུ་འབབ་པའོ། །ཨོ་ཐ་ཡ་ནེར་ཀེང་རུས་དང་འོད་ལྡན་མ་སྟེ། པགས་པ་དང་དྲི་མ་འབབ་པའོ། །ཨར་བུ་དར་མཆེ་བ་རྣམ་པར་གཙིགས་པ་དང་། སྣང་ཆེན་མོ་སྟེ། ཤ་འབབ་པ་སྟེ་གནས་སོ། །གོ་ཏ་བ་ཡར་ལྷའི་སྒྲ་དང་དཔའ་བོའི་བློ་མས་ཏེ། ཐམས་ཅད་ཀུན་དུ་རྒྱུས་པ་འབབ་པའོ། །ར་མི་ཤྭ་རི་འོད་དཔག་ཏུ་མེད་པ་དང་། མི་ཐུང་མ་སྟེ། རུས་པའི་ཕྲེང་བ་འབེབས་པའོ། །དེ་ཝི་ཀོ་ཊིར་རྡོ་རྗེའི་འོད་དང་ལང་གའི་དབང་ཕྱུག་མ་སྟེ། རྟག་ཏུ་འཆིན་པ་འབེབས་པའོ། །མ་ལ་བེར་རྡོ་རྗེའི་ལུས་དང་། ལྗོན་གྲིབ་མ་སྟེ། སྙིང་འཕྲུག་འབེབས་པ་སྟེ། ཉེ་བའི་གནས་སོ། །དེ་ལྟར་བསྟན་པ་འདི་དག་ནི་ཐུགས་ཀྱི་འཁོར་ལོ་མཁའ་སྤྱོད་ཏེ། སྙོམས་པར་ཞུགས་པ་ཡང་དག་གནས། ཀ་མ་རུ་པར་ནི། མྱུ་གུ་ཅན་དང་ས་བསྲུངས་མ་སྟེ། རྟག་ཏུ་མིག་འབབ་པའོ། །ཨོ་ཊེར་ནི། རྡོ་རྗེ་རོལ་པ་ཅན་དང་། འཇིགས་བྱེད་ཆེན་མོ་སྟེ། མཁྲིས་པ་འབབ་པར་གྲགས་སོ། །ཞིང་ངོ་། །ཏྲི་ཤ་ཀུ་ནེར། དཔའ་བོ་ཆེན་པོ་དང་རླུང་ཤུགས་མ་སྟེ། གློ་བ་འབབ་པའོ། །ཀོ་ས་ལར། རྡོ་རྗེ་ཧཱུྃ་མཛད་དང་། ཆང་འཐུང་མ་སྟེ། རྒྱུ་མའི་ཕྲེང་བ་འབབ་པའོ། །ཉེ་བའི་ཞིང་ངོ་། ཀ་ལིར་ཀར། ཤིན་དུ་བཟང་པོ་དང་། སྔོ་བ་ས་ས་ལྷ་མོ་སྟེ། རྩིབས་ལོགས་ཀྱི་སྣལ་མ་འབབ་པའོ། །ལམ་པ་ཀར་ནི། རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ་སྟེ། བོང་བུ་རྣམས་ལྟར་ལྟོ་འབབ་པའོ། །རྣལ་འབྱོར་ཆེན་པོ་གསར་མའི་གནད་ཟབ་མོ་ཡིས་ཐབས་དང་ཤེས་རབ་དབྱེར་མེད་ཀྱིས། ལམ་དུ་སློང་བའི་དུས་སུ་ནི་གཞི་ལམ་འབྲས་བུའི་གནས་ཉི་ཤུ་རྩ་བཞི་ཆ་ལག་དང་བཅས་པ་རང་ལ་རྫོགས་པའོ། །

(༢༩༨)དེའི་ཕྱིར་ན་རླུང་སེམས་ལ་དབང་མ་ཐོབ་ཀྱི་བར་དུ་ཡིན་ལུགས་ཤེས་པས་མི་ཆོག་སྟེ་མ་རིག་པའི་གནས་ཡིན། རྩ་རླུང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །དབང་བཞི་རང་དབང་དུ་རྫོགས་པའི་དུས་སུ་ནི། །འཁོར་ལོ་བདེ་མཆོག་དགྱེས་རྡོར་གསང་འདུས་རང་ཉིད་ཡིན་པའི་ཕྱིར་ན། རང་གི་ལུས་ངག་ཡིད་གསུམ་གྱི་དཀྱིལ་འཁོར་དུ། དབང་པོ་ཡང་རབ་སྐལ་བ་དང་ལྡན་པ་རྣམས་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བས་ཆོག་པ་ཡིན་དེའི་ཕྱིར་ན་དེ་ལྟར་དུ་མ་རྟོགས་ཤིང་རྒྱུད་དང་གདམ་ངག་གི་ཡིན་ལུགས་ཤེས་ཀྱང་། མ་རིག་པའི་དཀྱིལ་འཁོར་དུ་རྨོངས་པའི་གདུལ་བྱ་རྣམས་ལ། དུག་ལྔ་ཡུལ་དང་ཡུལ་ཅན་གྱི་གནས་ལ་སོགས་པ། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་དབང་བསྐུར་བས་འཁོར་བའི་དབང་ཐོབ་པར་འགྱུར་རོ། །རྣལ་འབྱོར་ཆེན་པོ་གསར་མའི་ཐེག་པ་ལས། གནས་ཉི་ཤུ་རྩ་བཞི་ལ་སོགས་པ་གདོད་མ་ནས་སེམས་ཅན་ཐམས་ཅད་ཀྱི་གཤིས་ལ་གནས་ཀྱང་མ་རྟོགས་ཤིང་། གསང་སྔགས་ཀྱི་གནད་ཟབ་མོས་རླུང་སེམས་ལ་དབང་མ་ཐོབ་ཀྱི་བར་དུ་ནི། འཁོར་བའི་གནས་སུ་བརྟན་པ་དང་། དུག་ལྔ་ལམ་དུ་སློང་ཞིང་དབང་བཞི་རྫོགས་པའི་དུས་སུ་ནི། སྐུ་ལྔའི་སངས་རྒྱས་རང་ལ་རྫོགས་པའི་བར་སྐབས་བསྟན་པའོ། །གནས་ཉི་ཤུ་རྩ་བཞི། ཉེ་བའི་གནས་དང་། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་དང་། ཚན་དྷོ་དང་ཉེ་བའི་ཚནྡྷོ། སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ། ཕུང་པོ་ཁམས་དང་སྐྱེ་མཆེད་གདོད་མ་ནས་ཡིན་པ་ལ་ཡིན་པར་ངོ་ཤེས་ཤིང་། དེ་རྣམས་ཀྱི་རྩར་རླུང་སེམས་ཐིག་ལེ། ལུས་ཐམས་ཅད་ལ་རྒྱལ་བ་རྒྱ་མཚོའི་ས་བོན་རང་བཞིན་གྱིས་ཡི་གེར་གནས་པ་སྟེ། དེ་རྣམས་ཐབས་དང་ཤེས་རབ་ཀྱི་གནད་ཀྱིས་

(༢༩༩)ཡིན་པ་ལ་ཡིན་པར་ངོ་ཤེས་ཤིང་། དང་པོ་བློ་སྦྱོང་བའི་དུས་སུ་ཀུན་གཏགས་ཀྱི་ཡི་གེ་དང་། རྩ་གནས་བསྒོམས་ཤིང་གོམས་འདྲིས་རྟོགས་པ་མཐར་ཕྱིན་པའི་དུས་སུ། རང་བཞིན་ལྷུན་གྱིས་གྲུབ་པའི་རང་ལུས་ཡེ་ཤེས་ལྔ་འམ་ཉི་ཤུ་རྩ་ལྔར་རྫོགས་པའི་ཐབས་འདི་ལྟར་དུ་གོ་ཞིང་ལམ་བསྒྲོད་ལ་གོམས་འདྲིས་མཐར་ཕྱིན་པར་བྱ་སྟེ། དེའི་སྒྲ་དང་དོན་རྣམས་རྡོ་རྗེ་ཐེག་པའི་རྒྱུད་ལས་འདི་ལྟར་དུ་ཤེས་པར་བྱའོ། །དེ་ནས་ལས་ཀྱི་རབ་མཆོག་ནི། །སྦྱོར་བ་ཀུན་གྱི་དམ་པ་སྟེ། །གང་ཡང་འགྲུབ་པར་བྱེད་པའི་སྔགས། དེའི་དབྱེ་བ་རིམ་བཞིན་བཤད། །ཡི་གེ་ཕོ་ཉ་ལ་སོགས་སྔགས། །མདའ་ཡི་ཤུགས་ཀྱིས་ཡོངས་སུ་འཁོར། །སྤྲུལ་པའི་འཁོར་ལོའི་དབུས་སུ་ནི། །སྡེ་ཚན་བརྒྱད་ཀྱིས་ཤིན་དུ་བསྐོར། །སྔགས་རྣམས་ཐམས་ཅད་འབྱུང་བ་སྟེ། །གཞན་ཡང་ཅི་ཡང་རུང་བ་སྐྱེད། །ཆོས་ཀྱི་འཁོར་ལོ་ཞེས་བྱ་བ། །ལུས་ཅན་རྣམས་ཀྱི་སྙིང་དགའ་བྱེད། །སྒྲ་ལྔ་དང་ནི་ཡང་དག་ལྡན། །ཡ་ར་ལ་ཝས་རྣམ་པར་ཀླུབས། །ལོངས་སྤྱོད་འཁོར་ལོ་ཞེས་བྱ་བ། །རོ་རྣམས་ཀྱི་ནི་རྟེན་རང་བཞིན། །ཆ་རྣམས་བཞི་པོ་དག་གིས་ནི། །ཀུན་ནས་ཡོངས་སུ་བསྐོར་བའོ། །བདེ་བ་ཆེན་པོའི་འཁོར་ལོ་ཆེ། །བྱང་ཆུབ་སུམ་བཅུ་གཉིས་དང་ལྡན། །ཟླ་བ་ཉི་མ་ཞེས་བྱ་བ། །གཡོན་དང་གཡས་ཀྱི་ངོས་གཉིས་སུ། །དཔའ་བོ་མཁའ་འགྲོ་མ་རྣམས་ཀྱི། །འགྲོ་དང་འོང་བ་ངེས་པར་བརྗོད། །གནས་གཉིས་ལ་ནི་རྣམ་པར་ཞོན། །འོག་དང་སྟེང་དུ་ཡང་དག་བརྟེན། །གཡོན་དང་གཡས་ཀྱི་ངོས་གཉིས་སུ། །དབྱངས་ཡིག་བཅུ་གཉིས་

(༣༠༠)སྟེང་ལྟས་བྲིས། །ཀ་སོགས་འོག་ཏུ་བལྟས་པ་ནི། །ངོས་གཉིས་དག་ཏུ་སྤེལ་བ་སྟེ། །དབུས་སུ་དེར་ནི་སྦྱར་བར་བྱ། །དེ་ལྟར་བསྟན་པ་འདི་དག་ནི། །རྩ་དང་སྒྲ་ཡི་རང་བཞིན་ནོ། །གཉིས་མེད་ཡེ་ཤེས་རྡོ་རྗེ་སྟེ། །མཁའ་འགྲོ་སྒྲ་ཡི་རང་བཞིན་ནི། །ངེས་འབྱུང་སངས་རྒྱས་ཐམས་ཅད་དེ། །གང་དུ་སྐྱེ་བ་ཞེས་བྱར་གྲགས། །ཤིན་ཏུ་རྣམ་དག་ཡེ་ཤེས་ཆེ། །ལྷ་མོ་ཀུན་གྱི་རང་བཞིན་གང་། །རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། །མཆོག་ཏུ་བདེ་བར་བརྗོད་པ་ཡིན། །རང་བྱུང་གི་ནི་གཟུགས་འདི་ཉིད། །སྤྲོ་དང་བསྡུད་པར་བྱེད་པའོ། །ཡི་གེ་མ་ཉ་ལ་སོགས་བསྔགས། །དེར་ནི་ཆ་དང་བྲལ་བ་གང་། །བྷ་གའི་དབུས་སུ་གཟུགས་མེད་པ། །དེ་ནི་རྟག་ཏུ་གནས་པ་ཡིན། །སྨིན་དབུས་པདྨའི་ཟླ་བ་རུ། །བཅུ་དྲུག་སྐུད་པས་བསྐོར་བ་ཡིན། །ཤེས་རབ་ཐབས་ཀྱི་མཉམ་སྦྱོར་གྱིས། །ཁ་སྦྱོར་ཞེས་བྱར་བརྗོད་པ་ཡིན། །ལག་གཉིས་ཀུན་ཏུ་འཁྱུད་པ་ནི། །རྡོ་རྗེ་ལུ་གུ་རྒྱུད་ཅེས་བརྗོད། །སླར་ཡང་རྣམ་པར་གྲོལ་བའི་ལམ། །འབབ་པའི་ཚོགས་ནི་མཆོག་ཏུ་དགའ། །སྦྱོར་བ་ཁ་སྦྱོར་ཉིད་དང་ནི། །རྡོ་རྗེ་ལུ་གུ་རྒྱུད་དུ་བཞེད། །རྡོ་རྗེ་པདྨ་དབྱེ་བ་དང་། །སྒྲོ་ཆུན་སྦྲང་རྩི་དབྱེ་བར་བཤད། །བསྒོར་བ་གང་ཕྱིར་སྤྱོད་པ་སྟེ། །དེ་ཡི་ཐབས་ཀྱིས་ཀུན་རིག་པའོ། །དགའ་དང་བདེ་བའི་རང་བཞིན་གྱིས། །ཞགས་པ་པདྨར་བཅུད་པ་ཡིན། །ཆགས་པ་ལྕགས་ཀྱུ་ཁོ་ནས་ཏེ། །དེ་བཞིན་གཤེགས་པ་ཐམས་ཅད་དགུག །མི་འཁྲུག་རྡོ་རྗེས་བཀྲུག་པར་བགྱི། །དེ་ནི་གསལ་ཤིང་ཞེས་བྱར་བརྗོད། །དེ་ནས་ཆགས་སོགས་ཉོན་མོངས་ཀྱི། །བག་ཆགས་དུམ་བུ་ཉིད་དུ་བྱ། །

(༣༠༡)ཤིན་ཏུ་རྒྱ་ཆེན་དམིགས་པ་ཡི། །ཀུན་རྫོབ་དེ་བཞིན་བརྡུང་པ་དང་། །དངོས་ཀུན་རྡོ་རྗེས་མིད་པར་བྱ། །རྡོ་རྗེ་ཞེས་བྱ་དེ་བཞིན་གཤེགས། །ཇི་ལྟར་བསྟན་འགྱུར་དེ་དབུས་སུ། །རྟག་སྟོང་འབྱིན་དང་སྡུད་པའོ། །དེ་ནི་དེ་ཉིད་ཅེས་བྱ་སྟེ། །རང་བྱུང་གཅིག་གིས་ཁྱབ་པའོ། །གང་མིང་སངས་རྒྱས་ཐམས་ཅད་ཀྱི། །སྒྱུ་ལ་ཞེས་བྱར་གྲགས་པས་སྟེ། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་གནས་པའོ། །འདི་ནི་ཀུན་མཁྱེན་ཞེས་བྱ་སྟེ། །ཀུན་ཏུ་འགྲོ་བ་མི་ཤིགས་པའོ། །པདྨ་ཡི་ནི་སྣ་རྩེ་རུ། །རྒྱུ་དང་མི་རྒྱུ་ཀུན་བསྒོམ་བྱ། །ཕྱི་རོལ་ཡི་གེ་བཅིངས་ནས་སུ། །ཡིད་ཀྱི་བཟླས་དང་ལྡན་པར་བྱ། །ངེས་པའི་གོ་འཕང་རྟག་ཏུ་གནས། །བརྟན་པ་ཆོས་དབྱིངས་རང་བཞིན་ནོ། །རྟག་ཏུ་ཕྲ་བ་རྡུལ་མེད་པ། ཡེ་ཤེས་སྐུ་སྟེ་དྲི་མ་མེད། །གསལ་བའི་ཆོས་ནི་རང་བཞིན་ཤེས། །མྱ་ངན་འདས་པ་འབའ་ཞིག་ཡུལ་ཕན་ཚུན་འདུད་པའི་གསང་སྔགས་ནི། བྱེ་བྲག་ཏུ་ནི་ཕྱེ་ནས་སུ། །ས་བོན་ཕྲེང་བ་དེ་ནས་བསྒོམ། །ཧཱུྃ་གི་སྐུད་པ་རྒྱུ་བར་བྱ། །བསྒྲུབ་བྱ་འགོག་པར་གྱུར་ན་ནི། །གོམ་པ་གཉིས་ཀྱང་མི་འགྲོ་འོ། །འདི་ཡི་ཤེས་རབ་ལྷན་སྐྱེས་ཏེ། །དེ་ཡི་གཟུགས་སུ་གྱུར་པས་གནས། །ལས་ཀྱི་རླུང་ནི་བསྐྱོད་ནས་སུ། །ལྟེ་བའི་དཀྱིལ་འཁོར་འདི་ནས་འབར། །སྒྱུ་མ་ཆེན་པོ་ཞེས་བྱར་བཤད། །ལས་རྣམས་ཐམས་ཅད་བསྒྲུབ་པའོ། །སྐྲ་རྩེ་བརྒྱར་གྱུར་པ་ཡི་ཚེ། །སྐད་ཅིག་གློག་གི་འོད་ཟེར་ཅན། །ལྷ་ཡི་རྣལ་འབྱོར་དུས་སུ་ནི། །བ་སྤུ་རྣམས་ཀྱི་བུ་ག་ནས། །ཕྱོགས་བཅུ་རྣམས་སུ་སྤྲོས་ནས་ནི། །ལྷ་དང་ལྷ་མིན་ཀུན་བསྡིགས་ནས། །སྙིང་གའི་

(༣༠༢)ཆོས་ཀྱི་འཁོར་ལོ་ནི། །བསྲེགས་ཏེ་ལོངས་སྤྱོད་འཁོར་ལོར་སོང་། །སྣ་བུག་གཡས་ནས་བྱུང་ནས་ནི། །སླར་ཡང་ཞུགས་ཏེ་སྨིན་མཚམས་ཀྱི། །མཛད་སྤུའི་ཁུང་ནས་བྱུང་ནས་སུ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི། །སྣ་བུག་གཡོན་དུ་ཞུགས་ནས་ནི། །སྤྱི་བོའི་འཁོར་ལོར་བསྲེགས་ནས་སུ། །སྔོན་གྱི་ལམ་ནས་སླར་བྱུང་སྟེ། །སླར་ཡང་སྤྱི་གཙུག་ཏུ་ནི་གཞུག །བསྲེགས་པར་གྱུར་པའི་སངས་རྒྱས་རྣམས། །དགའ་བ་བསྐྱེད་ནས་ལྟ་བ་ཡི། །དཀྱིལ་འཁོར་དུ་ནི་སོང་གྱུར་ནས། །སྔོན་བཞིན་དུ་ནི་གནས་པར་འགྱུར། །དུས་མིན་འཆི་བ་ལས་རྒྱལ་ཉིད། ཡན་ལག་ཁ་ཊྭཾ་ག་དང་སྦྱར། །ཐོད་པའི་མཆོད་ཡོན་སྣོད་དུ་ནི། །ཞལ་དུ་མཆོད་ཡོན་ངེས་སྦྱར་ཞེས། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་དང་རྒྱུད་ཀྱི་ཕྱི་མ་རྣམས། །ཐབས་རྒྱུད་དང་ནི་ཤེས་རབ་རྒྱུད། །ལྷན་སྐྱེས་གཉིས་སུ་མེད་པའི་རྒྱུད། །བཀའ་ཉན་རྒྱུད་དང་ལས་མཁན་རྒྱུད། །རྣལ་འབྱོར་ཆེན་པོ་གསར་མ་ལས། །རྒྱུད་སྡེ་གྲངས་མེད་གསུངས་ལགས་ཀྱང་། གནས་ལུགས་བཞི་ཡི་རྒྱུད་དང་ནི། །ཐབས་དང་ཤེས་རབ་ལམ་གྱི་རྒྱུད། །འབྲས་བུ་སྐུ་གསུམ་རྫོགས་པའི་རྒྱུད། གསུངས་ཀྱང་གཅིག་ཏུ་འདུས་པའོ། །དེའི་ཕྱིར་ན། །རྡོ་རྗེ་རིགས་ཀྱི་གནས་ལུགས་བཞིའི་དཀྱིལ་འཁོར་དུ། །རྩ་གསུམ་འཁོར་ལོ་ལྔ་ཡི་ཕོ་བྲང་དུ། །སྤྱི་བོར་ཧམ་སྟེ་གསང་གནས་ཨམ། །ཐབས་དང་ཤེས་རབ་ཐམས་ཅད་ཀྱི། །ས་བོན་ཀུན་གྱི་རྩ་བ་ཡིན། །གསང་གནས་རྡོ་རྗེའི་

(༣༠༣)འཁོར་ལོ་ལ། །རྟོགས་ན་དོན་ཡོད་གྲུབ་པ་སྟེ། །མ་རྟོགས་ཕྲག་དོག་ས་བོན་གནས། །ལྟེ་བ་སྤྲུལ་པའི་འཁོར་ལོ་ལ། །རྟོགས་ན་རིན་འབྱུང་ས་བོན་ཏེ། །མ་རྟོགས་ང་རྒྱལ་ཉིད་དུ་གནས། །སྙིང་ག་ཆོས་ཀྱི་འཁོར་ལོ་ན། །རྟོགས་ན་རྡོ་རྗེ་སེམས་དཔའ་སྟེ། །མ་རྟོགས་ཞེ་སྡང་ས་བོན་ཡིན། །མགྲིན་པ་ལོངས་སྤྱོད་འཁོར་ལོ་རུ། །རྟོགས་ན་སྣང་བ་མཐའ་ཡས་ཏེ། །མ་རྟོགས་འདོད་ཆགས་ས་བོན་ཡིན། །སྤྱི་བོ་བདེ་ཆེན་འཁོར་ལོ་ནི། །རྟོགས་ན་རྣམ་པར་སྣང་མཛད་དེ། །མ་རྟོགས་གཏི་མུག་ས་བོན་ཡིན། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །ཀླད་པ་ཀླད་རྒྱ་རུས་པ་རྐང་། །ཁྲག་དང་ཆུ་སེར་ཤ་དང་ནི། །པགས་པ་བ་སྤུ་སོ་དང་ནི། །སེན་མོ་ཡན་ལག་དབང་པོ་ལྔ། །མ་རྟོགས་འཇིགས་ཚོགས་ཕུང་པོ་ལྔ། །ཁམས་ཀྱིས་བསྐྱེད་པའི་ལུས་སེམས་ཟིན། །ཟབ་མོ་གནད་ཀྱི་མན་ངག་གིས། །རྩ་གསུམ་འཁོར་ལོ་ལྔ་ཡི་གནས། །སྲོག་རྩོལ་གནད་ཀྱི་འཁོར་ལོ་བསྐོར། །སྐལ་ལྡན་སྐད་ཅིག་དེ་ཉིད་ལས། །རླུང་སེམས་འདུས་པའི་སྔ་ལྟས་ཀྱིས། །རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་དང་། །རིགས་ལྔའི་ཞིང་ཁམས་མཐོང་སྙམ་བྱེད། །རྟགས་དང་ཡོན་ཏན་སྣ་ཚོགས་རྣམས། །རང་གི་ལུས་ངག་ཡིད་གསུམ་ལ། །གནས་ཆེན་ཉི་ཤུ་རྩ་བཞི་ཡི། །གྲངས་ཅན་དང་ནི་གྲངས་མེད་ཀྱི། །དཔའ་བོ་མཁའ་འགྲོའི་ཚོགས་བཅས་ཀྱི། །དཀྱིལ་འཁོར་ཐམས་ཅད་རང་ལ་རྫོགས། །ཉམས་སྣང་མཐོང་སྣང་དུ་མ་བྱུང་། །རླུང་སེམས་འདུས་པའི་སྔ་ལྟས་ཡིན། །རྣལ་འབྱོར་ཆེན་པོའི་བཞེད་previous hit དགོངས་ཀྱིས། །ཆོས་དབྱིངས་རབ་འབྱམ་མཐའ་ཡས་ next hit། །དཀྱིལ་འཁོར་ཆེན་པོར་

(༣༠༤)ལྷུན་གྱིས་གྲུབ། །ཁམས་གསུམ་ལུས་ངག་ཡིད་གསུམ་དེ། །གདོད་ནས་སངས་རྒྱས་སྐུ་གསུང་ཐུགས། །རང་གི་རྩ་གསུམ་འཁོར་ལོ་ལྔ། །གདོད་ནས་རྒྱལ་བའི་དཀྱིལ་འཁོར་ལྔ། །འཁོར་ལོ་བདེ་མཆོག་རིགས་བསྡུས་ཀྱི། །དཀྱིལ་འཁོར་ལྔ་རུ་ཡོངས་སུ་རྫོགས། །ཟབ་མོ་གནད་ཀྱི་རྟེན་འབྲེལ་གྱིས། །རླུང་སེམས་གཉིས་ལ་དབང་ཐོབ་ནས། །འཁོར་ལོ་བདེ་མཆོག་རིགས་བསྡུས་ཀྱི། །དཀྱིལ་འཁོར་ལྔ་པོ་རང་ལ་རྫོགས། །གཞན་ནས་ཐོབ་པ་མ་ཡིན་ཏེ། །རང་ས་ཟིན་ཅིང་རང་དབང་ཐོབ། །རྣལ་འབྱོར་རྒྱུད་ཀྱི་འབྲས་བུ་སྟེ། །དབང་པོ་ཡང་རབ་ཚེ་གཅིག་གིས། །དེ་འདྲའི་ཡོན་ཏན་རྫོགས་པར་འགྱུར། །རྡོ་རྗེའི་ཚིག་ཏུ་སྦས་པ་རྣམས། །སྔགས་འཆང་རྣལ་འབྱོར་རྡོ་རྗ་ཡིས། །སྒྲ་དོན་སོ་སོར་འབྱེད་པའོ། །ཟབ་མོ་སྔགས་ཀྱི་དཀྱིལ་འཁོར་དེ། །རྒྱུ་ལ་འབྲས་བུར་ངོ་སྤྲོད་པ། །ནཱ་རོ་བརྒྱུད་པའི་ཁྱད་ཆོས་ཏེ། །དབང་པོ་ཡང་རབ་སྐྱེས་བུ་རྣམས། །ཨེ་ཝཾ་བཞི་ཡི་དཀྱིལ་འཁོར་དུ། །རླུང་སེམས་གཉིས་ལ་དབང་ཐོབ་ན། །རིགས་ལྔ་སྐུ་ལྔ་རང་ཉིད་ཡིན། །སྲོག་རྩོལ་གནད་དུ་བསྣུན་ཅིག་སྐལ་ལྡན་ཀུན། །སྟོན་པ་ལྔ་ཡི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། །ཁྱད་པར་དུ་གསང་སྔགས་གསར་མའི་རྣལ་འབྱོར་བླ་ན་མེད་པའི་ཐེག་པ་ལས། གནས་ཉི་ཤུ་རྩ་བཞི་ས་བླ་ས་འོག་ས་སྟེང་གསུམ་གྱི་དཀྱིལ་འཁོར་གཅིག་ཏུ་བསྡུས་པ། གཙོ་བོ་ཧེ་རུ་ཀ་ཡབ་ཡུམ་བདེ་བ་ཆེན་པོའི་འཁོར་གྱིས་བསྐོར་བ་དང་། སྐུའི་འཁོར་ལོ་གསུང་གི་འཁོར་ལོ་ཐུགས་ཀྱི་འཁོར་ལོ་དམ་ཚིག་གི་འཁོར་ལོ་རང་ལ་རྫོགས་པའོ། །ཟབ་མོ་གནད་ཀྱི་འཁོར་ལོ་བསྐོར་བས་དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་ཐམས་ཅད་རང་ཉིད་ཡིན་ཞིང་། དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོར་ད་ལྟ་ཉིད་དུ་འགྱུར་བའི་བར་སྐབས་བསྟན་པའོ། །

(༣༠༥)སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། །ཁྱད་པར་དུ་རྣལ་འབྱོར་བླ་ན་མེད་པ་གསར་མའི་ཐེག་པ་ཐབས་དང་ཤེས་རབ་རྒྱ་མཚོ་མཐའ་ཡས་ལས། ཕྱི་རླུང་སེམས་ཀྱི་འཁོར་ལོ་དང་། ནང་རླུང་སེམས་ཀྱི་འཁོར་ལོ་དང་། གསང་བའི་རླུང་སེམས་དུས་ཀྱི་འཁོར་ལོ་དང་། དེ་ཁོ་ན་ཉིད་ཀྱི་རླུང་སེམས་མཁའ་འགྲོ་དུས་ཀྱི་འཁོར་ལོའོ། །ཕྱི་དུས་ཀྱི་འཁོར་ལོ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་འབྱུང་བ་ལྔ་ལས་ཆགས་ཤིང་། འཇིག་པ་དང་སྟོངས་པ་དང་གནས་པ་དང་ཡང་སྐད་ཅིག་ཀྱང་མི་རྟག་ཅིང་མི་བརྟན་ལ། ཆགས་འཇིག་གནས་པ་གསུམ་གྱི་བྱ་བ་རྒྱུན་ཆད་མེད་པར་བསྒྲུབ་པའི་ཕྱིར་ན། དུས་དང་དུས་ཀྱི་འཁོར་ལོ་སྟེ། བརྟེན་པ་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲིབས་ནས། དངོས་པོ་གཤིས་ཀྱི་གནས་ལུགས་ངོ་བོ་གཅིག་གཤིས་ལྔ་ལྡན་དུ་གནས་པ། མ་རྟོགས་ན་གཟུང་འཛིན་གཉིས་ཀྱིས་གཙོ་བྱས་ཤིང་། འཁྲུལ་པ་དཀར་ནག་ཁྲ་གསུམ་གྱི་དབང་གིས།འཁྲུལ་པ་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་ཡིས་ལས་སྣ་ཚོགས་བསྒྲུབས་ནས། འགྲོ་བ་རིགས་དྲུག་གི་གྲོང་ཁྱེར་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་ཀྱི་དུས་དང་དུས་ཀྱི་འཁོར་ལོ། །རྒྱུན་ཆད་མེད་པར་བསྒྲུབ་ཅིང་། སྐྱེ་རྒས་ན་འཆིའི་ཆུ་བོ་བཞི་ལས་མི་འདའ་བའི་ཕྱིར་ན། ལས་ཀྱི་རླུང་དང་མ་རིག་པའི་སེམས་གཉིས་ལྷན་ཅིག་སྐྱེས་ནས། ཤིང་རྟའི་འཁོར་ལོ་བཞིན་དུ་ཚེ་རིང་ཐུང་དང་གནས་ལ་མཐོ་དམན་དང་། བསོད་ནམས་ཆེ་ཆུང་དང་དབང་དང་སྟོབས་གཟི་

(༣༠༦)བརྗིད་ཆེ་ཆུང་འབྲིང་གསུམ་རྒྱུན་མི་འཆད་པར་བསྒྲུབ་པ་སྟེ། དེ་ལ་ལས་ཀྱི་རླུང་ཐ་མལ་པ་འཁྲུལ་པ་རང་ཀ་མ་ལས། ཕྱིའི་འབྱུང་བ་ལྔ་ཉི་མ་དང་ཟླ་བ། གཟའ་དང་སྐར་མ། ཉིན་མོ་དང་མཚན་མོ། ལོ་སྐོར་བཅུ་གཉིས། ཟླ་བ་བཅུ་གཉིས་ཁམས་བཅོ་བརྒྱད་དུ་རྩི་ན། འཇིག་རྟེན་འདིའི་ཀུན་རྫོབ་འཁྲུལ་པའི་དུས་སུ་ཡང་ལས་དགེ་སྡིག་བྱ་བ་སྣ་ཚོགས་བཟང་ངན་འབྱུང་བ་སྟེ། རླུང་སེམས་འབྱུང་པ་ལོ་དང་ཟླ་བ་གཟའ་སྐར་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་སོགས་པའི་རྟེན་འབྲེལ་འགྲིག་པ་དང་། མ་འགྲིག་པའི་དུས་དང་དུས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པའོ། །དེའི་ཕྱིར་ན། ཕྱི་རོལ་མུ་སྟེགས་ལས་ཀྱང་འདི་རྣམས་ལ་མུ་སྟེགས་ཀྱི་སྟོན་པ་དྲུག་གི་བཞེད་ཀྱིས། རྩི་ལུགས་བཞེད་ལུགས་སྣ་ཚོགས་པ་ཡོད་པ་ཡིན།ནང་པ་སངས་རྒྱས་པའི་བཞེད་ཀྱིས། སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ་ལ་ཡང་རྟེན་འབྲེལ་བཅུ་གཉིས་ཀྱི་རྩི་ལུགས་མང་དུ་ཡོད་པ་སྟེ། འདིས་ཀྱང་ཀུན་རྫོབ་བདེན་པ་གྲུབ་སྟེ། དོན་དམ་པའི་བདེན་པ་ལས་རིང་དུ་གྱུར་པའོ། །དེའི་ཕྱིར་ན་ཆོས་སྐུའི་བསྟན་པ་རྣལ་འབྱོར་གསར་མའི་དབང་དུ་བྱས་ན། སྣང་སྲིད་འཁོར་འདས་ཀྱི་དཀྱིལ་འཁོར་ཐམས་ཅད་རྡོ་རྗེ་མཁའ་འགྲོ་ཐབས་དང་ཤེས་རབ་མཉམ་པར་སྦྱོར། མཁའ་འགྲོ་སྡེ་ལྔས་མ་ཁྱབ་པ་གང་ཡང་མེད་པའི་ཕྱིར་ན། རྩ་རླུང་བྱང་ཆུབ་ཀྱི་སེམས། སེམས་ཉིད་ཀྱི་གཤིས། ལུས་སེམས་གཉིས་ཀྱི་དཀྱིལ་འཁོར་འདི་ལ། དཔའ་བོ་མཁའ་འགྲོ་ཡབ་ཡུམ་བཅུ་འཁོར་ལོ་དང་བཅས་པས་མ་ཁྱབ་པ་མེད་པའི་ཕྱིར་ན། དཀྱིལ་འཁོར་འདི་རྣམས་

(༣༠༧)ཀྱི་རླུང་སེམས་འདུས་ཚུལ་གྱི་བྱེ་བྲག་སྣ་ཚོགས་པ་སྟེ། དེ་ཡང་མདོར་བསྡུ་ན་བཞི་ཡིན། ཕྱི་མཁའ་འགྲོ་རྒྱ་མཚོ། ནང་གསང་བ་དེ་ཁོ་ན་ཉིད་རྒྱ་མཚོ་སྟེ། དེ་ཡང་གཉིས་སུ་འདུས་ཏེ། རླུང་སེམས་གཉིས་ལེགས་པར་འདུས་པ་དང་། ལོག་པར་འདུས་པ། ལོག་པར་འདུས་པ་དང་། ལུང་མ་བསྟན་དུ་འདུས་པ་དང་། དགྲ་གཤེད་དུ་འདུས་པ་ཡིས་ཚེ་རིང་ཐུང་བསོད་ནམས་ཆེ་ཆུང་དང་། འཁོར་དང་ལོངས་སྤྱོད་དང་དབང་ཐང་བཟང་པོ་ཕུན་སུམ་ཚོགས་པ་དང་། ངན་པའི་ཚོགས་ཀྱིས་བསྐོར་བ་དང་། ལེགས་པ་དང་། ཡོན་ཏན་ཐམས་ཅད་འཐོར་ཞིང་ཉེས་པའི་སྐྱོན་དང་། ནད་དང་གནོད་པ་རྐྱེན་དང་བར་ཆོད། བགེགས་དང་ལོག་འདྲེན་ཐམས་ཅད་ཀྱིས་དུས་རྒྱུན་ཆད་མེད་པར་སྡུག་བསྔལ་བ་དང་། སྙན་པས་ནམ་མཁའ་བཞིན་དུ་ཁྱབ་པ་དང་། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་ལེགས་པ་བརྗོད་ཅིང་འཁོར་བཟང་ལོངས་སྤྱོད་སྤྲིན་ལྟར་དུ་འདུ་བ་ལ་སོགས་ཏེ། བཟང་ངན་འབྲིང་གསུམ་གྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྐྱོན་དང་། ཡོན་ཏན་ཅི་བྱུང་ན་ཡང་། རླུང་སེམས་རྟེན་འབྲེལ་འགྲིག་པ་དང་མ་འགྲིག་པའི་རྒྱུ་འབྲས་སོ། །དེའི་ཕྱིར་ན་རང་བཞིན་གྱིས་གནས་པའི་ཨཱ་ལི་བཅུ་དྲུག་ཀཱ་ལི་སུམ་བཅུ་སོ་གཉིས་སྟེ། དེས་བསྐྱེད་པའི་རྟོགས་མ་རྟོགས་གཉིས་ལས་འཁོར་བའི་ཨཱ་ལི་ཀཱ་ལི་དང་། འཁོར་འདས་གཉིས་ལ་ཨཱ་ལི་ཀཱ་ལིས་མ་ཁྱབ་པ་གང་ཡང་མེད། ཐབས་ཀྱི་ཀཱ་ལི་དང་། ཤེས་རབ་ཀྱི་ཨཱ་ལི་སྟེ། འདི་གཉིས་སྦྱོར་བ་ལས་འཁོར་འདས་གཉིས་ཀྱི་དཀྱིལ་འཁོར་འབྱུང་བའོ། །དེའི་ཕྱིར་ན་དགྲ་གཤེད་ཀྱི་ཨཱ་ལི་ཀཱ་ལི་དང་། མཛའ་

(༣༠༨)མཐུན་གྱི་ཨཱ་ལི་ཀཱ་ལི་སྟེ། དེའི་ཕྱིར་ན་སྐྱེད་པ་ཡང་ཨཱ་ལི་ཀཱ་ལི། འཇིག་པ་ཡང་ཨཱ་ལི་ཀཱ་ལི། གནས་པ་ཡང་ཨཱ་ལི་ཀཱ་ལི། འཆི་བ་ཡང་ཨཱ་ལི་ཀཱ་ལི། ནད་རིགས་བཞི་བརྒྱ་རྩ་བཞི། བགེགས་རིགས་སྟོང་ཕྲག་བརྒྱད་བཅུ་རྩ་བཞི། རྐྱེན་ཉི་ཁྲི་ཆིག་སྟོང་ཡང་ཨཱ་ལི་ཀཱ་ལི། སྟེང་རླུང་སེམས་ལོག་པར་འདུས་པའི་རྒྱུ་འབྲས་ཏེ། དེའི་ཕྱིར་ན་འདིར་གསང་སྔགས་ཀྱི་བཞེད་ཀྱིས་དཔའ་བོ་མཁའ་འགྲོའི་དཀྱིལ་འཁོར་གྲངས་ཅན་དང་གྲངས་མེད་ཨཱ་ལི་ཀཱ་ལི་གཏན་ལ་ཕབ་པ་སྟེ། གསང་བ་འདུས་པའི་རྒྱུད་ལས། རླུང་ཞེས་བྱ་བ་ལས་ཀུན་བྱེད། བྱ་བ་གསུངས་པའི་ཕྱིར་ན། རླུང་སེམས་ཀྱི་འདུས་ཚུལ་ལས། འཁོར་འདས་གཉིས་ཀྱི་དཀྱིལ་འཁོར་དུ། དུས་དང་དུས་ཀྱི་འཁོར་ལོ་གྲངས་མེད་པ་གསུངས་ཀྱང་། འདི་རུ་མི་སྤྲོ་སྟེ། ཁྱད་པར་དུ་འཛམ་བུ་གླིང་པའི་མི་རྣམས་ཀྱི་རླུང་སེམས་ཀྱི་འདུས་ཚུལ་གཙོ་ཆེར་སྟོན་པ་སྟེ། གང་ཟག་གཅིག་ལ་ཡང་ཉིན་ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུད་དེ། དེ་ལ་དབྱུག་གུ་དང་། ཆུ་ཚོད་དང་། སྐད་ཅིག་མར་བརྩིས་ནས་ཉིན་ཞག་གཅིག་ལ་ཡང་ཐུན་བརྒྱད། དེ་རེ་རེ་ལ་ཡང་བཞི་བཞིར་དབྱེ་སྟེ། བཅུ་དྲུག་ཏུ་འབྱེད་པའོ། །དེ་ལ་ཟླ་བ་བཅུ་གཉིས། དེ་ཡང་ཟླ་བ་ཕོ་དྲུག་དང་མོ་དྲུག་སྟེ། སྲིད་པ་འཆར་ཚུལ་ཕྱི་རོལ་པའི་དབང་དུ་བྱས་ན། ལོ་སྐོར་བཅུ་གཉིས། ཟླ་བ་བཅུ་གཉིས། ཞག་གསུམ་བརྒྱ་དྲུག་བཅུ་ལ་སོགས་པར་གཏན་ལ་ཕབ་བོ། །དེ་ཡང་གསང་སྔགས་ལྟར་ན། དཔའ་བོ་དྲུག་མཁའ་འགྲོ་དྲུག་ཡིན་ནོ། །དེ་ལྟར་བརྩིས་པས་ཟླ་བ་གཅིག་ལ་ཞག་སུམ་བཅུ། ཟླ་བ་བཅུ་གཉིས་ལ་ཞག་སུམ་བརྒྱ་དྲུག་བཅུ་སྟེ། དེ་ཡང་ལོ་གཅིག་ཏུ་བཞེད་པ་ལ། གསང་

(༣༠༩)སྔགས་ཀྱི་བཞེད་ཀྱིས། ཐབས་དང་ཤེས་རབ་དབྱེར་མེད་པ་རྩ་བའི་དཀྱིལ་འཁོར་དུ་བཞེད་པ་ཡིན། ལོ་བཅུ་གཉིས་ལ་ལོ་སྐོར་གཅིག་ཏུ་འདོད་པ་སྟེ། དེ་ཡང་གསང་སྔགས་གསར་མའི་བཞེད་ཀྱིས། དཔའ་བོ་མཁའ་འགྲོ་བཅུ་གཉིས་ཀྱི་དཀྱིལ་འཁོར་གྱིས་མ་ཁྱབ་པ་མེད་པ་སྟེ། དེའི་དཀྱིལ་འཁོར་དུ་གཟའ་དང་སྐར་མ་ཉི་མ་དང་ཟླ་བ་འབྱུང་བ་ལྔ་དུས་དང་དུས་མིན་ཐམས་ཅད་དུ་རྒྱུ་ཞིང་འཁོར་བ་སྟེ། འདི་རྣམས་ཀྱི་རྒྱུ་ལྡོག་རྟེན་འབྲེལ་འགྲིག་པ་དང་མ་འགྲིག་པ་ལས། འཇིག་རྟེན་སྤྱི་ཁྱབ་དང་གང་ཟག་སྒོས་བཙན་གྱི་སྐྱོན་དང་ཡོན་ཏན་ལེགས་ཉེས་སྣ་ཚོགས་འབྱུང་བར་བཞེད་པ་སྟེ། གསང་སྔགས་རྡོ་རྗེ་མཁའ་འགྲོའི་བཞེད་ཀྱིས་ཐམས་ཅད་དཔའ་བོ་མཁའ་འགྲོ་རླུང་སེམས་གཉིས་ཀྱི་དཀྱིལ་འཁོར་དུ། མཁའ་འགྲོའི་ཚོགས་རྟེན་འབྲེལ་འགྲིག་པ་དང་མ་འགྲིག་པ་ལས། འཇིག་རྟེན་འདི་དང་ཕྱི་མ་དང་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་མ་ཐོབ་སྐྱོན་ཡོན་སྣ་ཚོགས་འབྱུང་བའི་ཕྱིར་ན། རྣལ་འབྱོར་བླ་མེད་རྡོ་རྗེ་མཁའ་འགྲོ་རྒྱུད་ཀྱི་previous hit དགོངས next hit་དང་། མཁས་ལ་གྲུབ་པ་ཐོབ་པའི་གྲུབ་ཐོབ་བརྒྱུད་པའི་གདམ་ངག་དང་། རང་གི་ལུས་རླུང་སེམས་གཉིས་ཀྱི་དཀྱིལ་འཁོར་དུ་སྲོག་རྩལ་གནད་ཀྱི་མན་ངག་གིས་རླུང་སེམས་གཉིས་ལ་དབང་ན། སྣང་སྲིད་དུས་ཀྱི་འཁོར་ལོར་ཤར། མཁའ་འགྲོ་རྒྱ་མཚོའི་སྒྲ་དོན་རྣམས། ཕྱོགས་མེད་སྒྲ་དོན་ཐུན་མོང་དང་མཆོག་གི་འཁོར་ལོར་ངོ་སྤྲོད་ཅིང་འཆད་ཀྱིས། ནཱ་རོ་བརྒྱུད་པའི་རླུང་སེམས་གཉིས་ཀྱི་དཀྱིལ་འཁོར་དུ་མཁའ་འགྲོ་སྡེ་ལྔ། ཨཱ་ལི་ཀ་ལའི་སྒྲ་དང་དོན་ཤེས་པར་འདོད་པ་ཐམས་ཅད་ལེགས་པར་ཉོན་ཅིག་ཚེ་དང་ནད་མེད་སྤེལ་བ་དང་། བྱ་དང་བྱ་མིན་སྦྱོར་བའི་

(༣༡༠)མཆོག །རླུང་གི་ལས་ལ་སོགས་མཚན་ཉིད། །ཉི་ཁྲི་དང་ནི་ཆིག་སྟོང་དང་། །དྲུག་བརྒྱ་རུ་ནི་བརྩིས་པ་རུ། །ཆུ་ཚོད་དྲུག་བཅུའི་རླུང་རྣམས་ཀྱིས། །ཉིན་མཚན་ལོ་རུ་གྲགས་པ་ཡིན། །འབྱུང་དང་འབྱུང་བའི་རླུང་དག་ལས། །འབྱུང་བའི་མཚན་མས་བགྲང་བར་བྱ། །སློ་དང་ལྡན་པས་རླུང་གཉིས་ལས། །འཇུག་པ་འབྱུང་ལ་ཐིམ་པར་བྱ། །གནས་ནི་བཅུ་གཉིས་དག་ཏུ་ཡང་། །ཕྱི་རོལ་མཚན་མ་བཞག་པར་བྱ། །ཚེས་གྲངས་བྱེ་བྲག་གསུངས་པ་བཞིན། །དབྱངས་ཀྱི་བྱེ་བྲག་ཤེས་པར་བྱ། །གཟའ་རྣམས་ཀྱི་ནི་བྱེ་བྲག་དང་། །སྐར་མ་རྣམས་ཀྱི་རྒྱུ་བ་ལས། །དུག་དུས་ལ་སོགས་གཞན་དང་གཞན། །རིམ་པ་འདི་ཡིས་བརྗོད་པར་བྱ། །དཔྱིད་ཟླ་ར་བ་ནས་བརྩམ་ཏེ། །ཉི་མ་བྱང་དུ་འགྲོ་བའི་དུས། །ཟླ་བ་བཅུ་གཉིས་པོ་རྣམས་ནི། །རིམ་ནི་རིམ་པ་བཞིན་དུ་གཞག །ཤར་གྱི་ཕྱོགས་ནས་བརྩམ་ནས་སུ། །སྔ་དྲོ་མཁས་པས་བརྩི་བར་བྱ། །ཚེས་གྲངས་གསུམ་དང་བཅུ་གསུམ་དང་། །བཞི་དང་དེ་བཞིན་བཅུ་བཞི་ལ། །ལྔ་པ་དང་ནི་བཅོ་ལྔ་པ། །མཚུངས་པ་ཉིད་དུ་སྦྱར་བས་བྱ། །འདི་ལྟ་ལྟེ་དང་པོ་ནི་འཕེལ་བའོ། །གཉིས་པ་ནི་གཏི་མུག་གོ། །གསུམ་པ་ནི་བཟང་པོའོ། །བཞི་པ་ནི་ཁྱུང་མཆོག་གོ། །ལྔ་པ་ནི་རུས་སྦལ་ལོ། །དྲུག་པ་ནི་ཆུ་སྲིན་ནོ། །བདུན་པ་ནི་ཡུགས་པ་མའོ། །བརྒྱད་པ་ནི་རྨེ་བའོ། །དགུ་པ་ནི་འབུགས་པའོ། །བཅུ་པ་ནི་འཕྱོ་བའོ། །བཅུ་གཅིག་པ་ནི་རྨི་ལམ་མོ། །

(༣༡༡)བཅུ་གཉིས་པ་ནི་སའི་དབང་ཕྱུག་གོ། །དང་པོ་ནི་སའི་དབང་ཕྱུག་གོ། །གཉིས་པ་ནི་འཕེལ་བའོ། །གསུམ་པ་ནི་གཏི་མུག་གོ། །བཞི་པ་ནི་བཟང་པོའོ། །ལྔ་པ་ནི་ཁྱུ་མཆོག་གོ། །དྲུག་པ་ནི་རུས་སྦལ་ལོ། །བདུན་པ་ནི་ཆུ་སྲིན་ནོ། །བརྒྱད་པ་ནི་ཡུགས་ས་མའོ། །དགུ་པ་ནི་སྨེ་བའོ། །བཅུ་པ་ནི་འབུགས་པའོ། །བཅུ་གཅིག་པ་ནི་འཕྱོ་བའོ། །བཅུ་གཉིས་པ་ནི་རྨི་ལམ་མོ། །དང་པོ་ནི་རྨི་ལམ་མོ། །གཉིས་པ་ནི་སའི་དབང་ཕྱུག་གོ། །གསུམ་པ་ནི་འཕེལ་བའོ། །བཞི་པ་ནི་གཏི་མུག་གོ། །ལྔ་པ་ནི་བཟང་པོའོ། །དྲུག་པ་ནི་ཁྱུ་མཆོག་གོ། །བདུན་པ་ནི་རུས་སྦལ་ལོ། །བརྒྱད་པ་ནི་ཆུ་སྲིན་ནོ། །དགུ་པ་ནི་ཡུགས་ས་མའོ། །བཅུ་པ་ནི་སྨེ་བའོ། །བཅུ་གཅིག་པ་ནི་འབུགས་པའོ། །བཅུ་གཉིས་པ་ནི་འཕྱོ་བའོ། །དང་པོ་ནི་འཕྱོ་བའོ། །གཉིས་པ་ནི་རྨི་ལམ་མོ། །གསུམ་པ་ནི་སའི་དབང་ཕྱུག་གོ། །བཞི་པ་ནི་འཕེལ་བའོ། །ལྔ་པ་ནི་གཏི་མུག་གོ། །དྲུག་པ་ནི་བཟང་པོའོ། །བདུན་པ་ནི་ཁྱུ་མཆོག་གོ། །བརྒྱད་པ་ནི་རུས་སྦལ་ལོ། །དགུ་པ་ནི་ཆུ་སྲིན་ནོ། །བཅུ་པ་ནི་ཡུགས་པ་མའོ། །བཅུ་གཅིག་པ་ནི་སྨེ་བའོ། །བཅུ་གཉིས་པ་ནི་འབུགས་པའོ། །དང་པོ་ནི་འབུགས་པའོ། །གཉིས་པ་ནི་འཕྱོ་བའོ། །གསུམ་པ་ནི་རྨི་ལམ་མོ། །བཞི་པ་ནི་སའི་དབང་ཕྱུག་གོ། །ལྔ་པ་ནི་འཕེལ་བའོ། །

(༣༡༢)དྲུག་པ་ནི་གཏི་མུག་གོ། །བདུན་པ་ནི་བཟང་པོའོ། །བརྒྱད་པ་ནི་ཁྱུ་མཆོག་གོ། །དགུ་པ་ནི་རུས་སྦལ་ལོ། །བཅུ་པ་ནི་ཆུ་སྲིན་ནོ། །བཅུ་གཅིག་པ་ནི་ཡུགས་ས་མའོ། །བཅུ་གཉིས་པ་ནི་རྨེ་བའོ། །དང་པོ་ནི་སྨེ་བའོ། །གཉིས་པ་ནི་འབུགས་པའོ། གསུམ་པ་ནི་ས་བྱེ་བའོ། །བཞི་པ་ནི་རྨི་ལམ་མོ། །ལྔ་པ་ནི་སའི་དབང་ཕྱུག་གོ། །དྲུག་པ་ནི་འཕེལ་བའོ། །བདུན་པ་ནི་གཏུ་མུག་གོ། །བརྒྱད་པ་ནི་བཟང་པོ། དགུ་པ་ནི་ཁྱུ་མཆོག་གོ། །བཅུ་པ་ནི་རུས་སྦལ་ལོ། །བཅུ་གཅིག་པ་ནི་ཆུ་སྲིན་ནོ། །བཅུ་གཉིས་ནི་ཡུགས་ས་མའོ། །དང་པོ་ནི་ཡུགས་ས་མའོ། །གཉིས་པ་ནི་སྨེ་བའོ། །གསུམ་པ་ནི་འབུགས་པའོ། །བཞི་པ་ནི་འཕྱོ་བའོ། །ལྔ་པ་ནི་རྨི་ལམ་མོ། །དྲུག་པ་ནི་སའི་དབང་ཕྱུག་གོ། །བདུན་པ་ནི་འཕེལ་བའོ། །བརྒྱད་པ་ནི་གཏི་མུག་གོ། །དགུ་པ་ནི་བཟང་པོའོ། །བཅུ་པ་ནི་ཁྱུ་མཆོག་གོ། །བཅུ་གཅིག་པ་ནི་རུས་སྦལ་ལོ། །བཅུ་གཉིས་པ་ནི་ཆུ་སྲིན་ནོ། །དང་པོ་ནི་ཆུ་སྲིན་ནོ། །གཉིས་པ་ནི་ཡུགས་ས་བའོ།། གསུམ་པ་ནི་སྨེ་བའོ། །བཞི་པ་ནི་འབུགས་པའོ། །ལྔ་པ་ནི་འཕྱོ་བའོ། །དྲུག་པ་ནི་རྨི་ལམ་མོ། །བདུན་པ་ནི་སའི་དབང་ཕྱུག་གོ། །བརྒྱད་པ་ནི་འཕེལ་བའོ། །དགུ་པ་ནི་གཏི་མུག་གོ། །བཅུ་པ་ནི་བཟང་པོའོ། །བཅུ་གཅིག་པ་ནི་ཁྱུ་མཆོག་གོ། །

(༣༡༣)བཅུ་གཉིས་པ་ནི་རྒ་ཤི། རུས་སྦལ་ལོ། །དང་པོ་ནི་རུས་སྦལ་ལོ། །གཉིས་པ་ནི་ཆུ་སྲིན་ནོ། །གསུམ་པ་ནི་ཡུག་ས་མའོ། །བཞི་པ་ནི་སྨེ་བའོ། །ལྔ་པ་ནི་འབུགས་པའོ། །དྲུག་པ་ནི་འཕྱོ་བའོ། །བདུན་པ་ནི་རྨི་ལམ་མོ། །བརྒྱད་པ་ནི་སའི་དབང་ཕྱུག་གོ། །དགུ་པ་ནི་འཕེལ་བའོ། །བཅུ་པ་ནི་གཏི་མུག་གོ། །བཅུ་གཅིག་པ་ནི་བཟང་པོའོ། །བཅུ་གཉིས་པ་ནི་ཁྱུ་མཆོག་གོ། །དང་པོ་ནི་ཁྱུ་མཆོག་གོ། །གཉིས་པ་ནི་རུས་སྦལ་ལོ། །གསུམ་པ་ནི་ཆུ་སྲིན་ནོ། །བཞི་པ་ནི་ཡུག་ས་མའོ། །ལྔ་པ་ནི་སྨེ་བའོ། །དྲུག་པ་ནི་འབུགས་པའོ། །བདུན་པ་ནི་འཕྱོ་བའོ། །བརྒྱད་པ་ནི་རྨི་ལམ་མོ། །དགུ་པ་ནི་སའི་དབང་ཕྱུག་གོ། །བཅུ་པ་ནི་འཕེལ་བའོ། །བཅུ་གཅིག་པ་ནི་གཏི་མུག་གོ། །བཅུ་གཉིས་པ་ནི་བཟང་པོའོ། །དང་པོ་ནི་བཟང་པོའོ། །གཉིས་པ་ནི་ཁྱུ་མཆོག་གོ། །གསུམ་པ་ནི་རུས་སྦལ་ལོ། །བཞི་པ་ནི་ཆུ་སྲིན་ནོ། །ལྔ་པ་ནི་ཡུགས་ས་མའོ། །དྲུག་པ་ནི་སྨེ་བའོ། །བདུན་པ་ནི་འབུགས་པའོ། །བརྒྱད་པ་ནི་འཕྱོ་བའོ། །དགུ་པ་ནི་རྨི་ལམ་མོ། །བཅུ་པ་ནི་སའི་དབང་ཕྱུག་གོ། །བཅུ་གཅིག་པ་ནི་འཕེལ་བའོ། །བཅུ་གཉིས་པ་ནི་གཏི་མུག་གོ། དང་པོ་ནི་གཏི་མུག་གོ། །གཉིས་པ་ནི་བཟང་པོའོ། །གསུམ་པ་ནི་ཁྱུ་མཆོག་གོ། །བཞི་པ་ནི་རུས་སྦལ་ལོ། །ལྔ་པ་ནི་ཆུ་སྲིན་ནོ། །དྲུག་པ་ནི་ཡུགས་ས་མའོ། །བདུན་པ་ནི་སྨེ་བའོ། །བརྒྱད་པ་ནི་འབུགས་པའོ། །དགུ་པ་ནི་འཕྱོ་བའོ། །བཅུ་པ་ནི་རྨི་ལམ་མོ། །བཅུ་གཅིག་པ་ནི་སའི་དབང་ཕྱུག་གོ། །བཅུ་གཉིས་པ་ནི་འཕེལ་བའོ། །

(༣༡༤)འཕེལ་བའི་ཉི་མ་ལ་སྐྱེས་པའི་བྱིས་པ་ནི། ཉི་མ་དགུ་པའམ། ཟླ་བ་དགུ་པ་འམ། ལོ་དགུ་པ་ཤི་ཆད་དུ་མ་གྱུར་ན། ཕྱུག་ཅིང་སྐལ་བ་བཟང་བ་དང་། སེམས་གདུག་ཅིང་བརྩུབ་ལ་མེ་དྲོད་ཆུང་། ཞིང་ཡུལ་མཐའ་འཁོབ་ཀྱི་གཙོ་བོར་འགྱུར་ལ། གཡེང་བ་ལ་དགའ་བ་དང་། ཐམས་ཅད་དུ་འཇལ་པོར་སྨྲ་ཞིང་ནོར་དང་ལྡན་ཞིང་ནད་མེད་པ་དང་། སྐྱིད་པ་ལ་རྟག་པར་འགྱུར་རོ། །ཚེ་ལོ་བརྒྱད་བཅུ་རྩ་གཅིག་ཐུབ་སྟེ། སའི་དབང་ཕྱུག་གི་ཉི་མ་ལ་འཆི་བར་འགྱུར་རོ། །སའི་དབང་ཕྱུག་གི་ཉི་མ་ལ་བཙས་པའི་བྱིས་པ་ནི། ཉི་མ་བརྒྱད་པ་འམ། ཟླ་བ་བརྒྱད་དམ་ལོ་བརྒྱད་པ་ལ་གལ་ཏེ་ཤི་ཆད་དུ་མ་གྱུར་ན། ནོར་དང་འབྲུ་རྣམས་རྟག་པར་འགྱུར་ཞིང་། བདེན་པར་སྨྲ་ལ་མཛའ་བཤེས་མང་ཞིང་ཆོག་ཤེས་པ་དང་། མཁས་ལ་ཚངས་པར་སྤྱོད་ཅིང་སེམས་ཅན་ཀུན་ལ་ཕན་པར་བྱེད་ལ། བཟོ་ཤེས་པ་དང་། འཇམ་པོར་སྨྲ་ཞིང་སྐལ་བ་དང་ལྡན་ལ། བསྟན་བཅོས་ཐམས་ཅད་རྒྱས་པར་འགྱུར་བ་ལ་ཐེ་ཚོམ་མེད་དེ། ཚེ་ལོ་བརྒྱད་བཅུ་རྩ་བརྒྱད་འཚོ་སྟེ། རྨི་ལམ་གྱི་ཉི་མ་ལ་འཆི་བར་འགྱུར་རོ། །རྨི་ལམ་གྱི་ཉི་མ་ལ་བཙས་པའི་བྱིས་པ་ནི། ཉི་མ་བཞི་འམ་ལྔ་འམ་བཅུ་འམ། ཡང་ན་ཟླ་བ་བརྒྱད་དམ། ལོ་བརྒྱད་ལ་གལ་ཏེ་ཤི་ཆད་དུ་མ་གྱུར་ན། དེས་བླ་མ་ཉོན་མོངས་པར་བྱེད་པ་དང་། དཔའ་ཞིང་བརྟལ་ཕོད་པས་ཕ་རོལ་གནོན་པ་དང་། དགྲ་ཐམས་ཅད་འཇོམས་ཤིང་སྐྱེ་བོ་དམ་པ་དང་འཛའ་བ་དང་། སྐྱབས་མེད་པ་རྣམས་ཀྱི་དཔུང་གཉེན་བྱེད་ཅིང་། ཐམས་ཅད་དུ་ཚིག་རྩུབ་སྨྲ་བ་ལ། སྡིག་པ་ལ་ནན་

(༣༡༥)ཏན་བྱེད་པ་དང་། དབུལ་ཞིང་འཕྱར་བ་དང་། ནད་མེད་ཅིང་རྟག་ཏུ་བཟའ་བ་རྙེད་པ་དང་། མཐོན་པོ་ལ་བརྟེན་པས་འཚོ་ཞིང་རྟག་ཏུ་སེང་གེ་དང་འདྲ་བར་སེམས་ཏེ། ཚེ་ལོ་དྲུག་བཅུ་འཚོ་ཞིང་། འཕྱོ་བའི་ཉི་མ་ལ་དགྲའི་མཚོན་གྱིས་འཆི་བར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །འཕྱོ་བའི་ཉི་མ་ལ་བཙས་པའི་བྱིས་པ་ནི། ཟླ་བ་བཞི་པ་དང་དྲུག་པ་དང་། དགུ་པ་དང་བཅུ་པ་ལ་གལ་ཏེ་ཤི་ཆད་དུ་མ་གྱུར་ན། དེ་ནི་ཤེས་རབ་ཆུང་ཞིང་བློ་དང་མེ་དྲོད་དམན་ལ། སྡང་བ་མང་ཞིང་བུ་ཚ་མི་འཚོ་ལ་འཁོར་མང་བ་དང་། ཡོ་བྱད་འཕེལ་ཞིང་སྡུག་བསྔལ་མང་བ་དང་། གཉེན་མདུན་ཐམས་ཅད་དགའ་ལ་ངན་ངོན་ལ་བརྩེ་བ་དང་། ནོར་ཕྱུགས་མང་ལ་ཆུང་མ་གསུམ་ལེན་ཞིང་། ཅུང་ཟད་ཙམ་གྱིས་ཁྲོ་བ་དང་། ང་རྒྱལ་ཆེ་ཞིང་དགྲ་རྣམས་འཇིག་པར་བྱེད་ལ། ཁེ་བོགས་ཀྱི་འཚོ་སྟེ། ཚེ་ལོ་བརྒྱད་བཅུ་རྩ་གཅིག་ཏུ་འཚོ་ཞིང་། འབུགས་པའི་ཉི་མ་ལ་འཆི་བར་འགྱུར་རོ། །འབུགས་པའི་ཉི་མ་ལ་བཙས་པའི་བྱིས་པ་ནི། ཉི་མ་ལྔ་འམ་ཟླ་བ་གཉིས་པ་འམ། བཞི་པ་འམ། ལོ་བརྒྱད་པ་འམ་བཅུ་པ་ལ་གལ་ཏེ་ཤི་ཆད་དུ་མ་གྱུར་ན། དེ་ནི་ཕ་མ་ལྟོགས་པ་དང་། ནོར་ཉུང་ཞིང་རྨོངས་པ་དང་། སྡིག་པའི་བསམ་པ་དང་ལྡན་ཞིང་། ངང་ཚུལ་ངན་ལ་ནད་བུ་ཅན་དུ་འགྱུར་བ་དང་། །ཚངས་པར་སྤྱོད་ཅིང་དཔའ་ལ་སྡུག་པ་དང་། །སེར་སྣ་དང་ལྡན་པར་འགྱུར་ཏེ། །ཚེ་ལོ་དྲུག་བཅུ་རྩ་བཞིར་འཚོ་ལ། །སྨེ་བའི་ཉི་མ་ལ་རང་གི་ཁྱིམ་དུ་འཆི་བར་འགྱུར་རོ། །སྨེ་བའི་ཉི་མ་ལ་བཙས་པའི་བྱིས་པ་ནི། །ཉི་མ་གཉིས་

(༣༡༦)གཉིས་པའམ། ལྔ་པ་འམ། ཟླ་བ་གསུམ་པ་འམ། དགུ་པ་འམ། ལོ་དགུ་པ་ལ་གལ་ཏེ་ཤི་ཆད་དུ་མ་གྱུར་ན། དེས་ནི་རང་གི་རིགས་བསྟོད་ཅིང་ཆོས་ཤེས་པ་དང་། བསྟན་བཅོས་ཕུན་སུམ་ཚོགས་ཤིང་། བཟོ་སྣ་ཚོགས་རིག་པ་དང་། དཔའ་ལ་ང་རྒྱལ་ཆེ་བ་དང་། གཡོ་རྒྱུ་ཅན་ཡིན་ལ་ཕྲག་དོག་ལྡན་ཞིང་ནོར་ཉུང་བ་དང་། གཟུགས་བཟང་ཞིང་བྱ་བ་ཐམས་ཅད་ཡང་བ་ཡིན། ཚེ་ལོ་དྲུག་བཅུ་རྩ་གསུམ་དུ་བདེ་བར་འཚོ་ལ་ཡུགས་ས་མའི་ཉི་མ་ལ་ཆུར་འཆི་བར་གདོན་མི་བཟའོ། །ཡུགས་ས་མའི་ཉི་མ་ལ་བཙས་པའི་བྱིས་པ་ནི། ཉི་མ་གཉིས་པ་འམ། བཅུ་པ་འམ། ཟླ་བ་གཉིས་པ་འམ། བརྒྱད་པ་འམ། ལོ་བརྒྱད་ལ་ཤི་ཆད་དུ་མ་གྱུར་ན། དེ་ནི་སྡིག་པའི་བློ་དང་ལྡན་ཞིང་། སེམས་ཅན་ཀུན་ལ་འཁྱལ་ཞིང་ཚིག་སྨྲ་ཞིང་ནོར་ཉུང་ལ་འཕྱར་བ་དང་། ཐམས་ཅད་ཀུན་ཏུ་ནད་ཀྱིས་ཐེབས་ལ། རྒྱལ་པོའི་འཆད་པས་གཅོད་ཅིང་བུ་མེད་ཐམས་ཅད་ལ་སྐལ་བ་བཟང་པོར་འགྱུར་ལ། དོར་ཐབས་ཀྱི་ཟོལ་བ་ཁས་པ་སྟེ། ཚེ་ལོ་ལྔ་བཅུ་རྩ་ལྔ་འམ། ཡང་ན་སུམ་བཅུ་རྩ་དྲུག་ཏུ་འཚོ་ལ། ཆུ་སྲིན་གྱི་ཉི་མ་ལ་འཆི་བ་ལ་ཐེ་ཚོམ་མེད་དོ། །ཆུ་སྲིན་གྱི་ཉི་མ་ལ་བཙས་པའི་བྱིས་པ་ནི། ཉི་མ་བཅུ་པ་འམ་ཟླ་བ་གསུམ་པ་དང་ལྔ་པ་འམ། ལོ་དགུ་ལ་མ་ཤི་ན། བསོད་ནམས་དང་ཚུལ་ཁྲིམས་ཕུན་སུམ་ཚོགས་ཤིང་། ཞི་བདེ་དང་བསླབ་པ་དང་ལྡན་ཞིང་ནོར་དང་གཟུགས་དང་སྐལ་བ་ཕུན་སུམ་ཚོགས་ལ། དཔལ་དང་གྲགས་པ་དང་བུ་དང་ཚ་བོ་འཕེལ་ལ། གྲོང་ཁྱེར་གྱི་གཙོ་བོར་འགྱུར་པ་དང་། འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། །བཟོ་དང་དུས་ཀྱི་མཐའ་ལ་མཁས་

(༣༡༧)པ་དང་། དགྲ་ཐམས་ཅད་རླག་པར་བྱེད་དེ། ཚེ་ལོ་ལྔ་བཅུ་རྩ་ལྔ་འམ། ཡང་ན་དྲུག་བཅུ་རྩ་བཞིར་འཚོ་ལ། རུས་སྦལ་གྱི་ཉི་མ་ལ་འཆི་བར་འགྱུར་རོ། །རུས་སྦལ་གྱི་ཉི་མ་ལ་བཙས་པའི་བྱིས་པ་ནི། ཉི་མ་གཉིས་པ་དང་། དགུ་པ་དང་། ཟླ་བ་བརྒྱད་པ་དང་དགུ་པ་དང་། ལོ་དགུ་པ་ལ་མ་ཤི་ན། དེ་ནི་རྟག་ཏུ་སེམས་ཁྲལ་ཆེ་བ་དང་། ཁྲོ་བ་དང་བཅས་ཤིང་ཅུང་ཟད་ཀྱིས་མགུ་བ་དང་། མང་དུ་སྨྲ་ཞིང་གཉེན་རྣམས་བྱམས་པ་དང་། རྟག་ཏུ་གཡེམ་པ་དང་། །ཕྱུག་པ་གཏོང་ཕོད་ཆེ་བ་དང་། །བུ་དང་ཆུང་མ་གསོད་པ་དང་། སེམས་ཆུང་ཞིང་བསམ་པ་ངན་པ་དང་། ཞིང་ལས་ཀྱིས་འཚོ་ཞིང་། མཛེ་ནད་ཀྱིས་ཐེབས་ཏེ། ཚེ་ལོ་དྲུག་བཅུ་རྩ་བཞི་འམ། བརྒྱད་བཅུ་ཐམ་པར་འཚོ་ལ། ཁྱུ་མཆོག་གི་ཉི་མ་ལ་རང་གི་ཁྱིམ་དུ་འཆི་བར་འགྱུར་རོ། །ཁྱུ་མཆོག་གི་ཉི་མ་ལ་བཙས་པའི་བྱིས་པ་ནི། ཉི་མ་དགུ་པ་འམ། ཟླ་བ་གཉིས་པ་དང་བརྒྱད་པ་དང་། ལོ་བརྒྱད་པ་དང་དགུ་པ་ལ་གལ་ཏེ་མ་ཤི་ན། དཔའ་ཞིང་བརྟུལ་ཕོད་པས་ཕ་རོལ་གནོད་པ་བསྐྱེད་ཅིང་ཕྱུག་པ་དང་། ཆུང་མ་མང་དུ་ལེན་ལ། གཉེན་འདུན་ཐམས་ཅད་དགའ་ཞིང་། ཕའི་ཚེ་འཛོམས་པ་དང་། ཁོ་བོགས་དང་གཡེང་བ་ལ་དགའ་ཞིང་། ལེ་ལོ་དང་མུ་ཅོར་སྨྲ་བ་ངན་ཚུལ་ངན་པ་དང་། ལས་སྡུག་པ་ལ་དགའ་སྟེ། ཚེ་ལོ་དྲུག་བཅུ་འམ་ཉི་ཤུར་འཚོ་ལ། བཟང་པོའི་ཉི་མ་ལ་མཚོན་གྱིས་འཆི་བར་འགྱུར་རོ། །བཟང་པོའི་ཉི་མ་ལ་བཙས་པའི་བྱིས་པ་ནི། ཉི་མ་ལྔ་པ་འམ། ཟླ་བ་

(༣༡༨)དགུ་པ་འམ། ལོ་བཅུ་པ་ལ་མ་ཤི་ན། དེ་ནི་དབུལ་ཞིང་ཆོས་སྤྱོད་ལ་བདེན་པར་སྨྲ་བ་དང་། སྙན་པར་སྨྲ་བ་དང་། ཆུང་མ་གཅིག་ལ་དགའ་ཞིང་རིག་པའི་བདག་པོར་འགྱུར་བ་དང་། བཟོ་དང་དུས་ཐམས་ཅད་ཤེས་ཤིང་། རང་གི་གཉེན་འདུན་བྱམས་པ་དང་། རིགས་ཀྱི་ཆད་པ་འཚོ་བ་སྟེ། ཚེ་ལོ་བརྒྱར་འཚོ་ལ། གཏི་མུག་གི་ཉི་མ་ལ་ཆུར་འཆི་བར་འགྱུར་བ་ལས་གཞན་དུ་མ་ཡིན་ནོ། །གཏི་མུག་གི་ཉི་མ་ལ་བཙས་པའི་བྱིས་པ་ནི། ཉི་མ་གཉིས་པ་འམ། ཟླ་བ་དགུ་པ་འམ། ལོ་དགུ་པ་ལ་གལ་ཏེ་མ་ཤི་ན། མང་དུ་ཟ་ཞིང་སེམས་ཆུང་ལ། རྟག་ཏུ་གཡེང་བ་ལ་དགའ་བ་དང་། ཀུན་ཏུ་ཁྲོ་ཞིང་བརྐམ་ཆེ་ལ་ནད་པུ་ཅན་དུ་འགྱུར་བ་དང་། ཡིད་གཞུངས་ཤིང་གཉེན་འདུན་བྱམས་པ་དང་། རྟག་ཏུ་ཁྲོ་བ་དང་། ང་རྒྱལ་ཅན་དུ་འགྱུར་བ་དང་། ངང་ཚུལ་ངན་ཞིང་སྡིག་སྤྱོད་ལ་ཚིག་རྩུབ་དང་། འཁྱལ་པ་སྨྲ་བ་ལ་དགའ་བ་དང་། །མཚོན་ཆ་རྟོག་པ་ལ་དགའ་སྟེ། ཚེ་ལོ་དྲུག་བཅུ་རྩ་བཞིར་འཚོ་ལ། འཕེལ་བའི་ཉི་མ་ཡན་ལག་གི་ཟུག་ངུ་དང་། སྐྲངས་འབུར་གྱིས་འཆི་བར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །འཕེལ་བའི་ཉི་མ་ལ་ནད་ཀྱིས་ཐེབས་ན། ཤིན་ཏུ་བག་བྱ་དགོས་ཏེ། གལ་ཏེ་ཞག་བཅོ་ལྔ་ན་མ་ཤི་ན། དེ་ནས་ཉི་མ་ལྔ་ན་འཆི་བར་འཁྱུར་རོ། །སའི་དབང་ཕྱུག་ལ་ནི། ཉི་མ་གསུམ་ན་མ་ཤི་ན། དེ་ནས་ཉི་མ་བདུན་ན་འཚོ་བར་འགྱུར་རོ། །རྨི་ལམ་ལ་ཡང་ཉི་མ་གསུམ་ན་མ་ཤི་ན། དེ་བཞིན་དུ་ཉི་མ་བདུན་ན་འཚོལ་ལོ། །འཕྱོ་བ་ལ་ནི་ཉི་མ་གསུམ་མམ། ལྔ་ན་འཚོ་འཆི་བྱེད་དོ། །

(༣༡༩)འབུགས་པ་ལ་ནི་ཉི་མ་གསུམ་མམ། བཞི་པ་ལ་མ་ཤི་ན་ཉི་མ་བཅུ་ན་འཚོ་བར་འགྱུར་རོ། །སྨེ་བ་ལ་ནི་ཉི་མ་གསུམ་པ་ལ་འཆི་བའམ། བརྒྱད་པ་ལ་འཚོ་བ་སྟེ། ཡུན་རིང་དུ་ནད་ཀྱིས་གདུང་བར་འགྱུར་རོ། །ཡུགས་ས་མོ་ལ་ནི། ལྔ་པ་ལ་འཆི་བའམ། དགུ་པ་ལ་ལྡང་བར་འགྱུར་ལ། ཞག་བཅུ་ན་ནད་ལས་གྲོལ་བར་འགྱུར་རོ། །ཆུ་སྲིན་ལ་ནི་ཉི་མ་བརྒྱད་པ་ལ་འཆི་བ་འམ། །ཞག་ཉི་ཤུ་རྩ་གཅིག་གིས་སོས་ཤིང་ཆོས་བྱེད་པར་འགྱུར་རོ། །རུས་སྦལ་ལ་ཉི་མ་བརྒྱད་པ་ལ་མ་ཤི་ན། དེ་ནས་ཞག་བཅུ་པ་ལ་ནད་ལས་གྲོལ་བར་འགྱུར་རོ། །ཁྱུ་མཆོག་ལ་ནི་ཉི་མ་གསུམ་པ་འམ་ལྔ་པ་ལ་མ་ཤི་ན། ནད་ཅུང་ཟད་བཅས་པར་འགྱུར་ཞིང་བརྒྱད་པ་ལ་བཏོང་། བཟང་པོ་ལ་བརྒྱད་པ་དང་། བཅུ་པ་ལ་མ་ཤི་ན། དེ་ནས་གྲོལ་བར་འགྱུར་རོ། །གཏི་མུག་ལ་གསུམ་པ་འམ། བདུན་པ་ལ་མ་ཤི་ན། དེ་ནས་གྲོལ་བར་འགྱུར་རོ། །གང་གི་མཆོ་བ་མངོན་ཟིན་ན། །འཆི་བདག་དང་ནི་མངོན་པར་འགྲོགས། །དུག་བསྡུ་བ་ཡི་སྦྱོར་བ་ཡིས། །དེ་རྣམས་ཅི་ལྟར་འགྲུབ་འགྱུར་ཞིང་། །ཚེ་དང་ནད་མེད་སྤེལ་བའི་ཕྱིར། །གཞན་མ་ཆོ་ག་ཇི་ལྟར་སྦྱར། །སེམས་ཅན་ཀུན་གྱི་ནད་རྣམས་ནི། །གཞོམ་ཞིང་བསྐྱང་བར་བྱ་བ་དང་། །ཤི་བ་རྣམས་ཀྱང་འཚོ་འགྱུར་ན། །གཞན་ལ་སྨོས་ཀྱང་ཅི་ཞིག་དགོས། །དེ་རྣམས་བསོད་ནམས་ཆེར་འགྱུར་བ། །ཆུ་ཡི་སྦྱིན་བསྲེག་ཆོ་ག་ནི། །མདོར་བསྡུས་ནས་ནི་བརྗོད་བྱ་བ། །ས་ཡི་ཆ་ནི་ཡིད་འོང་བ། །ཁ་དོག་དཀར་པོ་དྲི་ཡིས་བྱུག །མེ་ཏོག་ཕྲེང་དཀར་གྱིས་བརྒྱན་ཅིང་། །རྒྱལ་མཚན་བླ་

(༣༢༠)བྲེས་འབར་བྱས་པར། །རྩ་བ་ནག་པོ་ར་རིས་མེད། །བུམ་པ་ཆུ་ཡིས་བཀང་བཅོགས་པ། །དེ་དབུས་ལྷ་མོ་བསམ་པ་ནི། །པདྨའི་སྟན་ལ་ཡང་དག་བཞུགས། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །ཤིན་ཏུ་མཛེས་པའི་ན་བཟའ་ཀླུབས། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ། །པདྨའི་ཕྲེང་བས་མཛེས་པར་བྱས། །མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོ། །གངས་དང་ཀུནྡ་ཟླ་འདྲ་བའི། །བདུད་རྩིའི་ཆུ་རྒྱུན་འབབ་པ་ཡིས། །དུག་གི་མཐུ་ནི་འཕྲོག་པར་མཛད། །ལྷ་མོའི་སྦྱོར་བ་འདི་ལྟ་བུ། །བསམས་ན་དུག་ནི་འཇོམས་པར་འགྱུར། །འོ་མ་ནག་མོར་གྱུར་གྱི་བར། །མུན་པས་རིང་དུ་ཟིལ་མནན་པ། །སླར་ཡང་གདུག་པས་གདུག་པར་བྱ། །དཔྱིད་ཟླ་ར་བ་བརྩོགས་རིམ་བཞིན། །ཉི་མ་བྱང་དུ་འགྲོ་བའི་ཚེ། །ཇི་ལྟའི་དུས་བཞིན་མཚན་མ་ནི། །རིམ་གྱིས་རིམ་གྱིས་སྦྱོར་བར་བྱ། །ཉིན་མོ་ཡི་ནི་ཆུ་ཚོད་དག །མཁས་པས་བཞི་དང་བཅུ་གཉིས་བསྒྱུར། །མཚན་མོ་དྲུག་དང་བཅུ་གསུམ་བསྒྱུར། །ཆུ་ཚོད་མཁས་པས་བརྩམ་པར་བྱ། །རེའུ་མིག་དག་ནི་གཉིས་པ་ལ། །དུས་ལ་མཁས་པས་མཚན་མ་བྱ། །ཉིན་མོ་དྲུག་དང་བཅུ་གཉིས་བསྒྱུར། །ཆུ་ཚོད་ཀྱི་ནི་མཚན་མ་བྱ། །བཞི་དང་བཅུ་གསུམ་བསྒྱུར་བ་ནི། །མཚན་མོའི་ཆུ་ཚོད་དུ་ནི་བརྟག །བརྒྱད་དང་བཅུ་གཉིས་བསྒྱུར་བ་དག །ཉིན་མོ་རུ་ནི་བརྟག་པར་བྱ། །གཉིས་དང་བཅུ་ནི་གསུམ་བསྒྱུར་བ། །མཚན་མོའི་ཆུ་ཚོད་དུ་ནི་རྟག །ཆུ་ཚོད་སུམ་བཅུ་ཐམས་པ་ནི། །དབུས་ཀྱི་བི་ཤུ་གཉིས་ཀར་སྦྱར། །གཉིས་དང་བཅུ་ནི་གསུམ་པོ་དག། ཉིན་མོའི་ཆུ་ཚོད་ཤེས་བྱ་སྟེ །

(༣༢༡)བརྒྱད་དང་བཅུ་ནི་གཉིས་པོ་དག །དེ་ཡི་མཚན་མོ་མཚན་མར་བྱ། །བཞི་དང་བཅུ་གསུམ་མཚན་མ་ནི། །ཉིན་མོ་ཡི་ནི་ཆུ་ཚོད་དེ། །དྲུག་དང་བཅུ་ནི་གཉིས་བསྒྱུར་བ། །མཚན་མོའི་ཆུ་ཚོད་མཚན་མ་བྱ། །དྲུག་དང་བཅུ་ནི་གསུམ་བསྒྱུར་བ། །ཉིན་མོ་ཡི་ནི་ཤེས་བྱ་སྟེ། །བཞི་དང་བཅུ་ནི་གཉིས་བསྒྱུར་བ། །མཚན་མོའི་ཆུ་ཚོད་དུ་ནི་གྲགས། །དེ་བཞིན་ལྷོར་ནི་འགྲོ་བ་ཡིས། །དུས་ཤེས་པར་ནི་བཤད་པར་བྱ། །བཞི་དང་གསུམ་འགྱུར་ཆུ་ཚོད་ནི། །ཉིན་མོ་ཡི་ནི་བཤད་པ་ཡིན། །བརྒྱད་དང་བཅུ་ནི་གཉིས་བསྒྱུར་བ། །མཚན་མོ་ཡི་ནི་མཚོན་པར་བྱ། །གཉིས་དང་བཅུ་ནི་གསུམ་བསྒྱུར་བ། །དེ་བཞིན་ཉིན་མོའི་ཆུ་ཚོད་དེ། །དེ་བཞིན་མཚན་གྱི་ཆུ་ཚོད་ཀྱང་། །བཅུ་ནི་གསུམ་དུ་བསྒྱུར་བ་ཡིན། །བརྒྱད་དང་བཅུ་ནི་གཉིས་བསྒྱུར་བ། །ཉི་མ་ཡི་ནི་བསམ་པར་བྱ། །གཉིས་དང་བཅུ་ནི་གསུམ་བསྒྱུར་བ། །མཚན་མོའི་ཆུ་ཚོད་དུ་ནི་རྟག །དྲུག་དང་བཅུ་ནི་གཉིས་བསྒྱུར་བ། །ཉིན་མོའི་ཆུ་ཚོད་རིམ་པ་ཡིན། །བཞི་དང་བཅུ་ནི་གསུམ་བསྒྱུར་བ། །དེ་བཞིན་མཚན་མོའི་ཆུ་ཚོད་དོ། །སུམ་བརྒྱ་དྲུག་བཅུ་དབུགས་ཀྱིས་ནི། །ཆུ་ཚོད་ཀྱི་ནི་དུས་རྣམས་འདའ། །ཆུ་ཚོད་དྲུག་བཅུའི་གྲངས་ཀྱིས་ནི། །ཉིན་མཚན་ཕྲུག་གཅིག་ཏུ་ནི་བརྗོད། །ཟླ་བའི་གོ་རིམ་ཅི་བཞིན་དུ། །རིམ་པ་དེ་བཞིན་མཚན་མ་བྱ། །ཆུ་ཚོད་དབུགས་ནི་རྫོགས་དང་པོ། །རིམ་གྱིས་འཕེལ་ཤིང་རིམ་གྱིས་འབྲི། །ལས་དང་ལས་མིན་བྱེ་བྲག་བཞིན། །རླུང་ནི་རིམ་གྱིས་གཟུང་བར་བྱ། །མཁའ་འགྲོ་གཉིས་དང་དུས་ཚིགས་དང་། །བགྲོད་པ་གཉིས་

(༣༢༢)ཀྱིས་མཆོད་པར་བྱ། །གཉིས་པོ་དག་ནི་བཅུར་བསྒྱུར་བ། །དེ་བཞིན་ལོའི་ཆུ་ཚོད་ནི། །དེ་ནི་མཚན་མ་ལྡན་པ་ཡིས། །ཉིན་མཚན་གྱི་ནི་རླུང་དུ་རྩི། །ངག་གི་དབང་ཕྱུག་ཀུན་བཟང་ནས། །དབྱངས་ཀྱི་མཚན་མར་མངོན་པར་གཞག །མ་ནིང་གཉིས་ནི་སྤངས་ནས་སུ། །སའི་དབང་ཕྱུག་ཀུན་ཏུ་གཞ །ཨ་ཡི་རིམ་པ་ལ་བབ་ན། །དཔལ་དང་མངོན་པར་མཉམ་འགྲོགས་ཤིང་། །ནོར་རྙེད་པ་ནི་སྣང་བ་སྟེ། །སྐལ་བ་བཟང་པོར་གདོན་མི་ཟ། །ཨ་ཡི་རིའུ་མིག་ལ་བབ་ན། །རིམས་དང་ནད་ཀྱིས་གཟིར་བ་དང་། །འཇིགས་ཤིང་སྐྲག་པར་སྣང་འགྱུར་བས། །ཨཱཞེས་བྱ་བ་ངེས་པར་སྟོན། །ཡི་གེ་ཨི་ལ་བབ་གྱུར་ན། །རྒྱལ་པོའི་དཔལ་ནི་སྟེར་འགྱུར་ཏེ། །ཀུན་ནས་ནོར་ནི་རྙེད་པ་དང་། །གང་ཞིག་བསམ་པ་དེ་འགྲུབ་འགྱུར། །ཡི་གེ་ཨཱི་ལ་བབ་གྱུར་ན། །ཟླ་བ་དྲུག་ན་འཆི་བ་དང་། །དེ་བཞིན་དགྲས་ནི་གཟིར་བ་དང་། །མེ་ཡིས་འཇིག་པར་ཤེས་པར་བྱ། །ཡི་གེ་ཨུ་ལ་བབ་འགྱུར་ན། །དཔལ་དང་གྲགས་མོ་རྙེད་པ་དང་། །ནོར་དང་འབྲུ་ནི་འཕེལ་བ་དང་། །དཔལ་རྣམས་ཀྱང་ནི་རྙེད་པར་འགྱུར། །ཨཱུ་ལ་གལ་ཏེ་བབ་གྱུར་ན། །དེ་ནི་དགྲ་ཡིས་འཚེ་བར་སྣང་། །བྲན་གཟའ་དང་ནི་གཉེན་ཚན་རྣམས། །འཇིགས་ཤིང་སྐྲག་པར་སྣང་བར་འགྱུར། །ཡི་གེ་ཨེ་ལ་བབ་གྱུར་ན། །འཕྲལ་དུ་སྐྱེ་བོ་སྐལ་ཅན་འགྱུར། །སྐྱེས་པ་བུད་མེད་དག་གིས་ནི། །མཆོད་པའི་གནས་ནི་འཐོབ་པར་འགྱུར། །ཨཻ་ཡི་མཚན་མ་ལ་ལྷུང་ནི། །དགྲ་དང་

(༣༢༣)རྒྱལ་པོའི་འཇིགས་པ་དང་། །ལུས་ཅན་རྐུན་པོས་གཟིར་འགྱུར་ཞིང་། །ནད་དང་རིམས་ཀྱིས་ཐེབས་པར་འགྱུར། །ཨོའི་མཚན་མ་ལ་བབ་ན། །གནས་ཀྱི་དབང་པོར་འགྱུར་བ་དང་། །ནོར་དང་འབྲུ་ནི་རྙེད་འགྱུར་ཞིང་། །ཡིད་འོང་རིག་པ་དེ་བཞིན་ནོ། །ཨཽའི་མཚན་མ་ལ་བབ་ན། །འཐབ་མོ་དང་ནི་དགྲས་འཚེ་ཞིང་། །གནས་ལས་ཉམས་དང་རྡེག་བཙོག་དང་། །བྱས་པ་ཆུད་ནི་ཟོས་པར་འགྱུར། །ཡི་གེ་ཨམ་ལ་བབ་གྱུར་ན། །བྲན་གཟའ་དག་ནི་རྙེད་འགྱུར་ཞིང་། །པུ་དང་རིག་པ་འང་རྙེད་འགྱུར་ཏེ། །དེ་བཞིན་གྲོགས་པོ་རྙེད་པར་འགྱུར། །ཅི་ལྟར་སྔོན་གྱི་ཨ་ཞེས་པ། །དེ་བཞིན་ཐ་མ་འང་གཟུང་པར་བྱ། །དྲུག་འགྱུར་དུ་ནི་བཞག་ནས་སུ། །སྔ་བ་དེ་ནི་སུམ་འགྱུར་བྱ། །སུམ་བརྒྱ་དྲུག་བཅུས་བསྲེགས་ནས་སུ། །ས་བཞིན་དུ་ནི་བཅད་ནས་སུ། །ཡི་གེ་ལྷག་མ་གཟུང་བྱ་སྟེ། །དགེ་དང་མི་དགེ་མཚོན་པར་བྱ། །ཡང་ན་རི་མོ་ཀྱག་ཀྱུག་བྲིན། །དབྱངས་ཀྱི་དང་པོ་ལ་སོགས་འགྲང་། །ཡང་ན་མེ་ཏོག་གཏོར་ནས་ནི། །དེ་བཞིན་པ་ནི་མཚོན་པར་བྱ། །ཡང་ན་སྔ་དྲོ་རོ་ཧི་ཏའི། །དུས་སུ་རྩི་བ་པོ་ཡིས་བལྟ། །རྣལ་འབྱོར་བསྟན་བཅོས་རབ་རྒྱས་ལས། །བཅུ་གཉིས་ཀྱིས་ནི་གནས་དག་ཏུ། །སེམས་ཅན་བསྐྱེད་པའི་ཆོ་ག་བཤད། །རོ་ཧི་ཏ་དུས་བདག་ཉིད་བསམ་པ་དབང་ཕྱུག་ལ་དེ་བཞིན་ཁྱིམ། རྨི་ལམ་ལ་ནི་སྤུན་གྱི་བསམ། །འབྱ་ཀུ་ལ་ལ་ཉེ་དུ་སྟེ། །བིཥྚི་ལ་ནི་བུ་ཡི་བསམ། །སྨེ་བ་ལ་ནི་དགྲ་ཡིད་བསྟན། །རན་དང་ལ་ནི་སྦྱོར་བ་བསམ། །མ་ཀ་ར་

(༣༢༤)ལ་གསོ་དཔྱོད་དོན། །རུས་སྦལ་ལ་ནི་ཆོས་ཀྱི་དོན། །ཁྱུ་མཆོག་ལ་ནི་དྲག་པོའི་ལས། །བཟང་པོ་ལ་ནི་ནོར་ཤེས་བྱ། །གཏི་མུག་ལ་ནི་ཀུན་ཏུ་འཁྲུག །འཕེལ་བ་ལ་ནི་རེག་བྱེད་ན། །དོན་རྣམས་འགྲུབ་པར་འགྱུར་བ་དང་། །ནོར་དང་འབྲུ་དང་འཕྲད་པ་དང་། །གྲོགས་པོ་སྡུག་དང་འཕྲལ་འགྱུར་བ། །དུས་ནི་རིང་པོར་མི་སྡོད་ཅིང་། །མྱུར་དུ་འཕྲད་འགྱུར་གདོན་མི་ཟ། །ས་དབང་ཕྱུག་ལ་རེག་ཙམ་གྱིས། །ལམ་དུ་འགྲོ་བ་ཉིད་དང་ནི། །ཁ་ཟས་སེམས་དང་བུ་དང་ནོར། །ལམ་གྱི་བསམ་པ་སྟོན་པར་བྱེད། །རྨི་ལམ་ལ་ནི་ནོར་རྙེད་ཅིང་། །མཆོད་པ་ཐོབ་ཅིང་གྲོགས་དང་འཕྲད། །གཉེན་བཤེས་ཡིད་ནི་དགའ་བ་དང་། །ཞི་ཞིང་previous hit དགོངས next hit་འང་འགྲུབ་པར་སྟོན། །བྱ་ཀུ་ལ་ལ་མྱ་ངན་དང་། །ཁྱད་པར་ཅན་གྱི་དོན་གཏོར་ཞིང་། །གཉེན་འདུན་དང་ནི་འབྲལ་བར་འགྱུར། །བིཥྚི་སྐྱེ་ནི་སྟེར་བ་དང་། །བྱམས་པར་སྨྲ་བ་རྙེད་འགྱུར་ཏེ། །བུ་ནི་སྐྱེ་བ་མཐོང་བར་འགྱུར། །མི་ཀ་རི་ལ་རྩོད་པ་དང་། །ཅ་ཅོས་ཀུན་ཏུ་ཉོན་མོངས་ཤིང་། །ཆོས་སྤོང་བཀྲ་ནི་མི་ཤིས་དང་། །གཉེན་འདུན་ནད་ཀྱིས་ཐེབས་པར་འགྱུར། །རན་ད་ལ་ནི་བཏུང་དང་བཟའ། །གོས་དང་རྒྱན་ལ་སོགས་རྙེད་ཅིང་། །གཏོར་དང་སླར་ཡང་རྙེད་པར་འགྱུར། །བུད་མེད་སྡུག་དང་འཕྲད་པར་འགྱུར། །མ་ཀ་ར་ལ་སེམས་ཁྲལ་དང་། །དོན་གཉེར་འབྲས་བུ་མེད་པར་འགྱུར། །ཡིད་འོང་ནོར་དང་བྲལ་འགྱུར་ཞིང་། །འདོད་པ་རྣམས་དང་འཕྲད་མིའི་འགྱུར། །རུས་སྦལ་ལ་ནི་སྐལ་བཟང་ཞིང་། །ཞི་དང་བསྲུང་དང་བཀྲ་ཤིས་འགྱུར། །སྟན་དང་ནོར་

(༣༢༥)དང་བཏུང་བ་རྙེད། །ཁྱུ་མཆོག་ལ་ནི་ལས་རྣམས་ལ། །རྒྱལ་པོའི་འཆད་པས་ངེས་པར་འཇིགས། །མྱ་ངན་དང་ནི་གནས་སུ་འགྲོ། །བྱེ་བྲག་དག་ནི་མཐོང་བར་འགྱུར། །བཟང་པོ་ལ་ནི་ལོངས་སྤྱོད་དང་། །དོན་རྣམས་ཐམས་ཅད་ངེས་པར་འགྲུབ། །མཆོད་པའི་གནས་འགྱུར་གྲོགས་དང་ནི། །བཀྲ་ཤིས་དག་ནི་འབྱུང་བར་འགྱུར། །གཏི་མུག་ལ་ནི་དོན་རྣམས་ཀུན། །སྙིང་པོ་མེད་པར་རྩྭ་དང་མཚུངས། །གནས་ནི་བཅིངས་དང་ལམ་གྱི་ནི། །འདུ་ཤེས་དག་ནི་མཐོང་པར་འགྱུར། །ཡན་ལག་གི་ནི་མཚན་མ་རྣམས། །འཕེལ་བའི་ཉི་མ་ལ་མིག་གཡོན་པ་འགུལ་ན། །ཕ་དང་མ་སྐྲག་པར་འགྱུར་རོ། །སའི་དབང་ཕྱུག་ལ་ནི་མཛེས་པར་སྣང་ངོ་། །རྨི་ལམ་ལ་ནི་གོས་རྙེད་དོ། །འཕྱོ་བ་ལ་ནི་ནོར་རྙེད་དོ། །འབུགས་པ་ལ་ནི་ཕ་དང་མ་ལ་ཉེས་དོན་འབྱུང་ངོ་། །སྨེ་བ་ལ་ནི་ཅིར་ཡང་མི་འགྱུར་རོ། །ཡུགས་ས་མོ་ལ་ནི་གཉེན་འདུན་འོངས་སོ། །ཆུ་བསྲིན་ལ་ནི་བགོ་བ་རྙེད་དོ། །རུས་སྦལ་ནི་འཐབ་བརྩོད་དོ། །ཁྱུ་མཆོག་ལ་ནི་བྱང་ཕྱོགས་ནས་འགྲོན་པོ་འོང་ངོ་། །བཟང་པོ་དང་གཏི་མུག་ལ་ནི་དེ་བཞིན་དུ་བགོ་བའོ། །འཕེལ་བའི་ཉི་མ་ལ་ནི། །མིག་པས་ས་འགུལ་བའི་འབྲས་བུ་ཡང་སྔ་མ་བཞིན་ནོ། །སའི་དབང་ཕྱུག་ལ་ནི་ཅིའི་མཚན་མར་ཡང་ནི་མི་འགྱུར་རོ། །རྨི་ལམ་ནི་འཐབ་བརྩོད་དོ། །བྱ་ཀུ་ལི་ལ་ལམ་རིངས་ཀྱི་གཏམ་ཐོས་པར་འགྱུར་རོ། །འབུགས་པ་ལ་ནི་ནོར་ཉམས་པར་འགྱུར་རོ། །སྨེ་བ་ལ་ནི་ནོར་བརྙེད་པར་འགྱུར་རོ། །ཡུགས་ས་མོ་ལ་ནི་

(༣༢༦)དུ་བར་སྟོན་ཏོ། །ཆུ་སྲིན་ལ་ནི་ཅིར་ཡང་མི་འགྱུར་རོ། །རུས་སྦལ་ལ་ནི་བགོ་བ་རྙེད་དོ། །ཁྱུ་མཆོག་ལ་ནི་གཏོར་བ་རྙེད་པར་འགྱུར་རོ། །བཟང་པོ་ལ་ནི་འགྲོན་པོ་འོང་པར་སྟོན་ཏོ། །གཏི་མུག་ལ་ནི་ཕོ་ཉ་དང་འཕྲད་དོ། །ཡང་རོ་ཧི་ཏའི་ཉི་མ་ལ། རྣ་བ་གཡས་པ་གཡའ་ན་བུ་མེད་དང་འཕྲད་དོ། །སའི་དབང་ཕྱུག་གིས་ནི་མཛེས་པར་འགྱུར་རོ། །རྨི་ལམ་གྱིས་ནི་མགུ་བར་འགྱུར་རོ། །བྱ་ཀུ་ལིས་ནི་བཏུང་བ་རྙེད་དོ། །བིཥྚི་ནི་ཅུང་ཟད་སྐྲག་པར་འགྱུར། རད་དས་ནི་མྱ་ངན་གྱིས་འཛིན་ཏོ། །མ་ཀ་རས་ནི་མཛེས་པར་འགྱུར་རོ། །ཀུར་མས་ནི་འགྲོན་པོ་འོང་ངོ་། །བྲེ་ཤ་བས་ནི་བྱམས་སྡུག་ཏུ་འགྱུར་རོ། །བཟང་པོས་ནི་མཉེས་པར་འགྱུར་རོ། །གཏི་མུག་གིས་ནི་ཅིར་ཡང་མི་འགྱུར་རོ། །རོ་ཧི་ཏའི་ཉི་མ་ལ་རྣ་བ་གཡོན་པ་གཡའ་ན། །བཟའ་བ་དང་བཏུང་བ་འོང་བར་འགྱུར་རོ། །སའི་དབང་ཕྱུག་གིས་ནི་དགེ་བར་འགྱུར་རོ། །རྨི་ལམ་གྱིས་ནི་སྔོན་མ་མཐོང་བ་ཅུང་ཟད་མཐོང་བར་འགྱུར་རོ། །བྱ་ཀུ་ལ་བཅིངས་པར་འགྱུར་རོ། །བིཥྚི་ལ་འཐབ་རྩོད་འབྱུང་ངོ་། །མི་ཀི་རི་ལ་གཞན་དག་འབྱུང་ངོ་། །ཏན་ཏྲ་ལ་ནི་གཏོར་རླག་ཐོས་པར་འགྱུར་རོ། །མ་ཀ་རས་ནི་ཤི་ཆད་ཐོས་པར་འགྱུར་རོ། །ཀུར་མ་ལས་མྱ་ངན་གྱིས་འཛིན་ཏོ། །བྲེ་ཤ་མ་ལས་དགེ་བར་སྟོན་ཏོ། །བཟང་པོས་ནི་གཏམ་ངན་ཐོས་པར་འགྱུར་རོ། །གཏི་མུག་གིས་ནི་ཅིར་ཡང་མི་འགྱུར་རོ། །རོ་ཧི་ཏའི་ཉི་མ་ལ་རྐན་འགུལ་ན། མི་ཆེན་པོ་འོང་ངོ་། །སའི་དབང་ཕྱུག་གིས་ནི་ཁྱིམ་དགེ་བར་འགྱུར་རོ། །

(༣༢༧)རྨི་ལམ་གྱིས་ནི་སུ་ཞིག་འོང་བར་འགྱུར་རོ། །བྱ་ཀུ་ལིས་ནི་བགོ་བ་རྙེད་དོ། །བིཥྚི་ནི་སེམས་ཁྲལ་སྐྱེའོ། །མི་ཀི་རིས་ནི་བདེ་སྟོན་ཏོ། །རན་དས་ནི་སྒྲག་གོ། །ལ་ཀ་རས་ནི་ཁྱིམ་འཕེལ་ལོ། །ཀུར་མས་ནི་སུ་ཞིང་འཆི་པར་སྟོན་ནོ། །ཁྱུ་མཆོག་གིས་ནི་འགྲོན་པོ་འོང་བར་སྟོན་ཏོ། །བཟང་པོས་ནི་ཆོམ་པོ་འོང་པར་སྟོན་ཏོ། །གཏི་མུག་གིས་ནི་ཁྱིམ་མཛེས་པར་སྟོན་ཏོ། །རོ་ཧི་ཏའི་ཉི་མ་ལ་ལུས་ཐམས་ཅད་གཡོ་ན། །འཐབ་རྩོད་དང་སྐྱོ་སྔོགས་འབྱུང་ངོ་། །སའི་དབང་ཕྱུག་གིས་ནི་ནོར་རྙེད་དོ། །རྨི་ལམ་གྱིས་ནི་འཇིགས་པར་འགྱུར་རོ། །བྱ་ཀུ་ལིས་ནི་མ་དང་ཕ་ལ་ཉེས་དོན་འབྱུང་ངོ་། །བིཥྚི་ནི་ལས་ཉེ་བར་གནས་པར་སྟོན་ནོ། །མི་ཀི་རིས་ནི་ཕ་མ་སྐྲག་པ་སྐྱེ་བ་སྟོན་པར་འགྱུར་རོ། །རན་དས་ནི་ལྷོ་ཕྱོགས་ནས་འགྲོན་པོ་འོང་བ་སྟོན་ཏོ། །མ་ཀ་རས་ནི་སྐྱ་བསང་འོང་བར་སྟོན་ཏོ། །ཀུར་མས་ནི་འགྲོན་པོ་བློ་བུར་དུ་འོང་ངོ་། །བྲེ་ཤ་བས་ནི་མྱ་ངན་སྐྱེའོ། །བིཥྚི་ནི་འཇིགས་པ་ཆེན་པོ་འབྱུང་ངོ་། །གཏི་མུག་གིས་ནི་སངས་རྒྱས་རྗེས་སུ་དྲན་ནོ། །རོ་ཧི་ཏིའི་ཉི་མ་ལ་རྐང་པའི་ཤ་འགུལ་ན་དགེའོ། །སའི་དབང་ཕྱུག་ཀྱང་དེ་བཞིན་ནོ། །རྨི་ལམ་གྱིས་ནི་གཏམ་འདྲི་བ་དག་འོང་ངོ་། །བྱ་ཀུ་ལིས་ནི་འཐབ་རྩོད་དོ། །བིཥྚི་ནི་བདག་པོ་མཛེས་པར་འགྱུར་རོ། །མི་ཀི་རིས་ཀྱང་འཐབ་རྩོད་དོ། །རན་དས་ནི་འཐབ་རྩོད་དང་སྐྱོ་སྔོགས་སུ་འགྱུར་རོ། །མ་ཀ་རས་ཀྱང་དེ་བཞིན་ནོ། །ཀུར་མས་ནི་དེ་ཉིད་དུ་སུ་ཞིག་འཆི་བར་སྟོན་ཏོ། །བྲེ་ཤ་བས་ནི་གོས་རྙེད་དོ། །བིཥྚི་ནི་ནད་དང་འཕྲད་པར་འགྱུར་རོ། །མོ་

(༣༢༨)ཧས་ནི་མྱ་ངན་དང་འཕྲད་པར་འགྱུར་རོ། །འཕེལ་བ་ནོར་རྒྱས་བུ་ཡིན་ཏེ། །གཏི་མུག་དེ་བཞིན་འཇོགས་པོ་ཡིན། །བཟང་པོ་སྟོབས་ཀྱིས་རྒྱུ་བ་སྟེ། །ཁྱུ་མཆོག་པདྨར་ཤེས་པར་བྱ། །རུས་སྦལ་དེ་བཞིན་པདྨ་ཆེ། །ཆུ་སྲིན་དུང་དུ་གསུང་བ་ཡིན། །ཡུགས་ས་མོ་ནི་མཐའ་ཡས་བཞེད། །རིགས་ལྡན་སྨེ་བར་ཤེས་པར་བྱ། །འབུགས་པ་མགོ་བརྒྱ་པ་ཞེས་བྱ། །འཕྱོ་བ་ཡིད་ཀྱིས་འགྲོ་བ་སྟེ། །རྨི་ལམ་རྩིགས་པ་ཞེས་བྱ་ཡིན། །སའི་དབང་ཕྱུག་ཆར་འབེབས་སོ། །ལྷ་མོ་བཅུ་གཉིས་འདི་དག་ནི། །ལོ་གནས་རྟེན་འབྲེལ་བཅུ་གཉིས་དངོས། །དེ་ལྟར་དེ་རྣམས་ཤེས་བྱས་ན། །དགེ་དང་མི་དགེ་བརྟག་པར་བྱ། །དེ་ནས་དུས་སུ་བགྲོད་པ་ནི། །བཤད་ཀྱིས་སྒྲུབ་པ་པོ་རྣམས་ཉོན། །དགའ་བ་སྐད་ཅིག་ཉིད་དང་ནི། །འབྲས་བུའི་ཡན་ལག་བྱེ་བྲག་རྣམས། །སུམ་གྱུར་དུ་ནི་བསྒྱུར་བྱས་སྟེ། །ཀུན་ལ་རྐང་པ་བཞི་ཡིས་དག །མདུད་པ་བཅད་ཅིང་འཆར་བ་ཡི། །དུས་ན་དེ་ལྟར་བརྗོད་པ་ཡིན། །ཆད་པ་བགེགས་དང་གཟའ་རྣམས་དང་། །མདུང་དང་དགྲ་རྣམས་ལྟུང་བ་དང་། །ཁྱིམ་པ་ཡི་ནི་དཔྱད་དག་ལ། །ལྟོ་ཕྱེ་ལྷོར་ནི་རྐོ་བ་དང་། །འགྲོ་འོང་སྦྱོར་བའི་བྱེ་བྲག་དང་། །ཚེ་དང་ནད་མེད་སྤེལ་བ་དང་། །དེ་བཞིན་ས་བོན་གདབ་པ་དང་། །ཕྱུགས་རྣམས་ཇི་ལྟར་གདུལ་བ་དང་། །བྲལ་དང་འདུ་དང་རྒྱལ་སྲིད་དང་། །རྙེད་པ་དག་ནི་སྤང་བྱ་ཞིང་། །ཡིད་ལས་བྱུང་དང་གཡུལ་འགྱེད་དང་། །སྡོང་བུའི་ཕུང་པོ་དེ་བཞིན་ཏེ། །བྱིས་པ་གསོ་བའི་བསྒྲུབ་པ་དང་། །མིག་སྨན་ཁྱད་པར་དེ་བཞིན་དེ། །དུས་དང་ཚོད་ལ་སོགས་པ་ཉིད། །ཉིན་དང་ཉིན་གྱིས་དབྱེ་བར་བྱ། །བཅུད་ཀྱིས་ལེན་དང་རྩི་རྣམས་གཉིས། །ལུས་ནི་ཡོངས་སུ་སྨིན་པར་བྱ། །

(༣༢༩)སེམས་འཕེལ་མཉམ་པར་འཇོག་པ་ཡིས། །སྲིད་དང་ཞི་བའི་རང་བཞིན་ཏེ། །དེ་ལྟར་ཅི་དང་བཅུད་ལེན་སོགས། །བློ་ལྡན་འབད་པས་ཤེས་བྱ་ཞེས། །དམ་ཚིག་ཀུན་དང་མཉམ་སྦྱོར་བའི། རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྣལ་འབྱོར་ཆེན་མོ་གསར་མ་ཡི། །རླུང་སེམས་གཉིས་ཀྱི་འདུས་ཚུལ་གྱིས། །རྒྱུད་དང་རྒྱུད་ཀྱི་འབྲེལ་ཚུལ་རྣམས། །ཅུང་ཟད་ཙམ་གཅིག་དབྱེ་བར་གྱི། །ཕྱི་སྣོད་ནང་བཅུད་འཁོར་བ་དང་མྱ་ངན་ལས་འདས་པའི་ཀུན་གཞི་དང་ཀུན་འབྱུང་ཐམས་ཅད་ཀྱི་སྐྱོན་དང་ཡོན་ཏན་བདེ་སྡུག་གི་འཁྲུལ་འཁོར་ཐམས་ཅད། རླུང་སེམས་གཉིས་ཀྱི་རྟེན་འབྲེལ་ལས་འབྱུང་བ་སྟེ། དེ་ཡང་གྲུབ་མཐའ་ཕྱི་རོལ་པ་སྲིད་པ་གཙུག་ལག་གི་དབང་དུ་བྱས་ན། ལོ་སྐོར་བཅུ་གཉིས་པར་ཁམས་བཅོ་བརྒྱད་དུ་བཞེད་པ་ཡིན། སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ་གྱི་དབང་དུ་བྱས་ན། རྟེན་འབྲེལ་བཅུ་གཉིས་སུ་བཞེད་པ་སྟེ། རྣལ་འབྱོར་ཆེན་པོ་གསར་མའི་དབང་དུ་བྱས་ན། དུས་བཅུ་གཉིས་ཨཱ་ལི་བཅུ་གཉིས། མཁའ་འགྲོ་མ་བཅུ་གཉིས། རླུང་ལྔ་འམ་ཉི་ཤུ་རྩ་ལྔ་འབྱུང་བ་ལྔ། རྒྱུ་སྐར་གྱི་ལྷ་མོ་ཉི་ཤུ་རྩ་བདུན་ལ་སོགས་པ་རྣམས་ཀྱང་། རླུང་སེམས་མཁའ་འགྲོའི་དཀྱིལ་འཁོར་དུ་གཏན་ལ་འབེབས་པ་སྟེ། དེ་ཡང་ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད། །ཨེ་ཝཾ་བཞི་དང་འཁོར་ལོ་བཞིའི་དཀྱིལ་འཁོར་དུ་བཞེད་པའོ། །དེ་ལ་དུས་ཐུང་ངུ་ནས་རྩི་བ་ཉིན་ཞག་ཕྲུགས་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་། རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་ཀྱི་གནས་སུ་རྒྱུ་བ་ལས། ཐིག་ལེ་འབྱུང་བ་ལྔའི་ཐིག་ལེ། ཡུལ་དང་ཡུལ་ཅན་དཀར་དམར་གཉིས་སུ་དབྱེ་བ་ལས། དེ་གཉིས་ལ་ཡང་རེ་རེ་

(༣༣༠)དེ་ལ་ཡང་ཉི་ཤུ་རྩ་ལྔ་ལྔར་དབྱེ་བ་སྟེ། །དེ་གཉིས་གཅིག་ཏུ་སྡེབས་པ་ལས་ལྔ་བཅུ་ཐམ་པ་སྟེ། རྩ་རླུང་བྱང་ཆུབ་ཀྱི་སེམས་ཐམས་ཅད་ཀྱང་སེམས་དངོས་པོ་བཤིས་ཀྱི་གནས་ལུགས་ངོ་བོ་གཅིག་ལ་བཤིས་ལྔ་ལྡན་དུ་གནས་པའི་ཕྱིར་ན། སེམས་རྟོགས་པ་དང་མ་རྟོགས་པའི་རྟེན་འབྲེལ་གྱི་འཁོར་ལོའོ། །དེ་ཡང་འདི་རུ་ས་མཚམས་དབྱེ་བར་བྱ། ཉིན་ཞག་གཅིག་ལ་ཉིན་མོའི་དུས་སུ་ཐུན་བཅུ་གཉིས། མཚན་མོའི་དུས་སུ་ཐུན་བཅུ་གཉིས་ཏེ། སྔ་ཐུན་དང་པོ་ཐུན་ཚོད་བཞི། གུང་ཐུན་བར་པ་ཐུན་ཚོད་བཞི། ཕྱི་ཐུན་ཐ་མ་ཐུན་ཚོད་བཞི་དང་བཅུ་གཉིས་ཏེ། མཚན་མོའི་ཐུན་ཚོད་ཀྱང་དེ་བཞིན་དུ་ནི་ཤེས་པར་བྱ། ཆུ་ཚོད་དང་ནི་དབྱུག་གུ་སྟེ། །ཆུ་ཚོད་དྲུག་བཅུར་རྩིས་པ་ཡི། །རླུང་གི་འགྲོ་འོང་གནས་གསུམ་མ་ནོར་ཞིང་། །ཐུན་ཚོད་དུ་ནི་རྩི་བར་བྱ། །སྔ་ཐུན་དང་པོ་ནས་བརྩི་བ་ནི། །བྱི་བ་གླང་སྟག་ཡོས་བུ་བཞི། །ཆུ་ཚོད་དང་སྦྱར་ཏེ་རྩི་བ་བྱའོ། །གུང་ཐུན་བར་སའི་དུས་སུ་རྩི་བ་ནི་འབྲུག་སྦྲུལ་རྟ་ལུག་བཞི་རུ་ཤེས་པར་བྱ། ཕྱི་ཐུན་ཐ་མའི་དུས་སུ་ནི། སྤྲེལ་བྱ་ཁྱི་ཕག་བཞི། སྲིད་པ་ཙུག་ལག་གི་དབང་དུ་བྱས་ན། ལོ་སྐོར་བཅུ་གཉིས་དག་ཏུ་བཞེད་པ་ཡིན། །སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ་གྱི་དབང་དུ་བྱས་ན། སྔ་ཐུན་དང་པོའི་དུས་སུ་མ་རིག་པ་དང་འདུ་བྱེད། རྣམ་པར་ཤེས་པ་མིང་དང་གཟུགས། གུང་ཐུན་བར་པའི་དུས་སུ་སྐྱེ་མཆེད་དྲུག་རེག་པ་ཚོར་བ་སྲེད་པ་བཞི། ཕྱི་ཐུན་ཐ་མའི་དུས་སུ། ལེན་པ་སྲིད་པ་སྐྱེ་བ་རྒ་ཤི་བཞི། དུས་དང་དུས་ཀྱི་འཁོར་བ་སྟེ། དེ་རེ་རེ་ལ་ཡང་འབྱུང་བ་ལྔ་ལྔ་དང་སྦྱར་ཏེ། བྱ་བ་དགེ་སྡིག་ལས་སྣ་ཚོགས་འདི་རྣམས་ཀྱི་གནས་དང་དུས་རྟེན་འབྲེལ་འགྲིག་པ་དང་།

(༣༣༡)མ་འགྲིག་པ་ལས། རྟེན་འབྲེལ་སྣ་ཚོགས་དུས་ཀྱི་འཁོར་ལོ་ཤར་བའོ། །རྣལ་འབྱོར་ཆེན་པོ་གསར་མའི་རྒྱུད་སྡེ་རྣམས་ཀྱི་བཞེད་ལུགས་ཀྱིས། སྔ་ཐུན་དང་པོ་ལ་ཨ་ཨཱ་གཉིས་དང་ཨི་ཨཱི་བཞི་རུ་བཞེད་པ་ཡིན། གུང་ཐུན་བར་པ་ལ་ཨུ་ཨཱུ་གཉིས་དང་ཨེ་ཨཻ་བཞི་རུ་རྒྱུ་ཞིང་གནས་པ་ཡིན། ཕྱི་ཐུན་ཐ་མ་ལ་ཨོ་ཨཽ་གཉིས་དང་ཨམ་ཨ་བཞི་རུ་རྒྱུ་ཞིང་གནས་པ་ལ། ཨཱ་ལི་བཅུ་གཉིས་དག་ཏུ་བཞེད། །དབྱངས་ཀྱི་ཡི་གེ་བཅུ་གཉིས་ཀྱང་། །རེ་རེ་ལ་ཡང་ལྔ་ལྔ་སྟེ། །འབྱུང་པ་ལྔའི་ངོ་བོར་ཤེས་པར་བྱ། །ཡང་ན་མཁའ་འགྲོ་བཅུ་གཉིས་ཏེ། །ཕྱི་ནང་ཐེག་པའི་བྱེ་བྲག་གིས། །མིང་ལ་ཐ་དད་ཡོད་ན་ཡང་། །དོན་ལ་ངོ་བོ་གཅིག་པ་སྟེ། །ཉིན་མོའི་ཆ་དང་བསྟུན་ནས་སུ། །མཚན་མོ་ཡང་འདི་ལྟར་དུ་ཤེས་པར་བྱ། །འདི་ཕྱི་ནང་གསང་གསུམ་གྱི་རྩི་ལུགས་དང་། རླུང་སེམས་ཀྱི་རྒྱུ་ལུགས་ཏེ། གཟའ་དང་སྐར་མ་ལ་སོགས་པ་རྟེན་འབྲེལ་འགྲིག་པ་དང་མ་འགྲིག་པ་ལས། འཇིག་རྟེན་འདི་ན་བདེ་སྡུག་སྣ་ཚོགས་འབྱུང་བ་སྟེ། །ཤེས་རབ་ལྡན་ཞིང་མཁས་པ་ཡིས། །འདི་ཡི་བྱེ་བྲག་ཤེས་པར་བྱ། །རྡོ་རྗེ་མཁའ་འགྲོའི་རྒྱུད་ཀྱི་བཞེད་པ་ཡིས། །ཐམས་ཅད་མཁའ་འགྲོར་གཏན་ལ་འབེབས་པ་སྟེ། །ཡུན་ཐུང་ངུའི་རིང་པོ། །ཉིན་ཞག་ཕྲུགས་གཅིག་གི་རྩི་ལུགས་དང་། །རླུང་སེམས་ཀྱི་འདུས་ཚུལ་མདོར་བསྡུས་ཏེ་བསྟན་པའོ། །སྲིད་པ་ཙུག་ལག་གི་དབང་དུ་བྱས་ན། །ཟླ་བ་ཕོ་དྲུག་མོ་དྲུག་སྟེ་བཅུ་གཉིས་དག་ཏུ་བཞེད་པ་ཡིན། །རླུང་སེམས་རྩི་བའི་མགོ་འཛུགས་པ་ནི། །དཔྱིད་ཟླ་ར་བའི་ཚེས་གཅིག་ནས་གཟུང་སྟེ་ཉི་མ་བྱང་དུ་འགྲོ་བའི་དུས་སུ་ཟླ་བ་བཅུ་གཉིས། རེ་རེ་ལ་ཡང་ལོ་སྐོར་བཅུ་གཉིས་ཀྱི་འབྱུང་བ་

(༣༣༢)དང་སྦྱར་ཏེ། །རིམས་དང་རིམ་གྱིས་རྩི་བར་བྱ། །ཕྱོགས་དང་ཕྱོགས་ཀྱི་དབང་དུ་བྱས་ན། །ཤར་གྱི་ཕྱོགས་ནས་གཟུང་སྟེ། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་དང་བཅུ་སྟེ། རིམ་དང་རིམ་གྱིས་སྦྱོར་ཞིང་བཀོད་ཤེས་པར་བྱའོ། །ལོ་སྐོར་བཅུ་གཉིས་སུ་མིང་འདོགས་པ་དང་། ཟླ་བ་བཅུ་གཉིས་སུ་མིང་འདོགས་པ་དང་། རྟེན་འབྲེལ་བཅུ་གཉིས་སུ་མིང་འདོགས་པ་དང་། འབྱུང་བ་ལྔ་ལས་འབྱུང་བ་ཉི་ཤུ་རྩ་ལྔར་མིང་འདོགས་པས་ཏེ། ཕྱི་ནང་གི་གྲུབ་མཐའ་སྣ་ཚོགས་ཀྱི་བཞེད་ལུགས་ཡོད་ན་ཡང་། ཁྱད་པར་དུ་རྣལ་འབྱོར་ཆེན་པོ་གསར་མའི་རྡོ་རྗེ་མཁའ་འགྲོ་ཐབས་དང་ཤེས་རབ་ཀྱི་རླུང་སེམས་གཉིས་ཀྱི་རང་བཞིན་ངོ་བོ་མཚན་ཉིད་ཨཱ་ལི་ཀཱ་ལིའི་ཡི་གེའི་འཁོར་ལོར་གཏན་ལ་འབེབས་པ་སྟེ། རིགས་ལྔ་ཡུམ་ལྔ་མཁའ་འགྲོ་བཅུ་གཉིས་སུ་རླུང་སེམས་གདོད་མ་ནས་གནས་པ་སྟེ། དེ་ལ་ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་རླུང་སེམས་མཁའ་འགྲོའི་རྩི་ལུགས་ཡོད་པ་ལས། དབང་པོ་ཐ་མས་ལོ། །སྐོར་དང་རྟེན་འབྲེལ་བཅུ་གཉིས་ཀྱི་གཟའ་སྐར་ལ་བརྟེན་ཏེ་རྩི་བ་ཡིན། དབང་པོ་འབྲིང་གིས་ཨཱ་ལི་ཀཱ་ལི་གཉིས་ཀྱི་སྦྱོར་བ་ཆོས་འབྱུང་རེའུ་མིག་གི་དཀྱིལ་འཁོར་ལ་བརྟེན་ཏེ་རྩི་བ་ནི་ནང་ལྟར་རྩི་བའོ། །དབང་པོ་ཡང་རབ་ཀྱིས་ཐབས་དང་ཤེས་རབ་དབྱེར་མེད་རླུང་སེམས་ཀྱི་དཀྱིལ་འཁོར་དུ། འཁོར་ལྔ་ས་བོན་ལྔ་རྩ་རླུང་བྱང་ཆུབ་སེམས་ཀྱི་དུས་དང་དུས་གནད་ཀྱི་འཁོར་ལོ་ཡིས། རླུང་སེམས་ཅི་ལྟར་འདུས་པ་བཞིན་དུ་སྐྱོན་དང་ཡོན་ཏན་སྣ་ཚོགས་འབྱུང་པ་སྟེ། གསང་བ་ལྟར་རྩི་བའོ། །དེ་ཁོ་ན་ཉིད་དབང་པོ་རབ་ཀྱིས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཕྱག་རྒྱ་ཆེན་པོ་ལྷན་ཅིག་

(༣༣༣)སྐྱེས་པའི་ཡེ་ཤེས་སུ་རྟོགས་ཤིང་གོམས་འདྲིས་མཐར་ཕྱིན་པའི་དུས་སུ། སྤྱན་ལྔ་མངོན་ཤེས་དྲུག་ལ་སོགས་པའི་སངས་རྒྱས་ཀྱི་སྐུ་གསུམ་གྱི་ཡོན་ཏན་ཕྲིན་ལས་ཤུགས་ལ་འབྱུང་པ་སྟེ། དེ་ལ་བརྩི་བྱ་རྩི་བྱེད་རྩོལ་སྒྲུབ་གང་ཡང་མེད་དོ། །དེའི་ཕྱིར་ན་འདི་རུ་ས་མཚམས་དབྱེ་བ་ནི། ནང་དང་གསང་བའི་རླུང་སེམས་འདུས་ཚུལ་ལྟར་གཏན་ལ་འབེབས་པ་སྟེ། མཁའ་འགྲོ་དང་མཁའ་འགྲོའི་གནས་དང་མཁའ་འགྲོ་རྒྱུ་བའི་དུས་ཚོད་ཀྱང་རྣམ་པ་གཉིས་ཡིན་ཏེ། ཟླ་བ་བཅུ་གཉིས་ཡིན་ཏེ། ཟླ་བ་བཅུ་གཉིས་མཁའ་འགྲོ་བཅུ་གཉིས་སུ་གཏན་ལ་འབེབས་པ་སྟེ། བྱི་བའི་ལོ་ནས་མགོ་གཟུང་སྟེ། ཕག་གི་ལོའི་བར་དུ་མཁའ་འགྲོ་བཅུ་གཉིས་སུ་གཏན་ལ་འབེབས་པ་སྟེ། མཁའ་འགྲོ་མ་མགོ་བརྙན་ཅན་བཅུ་གཉིས་སུ་ཤེས་པར་བྱའོ། །རེ་རེ་ལ་ཡང་ལྔ་ལྔ་སྟེ། ལྔ་ཚན་ལྔ་རུ་ཤེས་པར་བྱ། །འདི་རྣམས་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་བར་སྣང་ནམ་མཁའ་ས་གཞི། ཕྱོགས་མཚམས་ཀུན་ཏུ་རྒྱུ་ཞིང་བྱ་བ་དང་བྱ་བ་མ་ཡིན་པ་སྣ་ཚོགས་བསྒྲུབ་པ་སྟེ། འདི་རྣམས་ཀུན་རྫོབ་ལྟར་འབྱུང་པ་ལྔའི་རྟེན་འབྲེལ་དང་འདུ་འཕྲོད་འགྲིག་པ་དང་མ་འགྲིག་པ་ལས། འཇིག་རྟེན་ན་ལྟས། བཟང་ངན་སྣ་ཚོགས་འབྱུང་པ་སྟེ། འདི་རྣམས་ཀྱང་ནང་བཅུད་ཀྱི་འགྲོ་བ་སེམས་ཅན་རྣམས་ཀྱི་ལས་དགེ་སྡིག །བསོད་ནམས་དང་བསོད་ནམས་མ་ཡིན་པའི་ཚོགས་ཤས་ཆེ་ཆུང་གི་དབང་གིས། སེམས་ཅན་སྤྱི་མཐུན་གྱི་ལས་ལས་འབྱུང་པའོ། །དེའི་ཕྱིར་ན་ནང་བཅུད་ཀྱི་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ཀྱི་ཡང་། ལུས་ངག་ཡིད་གསུམ་རྩ་གནས་རླུང་སེམས་ཀྱི་དཀྱིལ་འཁོར་དུ་ཡི་གེའི་ངོ་བོར་གནས་པ་དང་།

(༣༣༤)རྩ་གསུམ་མཁའ་འགྲོ་དང་འཇིག་རྟེན་གྱི་དྲེགས་པ་ཕོ་མོའི་ངོ་བོར་གནས་པ་སྟེ། འཇིག་རྟེན་འདིར་ཡང་རླུང་སེམས་བཟང་ངན་འབྲིང་གསུམ་ཅི་ལྟར་དུ་འདུས་པ་བཞིན་དུ། སྐྱེ་བ་འདིར་ཡང་བྱ་བ་བཟང་ངན་སྣ་ཚོགས་ཚེ་རིང་ཐུང་། སྐྱེ་རྒས་ན་འཆི་རྒུད་པ་ལ་སོགས་པའི་ལས་རྣམས་བསྒྲུབ་པ་སྟེ། དེའི་ཕྱིར་ན་སྲོག་རྩོལ་མཁའ་འགྲོའི་གནད་ཀྱིས། དབང་པོ་ཡང་རབ་རླུང་སེམས་གཉིས་ལ་རྟེན་འབྲེལ་བསྒྲིགས་ན། རྟགས་དང་ཡོན་ཏན་དགེ་དང་མི་དགེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒྱུ་འབྲས་ཐམས་ཅད་ད་ལྟ་ཉིད་དུ་མངོན་དུ་འཆར་བར་འགྱུར་རོ། །དེའི་ཕྱིར་ན་རླུང་འགྲོ་འོང་གནས་གསུམ་རྒྱུ་བ་དང་ལྡོག་པའི་དུས་སུ། དུས་ཀྱི་འཁོར་ལོ་ལ་མཁས་ཤིང་། རླུང་ཉི་ཤུ་རྩ་ལྔ་ལ་སོགས་སྟེ་ལྔ་ལྔ་དང་བཅུ་གཉིས་པོ་གྲངས་ཅན་གྲངས་མེད་རྣམས་ལ། གོམས་པའི་སྟོབས་ཀྱིས་དབང་ཐོབ་པར་བྱའོ། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ཁྱད་པར་དུ་གསང་སྔགས་གསར་མའི་རྣལ་འབྱོར་བླ་ན་མེད་པའི་ཐབས་དང་ཤེས་རབ་དབྱེར་མེད་རྒྱ་མཚོ་མཐའ་ཡས་ལས། ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་རླུང་སེམས་གཉིས་ཀྱི་དཀྱིལ་འཁོར་དུ་རྟེན་འབྲེལ་བཅུ་གཉིས། ཨཱ་ལི་བཅུ་གཉིས་ཀཱ་ལི་ལ་སོགས་པ་བཞི་བཅུ་ཞེ་དགུ་མཁའ་འགྲོ་བཅུ་གཉིས། ཕྱི་ནང་གསང་གསུམ་མཁའ་འགྲོ་རྒྱ་མཚོར་གཏན་ལ་འབེབས་པའི་བར་སྐབས་སོ། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ཁྱད་པར་དུ་རྣལ་འབྱོར་བླ་མེད་གསར་མའི་ཐབས་དང་ཤེས་རབ་དབྱེར་མེད་རྒྱ་མཚོ་མཐའ་ཡས་ལས། ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་ཨཱ་ལི་

(༣༣༥)ཀཱ་ལིའི་སྦྱོར་བ་ཡིས། འཁྲུལ་འཁོར་ཐམས་ཅད་ཕྱོགས་མེད་དུ་དུས་དང་དུས་ཀྱི་འཁོར་བ་ལས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་དང་མི་དགེ་རྒྱུ་དང་འབྲས་བུ་སྣ་ཚོགས་ཨཱ་ལི་ཀཱ་ལིའི་རྟེན་འབྲེལ་འགྲིག་པ་དང་མ་འགྲིག་པ་ལས་སྣ་ཚོགས་སུ་འབྱུང་བར་འགྱུར་ཏེ། དེ་ལ་ཕྱི་ལྟར་དུ་འཁྲུལ་འཁོར་སྣ་ཚོགས་ཀྱིས་གཏན་ལ་འབེབས་པ་སྟེ། དེ་ལ་ཤོག་བུ་འམ་རས་ལ་སོགས་པ་ལ་དཀྱིལ་འཁོར་གྲུ་བཞི་མུ་ཁྱུད་ཀྱི་དབུས་སུ་ཆོས་འབྱུང་རྐྱང་པ་ལས། རེའུ་མིག་བཞི་བཅུ་རྩ་དགུ་དང་ལྡན་པ་བྲིས་ནས། དེ་ལ་ཨཱ་ལི་ཀཱ་ལི་ཡི་གེ་བཞི་བཅུ་རྩ་དགུ་བྲིས། ཕྱི་གཟུགས་བརྙན་ཀུན་རྫོབ་ཀྱི་ཡི་གེ་མ་ནོར་ཞིང་ལེགས་པར་བྲིས་ནས། ཤར་ཕྱོགས་ནས་གཟུང་སྟེ་ནང་རླུང་གི་འགྲོ་སྡོག་དང་། ཕྱི་དུས་ཀྱི་ཉིན་མཚན་གྱི་ཆ་ནས་མ་ནོར་བར་རྩིས་ཤིང་། ཕྱིའི་ཨཱ་ལིའི་ཚོགས་དང་པས་ཀཱ་ལི་ཚོགས་གྲངས་མང་ཡང་། ཕྱི་སྲིད་པ་གཙུག་ལག་ལྟར་ན་ལོ་སྐོར་བཅུ་གཉིས་སྤྲུལ་སྐུའི་བསྟན་པ་མཚན་ཉིད་དབང་དུ་བྱས་ན་རྟེན་འབྲེལ་བཅུ་གཉིས། གསང་སྔགས་གསར་མའི་རླུང་སེམས་ལྟར་ན། མཁའ་འགྲོ་བཅུ་གཉིས། གསང་བ་རླུང་སེམས་ཀྱི་དབང་དུ་བྱས་ན། ཨཱ་ལི་དང་ཀཱ་ལིའི་ཚོགས་ཏེ། དེ་རྣམས་ཀྱང་ཚིག་ལ་ཐ་དད་ཡོད་ཀྱང་། དོན་གཅིག་ཏུ་གོ་ཞིང་ཤེས་པར་བྱ་སྟེ། རྩ་རླུང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་རླུང་སེམས་གཉིས་ལ་དབང་ཐོབ་ན། ཕྲིན་ལས་རྣམ་བཞི་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད། འཇིག་རྟེན་དང་འཇིག་རྟེན་ལས་

(༣༣༦)འདས་པའི་བྱ་བ་སྣ་ཚོགས་ལུས་སེམས་གཉིས་ཀྱི་དཀྱིལ་འཁོར་དུ་རླུང་སེམས་ཀྱི་འཁྲུལ་འཁོར་སྣ་ཚོགས་པ་སྟོན་པ་སྟེ། འཁྲུལ་འཁོར་གྱི་བྱེ་བྲག་བསྒོམ་པ་དང་། ཕྱི་བྲིས་པའི་དཀྱིལ་འཁོར་གཉིས་ལ་བརྟེན་ནས། ལས་རབ་འབྱམ་རྒྱ་མཚོ་འགྲུབ་པར་འགྱུར་རོ། །སྐབས་འདིར་རྣལ་འབྱོར་བླ་མེད་ཕ་རྒྱུད་མ་རྒྱུད་ཀྱི་previous hit དགོངས next hit། ཐབས་དང་ཤེས་རབ་དབྱེར་མེད་རླུང་སེམས་ཀྱི་འཁོར་ལོ་རླུང་ཉི་ཤུ་རྩ་ལྔའི་འདུས་འཕྲོད་དང་། རང་བཞིན་གྱི་ཡི་གེ་སེམས་ཀྱི་གནས་ལུགས་ཡིན། ཀུན་རྫོབ་ཀྱི་ཨཱ་ལི་ཀཱ་ལི་སེམས་ཅན་རྣམས་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་དང་བསྟུན་ནས། འདིར་ཕྱི་ནང་གི་འཁྲུལ་འཁོར་རླུང་སེམས་རྟེན་འབྲེལ་ལོག་པར་འགྲིག་པ་ཁམས་གསུམ་འཁོར་བ་སའི་རླུང་སེམས་ཀྱི་འདུས་ཚུལ་དང་། རླུང་སེམས་ཀྱི་གནད་ཟབ་མོས་ཐབས་དང་ཤེས་རབ་དབྱེར་མེད་དུ་ལམ་བསྒྲོད་པའི་ལུགས། རྡོ་རྗེ་འཆང་གི་གསུང་དང་གྲུབ་ཐོབ་བརྒྱུད་པའི་བླ་མའི་གདམ་ངག་ཉམས་མྱོང་ཚད་མ་བཞི་ལྡན་གྱི་ཕྱི་དང་ནང་གི་རྩི་ལུགས་དང་། ཡོན་ཏན་གྱི་འཆར་ལུགས་དང་འཇིག་རྟེན་འདིའི་དགེ་མི་དགེ་ལྟས་སྣ་ཚོགས་འབྱུང་བ་ལས། དེ་སོ་སོར་འབྱེད་ཅིང་བརྟག་པའི་ཐབས་རྣམས་ད་ནི་རྒྱས་པར་བསྟན་པར་བྱ་སྟེ། ཉམས་དང་རྟོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྐྱོན་དང་ཡོན་ཏན་སྒྲ་དང་དོན་སོ་སོར་རྟོགས་ཤིང་མཁས་པར་འདོད་པ་ཐམས་ཅད་ཉོན་ཅིག །རིན་ཆེན་ཁ་སྦྱོར་ཞེས་བྱ་བའི་འཁྲུལ་འཁོར་གསུངས་པ་ནི། མདོར་བསྡུས་པ་ནི་བརྗོད་བྱ་བ། །དེ་ནི་བདག་གིས་བཤད་ཀྱིས་ཉོན། །རིགས་ལྡན་དང་ནི་རྟ་ཡི་འགྲོས། །གཤིན་རྗེ་ཡི་དྭགས་དེ་བཞིན་དུ། །གཞན་ཡང་རོ་ལངས་ཟུངས་དང་ནི། །སྲིན་མོ་ཡི་ནི་ཁྱད་པར་གྱིས། །དེ་ནས་རིམ་དང་ཕྱི་

(༣༣༧)རོལ་རིམ། །ངེས་འཇོམས་སྒོ་དང་སྟོང་པ་དང་། །གྲང་ཡི་མཐར་ནི་རྡོ་རྗེ་ལྡན། །འཁྲུལ་འཁོར་ཆེན་པོ་བཅུ་གཉིས་ནི། །སྔགས་ཀྱི་ཕྲེང་བས་ཁྱད་པར་བྱས། །རིམ་པ་འདི་བཞིན་བརྗོད་པ་ཡིན། །གྲུ་བཞི་ཤིན་ཏུ་ཚད་ལྡན་ཞིང་། །རེའུ་མིག་བཞི་བཅུ་དགུར་ལྡན་པ། །སྔགས་པས་མཉམ་པར་གཞག་སྟེ་བྱ། །དང་པོ་ཡི་ནི་ཕྲེང་བ་གཉིས། །ལྷག་བཅས་ཨ་ལ་སོགས་པ་དགོད། །རེའུ་མིག་ལྷག་མ་རྣམས་ལ་ནི། །ཀ་ལ་སོགས་པ་མདོར་བསྡུས་པའི། །ཡི་གེ་ཐམས་ཅད་ཅི་རིགས་པར། །གོ་རིམས་བཞིན་དུ་དགོད་པར་བྱ། །དབུས་ཀྱི་རེའུ་མིག་སྟོང་པ་ལ། །ཀ་ཤ་ཞེས་བྱའི་ཡི་གེར་ནི་གནས་པའི་ས་ནི་བྲི་བར་བྱ། འཁོར་ལོ་རི་མོ་ཉིས་བསྐོར་ལ། །རི་མོའི་བར་དུ་རྣལ་འབྱོར་པས། །ཕྲེང་བ་ལ་སོགས་བསྡུས་ཏེ་དགོད། །ཕྱི་རོལ་པདྨ་འདབ་བརྒྱད་ལ། །དབང་པོར་ཀ་སྟེ་ལུས་ངན་ཚ། །ཆུ་ལྷ་གཤིན་རྗེར་ཌ་དང་ཏ། །རླུང་དང་མེ་དང་དབང་ཆེན་ཆུ། །དེ་ལྟར་ཡ་ར་ལ་ཝ་དགོད། །འབྱུང་བ་ཆེན་པོ་ཁམས་ཞེས་བྱ། །སླར་ཡང་ཕྱི་རོལ་གྲུ་བཞི་པ། །རླུང་དང་མེ་དང་བདུད་རྩི་ཡི། །གཤིན་རྗེ་འཇོམས་མ་ལ་སོགས་ཏེ། །ཤ་ཥ་ས་ཧར་བསྟན་པ་དགོད། །རྀ་རཱྀ་ལྀ་ལཱྀ་ཞེས་བྱ་བ། །མ་ནིང་ཞེས་བྱར་བསྟན་པ་བཞི། །སྒོ་བཞི་ཏུ་ནི་དགོད་པར་བྱ། །ཆོ་གའི་སྦྱོར་པ་དེ་ལྟ་བུས། །སྔགས་ཀྱི་རྒྱལ་པོ་དེ་ནས་དགོད། །འབུགས་པ་རྨི་ལམ་ཟླ་ཕྱེད་ལྡན། །རེའུ་མིག་དང་པོ་བརྒྱན་པར་བྱ། །གཉིས་པ་བདེན་བྲལ་ཕྱི་རོལ་གཟུང་། །རུས་སྦལ་དང་ནི་ལྡན་པར་དགོད། །རེའུ་མིག་གསུམ་པ་ལ་གནས་པ། །དབུ་མ་ཡི་ནི་ཐ་མ་

(༣༣༨)གཟུང་། །དེ་ཉིད་ཀྱི་ནི་བཞི་པར་གནས། །རེའུ་མིག་བཞི་པར་གནས་ལྷོ་མཐའ། །བཟང་པོའི་ས་ནི་སྤྱི་བོར་བརྒྱན། །བདེན་བྲལ་ཕྱི་རོལ་གཟུང་ནས་ནི། །རུས་སྦལ་དང་ནི་ལྡན་པར་བྱ། །རེའུ་མིག་ལྔ་པར་ཡང་དག་དགོད། །དབུ་མའི་མཐའ་མ་གཟུང་ནས་སུ། །དེ་ཉིད་ཀྱི་ནི་བཞི་པར་གནས། །རེའུ་མིག་དྲུག་པ་བརྒྱན་པར་བྱ། །རླུང་མཚམས་ཕྱི་རོལ་གཟུང་ནས་སུ། །རུས་སྦལ་ཟླ་ཕྱེད་ཐིག་ལེར་ལྡན། །རེའུ་མིག་བདུན་པ་དགོད་པར་བྱ། །རེའུ་མིག་ལ་གནས་བརྒྱད་པ་རླུང་། །མ་ནིང་དང་པོ་བསྟན་བཞུགས་ཤིང་། །དང་པོའི་གསུམ་པ་དགུ་པར་དགོད། །ཉི་ཤུ་པ་ཡི་བརྟན་བཞུགས་པ། །རླུང་གི་ཕྱི་རོལ་གཟུང་ནས་ནི། །གཏི་མུག་བརྒྱན་པར་བཅུ་པར་དགོད། །ཉི་ཤུ་རྩ་གཅིག་པ་ཉིད་ནི། །རེའུ་མིག་བཅུ་གཅིག་པ་ལ་དགོད། །བཅུ་གཉིས་རླུང་གིས་བརྒྱན་པར་བྱ། །རུས་སྦལ་གྱི་ནི་བརྟན་བཞུགས་པའི། །རླུང་གི་ཕྱི་རོལ་ཟླ་དུམ་དང་། །ཐིག་ལེས་བརྒྱན་པ་བཅུ་གསུམ་དགོད། །བཅུ་བཞི་པ་ཡང་དེས་བརྒྱན་བྱ། །དབུ་མ་ཡི་ནི་དང་པོ་ཡིས། །རེའུ་མིག་བཅོ་ལྔ་སྤྲས་པར་བཞེད། །གཏི་མུག་གིས་ནི་བརྒྱན་པ་ཡིས། །དབུ་མའི་དབུ་མ་བཅུ་དྲུག་པར། །དབུ་མའི་དབུ་མའི་བསྟན་བཞུགས་པར། །བཟང་པོ་ཡི་ནི་མགོར་བརྒྱན་པ། །ལྷོ་མཐའ་བཅུ་བདུན་པར་ནི་དགོད། ལྷོ་ཡི་དབུ་མར་རླུང་གིས་ནི། །བརྟན་སྦྱིན་གཏི་མུག་བརྒྱན་པར་བྱ། །རེའུ་མིག་བཅོ་བརྒྱད་པ་ལ་བགོད། །རེའུ་མིག་བཅུ་དགུ་པར་གནས་པ། །མི་ནི་ཨ་ཡིས་བརྒྱན་པ་ཡིན། །རུས་སྦལ་དང་ནི་ལྡན་པ་ཡི། །རླུང་གི་ཕྱི་

(༣༣༩)རོལ་ཟླ་དུམ་དང་། །ཐིག་ལེས་བརྒྱན་པ་ཉི་ཤུ་དགོད། །དབུ་མའི་གཉིས་པ་ཕན་པའི་མཆོག །རེའུ་མིག་ཉི་ཤུ་གཅིག་པར་དགོད། །ལྷོ་མཐའ་ཡི་ནི་སྟན་བཞུགས་པའི། །རླུང་གི་ཕྱི་རོལ་གཟུང་ནས་སུ། །གཏི་མུག་ལྡན་པ་ཉི་ཤུ་གཉིས་། །དང་པོ་ཡི་ནི་གསུམ་པ་ཡིས། །རེའུ་མིག་ཉི་ཤུ་གསུམ་པ་བརྒྱན། །རེའུ་མིག་ཉི་ཤུ་རྩ་བཞི་པ། །ནུབ་ཕྱོགས་དང་པོ་ལྡན་པར་བྱ། །རེའུ་མིག་ཉི་ཤུ་རྩ་དྲུག་པ། །བྱང་གི་དབུ་མར་ལྡན་པར་དགོད། །རེའུ་མིག་ཉི་ཤུ་རྩ་བདུན་པ། །དབུ་མ་ཡི་ནི་གཉིས་པས་བརྒྱན། །རེའུ་མིག་ཉི་ཤུ་རྩ་བརྒྱད་ལ། །ནུབ་ཕྱོགས་ཀྱིས་ནི་མཛེས་པར་བྱ། །དང་པོའི་དབུ་མ་གཟུང་ནས་ནི། །རི་ཞེས་བྱ་བ་འོག་ཏུ་སྦྱིན། །རེའུ་མིག་ཉི་ཤུ་དགུ་པར་དགོད། །དབུ་མ་ཡི་ནི་བཞི་པ་ཡིས། །རེའུ་མིག་སུམ་བཅུ་པ་ལ་བརྒྱན། །དེ་ཉིད་ཀྱི་ནི་བཞི་པ་ཡིས། །རེའུ་མིག་སུམ་བཅུ་གཅིག་པས་བརྒྱན། །རུས་སྦལ་ཐིག་ལེར་ལྡན་པ་ཡིས། །རླུང་གི་ཕྱི་རོལ་གཟུང་ནས་ནི། །རེའུ་མིག་སུམ་བཅུ་གསུམ་པ་ཡང་། །དེ་ཉིད་ཀྱིས་ནི་བརྒྱན་པར་བཞེས། །རེའུ་མིག་སུམ་བཅུ་རྩ་བཞི་པ། །ནུབ་ཕྱོགས་ཀྱིས་ནི་མཛེས་པར་བྱ། །ཨོ་ནི་ཐིག་ལེར་ལྡན་པ་དང་། །རེའུ་མིག་སུམ་བཅུ་ལྔ་པར་དགོད། །རེའུ་མིག་སུམ་བཅུ་དྲུག་པ་ཡང་། །ཡི་གེའི་དབང་ཕྱུག་དེ་ཉིད་བཞེད། །རླུང་གི་ཕྱི་རོལ་གཟུང་ནས་སུ། །འབུགས་དང་ལྡན་པ་སུམ་བཅུ་བདུན། །རླུང་གི་འདབ་མ་ལ་གནས་པ། །རེའུ་མིག་སུམ་བཅུ་བརྒྱད་ལ་དགོད། །རེའུ་མིག་སུམ་བཅུ་དགུ་པ་ནི། །ལྷོ་ཡི་མཐའ་ཡིས་བརྒྱན་པར་བྱ། །རེའུ་མིག་བཞི་བཅུ་ཐམ་པ་ཡང་། །

(༣༤༠)འཕེལ་བ་ཡིས་ནི་བརྒྱན་པར་བྱ། །རེའུ་མིག་བཞི་བཅུ་རྩ་གཅིག་པ། །འབུགས་པ་རྨི་ལམ་ཐིག་ལེར་བརྒྱན། །ཤར་འདབ་དབུ་མ་གཟུང་ནས་ནི། །ཤར་གྱི་ཕྱི་རོལ་འོག་ཏུ་སྦྱིན། །རེའུ་མིག་བཞི་བཅུ་གཉིས་པར་འདོད། །རེའུ་མིག་བཞི་བཅུ་གསུམ་པར་ནི། །ནུབ་ཕྱོགས་ཀྱི་ནི་དང་པོར་ལྡན། །རེའུ་མིག་བཞི་བཅུ་བཞི་པ་ཡང་། །དབུ་ལ་ཡི་ནི་གཉིས་པས་བརྒྱན། །རླུང་གི་ཕྱི་རོལ་གཟུང་ནས་སུ། །རུས་སྦལ་དང་ནི་ཐིག་ལེར་ལྡན། །རེའུ་མིག་བཞི་བཅུ་ལྔ་ལ་དགོད། །སླར་ཡང་རླུང་གི་ཕྱིར་གཟུང་། །རུས་སྦལ་ཐིག་ལེར་ལྡན་པ་དག །བཞི་བཅུ་དྲུག་ལའང་དགོད་པར་བྱ། །རླུང་གི་ཕྱི་རོལ་གཟུང་ནས་སུ། །ལྷོ་ཡི་མཐའ་དང་ལྡན་པར་བྱ། །རེའུ་མིག་བཞི་བཅུ་བདུན་པར་གནས། །ཤར་གྱི་ཕྱི་རོལ་བསྟན་བཞུགས་པའི། །ཤར་གྱི་འདབ་མའི་གསུམ་པ་ནི། །རེའུ་མིག་བཞི་བཅུ་བརྒྱད་པར་དགོད། །རླུང་གི་ཕྱི་རོལ་གཟུང་ནས་ནི། །ལྷོ་ཡི་མཐའ་ཡི་བསྟན་བཞུགས་པ། །བཞི་བཅུ་རྩ་དགུ་པ་ལ་དགོད། །དགྲ་རྣམས་ཐམས་ཅད་བཅིང་བ་དང་། །ཁྱད་པར་གྱིས་ནི་རྨོངས་པ་དང་། །སྒྲོལ་བའི་ཆོ་གའི་སྦྱོར་བ་འདི། །བཞིན་མཛེས་པ་ནི་ཁྱོད་ལ་བཤད། །སླར་ཡང་རེའུ་མིག་དང་པོ་ལ། །འབུགས་པའི་རྨི་ལམ་ཟླ་བ་ཡིས། །བརྒྱད་པ་དག་ནི་དགོད་པར་བྱ། །བདེན་བྲལ་ཕྱི་རོལ་གཟུང་ནས་ནི། །རུས་སྦལ་གྱི་ནི་སྟན་བཞུགས་པ། །རེའུ་མིག་གཉིས་པར་གནས་པར་གྱི། །དབུ་མའི་ཐ་མ་གཟུང་ནས་ནི། །དེ་ཉིད་ཀྱི་ནི་བཞི་པར་གནས། །རེའུ་མིག་གསུམ་པར་དགོད་པར་བྱ། །རླུང་ནི་ཕྱི་རོལ་གཟུང་ན་དུ།

(༣༤༡)མ་ཀར་རྨི་ལམ་ཟླ་བས་བརྒྱན། རེའུ་མིག་བཞི་པར་དགོད་པར་བྱ། །རུས་སྦལ་རྨི་ལམ་མཆོད་པ་ཡི། །རླུང་གི་ཕྱི་རོལ་གཟུང་ནས་ནི། །རེའུ་མིག་ལྔ་པ་བྲི་བར་བྱ། །རེའུ་མིག་དྲུག་པར་གནས་པ་ནི། །དབུ་མ་ཡི་ནི་གཉིས་པ་དང་། །ནུབ་ཕྱོགས་ཀྱི་ནི་དང་པོར་འདོད། །འབུགས་པའི་རྨི་ལམ་ཐིག་ལེར་ལྡན། །རེའུ་མིག་བདུན་པར་དགོད་པར་བྱ། །རླུང་གི་ཕྱི་རོལ་གཟུང་ནས་ནི། །རུས་སྦལ་རྨི་ལམ་གྱིས་བརྒྱན་པ། །རེའུ་མིག་བརྒྱད་པར་གནས་པ་ཡིན། །རེའུ་མིག་དགུ་པ་ལ་གནས་པ། །དབུ་མ་ཡི་ནི་གཉིས་པ་དང་། །དེ་བཞིན་ནུབ་ཀྱི་དང་པོ་ཡིན། །ལྷོ་ཡི་ཐ་མ་གཟུང་ནས་ནི། །བཟང་པོ་ཡི་ནི་མགོར་བརྒྱན་པ། །རེའུ་མིག་བཅུ་ལ་གནས་པར་བྱ། །བཅུ་གཅིག་པ་ལ་ཡི་གེ་ཏེ། །རླུང་གི་ཕྱི་རོལ་གཟུང་ནས་ནི། །རུས་སྦལ་རྨི་ལམ་ལྡན་པར་བྱ། །རེའུ་མིག་བཅུ་གཉིས་པ་ལ་བྲི། །རེའུ་མིག་བཅུ་གསུམ་ལ་གནས་པ། །དབུ་མ་ཡི་ནི་གནས་པ་དང་། །དེ་ཉིད་དུ་ནི་ནུབ་ཕྱོགས་སྦྱིན། །ཤར་གྱི་གསུམ་པ་གཟུང་ནས་སུ། །ཤར་གྱི་མ་ནི་སྟན་གནས་པ། །རེའུ་མིག་བཅུ་བཞི་པ་ལ་འདོད། །རླུང་གི་ཕྱི་རོལ་གཟུང་ནས་སུ། །རུས་སྦལ་རྨི་ལམ་ཟླ་བས་བརྒྱན། །རེའུ་མིག་བཅོ་ལྔ་པ་ལ་གནས། །དབུ་མའི་བཞི་པ་སྟན་གནས་པའི། །དེ་ཉིད་ཀྱི་ནི་ཐ་གཟུང་སྟེ། །རེའུ་མིག་བཅུ་དྲུག་པ་ལ་བྲི། །རུས་སྦལ་གྱི་ནི་སྟན་གནས་པའི། །བདེན་བྲལ་ཕྱི་རོལ་གཟུང་ནས་ནི། །རེའུ་མིག་བཅུ་བདུན་པར་གནས་བྱ། །མ་ཀ་ར་ལ་ཞོན་པ་ཡི། །རླུང་གི་ཕྱི་རོལ་ཐིག་ལེས་བརྒྱན། །

(༣༤༢)རེའུ་མིག་བཅོ་བརྒྱད་པ་ལ་བྲི། །ལྷོ་ཡི་མཐའ་ཡི་སྟན་བཞུགས་པའི། །རླུང་གི་ཕྱི་རོལ་གཟུང་ནས་ནི། །བཅུ་དགུ་པ་ལ་བྲི་བར་བྱ། །རེའུ་མིག་ཉི་ཤུ་མ་གནས་པ། །ར་ཡི་སྟན་ལ་གནས་པ་ཡི། །དང་པོ་ཡི་ནི་གསུམ་པ་གཟུང་། །ལྷོ་ཡི་མཐའ་ཡི་སྟན་གནས་པའི། །རླུང་གི་ཕྱི་རོལ་གཟུང་ནས་ནི། །རེའུ་མིག་ཉི་ཤུ་གཅིག་པར་བྲི། །རེའུ་མིག་ཉི་ཤུ་གཉིས་གནས་པར། །མ་ཀ་ར་ལ་ཞོན་པ་ཡི། །རླུང་གི་ཕྱི་རོལ་ཐིག་ལེས་བརྒྱན། །ཉི་ཤུ་གསུམ་པ་ལ་ཡང་དེ། །རེའུ་མིག་ཉི་ཤུ་རྩ་བཞིར་གནས། །མ་ཀར་ཐིག་ལེས་ཟླས་བརྒྱན་པའི། །རླུང་གི་ཕྱི་རོལ་སླར་ཡང་གཟུང་། །ཉི་ཤུ་རྩ་ལྔ་ཆོ་ག་བཞིན། །ཉི་ཤུ་དྲུག་པར་གནས་པ་ནི། །མ་ཀ་ར་དང་ཐིག་ལེ་ཡིས། །སྟེང་དུ་བརྒྱན་པའི་རླུང་ཕྱི་རོལ། །ཉི་ཤུ་བདུན་ལ་འང་དེ་ཞེས་བྱ། །ཉི་ཤུ་བརྒྱད་པ་ལ་གནས་པར། །མ་ཀར་རྨི་ལམ་ཟླ་བ་ཅན། །རླུང་གི་ཕྱི་རོལ་གཟུང་བར་བྱ། །ཉི་ཤུ་དགུ་པ་ལ་གནས་པར། །རླུང་གི་ཕྱི་རོལ་གཟུང་ནས་ནི། །འབུགས་དང་ལྷན་ཅིག་ལྡན་པར་བྲི། །དབུ་མའི་བཞི་པ་གཟུང་ནས་ནི། །དེར་ནི་དང་པོའི་གསུམ་པའང་སྦྱིན། །མཁས་པར་རེའུ་མིག་གསུམ་བཅུ་བརྒྱན། །དབུ་མའི་དབུ་ལ་གཟུང་ནས་ནི། །གཏི་མུག་གིས་ནི་མཛེས་བྱས་པ། །སུམ་བཅུ་གཅིག་པར་གནས་པར་བྱ། །མ་ཀ་ར་ཞོན་རྨི་ལམ་དང་། །རླུང་གི་ཕྱི་རོལ་ཟླ་བས་བརྒྱན། །སུམ་བཅུ་གཉིས་པར་དགོད་པར་བྱ། །ཤར་གྱི་གསུམ་པ་གཟུང་ནས་ནི། །རེ་ཞེས་བྱ་བ་དེ་ལ་སྦྱིན། །རེའུ་མིག་སུམ་བཅུ་གསུམ་པར་གནས། །རླུང་གི་ཕྱི་རོལ་གཟུང་ནས་ནི། །ལྷོ་མཐའི་

(༣༤༣)སྟན་བཞུགས་གཏི་མུག་གིས། །བརྒྱན་པ་སུམ་བཅུ་བཞི་ལ་དགོད། །རེའུ་མིག་སུམ་བཅུ་ལྔར་གནས་པར། །དབུ་མའི་དང་པོ་གཟུང་ནས་ནི། །རླུང་ཡང་དེར་ནི་དགོད་པར་བྱ། །འཕེལ་བ་དང་ནི་ལྷོ་མཐའ་དང་། །རླུང་ཡང་དེར་ནི་སྦྱིན་བྱ་ཏེ། །རེའུ་མིག་དྲུག་པ་བརྒྱན་པ་བྱ། །རེའུ་མིག་སུམ་བཅུ་བདུན་གནས་པར། །དབུ་མ་ཡི་ནི་གཉིས་པ་ལ། །ནུབ་ཕྱོགས་ཀྱིས་ནི་མཛེས་པར་བྱ། །རེའུ་མིག་སུམ་བཅུ་བརྒྱད་པ་ལ། །ལྷོ་ཡི་མཐའ་ནི་གཟུང་ནས་སུ། །དབུ་མའི་དབུ་མ་སྟན་དང་ལྡན། །བཟང་པོ་ཡིས་ནི་སྤྱི་བོར་བརྒྱན། །སླར་ཡང་ལྷོ་ཡི་དབུ་མ་གཟུང་། །གཏི་མུག་དང་ནི་ལྡན་པ་ཡི། །རླུང་ནི་འོག་ཏུ་སྦྱིན་པར་བྱ། །སུམ་བཅུ་དགུ་པ་ལ་ཡང་དེ། །རེའུ་མིག་བཞི་བཅུ་བར་གནས་པ། །དབུ་མའི་དང་པོ་གཟུང་ནས་ནི། །རླུང་ཡང་དེར་ནི་དགོད་པར་བྱ། །བཞི་བཅུ་གཅིག་ལ་གནས་པར་ནི། །དབུ་མ་ཡི་ནི་གཉིས་པ་དང་། །ནུབ་ཀྱི་ཕྱོགས་ཀྱི་དང་པོ་བྲི། །བཞི་བཅུ་གཉིས་པ་ལ་གནས་པར། །རླུང་གི་ཕྱི་རོལ་ནང་དུ་གཟུང་ནས་ནི། །རུས་སྦལ་རྨི་ལམ་ལན་གཉིས་བཟླ། །བཞི་བཅུ་གསུམ་པ་ལ་གནས་པར། །འབུགས་པ་རྨི་ལམ་ཟླ་བས་བརྒྱན། །བཞི་བཅུ་བཞི་ལ་གནས་པར་ནི། །རླུང་གི་ཕྱི་རོལ་ནང་དུ་གཟུང་ནས་སུ། །རུས་སྦལ་རྨི་ལམ་ཅན་གཉིས་ཟླ། །བཞི་བཅུ་ལྔ་པ་གནས་པར་ནི། །རང་ཞེས་བྱ་བ་བྱང་ཕྱོགས་ཀྱི། །དབུ་མ་དང་ནི་ལྡན་པར་བྲི། །བཞི་བཅུ་དྲུག་ལ་གནས་པར་ནི། །རླུང་གི་ཕྱི་རོལ་ནང་དུ་གཟུང་ནས་སུ། །མ་ཀ་རར་ཞོན་རྨི་ལམ་ཅན། །བཞི་

(༣༤༤)བཅུ་བདུན་ལ་གནས་པར་ཡང་། །གཏི་མུག་གིས་ལྷོའི་མཐའ་ཡི་སྟན། །རེའུ་མིག་བཞི་བཅུ་བརྒྱད་པར་ནི། །དབུ་མ་ཡིས་ནི་བརྒྱན་པར་འདོད། །བཞི་བཅུ་དགུ་ལ་གནས་པར་ཡང་། །འབུགས་པ་རྨི་ལམ་ཟླ་བས་བརྒྱན། །འདི་ནི་རྣལ་འབྱོར་ལྡན་པའི་མཆོག །རྨུགས་དང་དེ་བཞིན་ལྷུང་བ་དག །སྔགས་ཀྱི་རྒྱལ་པོས་བསྐུལ་བ་ན། །ལས་རྣམས་ཐམས་ཅད་བྱེད་པར་འགྱུར། །རྨུགས་པར་བྱེད་དང་གནོད་པ་དང་། །ལྷ་མོ་ཁྱོད་ལ་བཤད་པ་སྟེ། །མ་ཀ་ར་ཞོན་དྲི་མ་མེད། །རྨི་ལམ་ཟླ་བར་ཡང་དག་ལྡན། །རྡོ་རྗེ་ཡི་ནི་སྟེང་ན་གནས་པ། །འབར་བའི་ཕྲེང་བས་བརྒྱན་པ་སྟེ། །ཕྱོགས་ཀུན་དུ་ནི་རྣམ་འཕྲོ་བ། །བསྒོམས་ནས་དེ་ཡི་དབུས་སུ་ནི། །ཇི་ལྟར་འབྱུང་ཞིང་བསྒྲུབ་བྱའི་མིང་། །སྔགས་པས་དེ་ནི་སྤངས་ནས་སུ། །ཕཊ་ཀྱི་གནས་སུ་སྦྱར་བར་བྱ། །རེའུ་མིག་དེ་དག་དབུས་སུ་ནི། །མྱོས་པར་གྱུར་པའི་བསྒྲུབ་བྱ་ནི། །སྒྲུབ་པ་པོ་ཡིས་བྲི་རུ་གཞུག །ཡེ་ཤེས་རྡོ་རྗེས་འཇོམས་པར་བྱ། །གྲིབ་མ་ཡང་ནི་རླག་པར་བསམ། །དཔའ་བོའི་འཕྲལ་གྱི་བུམ་པའམ། །བྲམ་ཟེའི་བུམ་པ་སྐམ་པོར་ནི། །འཁོར་ལོ་གཉིས་ནི་བཅུག་ནས་སུ། །ཆོ་ག་བཞིན་དུ་བྲི་བྱ་སྟེ། །འབྱུང་པོ་ཀུན་གྱི་གཏོར་མ་སྦྱིན། །སྒྲུབ་པོས་དེ་ལྟར་བྱས་ནས་ནི། །ཕྱི་ནང་ལས་ནི་བརྩམ་བྱས་ན། །རྡོ་རྗེ་ཐུགས་ཀྱི་བཀའ་བཞིན་དུ། །ལས་རྣམས་ཐམས་ཅད་བྱེད་པར་འགྱུར། །སླར་ཡང་རེའུ་མིག་དང་པོ་ལ། །འབུགས་པ་རྨི་ལམ་ཟླ་བས་བརྒྱན། །རེའུ་མིག་གཉིས་པ་ལ་གནས་པར། །བཟང་པོའི་སྤྱི་བོར་བརྒྱན་པ་ཡི། །ལྷོ་ཡི་མཐའ་ནི་གཟུང་བར་བྱ། །རེའུ་མིག་གསུམ་པ་ལ་

(༣༤༥)གནས་པར། །རླུང་གི་ཕྱི་རོལ་ནང་དུ་གཟུང་ནས་ནི། །རུས་སྦལ་རྨི་ལམ་ཟླས་བརྒྱན་བྱ། །རེའུ་མིག་ལྔ་པ་ལ་གནས་པར། །སླར་ཡང་འབུགས་པ་ཟླ་བ་ཅན། །རེའུ་མིག་དྲུག་པ་ལ་གནས་པར། །ར་ཡི་བསྟན་ལ་གནས་པ་ཡིས། །ཤར་ཕྱོགས་ཀྱི་ནི་གསུམ་པ་གཟུང་། །རེའུ་མིག་འདུན་པ་ལ་གནས་པར། །རུས་སྦལ་རྨི་ལམ་ཟླས་བརྒྱན་པའི། །རླུང་གི་ཕྱི་རོལ་ནང་དུ་གཟུང་བར་བྱ། །རེའུ་མིག་བརྒྱད་པ་ལ་གནས་པར། །དབུ་མའི་བཞི་པ་བསྟན་པའོ། །དེ་ཉིད་ཀྱི་ནི་ཐ་མ་གཟུང་། །རེའུ་མིག་བཅུ་པ་ལ་གནས་པར། །རུས་སྦལ་གྱི་ནི་སྟན་གནས་པའི། །བདེན་བྲལ་ཕྱི་རོལ་གཟུང་བར་འདོད། །བཅུ་གཉིས་པ་ལ་གནས་པར་ནི། །རུས་སྦལ་རྨི་ལམ་ཟླས་བརྒྱན་པའི། །རླུང་གི་དཀྱིལ་འཁོར་ནང་དུ་གཟུང་བར་བྱ། །བཅུ་བཞི་པ་ལ་གནས་པར་ནི། །ར་ཡི་སྟན་ལ་གྱུར་པ་ཡི། །ཤར་གྱི་གསུམ་པ་གཟུང་བར་བྱ། །བཅོ་ལྔ་པ་ལ་གནས་འགྱུར་པ། །དབུ་མའི་བཞི་པའི་སྟན་བཞུགས་པའོ། །དེ་ཉིད་ཀྱི་ནི་མཐའ་གཟུང་བྱ། །བཅུ་དྲུག་པ་ལ་གནས་པར་ཡང་། །རུས་སྦལ་རྨི་ལམ་ཟླར་ལྡན་པའི། །རླུང་གི་ཕྱི་རོལ་གཟུང་བར་བྱ། །བཅུ་བདུན་པ་ལ་གནས་པར་ནི། །རུས་སྦལ་སྟན་ལ་གནས་པ་ཡི། །བདེན་བྲལ་ཕྱི་རོལ་གཟུང་བར་བྱ། །བཅུ་དགུ་པ་ལ་གནས་པར་ཡང་། །ལྷོ་ཡི་མཐའ་ཡི་སྟན་པ། །རླུང་གི་ཕྱི་རོལ་ནང་དུ་གཟུང་བར་སྟན། །ཉི་ཤུ་པ་ལ་གནས་པར་ནི། །དབུ་མའི་གཉིས་པ་གཟུང་ནས་ནི། །ནུབ་ཀྱི་དང་པོའང་སྦྱིན་པར་བྱ། །ལྷོའི་མཐའི་སྟན་ལ་གནས་

(༣༤༦)པ་ཡི། །རླུང་གི་ཕྱི་རོལ་གཟུང་ནས་ནི། །རེའུ་མིག་ཉི་ཤུ་གཅིག་པར་བྲི། །འབུགས་པ་རྨི་ལམ་ཟླས་བརྒྱན་པ། །རེའུ་མིག་ཉི་ཤུ་དགུ་པར་བྲི། །དབུ་མའི་བཞི་པ་གཟུང་ནས་ནི། །ཤར་གྱི་གསུམ་པ་དེར་སྦྱིན་ཏེ། །རེའུ་མིག་སུམ་བཅུ་བརྒྱད་པར་བྱ། །སུམ་བཅུ་གཅིག་ལ་གནས་པ་ནི། །རུས་སྦལ་རྨི་ལམ་ཟླས་བརྒྱན་པའི། །རླུང་གི་ཕྱི་རོལ་ནང་དུ་གཟུང་བར་བྱ། །སུམ་བཅུ་གསུམ་ལ་གནས་པར་ནི། །འབུགས་པ་རྨི་ལམ་ཟླས་བརྒྱན་བྱ། །སུམ་བཅུ་བཞི་ལ་གནས་པར་ཡང་། །དབུ་མའི་དང་པོ་གཟུང་ནས་སུ། །དེར་ནི་རླུང་ཡང་སྦྱིན་པར་བྱ། །སུམ་བཅུ་ལྔ་པ་ཉིད་དག་ཀྱང་། །དེ་ཉིད་ཀྱིས་ནི་བརྒྱན་པར་བཞེད། །སུམ་བཅུ་དྲུག་ལ་གནས་པར་ནི། །མེ་ནི་ཨ་དང་ལྡན་པར་བྱ། །བྱང་གི་དབུ་མ་གཟུང་ནས་སུ། །དེ་ཉིད་དུ་ནི་བྲི་བར་བྱ། །སུམ་བཅུ་བརྒྱད་པ་གནས་པར་ཡང་། །ཨ་ཞེས་བྱ་བ་བྲི་བྱ་ཞིང་། །ལྷོ་ཡི་མཐའ་ནི་གཟུང་ནས་སྟེ། །རླུང་ཡང་དེར་ནི་བྲི་བར་བྱ། །བཞི་བཅུ་པ་ལ་གནས་པར་ནི། །རླུང་གི་ཕྱི་རོལ་ནང་དུ་གཟུང་ནས་ནི། །འོག་ཏུ་མཐའ་ན་གནས་པ་དང་། །གཏི་མུག་གིས་ནི་བརྒྱན་པར་བྱ། །རེའུ་མིག་བཞི་བཅུ་གཉིས་གནས་པར། །དབུ་མའི་གཉིས་པ་གཟུང་ནས་སུ། །རི་ཞེས་བྱ་བ་འོག་ཏུ་སྦྱིན། །རེའུ་མིག་བཞི་བཅུ་གསུམ་པ་ལ། །རླུང་གི་ཕྱི་རོལ་ནང་དུ་གཟུང་ནས་སུ། །འབུགས་པ་ཡིས་ནི་བརྒྱན་པར་བྱ། །བཞི་བཅུ་བཞི་ལ་གནས་པར་ནི། །རླུང་གི་ཕྱི་རོལ་ནང་དུ་གཟུང་ནས་སུ། །རུས་སྦལ་རྨི་ལམ་

(༣༤༧)ལྡན་པར་བྱ། །བཞི་བཅུ་ལྔ་པ་ལ་གནས་པ། །གཏི་མུག་གིས་ནི་བརྒྱན་པ་ཡི། །དབུ་མའི་དབུ་མ་གཟུང་བར་བྱ། །ལྷོ་ཡི་མཐའ་ནི་གཟུང་ནས་སུ། །དབུ་མའི་དབུ་མ་སྟན་དུ་བྱ། །བཟང་པོ་ཡི་ནི་མགོ་བོར་བརྒྱན། །ལྷོ་ཡི་དབུས་འང་གཟུང་བྱ་སྟེ། །གཏི་མུག་དང་ནི་ལྡན་པ་ཡིས། །རླུང་ནི་དེ་ཡི་སྟེང་དུ་བྱ། །དེ་ཉིད་དུ་ནི་མཁས་པས་དགོད། །རེའུ་མིག་བཞི་བཅུ་བདུན་པ་ལ། །གཏི་མུག་གིས་ནི་བརྒྱན་པ་ཡི། །ལྷོ་ཡི་མཐའ་ཡི་སྟན་བཞུགས་པར། །རླུང་གི་ཕྱི་རོལ་ནང་དུ་གཟུང་པར་བྱ། །རེའུ་མིག་བཞི་བཅུ་བརྒྱད་པ་ལ། །རུས་སྦལ་རྨི་ལམ་ཟླར་ལྡན་པའི། །རླུང་གི་ཕྱི་རོལ་ནང་དུ་གཟུང་ནས་སུ། །ལན་གཉིས་སུ་ནི་བྲི་བར་བྱ། །རེའུ་མིག་བཞི་བཅུ་དགུ་པ་ལ། །རི་ཞེས་བྱ་བ་དང་ལྡན་པའི། །དང་པོ་གསུམ་པ་གཟུང་བ་ཡི། །མཛེས་པ་མཆོག་ཏུ་ཕན་པར་འདོད། །ལྷ་མོ་འདིས་ནི་སྡང་གྱུར་ནས། །ཁྱད་པར་དུ་ནི་གཡུལ་འགྱེད་བྱེད། །རྟ་དང་མ་ཧེའི་བུམ་པར་ནི། །ཆོ་ག་འདི་བཞིན་གཞག་པར་བྱ། །འབུགས་པ་རྨི་ལམ་ཟླས་བརྒྱན་ཅིང་། །སླར་ཡང་བདེན་བྲལ་ཕྱི་རོལ་གཟུང་། །རུས་སྦལ་དང་ནི་ལྷན་ཅིག་བཅས། །དབུ་མའི་བཞི་པའི་སྟན་བཞུགས་པ། །སླར་ཡང་དེ་ཡི་མཐའ་གཟུང་སྟེ། །རེའུ་མིག་དང་པོ་བརྒྱན་པར་བཞེད། །འབུགས་པས་སྤྱི་བོར་བརྒྱན་པ་ཡི། །ལྷོ་ཡི་མཐའ་མ་གཟུང་བར་བྱ། །རུས་སྦལ་དང་ནི་སྦྱར་བ་

(༣༤༨)ཡི། །བདེན་བྲལ་ཕྱི་རོལ་དེ་ནས་གཟུང་། །དབུ་མའི་བཞི་པའི་སྟན་བཞུགས་པ། །སླར་ཡང་དེ་ཡི་མཐའ་གཟུང་སྟེ། །རེའུ་མིག་གསུམ་པ་བརྒྱན་པར་བྱ། །དབུ་མའི་གཉིས་པ་གཟུང་ནས་ནི། །སླར་ཡང་ནུབ་ཀྱི་ཕྱོགས་ཀྱིས་མཛེས། །རེའུ་མིག་ལྔ་པ་བརྒྱན་པར་བཞེད། །འབུགས་པ་རྨི་ལམ་ཟླ་བས་བརྒྱན། །དང་པོའི་གསུམ་པ་གཟུང་ནས་སུ། །ཤར་གྱི་མ་ནིང་འོག་ཏུ་སྦྱིན། །རླུང་གི་ཕྱི་རོལ་ནང་དུ་གཟུང་ནས་སུ། །ལྷོ་ཡི་མཐའ་ཡི་སྟེན་དུ་བྱ། །བདུན་པ་ལ་ནི་བརྒྱན་པར་བཞེད། །དབུ་མ་ཡི་ནི་གཉིས་པ་གཟུང་། །ནུབ་ཕྱོགས་ཀྱི་ནི་དེ་རུ་སྦྱིན། །བཅོ་ལྔ་པ་ནི་ཤིན་ཏུ་བརྒྱན། །རླུང་གི་ཕྱི་རོལ་གཟུང་ནས་སུ། །རུས་སྦལ་དང་ནི་རྨི་ལམ་དང་། །ཟླ་བས་བརྒྱན་པ་ལན་གཉིས་ཀྱིས། །བཅུ་བདུན་པ་ནི་མཛེས་པར་བྱ། །རུས་སྦལ་རྨི་ལམ་བརྒྱན་པ་ཡི། །ཕྱི་རོལ་རླུང་ནི་ནང་དུ་གཟུང་ནས་ནི། །རེའུ་མིག་བཅུ་དགུ་པ་ལ་དགོད། །རི་ཞེས་བྱ་བའི་སྟན་བཞུགས་པའི། །ཤར་གྱི་དབུ་མ་གཟུང་པ་དང་། །ལྷོ་མཐའི་སྟན་ལ་བཞུགས་པ་ཡི། །ཕྱི་རོལ་རླུང་ནི་ནང་དུ་གཟུང་བ་ཡིས། །ཉི་ཤུ་གཅིག་ལ་མཛེས་པར་བྱ། །དབུ་མའི་བཞི་པ་གཟུང་ནས་ནི། །ཤར་གྱི་ཕྱོགས་ཀྱི་དབུ་མ་ཡིས། །དབུ་མ་ཡི་ནི་དབུ་མ་ལ། །ཨ་ཞེས་བྱ་བས་མཛེས་པར་བྱ། །ལྷོ་ཡི་མཐའ་ནི་གཟུང་ནས་སུ། །དབུ་མའི་དབུ་མ་སྟན་དུ་བྱ། །བཟང་པོ་ཡིས་ནི་མགོ་བོར་བརྒྱན། །སླར་ཡང་ལྷོ་ཡི་དབུ་མ་གཟུང་། །རླུང་ནི་འོག་ཏུ་སྦྱིན་པར་བྱ། །

(༣༤༩)གཏི་མུག་གིས་ནི་མཛེས་པ་སྟེ། །ཨ་དང་ལྡན་པའི་མེ་ཡང་བཏུ། །བྱང་གི་དབུ་མ་གཟུང་བ་དག །ཉི་ཤུ་དགུ་པ་ལ་ནི་བྲི། །ཕྱི་རོལ་རླུང་ནི་ནང་དུ་གཟུང་ནས་ནི། །རུས་སྦལ་རྨི་ལམ་ཟླ་བ་ཅན། །སུམ་བཅུ་གཅིག་ལ་ཉིས་འགྱུར་བྲི། །སླར་ཡང་ནུབ་ཀྱི་དང་པོ་ཅན། །སུམ་བཅུ་གཉིས་པར་ཉིས་འགྱུར་བྲི། །དབུ་མའི་གཉིས་པར་གཟུང་ནས་སུ། །སླར་ཡང་ནུབ་ཀྱི་དང་པོ་ཅན། །སུམ་བཅུ་གསུམ་པར་གཉིས་འགྱུར་བྲི། །དབུ་མའི་གཉིས་པར་གཟུང་ནས་སུ། །སླར་ཡང་ནུབ་ཀྱི་དང་པོ་ཅན། །སུམ་བཅུ་ལྔ་པ་བརྒྱད་པར་བཞེད། །འབུགས་པ་རྨི་ལམ་ཟླ་བ་ཅན། །དེར་ནི་འཕེལ་བའང་སྦྱིན་བྱ་སྟེ། །ལྷོ་ཡི་མཐའ་ནི་གཟུང་ནས་སུ། །དེ་བཞིན་སླར་ཡང་རླུང་དང་ནི། །ཕྱི་རོལ་རླུང་ནི་ནང་དུ་གཟུང་ནས་སུ། །འབུགས་པ་ཡིས་ནི་བརྒྱན་པ་དག །སུམ་བཅུ་བཞི་པ་བྲི་བར་བྱ། །དབུ་མའི་གཉིས་པ་གཟུང་ནས་སུ། །ནུབ་ཀྱི་དང་པོས་བརྒྱན་པ་ཡིས། །སུམ་བཅུ་ལྔ་པ་མཛེས་པར་བྱ། །རེ་ཞེས་བྱ་བའི་སྟན་གནས་པའི། །དང་པོ་ཡི་ནི་གསུམ་པ་དང་། །ལྷོ་མཐའི་སྟན་ལ་གནས་པ་ཡི། །ཕྱི་རོལ་རླུང་ནི་ནང་དུ་གཟུང་པ་ལ། །གཏི་མུག་གིས་ནི་མཛེས་པར་བྱ། །དབུ་མའི་དང་པོ་གཟུང་ནས་སུ། །རླུང་ཡང་དེར་ནི་སྦྱིན་པ་ཡིས། །བཞི་བཅུ་བདུན་པ་བརྒྱན་པར་བྱ། །འབུགས་པ་རྨི་ལམ་ཟླ་བ་ཅན། །ཤར་གྱི་གསུམ་པ་གཟུང་ནས་སུ། །རི་ཞེས་བྱ་བ་འོག་ཏུ་སྦྱིན། །ལྷོ་མཐའི་སྟན་ལ་གནས་པ་ཡི། །ཕྱི་རོལ་རླུང་ནི་ནང་དུ་

(༣༥༠)དེ་ནས་གཟུང་། །གཏི་མུག་གིས་ནི་མཛེས་པར་བྱ། །དབུ་མའི་དང་པོ་གཟུང་ནས་ནི། །དེ་བཞིན་རླུང་དང་བཅས་པ་ཡིས། །རེའུ་མིག་བཞི་བཅུ་དགུ་པ་ལ། །བརྒྱན་པ་མཆོག་ཏུ་ཕན་པ་ན། །འཁོར་ལོ་འདི་ནི་ལྷ་མོ་ཆེ། །མཆོག་ཏུ་རྣོ་སྟེ་རླག་པར་བྱེད། །མར་ངོ་ཡི་ནི་ཚེས་བཅུ་དང་། །དེ་བཞིན་ཡར་ངོའི་དེ་ཉིད་དོ། །ཡང་ན་འབྱུང་པོའི་མཚན་མོ་ལ། །ཐོད་པའི་སྟན་ལ་གནས་ནས་སུ། །ལྷོ་ཕྱོགས་སུ་ནི་ཁ་བལྟས་ནས། །དུག་དང་ཁྲག་དང་གཏུམ་པོ་ཡི། །ས་བོན་གྱིས་ནི་སྣག་ཚ་བྱ། །བར་སྣང་ལ་ནི་ཐོད་པར་བླུགས། །མི་ཡི་རུས་པའི་སྨྱུ་གུ་ཡིས། །འཇིགས་བྱེད་འཇིགས་པའི་སྔགས་རྣམས་བཏུ། །དང་པོར་ཤ་ཆེན་གཏོར་མ་བཏང་། །དེ་ནས་ལས་ནི་བརྩམ་པར་བྱ། །དམར་པོ་འམ་ནི་སྔོན་པོ་ཡི། །གོས་ནི་ཁྱད་པར་དག་ཏུ་བགོ། །མཆོད་པ་རྡོ་རྗེ་ཆོ་ག་དང་། །དེ་བཞིན་བསམ་གཏན་ཟླས་པ་དག །ཇི་ལྟར་གསུམ་ཀྱང་མི་རྟོགས་པ། །དེ་ལྟར་སྔགས་པས་རྟག་ཏུ་བྱ། །བསད་པ་གཤིན་རྗེའི་རྒྱལ་པོ་སྟེ། །ཡི་དྭགས་ལ་ནི་ཡི་དྭགས་གཟུགས། །རོ་ལངས་ལ་ནི་རོ་ལངས་དང་། །སྲིན་པོས་སྲིན་པོས་མནན་པར་བྱ། །སྟོང་པ་སྟོང་པའི་པདྨ་སྟེ། །ངེས་པར་འཇོམས་པའི་གྲ་རུ་ནི། །སྔགས་ཕྲེང་དེ་བཞིན་ཕྲེང་བ་ཡི། །རིམ་པ་དེ་ལྟར་བརྗོད་པ་ཡིན། །འདི་ནི་ཁམས་གསུམ་རྒྱལ་ཞེས་བྱའི། །སྔགས་ཚིག་བཞི་ཡིས་རྣམ་བརྒྱན་པ། །རིགས་རྒྱལ་འཁོར་ལོས་བསྒྱུར་བའི་སྔགས། །མ་བྱུང་འབྱུང་བར་མི་འགྱུར་རོ། །འཁྲུལ་འཁོར་ཆེན་པོ་བཅུ་གཉིས་ནི། །བཞིན་མཛེས་ལ་

(༣༥༡)ནི་ཁྱོད་ལ་བཤད། །འདི་ནི་དྲག་པོའི་ལས་ཀུན་གྱི། །དེ་བཞིན་འཇིགས་བྱེད་མི་ཟད་ཡིན། །ཡང་དག་ཆོ་ག་གང་གིས་ནི། །དངོས་གྲུབ་མྱུར་དུ་འཇུག་བྱེད་པ། །བཟའ་དང་སྟོན་མོ་འདུས་པ་ཡི། །སྒྲུབ་ཐབས་ཆོ་ག་དེ་ནས་བཤད། །ཕྱུགས་རྣམས་དག་ནི་དགུག་པ་ཉིད། །སྒྲུབ་པོས་སྔར་བསྟན་རིམ་པས་བྱ། །རྒྱུ་མེད་པ་ཡི་ཕྱུགས་རྣམས་ནི། །རྒྱུ་མཚན་མེད་པར་བཞོམ་པར་བྱ། །ཕྱུགས་རྣམས་དག་ནི་རྣམ་པ་ལྔ། །བོང་བུ་མི་རང་རུས་སྦལ་དང་། །རྔ་མོ་ལྕེ་སྤྱང་རྟ་ལ་སོགས། །ཁྱི་དང་ཕག་པའི་ཤ་དག་དང་། །ཟངས་ཀྱི་གཙུག་ཕུད་ཅན་དེ་བཞིན། །བཟའ་དང་སྦྱིན་སྲེག་གཏོར་མ་ནི། །མ་དཔྱད་པར་ནི་བྱས་གྱུར་ན། །མ་ལུས་ལུས་པ་མེད་འགྲུབ་ཅིང་། །རྒྱལ་སྲིད་ཐམས་ཅད་རབ་འགྲུབ་ཞེས། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། །ཁྱད་པར་དུ་རྣལ་འབྱོར་ཆེན་པོ་གསར་མའི་ཐབས་དང་ཤེས་རབ་དབྱེར་མེད་རྒྱ་མཚོ་མཐའ་ཡས་ལས། ཐེག་པ་དྲུག་ལས་བཞེད་ལུགས་འབྲས་བུའི་ཐོབ་ཚུལ་རིགས་གཅིག་པ་དྲུག་གམ། ཐེག་པ་མཐོ་དམན་འཇུག་སྒོ་ལ་སོགས་པ་དགུ་དགུར་བཞེད་པ་སྟེ། དེ་རྣམས་གཅིག་ཏུ་འདུས་པ་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་དགོས་པ་ཡིན། མ་རྟོགས་པའི་དུས་སུ་ཁམས་གསུམ་འཁོར་བ་ལྔ། འཁོར་བའི་རྒྱུ་འབྲས་རབ་འབྲིང་ཐ་མ་གསུམ་དུ་བཞེད་པ་སྟེ། རྣལ་འབྱོར་ཆེན་པོ་ཐབས་ཀྱི་རྒྱུད་དང་། ཤེས་རབ་དབྱེར་མེད་པའི་དབང་གིས་

(༣༥༢)ཉོན་མོངས་པ་ལམ་དུ་སློང་བའི་དུས་སུ། ཐམས་ཅད་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དུ་བཞེད་པའོ། །དེ་ལ་རྡོ་རྗེ་མཁའ་འགྲོའི་རྒྱུད་ཀྱི་ལུང་གིས་རིན་ཆེན་ཁ་སྦྱོར་འཁྲུལ་འཁོར་བསྟན་པར་བྱ། །གསུངས་པ་ལ་སོགས་པ་རྒྱུད་ཀྱི་ལུང་མང་དུ་གསུངས་པ་སྟེ། དེའི་སྒྲ་དང་དོན་རྒྱས་པར་དབྱེ་ཞིང་གདམ་ངག་ཉམས་སུ་བླང་བའི་རིམ་པ་ནི། རིན་ཆེན་ཞེས་བྱ་བའི་དོན་ནི། དངོས་པོ་གཤིས་ཀྱི་གནས་ལུགས་གདོད་མ་ནས་ཡེ་ཤེས་ལྔ་ལྡན་ཡིན་ན་ཡང་མ་རྟོགས་པའི་དབང་གིས་མ་རིག་པ་ཡུལ་དང་ཡུལ་ཅན་གཉིས་ཀྱི་རྩ་བ་གཤིས་ལ་གནས་པའི་ཨཱ་ལིའི་ཚོགས་དང་ཀཱ་ལིའི་ཚོགས་གཉིས་ཀྱི། ཉོན་མོངས་པ་དུག་ལྔ་ཡུལ་དང་ཡུལ་ཅན་ཁ་སྦྱོར་བའི་ཚུལ་གྱིས་འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་སྐྱེ་བ་གནས་བཞི་གནས་སྣ་ཚོགས་པ་ལུས་གྲངས་མེད་པ་ལེན་པའི་ས་བོན་ཡི་གེའི་ཚོགས་སུ་གནས་པ་སྟེ། དེ་ཡང་རྣམ་པར་རྟོག་པ་དཀར་ནག་ཁྲའུ་གསུམ་གྱི་ནུས་པ་སྟེ། བསོད་ནམས་ཀྱི་ཚོགས་ཟག་བཅས་ཏིང་ངེ་འཛིན་གྱི་ཚོགས་ཀྱིས། འཇིག་རྟེན་ཆེན་པོ་རྣམས་ཀྱི་རྒྱུ་འབྲས་བསྒྲུབ་སྟེ། རྩ་བ་ཨཱ་ལི་ཀཱ་ལི་རྩ་གནས་རླུང་སེམས་དཀར་པོར་འདུས་པའི་བསྒྲུབ་པའོ། །ཨཱ་ལི་ཀཱ་ལི་གཤིས་ཀྱི་ཡི་གེ་ལུང་མ་བསྟན་དང་ཁྲ་བོར་གནས་པ་ཡིས། ལས་དགེ་སྡིག་འདྲེས་མར་སྤྱོད་ཅིང་། དུག་ལྔ་དང་འདྲེས་པའི་ཟག་བཅས་སྐྱེད་རྫོགས་ལ་སོགས་པའི་དམིགས་པ་མང་དུ་བསྒོམས་པས་ལྷ་མ་ཡིན་དང་། རིགས་སྔགས་འཆང་གི་གདོད་རྣམས་དང་། མིའི་སྐྱེ་གནས་རྒྱལ་པོ་ལ་སོགས་པ་དབང་ཆེན་གཏུམ་པོ་རྣམས་སུ་སྐྱེ་བ་ཡང་། ཨཱ་ལི་ཀཱ་ལི་རྩུབ་ཅིང་དྲག་པའི་གཤིས་དང་

(༣༥༣)རྩ་གནས་དང་རླུང་སེམས་ཀྱི་འདུས་ཚུལ་རྣམས་ལས་གྲུབ་ཅིང་། འཇིག་རྟེན་གྱི་ཁམས་ན་ཕན་པ་དང་གནོད་པ་བསམ་གྱིས་མི་ཁྱབ་པ་བསྒྲུབ་པའོ། །མ་རིག་པའི་དབང་གིས་གཤིས་ལ་གནས་པའི་ཨཱ་ལི་ཀཱ་ལིའི་ས་བོན་དུག་ལྔ་བསྐྱེད་པར་བྱེད་པའི་ཡི་གེ་དང་། རྩ་གནས་སུ་རླུང་སེམས་ལོག་པར་འདུས་པ་ཡིས། མི་དགེ་བཅུ་དང་མཚམས་མེད་པ་ལྔ་ལ་སོགས་པ་རྩ་བ་ལོ་འདབ་འབྲས་བུའི་ཚུལ་དུ་བསྐྱེད་ཅིང་གྲུབ་པ་ལས། དམྱལ་བ་ཡི་དགས་བྱོལ་སོང་གསུམ་གནས་ཐ་དད་པ་། རིགས་གྲངས་མེད་པ། སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བ་དེ། ཨཱ་ལི་བཅུ་དྲུག་ཀཱ་ལི་སུམ་བཅུ་རྩ་གཉིས་ཟེར་ཏེ། མཐར་གནས་ཧཱུྃ་དང་རྩ་གསུམ། དེ་གཉིས་གཅིག་ཏུ་སྦྱོར་བ་ལས་རྐང་གྲངས་བཞི་བཅུ་རྩ་དགུ་སྟེ། ཐ་མལ་པའི་སེམས་ཅན་གྱི་སྐད་དུ་ན། ཕོ་མོ་གཉིས་དང་མ་ནིང་གི་ཡི་གེ་ཞེས་ཀྱང་བྱ། གསང་སྔགས་ཀྱི་སྐད་དུ་ཐབས་དང་ཤེས་རབ་དབྱེར་མེད་པའི་ཡི་གེ་བཞི་བཅུ་རྩ་དགུའི་ནག་པོ་ཡི་གེ་རྣམས་སུ་རླུང་སེམས་འདུས་པས། ངན་སོང་གསུམ་གྲངས་ཅན་དང་གྲངས་མེད་རྣམས་ཀྱང་། མ་རིག་ཅིང་མ་རྟོགས་པ་ཨཱ་ལི་ཀཱ་ལིའི་རྒྱུ་འབྲས་སོ། །དེའི་ཕྱིར་ན་རིན་ཆེན་ཁ་སྦྱོར་ཞེས་བྱ་བའི་དོན་ཡང་འདི་ལ་previous hit དགོངས next hit་སྟེ། འཁོར་བའི་བདེ་སྡུག་སྐྱེ་གནས་སྣ་ཚོགས་པ་མྱོང་ཡང་། སེམས་ཉིད་ཀྱི་གཤིས་ནོར་བུ་རིན་པོ་ཆེ་རྡོ་རྗེ་ལྟ་བུ་ལ་ནི་འགྱུར་བ་མེད་པའོ། །དེ་ལ་འཁྲུལ་འཁོར་ཞེས་བྱ་བའི་དེ་བཞིན་གཉིས་ཡིན་ཏེ། མ་རིག་ཅིང་མ་རྟོགས་པ་ཁམས་གསུམ་སྐྱེ་གནས་བཞིའི་སྐྱེ་གནས་སྣ་ཚོགས་དང་། སྐྱེ་

(༣༥༤)རྒས་ན་འཆིའི་ཆུ་བོ་བཞིར་རྒྱུན་ཆད་མེད་པར་འཁྲུལ་ཞིང་འཁོར་བའི་ཕྱིར་ན། མ་རིག་པའི་འཁྲུལ་འཁོར་ཞེས་བྱའོ། །སེམས་ཉིད་ཀྱི་གཤིས་ཡེ་ཤེས་ལྔ་ལྡན་དེ་རང་གིས་རང་རིག་ཅིང་རྟོགས་པའི་དུས་སུ། སྐུ་གསུམ་ཡོན་ཏན་ཕྲིན་ལས་ཀྱི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་དང་མཉམ་པའི་འགྲོ་བ་རིགས་དྲུག་གི་སེམས་ཅན་གྱི་གྲངས་དང་མཉམ་པར། མི་ཟད་པ་རྒྱན་གྱི་འཁོར་ལོའི་གཟུགས་སྐུ་གྲངས་མེད་ཤུགས་ལ་འབྱུང་བ་སྟེ། འདི་ནི་རྟོགས་པ་རང་བྱུང་ཡེ་ཤེས་སྐུ་ལྔའི་དཀྱིལ་འཁོར་བྱ་བ་ཡིན། དེའི་ཕྱིར་ན། འདིའི་དོན་ནི་དབང་པོ་ཡང་རབ་ཀྱི་རབ་འབྲིང་ཐ་མ་གསུམ་གྱིས། མི་ཚེ་གཅིག་ལ་རྡོ་རྗེ་འཆང་དང་རྡོ་རྗེ་འཛིན་དང་རིག་འཛིན་གསུམ་དུ་ཡོན་ཏན་རྫོགས་སུ་བཏུབ་པའི་ཕྱིར་ན། རྩ་རླུང་བྱང་ཆུབ་སེམས་ཀྱི་གནད་དང་སྲོག་རྩོལ་རླུང་གི་སྦྱོར་བ་ཡིས། དར་དྲག་ལ་ཡུན་རིང་དུ་བསྒོམས་ན། རླུང་སེམས་གཉིས་ཞེས་བྱ་བ་དེ་རྩ་བ་གཤིས་ཀྱི་ཨཱ་ལི་ཀཱ་ལི་ལ་ཟེར་བ་སྟེ། བསྒོམས་པའི་སྟོབས་ཀྱིས་རླུང་སེམས། གང་དང་གང་དུ་འདུས་པ་ལས། དེ་དང་དེའི་རྟགས་དང་ཡོན་ཏན་སྣ་ཚོགས་པ་འབྱུང་བ་སྟེ། དེ་ལ་བླ་མ་མཁས་ལ་གྲུབ་པ་ཐོབ་པའི་གདམ་ངག་དང་། དབང་པོ་ཡང་རབ་རང་གི་ཤེས་རབ་དང་། རྩོལ་བས་དྲག་ཏུ་བསྒོམས་པ་གསུམ་འཛོམ་ན། རྒྱུད་ནས་གསུངས་པ་བཞིན་དུ་འཇིག་རྟེན་འདིའི་དགེ་མི་དགེ་ལྟས་སྣ་ཚོགས་པ། འཇིག་རྟེན་ཆེན་པོའི་མཐུ་སྟོབས་དེང་། རྡོ་རྗེ་འཆང་དང་རྡོ་རྗེ་འཛིན་རིག་འཛིན་ལ་སོགས་པའི་འབྲས་བུ་སྣ་ཚོགས་ཀྱང་རང་ལ་རྫོགས་པར་འགྱུར་བ་སྟེ། དེ་ཡང་ཉམས་ཟག་བཅས་སུ་

(༣༥༥)སྐྱེ་བ་དང་། ཟག་མེད་དུ་གནས་པ་དང་ཐབས་དང་ཤེས་རབ་དབྱེར་མེད་དུ་རྟོགས་པ་སྟེ། བསམ་གྱིས་མི་ཁྱབ་ཅིང་ཚད་གཞལ་མེད་པའི་རྟགས་སྣ་ཚོགས་འབྱུང་བར་འགྱུར་རོ། །དེ་ལ་ལྷའི་རྩར་རླུང་སེམས་འདུས་ན་དེ་ལ་བརྟན་ཞིང་གོམས་པར་གྱུར་ན། ད་ལྟ་ཉིད་དུ་ལྷ་རིགས་སུམ་བཅུ་རྩ་བདུན་གང་དང་གང་གི་རྩར་རླུང་སེམས་འདུས་པ་བཞིན་དུ་དེ་དང་དེའི་ལྷའི་སྣང་བ་ཡིན་སྙམ་པའི་ཉམས་འཆར་བར་འགྱུར་རོ། །དེ་ཉིད་ལ་ཆགས་ཤིང་གོམས་ན་ལྷའི་རིགས་རྣམས་སུ་སྐྱེ་བར་འགྱུར་རོ། །ཡང་སྲོག་རྩོལ་བསྒོམས་པའི་གནད་ཀྱིས་ལྷ་མ་ཡིན་གྱི་ས་བོན་ཨཱ་ལི་ཀཱ་ལིའི་གནས་དང་། ཞེ་སྡང་གི་རྩར་རླུང་སེམས་འདུས་ན། རང་ཉིད་ལྷ་མ་ཡིན་གྱི་དམག་དཔོན་ལ་སོགས་པ་ཡིན་པའི་སྣང་བ་འབྱུང་ཞིང་། གོམས་ཤིང་བརྟན་པ་མཐར་ཕྱིན་པར་གྱུར་ན། ལྷ་མ་ཡིན་རྣམས་ཀྱི་རིགས་སུ་སྐྱེ་ཞིང་འཁྲུག་རྩོད་ལ་དབང་བསྒྱུར་བར་འགྱུར་རོ། །རླུང་སེམས་ཀྱི་འདུས་ཚུལ་གྱིས་མི་རྣམས་ཀྱི་རྩ་གནས་སུ་ས་བོན། ཨཱ་ལི་ཀཱ་ལི། ཕོ་མོའི་གནས་སུ་བསྒོམས་པའི་སྟོབས་ཀྱིས། མི་བཟང་ངན་འབྲིང་གསུམ་གྱི་ཉམས་ད་ལྟ་ཉིད་དུ་འབྱུང་ཞིང་། བྲེལ་འཕོངས་དང་འདུ་འཛི་དང་གཡེང་བའི་དབང་དུ་འགྲོ་ཞིང་། གོམས་པ་མཐར་ཕྱིན་ན། མིའི་སྐྱེ་གནས་རྣམས་སུ་སྐྱེ་བར་འགྱུར་རོ། །སྲོག་རྩོལ་བསྒོམས་པའི་གནད་ཀྱིས་བྱོལ་སོང་གི་རིགས་རྣམས་ཀྱི། རྩ་གནས་དང་ས་བོན་གཤིས་ཀྱི་ཡི་གེ་རྣམས་སུ་རླུང་སེམས་རྨོངས་པར་འདུས་ན། ད་ལྟ་ཉིད་དུ་བླུན་ཞིང་གཏི་མུག་པ་དང་། བྱོལ་སོང་སྣ་ཚོགས་ཡིན་

(༣༥༦)སྙམ་པའི་ཉམས་འབྱུང་ཞིང་། དེ་ལ་བླ་མའི་གདམ་ངག་དང་བྱིན་བརླབས་དང་ངོ་སྤྲོད་མེད་པ་དེ་ལ་ཡུན་རིང་དུ་གནས་པར་གྱུར་ན། བྱོལ་སོང་རྣམས་སུ་ཚེ་འཕོ་བར་འགྱུར་རོ། །སྲོག་རྩོལ་དྲག་ཏུ་བསྒོམས་པ་དང་སྣོད་ངན་ལུས་སེམས་ལོག་པར་གྱུར་པ་ཡིས། ཡི་དྭགས་ཀྱི་རྩ་གནས་དང་ཡི་དྭགས་ཀྱི་ས་བོན་དུ་རླུང་སེམས་འདུས་ན། རང་ཉིད་ཀྱང་ད་ལྟ་ཉིད་དུ་ཡི་དྭགས་ཡིན་སྙམ་པའི་ཉམས་འབྱུང་སྟེ། བླ་མའི་གདམ་ངག་མེད་པར་དེ་ཉིད་དུ་ཡུན་རིངས་པ་ན་ཡི་དགས་ཉིད་དུ་འགྱུར་རོ། །དམྱལ་བ་པའི་རྩ་གནས་དང་ས་བོན་དང་བག་ཆགས་ཀྱི་སྟོབས་ཀྱིས། དབང་པོ་ཐ་མ་ལུས་སེམས་རྟེན་འབྲེལ་ལོག་པར་འགྲིག་པས། དམྱལ་ཁམས་བཅོ་བརྒྱད་གང་དང་གང་དུ་རླུང་སེམས་འདུས་ན། ད་ལྟ་ཉིད་དུ་དེ་དང་དེའི་ཉམས་སྣང་འབྱུང་སྟེ། བླ་མ་མཁས་ལ་གྲུབ་པ་ཐོབ་ཅིང་མཁའ་འགྲོས་བྱིན་གྱིས་བརླབས་པ་ཡིས། བཅོས་པའི་ཐབས་རྣམས་མེད་ཅིང་། དེ་ལ་ཡུན་རིང་དུ་གནས་ཤིང་དེ་ཉིད་དུ་ཚེ་འཕོས་ན་དམྱལ་ཁམས་རྣམས་སུ་སྐྱེ་བར་འགྱུར་བ་སྟེ། དེའི་ཕྱིར་ན་ནང་དུ་རླུང་སེམས་ཇི་ལྟར་འདུས་པ་བཞིན་དུ། ཕྱི་ན་ཡང་འགྲོ་བ་རིགས་དྲུག་གི་སྐྱེ་གནས་སྣ་ཚོགས་འབྱུང་བ་སྟེ། ཡུན་རིང་ཐུང་དུས་དང་དུས་ཀྱི་འཁོར་ལོ་ལྟར་སྣ་ཚོགས་སུ་འབྱུང་བར་འགྱུར་རོ། །རླུང་སེམས་རྟེན་འབྲེལ་འགྲིག་དང་མ་འགྲིག་པ་ལ་སོགས་པ་ཇི་ལྟར་འདུས་པ་བཞིན་དུ་ཚེ་རིང་ཐུང་དང་། ལོངས་སྤྱོད་ཆེ་ཆུང་དང་། སྐྱོན་དང་ཡོན་ཏན་སྣ་ཚོགས་ཨཱ་ལི་ཀཱ་ལིའི་རྟེན་འབྲེལ་འགྲིག་

(༣༥༧)མ་འགྲིག་གཉིས་ལས་བྱུང་བ་སྟེ། བླ་མ་མཁས་ལ་གྲུབ་པ་ཐོབ་པ་དང་། །སློབ་མ་སྐལ་བར་ལྡན་པ་ཡིས། །དེ་དང་དེ་དོན་ཤེས་པར་བྱ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་མ་རྟོགས་ཤིང་མ་རིག་པའི་དབང་གིས། ཟག་པ་དང་བཅས་པའི་སྐྱེད་རྫོགས་ཞི་བ་དང་ཁྲོ་བོའི་ཚོགས་ཚེ་རབས་ནས་ཚེ་རབས་སུ་བསྒོམས་ཤིང་བརྟན་པ་དང་། བསོད་ནམས་ཀྱི་ཚོགས་རབ་འབྲིང་ཐ་མ་བསགས་པའི་རྒྱུ་དང་། ད་རེས་སྐྱེ་བ་འདི་མ་བླ་མ་དམ་པའི་གདམ་ངག་གིས་སྲོག་རྩོལ་རླུང་གི་གནད་དར་དྲག་ལ་ཡུན་རིང་དུ་བསྒོམས་པ་ཡིས། དགེ་སྡིག་བག་ཆགས་སྣ་ཚོགས་མྱུར་དུ་སྨིན་པ་སྟེ། དེའི་ཕྱིར་ན་རང་གི་ལུས་ངག་ཡིད་གསུམ་རླུང་སེམས་རྩ་གནས་ཐམས་ཅད་ལ་རང་བཞིན་གྱིས་ས་བོན་ཨཱ་ལི་ཀཱ་ལིར་གནས་པ་སྟེ། དེ་ལ་ཚངས་པའི་རྩ་གནས་དང་ས་བོན་དུ་རླུང་སེམས་འདུས་ན་རང་ཉིད་ཚངས་པ་ཡིན་སྙམ་པ་དང་། ཚངས་པའི་ཞིང་ཁམས་ཐམས་ཅད་མཐོང་བའི་ཉམས་འབྱུང་སྟེ། དེ་ལྟར་དུ་གོམས་ཤིང་བརྟན་ན་འཇིག་རྟེན་འདིར་ཡང་མཐུ་སྟོབས་དང་ཡོན་ཏན་ཚངས་པ་དང་མཉམ་པ་འབྱུང་ཞིང་། དེ་ཉིད་དུ་ཚེ་འཕོས་ན་ཚངས་པའི་གནས་སུ། སྐྱེ་བ་ཡང་སྲིད་དེ་བཞིན་དུ་ནང་གི་རྩ་གནས་རླུང་སེམས་ཀྱི་དཀྱིལ་འཁོར་ཐམས་ཅད་ལ། འཁོར་ལོ་བསྒྱུར་བ་དང་བརྒྱ་སྦྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། ལྷ་ཆེན་པོ་བརྒྱད་དང་། གཟའ་ཆེན་པོ་བརྒྱད་དང་། སྲིན་པོ་བརྒྱད་དང་། གཤིན་རྗེ་བརྒྱད་གཙོ་བོ་དགུ་དང་། ཀླུ་གཙོ་འཁོར་དགུ་དང་། གནོད་སྦྱིན་གཙོ་འཁོར་དགུ་དང་། བྱི་ན་ཡ་ག་གཙོ་འཁོར་དགུ་དང་། མ་ཧཱ་དེ་ཝ་གཙོ་འཁོར་དགུ་དང་། རྒྱལ་པོ་གཙོ་འཁོར་དགུ་དང་། བཙན་གཙོ་

(༣༥༨)འཁོར་དགུ་དང་། བདུད་གཙོ་འཁོར་དགུ་དང་། ཕྱོགས་སྐྱོང་བཅུ་ལ་སོགས་ཏེ་འཇིག་རྟེན། དྲེགས་བྱེད་ཕོ་མོ་ཐམས་ཅད་ཀྱི་ས་བོན་གནས་པས། རང་གི་རྩ་རླུང་ཐིག་ལེ་སེམས་ལ་གནས་པ་སྟེ། དེ་ལ་བསྒོམས་པའི་སྟོབས་ཀྱིས་རྒྱུ་འབྲས་མྱུར་དུ་སྨིན་ནས། འཇིག་རྟེན་དྲེགས་བྱེད་ཐམས་ཅད་ཀྱི་རྩ་གནས་ཨཱ་ལི་ཀཱ་ལིའི་ས་བོན་གང་དང་གང་དུ་འདུས་པ་བཞིན་དུ། འཇིག་རྟེན་ཆེན་པོ་དེ་རྣམས་རང་ཉིད་ཡིན་སྙམ་པའི་སྣང་བ་དང་། དེ་རྣམས་དངོས་སུ་མཐོང་བའི་ཉམས་སྣང་སྣ་ཚོགས་པ་འབྱུང་བ་སྟེ། དེ་རྣམས་གང་དང་གང་གི་ཉམས་བྱུང་ན་ཡང་། བླ་མའི་གདམ་ངག་གི་གནད་དང་བསྟུན་པར་བསྒོམ་ཞིང་། བསྟན་པར་བྱས་ན་སྐྱེ་བ་འདི་ཉིད་ལ་འཇིག་རྟེན་ཆེན་པོ་རྣམས་དང་མཐུ་སྟོབས་མཉམ་པར་འགྱུར་ཞིང་། དེ་ལ་བརྟན་ནས་ཚེ་འཕོས་ན་འཇིག་རྟེན་གྱི་ལྷ་སྲིན་སྡེ་བརྒྱད་ཐ་དད་པའི་གནས་སུ་འགྱུར་ཡང་སྲིད། མ་རིག་པའི་རྩར་རླུང་སེམས་འདུས་ན་ལྐུགས་ཤིང་གླེན་པ་གཏི་མུག་པར་འགྱུར་རོ། །རྩ་རླུམ་པོར་རླུང་སེམས་འདུས་ན་ཞ་བ་དང་། རེངས་པ་དང་། ཁ་མིག་ཡོ་བ་དང་། དབང་པོ་མ་ཚང་བར་འགྱུར་རོ། །དེ་ལ་གཟའ་ཕོག་ཟེར་བ་ཡང་རྩ་དང་སེམས་ཐིག་ལེ་ཕྱེད་ཚལ་དང་ཟླུམ་པོ་དང་འཁྱོག་པོའི་གནས་སུ་རླུང་སེམས་འདུས་ན། སྐྱོན་དེ་རྣམས་འབྱུང་བར་འགྱུར་རོ། །གཞན་ཡང་རླུང་རྒྱུ་བ་ལ་གསུམ་ཡིན་ཏེ། ཕོའི་རླུང་དང་མོའི་རླུང་དང་མ་ནིང་གི་རླུང་དང་གསུམ་ཡིན་ཏེ། སྣ་བུག་གཡས་ནས་རྒྱུ་བ་ནི་ཕོ་རླུང་ཐབས་ཀྱི་རླུང་ཞེས་ཀྱང་བྱ། དེ་ལ་དྲག་ཞན་དུ་རྒྱུ་བ་དང་། རིང་ཐུང་དུ་རྒྱུ་བ་དང་། རྒྱུ་ལུགས་ཉི་ཤུ་རྩ་ལྔའི་བརྟག་ཐབས་ཡོད་པའོ། །གཡོན་

(༣༥༩)དུ་རྒྱུ་བ་ནི་མོ་རླུང་ཤེས་རབ་ཀྱི་རླུང་ཤེས་བྱ་སྟེ། དེ་མ་ཡང་དྲག་ཞན་དང་རིང་ཐུང་དང་འཕོ་འགྱུར་དང་སེམས་ཀྱི་དྲན་པ་སྣ་ཚོགས་དང་སྦྱོར་བ་དང་། ཕྱི་རོལ་གྱི་ལྟས་སྣ་ཚོགས་ལ་སོགས་ཏེ་ཨཱ་ལི་ཀཱ་ལིའི་རླུང་སེམས་ཉི་ཤུ་རྩ་ལྔའི་བརྟག་ཐབས་ཡོད་པའོ། །སྣ་བུག་གཉིས་ཀ་ཆ་མཉམ་པར་རླུང་རྒྱུ་བ་ནི་མ་ནིང་གི་རླུང་ཞེས་བྱ་སྟེ། དེ་ལ་ཡང་ཆ་མཉམ་པ་དང་མི་མཉམ་པ་དང་རིང་ཐུང་དང་། ནང་སེམས་ཀྱི་དྲན་རྟོག་སྣ་ཚོགས་དང་། ཕྱིའི་འབྱུང་བ་ལྔའི་སྒྲ་སྐད་གྲག་པ་དང་། འགྲོ་བ་རིགས་དྲུག་གི་སྒྲ་སྐད་དེ་སྒྲ་ཨཱ་ལི་ཀཱ་ལིར་བརྟག་པ་དང་། རྫས་དཀར་ནག་ཁྲ་གསུམ་ཁ་དོག་སྣ་ཚོགས་ཨཱ་ལི་ཀཱ་ལིར་བརྟག་པ་སྟེ། རླུང་སེམས་དངས་སྙིགས་ཕྱེད་ན་ལྟས་སྣ་ཚོགས་རྟེན་འབྲེལ་སྣ་ཚོགས་མངོན་ཤེས་དང་འདྲ་བ་འབྱུང་བར་འགྱུར་རོ། །དེའི་ཕྱིར་ན། ཆོས་སྐུའི་བསྟན་པ་དང་ཤེས་རབ་དབྱེར་མེད་རྣལ་འབྱོར་བླ་ན་མེད་པའི་རླུང་སེམས་གཉིས་ཀྱི་འདུས་ཚུལ་གདམ་ངག་ལ། བླ་མ་མཁས་ལ་གྲུབ་པ་ཐོབ་པ་མཁའ་འགྲོས་བྱིན་གྱིས་བརླབས་པའི་གདམ་ངག་ལས། སློབ་མ་སྐལ་བ་དང་ལྡན་པ་རྣམས་ཀྱིས་དྲག་ཏུ་བསྒོམས་ཤིང་དམ་ཚིག་དང་ལྡན་ན། རྟགས་དང་ཡོན་ཏན་ཉམས་དང་རྟོགས་པ་མཆོག་དང་ཐུན་མོང་གི་དངོས་གྲུབ་ད་ལྟ་ཉིད་དུ་འབྱུང་བར་འགྱུར་རོ། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ཁྱད་པར་དུ་ཆོས་སྐུའི་བསྟན་པ་རྣལ་འབྱོར་ཆེན་པོ་གསར་མའི་སྲོག་རྩོལ་གནད་ཀྱི་འཁོར་ལོ་བསྐོར་ན། སྣང་སྲིད་འཁོར་འདས་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་ཨཱ་ལི་ཀཱ་ལིར་འཆར་ཞིང་། །འཇིག་རྟེན་པའི་

(༣༦༠)ལྟས་དང་ཡོན་ཏན་ཐམས་ཅད་ཁམས་གསུམ་པའི་དགེ་བ་དང་མི་དགེ་བ། མངོན་སུམ་དུ་འཆར་བའི་བར་སྐབས་བསྟན་པའོ། །དེ་ལྟར་དུ། གསང་སྔགས་རྡོ་རྗེ་ཐེག་པ་གསར་མའི་ཐབས་དང་ཤེས་རབ་དབྱེར་མེད་པའི་རྒྱུད་སྡེ་ཐམས་ཅད་ཀྱི་previous hit དགོངས next hit་དང་། མཁས་པ་གྲུབ་པ་ཐོབ་པའི་གྲུབ་ཐོབ་རྣམས་ཀྱི་རྟོགས་པ་དང་ཉམས་མྱོང་གིས་གདམ་ངག་སྙན་རྒྱུད་གནད་ཀྱི་མན་ངག་ལ། ལུས་སེམས་དར་ལ་བབ་པའི་སྐལ་བ་དང་ལྡན་པ་རྣམས་ཀྱིས་དར་དྲག་ལ་ཡུན་རིང་དུ་བསྒྲུབས་ན། གོང་དུ་བསྟན་པ་བཞིན་ཐུན་མོང་འཇིག་རྟེན་པའི་ལམ། རྟགས་ཉམས་མྱོང་གི་རིམ་པ་རྣམས་རྒྱུན་ཆད་མེད་པར་མངོན་དུ་གྱུར་ཅིང་། ཐུན་མོང་གི་དངོས་གྲུབ་སྣ་ཚོགས་པ་ལ་མངའ་བརྙེས་ཀྱང་། དེ་རྣམས་ལ་ཐོགས་ཤིང་མ་ཆགས་ན། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས། དངོས་པོ་གཤིས་ཀྱི་གནས་ལུགས་གཤིས་ངོ་བོ་རང་བཞིན་མཚན་ཉིད་ལྔ་ལྡན་གནས་པ་ལ། རང་གིས་རང་ངོ་ཤེས་ཤིང་རང་རིག་པའི་ཡེ་ཤེས་མཆོག་གི་དངོས་གྲུབ་དང་པོ་རང་ལ་རྟགས་ཀྱང་། སྐད་ཅིག་ཙམ་ཡང་ཐང་ལྷོད་མེད་པར་རྩ་རླུང་བྱང་ཆུབ་ཀྱི་སེམས་སྲོག་རྩོལ་གནད་ཀྱི་འཁོར་ལོ་དར་དྲག་ལ་ཡུན་རིང་དུ་བསྒོམས་ན། སེམས་ཡེ་ཤེས་ཀྱི་སེམས་ཆོས་ཀྱི་སྐུ། ལུས་ཡེ་ཤེས་ཀྱི་ལུས་ལོངས་སྤྱོད་རྫོགས་པའི་སྐུ། རླུང་ཡེ་ཤེས་ཀྱི་རླུང་སྣང་སྲིད་འཁོར་འདས་ཀུན་ལ་རང་དབང་ཐོབ། རྩ་ཡེ་ཤེས་ཀྱི་རྩ་ཕྱི་ནང་གི་རྩ་གནས་ཐམས་ཅད་ན་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་དང་། གནས་ཉི་ཤུ་རྩ་བཞིའི་ལྷ་ཚོགས་རང་ལ་རྫོགས། ཐིག་ལེ་ཡེ་ཤེས་ཀྱི་ཐིག་ལེ་ཁམས་གསུམ་པའི་སྐྱེ་རྒྱུད་དང་།

(༣༦༡)ས་བོན་ཆད་ནས། རྒྱལ་བ་དང་རྒྱལ་བའི་དཀྱིལ་འཁོར་རྒྱལ་བའི་སྲས་གཟུགས་ཀྱི་སྐུའི་རྣམ་པར་འཕྲུལ་པ། གདུལ་བྱ་སེམས་ཅན་གྱི་གྲངས་དང་མཉམ་པ་རང་ལ་འབྱུང་བར་འགྱུར་རོ། །སྣང་བ་ཡེ་ཤེས་ཀྱི་སྣང་བ་སངས་རྒྱས་སྐུ་ལྔའི་དཀྱིལ་འཁོར་མ་རྟོགས་པ། ཁམས་གསུམ་གྱི་སེམས་ཅན་དང་ཉོན་མོངས་པའི་སྣང་བ་སྤུ་ཙམ་ཡང་མེད་པར་འགྱུར་རོ། །ཕྲིན་ལས་ཡེ་ཤེས་ཀྱི་ཕྲིན་ལས་རྩོལ་བ་དང་སྒྲུབ་པ་མེད་པར་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལྷུན་གྱིས་གྲུབ་པར་འགྱུར་རོ། །དེ་ལ་སོགས་པ་མཆོག་གི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འབྱུང་བ་དེ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་ཀྱང་། ལས་དང་པོ་ས་བཞིན་དུ་ཐབས་དང་ཤེས་རབ་དབྱེར་མེད་ཀྱི་ལམ་བསྒྲོད་པ་སྟེ། མ་རྟོགས་པའི་དུས་སུ་ནི་ཅི་ལྟར་དུ་བྱས་ཤིང་ཅི་ལྟར་དུ་འཆར་ཡང་ཐབས་ལམ་རྐྱངས་ཡིན། ཕྱག་རྒྱ་ཆེན་པོ་རྟོགས་ཕྱིན་ཆད་དུ་དངོས་པོ་དང་མཚན་མ་སྐྱེད་རྫོགས་ཅི་ལྟར་དུ་བསྒོམས་ཀྱང་ཐབས་དང་ཤེས་རབ་དབྱེར་མེད་པའི་ལམ་སྟེ། ཡང་དག་པའི་ལམ་རྣམས་གཟོད་ཡིན་པའི་ཕྱིར་ན། བསོད་ནམས་ཀྱི་ཚོགས་ཅི་ལྟར་དུ་བསགས་ཀྱང་། ཡེ་ཤེས་ཀྱི་ཚོགས་འབའ་ཞིག་ཡིན་པའི་ཕྱིར་ན། སྐྱེ་བ་མེད་པའི་དོན་རྟོགས་ཀྱང་། འགག་པ་མེད་པའི་རྩལ་སྦྱང་གསུངས་པ་ཡང་སྐབས་འདི་ན་previous hit དགོངས next hit་ཡིན་པའི་ཕྱིར་ན། རྒྱུན་ཆད་མེད་པར་གཙོ་ཆེར་རླུང་སེམས་གཉིས་ལ་དུས་དང་དུས་ཚོད་དུས་ཀྱི་འཁོར་ལོ་དང་སྦྱར་ཏེ། བརྩོན་འགྲུས་དར་དྲག་ལ་ཡུན་རིང་དུ། བསྒོམས་ན། ད་ལྟ་ཉིད་དུ་ས་དང་ལམ་རྟགས་དང་ཡོན་ཏན་རིམ་གྱིས་བསྒྲོད་པ་ལ་མི་རེ་བར། ད་ལྟ་ཉིད་དུ་

(༣༦༢)རླུང་སེམས་ཅི་ལྟར་འདུས་པ་བཞིན་སངས་རྒྱས་སྐུ་ལྔ་ལ་སོགས་པ་རྒྱལ་བའི་དཀྱིལ་འཁོར་གྲངས་ཅན་དང་གྲངས་མེད་ཐ་དད་པ་དང་། བྱེ་བྲག་དང་། ཞི་བ་དང་། དབང་དང་། རྒྱས་པ་དང་། དྲག་པོའི་ལྷ་ཚོགས་དང་། དམ་ཅན་རྒྱ་མཚོ་ཡེ་ཤེས་མ་མགོན་ལྕམ་དྲལ་ཕོ་ཉ་ལས་ལ་གྲུབ་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ལ་སོགས་ཏེ། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ནས་ལྷ་ཚོགས་ཇི་ལྟར་གསུངས་པ་བཞིན་དུ། རང་གི་རྩ་གནས་སྣ་ཚོགས་པར་རྩ་རླུང་བྱང་ཆུབ་ཀྱི་སེམས་ཅི་ལྟར་དུ་འདུས་པ་བཞིན་དུ། རྒྱལ་བ་སྣ་ཚོགས་ཀྱི་ཞལ་མཐོང་བ་དང་། རྒྱལ་བའི་དཀྱིལ་འཁོར་ཐ་དད་པ་རང་ཉིད་ཡིན་པའི་ངེས་ཤེས་སྐྱེ་བ་དང་། རང་ལ་རྫོགས་པར་ཤེས་ཤིང་བརྟན་པ་སྟེ། དེའི་ཕྱིར་ན། གཞན་གྱི་སྣང་བ་ལ་ཡང་གདུལ་བྱ་རབ་འབྲིང་ཐ་མ་འབྲེལ་པ་ཡོད་པ་དང་། གདུལ་བྱ་རྣམས་ཀྱིས་དད་པ་དང་མོས་པ་ཅི་ལྟར་བྱས་པ་བཞིན་དུ། དེ་དང་དེའི་སྣང་བ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣང་བ་སྣ་ཚོགས་སྟོན་པར་ནུས་པ་སྟེ། དེ་རྣམས་ཐམས་ཅད་ཀྱི་ཡོན་ཏན་རབ་འབྱམ་རྩོལ་སྒྲུབ་མེད་པར་འབྱུང་བ་སྟེ། དངོས་པོ་གཤིས་ཀྱི་གནས་ལུགས་རྟོགས་ནས་རླུང་སེམས་གཉིས་ཀྱི་དཀྱིལ་འཁོར་དུ་རྟག་ཏུ་རྒྱུན་ཆད་མེད་པར་བསྒོམས་ན། རླུང་སེམས་གང་དང་གང་དུ་འདུས་པ་བཞིན་དུ་སྟོན་པ་ལྔའི་བསྟན་པ་རང་ལ་རྫོགས་པར་འགྱུར་བ་སྟེ། དེའི་སྒྲ་དང་དོན་ངོ་སྤྲོད་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་ལྷན་སྐྱེས་ཡེ་ཤེས་ཨཱ་ལི་ཀཱ་ལིའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ། ད་ནི་རྒྱས་དང་བསྡུས་པར་བསྟན་ཅིང་ངོ་སྤྲོད་དོ། །རྗེ་ནཱ་རོ་བརྒྱུད་པ་ཡིས་བྱིན་གྱིས་བརླབས་ཤིང་གནད་བཞི་རྟོགས་པའི་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ལེགས་པར་ཉོན་

(༣༦༣)ཅིག་སེམས་ཅན་ཐམས་ཅད་ལ་གདོད་མ་ནས་སེམས་ཅན་ཉིད་ཀྱི་གཤིས་རང་བཞིན་གཅིག་ལ་ངོ་བོ་མཚན་ཉིད་ལྔ་ལྡན་དུ་གནས་ཀྱང་། མ་རིག་པའི་དབང་གིས་མ་རྟོགས་ཀྱི་བར་དུ་འཁོར་བ་ཐོག་མཐའ་མེད་པའོ། །གང་ཟག་སྒོས་ཙན་དུ་རླུང་སེམས་གནད་ཀྱི་འཁོར་ལོ་ཡིས་རང་རིག་པའི་ཡེ་ཤེས་ནམ་རྟོགས་པའི་དུས་དེར། སངས་རྒྱས་སེམས་ཅན་གཉིས་ཀྱི་ཐོག་མཐའ་ས་མཚམས་མེད་པ་སྟེ། དེའི་ཕྱིར་ན། མ་རྟོགས་པའི་དུས་སུ་ནི་ཁམས་གསུམ་འཁོར་བ་མ་རིག་པ་བཏགས་ལ། དོན་དམ་པའི་བདེན་པ་ནམ་མཐོང་བའི་དུས་དེར་མྱ་ངན་ལས་འདས་པ་བཏགས་པ་སྟེ། དེ་ལྟར་དུ་རྟོགས་ཀྱང་ད་རུང་འཁྲུལ་པ་དང་ཡེ་ཤེས་དུམ་བུ་དུམ་བུར་གནས་པ་སྟེ། དེའི་ཕྱིར་ན། གནས་ལུགས་ཆ་གཅིག་རྟོགས་ཀྱང་ད་རུང་འཁྲུལ་ལ་དང་ཡེ་ཤེས་དུམ་བུར་གནས་པའི་ཕྱིར་ན། འོག་མིན་ཐེག་པ་དྲུག་གི་བཞེད་གཞུང་བཞིན་དུ་ཚོགས་གཉིས་ཟུང་འཇུག་དང་། སྐྱེད་རྫོགས་དཔག་ཏུ་མེད་པ་དང་བསྲེ་ཞིང་བསྒོམས་ཀྱང་སངས་རྒྱས་མཉམ་རྗེས་མེད་པ་ལ་བསྐལ་པ་མང་པོ་ཐོགས་ཀྱང་ཤེས་པའི་ཕྱིར་ན། ཐེག་པ་དྲུག་ཐེག་པ་གཅིག་ཏུ་རྫོགས་པ་རྣལ་འབྱོར་ཆེན་པོ་གསར་མ་ཐབས་དང་ཤེས་རབ་དབྱེར་མེད་པ། རྗེ་ནཱ་རོ་པཎ་ཆེན་གྱི་ཁྱད་ཆོས་རླུང་སེམས་གནད་ཀྱི་མན་ངག་འདི། ཕྱག་རྒྱ་ཆེན་པོའི་དོན་གཤའ་མར་རྟོགས་ནས་རླུང་སེམས་མཁའ་འགྲོ་སྲོག་སྙིང་ལ་རྩལ་ཆེན་རྫོགས་པར་བྱས་ན། དབང་པོ་རབ་འབྲིང་ཐ་མ་གསུམ་གྱི་ལམ་བསྒྲོད་ལུགས་ཀྱིས། སྐུ་ལྔའི་སངས་རྒྱས་རང་ལ་མི་རྫོགས་མི་སྲིད་དོ། །དེའི་ཕྱིར་ན། དབང་པོ་ཡང་རབ་

(༣༦༤)ཟླ་བ་དྲུག་གིས་མཉམ་རྗེས་མེད་པ་ཆུ་བོའི་རྒྱུན་ལྟར་འགྱུར་རོ། །དབང་པོ་འབྲིང་རྟོགས་ནས་ལོ་བཅུ་གཉིས་སམ་མི་ཚེ་གཅིག་གིས་འཁྲུལ་པ་ཡེ་ཤེས་སུ་ཤར་ནས་རྒྱུན་ཆད་མེད་པར་འགྱུར་ཏེ། དབང་པོ་ཐ་མ་ཡང་འཆི་ཀ་དང་བར་དོར་རྗེ་མཻ་ཏྲི་པ་བཞིན་སྐུ་གསུམ་ལྷུན་གྱིས་གྲུབ་པར་འགྱུར་བ་སྟེ། སྲོག་རྩོལ་རླུང་གི་ཕྲིན་ལས་ཡིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་ཤིང་ཐབས་དང་ཤེས་རབ་ཀྱི་རྒྱུད་སྡེ་རྣམས་ཀྱི་ནང་ནས་ཅི་ལྟར་གསུངས་པ་བཞིན་དུ། རྗེ་ཏཻ་ལོ་ནཱ་རོའི་ཐབས་དང་ཤེས་རབ་དབྱེར་མེད་སྙན་རྒྱུད་གནད་ཀྱི་གདམ་ངག་མ་ནོར་ཞིང་། མཁས་ལ་གྲུབ་པ་ཐོབ་ཅིང་མཁའ་འགྲོ་རྒྱ་མཚོས་བྱིན་གྱིས་བརླབས་ནས། རྡོ་རྗེ་འཆང་དང་ཡོན་ཏན་མཉམ་པའི་རྗེ་དུས་གསུམ་མཁྱེན་པ་ཡིས་རླུང་སེམས་གཉིས་ལ་མངའ་བརྙེས་ཤིང་ཁྱད་ཆོས་ཟབ་ཆོས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བ་ལ། སྐལ་ལྡན་དང་རྟོགས་ལྡན་རྣམས་ཀྱི་གསང་གནས་རྡོ་རྗེའི་འཁོར་ལོར་ལས་ཀྱི་རླུང་། རླུང་གི་རླུང་ཕྲིན་ལས་ཀུན་གྱི་རྩ་བ་ཨོཾ་ལས་ཨཱ་ལི་ཀཱ་ལི་གྲངས་ཅན་དང་། སུམ་བཅུ་སོ་གཉིས་དང་། དེ་ལས་འཕྲོས་པ་བཞི་བཅུ་རྩ་དགུའི་གནས་སུ་རླུང་སེམས་བྱ་བ་སྒྲུབ་པའི་ཡེ་ཤེས་སུ་འདུས་ན། ད་ལྟར་དོན་ཡོད་གྲུབ་པའི་དཀྱིལ་འཁོར་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་རང་ལ་བསྟན་པ་སྟེ། ལས་རབ་འབྱམ་རྒྱ་མཚོའི་དངོས་གྲུབ་འབྱུང་། དེ་ལ་འདུས་ལུགས་རབ་འབྲིང་ཐ་མ་གསུམ་ལ་སོགས་ཏེ། ཅི་ལྟར་དུ་འདུས་པ་བཞིན་དུ་རྩོལ་བ་མེད་པའི་ཕྲིན་ལས་ཤས་ཆེ་ཆུང་སྣ་ཚོགས་

(༣༦༥)འབྱུང་བར་འགྱུར་རོ། །དབང་པོ་ཐ་མ་ཡང་འཆི་ཀ་དང་རླུང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ལམ་རྟགས་ཙམ་དུ་བཞེད་པ་སྟེ། འདི་ལ་ཅི་ལྟར་དུ་བྱུང་ན་ཡང་འཁོར་བའི་དྲི་མས་གོས་པར་མི་འགྱུར་རོ། །གསང་བའི་དབང་ཡན་ཆོད་དབང་གཉིས་ཡིན་ཏེ། རེ་རེ་ལ་ཡང་བཞི་བཞིར་དབྱེ་བ་ལས། བརྒྱད་དུ་བསྐུར་བ་ལས་དྲི་མ་བརྒྱད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆ་བརྒྱད་དུ་རྟོགས་པར་བཞེད་པ་སྟེ། སྨིན་པར་བྱ་བ་དབང་གི་ནུས་པ་ཡིན། གྲོལ་བར་བྱེད་པ་གདམ་ངག་གི་ཁྱད་པར་ལས། ལྟེ་བ་སྤྲུལ་པའི་འཁོར་ལོར་སའི་རླུང་དང་སའི་ཁམས་དང་སའི་ས་བོན་དང་། ང་རྒྱལ་གྱི་གནས་སུ་རང་བཞིན་མཚན་ཉིད་རྩའི་རི་མོའི་ས་བོན་ཏྲི་དུ་གནས་པ་ལས། ཨཱ་ལི་ཀཱ་ལིའི་གནས་རྩ་འདབ་དྲུག་བཅུ་རྩ་བཞི་ཡི་གེའི་གྲངས་ཀྱང་དེ་དང་མཚུངས་ཏེ། དེར་རྟོགས་པ་ཡེ་ཤེས་ཀྱི་རླུང་སེམས་ཕྱོགས་ཙམ་དུ་འདུས་པ་དང་། ཕྱོགས་མེད་དུ་འདུས་པ་དང་། རྟེན་འབྲེལ་འགྲིག་པར་འདུས་པ་དང་རྟེན་འབྲེལ་ལ་འགྲིག་པར་འདུས་པ་ལ་སོགས་ཏེ། འདུས་ལུགས་དཔག་ཏུ་མེད་པ་ཡོད་པ་ལས་ཅི་ལྟར་འདུས་པ་བཞིན་དུ། ཕྱག་རྒྱ་ཆེན་པོ་རྟོགས་ཀྱང་སྐྱོན་དང་ཡོན་ཏན་སྣ་ཚོགས་འབྱུང་བའོ། །ཁྱད་པར་དུ་རིན་ཆེན་འབྱུང་ལྡན་ཡབ་ཡུམ་གྱི་རྩ་གནས་སུ་རླུང་སེམས་ལེགས་པར་འདུས་ན། ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་གཞལ་ཡས་ཀྱི་ཁང་སེར་པོར་འཆར་བ་དང་། འཁོར་འདས་གཉིས་ཀྱི་ཞིང་ཁམས་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སེར་པོ་རིན་ཆེན་འབྱུང་ལྡན་ལ་སོགས་པ་མཐའ་ཡས་པར་མཐོང་ཞིང་། རང་ཉིད་ཡིན་པར་རྟོགས་པ་དང་། སྒྲ་གྲག་ཚད་ཐམས་ཅད་ཐེག་ཆེན་

(༣༦༦)ཆོས་ཀྱི་འཁོར་ལོར་གོ་བ་སྟེ། དེ་ཡང་འདུས་ལུགས་གསུམ་མམ་ལྔ་འམ་གྲངས་ལས་འདས་པ་ཡོད་པ་སྟེ། ཨཱ་ལི་ཀཱ་ལིའི་གནས་གང་དང་གང་དུ་འདུས་པ་བཞིན་དུ། ཉན་ཐོས་དང་རང་སངས་རྒྱས་ཡན་ཆོད་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་མན་ཆོད། རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་སེར་པོ་འབའ་ཞིག་ཏུ་སྟོན་པ་དང་། བསྟན་པ་སྣ་ཚོགས་རང་ལ་འཆར་བར་འགྱུར་ཏེ། སྐྱེ་བ་འདི་ཉིད་ལ་རང་ལ་རླུང་སེམས་གང་དང་གང་དུ། འདུས་པའི་ཚད་དང་སྦྱར་བའི་རང་སྣང་གཞན་སྣང་གཉིས་ཀར་ཡོན་ཏན་ཤས་ཆེ་ཆུང་སྣ་ཚོགས་འབྱུང་བར་འགྱུར་རོ། །དེ་ཡང་རླུང་སེམས་ཐབས་དང་ཤེས་རབ་དབྱེར་མེད་ཡོན་ཏན་སྣ་ཚོགས་པའི་ཕྲིན་ལས་ཡིན་ཏེ། དེ་ལྟར་དུ་རྟོགས་ཕྱིན་ཆོད་ཅི་ལྟར་དུ་སྤྱད་ཀྱང་འཁོར་བའི་སྐྱོན་གྱིས་གོས་པར་མི་འགྱུར་རོ། །དེ་ཡང་རྟོགས་པའི་དོན་ཐབས་ཤེས་རབ་དབྱེར་མེད་ཀྱི་གནད་ལས་མ་འཁྲུལ་བ་གལ་ཆེ་འཁྲུལ་ན་ཁམས་གསུམ་འཁོར་བའི་རྒྱུ་འབྲས་སུ་འགྱུར་རོ། །དེའི་ཕྱིར་ན་རྗེ་ནཱ་རོ་བརྒྱུད་པ་ཡིས་བྱིན་གྱིས་བརླབས་པའི་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱིས་མཁྱེན་པར་མཛོད། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་རྩ་འདབ་བཅུ་གཉིས་རེའུ་མིག་དང་བཅས་པ། འབྱུང་བ་མེའི་ཁམས་ཉོན་མོངས་པ་འདོད་ཆགས་ཀྱི་ཁམས་རླུང་གི་དབང་དུ་བྱས་ན་མེའི་རླུང་ལས་རླུང་ལྔར་དབྱེ་བ། རྒྱུ་བའི་གནས་ཐ་མལ་པའི་སེམས་ཅན་གྱི་དུས་སུ་སེམས་ཉིད་ཀྱི་གཤིས་ལྔ་ཡོད་པ་ལས། ངོ་བོ་སྟོང་པའི་ཆ་དེ་ལྟར་དུ་གནས་པ་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་རྟོགས་ནས། སྲོག་རྩོལ་རླུང་གི་འཁོར་ལོ་ཐབས་ཤེས་རབ་དབྱེར་མེད་ཀྱི་ཏིང་ངེ་འཛིན་ལ་

(༣༦༧)རྒྱུན་དུ་གོམས་ཤིང་བརྩོན་འགྲུས་དྲག་ཏུ་བྱས་ནས། རླུང་སེམས་སྣང་བ་མཐའ་ཡས་ཀྱི་ས་བོན་རང་བཞིན་གྱི་ཡི་གེ་རླུང་སེམས་འདུས་ན། དེ་ལ་ཅི་ལྟར་དུ་འདུས་པ་བཞིན་དུ་རྟགས་ཀྱི་བྱེ་བྲག་སྣ་ཚོགས་པ་འབྱུང་སྟེ། ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་འཁོར་འདས་གཉིས་ཀྱི་ཞིང་ཁམས་ཟླ་ཁམས་དམར་པོའི་གཞལ་ཡས་ཁང་དང་། སྣང་བ་མཐའ་ཡས་ཡབ་ཡུམ་མཐའ་ཡས་ཤིང་གྲངས་མེད་པའི་མཐོང་སྣང་འབྱུང་བ་དང་། རང་ཉིད་སྣང་བ་མཐའ་ཡས་ཡིན་པའི་ངེས་ཤེས་སྐྱེ་བ་དང་། དབང་པོ་ཡང་རབ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་མདུད་པདྨ་ཁ་བྱེ་ཞིང་ཨཱ་ལི་ཀཱ་ལི་མཉམ་པར་སྦྱོར་ནས། བདེ་བར་གཤེགས་པའི་བཀའ་ཐམས་ཅད་ལ་ལུང་ཆེན་ཐོབ་པ་སྟེ། དོན་དམ་པར་ན་རང་གི་དག་པའི་སྣང་བ་ལས་བསྟན་པ་ལྔ་རང་ལ་རྫོགས་པ་ལས། བསྟན་པ་ལྔ་ཐེག་པ་དགུའི་ཆོས་ཐམས་ཅད་རང་ཤར་རང་ཉིད་ལ་མཉན་པ་མཉན་མཁན་མེད་པར་སྣང་སྲིད་ཆོས་ཀྱི་ཕུང་པོར་འཆར་བའོ། །དེ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འབྱུང་བ་ཡང་། །རླུང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་ཤིང་གོམས་འདྲིས་རྩལ་རྫོགས་པའི་ཕྲིན་ལས་སོ། །དེ་ལྟར་དུ་ཡང་ན་ས་ཡང་རླུང་སེམས་རྩ་གནས་ཨཱ་ལི་ཀཱ་ལི་ཡི་གེའི་གནས་རྣམས་སུ་རླུང་སེམས་དགྲ་གཤེད་ལྟ་བུར་འདུས་པ་དང་མི་མཐུན་པའི་ཕྱོགས་སྣ་ཚོགས་སུ་འདུས་ན། ཕྱག་རྒྱ་ཆེན་པོ་རྟོགས་ཀྱང་མི་ཕན་སྐྱེ་བ་འདི་ཉིད་ལ་རྒྱུ་འབྲས་ལས་བདེ་སྡུག་གཞན་སྣང་དང་རང་སྣང་གཉིས་ཀར་འབྱུང་བར་འགྱུར་རོ། དེའི་ཕྱིར་ན། རྣལ་འབྱོར་ཆེན་པོ་གསར་མའི་

(༣༦༨)ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་རྣམས་ལ་མཁས་ཤིང་། དེའི་སྒྲ་དོན་གདམ་ངག་ཉམས་སུ་མྱོང་ནས་རླུང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀུན་མཁྱེན་ཡེ་ཤེས་དང་ལྡན་པའི་བླ་མ་མཁས་ལ་གྲུབ་པ་ཐོབ་པ་རྗེ་པཎ་ཆེན་ནཱ་རོའི་previous hit དགོངས་པའི་རྒྱུད་ next hit་དང་རྟོགས་པ་མཐར་ཕྱིན་པའི་རྒྱུད་པ་ཐ་དད་མེད་པ་ལ། དབང་པོ་ཡང་རབ་མི་ཚེ་གྲངས་མེད་པ་ནས་གསང་མཆོག་རྡོ་རྗེ་ཐེག་པའི་ཐབས་དང་ཤེས་རབ་དབྱེར་མེད་ཀྱི་ལམ་ལ་གོམས་འདྲིས། མཐར་ཕྱིན་ཅིང་རྩལ་རྫོགས་པའི་གདུལ་བྱ་དང་། གདུལ་བྱེད་ཀྱི་སྟོན་པ་གཉིས་འཛོམ་ནས་དར་དྲག་ལ་ཡུན་རིང་དུ་བསྒོམས་ན་རྟགས་དང་ཡོན་ཏན་ད་ལྟ་ཉིད་དུ་འབྱུང་ཞིང་། མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པར་འགྱུར་རོ། །སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་བཅུ་རྩ་གཉིས་རེའུ་མིག་དང་བཅས་པ་འབྱུང་བ་ནམ་མཁའི་ཁམས། ཉོན་མོངས་པ་གཏི་མུག་གི་གནས་འབྱུང་བའི་དབང་དུ་བྱས་ན་ནམ་མཁའི་རླུང་ལ་ལྔར་དབྱེ་བ་སྟེ། ས་བོན་གྱི་དབང་དུ་བྱས་ན་རང་བཞིན་གྱི་ཡི་གེ་ཨོཾ་དུ་གནས་པ། རྩ་འདབ་རྣམས་ལ་རང་བཞིན་གྱི་ཡི་གེ་ཨཱ་ལི་བཅུ་དྲུག །ཡུལ་ཅན་གྱི་ཡི་གེ་ཀཱ་ལི་སུམ་བཅུ་རྩ་གཉིས་རང་བཞིན་གྱིས་གནས་པ་སྟེ། མ་རྟོགས་པའི་དུས་སུ་འཁོར་བའི་རྒྱུ་འབྲས་ཡིན་ལ། གསང་སྔགས་རྡོ་རྗེ་ཐེག་པའི་རླུང་སེམས་གཉིས་ཀྱི་གནད་ཀྱིས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་པའོ། །ཐིག་ལེའི་དབང་དུ་བྱས་ན་ནམ་མཁའི་ཐིག་ལེ་ཧཾ་གི་ངོ་བོར་གནས་པ་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་ཀྱང་དུས་དང་དུས་གནད་དུས་ཀྱི་འཁོར་ལོ་བཞིན་དུ། རླུང་སེམས་གནད་ཀྱི་མན་

(༣༦༩)ངག་རྡོ་རྗེ་རིགས་ཀྱི་གནས་ལུགས་བཞི་ལྡན་དུ་དར་དྲག་ལ་ཡུན་རིང་དུ་བསྒོམས་ན། ནམ་མཁའི་རླུང་དང་གཤིས་ཀྱི་གནས་ལུགས་དངོས་པོ་ཀུན་ལ་ཁྱབ་པ་གཉིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རླུང་སེམས་འདུས་ན། ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་རང་བཞིན་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཀྱི་ཁང་ཆོས་ཀྱི་དབྱིངས་དང་མཉམ་པར་རྣམ་པར་སྣང་མཛད་སྐུའི་དཀྱིལ་འཁོར་དུ་རྒྱུན་ཆད་མེད་པར་སྣང་ཞིང་། རང་ཉིད་རྣམ་པར་སྣང་མཛད་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དཀྱིལ་འཁོར་རང་ལ་རྫོགས་པ་སྟེ། ཡང་ན་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་རང་བཞིན་གྱི་ཡི་གེ་ནས་ཡི་གེ་རྒྱུན་མ་ཆད་པ། ཡི་གེའི་འཁོར་ལོར་རང་བཞིན་གྱིས་མཚན་པ་ཙམ་མ་གཏོགས་པ། སྐུ་དང་ཕྱག་རྒྱ་སྟོན་པ་དང་བསྟན་པ་གང་གི་ཡང་ཐ་སྙད་མི་འདོགས་པ་སྟེ། དབྱིངས་དང་ཡེ་ཤེས་རོ་མཉམ་previous hit ་ཙམ་ལ་དགོངས next hit་པའོ། །དེའི་ཕྱིར་ན་ཕྱག་རྒྱ་ཆེན་པོ་རྟོགས་པ་མཐར་ཐུག་པ་ཡོད་ཀྱང་། ཐབས་དང་ཤེས་རབ་དབྱེར་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྲོག་རྩོལ་རླུང་གི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་ན། དབང་པོ་ཡང་རབ་སྐྱེ་བ་འདི་ཉིད་ལ་སྐུ་ལྔ་རིགས་ལྔ་རང་ལ་རྫོགས་པར་ཐེ་ཚོམ་མེད། འོན་ཀྱང་དེ་ལྟར་དུ་ཡོན་ཏན་རྫོགས་ཀྱང་ཨཱ་ལི་ཀཱ་ལི་ཡི་གེའི་དགྲ་གཤེད་དང་། འབྱུང་བ་ལྔ་རླུང་གི་དགྲ་གཤེད་དང་དུས་དང་ཆུ་ཚོད་དབྱུ་གུ་དང་། ཕྱི་ནང་གི་རླུང་སེམས་ཀྱི་འཁོར་ལོ་ལོག་པར་འདུས་ན། དོན་དམ་པ་ལ་འཕོ་འགྱུར་མེད་ཀྱང་། ཀུན་རྫོབ་ཙམ་དུ་རང་སྣང་དང་གཞན་སྣང་གཉིས་ཀའི་བདེ་སྡུག་དང་

(༣༧༠)དགྲ་གཤེད་དང་། ཚེ་ཐུང་ཞིང་ནད་མང་པ་སྣ་ཚོགས་འབྱུང་སྟེ། དེའི་ཕྱིར་ན་རྡོ་རྗེ་རིགས་ཀྱི་གནས་ལུགས་བཞིའི་དཀྱིལ་འཁོར་དུ་ཡེ་ཤེས་ལྔ་དང་ལྡན་པའི་རླུང་སེམས་འདུས་པ། ཤིན་ཏུ་གལ་ཆེ། དེའི་ཕྱིར་ན། དེ་ཁོ་ན་ཉིད་ངེས་པར་འབྱུང་བའི་རྒྱུད་ལས་ཀྱང་། སེམས་ཤེས་བྱ་བ་འཁོར་འདས་གཉིས་ཀྱི་གནས། རླུང་ཞེས་བྱ་བས་ལས་ཀུན་བྱེད། ཅེས་གསུངས་པ་ཡང་སྒྲ་དོན་འདི་རྣམས་ལ་previous hit དགོངས next hit་ལོགས། རླུང་སེམས་གཉིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་ཤིང་། རྣལ་འབྱོར་ཆེན་པོ་ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་སྡེ་ཐམས་ཅད། དོན་ཐབས་དང་ཤེས་རབ་དབྱེར་མེད་པའི་དཔལ་ཆེན་པོ་ནཱ་རོའི་སྙན་རྒྱུད་གནད་ཀྱི་མན་ངག་ལ་དར་དྲག་ལ་ཡུན་རིང་དུ་བསྒོམས་ན། ཕུང་པོ་ལྔ་དང་འབྱུང་བ་ལྔ་དང་སྐྱེ་མཆེད་དྲུག་དང་། ཤ་དང་པགས་པ་དང་བ་སྤུའི་རྩ་བ་དང་མགོ་དང་ཀླད་པ་དང་ཀླད་རྒྱ་དང་རུས་པ་དང་རྐང་དང་ཁྲག་དང་ཆུ་སེར་དང་། སོ་དང་སེན་མོ་དང་། ཡན་ལག་དང་ཉིང་ལག་དང་། གློ་སྙིང་མཆིན་པ་དང་རྒྱུ་མ་ནང་ཁྲོལ་ལ་སོགས་པ། ལུས་ཀྱི་ཕྱི་ནང་ཐམས་ཅད་དུ་རླུང་སེམས་སྣ་ཚོགས་པ་ཐབས་དང་ཤེས་རབ་དབྱེར་མེད་དུ་ལོགས་པར་འདུས་ལུགས་གྲངས་མེད་པ་ཡོད་པ་སྟེ། དེ་རྣམས་གང་དང་གང་དུ་ཅི་ལྟར་འདུས་པ་བཞིན་དུ་ཕྱི་དང་ནང་དང་དེ་ཁོ་ན་ཉིད་ཀྱི་རྒྱལ་བ་སྲས་བཅས་རྒྱལ་བའི་དཀྱིལ་འཁོར་དང་། ཕྱི་ནང་གསང་གསུམ་གྱི་དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོ་རྒྱུད་སྡེ་རྣམས་ནས་གསུངས་པ་བཞིན་དུ། ཞི་བ་དང་ཁྲོ་བོ་དང་དབང་དང་རྒྱས་པ་དང་སྣ་ཚོགས་པའི་ཞལ་ཕྱག་གྲངས་ཅན་དང་གྲངས་མེད་ཀྱི་ལྷ་ཚོགས་རྣམས་

(༣༧༡)རང་ལ་རྫོགས་ཤིང་རང་གི་རྣམ་འཕྲུལ་ཏུ་འཆར་བ་སྟེ། ཡུན་རིང་ཐུང་དང་ཡོན་ཏན་ཕྲིན་ལས་ཆེ་ཆུང་དང་། རྟགས་དང་ཡོན་ཏན་རབ་འབྲིང་ཐ་མ་སྣ་ཚོགས་པར་འབྱུང་སྟེ། རླུང་སེམས་ཅི་ལྟར་འདུས་པའི་ཆ་དང་མཐུན་པའོ། །དེའི་ཕྱིར་ན། ཇི་ལྟར་དུ་སྣང་ཡང་རླུང་སེམས་གཉིས་ཀྱི་འདུས་ཚུལ་ཏེ། གཞན་ནས་འབྱུང་ཞིང་རྒྱུ་སྐྱེན་གང་གིས་བསྐྱེད་པ་མ་ཡིན་ནོ། །དེའི་ཕྱིར་ན་ཁམས་གསུམ་འཁོར་བའི་སེམས་ཅན་རྣམས་ལ། བདེ་སྡུག་དང་ལུས་ཆེ་ཆུང་དང་ཁ་དོག་སྣ་ཚོགས་ཡོད་པ་བཞིན་དུ། རླུང་སེམས་གཉིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་ཤིང་རླུང་སེམས་གཉིས་ལ་དབང་ཐོབ་ན། སྐྱེ་བ་འདི་ཉིད་ལ་ཁམས་གསུམ་འཁོར་བ་རང་གི་ལུས་ངག་ཡིད་གསུམ་ཉོན་མོངས་པ་དུག་ལྔ་སངས་རྒྱས་སྐུ་ལྔ་རང་ཉིད་ཡིན་ཞིང་རང་ངོ་ཤེས་ནས་ཐམས་ཅད་རང་ལ་རྫོགས་པ་སྟེ། རྗེ་ཏཻ་ལོ་དང་ནཱ་རོའི་previous hit དགོངས next hit་ཟབ་མོ་སྔགས་ཀྱི་ཁྱད་ཆོས་ཡིན་པའི་ཕྱིར་ན། ལུས་སེམས་དར་ལ་བབ་ཅིང་ལུས་ལ་རྩ་རླུང་གི་རྟེན་འབྲེལ་འགྲིག་པའི་ཕྱི་ནང་གསང་གསུམ་མཁའ་འགྲོས་བྱིན་གྱིས་བརླབས་པའི་རྣལ་འབྱོར་དབང་ཕྱུག་རྣམས་ཀྱིས་མཁྱེན་པར་མཛོད། །དེ་ལྟར་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སེམས་ཀྱི་གནས་ལུགས་ངོ་ཤེས་ནས། སྲོག་རྩོལ་གནད་ཀྱི་མན་ངག་ལ་དར་དྲག་ལ་ཡུན་རིང་དུ་བསྒོམས་པའི་སྟོབས་ཀྱིས། ཕུང་པོ་ཁམས་དང་སྐྱེ་མཆེད་རྩ་གནས་ཐམས་ཅད་དུ་འབྱུང་བ་ལྔ་དང་རླུང་ལྔ་དང་། བྱང་ཆུབ་སེམས་ཀྱི་ཐིག་ལེ་གཉིས་ལས་ལྔ་ལྔ་བཅུར་དབྱེ་བ་དང་། མཁྲིས་པ་བད་ཀན་རླུང་

(༣༧༢)གིས་འདུས་པའི་རྐྱེན་གྱི་ཕྱི་ནང་གི་རླུང་སེམས་འཁྲུགས་པ་དང་། འབྱུང་བ་འཁྲུགས་པ་དང་། ཁམས་འཁྲུགས་པ་དང་། སེམས་འདུ་འཛིའི་དབང་དུ་སོང་ཞིང་གཡེང་བ་སྣ་ཚོགས་ཀྱིས་སེམས་འཁྲུགས་པ་དང་། དུག་ལྔ་ཡུལ་ལྔ་དང་ཡུལ་ཅན་གྱི་དབང་གིས་ཉོན་མོངས་པ་འཁྲུལ་པ་རང་ཡན་དུ་སོང་བ་ལ་སོགས་ཏེ། རླུང་སེམས་ཀྱི་རྟེན་འབྲེལ་མ་འགྲིག་པ་དང་། ལུས་སེམས་ཉོན་མོངས་པ་དུག་ལྔ་དང་། མི་དགེ་བ་བཅུ་དང་། འདུ་བྱེད་ཀྱི་ཕུང་པོ་སྣ་ཚོགས་དང་འདྲེས་ཤིང་འདུས་ན། རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་ཡང་ནད་དང་གནོད་པ་དང་སྐྱོན་སྣ་ཚོགས་པ་འབྱུང་ཞིང་། གཞན་ཡང་འཇིག་རྟེན་གྱི་ཁམས་རྣམས་སུ་ཡང་འཁྲུག་པ་ལ་སོགས་པ་གནོད་པ་སྣ་ཚོགས་སུ་འབྱུང་བ་སྟེ། དེའི་ཕྱིར་ན། བླ་མ་སློབ་དཔོན་དང་སྒོམ་ཆེན་པ་ལ་སོགས་པ་རླུང་སེམས་ཉོན་མོངས་པ་དུག་ལྔ་གང་དང་གང་། ཅི་ལྟར་རླུང་སེམས་འདྲེས་ཤིང་འདུས་པ་བཞིན་དུ། དེའི་བུ་སློབ་དང་ཉེ་འཁོར་ལ་སོགས་པ་རྣམས་དང་བླ་མ་སློབ་དཔོན་ཡིན་ན་ཡང་། བརྒྱུད་པ་ནས་བརྒྱུད་པ་ན་མར་ཡང་དུག་ལྔའི་ཕྲིན་ལས་ལོག་པ་རྒྱུན་ཆད་མེད་པར་འབྱུང་བར་འགྱུར་བ་སྟེ། དེའི་ཕྱིར་ན་སྐབས་འདིར། སྐྱོན་ཡོན་ཏན་དུ་བསྒྱུར་བ་དུག་ལྔ་ཡེ་ཤེས་སུ་ངོ་སྤྲོད་པ་སྡུག་བསྔལ་བདེ་བར་འཆར་ནུས་པའི་རྗེ་བཙུན་ཏཻ་ལོ་དང་ནཱ་རོའི་གདམ་ངག་དང་། བྱིན་བརླབས་དངོས་གྲུབ་ལ་མངའ་བརྙེས་པའི་སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་གལ་ཆེ་བར་གདའོ། །སྐབས་འདིར་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་གསར་མའི་ཕ་རྒྱུད་མ་རྒྱུད་

(༣༧༣)རྣམས་ཀྱི་ལུང་དང་མན་ངག་དང་previous hit དགོངས next hit་རྣམས། དབང་པོའི་ཚུལ་དུ་ནོར་བུ་ལྟ་བུའི་ལུང་རྣམས་མུ་ཏིག་བཙར་ལ་བརྒྱུས་པ་ལྟ་བུར་བསྒྲིགས་ནས། དེའི་སྒྲ་དང་འདོན་མན་ངག་རྟོགས་པ་ཡེ་ཤེས་ཀྱི་གནད་རྣམས། མ་འོངས་པའི་གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་ཀྱི་དོན་དུ། ཐབས་དང་ཤེས་རབ་དབྱེར་མེད་པའི་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་ཡེ་ཤེས་དཔལ་གྱི་རྡོ་རྗེ་ཡི་ཞལ་གདམས་གདམ་ངག་ངོ་སྤྲོད་གསལ་བར་བགྱིས་པའོ། །རྣལ་འབྱོར་ཆེན་པོ་གསར་མའི་ཐབས་དང་ཤེས་རབ་དབྱེར་མེད་མཁའ་འགྲོ་རྒྱ་མཚོ་རྡོ་རྗེ་མཁའ་འགྲོ་དང་། བདེ་མཆོག་གསང་འདུས་དགྱེས་རྡོར་གདན་བཞི་དང་། དུས་ཀྱི་འཁོར་ལོས་ཀུན་ཁྱབ་སྒྲ་དོན་འོ་མའི་རྒྱ་མཚོ་ལས། རླུང་སེམས་ལྷན་སྐྱེས་མར་གྱི་སྙིང་པོ་ལྟར། རྟོགས་དང་མ་རྟོགས་གཉིས་ཀྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གསང་བའི་དབང་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཐར་ཕྱིན་ཅིང་ངོ་སྤྲོད་པ། སྐྱེ་བ་འདི་ཉིད་ལ་སྐུ་ལྔའི་སངས་རྒྱས་རང་ལ་རྫོགས་པའི་བར་སྐབས་བསྟན་པའོ། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ཁྱད་པར་དུ་རྣལ་འབྱོར་ཆེན་པོ་གསར་མའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ཁམས་གསུམ་པའི་སེམས་ཅན་འདི་རྣམས་ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲིབས་ཤིང་། །སེམས་རྡོ་རྗེ་རིགས་ཀྱི་གནས་ལུགས་དང་། ལུས་རྡོ་རྗེ་རིགས་ཀྱི་གནས་ལུགས་དང་། རྩ་རྡོ་རྗེ་རིགས་ཀྱི་གནས་ལུགས་དང་། བྱང་ཆུབ་ཀྱི་སེམས་རྡོ་རྗེ་རིགས་ཀྱི་གནས་ལུགས་ཏེ། གནས་ལུགས་བཞི་པོ་འདི་ལས་ལོག་པར་རྟེན་འབྲེལ་འགྲིག་

(༣༧༤)པ་ལས། སེམས་ཅན་གྱི་ལུས་སེམས་སུ་འགྱུར་བ་ཡིན། གསང་སྔགས་རྡོ་རྗེ་ཐེག་པའི་རླུང་སེམས་གནད་ཀྱི་མན་ངག་གིས། ཐབས་དང་ཤེས་རབ་དབྱེར་མེད་དུ་ལམ་བསྒྲོད་ཅིང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་ཤིང་རླུང་སེམས་ཅི་ལྟར་འདུས་པ་བཞིན་དུ་རྒྱལ་བའི་དཀྱིལ་འཁོར་རང་ལ་རྫོགས་པ་སྟེ། དེའི་ཕྱིར་ན། རྟོགས་མ་རྟོགས་གཉིས་ཀྱིས་འཁོར་འདས་གཉིས་བསྒྲུབ་པ་སྟེ། མ་རིག་པའི་ལུས་སེམས་ཆགས་ཚུལ་གནས་ཚུལ་ཁམས་གསུམ་འཁོར་བ་ལ་རྟེན་འབྲེལ་བཅུ་གཉིས་དུས་ཀྱི་འཁོར་ལོར་འདི་ཉིད་རྒྱས་པར་བསྟན་པ་སྟེ། མ་རིག་ཅིང་མ་རྟོགས་ན་ནི་ཁམས་གསུམ་འཁོར་བའི་དུས་འཁོར་ཐབས་དང་ཤེས་རབ་དབྱེར་མེད་དུ་ལམ་བསྒྲོད་ཅིང་རླུང་སེམས་གནད་ཀྱི་འཁོར་ལོ་ཡེ་ཤེས་སུ་ཇི་ལྟར་འདུས་པ་བཞིན་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རིག་འཛིན་རྣམས་ཀྱི་ཡོན་ཏན་དང་། ཕྲིན་ལས་དུས་དང་དུས་ཀྱི་འཁོར་ལོར་ཤར་བ་སྟེ། མཁས་ལ་གྲུབ་པ་ཐོབ་པའི་བླ་མ་རྣམས་ཀྱི་གདམ་ངག་དང་། ཐབས་དང་ཤེས་རབ་དབྱེར་མེད་པའི་རྒྱུད་སྡེ་རྣམས་ཀྱི་བཅུད་ཕྱུང་བ། སྲོག་རྩོལ་རླུང་གི་དུས་འཁོར་ད་ནི་རྒྱས་པར་བསྟན་པར་བྱ། ནཱ་རོ་བརྒྱུད་པས་བྱིན་བརླབས་ཤིང་དབང་པོ་ཡང་རབ་རླུང་སེམས་གཉིས་ལ་རྩལ་སྦྱོང་བའི་སྒོམ་ཆེན་པ་རྣམས་ཉོན་ཅིག །སེམས་ཅན་རྣམས་ནི་སྐྱེ་བའི་དུས། །སེམས་ཅན་རྣམས་ནི་ཐར་པའི་རྒྱུ། །དམ་པར་གྱུར་པའི་སྙིང་རྗེ་ཡིས། །སྣ་ཚོགས་ཚད་ཀྱང་ལུས་ལའོ། །ལུས་སེམས་རྟེན་འབྲེལ་འགྲིག་པ་ལས། །སེམས་ཅན་ཞེས་བྱར་བརྗོད་པ་ཡིན། །ས་དང་ཆུ་དང་མེ་རླུང་རྣམས། །ཤེས་བྱ་རང་རང་ཡི་

(༣༧༥)གེ་རྣམས། །རིགས་ཀྱི་གཙོ་དང་ལྷ་ཡི་གཞུ། རླུང་རྣམས་ར་ཤའི་འཁོར་ལོ་དང་། །ཟླ་བ་ཉི་མ་སྒྲ་གཅན་རི། གདེངས་ཀ་ཡིད་སྐྱེས་ལྷ་ཡི་གནས། །འཁོར་ལོ་དང་ནི་སྐར་མར་བཅས། །འཕོ་བ་ཟླ་བ་ཟླ་ཕྱེད་དང་། །ཉིན་དང་མཚན་མོ་ཚེས་ལ་སོགས། །ལུས་ཀྱི་དབུས་སུ་མཐའ་དག་ནི། །རྣམ་པ་གསུམ་དུ་ཁྱབ་བདག་འགྲོ། །རྣལ་འབྱོར་པས་སྟོང་བྱེ་རྣམས་ཀྱིས། །ལུས་འདི་ལ་ནི་ཁམས་ཀྱི་ཚོགས། །མ་ལུས་པ་ནི་སྐྱེ་བར་འགྱུར། །རོ་དྲུག་ཟས་དང་སྐོམ་ལས་ཏེ། །འབྱུང་བ་རྣམས་ལས་རོ་དྲུག་ནི། །ངེས་པར་ཁོ་ནར་འགྱུར་བ་སྟེ། །འབྱུང་བའི་ཚོགས་ནི་ནམ་མཁའ་ལ། །སྟོང་པའི་ཡེ་ཤེས་རྣམ་པར་བསྲེ། །རོ་ནི་མཉམ་པོར་འགྱུར་བ་ནི། །མི་འགྱུར་བ་དང་རྟོག་པ་ཡི། །དེ་ལྟར་འབྱུང་བ་གནས་ཞི་བ། །སྲིད་པ་རྣམ་པ་གསུམ་དུ་སོང་། །རང་གི་ལུས་ལ་རིག་པར་བྱ། །ས་བོན་འཛིན་པ་ས་ཡིན་ཏེ། །པདྨར་སོང་བ་དེ་རྗེས་སུ། །གང་སྐྱེ་བ་ནི་ཆུ་དེ་རྣམས། །མེ་དེ་རྟོག་པར་བྱེད་པའོ། །རོ་དང་རོ་རྣམས་ཟོས་པ་རྣམས། །རླུང་གིས་འདི་ཡི་འཕེལ་བའོ། །འཕེལ་བས་ནམ་མཁས་གོ་སྐབས་ནི། །སྟེར་རོ་མི་ཡི་བདག་པོ་ཀྱེ། །དུས་ལས་གྲུབ་པ་ཁོ་ན་འོ། །སྐྱེས་པ་ཡིས་ནི་དུས་ལས་དང་། །བྱིས་པ་ལ་སོགས་གཏིང་དུས་སུ། །བཟང་པོའི་གནས་སྐབས་རྣམས་ནི་བྱེད། །ས་བོན་གྱིས་སམ་ལྕི་བ་དང་། །སྲ་བ་གསལ་བ་རུ་ནི་བྱེད། །དེ་ལྟར་ཆུས་ནི་བཞུ་བ་ཉིད། །མེས་ནི་སྨིན་པར་བྱེད་པའོ། །རབ་མཆོག་རྣམ་པ་བཅུ་

(༣༧༦)པོ་ཡི། །རླུང་གིས་འདི་ཡི་འཕེལ་བའོ། །སླར་ཡང་འཕེལ་བའི་གོ་སྐབས་ནི། །བྱེད་པ་ནམ་མཁའི་མཚན་ཉིད་དོ། །དུས་ལས་སྤྲོ་བ་ཁོ་ན་སྟེ། །སྣ་ཚོགས་དངོས་པོ་དུ་མ་ཡི། །དེའི་ལུས་ནི་ཆུང་ངུ་ཡི། །ནུས་པ་ཡིས་ནི་སྤྲོ་བར་བྱེད། །གསང་བའི་པདྨའི་ཁྲག་དབུས་སུ། །བྱང་ཆུབ་ས་བོན་སྲོག་དང་བཅས། །གང་གི་ཚེ་ནི་ལྟུང་བ་ན། །ཉ་དང་རུས་སྦལ་ཕག་པ་དང་། །མི་དང་སེང་གེ་རུ་ནི་འགྱུར། །མི་ཐུང་དགའ་དང་དགའ་བ་དང་། །ནག་པོ་སངས་རྒྱས་མི་དབང་པོ། །རྣམ་པ་བཅུ་རུ་འགྱུར་བ་ནི། །གནས་སྐབས་བཅུ་པོ་འདི་དག་གོ། །མངལ་དུ་གསུམ་སྟེ་དེ་བཞིན་གཅིག །སྐྱེ་བ་ཡི་ནི་དུས་སུའོ། །བྱིས་པ་ཡི་ནི་དུས་སུ་གཉིས། །གཞོན་ནུ་ལང་ཙོ་ལ་ནི་གཞན། །རབ་ཏུ་འགྱུར་ཏེ་རྒྱས་ལ་གཅིག །ཕྱེད་ལ་ཡང་དག་དེ་བཞིན་གཅིག །རྒས་པ་ལ་ནི་གཅིག་ཞི་བ། །ས་ཡི་ནང་དུ་ནུབ་པ་ནི། །མཐའ་མ་མངལ་སྐྱེས་རྣམས་ཀྱིའོ། །ཉ་ཡི་རྣམ་པ་ལ་ཉ་སྟེ། །ཉི་མ་ཅུང་ཟད་ན་འགྱུར་རོ། །རུས་སྦལ་རྣམས་ལ་ཡང་རུས་སྦལ། །དེ་ཡི་ཕག་པ་ཉི་མ་ཉིའི། །སྐྱེ་མཆེད་དུ་ཡང་འགྱུར་བ་སྟེ། །སྐྱེ་བ་ལ་ནི་མིའི་སེང་གེ། །བྱིས་པ་ལ་ནི་མིའུ་ཐུང་། །མི་བདག་གཉིས་ཀྱི་སོ་རྣམས་ནི། །སྐྱེ་བར་འགྱུར་བ་དགའ་བའོ། །སླར་ཡང་དགའ་བ་རུ་ནི་འགྱུར། །གསལ་བ་རུ་ནི་རྒྱུ་ཡི་ལས། །བྱེད་པར་འགྱུར་བ་ནག་པོ་འོ། །སངས་རྒྱས་ཞི་བ་བྱེད་པ་དང་། །བརྟུལ་ཞུགས་ཀྱི་ཡང་ངེས་པའོ། །འཆི་བར་འགྱུར་བ་སྙིགས་མའོ། །

(༣༧༧)ཁུ་བ་ལ་རྐང་རུས་པ་རྩ། །རྫུལ་ལས་པགས་པ་དང་ནི་ཁྲག །ཤ་ནི་སྐྱེ་བར་འགྱུར་བའོ། །ཁྲག་དང་ས་བོན་རང་བསྐྱེད་པས། །བདུད་རྩིའི་རོ་རུ་འགྱུར་བའོ། །མངལ་གྱི་དབུས་སུ་ཟླ་གཅིག་གོ། །ཕྱི་ནས་ས་བོན་གྱི་མྱུ་གུ། །རང་གི་སྙིང་དུ་རྩ་རྣམས་ནི། །ཤིན་ཏུ་ཕྲ་བ་རྣམ་པ་བཅུ། །ལྟེ་བར་བརྒྱད་ཕྲག་བརྒྱད་གཞན་དང་། ལག་པ་དང་ནི་རྐང་པ་ཁར། །སྟེང་དང་འོག་ཏུ་སྦྲུལ་བསྣམས་པ། །ཟླ་བ་གཉིས་པ་རྫོགས་པ་ན། །འདིར་ནི་ཅུང་ཟད་སྣང་བ་ཡིན། །ལག་པ་རྐང་པ་འགྲིག་པ་དང་། །མགོ་བོ་མཉམ་པར་འགྱུར་བ་ནི། །ཟླ་བ་གསུམ་པ་རྫོགས་པ་ནའོ། །ཟླ་བ་བཞི་པ་ལ་ཕྲ་མོ། །ལག་པ་རྐང་པ་ཁ་དང་ནི། །མགྲིན་པའི་ཕྱོགས་ཀྱི་རྩ་རྣམས་སོ། གཞན་ཡང་ཟླ་བ་ལྔ་པ་ལའོ། །ཤ་དང་རུས་པ་ནམ་མཁའ་དང་། རོ་དང་མི་ཡི་ཚད་རྣམས་སོ། །ཟླ་བ་དྲུག་པ་ལ་ཤ་དང་། །ཁྲག་ཏུ་ཡང་ནི་འགྱུར་བ་སྟེ། །བདེ་དང་སྡུག་བསྔལ་ཚོར་བ་འོ། །གཞན་ཡང་ཐུབ་པ་མཆོག་ལ་ནི། །སྨིན་མ་སྐྲ་དང་བུ་ག་སྤུ། །ལྷག་མ་དེ་ནི་རྩ་རྣམས་སོ། །ཟླ་བའི་རྗེས་སུ་སྐྱེ་བ་ནི། །ཉི་མ་སོ་སོའི་དབང་ལས་ཉེ། །སྟོང་པ་སྟོང་པ་མིག་གི་གྲངས། །ཚིགས་རྣམས་རུས་པ་དང་ནི་རྐང་། །རོ་ཅན་བཅིན་དང་གཤང་བ་ནི། ཟླ་བ་བརྒྱད་པ་ནི་འགྱུར། །བུ་ག་ཞེས་བྱར་རག་སྡུག་བསྔལ་སྐྱེ་བར་འགྱུར་བའི་དུས་སུ་ནི། །ད་ནི་སྐྱེས་གནས་ཀྱིས་གཟིར་རོ། །མངལ་དུ་གནས་ནས་སྡུག་བསྔལ་དང་། །སྐྱེ་བའི་དུས་སུ་སྡུག་པ་

(༣༧༨)དང་། །བྱིས་པའི་དངོས་པོ་ན་ཡང་སྡུག །གཞོན་ནུ་ལང་ཙོ་དུས་ན་ཡང་། །བུད་མེད་ནོར་གྱི་འབྱོར་བྲལ་བ། །ཉོན་མོངས་སྡུག་བསྔལ་ཆེ་བ་གང་། །རྒས་པ་ན་ནི་འཆི་སྡུག་བསྔལ། །སླར་ལ་ཡང་ནི་ངུ་འབོད་རྩོགས། །འགྲོ་བ་དྲུག་ཏུ་འཇིགས་སྟེར་རོ། །འགྲོ་བ་འདི་དག་ཐམས་ཅད་ནི། སྒྱུ་མ་དག་ལ་རྨོངས་པ་ན། །སྡུག་བསྔལ་ལས་ནི་སྡུག་བསྔལ་འཛིན། འཁོར་ལོ་རུ་ནི་མི་ཉིད་དུ། །བརྒྱ་ལམ་ལ་ནི་འགྱུར་བ་དང་། ཆོས་ཀྱི་བློ་ཡང་རྒྱ་ལམ་ན། །དེ་ཕྱིར་སངས་རྒྱས་དེས་ཆགས་པ། །དགེ་བའི་དབང་གིས་འགྱུར་བ་སྟེ། །དང་པོའི་ཐེག་པར་འཇུག་པ་ཡང་། །དེ་ཕྱིར་དཔལ་རྡོ་རྗེ་ཐེག་པར། །བརྒྱ་ལམ་ལ་ནི་མ་ལུས་བློས། །སྒོམ་པ་ལ་ནི་འཇུག་པ་དང་། །དེ་ཕྱིར་སངས་རྒྱས་ཉིད་འདོད་པ། །མཆོག་ཏུ་བདེ་བའི་གོ་འཕང་ལ། །ཀྱེ་མ་འཇུག་པ་ཤིན་ཏུ་དཀའ། །མངལ་དུ་རྣམ་པར་དག་པའི་སྐུ། །སྐྱེས་པའི་དུས་སུ་གཟུང་ནས་སུ། །སོ་རྣམས་འབྱུང་གི་བར་དུ་ཆོས། །སོ་རྣམས་རྗེ་བའི་བར་དུ་ནི། །རྒྱལ་བའི་ལོངས་སྤྱོད་རྫོགས་སྐུ་རུ། །རབ་ཏུ་འགྱུར་རོ་མི་བདག་པོ། །དེ་ནས་སྤྲུལ་པ་ཡི་ནི་སྐུ། །ངེས་པ་རུ་ནི་འགྱུར་བ་ནི། །མི་རྣམས་འཆི་བའི་མཚམས་སུའོ། །མངལ་དང་ཕྱི་རུ་རྣམ་པ་བཞི། །ཡེ་ཤེས་རྣམ་ཤེས་དབྱེ་བ་ལས། །སླར་ལ་འདི་ནི་འབྱུང་བར་འགྱུར། །རྣམ་ཤེས་ཟླ་བ་ཉི་མ་རྣམས། །པདྨ་ཡི་ནི་ནང་སོང་བ། །ཤིན་ཏུ་རྣམ་དག་མངལ་དུ་བཅས། །ཁམས་དང་ཕུང་པོ་སྐྱེ་བ་གང་། །རྣམ་པ་བཅུ་རུ་འགྱུར་བ་ནི། །རྒྱལ་བ་ཡི་ནི་ཆོས་ཀྱི་སྐུ། །དེ་ནས་ལོངས་སྤྱོད་རྫོགས་

(༣༧༩)པའི་སྐུ། །ཡོན་ཏན་དབང་གིས་བསྒྱུར་བ་ན། །རྣ་བ་སྒྲ་ལོག་སྐྱེས་པའི། །དེ་ནས་སྒྲ་ལ་སོགས་སྐྱེས་ཏེ། །སྐྱེ་བའི་དུས་སུ་སྤྲུལ་པའི་སྐུ། །སྐྱེས་ནས་དབུགས་ནི་འབྱུང་བ་རུ། །ངེས་པ་རུ་ནི་འབྱུང་བ་གང་། །དག་པའི་སྐུ་ནི་དེ་ཉིད་དོ། །དེ་ནས་སོ་ནི་སྐྱེས་པ་ན། །ཚོགས་ནི་གསལ་བ་ཡང་མེད་གང་། །དེ་བཞིན་དུ་ནི་ཆོས་ཀྱི་སྐུ། །དེ་ནས་གཉིས་སྐྱེས་རྣམས་ཀྱིས་ནི། །རྒྱལ་བའི་ལོངས་སྤྱོད་རྫོགས་སྐུའོ། །སོ་རྗེས་པ་ནས་འཆི་མཚམས་སུ། །ཕྱི་ཡི་སྤྲུལ་པའི་སྐུ་རུ་ནི། །མངལ་དུ་དཔལ་སྐུ་རྡོ་རྗེ་སྟེ། །ཡེ་ཤེས་དང་ནི་རྣམ་ཤེས་འདྲེས། །ཉི་མ་ཟླ་བ་ལྷན་ཅིག་ཏུ། །མངལ་དུ་བརྟེན་པའི་རིམ་པ་ཡིས། །སྐུ་ཡི་རྡོ་རྗེ་ལ་སོགས་པ། །སྟོབས་དང་ལྡན་པར་རབ་ཏུ་འགྱུར། །དང་པོར་འདིར་ནི་འགྱུར་བ་སྟེ། །སྐྱེས་ལ་གསུང་གི་རྡོ་རྗེའོ། །སོ་སྐྱེས་པ་ནི་ཐུགས་རྡོ་རྗེ། །བྲུལ་ནས་དེ་ནི་སླར་ལ་ཡང་། །སྐྱེས་པ་ཡེ་ཤེས་རྡོ་རྗེ་སྟེ། །ཡེ་ཤེས་རྡོ་རྗེ་སོར་ཀུན་ནོ། །ས་ཡི་ནང་དུ་བྱིན་ཟ་སྟེ། །སྟོང་པའི་ནང་དུ་རླུང་དང་ནི། །འཛིན་བྱེད་དག་ནི་བརྟེན་པར་འགྱུར། །རླུང་དང་ས་ཡི་ནང་དུ་ནི། །ཆུ་ནི་ཡོད་པར་འགྱུར་བ་སྟེ། །རང་བཞིན་མེད་པའི་རང་བཞིན་ནོ། །ཆུ་ལ་ས་ནི་བརྟེན་པ་སྟེ། །འདི་རུ་འབར་ལ་ཆུ་ནི་བརྟེན། །རླུང་ལ་སྨིན་བྱེད་བརྟེན་པའོ། །སྟོང་ལ་རླུང་བརྟེན་མི་དབང་པོ། །རྟེན་དང་བརྟེན་པ་དག་གྱུར་པ། །ཇི་ལྟ་བ་བཞིན་དུ་ནི་འགྱུར། །ཕུང་པོའི་བརྟེན་ནི་འབྱུང་བ་སྟེ། །མཆོག་གི་ལུས་ལ་འགྱུར་བའོ། །འབྱུང་བའི་ཚོགས་ཀྱི་རྟེན་རྩ་གནས། །

(༣༨༠)རྩ་རྣམས་ཀྱི་རྟེན་སྲོག་གི་རླུང་། །རྣམ་པ་བཅུ་རུ་འགྱུར་བའོ། །སེམས་ཅན་སྲོག་གི་རླུང་དང་ལ། །དེ་ནི་སེམས་ཀྱི་རང་བཞིན་གསུམ། །ཡོན་ཏན་གྱི་ནི་དབང་གིས་འགྱུར། །རང་གི་རང་གི་རང་བཞིན་མེད། །འཛིན་པའི་རྟེན་དང་རྣམ་པ་གསུམ། །སྲིད་པ་གསུམ་གྱིས་རྒྱུད་པ་ཡིས། །མི་ཤིགས་ཀུན་ཏུ་འགྲོ་བ་གང་། །ས་ལས་དྲི་སྐྱེས་ཡང་མེ་རོ། །ཆུ་ཡིས་གཟུགས་ཏེ་རླུང་རེག་བྱ། །ཞི་བ་ལས་ནི་དྲག་པར་འགྱུར། །ནམ་མཁའ་ལས་ནི་ཆོས་ཀྱི་དབྱིངས། །སྟོང་པ་ལས་བྱུང་སྒྲ་ནི་འཛིན། །རྒྱལ་བ་བསྐྱེད་པར་བྱེད་པ་ཉིད། །ཆོས་ཀྱི་དབྱིངས་དང་རླུང་དང་ནི། །མེ་དང་གཟུགས་དང་རོ་དག་དང་། །ཆུ་དང་རེག་བྱ་འཛིན་བྱེད་ཉིད། །ས་ལས་གཟུགས་ནི་གྲུབ་པ་སྟེ། །སྲིད་པ་གསུམ་གྱི་གནས་སུ་ཡང་། །ཆུ་ལས་འདུ་ཤེས་གྲུབ་པ་ཡིན། །མེ་ལས་ཚོར་བ་ཉིད་འགྱུར་ཏེ། །རླུང་ལས་འདུ་བྱེད་ཕུང་པོར་འགྱུར། །ཡེ་ཤེས་རྣམ་པར་ཤེས་འདྲེས་པ། །དེ་ནི་ནམ་མཁའ་རིགས་ཀྱི་བདག །འདི་རུ་ལུས་ལ་གྲུབ་པ་ཉིད། །ཁམས་དང་ཕུང་པོ་ལ་སོགས་ཀུན། །རྡུལ་དང་བྱང་ཆུབ་སེམས་སོགས་ཀྱི། །སྦྱོར་བ་ལས་ནི་འགྲུབ་པར་འགྱུར། །རྣ་བ་རྡོ་རྗེ་རང་བཞིན་དུ། །སེམས་ནི་ནམ་མཁའི་དངོས་པོ་འོ། །སྣ་ནི་ས་ཡི་རང་བཞིན་འགྱུར། །དེ་བཞིན་ལྕེ་ནི་མོ་དངོས་ཉིད། །མིག་ནི་ཆུ་ཡི་རང་བཞིན་ཏེ། །སྲིད་པ་གསུམ་གྱི་གནས་སུ་ནི། །ལུས་ནི་རླུང་གི་དངོས་པོ་ཡི། །དེ་ལྟར་རྣ་བ་ལ་སོགས་ཀུན། །དུ་འགྱུར་ཡོན་ཏན་དབང་གིས་ཏེ། །ཡེ་ཤེས་རྣམ་ཤེས་འབྱོ་བ་ལས། །ཡེ་ཤེས་ཁམས་ལས་སེར་སྣ་ནི། །མཆོག་གི་ལུས་ལ་འགྱུར་པས་སྟེ། །མཁའ་ལས་ཞེ་

(༣༨༡)སྡང་རྡོ་རྗེའོ། །རླུང་ལས་ཕྲག་དོག་རྡོ་རྗེ་སྟེ། །མེ་ལས་གསལ་བར་འགྱུར་བ་སྟེ། །འདོད་ཆགས་རྡོ་རྗེ་དེ་བཞིན་ནོ། །ཆུ་ལས་ང་རྒྱལ་དཔལ་རྡོ་རྗེ། །ས་ལས་གཏི་མུག་རྡོ་རྗེ་སྟེ། །རང་བཞིན་ཡོན་ཏན་དབང་གིས་སོ། །ངག་ལག་རྐང་པ་གཤང་བའི་སྒོ། །རླུང་དང་མེ་དང་ཆུ་དང་ནི། །ས་རྣམས་ལ་ནི་ཐམས་ཅད་འགྱུར། །ཡེ་ཤེས་ཁམས་ལས་ཐུར་སེལ་ཏེ། །འདི་ནི་རྣམ་པ་གསུམ་དུ་འགྱུར། །སྟོང་པ་ལས་ནི་སྲོག་གི་རླུང་། །རླུང་གི་དབུས་ལ་མཉམ་པའོ། །མེ་ལས་གྱེན་དུ་རྒྱུ་བ་སྟེ། །ཆུ་ལས་ཁྱབ་པར་བྱེད་པ་ཉིད། །ས་ལས་ཀླུ་འབྱུང་དེ་ལས་ནི། །རུས་སྦལ་རྩངས་པ་དག་གི་རླུང་། །ལྷ་སྦྱིན་དང་ནི་ནོར་ལས་རྒྱལ། །བཞི་པོ་རླུང་དང་མེད་དང་ནི། །ཆུ་དང་ས་ལས་རིམ་བཞིན་འབྱུང་། །སྟོང་པའི་ཁམས་ལས་གཙུག་ཏོར་ནི། །ལྷ་དང་མི་རྣམས་ཀྱི་འགྱུར་རོ། །ཡེ་ཤེས་ཁམས་ལས་གསང་འཁོར་ལོ། །རླུང་གི་ཁམས་ལས་སྙིང་པདྨ། །གསལ་བར་རྩེ་མོ་ཅན་གྱིས་ནི། །མགྲིན་པའི་འཁོར་ལོ་ཆ་ལས་ནི། །སྨིན་མའི་དབུས་ཀྱི་པདྨར་གསལ། །བརྒྱད་ཀྱི་བརྒྱད་བསྒྲེས་འདབ་པ་ཅན། །ལྟེ་བ་ཡི་ནི་པདྨ་ལས། །རྐང་པ་ལག་པ་དག་ཚིགས་དྲུག །ས་དང་ཆུ་དང་བསྲེགས་ཟ་བ། །རླུང་རྣམས་ལས་ནི་གྲངས་གསུམ་མོ། །ས་ལ་སོགས་པ་ཁམས་ལྔ་དང་། །ཡོན་ཏན་གསུམ་གྱི་དབང་གིས་ནི། །ལག་པ་རྐང་པ་རྣམས་སུ་འགྱུར། །ཐེ་བོ་ལ་སོགས་སོར་མོ་ལས། །བཅུ་རྣམས་གསུམ་དུ་བསྒྲོས་པ་ནི། །ཚིགས་ཀྱི་གཟུགས་ནི་མ་ལུས་པ། །དེ་རྣམས་རྩ་ནས་སོན་མོའི་མཐར། །སླར་ལ་ཡང་ནི་སོ་

(༣༨༢)རྣམས་ནི། །དེ་ལྟར་དེ་ཉིད་རབ་དབྱེས་སོ། །གཞན་ཡང་བ་སྤུ་ཡི་ནི་གཟུགས། །མཆོག་གི་ལུས་སུ་འགྱུར་བ་ནི། །དེ་དག་དེ་ལས་ཁམས་ལས་འོ། །གསང་བ་གཙུག་ཏོར་ལྟེ་བ་རུ། །ལྷན་ཅིག་སྐྱེས་པ་རྒྱལ་བའི་སྐུ། །རང་བཞིན་མེད་པའི་རང་བཞིན་ནོ། །སྙིང་གི་པདྨར་ཆོས་སྐུར་འགྱུར། །སྤྱི་བོའི་པདྨར་སྤྲུལ་པའི་སྐུ། །མགྲིན་པར་ལོངས་སྤྱོད་རྫོགས་པའི་སྐུ། །ཡོན་ཏན་གྱི་ནི་དབང་གིས་འགྱུར། །ལྷག་པའི་ལྷ་ནི་རིམ་པ་བཞིན། །སྙིང་གའི་འཁོར་ལོ་མགྲིན་འཁོར་ལོ། །སྤྱི་བོ་ཡི་ནི་པདྨ་ཡང་། །ཆོས་དང་ལོངས་སྤྱོད་རྫོགས་དག་པའོ། །ལྟེ་བ་མགྲིན་པ་གསང་བ་དང་། །སྤྱི་བོ་དང་ནི་སྙིང་ག་དང་། །དེ་བཞིན་གཙུག་ཏོར་གྱི་དབུས་སུ། །ཕ་དང་མ་ཡི་རིམ་པ་ཡིས། །ལུས་དང་ངག་དང་སེམས་རྡོ་རྗེ། །རྣམ་པ་གསུམ་དུ་ཡང་འགྱུར་རོ། །འཁོར་ལོ་རིན་ཆེན་པདྨ་དང་། །ཆུ་སྐྱེས་རལ་གྲི་འཛིན་པ་མཁའ། །རྡོ་རྗེ་འཛིན་པ་རིགས་དྲུག་གོ། །དེ་རྣམས་སྟེང་དང་འོག་རྩ་གསུམ། །ལམ་ནི་རྣམ་པ་གསུམ་སོང་བ། །ཟླ་བ་ཉི་མ་མེ་བྱེ་བས། །ལུས་ལ་དངོས་པོ་འཇུག་པ་དང་། །དངོས་པོ་དབུས་སུ་ལུས་འཇུག་པ། །ནམ་མཁའ་བཞིན་དུ་རོ་མཉམ་པ། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །རང་བཞིན་ཡོན་ཏན་དབང་གིས་ནི། །ཁམས་ཀྱི་ཁ་དོག་སོགས་དབྱེ་བས། །རང་མདོག་སེར་པོ་ནག་པོ་དང་། །དམར་པོ་དང་ནི་དཀར་པོ་ནི། །ས་དང་རླུང་དང་མེ་དང་ཆུས། །ནམ་མཁའ་དང་ནི་ཡེ་ཤེས་ནི། །ལྗང་གུ་དང་ནི་སྔོན་པོར་འགྱུར། །ལུས་ཀྱི་དངོས་པོས་རབ་དབྱེས་སོ། །རྒྱུས་པ་

(༣༨༣)ཤ་ནི་ཤེས་རབ་ཐབས། ཆུ་དང་ཁྲག་ཏུ་བཅས་པའོ། །སྨིན་པར་བྱེད་དང་ལྕི་བ་ཉིད། །རླུང་དང་གཤང་བ་རྡུལ་ཁུ་བ། །མཆོག་གི་ལུས་ལ་གནས་འགྱུར་བ། །དཔལ་གྱི་རྡུལ་དང་སེམས་ཉིད་དོ། །རྣ་བ་སྒྲ་ལ་སོགས་པ་གཞན། །རང་གི་རྒྱལ་བའི་རིགས་དབང་གིས། །ངག་གི་ངོ་བོ་ལ་སོགས་པ། །དེ་ལྟར་ལྷ་མོར་བཅས་སངས་རྒྱས། །ཡུལ་དང་ཡུལ་ཅན་དག་གིས་ནི། །དཀྱིལ་འཁོར་དག་ནི་ཤེས་པར་བྱ། །སྟོང་ཕྲག་དྲུག་གི་རྩ་རྣམས་ལ། །ཉིན་མོ་བྱེད་པ་ཡིས་བསྒྲེས་པ། །མངལ་གྱི་དབུས་སུ་ཡང་བྱས་པ། །ལོ་རྫོགས་པ་དང་རི་འོང་ནི། །འཛིན་པའི་འཕེལ་བ་མདོར་མ་འགྱུར། །ཉི་མ་ཡང་ནི་འཕེལ་བྱེད་པ། །ལོ་ནི་བཅུ་གཉིས་བར་དུ་འོ། །དེ་ནས་ཉིན་མོ་བྱེད་པ་འདོད། །ལུས་ལ་ཁམས་ནི་འཕེལ་བ་དང་། །སྐྱེ་གནས་རྩ་རྣམས་ཆད་འགྱུར་ཏེ། །ཟུང་གི་གྲངས་ཀྱི་རིམ་པ་ཡིས། །ཉིན་ཞག་ཉིན་ཞག་ལ་ནི་འགྱུར། །དཔལ་གྱི་འབྱུང་བ་དབང་པོ་རྣམས། །བཅུ་ཡི་བདག་ཉིད་དུ་ནི་འགྱུར། །ལས་ཀྱི་དབང་པོ་ལྔ་རྣམས་དང་། །དེ་ཡི་ཚད་ལྔ་ཡང་གསུངས་པ། །ཡོན་ཏན་དང་ནི་བཅས་པའི་ཡིད། །བློ་དང་གང་འཛིན་ལྷ་མོ་རྣམས། །ལུས་ལ་དེ་ཉིད་འདི་རྣམས་ནི། །སྲིད་པ་གསུམ་གྱི་གནས་དག་ཏུ། །འབྱོར་པ་འདི་ལ་ལོངས་སྤྱོད་པ། །ཕུང་པོ་ལྔ་ཡི་བདག་ཉིད་ཀྱི། །སྲིད་པ་རྣམ་པ་གསུམ་སོང་བ། །བསགས་པར་འགྱུར་བའི་ལས་ཀྱིས་སོ། །ས་དང་ཆུ་དང་མེ་དང་རླུང་། །བུ་ག་སྟོང་པ་རུས་བསྟན་པས། །ལྷ་ཡིས་རི་བོའི་རྩེ་མོ་ནས། །འདིར་ནི་བདུད་རྩི་འབབ་པར་འགྱུར། །

(༣༨༤)རྡོ་རྗེ་སྒྲ་དང་གཞུ་ནི་གང་། །ཆུ་ཚོད་གྲངས་སུ་རྩིས་པ་ཡིས། །རླུང་སྟོང་བ་དང་རྔུབ་པ་དག །དབུགས་ནི་དྲུག་བཅུ་མི་ཚངས་པ། །རྣམ་པར་དག་པའི་རྒྱུ་བར་འགྱུར། །པདྨ་ནོར་གྱི་འདབ་མ་ལ། །སྲོག་དང་འཐུར་དུ་སེལ་བ་དང་། །མཉམ་དང་གྱེན་དུ་རྒྱུ་བ་དང་། །ཁྱབ་བྱེད་ཀླུ་དང་རུས་སྦལ་དང་། །རྩངས་པ་ལྷས་སྦྱིན་ནོར་ལས་རྒྱལ། །རྩ་ཡི་འཁོར་ལོ་འདི་དག་ལ། །རླུང་ནི་རྣམ་པ་བཅུ་པོ་དག །ལས་ཀྱི་དབྱེ་བས་ཡང་དག་གནས། །དང་པོ་ཨ་ད་དུ་ཅན་མཐར། །རང་གི་སྙིང་གི་པདྨ་ལ། །རྩ་ཡི་འཁོར་ལོ་བསྡུས་པའོ། །སྲོག་བྱེད་པ་ནི་རླུང་གི་རླུང་། །ཉི་མ་ཟླ་བའི་ལམ་སོང་བས། །བཟའ་དང་བཏུང་བ་མ་ལུས་པའི། །འདོད་པར་འགྱུར་བ་ཐུར་སེལ་ལོ། །ལུས་ལ་རོ་ནི་མ་ལུས་པ། །མཉམ་པར་བྱེད་པ་མཉམ་པའོ། །ཁ་ལག་རྐང་པ་གླུ་གར་བྱེད། ལུས་བཅས་དགའ་བ་གྱེན་རྒྱུའོ། །ཁྱབ་བྱེད་ནད་ནི་བྱེད་པ་སྟེ། །རང་བཞིན་ཡོན་ཏན་དབང་གིས་ནི། །ལུས་འཇིག་པ་ནི་དེ་བཞིན་ནོ། །སྐྲག་པར་བྱེད་པ་ཉིད་ནི་རླུང་། །གསལ་བར་ལག་པ་རྐང་པ་དང་། །བསྐུམ་པར་བྱེད་པ་རུས་སྦལ་རླུང་། །ཀུན་ནས་ཁྲོ་དང་འཁྲུགས་པ་དག །དེ་བྱེད་རྩངས་པ་ཡི་ནི་རླུང་། །སྐྱིགས་བུ་ཅན་ནི་ལྷས་སྦྱིན་ནོ། །ལུས་ནི་ལྔ་པར་སོང་ན་ཡང་། །མི་ཡི་དབང་པོ་མི་འདོར་ཏེ། །ནོར་རྒྱལ་ཞེས་པ་རླུང་གཅིག་པུ། །དེ་ལྟར་སྲོད་ལ་སོགས་ཐམས་ཅད། །རང་བཞིན་ཡོན་ཏན་རྣམས་སོང་བ། །རླུང་ནི་འདོར་བར་མི་འགྱུར་རོ། །ཁམས་པ་ཕྲ་མ་ཨི༚་དང་སོགས། །ལམ་ནི་རྣམ་པ་གསུམ་པོ་བ། །སྣང་མ་གླང་པོ་ཆེ་ཡི་རྩ། །རྒྱལ་

(༣༨༥)ནི་དྲུག་པ་རྒྱལ་ལ་རི། །གཞན་ཡང་ནོར་དང་དགུགས་པ་ནི། །འཕྱང་བ་དཔལ་ནི་ཚུལ་འཆོས་པ། །ཕྱོགས་ཀྱི་གྲངས་ནི་དུང་ཅན་འགྱུར། །བྱང་ཆུབ་ས་བོན་བདེ་བའི་མཐར། །རྩ་ཡི་འཁོར་ལོ་འདི་དག་ནི། །ཟུང་ཕྲག་དགུ་བརྒྱ་ཐམ་པ་ནི། །ཉིས་འགྱུར་འཕོ་བ་གཅིག་ཏུ་འགྱུར། །གཟའ་སྤྱད་བུ་གའི་དབྱེ་བས་སོ། །རྒྱུ་སྐར་སོ་ཡི་ཕྲེང་བ་སྟེ། །ཉི་མའི་སོ་ཡི་ཆུ་ཚོད་ནི། །ཚིག་རྣམས་ཀྱི་ནི་དབྱེ་བར་འགྱུར། །ཆུ་བོ་རྩ་དང་སྤྲིན་རྒྱུ་ལ། །གཞན་ཡང་རི་བོང་ཅན་གྱི་ཆ། །ཁམས་ནི་གཉིས་ཀྱི་རང་བཞིན་ནོ། །བ་སྤུ་ཤིག་དང་ཁུ་བ་དང་། །སྲིན་བུ་ཡི་ནི་ལྷན་ཅིག་པ། །འབྱུང་བའི་སྐྱེ་གནས་རྣམ་པ་བཞི། །དགའ་བ་ལ་སོགས་སོར་མོའི་ཚོགས། །སྤྱི་བོ་ཡི་ནི་པདྨ་དང་། །གསང་བའི་པདྨའི་ནུས་པའོ། །ཚངས་གནས་མཐོ་རིགས་འཇིག་རྟེན་ཏེ། །མཆོག་གི་ལག་པ་རྐང་པ་དང་། །མི་ཡུལ་ས་འོག་འཇིག་རྟེན་ནོ། །རྒྱ་མཚོ་གླིང་དང་རི་རབ་ནི། །ཞུ་བ་འཇམ་པ་སྔ་བ་ཡི། །ཁམས་རྣམས་གསུམ་གྱི་རང་བཞིན་ནོ། །བ་ཚའི་རྒྱ་མཚོ་དྲི་ཆུ་ཉིད། །མེ་དང་རླུང་གི་འཁོར་ཡུག་ནི། །ཁྲག་དང་པགས་པ་དག་རྒྱལ་པོ། །སྒྲ་ནི་མཐའ་དག་དུ་སྐྱེས་པ། །སྲིད་པ་གསུམ་གྱི་གནས་སུ་ནི། །དུ་མའི་དབྱེ་བ་རྣམས་གྲུབ་པའོ། །སྙིང་ག་མགྲིན་པ་ལྟེ་པདྨར། །སྨིན་བྱེད་ཉི་མ་རྩེ་མོ་ཅན། །གཞུ་ཡི་རྣམ་པ་ཟླུམ་པོ་དང་། །ཐབ་ཁུང་གྲུ་བཞི་པ་ཡི་ནི། །ཡང་དག་སྲོ་བའི་རིམ་པ་ཡིས། །ཉི་མ་རེ་རེ་སྦྱིན་བསྲེག་གོ། །དེ་རྣམས་སྟེང་དུ་མེ་ནི་གཞན། །འཕྲོ་བ་དྲི་མ་མེད་པ་

(༣༨༦)དང་། །ཡེ་ཤེས་ལུས་དང་མུན་པའི་མཐར། །གང་དུ་ཉི་མའི་གདུང་བྱེད་ཅིང་། །རི་བོང་འཛིན་པ་མེད་པ་དང་། །གཟའ་དང་སྐར་མ་ལ་སོགས་མེད། །སྙིང་གི་པདྨར་གཟའ་རྣམས་ནི། །ཆུ་ཚོད་རྣམས་ནི་གསལ་བ་ཉིད། །ལྟེ་བའི་པདྨར་དྲུག་བཅུའོ། །སྨིན་མའི་དབུས་སུ་ཧ་ཚིག་ཉིད། །མི་ཡི་བདག་པོ་ཡིད་ཀྱང་ངོ་། །ལོངས་སྤྱོད་འཁོར་ལོ་ལ་ཡང་དོར། །ལྟེ་བའི་པདྨར་རྒྱུ་སྐར་གྱི། །སླར་ལ་ཡང་ནི་ཆུ་ཚོད་རྣམས། །རྣལ་འབྱོར་པ་ཡིས་རིག་པར་བྱ། །ཆུ་ཚོད་ཆུ་སྲང་དྲུག་བཅུ་རྣམས། །ལག་པ་རྐང་པ་ལ་སོགས་ཚིགས། །ལོ་ནི་མཐའ་དག་ཏུ་ནི་གསལ། །ལྟེ་བའི་པདྨ་ཉི་འདབ་ལ། །མཆོག་གི་ཆ་ནི་འཁོར་བ་སྟེ། །རིམ་གྱིས་ཀུན་ཏུ་འཁོར་བའོ། །སྲོག་གི་གཟུངས་རྣམས་འཕོ་བ་ནི། །དགུ་བརྒྱའི་ཉིས་འགྱུར་དག་གིས་སོ། །ཀརྐའི་དུས་སུ་མི་དབང་པོ། །དུས་ནི་གང་ལ་ཉི་མ་གནས། །ཉིན་མོ་དང་ནི་མཚན་འཁོར་བ། །དེ་རུ་དེ་ནི་རིག་པར་བྱ། །གཡས་དང་གཡོན་དུ་འགྲོ་བ་ཡི། །དུས་ཀྱི་ཚོད་ནི་ཤེས་བྱ་སྟེ། །ནོར་དང་བུ་ལོན་རྣམ་པར་དག །པདྨའི་འདབ་མ་རེ་རེ་ལ། །ས་ནི་ནུབ་ཏུ་རྒྱུ་བ་སྟེ། །བྱང་དུ་ཆུ་དང་ལྷོ་ཏུ་མེ། །ཤར་དུ་རླུང་ནི་རྒྱུ་བའོ། །འདབ་མའི་དབུས་ནི་སྟོང་པ་སྟེ། །ལྔ་ཡི་དབྱེ་བ་འཕོ་བའོ། །དབུགས་ནི་དྲུག་བཅུ་མི་ཚངས་པ། །རྒྱུ་བ་རྣམ་པར་དག་པའོ། །དེ་ལྟར་འཕོ་བའི་དབྱེ་བ་རྣམས། །ཉི་མ་སོ་སོའི་དུས་སུ་ནི། །དུས་ཀྱི་དབྱེ་བ་རྣམས་ཀྱིས་འགྱུར། །སྟོང་པ་ལ་སོགས་དེ་ཉིད་ལྔ། །བྱང་དུ་ངེས་པར་རྒྱུ་བ་སྟེ། །ས་ལ་སོགས་པ་ལྷོ་རྒྱུའོ། །སྒྲ་གཅན་དུས་མེ་ཟླ་ཉི་མ། །

(༣༨༧)གཟའ་ལག་པ་ཡི་བུ་དག་དང་། །ལྷ་མིས་བསྔགས་པ་ལྷ་བླ་མ། །ཏོག་དང་དལ་བ་མཁའ་སོགས་ལ། །འདི་རྣམས་བཅུ་ནི་བདག་པོ་སྟེ། །དཀྱིལ་འཁོར་ཅན་ལ་ཞིང་ཅན་ནོ། །ཟླ་བ་དྲུག་ལ་ཟླ་བདག་པོ། །བྱང་དུ་མི་བདག་ལྷོར་ཉི་མ། །དེའི་སྟེང་སྙིང་པོ་འོག་ཕྱོགས་སུ། །ནོར་གྱི་པདྨའི་འདབ་མ་ལ། །རྩ་བའི་འཁོར་ལོ་ཡང་དག་གནས། །སྲོག་ལ་སོགས་པའི་རླུང་གི་ཚོགས། །རི་བོང་ཅན་དང་ཉི་མ་མེ། །གཡོན་དང་གཡས་དང་དབུས་མ་རུ། །གཡོན་གྱི་རྩ་ལས་རི་བོང་ཅན། །དཀར་པོ་འབབ་པ་ཉིད་ཡིན་ནོ། །གཡས་སུ་ཉི་མ་དམར་པོའོ། །དབུས་སུ་དུས་མེ་ཡི་ནི་གཟུགས། །ཚིག་ནི་དུ་མའི་དབྱེ་བ་ཡིས། །རྣམ་པ་མང་པོ་རུ་ནི་འགྱུར། །དབང་པོ་མེ་དང་གཤིན་རྗེ་དང་། །བདེན་བྲལ་དང་ནི་ཆུ་དང་རླུང་། །གནོད་སྦྱིན་དང་ནི་དྲག་པོ་དབུས། །གནས་འདི་རྣམས་སུ་ནུས་པ་ནི། །དེ་ཡི་ངོ་བོར་ལོངས་སྤྱོད་ཅིང་། །ཉིན་དང་མཚན་དུ་འཁོར་འགྱུར་ཏེ། །དེ་ཡི་སྟེང་གི་མགྲིན་གནས་སུ། །གཟའ་ཡི་ཚོགས་དང་ལྷན་ཅིག་ཏུ། །རྒྱུ་དཀར་འཁོར་ལོ་ཡང་དག་གནས། །ཚངས་པའི་ཡུལ་པ་དཔལ་དཔྲལ་བར། །དབྱངས་ལས་གཉིས་ནི་གཞན་དུ་བྱ། །ཐིག་ལེ་དཀར་པོ་འཛག་པར་འགྱུར། །རྩ་བར་ས་དང་གཡོན་དུ་ཆུ། །བྱིན་ཟ་གཡས་སུ་སྟེང་དུ་རླུང་། །གཉིས་ཀའི་དབུས་སུ་ནམ་མཁའ་སྟེ། །མཉམ་པོ་རུ་ནི་རབ་རྒྱུ་བ། །སྣ་ཡི་བུ་གར་རིམ་གྱིས་སོ། །སྲོག་གི་ནུས་པ་རིམ་པ་ཡིན། །མཆོག་གི་གོ་འཕང་དུ་འགྲོའོ། །རྟེན་འབྲེལ་མཐར་དང་ཕྱི་

(༣༨༨)མའི་མཐར། །ཞིང་སོགས་རྐང་པ་ལག་པ་དང་། །ལག་པའི་པདྨ་གཉིས་ཀ་ཡི། །མཐེ་བོ་མཐར་ཐུག་མཐའ་དག་གོ། །འཁོར་ལོ་ཅན་རང་ལུས་རྡོ་རྗེ། །ལྷ་མཆོག་གི་ནི་བདག་པོ་རྣམས། །ཡན་ལག་བཅུ་གཉིས་རྣམས་སུ་གྲགས། །སྙིགས་ཅན་ཡང་དག་ཡེ་ཤེས་སོ། །གླང་པོ་མྱུར་འགྲོ་ཤིང་རྟ་དང་། །འཇག་འཇུག་པ་ཡི་ཚད་ནི་གང་། །སོ་སོ་ཡི་ནི་དྲག་པོའི་མིང་། །བསྟུན་དང་ལྡན་པར་གྱུར་པའོ། །ཉན་ཐོས་ཡང་ནི་སྲོག་ལྡན་རྣམས། །སྡིག་པ་ཀླ་ཀློའི་དབང་འདུག་པ། །མི་དགེ་བ་ཡི་ལམ་ན་གང་། །བློ་བྱེད་སྡུག་བསྔལ་སྟེར་བའོ། །རྟ་གནས་པ་ནི་མ་ལུས་པ། །བདུད་ཀྱི་ཕྱོགས་ནི་རྣམ་པ་བཞི། །དེ་ཡི་སྡུད་པའི་རྩོད་པ་ནི། །སྲིད་པའི་འཇིགས་པ་དོན་མེད་པའོ། །དཔལ་གྱི་རྒྱལ་པོར་ཐར་པའི་ལམ། །ཏེ་སེ་རུ་ནི་ཆོས་སྦྱིན་པ། །སྲིད་པ་ཡི་ནི་འཇིགས་སེལ་བ། །ས་ལ་རྫས་རྣམས་རྫོགས་པའོ། །ཚངས་པ་ལྷ་ཡི་དབང་པོ་སྲས། །སུམ་བཅུ་པ་དང་མི་བླ་མ། །རྒྱབ་དང་མདུན་དུ་བསྐོར་བའོ། །འཇམ་དཔལ་འཇིག་རྟེན་མགོན་པོ་དག །སྲིད་པ་གསུམ་ན་རྣམ་རྒྱལ་བ། །དཔལ་རྔུལ་བྱང་ཆུབ་ས་བོན་ནོ། །རྒྱབ་ཏུ་ཚངས་པ་ལ་སོགས་རིགས། །སྣ་ཡི་སྟེང་ནི་སྣ་ཚོགས་པར། །སངས་རྒྱས་དུ་མ་རྣམ་པར་དག །དེ་ལྟར་ཀླ་ཀློ་དབང་པོ་ཡི། །རྩོད་པ་རུ་ནི་འགྱུར་ངེས་པ། །ལུས་ཅན་རྣམས་ཀྱི་ལུས་དབུས་དང་། །ཕྱི་རུ་སྒྱུ་མ་ཡི་ནི་གཟུགས། །ནམ་མཁའ་ཡི་ནི་ཡུལ་ཉིད་དུ། །ཀླ་ཀློ་དང་ནི་རྩོད་པ་མེད། །དུས་ཀྱི་ལོ་ནི་ལོ་གྲངས་ལ། །ལོ་ཡི་ཉི་མའི་ཚོགས་ཀྱིས་བསྣུན། །བགྲོད་

(༣༨༩)པའི་ཆ་ཡིས་རིགས་དྲུག་གོ། །ཟླ་བའི་དབྱེ་བས་སུམ་བཅུ་དྲུག །དེ་ནི་རོ་ཡིས་བསྒྲེས་པ་ཡིན། །རྣལ་འབྱོར་མ་ཡི་རིགས་རྣམས་སོ། །གཟའ་རུ་བཅད་པས་རྙེད་པ་ནི། །དུས་ཀྱི་འཁོར་ལོའི་ལྷ་རྣམས་སུ། །ངེས་པར་གསལ་བ་ཁོ་ན་འོ། །ཟླ་བ་ཕྱེད་ཀྱིས་བཅད་པས་མཚན། །ལྷ་དང་ལྷ་མོ་རྣམས་ཀྱི་འོ། །སྒྱུ་འཕྲུལ་དྲ་བ་ཉི་ཡན་ལག །རྣམ་པ་གསུམ་དུ་ཡང་འགྱུར་རོ། །བུ་ག་རིག་བྱེད་དབྱེ་བ་དང་། །ཡང་ནི་འབྱུང་བ་རྒྱ་མཚོར་འགྱུར། །མེ་དང་ཆུ་ཡི་གཏེར་རྣམས་ཀྱིས། །དཔལ་ལྡན་དུས་པའི་དབྱེ་བ་ནི། །དེ་ཁོ་ན་ཉིད་དང་དྲུག་ནི་བྲི། །སླར་ལ་ཡང་ནི་དེ་དག་གི། །ཕྱེད་ཀྱི་དབྱེ་བས་རྣམ་པར་ཕྱེ། །ཡང་ནི་གཉིས་ཀྱི་དབྱེ་བ་བསྲེ། །གསུམ་དང་བཅུ་དང་དགུ་ཕྱོགས་དང་། །བུ་ག་རྣམས་དང་དེ་ཉིད་བཅས། །ཟླ་བའི་ཆ་ཡི་ཉི་ལ་གང་། །ཉི་མའི་ཚོགས་ན་ངེས་པ་ལས། །གཟའ་ཡི་ཆ་ཡིས་རྙེད་པ་ནི། །རྡོ་རྗེ་ཅན་གྱི་ཕྱག་རྒྱ་དྲུག །དེ་རྣམས་ལས་གཞན་ཉི་མའི་ཚོགས། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི། །ཤེས་རབ་ཐབས་ལུས་ལ་དུས་གསུམ། །ངེས་པར་གསལ་བ་ཁོ་ནའོ། །རྣལ་འབྱོར་རྣལ་འབྱོར་མ་རྒྱུད་ཀྱི། །ནུས་དང་ཁྲོ་བོའི་རིམ་པ་ཡིས། །བཅུ་རུ་རབ་ཏུ་འགྱུར་བ་སྟེ། །ལྔ་ནི་སངས་རྒྱས་ལྷ་མོ་ཡི། །གཟུགས་སོགས་མི་སོགས་དྲུག་གཉིས་ཏེ། །སླར་ལ་ཡང་ནི་མི་ཡི་བདག །ལྷ་ཡི་ཚོགས་ནི་དྲུག་གཉིས་སོ། །རྣལ་འབྱོར་མ་དང་གཏུམ་མོ་ཀླུ། །བརྒྱད་དང་འདི་དག་གི་ནི་གནས། །འདི་དག་ཐམས་ཅད་གཉིས་འགྱུར་རོ། །འདི་ནི་དཔལ་དུས་འཁོར་ལོ་སྟེ། །བརྒྱད་དང་བཞི་ནི་ལྷག་པའོ། །དེ་ཡི་ཕྱེད་ནི་སྐུ་

(༣༩༠)གསུང་ཐུགས། །ཉི་མ་ཡི་ནི་ཆ་ག་ལ། །ཉིན་རེ་ལས་ནི་བྱུང་ཚོད་རྣམས། །ཟླ་བའི་ནང་དུ་དྲུག་བཅུའོ། །རྣལ་འབྱོར་མ་ནི་དེ་མཐའ་དག །སྲིད་པ་གསུམ་གྱི་གནས་དག་ཏུ། །དུས་བསྲེས་ལས་ནི་གཉིས་འགྱུར་བྱ། །ཉི་མའི་ཆ་ལ་ཉི་བར་ཕྱེ། །ཉིས་འགྱུར་དུའང་བྱས་པ་གང་། །རྣལ་འབྱོར་མ་ཡི་ཚོགས་རྣམས་འདིར། །བསྡུས་པར་གྱུར་པ་མཐའ་དག་རྣམས། །ཉི་མའི་ཉིན་ཞག་སུམ་འགྱུར་ནི། །མིང་དུ་ཡང་ནི་འགྱུར་བ་ཡིན། །ཟ་བའི་ཕྱོགས་ཀྱི་རབ་དབྱེ་དང་། །ཉིན་མོ་བྱེད་པའི་ལོ་དབྱེ་བ། །མཐའ་དག་ཏུ་ནི་འགྱུར་བའོ། །དེ་ལྟར་དང་པོའི་སངས་རྒྱས་རྒྱུད། །ཁ་དང་ལག་པ་མིག་དག་རྣམས། །ལྷ་དང་ལྷ་མོ་རྣམས་ཀྱི་ཚོགས། །ཐབས་དང་ཤེས་རབ་ཉིན་དང་མཚན། །མཚན་མོའི་ཕྱེད་དུ་ཉིན་ཕྱེད་དུ། །ཆ་ནི་མཉམ་པར་འགྱུར་བའོ། །གང་གིས་རང་གི་ལུས་ལ་ཤེས། །ཉིན་དང་མཚན་མོ་དུས་དང་ནི། །ཟླ་བ་འཕོ་བའི་དབྱེ་བས་སོ། །དེ་ནི་དཔལ་འཇམ་རྡོ་རྗེ་ཉིད། །སྲིད་པའི་འཇིགས་པ་བཅོམ་ནས་ནི། །སྐྱེ་འདི་ཉིད་ལ་སངས་རྒྱས་འགྱུར། །དེ་ལས་སུམ་བཅུ་ཡི་ནི་ཆས། །ངེས་པར་གསུམ་དུ་བསྒྲེས་པ་ནི། །དུས་ཀྱི་འཁོར་ལོའི་ལྷ་རྣམས་སོ། །ཕྱི་རོལ་གྱི་ནི་ཕྱག་རྒྱ་དྲུག །སླར་ལ་ཡང་ནི་དེ་རྗེས་སུ། །རྩ་བའི་འཁོར་ལོ་དེ་བཞིན་ཏེ། །གཙུག་ཏོར་ལ་བཞི་སྙིང་གར་བརྒྱད། །སྤྱི་བོ་རུ་ནི་མི་ཡི་བདག །མགྲིན་པ་རུ་ནི་ས་ཡི་གྲངས། །ལྟེ་བར་བརྒྱད་ནི་བརྒྱད་བསྒྲེས་པ། །རྒྱལ་པོ་ཡི་ནི་ཉིས་འགྱུར་བདག །གསང་བའི་དབུས་སུ་རབ་ཏུ་གྲགས། །རྩ་དྲུག་པ་ནི་འཁོར་ལོ་འཛིན། །བཅུ་

(༣༩༡)ཡིས་ཡུམ་རྣམས་འཕྲོག་པ་སྟེ། །འདུས་པ་ཡི་ནི་རང་བཞིན་ནོ། །ཡང་དང་ཡང་ནི་ཉིས་འགྱུར་བྱ། །སླར་ལ་ཡང་ནི་བསྒྲེས་པ་རྣམས། །བད་ཀན་མཁྲིས་པ་རླུང་ཆ་རྣམས། །འདི་རྣམས་ཉིད་ནི་འཆི་བ་སྟེ། །བླ་མའི་ངེས་པ་དབང་གིས་ནི། །འཚེ་དང་ནད་མེད་པ་རྣམས་སྟེ། །འཁོར་ལོ་དྲུག་ནི་དུས་རྩ་རྣམས། །འཆི་བའི་འཇིགས་པ་འཕྲོག་པ་ནི། །རྣལ་འབྱོར་པ་ལ་ངོ་མཚར་མེད། །གཙུག་ཏོར་རྒྱ་མཚོ་དཔྲལ་བ་ལ། །ཆུ་ལ་དུས་ཀྱིས་བསྣུན་པ་ནི། །བད་ཀན་གྱིས་ནི་ཁམས་འཁྲུག་པའོ། །མགྲིན་པ་པོ་སྟེ་སྙིང་པདྨར། མིག་ལ་དུས་ཀྱིས་བསྣུན་པ་ནི། །མཁྲིས་པ་ཡིས་ནི་ཁམས་འཁྲུག་པའོ། །ལྟེ་བར་གསང་བར་དྲུག་བཅུ་བཞི། །མི་ཡི་བདག་པོ་ཡང་དེ་བཞིན། །རླུང་གི་ཁམས་རྣམས་འཁྲུག་པའོ། །གསང་བར་གཞན་ཡང་ཕྱོགས་དང་དྲུག །ངེས་པར་གསལ་ཏེ་འདུས་པ་འཛིན། །རྩ་དྲུག་འཁོར་ལོ་འཛིན་པ་ལ། །ལམ་ནི་རྣམ་པ་གསུམ་སོང་བ། །ཟླ་བ་ཉི་མ་མི་དབྱེས་སོ། །དེ་ནི་ལུས་ལ་བསྲུང་བར་བྱ། །བླ་མའི་ངེས་པའི་དབང་ལས་ཏེ། །སྲོག་ཅན་གང་ལ་ཅི་སྟེར་བ། །དྲུག་པོ་རྣམས་ལ་སྲོག་འཇུག་པར། །གལ་ཏེ་འགྱུར་ན་མི་རྣམས་ལ། །འཆི་བ་སྟེར་བ་དེ་ཚེ་ཉིད། །ཕྲ་མོར་ཐེག་པ་ཞུགས་པ་ན། །གཅིག་ཏུ་འཆི་བ་ཡི་ནི་ཡུལ། །རྣལ་འབྱོར་པ་རྣམས་རྩོད་པར་འགྱུར། །སྲོག་ནི་གལ་ཏེ་རྩ་གཅིག་ནས། །ཉིན་དང་མཚན་དུ་རྒྱུ་འགྱུར་ན། །དུས་ཀྱི་ལོར་ནི་མཚོ་བར་འགྱུར། །ཟླ་བ་ཕྱེད་དུ་མ་ཆད་པ། །གལ་ཏེ་མི་རྣམས་ཀྱི་

(༣༩༢)རྒྱུ་ན། །ལོ་ནི་ཕྱེད་དང་གཉིས་སུ་མཚོ། །ཟླ་བ་གཅིག་ཏུ་མ་ཆད་པར། །མི་ཡི་བདག་པོ་རྒྱུ་འགྱུར་ན། །ཟླ་བ་གསུམ་དུ་འཚོ་བར་འགྱུར། །དེ་ལྟར་རྣལ་འབྱོར་རང་ལུས་ལས། །ཟླ་བའི་ལམ་སོང་འཆི་བ་ནི། །དུས་ཀྱི་འཁོར་ལོར་ཤེས་པར་བྱ། །ལྔ་ལས་ཉི་ཤུ་རྩ་ལྔ་རུ། །ཉིན་ཞག་ལྔ་ལྔར་འཛག་པ་ནི། །ཉི་མ་རེ་རེས་རིམ་བཞིན་འཕེལ། །དེ་ལ་རེ་རེས་སྐྱེད་པ་ཡི། །བཅུ་ནི་གསུམ་དུ་བསྒྲེས་པ་ལ། །གསུམ་ནི་ལྷག་པའི་རབ་ཉིད་དུ། །རྒྱས་པའི་དུས་ནི་མཐའ་དག་ལ། །གསུམ་དང་མིག་དང་རི་བོང་ཅན། །དྲུག་གསུམ་ཟིང་དང་ཟླ་བ་ཡི། །ཟླ་བ་གང་དེའི་ཞག་ལྷག་མ། །ཚེས་དང་ཕྱོགས་མདའ་ཡོན་ཏན་དང་། །ཟུངས་སང་ཟླ་བར་འཚོ་བར་འགྱུར། །རང་གནས་རང་ཤི་འཁོར་ལོ་རུ། །མཆོག་གི་ཆ་རྣམས་འདོར་འགྱུར་ཏེ། །བྲི་བའི་ལྷག་མ་རྣམས་ནི་མཚུངས། །ལོ་དང་ཟླ་བ་ཉི་མ་རྣམས། །གསུམ་དང་མིག་དང་ཟླ་བ་དང་། །དྲུག་གསུམ་ཟུང་དང་ཟླ་བ་དང་། །རྒྱས་པ་དང་ནི་འབྲི་བ་མཚུངས། །ཚེས་དང་ཕྱོགས་དང་མདའ་ཡོན་ཏན། །ལྟེ་བ་རུ་ནི་བཞུགས་པ་ན། །ཉི་མ་སུམ་བཅུ་དྲུག་རྗེས་སུ། །ཉིན་མོ་བྱེད་པར་འགྱུར་བས་ཏེ། །འཆི་ལྟས་སྦྱོར་བ་ཡིས་ནི་འཆི། །ཤ་དང་མདའ་དང་མི་འཇིག་རྟེན། །ཉི་མའི་ཚོགས་རྣམས་དོར་བ་ནི། །ཉི་མའི་ལོ་ནི་གསུམ་གྱི་འོ། །དེ་ལས་གཞན་དུ་འཕོ་བ་ལ། །མདའ་དང་དུས་དང་རྩེ་ཡོ་ཅན། །གསུམ་པ་ལ་མཁའ་རི་ཟླ་བ། །མིག་དང་སྦྲུལ་དང་རི་དང་མདའ། །གཞན་ཡང་ནོར་དང་ལག་པ་དང་། །བདུན་པ་ལ་ནི་འཛེག་པའོ། །དེ་ལས་ཚེས་ལ་སོགས་ཐམས་ཅད། །ཉི་མའི་

(༣༩༣)ཡི་ནི་ཚོགས་རྣམས་གང་། །ལྟེ་བ་ཉིད་ཀྱིས་བར་དུ་འོ། །དུས་ཀྱི་འཁོར་ལོའི་བར་དུ་ནི། །ཉི་མ་འགྲོ་བའི་དབང་གིས་ན། །མཛེས་ཤིང་འཕོ་བ་རུ་ནི་འགྱུར། །ཟླ་བ་ཞེས་དང་ཉི་ལམ་དུ། །མི་མཐུན་མཐུན་པའི་ཉི་མ་ནི། །གཅིག་འཕེལ་བ་ཡི་རིམ་པ་ཡིས། །ཡང་ནི་འཕོ་བ་དབྱེ་བས་ཏེ། །མི་མཐུན་པའི་ཉི་མ་ཡི། །བཅུ་གཉིས་རྩིབས་ལ་བྱེད་པ་འོ། །ཟླ་བ་ཕྱེད་དང་གཉིས་བར་དུ། །བཅུ་ནི་སུམ་འགྱུར་དུ་བྱས་དང་། །མཚན་མོ་གསུམ་དུ་འཚོ་བའོ། །རླུང་དང་ཆུ་སྲང་ཆུ་ཚོད་དང་། །ཉི་དང་མཚན་མོ་ཡི་ནི་དུས། །དེ་ནི་རིམ་པས་འཕོ་བས་ཏེ། །ལོ་བདུན་བགྲོད་པའི་ཡན་ལག་ལས། །བགྲོད་པར་འགྲོ་བའི་དབང་གིས་ནི། །ལོ་ནི་དྲུག་བཅུ་ཐམ་པ་དང་། །ལོ་སུམ་བཅུ་ཡི་ཟླ་བ་གསུམ། །ཉི་མ་འགྲོ་བའི་དབང་ལས་ནི། །དུས་ཀྱི་ལོ་དང་ཟླ་ཕྱེད་གསུམ། །སུམ་བཅུ་ཕྱེད་དང་གསུམ་ཕྱེད་པའི། །ཉི་མའི་ཚོགས་རྣམས་སུ་འགྱུར་བ། །དུས་ཀྱི་འཁོར་ལོས་འཕོ་བ་འོ། །ཕྱོགས་དང་ཕྱོགས་ལས་རྩ་རྣམས་ནི། །ལག་འགྲོ་ལ་ནི་དགུ་བསྣུན་པ། །ལྟེ་བའི་འཁོར་ལོར་འཆད་པར་འགྱུར། །ལས་ཀྱི་འཁོར་ལོ་བྱ་བ་ཞེས། །ཚིག་རྣམས་ལ་ནི་རྩ་རེ་རེ། །མེ་ཡི་ཉི་མ་ལ་འདོར་རོ། །མགྲིན་པར་རྒྱུ་སྐར་གྱི་ནི་རྩ། །ཟླ་བའི་དབུས་སུ་རིམ་པ་བཞིན། །ཉིན་དང་ཉིན་ཞག་ལ་ནི་དོར། །ཐིག་ལེ་གནས་པ་ཕྱོགས་ནང་དུ། །ཟླ་བའི་ཆ་ནི་དོར་བ་དང་། །གཟའ་ཡི་རྩ་ནི་སྙིང་གནས་པ། །སྡེ་ཅན་རྣམས་ནི་དབྱངས་བཅས་ལ། །ཉིན་མོ་བྱེད་པ་འཕོ་བ་ནི། །བགྲོད་པ་

(༣༩༤)ར་ཤི་བྱེ་བས་སོ། །ཕྱི་ནས་རེ་རེ་འཕེལ་དང་འབྲི། །ཉིན་དང་ཉིན་ཞག་ལ་འཕོ་བ། །དུས་ཀྱི་འཁོར་ལོའི་ཞག་བར་དུ། ལོ་བཅད་པ་ལ་ཕྱོགས་དབུས་སུ། །དབྱངས་དང་ཉི་མའི་དབང་ལས་ནི། །འཕེལ་བ་དང་ནི་འབྲི་བ་དང་། །དབུགས་འབྱུང་དབུགས་རྔུབ་འབྲི་བ་ནི། །ཉིན་དང་མཚན་མོ་ཡི་ནི་དུས། །མཚན་མོ་གཅིག་ལ་འཚོ་བ་འོ། །ལྟེ་བ་མགྲིན་པ་དཔྲལ་བ་དང་། །རང་གི་སྙིང་གའི་པདྨ་ལ། །དེ་རྣམས་དེ་ནི་ལྷག་པ་རུ། །གནས་པ་ཉི་མ་རོ་དང་མེ། །རང་གི་སྙིང་གི་པདྨ་ལ། །རྩ་ནི་ཕྱེད་དང་གཉིས་དེ་བཞིན། །ལག་པ་རྐང་པ་ཡི་ཚིགས་སུ། །ཚེས་ལ་དུས་ཀྱིས་བསྒྲེས་པ་ནི། །ཉི་མ་དྲུག་ནི་ཉིད་ཀྱི་བར། །ཐ་མར་ཐམས་ཅད་དུ་ཕྲ་བ། །ཉི་མ་གཅིག་ནི་རབ་རྒྱུ་སྟེ། །སྙིང་གི་པདྨ་མདོར་བར་འགྱུར། །ལོ་བརྒྱ་ཡི་ནི་ཉི་མའི་ཚོགས། །སྟོང་ཕྲག་སུམ་བཅུ་རྩ་དྲུག་ཏུ། །དུས་ཀྱི་རྩ་ལ་འཕོ་བར་འགྱུར། །ཉི་ཟླའི་ནུས་པ་གང་གང་ལ། །ཉིན་དང་མཚན་མོའི་དུས་སུ་ནི། །རང་རང་རྒྱུ་བས་དག་པ་ཉིད། །ཉི་མ་ཉིན་ཞག་ཉིན་རྒྱུ་བས། །བུ་ལོན་དུ་ཡང་འགྱུར་བས་ཏེ། །ཟླ་བའི་རྒྱུ་ལ་དེ་ཕི་ཕྱིར། །རྒྱུ་སྐར་ཉིན་ཞག་བར་དབྱེ་བས། །ཉི་མ་ཟླ་བ་རྒྱུ་བ་ལྔ། །སྟོང་པའི་ཟླ་བ་ལ་ནི་འཆི། །ལུས་ལ་སྲོག་གི་ལྷག་མ་ཉིད། །གསལ་བ་ཉིན་མཚན་མཉམ་ཆ་ལ། །ཆ་དབྱེས་དྲུག་བཅུར་མ་ཚང་བ། །ཐམས་ཅད་འཕོ་བའི་དབྱེ་བ་ཡིས། །ཉི་མ་སོ་སོའི་དུས་སུ་ནི། །རྩ་ཡི་ཟུང་ནི་ངེས་པར་བསྣུན། །ལོ་ཡི་དབུས་སུ་ཡང་དང་ཡང་། །ཉི་མ་ཟླ་བའི་རྒྱུ་

(༣༩༥)ལ་ནི། །སྟོང་པ་མིག་དང་རི་ཡི་གྲངས། །དེ་ལྟར་དུས་ཀྱི་ལོ་བརྒྱ་ལ། །ལྷ་དང་མི་རྣམས་ཀྱི་འཕོ་བ། །རང་རང་ཚད་ཀྱིས་རང་ཆོར་ལྡན། །བརྒྱ་ལ་དུས་ཀྱི་རྩ་རྒྱུ་ལ། །གལ་ཏེ་མི་རྣམས་མཛེས་ཟིན་ནམ། །ནད་དང་མཚོན་ཆས་བསྣུན་གྱུར་ན། །དེ་ལ་མྱུར་དུ་བརྟེན་པ་ཡིས། །ཐོགས་པ་མེད་པར་འཇུག་པ་ནི། །རྩ་བའི་འཁོར་ལོ་ཡི་ནི་དུས། །འཁོར་ལོ་རྣམས་ཀྱི་རྩ་ནི་འགོག །ཉི་མ་ཟླ་བའི་འགྲོ་བ་ནི། །རིམ་པ་བཞིན་དུ་དོར་ནས་ནི། །དབུས་སུ་ཕྲ་མོ་བརྟེན་པ་གང་། །སྲོག་ཆགས་རྣམས་ཀྱིས་འཚོ་བ་འཕྲོག །སྙིང་གི་པདྨ་དཔྲལ་བ་རུ། །ཟླ་བ་ཡི་ནི་ཆ་རྒྱུ་བ། །འབྱུང་བ་ཕྱོགས་དང་ཉི་མར་བཤད། །ལོངས་སྤྱོད་ལྟེ་བའི་འཁོར་ལོ་རུ། །བཅུ་དང་དགུ་ནི་ལན་གཅིག་དང་། །དྲག་པོ་ཟུང་དང་རྒྱལ་ཞེས་དང་། །དེ་ཉིད་ཅོས་པ་མཚན་བདུན་ལ། །འོན་ཏེ་སླར་ལ་ཡང་འདི་ནི། །རི་བོང་གིས་མཚན་འཕོ་བ་མེད། །ཐིག་ལེར་རྫོགས་པའི་རང་བཞིན་གྱིས། །སྙིང་ག་རུ་ནི་འཇུག་འགྱུར་བ། །དཀར་པོའི་ཕྱོགས་ཀྱི་བུ་ལོན་མཐར། །ནག་པོ་ལ་ཡང་དེ་བཞིན་ཏེ། །ལྟེ་བའི་པདྨའི་བར་དུ་ཡང་། །ཆ་དང་ཆ་རྣམས་འགྲོ་བར་འགྱུར། །རྩིབས་བརྒྱད་པ་དང་རྩིབས་བཅུ་དྲུག། སྙིང་ག་སྤྱི་བོ་དེ་བཞིན་དུ། །ནག་པོ་དཀར་པོ་པདྨའི་མིང་། །མགྲིན་པར་སུམ་བཅུ་གཉིས་ཀྱི་རྩིབས། །ཉིས་འགྱུར་ལྟེ་བ་དམར་དང་སེར། །ལྟེ་བ་འགྲམ་པར་བརྒྱད་གཉིས་ཏེ། །སྤྱི་བོ་དང་ནི་སྙིང་ག་རུ། །དཀར་པོ་ནག་པོ་རྫོགས་པའོ། །ཨ་བཅོགས་དབྱངས་ནི་སུམ་བཅུ་

(༣༩༦)གང་། །ཧ་ཡ་ར་བ་ལ་དང་ལྡན། །ཐིག་ལེ་དཔལ་ནི་ཚེག་དྲག་གིས། །ཕྱེ་བ་དྲུག་བཅུ་རུ་ནི་འགྱུར། །མི་བདག་ཧ་མཐར་ནོར་གྱི་དུས། །དེ་རྣམས་གེ་སར་རྩེ་མོ་རུ། །ཐིག་ལེ་ལ་དང་ཚེག་དྲག་གིས། །མཆོག་གི་པདྨའི་འདབ་མ་ལ། །ཀ་སོགས་དེ་ཡིས་རྣམ་ཕྱེ་བ། །བརྒྱ་ཕྲག་གཅིག་དང་ཉི་ཤུ་ལ། །རྒྱུན་འགྲོ་བ་ཡི་དབང་གིས་ནི། །ཉི་མ་འཕོས་ནས་ཟད་པར་འགྱུར། །ཟླ་ཕྱེད་ཟླ་བ་རང་སྤྱོད་པས། །བུ་ལོན་དུ་ཡང་བྱེད་པ་ལ། །ཚེས་སུ་བསྟན་པའི་ཆ་དང་ནི། །སླར་ལ་ཟླ་བ་གཉིས་པ་ནི། །གཞན་ཡང་ཉི་མ་གཅིག་ཉིད་དེ། །ལོ་ཡི་སྦྱོར་བ་ཡིས་འཕེལ་ཞིང་། །ལོ་རྫོགས་པ་ན་ཉི་དྲུག་འགྱུར། །དེ་བཞིན་དུ་ནི་གཞན་ཡང་འདི། །འཆི་ལ་ཐུག་པར་འཕེལ་བའོ། །དེ་བཞིན་རྒྱལ་པོའི་ཉི་མ་ཡི། །ཉིས་འགྱུར་གྱི་ནི་བུ་ལོན་འདི། །ལོ་དང་ལོ་རུ་འཕེལ་བར་འགྱུར། །རླུང་དྲུག་ལ་ནི་ཆུ་སྲང་གཅིག །ཆུ་སྲང་དྲུག་བཅུ་རྣམས་ལ་ནི། །ཆུ་ཚོད་དུ་ནི་འགྱུར་བ་ཡིན། །ཆུ་ཚོད་དྲུག་བཅུ་ཉི་མར་འགྱུར། །ཉི་མ་བཅུ་པོ་རྣམས་ཀྱིས་ནི། །སུམ་འགྱུར་ལ་ནི་ཟླ་བ་གཅིག །ཟླ་བ་དྲུག་གིས་བགྲོད་པར་འགྱུར། །བགྲོད་པ་ཡིས་ནི་ཉིས་འགྱུར་ལ། །ལོ་གཅིག་རུ་ནི་རབ་ཏུ་གྲགས། །སྐྱེས་བུ་ཡི་ནི་ལོ་བརྒྱ་ལ། །བུ་ལོན་འགྲོ་བ་རྣམས་སུ་ནི། །དུས་ཀྱི་རྩ་བའི་དབང་གིས་སོ། །འཇིག་རྟེན་གསུམ་མེད་རྣལ་འབྱོར་ལ། །ལྷ་དང་ལྷ་མིན་མི་རྣམས་ཀྱིས། །འགེངས་པ་རུ་ནི་གང་ནུས་པ། །ཟླ་བ་ཉི་ལ་དྲང་ལུས་ལ། །རྒྱུ་བ་ཉིན་ཞག་ཚོགས་

(༣༩༧)ཀྱིས་ཏེ། །ཟླ་བ་རང་གིས་རྒྱུ་བ་དང་། །ཉི་མ་དང་ནི་རྒྱུ་སྐར་རྣམས། །ཐམས་ཅད་གནས་སུ་རྒྱུ་བ་མིན། །ལོ་ཡི་དབུས་ན་རིམ་པ་བཞིན། །ལོ་དང་ལོ་ཡི་བུ་ལོན་གྱིས། །གནས་ཏེ་ཟ་བ་མ་ཡིན་ཏེ། །དུས་ཀྱི་འཁོར་ལོ་གཅིག་པ་ལ། །གལ་ཏེ་རྩ་གཅིག་རང་འགྱུར་ན། །མི་བདག་སྤྱི་ལ་བསྐུར་བ་ཉིད། །དེ་ཙམ་ལས་ནི་ཚན་ལྔ་ནི། །མཆོག་གི་ཆ་ནི་འདོར་བར་འགྱུར། །གོང་དུ་ཆད་པའི་དུས་སུ་ནི། །རྣ་བར་སྒྲ་འདོར་ལྕེ་ལ་ནི། །ལོ་ནི་ངེས་པར་འདོར་བར་འགྱུར། །མིག་གི་དབུས་སུ་སྐར་མ་དང་། །སྣ་ལས་དྲི་འདོར་མི་རྣམས་ཀྱི། །ལུས་དང་ལག་པ་རྐང་པ་ཡི། །དྲོད་ཀྱི་དངོས་པོ་རིམ་པས་འདོར། །སྣ་ཡི་རྩེ་མོར་ཕྱང་ཞིང་དང་། །སྤྱི་བོར་ལག་པ་གཟུང་བ་ཡི། །དེ་ཡི་རང་བཞིན་དུ་སྣང་དང་། །ལག་པ་གཉིས་ཀའི་མཐིལ་ལ་ཡང་། །རྒྱ་སྐག་བྱུགས་འདྲ་དམར་བ་ཉིད། །དམར་པོ་སྣང་བ་ཉིད་མེད་དང་། །ཉི་མ་ཁ་དོག་ནག་པོར་སྣང་། །ཟླ་བ་འགྱུར་ཏེ་རྫོགས་པ་ནི། །ཁ་དོག་སེར་པོར་མཐོང་བ་དང་། །རང་ལུས་ལྕི་བ་གྲང་བར་འགྱུར། །དེ་ཡི་ཉི་མ་ལ་འཆི་ཉིད། །ལྕེ་འོག་རི་མོ་ནག་པོ་དང་། །མིག་ཏུ་ཚངས་པའི་རི་མོ་ནི། །ཤིན་ཏུ་ཕྲ་བ་སྣང་འགྱུར་དང་། །ཟླ་བ་ཉི་མའི་ལམ་དུ་དབུས། །མི་ཡི་བདག་པོ་འབར་བ་དང་། །མཁུར་བ་གཉིས་སུ་དེ་བཞིན་ནོ། །མཆན་ཁུང་ཉི་མའི་གཏེར་གཟིར་དང་། །གཟའ་ཡི་ཚོགས་ནི་མ་ལུས་པ། །མེ་སྟག་བཅས་པར་མཐོང་བ་དང་། །སྐེ་དང་ཡན་ལག་བཅས་པ་རེངས། །ལུས་ནི་

(༣༩༨)འགྱུར་བར་མི་ཤེས་པ། །བརྒྱད་ནི་འཆི་བའི་མཚན་ཉིད་དོ། །སྐྱེད་པ་རུ་ནི་གང་བྱེད་པ། །སྐྱེས་པ་ཡི་ནི་དུས་སུ་ནི། །བྱིས་པ་དང་ནི་གཞོན་ནུའི་གཟུགས། །སྡུག་པ་དེ་ཉིད་འཇིག་རྟེན་དུ། །སླར་ལ་ཡང་ནི་བྱེད་པ་ནི། །དུས་ཀྱི་འཁོར་ལོ་ཉི་མས་མིན། །ཟླ་བ་ཉི་མ་ལ་སོགས་ལྷ། །མཚན་མོའི་ཆ་རུ་ཡང་དག་བྱུང་། །སླར་ལ་མ་ལུས་པ་ནི་གཏོང་། །ཉིན་ལ་ཡི་ནི་དུས་སུ་ཡང་། །སྤྲོ་བའི་རྒྱུ་རུ་རིམ་གྱིས་སོ། །སྒྲ་ལ་སོགས་པ་དྲུག་ལས་ཏེ། །དབང་པོ་རྣམས་ནི་དྲུག་པོ་ཡང་། །བྱེད་པ་རུ་ནི་འགྱུར་བ་ཡིན། །ལོ་དང་ཟླ་བ་ཕྱེད་ཟླ་དང་། །ཉིན་དང་མཚན་མོ་དང་ནི་ཚེས། །ཟླ་བ་ཉི་མ་བྱེད་པ་པོ། །དེ་རྣམས་སྡུད་པའི་བྱེད་པ་པོ། །གཞན་དུ་འདི་ནི་འགྱུར་བ་སྟེ། །སྤྲོ་བའི་བྱེད་དང་བྱེད་པོ་མེད། །མཁའ་ཁྱབ་པའི་མཁའ་རྡོ་རྗེ། །ཡུལ་དང་རྣམ་པར་བྲལ་བ་ནི། །ཡོན་ཏན་མེད་ཅིང་རང་བཞིན་མེད། །དྲི་དང་ཁ་དོག་རོ་རེག་བྱ། །ས་དང་ཆུ་དང་མེ་དང་རླུང་། །བརྒྱད་པོ་འདི་ནི་གཟུགས་ཅན་འགྱུར། །ཀུན་འབྱུང་གིས་ནི་ཡུལ་གྱི་སྟེ། །གཅིག་ནི་གཙོ་བོ་བསྡུས་པའོ། །སྒྲ་དང་སྟོང་པ་གཟུགས་མེད་འགྱུར། །མི་བདག་ཆོས་དབྱིངས་ཡིད་ཀྱང་ངོ་། །འཇིག་རྟེན་གསུམ་པོ་མ་ལུས་ཏེ། །སྤྲོ་བ་དང་ནི་བསྡུད་པ་ནི། །དུས་ཀྱི་བུས་པས་འགྲོ་བར་འགྱུར། །རང་གི་རྣམ་རྟོག་གིས་བཅིངས་པ། །རང་བཞིན་ཡོན་ཏན་སོང་བ་ཡིས། །ཅི་ལྟར་སྦུབས་ཀྱི་སྲིན་བུ་བཞིན། །བདག་ཉིད་ལ་ནི་བདག་ཉིད་ཀྱིས། །སླར་ལ་ཡང་ནི་ཡིད་ཉིད་ནི། །མི་རྟོག་

(༣༩༩)པ་ཡིས་གྲོལ་བར་འགྱུར། །དེ་ཕྱིར་རྒྱལ་པོ་རང་ལས་ཀྱི། །རང་བཞིན་ཡོན་ཏན་རྟོགས་པ་ན། །སྡུག་བསྔལ་དང་ནི་བདེ་བ་བྱེད། །སུ་ཞིག་བྱེད་པོ་ཅི་ཞིག་བྱེད། །རང་བཞིན་རྣམ་པར་བྲལ་བ་ཉིད། །འཇིག་རྟེན་མི་ཤེས་པ་ཡིས་བསླུས། །ས་དང་ཆུ་དང་མེ་དང་རླུང་། །ནམ་མཁའ་ཡང་ནི་ཡོན་ཏན་ཏེ། །བློ་དང་ངར་འཛིན་པ་དང་སེམས། །རགས་དང་ཕྲ་དང་གཞན་ཡང་ངོ། །ཡོན་ཏན་རྣམ་པ་གསུམ་སོང་བ། །ཐིག་ལེ་བཞི་ལ་སོགས་དབྱེ་བས། །རགས་དང་རགས་པའི་དབང་པོ་ལ། །རང་གཞན་གྱིས་ནི་རྟོགས་པ་ཡང་། །ཕྲ་བའི་སེམས་ལ་ཡང་ཕྲ་བའོ། །ཡེ་ཤེས་ལ་ནི་ཡེ་ཤེས་སྐུ། །རང་བཞིན་འགྱུར་བ་མེད་པ་ཡིས། །འཚོ་བར་འགྱུར་བ་འབྱུང་བ་རྣམས། །ཨ་ལ་སོགས་པ་སྟོང་པ་ལྔ་རང་བཞིན་འགྱུར་བ་མེད་པའོ། །དཔལ་གྱི་ཆ་དང་ཐིག་ལེ་སྒྲ། །དུས་དང་སེམས་དང་བློ་དང་ནི། །རང་བཞིན་ཡང་ནི་དེ་བཞིན་ཏེ། །གཞན་ནི་དབྱངས་དང་རླུང་ལ་སོགས། །རགས་པའི་སྡེ་ཚན་ཡི་གེ་རྣམས། །བཅུ་ནི་སུམ་འགྱུར་བྱས་པ་དང་། །གཞན་ནི་བཅུ་དྲུག་འགྱུར་བའོ། །དེ་རྣམས་དབུས་སུ་རྡོ་རྗེ་ཅན། །རང་བཞིན་འགྱུར་བ་མེད་པ་སྟེ། །ཁྱབ་པར་བྱེད་པ་རང་བཞིན་མེད། །འཁོར་བར་བདེ་དང་སྡུག་བསྔལ་ནི། །རང་བཞིན་ཡོན་ཏན་བྲལ་བ་ཡི། །ལས་ལས་སྐྱེས་པ་དེ་ནི་ཡོད། །ཕྲ་དང་རགས་དང་ཞི་བ་དང་། །རྣམ་པ་གསུམ་དུ་ཡང་འགྱུར་ཏེ། །མི་རྣམས་ཀྱི་ནི་ལས་དེ་འོ། །རང་ཉིད་བྱེད་པ་པོ་དང་ལས། །གཞན་ཡང་ཕྱུགས་དག་པོ་ཡི་ནི། །བྱེད་པ་པོ་དང་ལས་ནི་ཡོད། །རང་ནི་བྱེད་པ་མིན་གཞན་ཡང་། །

(༤༠༠)རང་བཞིན་དང་ནི་རྣམ་བྲལ་བར། །ཤེས་བྱ་དེ་ཡི་ལས་ནི་མེད། །དེ་ཕྱིར་བྱེད་པོ་འགའ་ཡང་མེད། །སྟེར་བ་དང་ནི་འཕྲོག་པ་མེད། །སྲོག་ཆགས་རྣམས་ཀྱི་བདེ་དང་སྡུག །འཁོར་བ་ཀུན་ཏུ་སྔོན་གྱི་ལས། །འབྲས་བུ་སྟེར་བར་རབ་འགྱུར་བ། །རྣམ་པ་གསུམ་ནི་གང་བྱས་པ། །རྨོངས་པ་རྣམས་ཀྱི་བློ་འདི་ནི། །སྟེར་དང་དེ་ནི་འཕྲོག་པ་དང་། །སྤྲོ་དང་སྡུད་པའི་བྱེད་པར་འཛིན། །ལུས་ལ་སྟོང་པར་མི་མཐོང་བས། །དཔག་ཏུ་མེད་པའི་དགེ་བ་ནི། །རང་གི་ཞེན་པས་འཇོམས་པར་འགྱུར། །འདོད་པའི་ནུས་པ་བྱ་བ་ཡིས། །འགྲོ་བ་རུ་ནི་རང་ཡིན་ལ། །ཡེ་ཤེས་ནུས་པ་གསུམ་པ་སྟེ། །དངོས་པོར་སྣང་བ་འཇུག་པ་དང་། །རོ་ནི་མཉམ་པར་བྱེད་པ་ཡིས། །དེ་བཞིན་དམིགས་པར་བྱེད་པ་ནི། །སླར་ལ་སྟོང་པ་བཞི་པ་འོ། །སྲིད་པ་གསུམ་ནི་བསྡུད་པ་ཡི། །གཉིས་སུ་མེད་པའི་རིམ་ཉིད་ཀྱིས། །དེ་རྣམས་དབུས་སུ་འགའ་ཡང་ནི། །རྡོ་རྗེ་ཅན་དེ་ཡིས་ནི་གྲོལ། །དོར་བདག་བྱེད་པོ་མེད་པར་འགྱུར། །བདེ་དང་སྡུག་བསྔལ་རབ་སྟེར་བའོ། །སེམས་ཀྱི་ནུས་པ་རྣམས་འདོར་ན། །སུ་ཡིས་འཆིང་ནས་ཐར་མེད་འགྱུར། །བུམ་པའི་ནང་གི་ནམ་མཁའ་ནི། །འགྲོ་ཡང་འགྲོ་བར་མི་འགྱུར་ཏེ། །ཆུ་ནི་ཁྱེར་བཞིན་ན་ཡང་མིན། །ནམ་མཁའ་ཁྱབ་པ་ཇི་བཞིན་དུ། །རྡོ་རྗེ་ཅན་ཡུལ་རྣམ་བྲལ་བ། །ལུས་ཀྱི་དབུས་སུ་དེ་བཞིན་ནོ། །དེ་ལྟར་ལས་ནི་ཡོད་སྨྲ་བ། །དེ་ནི་བཅོམ་ལྡན་འདས་སུ་འགྱུར། །སྟོང་པ་ཅིག་ཏུ་བྱེད་པ་མེད། །ཀུན་མཁྱེན་དང་པོའི་སངས་རྒྱས་ནི། །སྲིད་པ་གསུམ་གྱིས་ཕྱག་

(༤༠༡)བྱས་པ། །དུས་ཀྱི་འཁོར་ཅན་འཁོར་ཅན་མིན། །ཚངས་པ་ཁྱབ་འཇུག་དབང་ཕྱུག་རྣམས། །སྐྱབས་སུ་ལྷག་པར་སོང་བ་ཡིས། །གང་གི་དབུས་ཀྱི་པད་རྩ་ནི། །དེ་ལ་ཕྱག་འཚལ་དུས་འཁོར་ལོ། །རྒྱལ་བའི་མཆོག་རྣམས་བསྐྱེད་པ་ནི། །ཡོན་ཏན་མེད་ཅིང་མི་རྟོག་པའོ། །ཞི་བའི་དངོས་པོ་ལྷ་ཉིད་འགྱུར། །མུན་པ་ཡིས་ནི་དམྱལ་བ་ཉིད། །རྡུལ་གྱིས་བྱོལ་སོང་ཉིད་དུ་འགྱུར། །རབ་མཆོག་པ་ཡི་སྟེང་དུ་ནི། །འདྲེས་པ་ཡིས་ནི་མི་ཉིད་དོ། །རྣམ་པ་གསུམ་གྱིས་འབྱུང་པོ་ཉིད། །རྡུལ་དང་མུན་པ་ཉིད་དང་ནི། །སྙིང་སྟོབས་ཕན་ཚུན་བསྲེས་པའོ། །འཆི་བའི་ཚེ་ནི་དངོས་པོ་གང་། །ཡིད་ཀྱི་རྣམ་ཤེས་ཀྱིས་དྲན་པས། །དེ་རུ་སྐྱེ་བ་འབྱུང་བར་འགྱུར། །ལྷ་ཡི་མཆོག་གི་གནས་སུ་ནི། །ལྷ་ནི་བརྒྱད་དུ་དབྱེ་བ་སྟེ། །དེ་བཞིན་དུ་ནི་མི་ནི་གཅིག །བྱོལ་སོང་རྒྱ་མཚོ་རྣམས་པའོ། །དམྱལ་བ་ཉིད་དུ་འགྲོ་བ་ཡི། །དམྱལ་བ་ཉིད་ནི་དེ་བཞིན་གཅིག །གནས་འདི་རྣམས་སུ་སྐྱེ་བ་འོ། །རོ་ཡི་འགྲོ་བ་རུ་ནི་འཁོར། །ལས་ཀྱི་ཞགས་པས་ངེས་བཅིངས་པས། །སྐྱེ་བ་འབུམ་ཕྲག་དུ་མས་ཀྱང་། །མཆོག་ཏུ་བདེ་བའི་གོ་འཕང་དུ། །གྲོལ་ནས་ཐར་པ་མི་འགྱུར་རོ། །ཕུང་པོ་ཁམས་དང་དབང་པོ་འོ། །སྲིད་པ་གསུམ་གྱི་འཇིགས་པ་དང་། །ལས་ཀྱི་དབང་པོ་ལྔ་དང་ནི། །དེ་ཙམ་ལས་ནི་ཉེས་པ་དང་། །ཡོན་ཏན་བཅས་པ་དང་ནི་ཡིད། །བློ་དང་ངར་འཛིན་ལ་སོགས་པ། །འདི་

(༤༠༢)དག་གིས་ནི་སྲོག་བཅིངས་པས། །རོ་ཡི་འགྲོ་བར་འཁོར་བར་འགྱུར། །ཕྲ་བའི་དངོས་དང་དངོས་པོ་ནི། །སླར་ལ་དོར་ན་འགྲོ་འགྱུར་ཏེ། །མཆོག་ཏུ་མི་འགྱུར་གོ་འཕང་དུ། །གང་དུ་སླར་ལ་མི་སྐྱེ་བ་འོ། །རིག་བྱེད་ཡན་ལག་དྲུག་དང་ནི། །དྲན་པ་ཡིད་དང་ལྷན་ཅིག་དང་། །རྟོག་པ་གྲུབ་པའི་མཐའ་དང་ལྡན། །གཞན་ཡང་འཇིག་རྟེན་བསྟན་བཅོས་ནི། །སྙན་ངག་མཁན་གྱིས་བྱས་པ་དང་། །རྒྱས་པ་མི་རྗེའུ་སྩོགས་རིགས་མིན། །ནང་གི་རིག་པ་རིག་པ་ཞེས། །ཡི་གེ་ཡང་ནི་ཐུབ་པ་ཡིས། །འཇིག་རྟེན་འདིར་ནི་གསུངས་པ་ཉིད། །གང་དུ་འཇིག་རྟེན་གསུམ་མ་ལུས། །སླར་ལ་ཡང་ནི་ཐིམ་པར་འགྱུར། །རྣལ་འབྱོར་པ་དབང་སྦྱོར་མ་ཐོབ། །ཡིད་ནི་རབ་ཏུ་གཡོ་བ་ཡིས། །བརྒྱ་ལ་འཆི་བར་འགྱུར་ན་ནི། །དཔལ་ལྡན་མི་ཡི་འཇིག་རྟེན་དུ། །རབ་མཆོག་ཐུབ་པའི་རིགས་སུ་ནི། །རྣལ་འབྱོར་ལྡན་པ་སྐྱེ་བར་འགྱུར། །སྔོན་དུ་གོམས་པ་དེ་ཡིས་ནི། །སླར་ལ་ཡང་ནི་འཇིག་པར་འགྱུར། །ཡེ་ཤེས་རྣལ་འབྱོར་རྒྱ་ཆེ་བ། །ཡེ་ཤེས་ཐོབ་ནས་འགྲོ་འགྱུར་ཏེ། །ཟད་མེད་མཆོག་གི་གོ་འཕང་དུ། །གང་དུ་སླར་ལ་མི་སྐྱེ་བར། །སྐྱེ་བོའི་ཡེ་ཤེས་སྐྱེ་བ་ནི། །ཉི་མ་ཉིན་མོའི་དུས་སུ་སྟེ། །མཚན་མོའི་མཐའ་སྟེ་མཚན་ཕྱེད་དང་། །ཉི་མའི་གུང་དུ་ལྷ་མིན་གྱི། །ཟླ་བ་མཚན་མོ་ཡི་དུས་སུ། །ཉི་མའི་གུང་ནི་སོང་བ་ན། །ཡང་དག་ཡེ་ཤེས་རྣམས་ཉམས་ལས། །འབྱུང་བ་འགྱུར་བ་ཡི་ནི་ཚིག །འདུས་བྱས་པ་དང་ཐ་མལ་པ། །ཞི་བ་དང་ནི་དྲག་

(༤༠༣)པོའི་ལས། །སྲིད་པ་གསུམ་གྱི་གནས་སུ་ནི། །ལེན་པར་སྦྱར་དང་ཐ་མལ་པའོ། །མཚན་མོའི་ཕྱེད་དང་ཉིན་མོའི་ཕྱེད། །ཉིན་མོ་མཚན་མོ་ཡི་ནི་དུས། །དེ་དག་གི་ནི་ཟ་བའི་དུས། །ཁ་ཟས་བ་ལང་ཤ་དང་ཟས། །རྣམ་པ་སྣ་ཚོགས་རོ་ཡི་ནི། །བཏུང་བ་སྒོ་ང་ཁུ་བའོ། །དམར་པོ་དང་ནི་དཀར་པོའི་གོས། །ཉི་མ་ཟླ་བའི་འགྲོ་བ་བཞིན། །མཐོ་རིས་ལ་སོགས་ཀྱི་ནི་གནས། །མི་འཚེ་བ་དང་འཚེ་བའི་ཆོས། །བླ་མའི་ངེས་པའི་དབང་གིས་ནི། །རྡོ་རྗེའི་གདན་དང་སྲིན་པོའི་གདན། །འབྱུང་པོ་རྣམས་ཀྱིས་འདྲེས་པའི་ལས། །ཚིག་ཀྱང་འདྲེས་པར་འགྱུར་བ་དང་། །ཕྲ་མ་ལ་སོགས་འདྲེས་པ་དང་། །མི་འཚེ་བ་དང་འཚེ་བའི་ཆོས། །བླ་མའི་ངེས་པ་ཁོ་ན་ཡིས། །སྲོག་གཅོད་ལ་སོགས་ངེས་པའོ། །སྦྱོར་བ་ཉིད་ལ་འཇུག་པ་འམ། །བརྒྱ་ལ་ལྡོག་པ་ཉིད་དུ་འགྱུར། །བཟའ་དང་བཏུང་བ་ཡང་འདྲེས་དང་། །ཉི་མ་ཟླ་བ་འགྲོ་དབང་གིས། །འདྲེས་པའི་ལམ་ནི་གཞན་དུའོ། །ཉི་མ་སྣང་བ་ལ་མཆོད་འོས། །ཉིན་མོ་དཀར་མོ་ཉི་མ་དང་། །བྱང་དུ་འགྲོ་བ་ལོ་ཡི་ཕྱེད། །ཟླ་བའི་སྣང་བ་མཚན་མོ་དང་། །དཀར་མིན་པ་དང་ལྷར་འགྲོ་བ། འདི་ནི་དུ་བ་ཡི་ནི་ལམ། །མཆོད་འོས་མཐོ་རིས་ལྷ་རྣམས་ཀྱི། །དཀར་པོ་མིན་པ་དེ་བཞིན་དུ། །ཀླུ་ཡི་འཇིག་རྟེན་ལྷ་མི་རྣམས། །འདྲེས་པ་མཚམས་སུ་མི་འཇིག་རྟེན། །ཡི་དྭགས་བྱོལ་སོང་མི་རུ་འགྱུར། །གང་ཞིག་གང་གི་དབུས་སུ་

(༤༠༤)ཞུགས། །སྡུག་བསྔལ་ཞུགས་ཀྱི་ངེས་པ་ཡི། །ལས་ཀྱི་ཞགས་པས་ངེས་བཅིངས་པའི། །དེ་དབུས་རང་རང་དངོས་ཀྱིས་འབྱུང་། །དེ་ཡི་རིགས་ལ་དེ་ཞེན་པས། །ཇི་སྲིད་སེམས་ཀྱི་རང་བཞིན་ནོ། །རྣམ་པ་གསུམ་དུ་སྲིད་དབང་གིས། །ཚོར་བ་བདེ་དང་སྡུག་བསྔལ་ལོ། །དེ་སྲིད་འཁོར་བ་འཇིག་པ་ནི། །འདི་རུ་འཁོར་ལོ་མི་བདག་པོ། །མཐོ་རིས་མི་ཡུལ་ས་འོག་ཏུ། །ཀ་སྩོགས་སྡེ་དང་གུག་སྐྱེད་བཅས། །ཡང་ནི་ཡོན་ཏན་གྱིས་ནི་བསྒྲེས། །གཞན་ཡང་ཟླ་བ་ཕྱེད་དང་དབྱངས། །གསལ་བྱེད་རྣམས་ནི་སུམ་བཅུ་ཉིད། །རྣམ་པ་གསུམ་དུ་འགྲོ་དབང་གིས། །འཕོ་བ་དེ་ནི་འཆི་བ་འོ། །གཟའ་ལྔ་དང་ནི་སྤྱོད་པ་དང་། །ཉི་མ་ཟླ་བ་སྤྱོད་པ་དང་། སྒྲ་གཅན་ཏོག་ཆེ་ཡང་ངོ་། །སུམ་བཅུ་རྩ་གཉིས་ལོ་ཟླ་ཕྱེད། །ཡང་ནི་ཡོན་ཏན་བསྒྲེས་པ་རྣམས། །ཟླ་བ་ཉི་མ་མེ་ཡིས་ཕྱེ། །ལོ་གསུམ་གྱི་ནི་ཟླ་ཕྱེད་རྣམས། །ཡང་ནི་རི་བོང་ཅན་ཡོན་ཏན། །དུས་ཀྱི་མེ་ཡིས་ཟླ་ཕྱེད་གཉིས། །མ་ཚང་གྱུར་པའི་ལོ་བརྒྱ་ལ། །མཐུན་དང་མི་མཐུན་འགྲོ་བ་ཡིས། །ལྷག་མ་ཟླ་ཕྱེད་ཉི་མ་ཟླ། །འཇིག་རྟེན་མིག་མེ་མིག་གི་གྲངས། །ཉིན་མོ་དང་ནི་མཚན་མོའི་དུས། །བདག་གི་མ་ཚང་བ་མཐའ་དག །སྡེ་ཚན་གུག་སྐྱེད་ཉི་མ་ཟླ། །འགྲོ་བའི་དབང་གིས་གསལ་བྱེད་ལ། །རྩོགས་པ་ཟོས་ནས་འཆི་བར་འགྱུར། །འཁོར་ལོ་ཕྱེད་དང་གཉིས་ཆུ་ཚོད། །ཟླ་བའི་ཆ་དང་བྲལ་བ་དང་། །གཟའ་ཡི་ཆུ་ཚོད་བྲལ་བ་འོ། །ཤེས་རབ་ཐབས་ཀྱིས་རབ་དབྱེ་བས། །ཉིན་དང་མཚན་མོའི་དུས་སུ་ནི། །དེ་རྣམས་ཡང་ནི་ཟོས་ཏེ་འཆི། །དེ་ལྟར་

(༤༠༥)སྡེ་ཚན་གུག་སྐྱེད་བཅས། །དབྱངས་ཀྱི་ཚོགས་དང་ལྷན་ཅིག་པ། །གསལ་བྱེད་གཞན་ཉིད་རྒྱུ་བ་རྣམས། །གལ་ཏེ་དབུས་མའི་དུས་འཆི་ཉིད། །ཟླ་བ་ཉི་མའི་འཆི་བ་ལ། །གསལ་བྱེད་ཉིད་ནི་ལྷག་པའི་ལྷ། །མཚན་མོ་སུམ་བཅུ་གཉིས་གཅིག་ལ། །ཉི་མ་ཟླ་བའི་འགྲོ་བ་ལ། །རྩ་འདི་རྣམས་ནི་ཆད་པར་འགྱུར། །སླར་ལ་སུམ་བཅུ་གསུམ་ཚན་ལ། །རིགས་ལྡན་བཅས་པ་རྣམས་ནི་འདོར། །ཕུང་པོ་ཁམས་དང་སྐྱེ་མཆེད་སྩོགས། །རྩ་བ་ཉི་མའི་རྩ་ནི་འདོར། །སྲོག་གི་རླུང་ནི་ཉིན་ཅིག་ལ། །རྩེ་མོ་ཅན་ལ་འཇུག་པར་འགྱུར། །ས་དང་ཆུ་དང་མེ་དང་ནི། །རླུང་དང་ནམ་མཁའ་ཡི་ནི་ཁམས། །རྣམ་པར་ཆད་པ་ཁོ་ནའི་བར། །མ་ལུས་པ་ཡི་རྒྱལ་བའི་སྐུ། །སྔགས་པས་དངོས་གྲུབ་ཀྱི་ནི་རྒྱུད། །དང་པོ་ཡང་དག་བསྲུང་བར་བྱ། །ལུས་མེད་ན་ནི་དངོས་གྲུབ་མེད། །མཆོག་ཏུ་བདེ་བ་ཐོབ་པ་ཡི། །རྟག་པ་གང་དེ་ཡང་མེད་དོ། །དེ་ཕྱིར་ལུས་ཀྱི་དོན་ཆེད་དུ། །ཉི་མ་སོ་སོའི་དུས་སུ་ནི། །རྩ་ཡི་སྦྱོར་བ་བསྒོམས་པར་བྱ། །ལུས་ཀྱི་དངོས་གྲུབ་ལས་གཞན་པའི། །དངོས་གྲུབ་སྲིད་པ་གསུམ་གནས་སུ། །ཇི་བགྱི་བ་དང་འདྲེ་བར་འགྱུར། །སྟོང་པ་དུ་བ་ལ་སོགས་ལམ། །བླ་མའི་ངེས་པའི་དབང་གིས་ནི། །འཆི་བའི་བར་དུ་བསྒོམ་པར་བྱ། །དེ་ཕྱིར་རྩ་བའི་འཁོར་ལོ་ལ། །སྲོག་དང་འཐུར་དུ་སེལ་བའི་རླུང་། །བརྟན་པ་རུ་ནི་བྱ་བ་ཡིན། །ཕྱི་ནས་ཐིག་ལེ་འགོག་པ་ལ། །ཞེན་པ་ཁོ་ན་བྱེད་པ་ཡི། །བྱང་ཆུབ་སེམས་ཀྱི་རྣལ་འབྱོར་པ། །དེ་ཕྱིར་གང་ཅི་རུང་འདོད་པ།

(༤༠༦)ཉི་མ་ཅུང་ཟད་ཙམ་ལ་ནི། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཉི་མ་ཟླ་བ་འགོག་པ་ནི། །མཐུན་དང་མི་མཐུན་པ་བགྲོད་པར། །དབུ་མ་ལ་ནི་དུས་མེ་འཇུག །སྲོག་དང་ཐུར་སེལ་གཉིས་ཀ་ཡང་། །དང་པོའི་ཉི་མ་སོང་བ་ལ། །དུས་མིན་འཆི་བ་བསླུ་བར་འགྱུར། །སྲོག་གིས་དག་པར་བྱ་བ་ཉིད། །ལག་པ་རྐང་པར་བཅས་པ་དང་། །སོར་ཚིགས་སེན་མོའི་བར་དུའོ། །འཁོར་དྲུག་སངས་རྒྱས་ལྷ་མོ་རྣམས། །གཉིས་ཀའི་ཕྱག་ན་པདྨའོ། །རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། །ཐུར་སེལ་བསྐུམ་པར་འདོད་པ་ཡིས། །རླུང་གི་ནད་ནི་མ་ལུས་སེལ། །ལུས་ཀྱི་མཆོག་ཏུ་འགྱུར་བའོ། །སྲོག་རྩོལ་བད་ཀན་ལ་སྦྱར་ལ། །སླར་ལ་ཡང་ནི་དེ་དག་ནི། །བཏང་ན་མཁྲིས་པའི་ཉེས་པ་སེལ། །སྟེང་དང་འོག་ཏུ་དེ་འགོག་ན། །བདེ་བ་བྱེད་པ་རུ་ནི་འགྱུར། །འདུས་པ་ཡི་ནི་རིམ་ཀྱང་ངོ་། །ལྟེ་བའི་སྟེང་དུ་སྲོག་གི་རླུང་། །མ་ལུས་པ་ཡི་ནད་ནི་སེལ། །གཞན་ཡང་ལྟོ་བའི་རྩ་རུ་ནི། །ལམ་ནི་རྣམ་པ་གསུམ་སོང་བ། །ཐུར་དུ་སེལ་བའི་རླུང་ནི་བསྐུམ། །དེ་བཞིན་སྟེང་དང་སྲོག་ཀྱང་ངོ། །འདུས་པ་ལ་ནི་ཅི་སྲིད་མེ། །སྟོབས་དང་ལྡན་པ་རྒྱུ་ནི་འགྱུར། །ལུས་ཀུན་ལ་ནི་ཁྱབ་དང་ལྡན། །སྐྲ་དཀར་གཉེར་མ་འབྲུམ་ནད་དང་། །གཞན་ཡང་ལུས་ལ་ཡོད་པ་རྣམས། །ཟླ་བའི་སྦྱར་བས་ངེས་པར་སེལ། །དབུགས་རྩེགས་པ་དང་ཀློག་དང་ནི། །གཞན་ཡང་དུག་ནི་རྣམ་པ་གསུམ། །མིག་ནི་ནོད་ལ་སོགས་པ་ཡང་། །མཆན་ཁུང་གཡོན་དང་གཡས་པ་དང་།

(༤༠༧)ནུ་མ་ཡང་ནི་སྟོབས་ལྡན་པས། །བཙིར་ཞིང་སྲོག་ནི་རྔུབ་གཟུང་ན། །གཡས་དང་གཡོན་གྱི་རྩ་རུ་ནི། །ཐོག་མ་མེད་པར་རྒྱུ་བར་འགྱུར། །གཡོན་གྱི་མཆན་ཁུང་གཡོན་མིན་པ། །ཟླ་ཕྱེད་འཆི་ལྟས་ཀྱང་མེད་དོ། །རྣལ་འབྱོར་ལྡན་པའི་རྣལ་འབྱོར་པ། །འདི་ནི་འཆི་བ་སེལ་ཡང་འགྱུར། །རྐང་པ་རྡོ་རྗེ་གདན་གནས་པ། །ལག་པའི་པདྨས་གཟུང་བ་ཡིས། །རྒྱབ་ཀྱི་གཟིར་ནི་འཇིག་པར་འགྱུར། །སྟེང་དུ་རྐང་པ་མགོ་བགོ་བསྟན། །ལུས་ཀྱི་བད་ཀན་གྱི་ནི་ནད། །མ་ལུས་པ་ནི་སེལ་བར་འགྱུར། །དབུགས་ནི་རྔུབས་ཏེ་ཆུ་བཏང་བ། །ཉི་མ་ཅུང་ཟད་ཙམ་དུ་ནི། །ཆུ་སྲི་བ་ནི་ངེས་པར་སེལ། །ཐོ་རས་སྲིན་ལག་དག་གིས་ནི། །ཁ་ནི་ཆུ་དང་བྲལ་བ་ཡིས། །ས་ཡི་ཕྲེང་བ་བྱུག་པ་ནི། །མིག་དག་གི་ནི་སྨན་ཡིན་ནོ། །བྱིས་པ་ལས་སྐྱེས་བསྣུན་པས་ཀྱང་། །མིག་གི་ནད་ནི་སེལ་བར་འགྱུར། །གན་རྐྱལ་ཉལ་ལ་ལྟེ་བ་ནི། །ལག་པའི་པདྨ་ཡིས་བཟུང་ན། །མ་ཞུ་བ་ཡི་གཟེར་ངེས་སེལ། །འབྲས་ཀྱི་ནད་ནི་འབྱུང་བ་ལ། །མར་དང་ཚ་རུ་བཅས་པ་ཡིས། །བདུགས་ན་འཕེལ་བ་རློག་པར་བྱེད། །ཨརྒའི་འོ་མ་བྱུགས་པས་ཀྱང་། །རྒྱ་ལ་སོ་ནི་སྲིན་བུ་ཡིས། །གསེར་དང་བཅས་པར་འགྱུར་བ་ཡིས། །སྦུ་གུ་ལ་སོགས་བྱུགས་པ་ཡིས། །སྟག་མོའི་ས་བོན་ངུ་བ་ཡིས། །སོ་ཡི་སྲིན་ལ་སོགས་པ་སེལ། །ཤེས་རབ་སྦྱོར་བས་རང་གི་སེམས། །རྟག་ཏུ་འཁྲུག་པ་མེད་པ་དང་། །སྲོག་ན་རླུང་གིས་འགོག་

(༤༠༨)པ་ཡིས། །ལོ་ཡི་ཕྱེད་ན་འགོག་པ་ཡིས། །མཆོག་གི་ལུས་ལ་སེལ་བར་བྱེད། །སྔགས་པ་རྣམས་ཀྱིས་གཞན་ཅི་སྨོས། །ལོ་ནི་བདུན་བཅུའི་སྐྲ་དཀར་དང་། །གཉེར་མར་བཅས་པ་འཕྲོག་བྱེད་དོ། །ལོ་གཉིས་བར་དུ་རྫོགས་པ་ན། །དེ་རྗེས་ཕྱག་རྒྱའི་དངོས་གྲུབ་ནི། །ཉི་མ་ཅུང་ཟད་གྱིས་འགྱུར་ཏེ། །ལམ་དང་སེམས་ནི་རབ་ཏུ་བསྒྲེས། །སྲོག་དང་རྩོལ་བ་རབ་ཏུ་བྱ། །སྙིང་ག་སྤྱི་བོ་དེ་བཞིན་དུ། །ཇི་སྲིད་མི་ཡི་ནད་གྱུར་པ། །དེ་ལས་ལྷག་པར་རྒྱལ་བར་འགྱུར། །པདྨ་བཟང་པོར་མ་མནན་པའི། །དབང་གིས་གཙུག་ཏོར་ཕྱེ་བའི་ཕྱིར། །འཆི་བ་རུ་ནི་འགྱུར་བ་ཡིན། །ཕུང་པོ་ཁམས་ནི་སྤངས་པ་ཡིས། །ཕྱག་རྒྱ་སྦྱོར་བ་རྣམ་པར་ཉམས། །སྐྱེས་བུའི་སྐྱེ་བ་འདི་ཉིད་ལ། །ཡང་དག་བདེ་བ་སྟེར་བ་མེད། །ཕྱག་རྒྱ་བསྒོམ་པའི་དོན་གསུངས་ཏེ། །ཉིན་དང་མཚན་མོའི་དོན་གསུངས་ཏེ། །འདོད་ཆགས་ཟད་དོན་ཉིད་དུ་མིན། །གསུང་གི་རྡོ་རྗེ་མྱང་དོན་དུ། །མོས་པར་བྱ་བ་ཁོ་ན་མིན། །སྔགས་པ་རྣམས་ལ་གསུངས་པ་ཉིད། །ཉི་མ་སོ་སོའི་དུས་སུ་ནི། །ཟས་ཀུན་བདེ་བའི་དོན་དུ་སྟེ། །མི་འཇུའི་རྒྱུ་རུ་གསུངས་པ་མིན། །དཔལ་གྱི་ལོངས་སྤྱོད་དངོས་གྲུབ་རྒྱུར། །རེ་བསྲེགས་གནས་སུ་མཚན་མོ་ནི། །འགྲོ་བ་རྩེ་བའི་དོན་དུ་མིན། །མི་སྐྲོད་ཅུང་ཟད་དྲོ་བར་གཟུང་། །ཁ་ཡི་ནད་ནི་ཞི་བར་འགྱུར། །སོ་ཡི་གཟེར་བ་ཉིད་ཀྱང་ངོ། །ཐོ་རངས་མི་སྐྱོད་སྣར་བླུགས་ན། །མགོ་ཡི་ནད་ནི་སེལ་བར་འགྱུར། །སྣ་རུ་ཆུ་བླུགས་དེ་བཞིན་ནོ། །

(༤༠༩)རྣ་བ་མིག་ཏུ་དྲི་ཡི་ཆུས། །རོ་དང་གྲངས་པ་བླུགས་པ་ཡིས། །གཉིས་ཀའི་ནད་ནི་སེལ་བར་འགྱུར། །འབྱུང་པོས་ཟིན་ལ་མི་སྐྱོད་པ། །སྣ་རུ་ཚ་བ་གསུམ་ལྷན་ཅིག །བདེ་སྟེར་དེ་བཞིན་ཟིན་པ་ལ། །བཤང་དང་གཅི་བ་ཁུ་དང་ཁྲག །མི་ཡི་རྐང་དང་ལྷན་ཅིག་པ། །ཟོས་ན་ཚེ་ནི་སྟེར་བར་འགྱུར། །བསམ་གཏན་ལྡན་པ་ལོ་ཏོག་སྣང་། །ཡན་ལག་ལས་སྐྱེས་སྐྲ་དཀར་དང་། །གཉེར་མར་བཅས་པ་སེལ་བར་བྱེད། །མར་མེ་ལྔ་ནི་ཟོས་པ་ཡིས། །ནད་ནི་མཐའ་དག་སེལ་བྱེད་དོ། །སྦྲང་རྩི་དང་ནི་སྐྱུགས་པ་བསྲེ། །བུད་མེད་ལོ་ཏོག་ཁུ་བ་བསྲེ། །ལོ་གཅིག་ཏུ་ནི་ཟོས་པ་ཡིས། །ནད་ནི་སེལ་བར་བྱེད་པ་ཡིན། །ལན་ཚ་སྐྱུར་མོས་རླུང་འཇོམས་ཤིང་། །མངར་བ་དང་ནི་སྐ་བ་ནི། །མཁྲིས་པའི་དགྲ་རུ་རབ་ཏུ་འགྱུར། །ཁ་བས་བད་ཀན་ཐམས་ཅད་འཇོམས། །དེ་བཞིན་དུ་ནི་ཚ་བ་སྟེ། །སྨན་ནམ་དེ་ཡི་ཁུ་བ་རུ། །ར་ཡི་འོ་མས་བད་ཀན་འཇོམས། །ཚ་བ་གསུམ་དང་ལྷན་ཅིག་པས། །མ་ཧེའི་འོ་མ་མཁྲིས་པ་ཡིས། །རྔ་མོའི་འོ་མས་རླུང་ནི་འཇོམས། །བ་ཡི་འོ་མ་མར་ཉིད་ནི། །ནད་ནི་རྣམ་པ་གསུམ་སེལ་ལོ། །ཛ་ཏི་ཀོལ་བའི་ཆུ་དྲོན་མོས། །ཁ་ཡི་ནད་ནི་ཞི་བ་དང་། །སོ་ཡི་ནད་ཀྱང་དེ་བཞིན་ནོ། །ཏིལ་ཡང་ར་གཅིན་བསྐོལ་བ་ལ། །ཚ་བ་གསུམ་དང་ལན་ཚ་ཡིས། །རྣ་བའི་ནད་ནི་སེལ་བར་བྱེད། །མར་དང་འོ་མ་གེ་སར་དམར། །བཀོལ་བ་ཡིས་ནི་རྟག་ཏུ་ཡང་། །སྣ་ཡི་ནད་ནི་སེལ་བར་འགྱུར། །ཀླུ་ཡི་མཇུག་མ་དབང་པོ་དང་། །བོང་

(༤༡༠)བུའི་ཆུར་བཅས་ཀྱིས་སེལ་ཏེ། །འབྲས་ཀྱི་ཚོགས་ལ་བྱུག་པར་བྱ། །ལག་པ་གཉིས་ནི་དཔྱངས་བྱ་སྟེ། །རྐང་པའི་པདྨ་མཉམ་པོར་བཤིབ། །སྲོག་གི་ལུས་ནི་དག་པར་བྱ། །ཇི་སྲིད་དུ་ནི་ས་ལ་ལུས། །ལྟུང་བ་རུ་ནི་མི་འགྱུར་བར། །ནད་ནི་གཏོང་བར་མི་འགྱུར་རོ། །ཡང་དང་ཡང་ནི་ཏིང་འཛིན་གནས། །འཆི་བ་ཡི་ནི་འཇིག་བྱེད་པ། །ཚོར་བ་ལྟ་བུ་ཉིད་ནི་བཞོམ། །སྙིང་གི་པདྨའི་ཟླ་སྟེངས་སུ། །དྲི་མ་མེད་པ་ཟླ་བ་ལྟ་བུའི། །སྣ་ཚོགས་ཡུམ་ནི་བསྒོམ་པ་ཡིན། །སྲན་ཆུང་བཏགས་པ་བཀོལ་བ་ཡིས། །མི་རྣམས་ཚ་བ་སྐྱེས་པ་ཡི། །ཚ་བ་ལྟ་བུ་འཇོམས་པར་བྱེད། །ཚ་བའི་མཐར་ནི་ཐོབ་པ་ལ། །མི་སྐྱོད་བླུག་ནས་གཉེས་པ་ཡིས། །འཇིགས་པར་བྱེད་པ་ཡང་སེལ་ལོ། །སྔགས་ཀྱི་དང་པོ་རུ་ནི་ཨོཾ། །ཆུ་དང་རྩེ་མོ་ཅན་དུ་རླུང་། །བཛྲ་སྔོན་དུ་འགྲོ་བའི་མིང་། །བསྲུང་བ་ཡང་དེ་ཉིད་ཀྱིས་བྱ། །སྤྱི་བོ་མགྲིན་པ་སྙིང་ག་དང་། །ལྟེ་བ་གསང་བ་ལ་སོགས་སུ། །སྐྱུ་རུ་ར་ཡི་ཕྱེ་མ་མཚུངས། །རྟ་བྱང་གཞན་ཡང་དེ་བཞིན་དུ། །རིན་ཏི་རི་ཡི་འདབ་ཕྱེ་མ། །ཆུ་བླུགས་ཟླ་བ་ཉི་མར་བརྟག། དྲི་མ་དང་ནི་བྲལ་བ་ཉིད། །བཞི་ཆ་ལུས་ཀྱི་བར་དུ་བཀོལ། །བཀོལ་ལ་ཁ་ར་ཕྱེ་མ་བསྲེ། །ཡང་ནི་ཉི་མ་གཞན་མ་ནས། །འདི་དག་མཚན་མོ་གསུམ་དུ་འདུ། །སོས་ཀའི་ཉི་མས་རབ་གདུངས་པ། །འཆི་བ་སྟེར་བ་སེལ་བར་བྱེད། །ཁམས་ནི་བདུན་དུ་སོང་བ་ཡང་། །གསེར་དང་ཉི་མ་འོད་ཀྱི་ལྕགས། །རབ་རིབ་སྐྱེས་པ་དང་ནི་ལྕགས། །བཙག་ནི་

(༤༡༡)བསྲེས་ལ་སྦུད་པར་བྱ། །ས་བོན་ཕྱེད་ཀྱི་གོང་བུ་ཡང་། །དྲི་མ་དང་བྲལ་དངུལ་ཆུ་དང་། །སྲང་ནི་དྲུག་དང་བྱས་པ་ཡིན། །མེ་ནི་དྲག་པོ་ཁོ་ན་ཡིས། །བ་ཡི་དར་བ་བསད་བྱ་སྟེ། །དངས་མ་ཡང་ནི་བླང་བ་ཉིད། །དཔལ་གྱི་གོང་བུ་ཁབ་ལེན་འདབ། །སླར་ལ་ཡང་ནི་བཀོལ་བྱ་སྟེ། །ཅི་སྲིད་ཕྱེད་ཀྱི་ཚད་དུའོ། །བཏུས་པ་དག་པའི་དུམ་བུ་ནི། །སྲང་བརྒྱད་ལ་ནི་ན་ལེ་ཤམ། །དེ་རུ་གཞུག་པར་བྱ་བ་ཡིན། །དེ་ནི་ཐམས་ཅད་དུས་སུ་བཟའ། །བཟའ་དང་བཏུང་བ་རྣམ་པར་སྤང་། །སོ་རྩིའི་རྩིགས་མ་ཁོ་ནའི་བར། །ཟླ་བ་དྲུག་ན་ལྷ་ཡི་ལུས། །སྐྲ་དཀར་གཉེར་མ་དང་བྲལ་བར། །རྣལ་འབྱོར་ལྡན་པ་སྐྱེ་བར་འགྱུར། །དེ་ཕྱིར་བཟའ་བ་དེ་ཉིད་ནི། །ཉི་མ་སོ་སོའི་དུས་སུ་ནི། །འོན་ཀྱང་གོང་དང་བྲལ་བ་འོ། །སྔོན་གསུངས་ས་བོན་རྒྱལ་པོ་དང་། །མཉམ་པ་ཡི་ནི་དངུལ་ཆུ་དང་། །ཕྱེད་ཀྱི་ཚད་ཙམ་གཟག་པ་ལ། །ཚ་ལོ་སྐྱུར་མོས་མཉེས་ནས་ནི། །རྣམ་པ་སྣ་ཚོགས་མང་པོའི་སྨན། །ཅི་སྲིད་དུ་ནི་གཅིག་གི་བར། །མཁྲིས་པ་སྐྱུར་དང་མུ་ཐི་སྩོགས། །ད་ར་ད་དང་བྲག་སྐྱེས་ནི། །དངུལ་ཆུ་དང་མཉམ་གཉེ་བར་བྱ། །དེ་ཡིས་དངུལ་གྱི་འདབ་བྱུགས་པ། །ཕྱེད་འདྲེས་པ་ནི་ཚོས་པ་ཡིས། །དེ་ནི་གསེར་དུ་འགྱུར་བ་ཡིན། །རྣོན་པོ་ཁ་ལས་སྐྱེས་པ་དང་། །བུལ་ཏོག་དང་ནི་ལན་ཚྭ་དང་། །ནལ་ཐལ་པ་རྫ་རིམ་པ་བཞིན། །འཕེལ་བའི་ཉིས་འགྱུར་ཉི་མ་དང་། །རོ་མཉམ་

(༤༡༢)པར་ནི་བྱ་བའི་ཕྱིར། །ཉི་མ་ལུས་ཀྱི་བར་དུ་སྦུད། །སླར་ལ་ཚེ་ལེས་དག་པ་ནི། །དེ་བཞིན་དུ་ནི་འཇམ་པོར་འགྱུར། །བ་ཡི་རང་བཞིན་སྩོགས་ཀྱིས་བྲན། །རྡུལ་གྱི་སུམ་ཆ་ཟིན་པ་ནི། །བསྣུན་པ་ཡང་ནི་དགང་བ་ཉིད། །དག་པའི་མེ་ཏོག་ཁོ་ན་འོ། །ཨེ་ལ་ག་བུར་ཕྲེང་བ་དང་། །འདབ་མ་ཐུག་པོའི་འབྲས་བུ་ཅན། །བྱ་རོག་དང་ནི་རི་ལས་སྐྱེས། །ཀ་ཀོ་ལ་དང་སེང་གེའི་ཆུ། །ཨུཏྤལ་འབྲས་བུ་རི་དྭགས་སྐྱེས། །ཁྲག་དང་དཻ་ཏྱ་སུ་ཏི་དང་། །གླུ་དང་བསིལ་དང་འཆི་བ་དང་། །འདབ་མ་སྲང་དང་ཆུ་ལྕུག་མ། །ནམ་མཁའ་ཡོན་པོ་འདི་དག་གི། །རྫས་ལྔ་རྣམས་ཀྱིས་དྲི་རུ་བྱ། །རི་དྭགས་རི་བོང་ཅན་གྱིས་བདུག །མེ་ཏོག་ལ་སོགས་པ་ཡིས་བདུག །མིག་དང་ཟླ་མེ་རྒྱ་མཚོ་མདའ། །ཡོན་ཏན་ཆུ་ཡི་གཏེར་དང་མདའ། །ལག་པ་ཟ་བ་མདའ་དང་མིག །ཟླ་མེ་རྒྱ་མཚོ་ཟླ་བ་དུས། །དུས་མདའ་མིག་དང་རྒྱ་མཚོ་དང་། །ཟླ་མིག་ཟླ་བ་འཇིག་རྟེན་ནི། །ཨེ་ལ་སོགས་པ་ཆ་ཡི་གྲངས། །རེའུ་མིག་རྣམ་པ་ལྔ་ལྔ་ལ། །རིམ་པ་ཡོངས་སུ་བཀོད་པ་ཡིས། །རྫས་རྣམས་ཀྱིས་ནི་དྲི་རུ་འགྱུར། །དྲི་སྨན་གནས་སུ་ཡོང་བ་ཡིས། །དག་པའི་ཆ་ཡིས་ཉི་མར་བཤད། །ཛཱ་ཏི་ལ་སོགས་ཨེ་ལས་ལྕུགས་མ་དང་། །འདབ་མའི་བུམ་པའི་གནས་སུ་ནི། །དགོད་པ་ཡི་ནི་རིམ་པ་བཞིན། །རྒྱ་སྐྱེགས་པ་རྫ་འོ་མ་དང་། །གཞན་ཡང་ནམ་མཁའ་དཀར་པོ་ནི། །སྤོས་ཀྱི་བྱ་བ་ལ་སྤོས་སུ། །བྱ་སྟེ་ག་བུར་དུམ་བུ་དང་། །

(༤༡༣)སྐུ་གསུམ་ཁུ་བ་དང་ལྡན་པ། །སེམས་ཅན་སྐོགས་མའི་ཆ་ཡིས་སོ། །དྲི་ཡི་ཆུ་དང་བརྟག་པ་ནི། །གཞན་ཡང་སྦྲང་རྩི་བྲལ་བ་ཉིད། །སྤོས་ཀྱི་རེང་བུར་རབ་ཏུ་བྱ། །ལྟེ་བ་ལ་སོགས་སེང་གེའི་ཆུ། །རི་བོང་ཅན་དང་འགྲོ་གནས་སུ། །བཀོད་པ་ཁྲུས་ཀྱི་སྦྱོར་བ་འོ། །དུས་འཁོར་དང་ནི་གདན་བཞི་སྟེ། །རྡོ་རྗེ་མཁའ་འགྲོ་སམ་བྷུ་ཊ། །མ་རྒྱུད་ཀུན་གྱི་སྒྲ་དོན་རྣམས། །སྙན་རྒྱུད་མར་གྱི་སྙིང་པོ་ལྟར། །གཅིག་ཏུ་བསྡུས་ནས་གསལ་བར་མཛད། །གསང་འདུས་རྒྱུད་ཀྱི་ཁྱད་འཕགས་ལུང་། །རྡོ་རྗེའི་ཚིག་ཕྲལ་ལྕགས་ཀྱི་སྲན་མ་དེ། །མན་ངག་ཀུན་གྱི་གཏེར་མཛོད་ཡིན། །རྒྱུད་སྡེ་ཀུན་ན་བཞུགས་ལགས་ཀྱང་། །འདི་ཡི་སྒྲ་དོན་ཤེས་པ་དཀའ། །བཀའ་བཞི་རྒྱུད་པས་བྱིན་བརླབས་ཤིང་། །འཁོར་ལོ་བདེ་མཆོག་ཏཻ་ལོ་པ། །དཀའ་སྤྱད་བཅུ་གཉིས་མཐར་ཕྱིན་ནས། །ཏཻ་ལོའི་བྱིན་བརླབས་འཁོར་ལོ་ཚོགས་ཆེན་པ། །ནོན་མཛད་དྲུག་པ་རྡོ་རྗེ་འཆང་། །པཎ་ཆེན་ནཱ་རོ་མ་ལགས་སམ། །རྣལ་འབྱོར་ཆེན་པོ་གསར་མ་ཡི། །བཅུད་ཕྱུང་ལྷན་སྐྱེས་ཡེ་ཤེས་ནི། །ཐབས་དང་ཤེས་རབ་དབྱེར་མེད་ལ། །སྐལ་ལྡན་སྨིན་གྲོལ་མཛད་པའི་ཕྱིར། །ཟབ་མོ་སྔགས་ཀྱི་གདམ་ངག་རྣམས། །ལྷན་སྐྱེས་ཡེ་ཤེས་རྣལ་འབྱོར་པས། །རླུང་སེམས་གཉིས་ཀྱི་དཀྱིལ་འཁོར་དུ། །སྲོག་རྩོལ་རླུང་གི་མན་ངག་གིས། །སྐུ་གསུམ་ལྷུན་གྱིས་གྲུབ་པ་ཡི། །རྡོ་རྗེ་འཆང་ཆེན་རང་ལ་རྫོགས། ཨེ་མ་ངོ་མཚར་མི་ཆའམ། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། །ཆོས་སྐུའི་བསྟན་པ་རྣལ་འབྱོར་ཆེན་པོ་གསར་

(༤༡༤)མའི་ཐབས་དང་ཤེས་རབ་དབྱེར་མེད་པའི་རྒྱུད་སྡེ་རྣམས་ཀྱི་སྤྱི་ལུང་རྡོ་རྗེ་ཚིག་ཕྲལ། །བཀའ་དང་རྒྱུད་པ་པོར་བསྟན་པའི་བར་སྐབས་ལགས་སོ། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། །ཁྱད་པར་དུ་རྣལ་འབྱོར་ཆེན་པོའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། །ཕ་རྒྱུད་མ་རྒྱུད་གཉིས་ལས་རྒྱུད་སྡེ་བོད་ལ་འགྱུར་བ་གྲངས་ཅན་དང་། །བོད་ལ་མ་འགྱུར་ཞིང་རྒྱ་གར་དང་འོག་མིན་དང་མཁའ་འགྲོའི་གནས་ན་བཞུགས་པ་ལ་གྲངས་མེད་པ་སྟེ། །ཕྱིར་རྒྱུད་སྡེ་རྣམས་ལ་ཡང་རྒྱུད་བཤའ་མ་དབུ་ཞབས་སུ་ཕུན་སུམ་ཚོགས་པ་ལྔ་ཚང་ཞིང་། །རྒྱུད་དང་རྒྱུད་ཀྱི་འབྲེལ་པ་དང་། རྒྱུད་ཀྱི་ཕྱི་མ་དང་། ཡན་ལག་གི་རྒྱུད་ཐམས་ཅད་རྫོགས་ཤིང་ཚང་ཏེ། རྩ་རྒྱུད་ལས་བཤད་རྒྱུད་ཡན་ལག་ཚང་བ་རྣམས་ནི་རྒྱུད་ཅེས་བྱ་བ་ཡིན། རྩ་རྒྱུད་མེད་པའི་བཤད་རྒྱུད་རྣམས་ནི་ཁ་འཐོར་བའི་རྒྱུད་ཅེས་ཀྱང་བྱ། དེའི་ཕྱིར་ན། ཕྱུང་བའི་རྒྱུད་དང་བཏུས་པའི་རྒྱུད་གཉིས་ལས། ཕྱུང་བའི་རྒྱུད་ཅེས་བྱ་བ་ནི། རྒྱུད་སྡེ་རྣམས་ཀྱི་ནང་ནས། ལེའུ་གོང་མ་དང་འོག་མ་དུམ་བུར་ཕྱུང་པའི་རྒྱུད་ཀྱང་བོད་ལ་འགྱུར་བ་མང་དུ་བཞུགས་པ་ཡིན། །བཏུས་པའི་རྒྱུད་ཅེས་བྱ་བ། རྒྱུད་སྡེ་གཞུང་ཆེན་མོ་རྣམས་ཀྱི་ནང་ནས། །ལུང་ཁྱད་པར་དུ་འཕགས་པ་སྣ་ཚོགས་བཏུས་ནས། ལུང་གི་སྒྲ་དོན་མང་པོ་གཏན་ལ་འབེབས་པ་སྟེ། ལུང་ཞེས་བྱ་བའི་དོན་དེ་ཡིན། དེའི་ཕྱིར་ན། མདོ་previous hit དགོངས next hit་འདུས་པ་ཡང་ལུང་བཅུ་གཉིས་པ་སྟེ། དེ་ལས་འཕྲོས་པ་སུམ་བཅུ་རྩ་དྲུག་གིས་གཏན་ལ་འབེབས་པ་སྟེ། བཏུས་པའི་རྒྱུད་དུ་བཞེད་པ་ཡང་ཡོད། དཔལ་དུས་ཀྱི་

(༤༡༥)འཁོར་ལོའི་དབང་དུ་བྱས་ན། ཐོག་མའི་སངས་རྒྱས་ཀྱི་ལུང་ལས་བཏུས་ནས་གསུངས་པའི་ཕྱིར་ན། བཏུས་པའི་རྒྱུད་ལུང་ཨ་ནུ་ཡོ་གར་གཏོགས་པར་འདོད་པ་ཡང་ཡོད། དང་པོའི་སངས་རྒྱས་ཀྱི་གཞུང་གསུངས་པའི་ཕྱིར་ན། གསང་སྔགས་སྙིང་པོའི་རྣལ་འབྱོར་ཆེན་པོར་བཞེད་པ་ཡང་ཡོད། དེ་ཅིའི་ཕྱིར་ན་ཞེ་ན། དང་པོའི་སངས་རྒྱས་ཞེས་བྱ་བ་ཡང་གཉིས་ཡིན་ཏེ། ཐོག་མ་མེད་པའི་དུས་སུ་དཔལ་ཀུན་ཏུ་བཟང་པོ་ཡིས་སེམས་དངོས་པོ་གཤིས་ཀྱི་གནས་ལུགས་གཤིས་ལྔ་ལྡན་དུ་གནས་པ་སྟེ། ངོ་བོ་མཚན་ཉིད་རང་བཞིན་ཕྱོགས་མེད་དུ་རྟོགས་ཤིང་ཀུན་ཏུ་བཟང་པོར་སངས་རྒྱས་པ་དེ་སངས་རྒྱས་ཀུན་གྱི་ཐོག་མ་སྟེ། སངས་རྒྱས་ཐམས་ཅད་ལ་འདི་བས་སྔ་བས་མེད་པའི་ཕྱིར་ན། དང་པོའི་སངས་རྒྱས་བྱ་བའི་དོན་ཡང་དེ་ལ་previous hit དགོངས next hit་ཡིན། ཡང་ན་དང་པོའི་སངས་རྒྱས་ཤེས་བྱ་བ་ནི། སེམས་ཅན་ཐམས་ཅད་ཤི་ནས་བར་དོ་དང་པོའི་དུས་སུ་སེམས་ཉིད་ཀྱི་གཤིས་རང་གནས་སུ་སྐད་ཅིག་མ་ཉི་ཤུ་གཅིག་གམ། དེ་ལ་སོགས་པར་རང་གནས་སུ་རང་ཉིད་ཕྱིན་ནས། །བར་དོ་འོད་གསལ་དང་པོ་ཞེས་གསུང་བ་ཡང་དང་པོའི་སངས་རྒྱས་ཤེས་བྱ་བ་འདིར་ཡང་previous hit དགོངས next hit་ཡིན། དེའི་ཕྱིར་ན་རང་གིས་རང་ངོ་མ་ཤེས་ཤིང་མ་རིག་པའི་དབང་གིས་འཁོར་བའི་སྐྱེས་གནས་སྣ་ཚོགས་པར་ལས་དགེ་སྡིག་གི་དབང་གིས་འཇུག་ཅིང་། ལུས་སྣ་ཚོགས་ལེན་པར་བཞེད་པ་སྟེ། དེ་ཡང་ཁྱད་པར་དུ་དཔལ་དུས་ཀྱི་འཁོར་ལོ་ཡིས། ཛམ་བུ་གླིང་པའི་མི་རྣམས་ཕ་དང་མའི་རྒྱུ་རྐྱེན་གྱིས་གང་དང་གང་དུ་ལས་མཐུན་པའི་རིགས་སུ་

(༤༡༦)མངལ་དུ་འཇུག་ཅིང་། མངལ་སྐྱེས་ཀྱི་རྟེན་འབྲེལ་རླུང་སེམས་ཕྱི་དང་ནང་དང་གསང་བའི་དུས་ཀྱི་འཁོར་ལོའི་ལུགས་སྟོན་པ་སྟེ། མི་གང་དང་གང་ཡིན་ན་ཡང་དཔལ་དུས་ཀྱི་འཁོར་ལོ་གསང་སྔགས་རྡོ་རྗེ་ཐེག་པ་ཡིས། སྐྱེ་བ་སྤྲུལ་པའི་སྐུའི་དུས་ཀྱི་འཁོར་ལོ་སྟོན་པ་དང་གནས་པ་ལོངས་སྤྱོད་རྫོགས་པའི་སྐུ་དུས་དང་དུས་ཀྱི་འཁོར་ལོ་གཏན་ལ་འབེབས་པ་དང་། འཆི་བ་འོད་གསལ་ཆོས་སྐུའི་བརྡ་སྟོན་པར་བཞེད་པ་སྟེ། ཁམས་གསུམ་ཕྱི་སྣོད་ནང་བཅུད་དང་བཅས་པ་དང་། ཁྱད་པར་དུ་གླིང་བཞི་རི་རབ་དང་བཅས་པ་ཛམ་བུ་གླིང་པའི་མི་རྣམས་ལ་སོགས་ཏེ། འཕོ་བ་དང་འགྱུར་བ་དང་ཕྱི་སྣོད་ནང་བཅུད་ཀྱི་རྒྱུ་བ་དང་ལྡོག་པ་ཅི་ལྟར་དུ་སྣང་ན་ཡང་། སྐུ་གསུམ་དུ་ངོ་སྤྲོད་ཅིང་གཏན་ལ་འབེབས་པའོ། །དེའི་ཕྱིར་ན། དཔལ་དུས་ཀྱི་འཁོར་ལོ་ཞེས་བྱ་བ། འདི་ཡང་རྒྱ་ཆེ་བ་གྲངས་མང་བ་མཐའ་ཡས་པ་བསམ་གྱིས་མི་ཁྱབ་པ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་དུས་ཀྱི་འཁོར་ལོར་མ་འདུས་པ་གང་ཡང་མེད། ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའ་ལྟ་བ་ལོག་པ་སུམ་བརྒྱ་དྲུག་བཅུ་ལ་སོགས་པ་ཡང་། དཔལ་དུས་ཀྱི་འཁོར་ལོར་མ་འདུས་པ་དང་མ་རྫོགས་པ་གང་ཡང་མེད་པ་སྟེ། རང་ཅག་བོད་ལ་འགྱུར་བའི་དུས་ཀྱི་འཁོར་ལོ་ཚག་བར་བདུན་མ་དང་། ཚག་བར་བཅུ་བདུན་པ་སྟེ། རྒྱུད་འདི་གཉིས་ཀྱང་འཕགས་པ་འཇམ་དཔལ་གྱིས། དང་པོའི་སངས་རྒྱས་གཉིས་ཀྱི་གཞུང་ལུགས་ལས་བཏུས་པ་སྟེ། རྒྱ་མཚོའི་ནང་ནས་ཆུ་ཐིགས་པ་གཅིག་ཙམ་བླངས་པ་ལྟ་བུའོ། །

(༤༡༧)དེའི་ཕྱིར་ན། དུས་ཀྱི་འཁོར་ལོ་ཡིས་ཁམས་གསུམ་པའི་སེམས་ཅན་རྣམས་སྐྱེ་བའི་རྒྱུད་ཀྱང་སྟོན། ཕྱི་རོལ་མུ་སྟེགས་ཀྱི་སྲིད་པ་གཙུག་ལག་ཀྱང་སྟོན། ནང་པ་སངས་རྒྱས་ཀྱི་སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ་ལས་རྟེན་འབྲེལ་བཅུ་གཉིས་ཀྱི་དུས་ཀྱི་འཁོར་ལོ་ཡང་སྟོན། ལོངས་སྐུའི་བསྟན་པ་ཀྲྀ་ཡོག་གསུམ་གྱི་དོན་དང་ཕྲིན་ལས་ཕྱི་ནང་གི་འཁྲུལ་འཁོར་སྣ་ཚོགས་པ་དང་རྫས་རིལ་བུ་དང་། མིག་སྨན་རྐང་མགྱོགས་དང་རལ་གྲི་ལ་སོགས་པ་ལོ་སྐོར་བཅུ་གཉིས་མཁའ་འགྲོ་བཅུ་གཉིས་སུ་གཏན་ལ་འབེབས་ཤིང་། དེའི་ཐུན་མོང་གི་དངོས་གྲུབ་ལུགས་སྣ་ཚོགས་པའི་དུས་ཀྱི་འཁོར་ལོ་སྟོན་པའོ། །དེ་རྣམས་ནི་ཀུན་དང་མཐུན་པའི་ཞོར་ལས་བྱུང་བའི་དུས་ཀྱི་འཁོར་ལོར་བཞེད་པའོ། །ཁྱད་པར་གྱི་ཁྱད་པར་རྣལ་འབྱོར་ཆེན་པོ་རྒྱུད་སྡེ་ཀུན་གྱི་previous hit དགོངས next hit། ཁྱད་པར་དུ་ཐབས་དང་ཤེས་རབ་སོ་སོའི་རྒྱུད་སྡེ་དང་། ཐབས་དང་ཤེས་རབ་དབྱེར་མེད་པའི་རྒྱུད་སྡེ་ཐམས་ཅད་ཀྱི་བཅུད་བསྡུས་པ། ལུས་རྡོ་རྗེ་རིགས་ཀྱི་གནས་ལུགས་དང་། རྩ་རྡོ་རྗེ་རིགས་ཀྱི་གནས་ལུགས་དང་། སེམས་རྡོ་རྗེ་རིགས་ཀྱི་གནས་ལུགས་དང་། བྱང་ཆུབ་ཀྱི་སེམས་རྡོ་རྗེ་རིགས་ཀྱི་གནས་ལུགས་དང་། རླུང་རྡོ་རྗེ་རིགས་ཀྱི་གནས་ལུགས་དང་། ཨཱ་ལི་ཀཱ་ལི་རང་བཞིན་མཚན་ཉིད་ཀྱི་གསུང་རྡོ་རྗེ་རིགས་ཀྱི་གནས་ལུགས། སྤྱིར་སེམས་ཅན་ཐམས་ཅད་དང་ཁྱད་པར་ཛམ་བུ་གླིང་པའི་མི་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་གདོད་མ་ནས་གནས་པར་བཞེད་པ་སྟེ། དེ་ལ་ཕྱག་རྒྱ་ཆེན་པོ། ལྷན་ཅིག་སྐྱེས་པའི་རྒྱུད་ཀྱི་ལུང་ལས། དེར་རྟོགས་པས་

(༤༡༨)ནི་དེར་མི་འཇུག །དེ་མ་རྟོགས་པས་དེར་འཇུག་གོ། །ཞེས་གསུངས་པའི་ཕྱིར་ན། །དེ་རྟོགས་པས་ནི་ཞེས་བྱ་བའི་དོན་ནི། །དངོས་པོ་གཤིས་ཀྱི་གནས་ལུགས་རྟོགས་ཤིང་གོམས་འདྲིས་མཐར་ཕྱིན་ན། སེམས་ཅན་རྣམས་ཀྱི་མངལ་ན་འཇུག་པའི་དོན་མེད། དེ་མ་རྟོགས་པ་དེར་འཇུག་གོ། །ཞེས་བྱ་བའི་དོན་ནི། དངོས་པོ་གཤིས་ཀྱི་གནས་ལུགས་མ་རྟོགས་ཤིང་། ལྷན་ཅིག་སྐྱེས་པའི་མ་རིག་པས་སྒྲིབས་ནས། རྣམ་པར་རྟོག་པ་བརྒྱད་ཁྲི་བཞི་སྟོང་གསུངས་ཀྱང་། མདོར་བསྡུས་ན་གཉིས་ཡིན་ཏེ། བཟང་རྟོག་སྣ་ཚོགས་པ་ཡིས་མཐོ་རིས་གནས་གསུམ་གྱི་མངལ་ན་འཇུག་གོ། །ཞེས་བྱ་བའི་དོན་ནི་ངན་རྟོག་སྣ་ཚོགས་པའི་བྱེ་བྲག་གིས། །ངན་སོང་གནས་གསུམ་གྱི་མངལ་ན་འཇུག་པ་སྟེ། དེའི་ཕྱིར་ན། སེམས་ཅན་གྱི་སྐྱེ་གནས་སུ་འཇུག་པའི་རྒྱུ་སེམས་དངོས་པོ་གཤིས་ཀྱི་གནས་ལུགས་ངོ་བོ་རང་བཞིན་མཚན་ཉིད་ལྔ་དང་ལྡན་པ་མ་རྟོགས་པའི་དབང་གིས་ཉན་མོངས་པ་དུག་ལྔར་འཁྲུལ་ནས། འགྲོ་བ་གྲངས་མེད་པའི་ལུས་ཅན་དུ་འགྱུར་བའི་ཕྱིར་ན། དཔལ་དུས་ཀྱི་འཁོར་ལོ་ཡིས་མ་རྟོགས་པའི་སེམས་ཅན་རྣམས་ཀྱི་མངལ་དུ་འཇུག་ཅིང་། ཁྱད་པར་དུ་ཛམ་བུ་གླིང་པའི་མི་རྣམས་ཟླ་བ་བཅུ་གཉིས་ཀྱི་བར་དུ་མངལ་ན་གནས་ཤིང་། རླུང་སེམས་ཀྱི་རྟེན་འབྲེལ་གྱིས་ལུས་ཀྱི་ཆགས་ལུགས་དང་། དབང་པོ་ལྔ་དང་། ཕུང་པོ་ལྔ་དང་། འབྱུང་བ་ལྔ་དང་། རྩ་དང་ཁྲག་དང་། ཆུ་སེར་རུས་པ་དང་། རྣམ་པར་ཤེས་པའི་གནས་ཚུལ་དང་། རྩ་གནས་ཐམས་ཅད་དུ་ཨཱ་ལི་ཀཱ་ལིའི་རྩ་རིགས་སྣ་ཚོགས་པ་དེ་རྣམས་སུ་

(༤༡༩)རླུང་སེམས་ལེགས་པར་འདུས་པ་དང་། ལོག་པར་འདུས་པ་དང་། དགྲ་གཤེད་དུ་འདུས་པ་དང་། བསོད་ནམས་ཀྱི་ཚོགས་བསགས་པའི་རྒྱུ་འབྲས་ཀྱིས། ཕ་མ་བཟང་ངན་འབྲིང་གསུམ་གྱི་རྒྱུ་རྐྱེན་གྱི་རྟེན་འབྲེལ་འཛོམ་པ་དང་། རྒྱུ་འབྲས་མ་འགྲིག་པའི་སྟོབས་ཀྱིས་ཚེ་རིང་ཐུང་སྣ་ཚོགས་པར་འགྱུར་བ་སྟེ། མངལ་དུ་འཇུག་ནུས་ལ་ལྡོག་མི་ནུས་པ་མངལ་ཉིད་དུ་འཆི་བ་དང་། དུས་མ་ཡིན་པར་བཅའ་བ་དང་། འགའ་ཞིག་དུས་ཚོད་ལྷག་ནས་ལོ་མང་པོར་མངལ་དུ་གནས་པ་དང་། འགའ་ཞིག་དུས་ཀྱི་འཁོར་ལོ་འགྲིག་ནས་དུས་ཚོད་དང་མཐུན་པར་བཙའ་བ་སྟེ། དེའི་ཕྱིར་ན་སྐྱེ་ཐོན་ནས་ཀྱང་འགའ་ཞིག་ཞ་བ་དང་འོན་པ་དང་ལྐུགས་པ་དང་ལོང་བ་དང་། སྐྱེས་མ་ཐག་ཏུ་འཆི་བ་ལ་སོགས་པ་རླུང་སེམས་རྟེན་འབྲེལ་ལོག་པའི་དུས་ཀྱི་འཁོར་ལོ་སྣ་ཚོགས་སྟོན་པ་དང་། འགའ་ཞིག་སྐྱེ་ཐོན་ནས་ཀྱང་དབང་པོ་ཀུན་ཚང་ཁ་དོག་བྱད་གཟུགས་ལེགས་པ་དང་། ཚེ་རིང་ནད་མེད་ལོངས་སྤྱོད་ལྡན་པ་དང་། ཉེ་དུ་འབྲེལ་པས་གཙོ་བྱས་ཡུལ་རིགས་རྒྱལ་ཁམས་བཀྲ་ཤིས་ལོ་ལེགས་འབྱུང་བ་དང་། ཆོས་དང་ཤེས་བྱ་ཀུན་ལ། མཁས་ཤིང་སྨྲ་མཁས་རིག་པའི་གནས་ལྔ་མཐར་ཕྱིན་ཞིང་། ཆོས་རྣམས་ཀུན་གྱི་དེ་ཉིད་རྟོགས་ཤིང་། ཛམ་བུ་གླིང་པའི་མི་རྣམས་ལ་དབང་བ་ལ་སོགས་པའི་ཡོན་ཏན་མཐའ་ཡས་ཤིང་བསམ་གྱིས་མི་ཁྱབ་པ། རབ་འབྲིང་ཐ་མ་ཇི་ལྟར་དུ་འབྱུང་བའི་ལུགས་རྣམས་ཀྱང་། དཔལ་དུས་ཀྱི་འཁོར་ལོ་ཡིས་སྟོན་པ་སྟེ། དེའི་ཕྱིར་ན་ཕྱི་ལྟར་ན་ཟླ་བ་བཅུ་གཉིས། དུས་བཅུ་གཉིས་

(༤༢༠)ལོ་སྐོར་བཅུ་གཉིས་གཟའ་བརྒྱད་པ་ཁམས་བཅོ་བརྒྱད་རྒྱུ་སྐར་གྱི་ལྷ་མོ་ཉི་ཤུ་རྩ་བརྒྱད། རྟེན་འབྲེལ་བཅུ་གཉིས་ལ་སོགས་པ་བརྩི་ལུགས་དཔག་ཏུ་མེད་པ་ཡོད་པ་ལས། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་previous hit དགོངས next hit་དང་། ཁྱད་པར་དུ་རྒྱུད་སྡེ་མཁའ་འགྲོ་དང་། དཔལ་དུས་ཀྱི་འཁོར་ལོ་ཡིས་དེ་རྣམས་ཐམས་ཅད་རྡོ་རྗེའི་གནས་ལུགས་བཞི་འམ་ལྔ་འམ་དཀྱིལ་འཁོར་དུ། རྩ་རླུང་བྱང་ཆུབ་སེམས་ཀྱི་འདུས་ཚུལ་སྣ་ཚོགས་པར་ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་མཁའ་འགྲོ་སྡེ་ལྔ་དང་། མཁའ་འགྲོ་བཅུ་གཉིས་དང་། མཁའ་འགྲོ་བཅུ་དྲུག་དང་། མཁའ་འགྲོ་བཞི་བཅུ་ཞེ་དགུ་ལ་སོགས་པར་གཏན་ལ་འབེབས་ཤིང་ངོ་སྤྲོད་པ་སྟེ། མཁའ་འགྲོའི་རྒྱུ་ལྡོག་མ་གཏོགས་པ། ཅུང་ཟད་ཙམ་ཡང་ཡོད་པར་མི་བཞེད་དོ། །དེའི་ཕྱིར་ན། དཔལ་དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་ཐམས་ཅད་ཀྱི་གཞུང་ལུགས་དང་། རྒྱུད་ལས་རྡོ་རྗེ་འཆང་གི་previous hit དགོངས next hit་ཀུན་མཁྱེན་འཇམ་དཔལ་གཞོན་ནུ་ཡིས། ས་སྲུངས་རྒྱལ་པོ་ལ་གདམས་ཤིང་བཤད་པ་སྟེ། སྡུས་པར་ངོ་སྤྲོད་པའོ། །དེའི་ཕྱིར་ན། སྡུས་པའི་རྒྱུད་ཅེས་བྱ་བའི་དོན་ཡང་འདི་ལ་previous hit དགོངས next hit་ཡིན། །དེའི་ཕྱིར་ན་རྒྱུད་སྡེ་བཞི་དང་། ཨ་ནུ་ཨ་ཏི་ཐེག་པ་ཁྱད་པར་དུ། ས་དྲུག་ལ་ཡང་། ཕྱུང་བའི་རྒྱུད་དང་བཏུས་པའི་རྒྱུད་མང་དུ་བཞུགས་པ་སྟེ། དེ་རྣམས་ཁྱད་པར་དུ་ངོ་མཚར་ཆེ་ཞིང་གདམ་ངག་ཟབ་པ་སྟེ། རྒྱུད་སྡེ་ཐམས་ཅད་འོ་མའི་རྒྱ་མཚོ་དང་འདྲ་བ་ལས། མར་གྱི་སྙིང་པོ་གཏོན་པ་བཞིན། རྗེ་རྡོ་རྗེ་འཆང་དང་རྡོ་རྗེ་སེམས་དཔལ་དང་། ཕྱག་ན་རྡོ་རྗེ་དང་། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས། ཟབ་མོ་སྒྲ་དང་དོན་ལུང་དང་

(༤༢༡)མན་ངག་ཏུ་བསྡེབས་ནས། མྱུར་དུ་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པ་དང་། སངས་རྒྱས་པའི་འབྲས་བུ་སྟོན་པའི་ཕྱིར་ན། previous hit དགོངས next hit་ཁྱད་པར་དུ་འཕགས་པ་སྟོན་པའི་ཕྱིར་ན། རྒྱུད་ཀྱི་ནང་ནས་ཀྱང་། ཟབ་པའི་རྒྱུད་མན་ངག་ཐམས་ཅད་གཅིག་ཏུ་བསྡུས་པའི་ཕྱིར་ན། ནོར་བུ་རིན་པོ་ཆེ་ལྟ་བུའི་དངོས་གྲུབ་སྣ་ཚོགས་འབྱུང་བའི་ཕྱིར་ན། བཏུས་པའི་རྒྱུད་ཅེས་བྱ་བའི་དོན་ཡང་རྡོ་རྗེ་འཆང་དང་རྡོ་རྗེ་འཛིན་པ་མ་གཏོགས་པ་གཞན་གང་དང་གང་གིས་ཀྱང་བཏུ་བར་ནུས་པ་སུ་ཤིག་ཡོད། ཕྱུང་བའི་རྒྱུད་ཅེས་བྱ་བའི་དོན་ཡང་། གསང་སྔགས་རྒྱ་མཚོ་དང་འདྲ་བའི་ནང་ནས་འཆི་བ་མེད་པའི་ལྷའི་བདུད་རྩི་རྒྱ་མཚོའི་གཏིང་ན་ཡོད་པ་སྟེ། ཀླུའི་རྒྱལ་པོས་འདོན་ཞིང་མངའ་བསྒྱུར་བ་བཞིན་དུ་རྡོ་རྗེ་ཐེག་པའི་བཅུད་ཐམས་ཅད་གཅིག་ཏུ་སྡུས་པ། དཔལ་དགྱེས་པ་རྡོ་རྗེའི་བརྟག་པ་གཉིས་པ་ལ་སོགས་པ་རྣམས་ཀྱང་དཔལ་ཧེ་རུ་ཀའི་རྣམ་པར་འཕྲུལ་པ་ཏཻ་ལོ་པ་དང་ལྭ་ཝ་པ་ལ་སོགས་པ་གྲུབ་ཆེན་རྣམས་ཀྱིས་ཕྱུང་བ་སྟེ། གཞན་པ་གང་དང་གང་གིས་ཀྱང་ཕྱུང་ཞིང་བླངས་པར་ག་ན་ནུས། དེའི་ཕྱིར་ན། གསང་སྔགས་རྡོ་རྗེ་ཐེག་པ་ནི་གང་དང་གང་གིས་གོ་ཞིང་རྟོགས་པ་དང་། རང་གི་ལུས་ངག་ཡིད་གསུམ་གྱི་དཀྱིལ་འཁོར་དུ། རྩ་རླུང་བྱང་ཆུབ་ཀྱི་སེམས་ལེགས་པར་འདུས་ཤིང་བརྟན་ན། རྡོ་རྗེའི་ཚིག་སྦྲམ་ཤོ་ལོ་ཀ་གཅིག་གི་ནང་དུ་ཡང་བཀའ་རབ་འབྱམ་གྱི་previous hit དགོངས next hit་གོ་ཞིང་རྟོགས་པ་དང་། དབང་ཡོངས་སུ་རྫོགས་པའི་ཕྱིར་ན། སངས་རྒྱས་དང་སེམས་ཅན་འཁོར་བ་དང་མྱ་ངན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་གཤིས་འགྱུར་བ་

(༤༢༢)མེད་པར་ཆོས་ཀྱི་དབྱིངས་དང་མཉམ་པར་སྤྱི་དང་བྱེ་བྲག་མཚན་ཉིད་སྣ་ཚོགས་རང་ལ་རྫོགས་ཤིང་། དུས་གསུམ་དུས་མེད་རྣམ་པ་ཐམས་ཅད་དུ་འགྱུར་བ་མེད་པའི་ཕྱིར་ན། རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བའི་དོན་ཡང་འདི་ལ་previous hit དགོངས next hit་ཡིན། དེའི་ཕྱིར་ན། རྡོ་རྗེ་འཆང་དང་བཀའ་བཞི་རྒྱུད་པ་གྲུབ་ཆེན་བརྒྱད་དང་། གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་ལྔ། རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་བཞུགས་པའི་དཔའ་བོ་དང་མཁའ་འགྲོ་རྡོ་རྗེ་འཛིན་པ་རིག་འཛིན་རྣམས་ཀྱི་བདག་ཉིད་ཆེན་པོར་བྱིན་གྱིས་བརླབས་ཤིང་དབང་བསྐུར་བ། དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དངོས་སུ་བྱོན་ནས། ཆོས་ཀྱི་དབྱིངས་དང་མཉམ་པར་གསང་སྔགས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ནམ་མཁའི་རྡུལ་ཕྲ་རབ་ཙམ་རྣམ་པར་འཕྲུལ་བར་ནུས་པའི་རྗེ་ཏཻ་ལོ་རང་བྱུང་སངས་རྒྱས་ཀྱིས་རྣམ་འཕྲུལ་དངོས་སུ་བྱིན་གྱིས་བརླབས་པ་རྗེ་ནཱ་རོ་པཎ་ཆེན་གྱིས་བོད་ཁ་བ་ཅན་གྱི་བྱང་ཕྱོགས་སུ་གསང་སྔགས་རྒྱུད་སྡེ་གདམ་ངག་ལུང་གྲངས་མེད་པ། ཐེག་པ་དགུའི་ཆོས་མ་ལུས་པ་བསྒྱུར་ཞིང་། ཐུགས་སུ་ཆུད་ན་ཡང་། ཁྱད་པར་དུ་རྣལ་འབྱོར་ཆེན་པོ་གསར་མའི་ཕ་རྒྱུད་མ་རྒྱུད་ཀྱི་previous hit དགོངས next hit། ཐབས་དང་ཤེས་རབ་དབྱེར་མེད་པའི་ལམ་རྡོ་རྗེ་གནས་ལུགས་བཞི་དང་ལྡན་པ། རང་གི་ལུས་ངག་ཡིད་གསུམ་དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར། གནས་ཉི་ཤུ་རྩ་བཞི། འཁོར་ལོ་ལྔའི་དཀྱིལ་འཁོར་གདོད་མ་ནས་ཡིན་པ་ལ། ཡིན་པར་ངོ་ཤེས་ཤིང་། རྩ་རླུང་བྱང་ཆུབ་སེམས་ཀྱིས་དཀྱིལ་འཁོར་དུ། དུས་དང་དུས་ཀྱི་འཁོར་ལོ་རླུང་སེམས་གནད་ཀྱི་རྟེན་འབྲེལ་རང་ཉིད་ལ་འགྲིག་པས། དབང་པོ་ཡང་རབ་སྐད་ཅིག་མ་ཉི་ཤུ་རྩ་གཅིག་ལ་རྟགས་དང་ཡོན་ཏན་སྣ་ཚོགས་འབྱུང་བ་དང་། དབང་པོ་

(༤༢༣)འབྲིང་མི་ཚེ་གཅིག་ལ་རྟོགས་པ་དང་གྲོལ་བ་དང་མཐར་ཕྱིན་པ་དང་། དངོས་གྲུབ་མཆོག་ཏུ་ཐོབ་པ་གྲུབ་ཆེན་བརྒྱད་ལ་སོགས་པ་ལྟ་བུ་དང་། དབང་པོ་འབྲིང་སྐྱེ་བ་འདི་ཉིད་ལ་ཐུན་མོང་གི་ཡོན་ཏན་དང་། །མཆོག་གི་དངོས་གྲུབ་དང་པོ་ཐོབ་ནས་བར་དོ་ན་སངས་རྒྱས་པ་རྗེ་མཻ་ཏྲི་པ་ལ་སོགས་པ། དུས་གསུམ་དུས་མེད་དུ་རྒྱུན་ཆད་མེད་པར་འབྱུང་བ་སྟེ། རྣལ་འབྱོར་ཆེན་པོ་བླ་མེད་གསར་མའི་previous hit དགོངས next hit་ལས། རྗེ་ནཱ་རོ་པཎ་ཆེན་གྱི་ཁྱད་ཆོས། སྒྲ་བསྒྱུར་གྱི་མར་པ་ལོ་ཙ་ཡིས་བོད་ཀྱི་ཕུལ་དུ་དར་ཞིང་རྒྱས་པར་མཛད་པ་ལས། རྟོགས་ལྡན་དང་གྲུབ་ཐོབ་དང་རྣལ་འབྱོར་གྱི་དབང་ཕྱུག་གྲངས་ཅན་དང་གྲངས་མེད་དཔག་ཏུ་མེད་པ་བྱོན་པ་ཡང་རླུང་སེམས་རྩ་རླུང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། སྲོག་རྩོལ་གནད་ཀྱི་འཁོར་ལོ་དར་དྲག་ལ་ཡུན་རིང་དུ་བསྐོར་བ་ཡིན། ཛམ་བུ་གླིང་དུ་ཉི་མ་དང་ཟླ་བ་ཤར་བ་བཞིན་དུ་previous hit དགོངས next hit་རྡོ་རྗེ་འཆང་དང་མཉམ། མཛད་པ་ཕྲིན་ལས་ཤཱཀྱའི་རྒྱལ་པོ་ཤཱཀྱ་ཐུབ་པ་དང་འདྲ་བར་ལྷ་དང་བཅས་པའི་འཇིག་རྟེན་དུ། གང་དང་གང་གིས་ཀྱང་བསྒྲིབ་པར་མི་ནུས་ཤིང་། མངོན་པར་རྫོགས་པར་སྣང་བ་སྟེ། །དཔེར་ན། གསེར་གྱི་རི་རྒྱལ་ལྷུན་པོ་ལ་ཉི་མའི་དཀྱིལ་འཁོར་ཤར་བ་བཞིན་རྩོལ་བ་དང་སྒྲུབ་པ་མེད་པར་སྨིན་གྲོལ་དབང་གི་རྒྱལ་མཚན་ཕྱོགས་མེད་དུ་འཕྱར་ཞིང་། ནུབ་པ་མེད་པ་དང་། རྩོད་པ་མེད་པ་སྟེ། རྗེ་དུས་གསུམ་མཁྱེན་པ་ཡབ་སྲས་འདི་ལྟ་བུ་འདི་ལྟར་དུ་

(༤༢༤)འབྱུང་བ་ཡང་། ཆོས་གཞན་མ་གང་དང་གང་གིས་ཀྱང་སྐྱེ་བ་འདི་ཉིད་ལ་སྨིན་པར་མ་ཡིན་ཏེ། རྗེ་ནཱ་རོ་པཎ་ཆེན་གྱི་རླུང་སེམས་སྔགས་ཀྱི་ཁྱད་ཆོས་ཡིན། དེའི་ཕྱིར་ན། ད་ལྟར་གྱི་སྐྱེ་བ་འདི་ཉིད་ལ་མཆོག ཐུང་མོང་གི་དངོས་གྲུབ་རང་ལ་རྫོགས་ཤིང་ཐོབ་ནས། ཡོན་ཏན་རྡོ་རྗེ་འཆང་དང་མཉམ་པར་འདོད་པའི་སྐྱེས་བུ་སྐལ་བ་དང་ལྡན་པ་རྣམས་ཀྱང་། རྣལ་འབྱོར་ཆེན་པོ་གསར་མའི་རྒྱུད་སྡེ་ཀུན་གྱི་སྒྲ་དོན་གོ་ཞིང་ནཱ་རོ་བརྒྱུད་པའི་གདམ་ངག་ལས། སྲོག་རྩོལ་གནད་ཀྱི་འཁོར་ལོ་བསྐོར་ན། རྡོ་རྗེ་འཆང་དང་རྡོ་རྗེ་འཛིན་པ་དཔའ་བོ་རྣལ་འབྱོར་མཁའ་འགྲོའི་ཚོགས་དང་ཡོན་ཏན་མཉམ་ཞིང་previous hit དགོངས next hit་གཅིག་ཏུ་རྫོགས་པར་ཐེ་ཙོམ་མེད་པའོ། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ཁྱད་པར་དུ་རྗེ་ནཱ་རོ་པཎ་ཆེན་གྱི་རྣལ་འབྱོར་ཆེན་པོ་གསར་མའི་ཐབས་དང་ཤེས་རབ་དབྱེར་མེད་སྲོག་རྩོལ་རླུང་སེམས་གནད་ཀྱི་གདམ་ངག་དབང་པོ་ཡང་རབ་སྐལ་བ་དང་ལྡན་པ་རྣམས་ཀྱིས། འཇིག་རྟེན་གྱི་བྱ་བ་སྣ་ཚོགས་གཏང་ནས་རླུང་སེམས་གཉིས་ཀྱི་འཁྲུལ་འཁོར་རང་ལ་རྫོགས་ནས་རྡོ་རྗེ་འཆང་ཆེན་རང་ཉིད་ཡིན་པར་སྟོན་པའི་བར་སྐབས་ལགས་སོ། །ཆོས་སྐུའི་བསྟན་པ་རྣལ་འབྱོར་ཆེན་པོ་ཡིན་པ་སྟེ། དེ་ཡང་ཁྱད་པར་དུ་རྣལ་འབྱོར་ཆེན་པོ་གསར་མའི་ཕ་རྒྱུད་མ་རྒྱུད་ཐབས་དང་ཤེས་རབ་དབྱེར་མེད་པའི་རྒྱུད་སྡེ་གྲངས་མེད་པ་ཞལ་ནས་གསུངས་པ་མ་ཡིན་ཏེ། གདུལ་བྱ་དབང་པོ་ཡང་རབ་རྣམས་ཀྱི་སྣང་བ་ལ་

(༤༢༥)བྱིན་བརླབས་ཀྱིས་རྟོགས་པར་བྱ་བའི་རིམ་པར་བཞེད་པ་སྟེ། དེའི་ཕྱིར་ན་ཆོས་སྐུའི་བསྟན་པ་བྱིན་བརླབས་ཀྱིས་སྟོན། ཞེས་གསུངས་པ་ཡང་། ཐེག་པ་དྲུག་ཐེག་པ་གཅིག་ཏུ་རྫོགས་པ། རྣལ་འབྱོར་ཆེན་པོ་བླ་ན་མེད་པ་གསར་མའི་previous hit དགོངས next hit་ནི། གཞན་ལས་ཁྱད་པར་དུ་འཕགས་པ་སྟེ། དངོས་པོ་གཤིས་ཀྱི་གནས་ལུགས་རང་བཞིན་གཅིག་ལ་ངོ་བོ་མཚན་ཉིད་ལྔ་ལྡན་དུ་རང་ཉིད་ལ་རང་བཞིན་གྱིས་རྫོགས་པའི་ཕྱིར་ན། མ་རྟོགས་པའི་དུས་ནི་ལྷན་ཅིག་སྐྱེས་པའི་མ་རིག་པ་ཡིན་ལ། རྗེ་ཏཻ་ལོ་དང་ནཱ་རོའི་སྙན་རྒྱུད་ཀྱི་གདམ་ངག་གི་གནད་ཀྱིས། གཤིས་ཀྱི་གནས་ལུགས་ངོ་བོ་མཚན་ཉིད་རང་བཞིན་དང་འོད་ལྔ་ལྡན་དུ་གནས་པ་དེ་ཕྱོགས་མེད་དུ་རྟོགས་པའི་དུས་སུ་ནི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་རབ་འབྱམས་མཐའ་ཡས་པ་རྟོགས་པ་གཅིག་གིས། དཀྱིལ་འཁོར་དུ་རིགས་ལྔ་ཡེ་ཤེས་ལྔ་ཡུམ་ལྔ་ཕྱག་རྒྱ་ལྔ་ཕྱག་མཚན་ལྔ། དབུ་རྒྱན་ལ་སོགས་གྲངས་ཅན་ཉི་ཤུ་རྩ་ལྔ་དང་གྲངས་མེད་ཚད་ལས་འདས་པ་རྣམས་གྲ་མ་ཆག་ཟུར་མ་ཉམས་པར་རྟོགས་པ་ནི། གཤིས་ཕྱོགས་མེད་དུ་རྟོགས་བྱ་བ་ཡིན། གཤིས་ཀྱི་གནས་ལུགས་གྲངས་ཅན་དང་གྲངས་མེད་རྣམས་ལ་ཆ་རེ་ཆ་རེ་ཙམ་རྟོགས་པ་ནི། ཕྱོགས་རྟོགས་ཐེག་པའི་རིམ་པ་བྱ་བ་སྟེ། ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་ཀྱིས་ཀྱང་གནས་ལུགས་ཆ་རེ་ཙམ་རྟོགས་པའི་ཕྱིར་ན། གྲུབ་མཐའ་སྣ་ཚོགས་དང་ཆོས་ཀྱི་སྒོ་མོ་གྲངས་ཅན་དང་གྲངས་མེད་མང་པོར་

(༤༢༦)བཞེད་པ་སྟེ། གནས་ལུགས་ཕྱོགས་མེད་དུ་མ་རྟོགས་པའི་སྐྱོན་གྱིས། སྐུ་ལྔའི་སངས་རྒྱས་རང་ལ་རྫོགས་པ་སྟེ་ཤིན་ཏུ་དཀའ་བའོ། །དེའི་ཕྱིར་ན། གཤིས་ཀྱི་གནས་ལུགས་ཕྱོགས་མེད་དུ་མ་རྟོགས་ཀྱི་བར་དུ་རླུང་སེམས་ཀྱི་གདམ་ངག་སྣ་ཚོགས་ཀྱི། ཐབས་དང་ཤེས་རབ་དབྱེར་མེད་དུ་ལམ་བསྒྲོད་པར་འདོད་པ་དང་། ཀྲྀ་ཡོག་གསུམ་གྱི་དག་པ་དང་སྤྱོད་པ་དང་བསྒྱུར་བ་གསུམ་གྱིས་སངས་རྒྱས་པར་འདོད་པ་དང་། སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ་གྱིས་ཉན་རང་གཉིས་འཁོར་བ་ལས་ངེས་པར་འབྱུང་བར་འདོད་པས། འཇིག་ཚོགས་ལྟ་བའི་རྡུལ་ཚོགས་ལ་གོམས་འདྲིས་དཀའ་ཐུབ་དཀའ་སྤྱད་རྒྱུན་དུ་བྱེད་པ། བྱང་ཆུབ་སེམས་དཔའི་ཐེག་པས། དོན་དམ་ཀུན་རྫོབ་བདེན་པ་གཉིས་ལ་གཞག་འཇོག་བྱེད་ཅིང་། བདེན་པ་གཉིས་སོ་སོར་འབྱེད་པར་འདོད་པ་དང་། དོན་དམ་ཀུན་རྫོབ་གཉིས་ལ་སློབ་པའི་ཟུང་འཇུག་དང་། མི་སློབ་པའི་ཟུང་འཇུག་གིས་ས་ལམ་སྦྱོར་བར་འདོད་པ་སྟེ། དེ་ལ་སོགས་པའི་སྟོན་པ་གསུམ་གྱི་བསྟན་པ། ཐེག་པ་བདུན་ལ་བཞེད་ལུགས་བསྒོམ་པ་དང་། སྒྲུབ་པ་སྤྱོད་པ་བསྲུང་བ་བཀག་པ། ཡང་ས་ཐོབ་པ་དབུ་མ་སེམས་ཙམ་རབ་ཏུ་གནས་པ་དང་མི་གནས་པ་དང་བཞེད་ལུགས་གནམ་གྱི་སྐར་མ་ཙམ་ཡོད་པ་སྟེ། དེ་རྣམས་ཀྱང་མི་འགལ། གང་ཟག་དབང་པོ་རབ་འབྲིང་ཐ་མ་གསུམ་གྱི་སྣང་ངོ་ལས་གོ་ཚུལ་དང་རྟོགས་ཚུལ་སོ་སོར་བདེན་པ་སྟེ། ཐེག་པ་རང་སོར་བདེན་པ་སྟེ་རིམ་གྱིས་འཁོར་བ་ལས་བརྒལ་བའི་ཐབས་སྣ་ཚོགས་སྟོན་པའོ། །དེའི་ཕྱིར་ན།

(༤༢༧)ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཕྱོགས་མེད་དུ་མ་རྟོགས་ཀྱི་བར་དུ། ཅི་ལྟར་ཐེག་པ་བདུན་གྱི་སྒྲ་དོན་མཁས་ཤིང་གོ་ན་ཡང་ཕྱོགས་རྟོགས་ཙམ་ལ་ཀུན་རྫོབ་དང་ཐབས་རྐྱང་པ་འབའ་ཞིག་ཡིན་ཏེ། དོན་དམ་དང་ཆོས་སྐུ་དང་ཤེས་རབ་ཡེ་ཤེས་ཀྱི་སྒྲ་མི་འཇུག་སྟེ། དཔེར་ན། ཉ་ཆུ་ནང་ན་གནས་པ་ལ་སྐམ་གཤེར་གྱི་ས་མཚམས་མེད་པ་བཞིན་དུ། ཕྱོགས་མེད་ཀྱི་གནས་ལུགས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་ཀྱི་བར་དུ། མ་རིག་པ་དཀར་ནག་ཁྲ་བོ་གསུམ་ལས་མི་འདའ་བའི་ཕྱིར་ན། བྱས་ཚད་དང་བསྒྲུབས་ཚད་འཇིག་རྟེན་པའི་ལམ་དུ་ཤེས་པར་བྱའོ། །དཔེར་ན་ཉིན་མོའི་དུས་སུ་ནི་མུན་པའི་གནས་མེད་ཅིང་། མཚན་མོའི་དུས་ནི་འཛམ་གླིང་མུན་པ་མུན་ནག་ཏུ། སྣང་བ་བཞིན་དུ། གནས་ལུགས་ཕྱོགས་མེད་དུ་རྟོགས་པའི་དུས་སུ་ནི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཕྱོགས་མེད་དུ་འཆར་བ། མ་རྟོགས་པ་མ་རིག་པའི་གནས་མེད་དོ། །གནས་ལུགས་མ་རྟོགས་པའི་དུས་སུ་ནི། ཅི་ལྟར་དུ་ཐེག་པ་དགུའི་ཆོས་ཀྱི་མཛོད་ཟབ་མོའི་གདམ་ངག་སྣ་ཚོགས་ཀྱིས་ཕྱོགས་མེད་དུ་ཉམས་སུ་བླངས་ཤིང་། ཤེས་རབ་དང་ཡེ་ཤེས་དང་ཆོས་སྐུར་གཏན་ལ་ཕབ་ཀྱང་། འཇིག་རྟེན་གསུམ་ལས་མི་འདའ་མི་གཡོ་མི་འཕག་པའི་ཕྱིར་ན། འཇིག་རྟེན་ཐུན་མོང་གི་ལམ་དང་རྒྱུ་དང་འབྲས་བུ་རབ་འབྲིང་ཐ་མ་རྫོགས་པ་སྟེ། རྡོ་རྗེ་ལྟ་བུའི་སྐུ་དང་གསུང་དང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་ཀྱང་རྫོགས་ཤིང་མཐར་ཕྱིན་ལ་མ་རེ་ཤིག །དེའི་ཕྱིར་ན། འདིར་ཁྱད་པར་

(༤༢༨)དུ་འཕགས་པ་དྲུག་གཅིག་ཏུ་རྫོགས་པའི་རྣལ་འབྱོར་ཆེན་པོ་གསར་མའི་གནས་ལུགས་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་ཕྱིན་ཆད་འཁྲུལ་པ་ཡེ་ཤེས་སུ་འཆར་བའི་ལམ་ཡིན་ཏེ། དེ་ལྟར་དུ་རྟོགས་ཀྱང་འཁོར་བ་ཐོག་མ་མེད་པ་ནས་མ་རིག་པ་དང་འཁྲུལ་པ་གོམས་པའི་ཕྱིར་ན། སྐབས་འདིར་མཉམ་གཞག་དང་རྗེས་ཐོབ་ཡོད་པའི་ཕྱིར་ན། རྗེ་ཆེན་པོ་ས་ར་ཧའི་ཞལ་ནས་ཀྱང་། ལམ་ལ་གནས་པའི་གང་ཟག་ལ། འཁྲུལ་པ་དང་ཡེ་ཤེས་དུམ་བུར་གནས། ཞེས་གསུངས་པའི་ཕྱིར་ན། གནས་ལུགས་ཕྱོགས་མེད་དུ་རྟོགས་ཕྱིན་ཆད། རྣལ་འབྱོར་ཆེན་པོ་གསར་མའི་ཐབས་དང་ཤེས་རབ་དབྱེར་མེད་ཀྱི་ལམ། རྩ་རླུང་བྱང་ཆུབ་སེམས་ཀྱི་འཁོར་ལོ་དར་དྲག་ལ་ཡུན་རིང་དུ་བསྒོམས་ན། ཐབས་སྣ་ཚོགས་ཤེས་རབ་ཟང་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་འཆར་བ་སྟེ། ཐབས་ཀྱི་བྱེ་བྲག་ཅི་ལྟར་དུ་སྒྲུབ་ཀྱང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མ་རྟོགས་པ། ཐབས་དང་ཀུན་རྫོབ་སྤུ་ཙམ་གྱི་སྣང་བ་དང་འཆི་བ་ཡང་ཡོད་ཅིང་གྲུབ་མ་མྱོང་བའོ། །དེའི་ཕྱིར་ན། རྡོ་རྗེ་གནས་ལུགས་བཞི་འམ། ཕྱོགས་མེད་དུ་མ་རྟོགས་ཤིང་། དེ་ཉིད་ཀྱི་དོན་ལ་རླུང་སེམས་གནད་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་བ་སྟེ། ལུས་ཡེ་ཤེས་ཀྱི་ལུས་རིགས་ལྔའི་དཀྱིལ་འཁོར་རང་ལ་རྫོགས་པའི་ཕྱིར་ན། རྡོ་རྗེའི་སྐུ་ཞེས་ཀྱང་བྱ། རྩ་གནས་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་རྩ་དང་ཡེ་ཤེས་ཀྱི་ཐིག་ལེར་ཕྱོགས་མེད་དུ་དབང་ཐོབ་ཅིང་རྫོགས་པའི་ཕྱིར་ན། ཐབས་དང་ཤེས་རབ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རིགས་ལྔ་ཡབ་ཡུམ་བཅུ་འམ་ཡང་ན་ཉི་ཤུ་རྩ་

(༤༢༩)ལྔ་སོགས། ཞི་དང་ཁྲོ་བོ་ལ་སོར་པ་རྡོ་རྗེའི་དཀྱིལ་འཁོར་རང་ཉིད་ལྷན་ཅིག་སྐྱེས་པ་ཞེས་ཀྱང་བྱ། འཁོར་བ་དང་མྱ་ངན་ལས་འདས་པ་དང་། །ཁྱད་པར་དུ་རང་གི་ངག་གི་བརྗོད་བྱ་འགྲོ་འོང་རླུང་ལ་སོགས་པ་རྣམས། ཡེ་ཤེས་ཀྱི་རླུང་དང་ཡེ་ཤེས་ཀྱི་གསུང་། ལྷན་ཅིག་སྐྱེས་པ་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་རྡོ་རྗེའི་གསུང་ཞེས་ཀྱང་བྱ། དེ་རྣམས་ཐམས་ཅད་ཀྱི་གནས་ལུགས་གཤིས་ཉིད་འགྱུར་བ་མེད་པ་ལ། ངོ་བོ་རང་བཞིན་མཚན་ཉིད་ལྔའམ་ཉི་ཤུ་རྩ་ལྔ་སོགས་སེམས་རྡོ་རྗེ་རིགས་ཀྱི་གནས་ལུགས། ལྷན་ཅིག་སྐྱེས་པའི་ཡེ་ཤེས། ཆོས་སྐུ་དྲི་མ་མེད་པ་ཉག་གཅིག་ཏུ་གནས་ལུགས་རྟོགས་པ་མཐར་ཕྱིན་པ་ནི། ཐུགས་མི་ཟད་མི་འགྱུར་བ་རྒྱན་གྱི་འཁོར་ལོ་ཏེ། ཆོས་སྐུའི་བསྟན་པ་རྣལ་འབྱོར་ཆེན་པོ་གསར་མའི་previous hit དགོངས next hit་མཐར་ ཐུག་པ་དབང་གཉིས་ལས་བཞི་བཞི་བརྒྱད་དུ་དབྱེ་བ། དེའི་སྔོན་དུ་འགྲོ་བ་སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ་དང་བཅུ་གཅིག་དང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་དག་པ་ལྔ་ལྡན་ཞེས་བྱ་བའི་དོན་ནི་བཅུ་གཉིས་མ་ཆགས་པདྨ་ཅན་གྱི་འོག་མིན་དུ། རང་བཞིན་ལྷུན་གྱིས་གྲུབ་པའི་རྒྱལ་བ་རིགས་ལྔ་ཡབ་ཡུམ་བཅུའི་དཀྱིལ་འཁོར་ནས་རང་ཉིད་ཡིན་ཞིང་རང་ལ་རྫོགས་པའི་ཕྱིར་ན། མི་འགྱུར་རྡོ་རྗེའི་སྐུ་ལྔ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་རབ་འབྱམ་རྒྱལ་བའི་དཀྱིལ་འཁོར་གཅིག་ཏུ་རྫོགས་པ་ནི། གསང་བའི་དབང་ལ་བཞིར་དབྱེ་བའི་མཐར་ཐུག་པ། དབང་ལས་བྱུང་བའི་ཡེ་ཤེས་ནི། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་མཐར་

(༤༣༠)ཐུག་དག་ཏུ་བཞེད་པ་སྟེ། ལུང་ཆེན་ཨ་ནུ་ཡོ་གའི་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་ཡང་བཞིར་དབྱེ་བ་སྟེ། དེའི་ལམ་སྟེགས་ཙམ་དུ་བཞེད་པ་ཡིན། དེའི་ཕྱིར་ན། དགྱེས་པ་རྡོ་རྗེའི་ལུང་ལས་ཀྱང་། །རང་རིག་དག་པས་དག་པ་ཉིད། །དག་པ་གཞན་གྱི་རྣམ་གྲོལ་མིན། །ཡུལ་གྱི་དངོས་པོ་དག་པས་ན། །རང་གི་རིག་པ་བདེ་བའི་མཆོག །ཅེས་གསུངས་པའི་ཕྱིར་ན་དག་པ་ལྔ་ལྡན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས། རིགས་ལྔ་ཡབ་ཡུམ་བཅུའི་དཀྱིལ་འཁོར་ཙམ་དུ་སྣང་ཞིང་། ཐམས་ཅད་རང་ལ་རྫོགས་པར་དགོངས་པའི་ཕྱིར་ན། མ་ཆགས་པདྨ་ཅན་ཞེས་བྱ་བའི་དོན་ཡང་། པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱི་དྲི་མས་མ་གོས་པ་བཞིན་དུ། རྣལ་འབྱོར་ཆེན་པོ་གསར་མའི་རྒྱུད་སྡེ་གྲངས་ལས་འདས་པའི་previous hit དགོངས next hit་གཅིག་ཏུ་རྫོགས་ཤིང་། མཁྱེན་པ་ཕྱོགས་མེད་དུ་རྒྱས་ཤིང་། རྒྱལ་བའི་དཀྱིལ་འཁོར་རྣལ་འབྱོར་ཆེན་པོ་གསར་མའི་མི་ཟད་པ་རྒྱན་གྱི་འཁོར་ལོ་རྣམ་པ་ལྔ་ལས། སྐུ་སངས་རྒྱས་མཉམ་སྦྱོར་ཐུགས་བདེ་མཆོག་འཁོར་ལོ་ལ་སོགས་པ་མི་འགྱུར་རྡོ་རྗེའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལ་སོགས་པ། ད་ལྟ་ཉིད་དུ་དུས་གསུམ་དུས་མེད་རང་ཉིད་ཡིན་ཞིང་རང་ལ་རྫོགས་ནས། བདག་གཞན་ཀུན་གྱི་སྣང་བ་ལ་བྱིན་གྱིས་བརློབ་པར་ནུས་པའི་རྗེ་ཏཻ་ལོ་དང་ནཱ་རོའི་ཟབ་མོའི་སྙན་རྒྱུད་གནད་ཀྱི་མན་ངག་གནས་ལུགས་མ་རྟོགས་ན་དུག་ལྔ་སྟེ། ཡེ་ཤེས་ལྔ་དང་རིགས་ལྔར་ངོ་སྤྲོད་ཅིང་སྐལ་བ་དང་ལྡན་པ་རྣམས་ཀྱིས། དེ་དང་དེའི་གནས་ལུགས་ཕྱོགས་མེད་དུ་རྟོགས་ནས་

(༤༣༡)རྡོ་རྗེ་རིགས་ཀྱི་གནས་ལུགས་བཞིའི་དཀྱིལ་འཁོར་དུ་སྲོག་རྩོལ་གནད་ཀྱི་འཁོར་ལོ་དུས་དང་དུས་ཀྱི་འཁོར་ལོར་རྟོགས་ཤིང་། གོམས་འདྲིས་མཐར་ཕྱིན་པར་བྱས་ན། གོང་དུ་གསུངས་པའི་རྒྱལ་བ་རིགས་ལྔའི་དཀྱིལ་འཁོར། ཞི་དང་ཁྲོ་བོ་ལ་སོགས་པ་རྒྱལ་བ་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་སྐྱེ་བ་འདི་ཉིད་ལ་རང་ལ་རྫོགས་ཤིང་། ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་མ་གཏོགས་པ། ཁམས་གསུམ་པའི་སེམས་ཅན་རྣམས་ཀྱི་འཁྲུལ་པའི་སྣང་བ་སྤུ་ཙམ་ཡང་མེད་པའི་ཕྱིར་ན། ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་བ་ཆེན་པོའི་མཆོག་རང་ཉིད་ཡིན་པའི་ཕྱིར་ན། དཔལ་བདེ་མཆོག་གི་རྒྱུད་ལས་ཀྱང་། གང་ན་འདུག་ཀྱང་གཞལ་ཡས་ཁང་། །སུ་དང་འཕྲད་ཀྱང་ཧེ་རུ་ཀ །ཅི་ལྟར་བྱས་ཀྱང་ཆོས་ཀྱི་སྐུ། །དོན་དུ་མི་འགྱུར་གང་ཡང་མེད། གསུང་བའི་ཕྱིར་ན། །རྣལ་འབྱོར་ཆེན་པོ་གསར་མའི་འབྲས་བུ་མཐར་ཐུག་པ། བུམ་པའི་དབང་དང་གསང་བའི་དབང་གཉིས་ལ་བརྒྱད་དུ་དབྱེ་བ་ལས། གསང་བའི་དབང་གི་མཐར་ཐུག་ལྷན་ཅིག་སྐྱེས་པའི་ཡེ་ཤེས། ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་རང་ལ་རྫོགས་པའི་previous hit དགོངས next hit་མཐར་ཕྱིན་previous hit ་ཡང་སྐབས་འདིར་དགོངས next hit་པའོ། །དེའི་ཕྱིར་ན། ལོངས་སྐུ་དང་སྤྲུལ་སྐུ་ཆོས་སྐུ་རང་བཞིན་གྱིས་གནས་པ་སྐུ་གསུམ་ལྷུན་གྱིས་གྲུབ་པ་དེ། རྣལ་འབྱོར་བླ་ན་མེད་པ་གསར་མའི་previous hit དགོངས next hit་མཐར་ཐུག་པ་འབྲས་བུ་ཡོངས་སུ་རྫོགས་པའོ། །དེའི་ཕྱིར་ན། མཚན་བརྗོད་ཀྱི་ལུང་ལས་ཀྱང་། །མཆོག་གི་དང་པོ་སྐུ་གསུམ་འཆང་། །གསུང་བའི་དོན་

(༤༣༢)ཡང་། རྣལ་འབྱོར་ཆེན་པོ་བླ་མེད་ཀྱི་འབྲས་བུ་བཞེད་པ་སྟེ། ཐེག་པ་དགུའི་བར་མ་ཆད་པར་གཞི་ལམ་འབྲས་བུ་སོ་སོར་འབྱེད་ན། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། སྐུ་གསུམ་ལྷུན་གྱིས་གྲུབ་པ་ཙམ་དུ་བཞེད་པའོ། །དེའི་ཕྱིར་ན། ཐེག་པ་དྲུག་ཐེག་པ་གཅིག་ཏུ་རྫོགས་པ་མ་ཧཱ་ཡོ་ག་གསར་མའི་གཞི་ལམ་འབྲས་བུའི་བཞེད་ཚུལ་དང་རྟོགས་ཚུལ་ཡང་། སྐུ་གསུམ་མཆོག་གི་དངོས་གྲུབ་དང་པོར་བཞེད་པའོ། དེའི་ཕྱིར་ན། མཚན་བརྗོད་ཀྱི་ལུང་ལས་ཀྱང་། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་གསུངས་པའི་དོན་ཡང་གོང་གི་ཐེག་པ་གཉིས་ལ་previous hit དགོངས next hit་སྟེ། ཨ་ནུ་ཡོ་གའི་མཐར་ཐུག་ངོ་བོ་ཉིད་ཀྱི་སྐུ་དང་། རྫོགས་པ་ཆེན་པོའི་འབྲས་བུ་མཐར་ཐུག་པ་རང་བཞིན་གྱི་སྐུ་སྟེ། གོང་གི་ཐེག་པ་གཉིས་ཀྱིས་ཤེས་རབ་ཡེ་ཤེས་ཀྱི་དབང་དང་དབང་བཞི་རང་བཞིན་གྱིས་དབང་གཉིས་ལ་བཞི་བཞི་བརྒྱད་དུ་དབྱེ་བ་སྟེ། ཨ་ནུ་ཡོ་གས་ཤེས་རབ་ཡེ་ཤེས་ཀྱི་དབང་བཞི་བསྐུར་ཞིང་རྫོགས་པར་བཞེད་པ་དང་། རྫོགས་པ་ཆེན་པོ་ཡིས་རང་བཞིན་གྱི་དབང་རྟོགས་པའི་བྱེ་བྲག་རྣམ་པ་བཞིར་རྫོགས་པར་བཞེད་པ་སྟེ། ཐེག་པ་འདི་གཉིས་ད་རུང་གོང་ན་རྫོགས་པར་བཞེད་པའོ། །སྐབས་འདིར་ནི་རྣལ་འབྱོར་ཆེན་པོ་གསར་མའི་གཞི་ལམ་འབྲས་བུའི་སྐུ་གསུམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་ལ་རྫོགས་ཚུལ་བསྟན་པའོ། །དེའི་ཕྱིར་ན། །སྐབས་འདིར་ཡང་མཐར་ཐུག་ཡིན་ཏེ་མཐར་ཐུག་མེད། ལྟོས་པ་དང་ལྟོས་ཆོས་ཀྱི་རྣལ་འབྱོར་ཆེན་པོ་བླ་ན་མེད་པ་གསར་མའི་མཐར་ཐུག་བསྟན་པའོ། །

(༤༣༣)ནཱ་རོ་བརྒྱུད་པས་བྱིན་བརླབས་ཤིང་། །རབ་འབྱམ་བཀའ་ཡི་མཁྱེན་པ་ཡིས། །ངར་འཛིན་ཉི་ཤུ་རྩ་གཅིག་རྫོགས། །སྔགས་འཆང་རང་བྱུང་རྡོ་རྗེ་ཡིས། །previous hit དགོངས next hit་གསང་མཛོད་བསྟན་པའོ། །ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །བདག་པོར་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་བསགས་དང་རྟོགས་པ་ཡིས། །འགྲོ་དྲུག་སེམས་ཅན་མ་ལུས་པ། །སྐུ་ལྔ་ཡོངས་རྫོགས་སངས་རྒྱས་ཉིད་དུ་ཤོག །ཆོས་སྐུའི་བསྟན་པ་རྣལ་འབྱོར་ཆེན་པོ་གསར་མའི་ཐེག་པ་ལས་འཕྲོས་པ། ཐབས་དང་ཤེས་རབ་དབྱེར་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱ་མཚོ་མཐའ་ཡས་འདི། གང་དང་གང་གིས་འདྲི་བ་དང་། འཆང་བ་དང་། ཀློག་པ་དང་། སྒོམ་པ་རྣམས་ཀྱིས་ལས་དང་སྐལ་བར་ལྡན་པའི་སྐྱེས་བུ་རྣམས་ལ། དུས་གསུམ་རྒྱལ་བ་སྲས་དང་བཅས་པ་དང་། དམ་ཅན་རྒྱ་མཚོ་ཆོས་སྐྱོང་བསྲུང་མ་འཁོར་དང་བཅས་པ་རྣམས་ཀྱིས་བསྲུང་ཞིང་སྐྱོབ་པ་དང་། གཏོང་གྲོགས་མཛད་ཅིང་བར་ཆད་ཐམས་ཅད་སེལ་བ་དང་ཕྱི་མའི་མུ་མཐར་ཐུག་གི་བར་དུ་སྨིན་གྲོལ་དབང་གི་རྒྱལ་མཚན་འཕྱར་ཞིང་། བསྟན་པ་ཡུན་དུ་གནས་པར་མཛོད་ཅིག །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས་གཞུང་བསྡུས་པ་ཤད་བར་གཅིག་དང་། དེ་ལས་འཕྲོས་པ་ས་གཅོད་རབ་ཏུ་འབྱེད་པ་དང་། དེ་རྒྱས་པར་བསྟན་པ་གཞུང་ཆེན་མོ་ཚིག་བཅད་མ་དང་། དེ་སོ་སོར་འབྱེད་པ་འགྲེལ་པ་ཡིན།

(༤༣༤)སྣ་ལྟ་བུ་ཕུན་སུམ་ཚོགས་པ་རྒྱ་མཚོ་མཐའ་ཡས་དང་། ཐེག་པ་ཀུན་གྱི་ཆིངས་འདོད་པ་རྒྱ་མཚོ་མཐའ་ཡས་དང་། སྒྲ་ཚད་ལུང་རིགས་སྣ་ཚོགས་ཀྱིས་ངར་འཛིན་པའི་ལྟ་བ་ཉི་ཤུ་རྩ་གཅིག་གཤིག་པ་དང་སྒྲུབ་པ་དང་། རང་བྱུང་ཡེ་ཤེས་སུ་རྟོགས་པར་བྱ་བའི་ཕྱིར་ཞུས་ལན་རྒྱ་མཚོ་མཐའ་ཡས་དང་། ཐེག་པ་ཐམས་ཅད་ཀྱི་བཅུད་ཕྱུང་བ་གདམ་ངག་རྒྱ་མཚོ་མཐའ་ཡས་དང་། དགོས་འདོད་ནོར་བུ་རིན་པོ་ཆེ་ལྟ་བུ་ཟབ་ཆོས་རྒྱ་མཚོ་མཐའ་ཡས་ཏེ། མུ་སྟེགས་ཀྱི་གྲུབ་མཐའ་ལས་འཕྲོས་པ་ཁྱབ་འཇུག་རྒྱ་མཚོ་མཐའ་ཡས་དང་། ཉན་རང་གི་ཐེག་པ་ལས་འཕྲོས་པ་འདུལ་བ་རྒྱ་མཚོ་མཐའ་ཡས་དང་། བྱང་ཆུབ་སེམས་དཔའི་ཐེག་པ་ལས་འཕྲོས་པ་མདོ་སྡེ་རྒྱ་མཚོ་མཐའ་ཡས་དང་། རྣལ་འབྱོར་ཆེན་པོ་གསར་རྙིང་གཉིས་སོ་སོར་འབྱེད་པ་གསང་བ་རྒྱ་མཚོ་མཐའ་ཡས་དང་། རྣལ་འབྱོར་ཆེན་པོ་གསར་མའི་ཐེག་པ་ལས་འཕྲོས་པ་གསང་བ་བླ་ན་མེད་པ་རྒྱ་མཚོ་མཐའ་ཡས་དང་། ལུང་ཆེན་པོ་ཨ་ནུ་ཡོ་གའི་ཐེག་པ་ལས་འཕྲོས་པ་ལུང་ཆེན་པོ་སོ་སོར་འབྱེད་པ་རྒྱ་མཚོ་མཐའ་ཡས་དང་། རང་བཞིན་སྐུའི་བསྟན་པ་རྫོགས་པ་ཆེན་པོའི་ཐེག་པ་ལས་འཕྲོས་པ་རྫོགས་པ་ཆེན་པོ་དབང་གི་ཆུ་བོ་རྒྱ་མཚོ་མཐའ་ཡས་ཏེ། འདི་རྣམས་གཅིག་རྒྱབ་གཅིག་གིས་སྐྱོང་ཞིང་ཐེག་པ་གཞན་པ་ན་ཐེག་པ་སོ་སོའི་བཞེད་ཚུལ་གཏན་ལ་འབེབས་previous hit ་དང་། རང་གི་རྡོ་རྗེ་འཆང་ལ་སོགས་ཏཻ་ལོ་ནཱ་རོ་བརྒྱུད་པའི་བཞེད་

(༤༣༥)དགོངས next hit་ཀྱིས། ངར་འཛིན་པའི་ལྟ་བ་ཉི་ཤུ་རྩ་གཅིག་རང་བྱུང་ཡེ་ཤེས་སུ་ངོ་སྤྲོད་ཅིང་། སྐུ་ལྔ་རང་ལ་རྫོགས་པའི་སངས་རྒྱས་རང་ལ་རྫོགས་པར་བསྟན་པ་སྟེ། དེའི་ཕྱིར་ན། དབང་པོ་ཡང་རབ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱིས། སྒྲ་དང་དོན་མ་ནོར་སོ་སོར་རྟོགས་ཤིང་གོམས་འདྲིས་མཐར་ཕྱིན་ཅིང་། སྐུ་ལྔ་ཡོངས་སུ་རྫོགས་པའི་སངས་རྒྱས། རང་ཉིད་རང་དབང་རང་ལ་རྫོགས་པ་ཨེ་མ་ཧོ། རྣལ་འབྱོར་ཆེན་པོ་གསར་མའི་ཐེག་པ་ལས་སྒྲ་དོན་སོ་སོར་འབྱེད་པ། རྣལ་འབྱོར་ཆེན་པོ་བླ་ན་མེད་པ་མཁའ་འགྲོ་མའི་དྲ་བ་སྡོམ་ཞིང་། ཡང་གསང་རྒྱ་མཚོ་མཐས་སྔགས་འཆང་རང་བྱུང་རྡོ་རྗེས་མཛད་པ་རྫོགས་སོ། །གསང་ཆེན་གསང་མཛོད་གསང་བའི་གནས། །ཐེག་དམན་རྣམས་ལ་མི་བསྟན་ཐེག་ཆེན་རྣམས་ལ། གསང་མི་བྱ། གསང་དང་བསྟན་དང་མི་བསྟན་དེ་བསྟན་ཡིན། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། །ཁྱད་པར་དུ་རྣལ་འབྱོར་ཆེན་པོ་བླ་ན་མེད་པ་གསར་མའི་ཕ་རྒྱུད་མ་རྒྱུད་རྒྱུད་སྡེ་ཐམས་ཅད་ཀྱི་ཆིངས་སམ། ས་གཅོད་དང་previous hit དགོངས next hit་མཐའ་ཡས་པ་མཆོག་ཐུན་མོང་གི་དངོས་གྲུབ་སྣ་ཚོགས་ད་ལྟ་ཉིད་དུ་སྟོན་པར་བྱེད་པ། རྒྱུད་ཆེན་པོ་རྡོ་རྗེ་མཁའ་འགྲོ་ཡིན་པ་ལས། འདིའི་དབུ་ཞབས་སུ་ཐེག་པ་བདུན་འགྲོ་བ་རིགས་དྲུག་གི་འཁྲུལ་གཞི་ཕྱི་རོལ་མུ་སྟེགས་ཀྱི་སྲིད་པ་ཆགས་པ་དང་འཇིག་པ་ལ་སོགས་པ་ཕྱོགས་མེད་དུ་སྟོན་ཅིང་། གོང་ནས་

(༤༣༦)གོང་དུ་ནར་སོན་ཅིང་ཁྱད་པར་འཕགས་ཤིང་ལམ་ཐག་ཤིན་ཏུ་ཉེ་བར་ངོ་སྤྲོད་ཅིང་བསྟན་པའོ། །དེའི་ཕྱིར་ན། འགྲོ་བ་རིགས་དྲུག་རྟེན་དང་བརྟེན་པ་ཕྱི་སྣོད་ནང་བཅུད་ཆགས་པ་དང་གནས་པ། འཇིག་པ་ལ་སོགས་ཏེ། སེམས་ཅན་སྤྱི་མཐུན་དང་གང་ཟག་སྒོས་བཙན་གྱི་ལས་ཀྱི་རྒྱུ་འབྲས་ཀྱིས། སྲིད་པའི་ཆགས་འཇིག་བསམ་གྱིས་མི་ཁྱབ་པ་བཤད་པ་དང་། དེ་ལ་གྲུབ་མཐའ་བློ་ལོག་པར་བསྒྱུར་བ་མུ་སྟེགས་པའི་དབང་དུ་བྱས་ན། ལྷ་ཆེན་པོ་ཁྱབ་འཇུག་གི་བཞེད་དང་། ཚངས་པ་ཆེ་ཆུང་འབྲིང་གསུམ་གྱི་བཞེད་དང་། མུ་སྟེགས་ཀྱི་ལྷ་ཆེན་པོ་བརྒྱད་ཀྱི་བཞེད་ལུགས་སྣ་ཚོགས་པའི་དབང་གིས་ན་མུ་སྟེགས་ཀྱི་གྲུབ་མཐའ་རྒྱ་མཚོ་མཐའ་ཡས་ལས། ཕྱི་སྣོད་འཇིག་རྟེན་གྱི་ཆགས་ལུགས་དང་། ནང་བཅུད་སེམས་ཅན་གྱི་སྐྱེ་རྒྱུད་དང་། །འབྱུང་བ་རྣམ་པ་ལྔ་ཡི་སྲིད་ལུགས་ལས། ཡུན་ཐུང་ངུ་ནས་བརྩི་བ་ཉིན་ཞག་ཕྲུག་གཅིག་གཏན་ལ་འབེབས་ཏེ། ཉིན་མོ་ཐུན་གསུམ་དང་མཚན་མོ་ཐུན་གསུམ་སྟེ། དེ་རེ་རེ་ལ་ཡང་བཅུ་གཉིས་བཅུ་གཉིས་སུ་དབྱེ་བ་ལས། ཉིན་མཚན་རེ་རེ་ལ་ཡང་ཟླ་བ་བཅུ་གཉིས་ལོ་བཅུ་གཉིས་གཟའ་བརྒྱད་བརྒྱད་ལ་སོགས་པ་བརྒྱད་བརྒྱད་པོ་བརྒྱད་གཏན་ལ་འབེབས་པ་ནི། སར་ཁམས་བཅོ་བརྒྱད་དུ་བཞེད་པ་དང་། འབྱུང་བ་ལྔ་རེ་རེ་ལ་ཡང་ལྔ་ལྔར་འབྱེད་པ་དང་། ཉི་མ་དང་ཟླ་བ་སྐར་མའི་ཚོགས་ཉི་ཤུ་རྩ་བརྒྱད་དང་། དེ་ཡང་སོ་སོར་དབྱེ་བ་དང་། ཟླ་བ་རེ་རེ་ལ་སོགས་དབྱེ་ན་ཞག་སུམ་བཅུ་སྟེ། ཕོའི་ཉི་མ་བཅོ་ལྔ་དང་། མོའི་ཉི་མ་བཅོ་ལྔར་བཞེད་པ་དང་། ལོ་གཅིག་ལ་ཟླ་བ་བཅུ་གཉིས་

(༤༣༧)ཀྱང་ཟླ་བ་ཕོ་དྲུག་མོ་དྲུག་ཏུ་བཞེད་པ་སྟེ། དེ་ཡང་ཡུན་ཐུང་ངུ་ནས་རིང་པོའི་བར་དུ་སོ་སོར་དབྱེ་བ་ལས། ཡུན་ཐུང་ངུ་ནས་བརྩི་བ་ནི། ནང་པར་སྐྱ་རེངས་དང་པོ་ཤར་ནས། ཉི་མ་ཤར་སྔ་ཕྱི་རན་པའི་ཡུན་གྱི་ཆ་དང་བསྟུན་ཏེ། ཉི་མ་དྲོས་ཀྱི་བར་དུ་བྱི་བ་གླང་སྟག་ཡོས་བུའི་དུས་ཚོད་དོ། །ཉི་མ་དྲོས་ཆེན་ནས་ཉི་མ་ཕྱེད་ཡོལ་བའི་བར་མཚམས་ཚུན་ཆོད་ནི། འབྲུག་སྦྲུལ་གཉིས་རྟ་ལུག་གཉིས་དང་བཞིའོ། །ཕྱི་ཐུན་ལ་བཞིར་དབྱེ་བ་ནི། མུན་རུག་ཆེན་ཟེར་ཡང་བྱ་ཕོ་རོག །ཉལ་བའི་དུས་ཚུན་ཆོད་ཀྱི་བར་ལ། །སྤྲེའུ་དང་བྱ་གཉིས་ཁྱི་ཕག་གཉིས་དང་བཞི་སྟེ། ཉུང་ངུའི་དུས་སུ་ཡང་ལོ་ཤིང་བཅུ་གཉིས་ཚང་བའོ། །ལོ་རེ་རེ་ལ་ཡང་ལྔ་ལྔར་དབྱེ་བ་སྟེ། དེ་ལྟར་ན་ཟླ་བ་བཅུ་གཉིས་དང་ལོ་བཅུ་གཉིས་ཀྱི་བར་དུ་དེ་ལྟར་དུ་སྣ་ཚོགས་སུ་རྒྱུ་བ་སྟེ། དེའི་ཕྱིར་ན་ལོ་གཅིག་ལ་ཞག་སུམ་བརྒྱ་དྲུག་བཅུར་གཏན་ལ་འབེབས་པ་དང་། དེ་ཡང་སོ་སོར་དབྱེ་ན་ཟ་མ་བདུན་བརྒྱ་ཉི་ཤུ་སོ་སོར་དབྱེ་བ་སྟེ། དེ་ལྟར་དུ་བརྩིས་པ་ནི་ལོ་གཅིག་གོ། །དེ་ལྟ་བུ་གཅིག་ནས་གཉིས་སུ་བརྩིས་པའི་བཅུ་གཉིས་ནི་ལོ་སྐོར་གཅིག་སྟེ། དེ་ལྟར་དུ་ཤིང་ཕོ་བྱི་བ་ནས་མགོ་བརྩུགས་ཏེ། འབྱུང་བ་ལྔའི་ལོ་སྐོར་ལྔ་སོ་སོར་འབྱེད་ཅིང་སོ་སོར་སྟོན་པ་ནི། ལྔ་གཅིག་ཏུ་བསྡུས་པའི་ལོ་སྐོར་གཅིག་ཅེས་བྱ་བ་སྟེ། དེ་ལྟ་བུ་ལ་མ་ནོར་ཞིང་ཞིབ་ཏུ་བརྩིས་པ་ལས། ཕྱི་རོལ་མུ་སྟེགས་པའི་ལྷ་དང་སྟོན་པ་གྲུབ་མཐའ་འཛིན་པ་རྣམས་ཀྱིས་ཀྱང་། དང་པོར་གྲུབ་མཐའ་སུམ་བརྒྱ་དྲུག་བཅུ། དེ་

(༤༣༨)ལས་འཕྲོས་པ་མོས་སྲ་སུམ་བརྒྱ་དྲུག་བཅུ་གཏན་ལ་འབེབས་པ་སྟེ། དེ་རེ་རེ་ལ་ཡང་སུམ་བརྒྱ་དྲུག་བཅུ་ལ་སོགས་པ་གྲངས་མེད་པར་གཏན་ལ་འབེབས་རྒྱུ་ཡོད་པ་སྟེ། རྩ་བ་མདོར་བསྡུས་ན་ལོ་གཅིག་ལ་ཞག་སུམ་བརྒྱ་དྲུག་བཅུ་དང་། ཟ་མ་བདུན་བརྒྱ་ཉི་ཤུར་བཞེད་པ་ལས། དེ་ལས་རྣམ་པར་འཕྲོས་ཤིང་སོ་སོར་ཀུན་རྫོབ་ཙམ་དུ་རྟོགས་ཤིང་བརྩིས་པ་ལས། གསོ་བ་སྨན་གྱི་བྱེ་བྲག་ལ་ཡང་མུ་སྟེགས་ཕ་གོལ་གྱི་གཞུང་སྨན་དཔྱད་ཡན་ལག་བརྒྱད་པ་ལ་སོགས་པ་ཕྱི་རོལ་གྱི་རྫས། ས་རྡོ་ཤིང་གསུམ་སེམས་ཅན་རྣམས་ཀྱི་ཤ་ཁྲག་རུས་པ་ལ་སོགས་པ་གསོ་བ་སྨན་གྱི་བྱེ་བྲག་སྣ་ཚོགས་སུ་སྦྱར་ནས་དུས་དང་དུས་ཚོད་བཞིན་དུ་ཕན་གནོད་ཀྱི་ས་མཚམས་སྟོན་པ་ལ་ཡང་སུམ་བརྒྱ་དྲུག་བཅུ་དང་། དེ་ལས་འཕྲོས་པ་བདུན་བརྒྱ་ཉི་ཤུ་ལ་སོགས་པའི་སྨན་གྱི་བྱེ་བྲག་སྦྱོར་སྡེ་གྲངས་མེད་པ་གསུངས་པ་སྟེ། འདི་རྣམས་སེམས་ཅན་མ་རིག་པ་སྲིད་པ་ཆགས་འཇིག་དང་། མུ་སྟེགས་པ་རྣམས་ཀྱི་བཞེད་ལུགས་དང་། རྩིས་ཀྱི་བཞེད་ལུགས་དང་། རྩིས་ཀྱི་བྱེ་བྲག་དང་། །གྲུབ་མཐའ་དང་། འབྲས་བུའི་ཐོབ་ཚུལ་བསམ་གྱིས་མི་ཁྱབ་པ་གསུངས་པ་སྟེ། །དེ་རྣམས་ལ་ཡང་རྒྱུ་མེད་དོན་མེད་འབྲས་བུ་མེད་པ་མ་ཡིན་ཏེ། འདི་ལ་ཀུན་རྫོབ་འཇིག་རྟེན་གྱི་འབྲས་བུ་ཡོད། དེའི་ཕྱིར་ན། འདི་རྣམས་མཁས་ཤིང་གཏན་ལ་ཕེབས་ན། ནང་པ་སངས་རྒྱས་པའི་གྲུབ་མཐའ་སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ་དུ། འདུལ་བ་མདོ་སྡེ་མངོན་པ་གསུམ་ན་ཡང་རྟེན་འབྲེལ་བཅུ་གཉིས་སུ་གཏན་ལ་ཕབ་ནས། དེ་ཡང་དུས་རིང་པོ་དང་

(༤༣༩)ཐུང་ངུ་གཉིས་སུ་བརྩི་བ་སྟེ། དུས་ཐུང་ངུའི་ཐུང་ངུ་སྐད་ཅིག་མ་དང་། ཆུ་ཚོད་དང་དབང་ཕྱུག་གུ་ལ་སོགས་ཏེ་རྡུལ་གྱི་བྱེ་བྲག་ནས་བརྩི་ལུགས་གྲངས་མེད་པ་ཡོད་པ་ལས། ཐམས་ཅད་རྟན་འབྲེལ་བཅུ་གཉིས་སུ་གཏན་ལ་འབེབས་པའོ། །དེའི་ཕྱིར་ན། ཉིན་ཞག་གཅིག་ལ་སོགས་ཏེ་ལོ་གཅིག་དང་། ལོ་སྐོར་བཅུ་གཉིས་ཀྱི་བར་དུ་ཐམས་ཅད་རྟེན་འབྲེལ་བཅུ་གཉིས་སུ་མིང་བཏགས་ནས། ཕྱི་སྣོད་ནང་བཅུད་ཀྱི་ཆགས་ལུགས་ཐམས་ཅད་དེ་ལྟར་དུ་བཞེད་པ་སྟེ། དེ་ཡང་ཐུན་ཐུང་ངུ་ཉིན་ཞག་ཕྲུག་གཅིག་ཙམ་གཏན་ལ་འབེབས་ན། ཉིན་མོ་ལ་ཐུན་གསུམ་དུ་དབྱེ་བ་སྟེ། རེ་རེ་ལ་ཡང་བཞི་བཞིར་འབྱེད་པ་ལས། སྔ་ཐུན་ལ་མ་རིག་པ་དང་འདུ་བྱེད་རྣམ་པར་ཤེས་པ་དང་མིང་དང་གཟུགས་ཀྱི་དུས་སོ། །གུང་ཐུན་ལ་སྐྱེ་མཆེད་དྲུག་དང་རེག་པ་ཚོར་བ་དང་སྲེད་པ་བཞིའོ། །ཕྱི་ཐུན་ལ་བཞིར་དབྱེ་བ་ནི་ལེན་པ་སྲིད་པ་སྐྱེ་བ་རྒ་ཤི་དང་བཞི་སྟེ་བཅུ་གཉིས་སོ། །མཚན་མོ་ལ་ཡང་དེ་ལྟར་དུ་བཞེད་པ་སྟེ། དེ་ལྟར་དུ་བརྩིས་པས་ཞག་སུམ་བཅུ་ལ་ཟླ་བ་གཅིག་སྟེ། ཡར་གྱི་བཅོ་ལྔ་དང་མར་གྱི་བཅོ་ལྔ་སྟེ། འདི་གཉིས་ལ་ཡང་འཕེལ་ཞིང་རྒྱས་པའི་རྟེན་འབྲེལ་དང་། འགྲིབ་ཅིང་ཟད་པའི་རྟེན་འབྲེལ་ཏེ། བཅུ་གཉིས་བཅུ་གཉིས་རེ་རེ་ལ་ཡང་ལྔ་ཚན་ལྔ་ལྔར་བཞེད་པ་སྟེ། དེ་ལྟར་དུ་བརྩིས་པ་ཡི་ཟླ་བ་བཅུ་གཉིས་ལོ་གཅིག་སྟེ། དེ་ཡང་ནང་པ་སངས་རྒྱས་པའི་ལུང་གྱིས་མ་རིག་པ་ནས་རྒ་ཤིའི་བར་དུ་བཞེད་པ་ཡིན། ལོ་གཅིག་པོ་དེ་ཡང་མ་རིག་པ་ནས་མགོ་གཟུང་སྟེ། ལོ་བཅུ་གཉིས་ཀྱི་བར་དུ་རྟེན་འབྲེལ་

(༤༤༠)བཅུ་གཉིས་སུ་བཞེད་པ་སྟེ། དེ་ཡང་འབྱུང་བ་ལྔའི་རྟེན་འབྲེལ་དུ་བརྩིས་ནས། ལོ་བཅུ་གཉིས་པོ་ལྔ། ལྔ་ལྔར་བསྡུས་ནས་རྟེན་འབྲེལ་ལྔ་ཚན་བཅུ་གཉིས་སུ་བཞེད་པ་སྟེ། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་ནང་བཅུད་ཀྱི་འགྲོ་བ་སྣ་ཚོགས་པ། གཟའ་དང་སྐར་མ་ཉི་མ་དང་ཟླ་བ་འབྱུང་བ་ལྔ་ཡིས་ཁྱབ་ཚད་འདི་རྟེན་འབྲེལ་བཅུ་གཉིས་སུ་གཏན་ལ་འབེབས་པ་སྟེ། འདི་རྣམས་ལུགས་ལས་འབྱུང་བ་ཁམས་གསུམ་འཁོར་བ་སྲིད་པའི་ཆགས་ལུགས་དང་། ཕྱི་རོལ་མུ་སྟེགས་ཀྱི་ཀུན་རྫོབ་ཐུན་མོང་བསྒྲུལ་ཚུལ་སྣ་ཚོགས་པ་དེ་གཉིས་ཀ་ཡང་། མདོར་བསྡུས་ན་སྲིད་པ་ལུགས་ཀྱི་རྟེན་འབྲེལ་བྱ་བར་བཞེད་པ་ཡིན། རྟེན་འབྲེལ་དེ་རྣམས་ཐམས་ཅད་སྟོན་པ་ཤཱཀྱ་ཐུབ་པ་ཡིན། ལུགས་ལས་ལྡོག་ལུགས་གསུམ་ཡིན་ཏེ། ཉན་ཐོས་ཀྱི་ཐེག་པ་ཐམས་ཅད་བཀག་ནས། འཇིག་ཚོགས་ཀྱི་ལྟ་བ་གྲངས་མེད་པ་ཡིས། རང་ཉིད་འཛིན་པའི་སེམས་བདག་མེད་པར་རྟོགས་པར་བཞེད་པའོ། །རང་སངས་རྒྱས་ཀྱི་རྟེན་འབྲེལ་བཅུ་གཉིས་ལུགས་ལས་ལྡོག་པ་སྟོང་པ་ཉིད་དུ་བཤིག་ནས། ཡིད་བཞིན་བདེ་མཆོག་གི་ས་ཐོབ་པར་བཞེད་པའོ། །བྱང་ཆུབ་སེམས་དཔའི་ཐེག་པས་རྟེན་འབྲེལ་བཅུ་གཉིས་ལུགས་ལས་ལྡོག་པ་སྤངས་ཐོབ་གཉིས་དང་། བདག་མེད་གཉིས་ཀྱི་དོན་རྟོགས་པར་ལུགས་ལས་ལྡོག་ནས། སྤྲུལ་པའི་སྐུ་ཐོབ་པར་བཞེད་པ་སྟེ། ཐེག་པ་འདི་གསུམ་ལ་ཡང་རྣམ་བདེན་རྣམ་ རྫུན་དང་། དོན་དམ་ཀུན་རྫོབ་ལ་སོགས་པའི་མིང་གི་འདོགས་ལུགས་བརྩི་ལུགས་དང་བཞེད་ལུགས་རྟེན་འབྲེལ་བཅུ་གཉིས་ལུགས་ལས་ལྡོག་ལུགས་གྲངས་མེད་པ་གསུངས་པ་སྟེ། མདོར་སྡུས་ན་སྣང་སྲིད་

(༤༤༡)འཁོར་འདས་ཀྱི་ཆོས་ཐམས་ཅད་རྟེན་འབྲེལ་བཅུ་གཉིས་ལུགས་ལས་ལྡོག་ལུགས་གྲངས་མེད་པ་གསུངས་ཀྱང་། འཁོར་བ་དང་མྱ་ངན་ལས་འདས་པ་ལམ་གྱིས་བསྡུས་པའི་རྟེན་འབྲེལ་དུ་མ་འདུས་པ་དང་མ་རྫོགས་པ་གང་ཡང་མེད་པའོ། ལོངས་སྐུའི་བསྟན་པ་ཀྲི་ཡོག་གསུམ་ལ་ཡང་། གཟུང་སྔགས་དང་རིགས་སྔགས་ཀྱི་ལུགས་ཀྱིས་བརྩི་ལུགས་དང་བཞེད་ལུགས་མིང་འདོགས་ལུགས་བསམ་གྱིས་མི་ཁྱབ་པ་གསུངས་པ་སྟེ། མདོར་བསྡུས་ན་ཐ་མལ་པའི་སྐྱེ་བོ་ཡིས་སྲིད་པ་ཆགས་ལུགས་ཀྱི་བཞེད་པ་དང་། ཕྱི་རོལ་མུ་སྟེགས་ཀྱི་སྲིད་ལུགས་འདི་རྣམས་ཏེ། ཆད་ལྷག་མེད་པར་དང་པོ་གོ་ཞིང་མཁས་ལ་ཤེས་ན་ནང་པ་སངས་རྒྱས་ཀྱི་སྡེ་སྣོད་གསུམ་གྱི་བཞེད་ལུགས་ཀྱིས། རྟེན་འབྲེལ་བཅུ་གཉིས་ལུགས་ལས་འབྱུང་བ་དང་། ལུགས་ལས་ལྡོག་པ་སོ་སོར་ཤེས་ཤིང་། སྡེ་སྣོད་གསུམ་གྱི་གཞི་ལམ་འབྲས་བུ་ལ་ཆད་ལྷག་མེད་པར་མཁས་པར་འགྱུར་རོ། །དེ་རྣམས་ཐམས་ཅད་ཆོས་སྐུའི་བསྟན་པ་རྣལ་འབྱོར་ཆེན་པོ་གསར་རྙིང་གཉིས་ཀྱིས། རྒྱལ་བའི་དཀྱིལ་འཁོར་ལྷ་དང་གཞལ་ཡས་ཀྱི་ཁང་ཞིང་ཁམས་རྣམས་སུ་གཏན་ལ་འབེབས་པ་སྟེ། ཁྱད་པར་དུ་རྣལ་འབྱོར་ཆེན་པོ་གསར་མའི་ཕ་རྒྱུད་མ་བརྒྱུད་རྣམས་དང་། དེ་རྣམས་ཐམས་ཅད་ཀྱི་སྒྲ་དོན་previous hit དགོངས next hit་དང་previous hit དགོངས་བཞི་སོ་སོར་འབྱེད་ next hit། རྡོ་རྗེ་མཁའ་འགྲོའི་རྒྱུད་མ་ལག་རྩ་རྒྱུད་བཤད་རྒྱུད་ལ་སོགས་པ་དབུ་ཞབས་ཀུན་གྱི་previous hit དགོངས next hit་དེ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་མཁའ་འགྲོ་སྡེ་ལྔར་གཏན་ལ་འབེབས་ཤིང་། དང་པོ་གནས་ལུགས་ཡིན་ལུགས་དཀྱིལ་འཁོར་ཆེན་པོར་ཤེས་ཤིང་ངོ་སྤྲོད་པ་དང་དཔའ་

(༤༤༢)བོ་མཁའ་འགྲོའི་ཚོགས་རྣམས་ཀྱིས་སྐུ་མདོག་ཕྱག་མཚན་ཁ་དོག་སྣ་ཚོགས་པ་གྲངས་མེད་པར་ཆ་ལུགས་རྫོགས་ཤིང་། མཚན་ཉིད་མ་འདྲེས་པ་སོ་སོར་གཏན་ལ་འབེབས་པ་སྟེ། ཐམས་ཅད་མཁའ་འགྲོའི་ཚོགས་སུ་ངེས་ཤེས་བརྟན་ཞིང་། ཐབས་དང་ཤེས་རབ་དབྱེར་མེད་རྡོ་རྗེའི་གནས་ལུགས་བཞིའི་དཀྱིལ་འཁོར་དུ། གསང་བ་སྲོག་རྩོལ་གནད་ཀྱི་འཁོར་ལོ་བསྐོར་ན་ལམ་ཐག་ཤིན་ཏུ་ཉེ་བ་སྟེ། དབང་པོ་ཡང་རབ་སྐད་གཅིག་མ་ཉི་ཤུ་རྩ་གཅིག་གིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པར་བཞེད་པའོ། །དབང་པོ་འབྲིང་ཟླ་བ་དྲུག་གིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པར་བཞེད་པ་སྟེ། དབང་པོ་ཐ་མ་ཡང་གསང་སྔགས་གསར་མའི་རྒྱུད་དུ་ལུང་མན་ངག་ཟབ་མོའི་གདམ་ངག་ལ་མཁས་ཤིང་། གྲུབ་པ་ཐོབ་པ་དང་རྟོགས་པ་མཐར་ཕྱིན་པའི་དགེ་བའི་བཤེས་གཉེན་ལ་བརྟེན་ནས། གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་ཀྱིས་སྲོག་རྩོལ་གནད་ཀྱི་མན་ངག་རླུང་སེམས། གཉིས་ཀྱི་འཁོར་ལོ་ལ་དར་དྲག་ལ་ཡུན་རིང་དུ་འཁྲི་བ་རྣམ་པ་གསུམ་ཐམས་ཅད་བཅད་ནས་བསྒོམས་ན། མི་ཚེ་གཅིག་གམ་བར་དོ་དང་པོ་རུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཆོག་གི་དངོས་གྲུབ་ཐོབ་པར་བཞེད་པའོ། །དེའི་ཕྱིར་ན། ལམ་ཐག་ཤིན་ཏུ་ཉེ་བ་རྒྱལ་བའི་དཀྱིལ་འཁོར་དང་། མཁའ་འགྲོ་སྡེ་ལྔའི་རྡོ་རྗེ་མཁའ་འགྲོའི་རྒྱུད་རྡོ་རྗེ་ཚིག་སྦྲམ་རྒྱ་རིམ་པ་ལྔ་དང་གཟེར་ཆེན་པོ་བཅུ་དྲུག་དང་། སྒོ་ལྕགས་སུམ་རིམ་གྱི་ནང་ན་བཞུགས་པའོ། །དེའི་ཕྱིར་ན། རྣལ་འབྱོར་ཆེན་པོ་གསར་མའི་སྨིན་པ་དང་གྲོལ་

(༤༤༣)བའི་དབང་དང་གདམ་ངག་ཐམས་ཅད་སངས་རྒྱས་པ་དང་སྡུས་པ། གྲངས་ཅན་དང་གྲངས་མེད་རྣམས་ད་ནི་རྒྱས་པར་བསྟན་པར་བྱ། རྡོ་རྗེའི་སྐུ་ཅན་དང་། རྡོ་རྗེའི་གསུང་དང་། རྡོ་རྗེའི་ཐུགས་དང་། རྡོ་རྗེའི་ཡོན་ཏན་ཕྲིན་ལས་རྣམས ད་ལྟ་ཉིད་དུ་རང་ལ་རྫོགས་པར་བཞེད་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ཉོན་ཅིག །རྣལ་འབྱོར་ཆེན་པོ་གསར་མའི་ཕ་རྒྱུད་མ་རྒྱུད་ཐམས་ཅད་ཀྱི་previous hit དགོངས next hit་ཐམས་ཅད་རྡོ་རྗེ་མཁའ་འགྲོས་སྟོན་པ་སྟེ། རྡོ་རྗེ་མཁའ་འགྲོ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ཐམས་ཅད་ཀྱི་ཆིངས་དང་། རྒྱུད་ཀྱི་གཙོ་མོ་སྟེ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཕྱི་ནང་གི་གྲུབ་མཐའ་ལ་ལུས་པ། ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་མཁའ་འགྲོ་རྒྱ་མཚོ་གདོད་མ་ནས་ཡིན་པ་ལ་ཡིན་པར་ངོ་ཤེས་ཤིང་། ཡིན་པའི་ལུགས་རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་བདེ་མཆོག་དགྱེས་རྡོར་གསང་འདུས་ལ་སོགས་པ་གང་ཡང་རུང་བར་ངོ་སྤྲོད་ཅིང་ཡིན་ལུགས་ཕྱོགས་མེད་དུ་ཤེས་པར་སྒྲ་དོན་རྒྱུད་ལུང་མན་ངག་མཁས་ལ་གྲུབ་པ་ཐོབ་པ་ཡི་དགེ་བའི་བཤེས་གཉེན་རྣམས་ལ་སྨིན་པ་དང་གྲོལ་བའི་དབང་གིས་བཞི་བསྐུར་ཞིང་གྲོལ་བར་བྱ་བའི་ཕྱིར། ཐབས་དང་ཤེས་རབ་དབྱེར་མེད་པའི་གདམ་ངག །ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད། ཕྱི་ལྷ་དང་གཞལ་ཡས་ཀྱི་ཁང་དུ་དཀྱིལ་འཁོར་རྒྱས་བསྡུས་གང་ཡང་རུང་བ། ཆོ་ག་ཡན་ལག་རྫོགས་པར་གདོད་མ་ནས། རྒྱལ་བའི་དཀྱིལ་འཁོར་ཡིན་པ་ལ། ཡིན་པར་ངོ་ཤེས་ཤིང་ཆ་ལུགས་རྫོགས་པ་དང་། སྐྱེད་རིམ་བརྟན་པ་སྟེ།

(༤༤༤)ཕྱི་མཁའ་འགྲོ་སྡེ་ལྔའི་དཀྱིལ་འཁོར་རོ། །ནང་ལུས་དང་རྩའི་དཀྱིལ་འཁོར་དུ་རྩ་དང་བྱང་ཆུབ་ཀྱི་སེམས། རྩ་འཁོར་ལོ་ལྔའི་ཕོ་བྲང་དུ། ཡང་ན་རྩ་གྲངས་ཅན་དང་གྲངས་མེད་རྣམས་གདོད་མ་ནས་ནང་གི་མཁའ་འགྲོ་སྡེ་ལ་ཡིན་པ་མ་ཡིན་པར་ངོ་ཤེས་ཤིང་། རྩ་དང་བྱང་ཆུབ་ཀྱི་སེམས་ལྷ་ཡབ་ཡུམ་གྱི་དཀྱིལ་འཁོར་དུ། གདམ་ངག་ཟབ་མོ་ཐབས་དང་ཤེས་རབ་དབྱེར་མེད་དུ་ངོ་སྤྲོད་ཅིང་གོམས་འདྲིས་མཐར་ཕྱིན་པ་ནི་ནང་གི་མཁའ་འགྲོ་སྡེ་ལྔའི་དབང་ལ་རྫོགས་པའོ། །གསང་བའི་མཁའ་འགྲོ་སྡེ་ལྔ་ནི། རྩ་རླུང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། རྩ་ལྔ་རླུང་ལྔ། བྱང་ཆུབ་ཀྱི་སེམས་གཉིས་ལ་ལྔ་དེ་ལས་འཕྲོས་པ་རླུང་ཉི་ཁྲི་ཆིག་སྟོང་། རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་བྱང་ཆུབ་སེམས་ཉི་ཤུ་རྩ་ལྔ། རྩ་འཁོར་ལོ་ལྔའི་ཕོ་བྲང་དུ་དགའ་བ་བཞི་དང་བདེ་བ་བརྒྱད། བདེ་སྟོང་དབྱེར་མེད་གཞི་ལམ་བསྒྲོད་ཅིང་རླུང་སེམས་གནད་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་ཞིང་། རླུང་སེམས་རིགས་ལྔ་ཡབ་ཡུམ་བཅུའི་ཕོ་བྲང་དུ་འདུས་ཤིང་། གོམས་འདྲིས་བརྟན་པ་མཐར་ཕྱིན་ན། རིགས་ལྔ་ཞི་ཁྲོ་རབ་འབྱམ་གྱི་དཀྱིལ་འཁོར་རང་ལ་རྫོགས་ཤིང་རང་དབང་ཐོབ་པ་ནི། གསང་བའི་མཁའ་འགྲོ་སྡེ་ལྔ་སྟེ། རྟགས་དང་ཡོན་ཏན་དྲོད་ཚད་མཐུ་སྟོབས་དཔལ་འཁོར་ལོ་བདེ་མཆོག་རིགས་བསྡུས་སམ་དགྱེས་པ་རྡོ་རྗེ་གསང་བ་འདུས་པ་ལ་སོགས་པའི་རིགས་བསྡུས་ཀྱི་དཀྱིལ་འཁོར་རྣམས་དང་མཐུ་སྟོབས་ཡོན་ཏན་མཉམ་པ་སྟེ། གསང་བའི་མཁའ་འགྲོ་སྡེ་ལྔའི་དབང་རྫོགས་པ་དུས་ཚོད་དོ། །དེ་ཁོ་ན་ཉིད་ཀྱི་

(༤༤༥)མཁའ་འགྲོ་སྡེ་ལྔ་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད། ཐེག་པ་བདུན་ཐེག་པ་གཅིག་ཏུ་རྫོགས་པ། རྣལ་འབྱོར་ཆེན་པོ་གསར་མའི་རྒྱུད་རྡོ་རྗེ་མཁའ་འགྲོའི་previous hit དགོངས next hit། དབང་ལས་བྱུང་བའི་ཡེ་ཤེས་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད། ཆོས་ཀྱི་དབྱིངས་རབ་འབྱམ་མཐའ་ཡས་མུ་མེད་པ། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། གོམས་པ་དང་རྩལ་རྫོགས་པ་དང་མཐར་ཕྱིན་པ་ནི། དེ་ཁོ་ན་ཉིད་ཀྱི་མཁའ་འགྲོ་སྡེ་ལྔ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དབང་གཉིས་དང་། བུམ་པའི་དབང་དང་གསང་བའི་དབང་གཉིས་ལས། བཞི་བཞི་བརྒྱད་དུ་དབྱེ་བའི་འབྲས་བུ་མཐར་ཕྱིན་པ་ནི་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་ཐམས་ཅད། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་དབང་རྫོགས་པ་ནི། དེ་ཁོ་ན་ཉིད་ཀྱི་མཁའ་འགྲོ་སྡེ་ལྔའོ། །དེའི་ཕྱིར་ན། དེ་ལྟར་དུ་གོམས་ཤིང་རྟོགས་པའི་ཡེ་ཤེས་སུ་previous hit དགོངས next hit་རྫོགས་ཀྱང་། རྒྱུན་ཆད་མེད་པར་རླུང་ཡེ་ཤེས་ཀྱི་རླུང་། རྩ་ཡེ་ཤེས་ཀྱི་རྩ། སེམས་ཡེ་ཤེས་ཀྱི་སེམས། ལུས་ཡེ་ཤེས་ཀྱི་ལུས། སྣང་བ་ཡེ་ཤེས་ཀྱི་སྣང་བ་སྟེ། དེ་རྣམས་ཐམས་ཅད་ལ་མཉམ་རྗེས་མེད་པར་རླུང་སེམས་ཀྱི་དཀྱིལ་འཁོར་དང་འབྲལ་བར་མི་བྱེད་ཅིང་། རྒྱུན་ཆད་མེད་པར་བརྩོན་འགྲུས་དྲག་ཏུ་བསྒྲུབ་ཅིང་། དེ་ཉིད་དབྱིངས་ལ་དེ་བཞིན་དུ་འགག་པ་མེད་ཅིང་རྩོལ་བ་མེད་པར་བརྩོན་འགྲུས་ཆུ་བོའི་གཞུང་བཞིན་དུ་བྱའོ། །འདི་མན་ཆོད་རྡོ་རྗེ་མཁའ་འགྲོའི་དགོངས་པའོ། །རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་གསར་མའི་དབང་དུ་བྱས་ན། དཔལ་དུས་ཀྱི་འཁོར་ལོ་རྒྱུད་

(༤༤༦)ཕྱི་མའི་ཕྱི་མ་ལ་ཆ་ལག་དང་བཅས་པ་འདི་གསར་མའི་ལུང་ཨ་ནུ་ཡོ་གའི་previous hit དགོངས next hit་སྟོན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ལུང་དུ་བཞེད་previous hit ་ཡིན། དུས་ཀྱི་འཁོར་ལོའི་དགོངས next hit་པས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་དང་། ཕྱི་རོལ་མུ་སྟེགས་ཀྱི་གྲུབ་མཐའ་དང་། ནང་པ་སངས་རྒྱས་ཀྱི་སྡེ་སྣོད་གསུམ་དང་ཀྲྀ་ཡོག་གསུམ། རྣལ་འབྱོར་ཆེན་པོ་གསར་རྙིང་ལ་སོགས་ཏེ། ཐེག་པ་དྲུག་གི་ལྟ་སྒོམ་སྤྱོད་ཚུལ་སྐྱེད་རྫོགས་འབྲས་བུ་ལ་སོགས་པ་ཐམས་ཅད་ཀྱང་ཡི་གེ་གསུམ་སྟེ། དེ་ལས་འཕྲོས་པ་ཨཱ་ལི་ཀཱ་ལིའི་བྱེ་བྲག་སྣ་ཚོགས་སུ་གདོད་མ་ན་ང་ཡིན་པ་ལ་ཡིན་པར་ངོ་སྤྲོད་ཅིང་། རང་བཞིན་གྱི་ཡི་གེ་དང་། ངོ་བོ་ཉིད་ཀྱི་ཡི་གེ་དང་མཚན་ཉིད་སྣ་ཚོགས་ཀྱི་ཡི་གེར་གཏན་ལ་འབེབས་པ་སྟེ། དེའི་ཕྱིར་ན། ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་ཡི་གེ་ལ་གཏོགས་པ། ཕྱི་ནང་གི་གྲུབ་མཐའ་ལྷ་དང་དཀྱིལ་འཁོར་ཁ་དོག་ཞལ་ཕྱག་གང་ཡང་མི་སྟོན་པ་སྟོན་པའི་ཕྱིར་ན། རྩ་རླུང་སེམས་དང་བྱང་ཆུབ་ཀྱི་སེམས། ཐམས་ཅད་ཡི་གེ་འཁོར་ལོ་ཚོགས་ཆེན་པོ་དཔག་ཏུ་མེད་པར། རླུང་སེམས་ཇི་ལྟར་དུ་འདུས་པ་བཞིན་དུ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་། བདག་དང་གཞན་གྱི་སྐྱོན་ཡོན་ཏན་སྣ་ཚོགས་བྱ་བ་དང་ཕྲིན་ལས། ཐབས་དང་ཤེས་རབ་ཐམས་ཅད་ཡི་གེས་གཏན་ལ་འབེབས་པའོ། །དེའི་ཕྱིར་ན། ཕྱིའི་ཨཱ་ལི་ཀཱ་ལི་དང་། ནང་གི་ཨཱ་ལི་ཀཱ་ལི་དང་། གསང་བའི་ཨཱ་ལི་ཀཱ་ལི་དང་། དེ་ཁོ་ན་ཉིད་ཀྱི་ཨཱ་ལི་ཀཱ་ལི་སྟེ། ཨཱ་ལི་ཀཱ་ལིས་མ་ཁྱབ་པ་དང་། ཨཱ་ལི་

(༤༤༧)ཀཱ་ལི་ལས་མ་བྱུང་བ་དང་། ཨཱ་ལི་ཀཱ་ལི་ཡིས་བྱ་བ་སྣ་ཚོགས་མ་བསྒྲུབས་པ་དང་། ཨཱ་ལི་ཀཱ་ལིར་འབྲས་བུ་སྣ་ཚོགས་མ་རྫོགས་པ་གང་ཡང་མེད་པའོ། །དེའི་ཕྱིར་ན། རྡོ་རྗེའི་གནས་ལུགས་བཞི་དང་ལྡན་པའི་དུས་དང་དུས་ཀྱི་འཁོར་ལོ། །ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ཡེ་ཤེས་གསལ་བའི་དཀྱིལ་འཁོར། ད་ནི་རྒྱས་པར་ངོ་སྤྲོད་ཀྱིས། གྲངས་མེད་བསྐལ་པའི་སྔོན་རོལ་ནས་ཚོགས་བསགས་ཤིང་སྒྲིབ་པ་སྦྱངས་ནས། རྩ་རླུང་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དུ། ཡི་གེ་ངོ་བོ་མཚན་ཉིད་རང་བཞིན་མཁའ་འགྲོ་སྡེ་ལྔ་ཡིས་བྱིན་གྱིས་བརླབས་ཤིང་། རླུང་སེམས་གཉིས་ལ་དབང་བསྒྱུར་བའི་རྣལ་འབྱོར་གྱི་དབང་ཕྱུག །སྒོམ་ཆེན་པ་རྣམས་གསོན་ཅིག །རྡོ་རྗེ་འཆང་གི་གསུང་ནས་ཀྱང་། དང་པོའི་སངས་རྒྱས་ཀྱི་གཞུང་ལས་བཏུས། ཞེས་གསུངས་པའི་དོན་ཡང་འདི་ལྟར་དུ་previous hit དགོངས next hit་ཡིན། དེའི་ཕྱིར་ན། ད་ནི་ཅུང་ཟད་དབྱེ་བར་བྱ། དང་པོའི་སངས་རྒྱས་བྱ་བ་ནི། སེམས་ཅན་ཐམས་ཅད་ཤི་བ་དང་། འཕོ་བའི་དུས་སུ། བར་དོ་དང་པོ་ལ་སེམས་ཉིད་ཀྱི་གཤིས། རང་བཞིན་གྱིས་འོད་གསལ་བའི་གནས་ལུགས་རང་ས་ཟིན་པ་དང་སྐད་ཅིག་མའི་སངས་རྒྱས་སུ་བཞེད་པ་ཡིན། ཡིན་པ་ལ་ཡིན་པར་ངོ་མ་ཤེས་ཤིང་། མ་རིག་པ་ཡིས་བསྒྲིབས་ཤིང་། ཅུང་ཟད་འཁྲུལ་བའི་སྣང་བ་བན་བུན། སྣང་བའི་ཆ་དང་གསལ་བའི་ཆ་ཁ་དོག་ལྔ་ཡི་སྣང་ཚུལ་ཙམ་དུ་འཁྲུལ་ནས། ཕྲ་བའི་སྣང་བའི་ཆ་དང་། གཟུང་འཛིན་གྱི་ཆ་ཅུང་ཟད་ཙམ་དུ་འཁྲུལ་བ་སྟེ། དེ་ནས་འོད་ཁ་དོག་ལྔ་ལ་དུག་རྣམ་པ་

(༤༤༨)ལྔ་ཇེ་རགས་ཇེ་རགས་སུ་འཁྲུལ་བས། འགྲོ་བ་རིགས་དྲུག་གི་སྐྱེ་གནས་བཞིའི་གནས་སུ་ཆུད་པ་སྟེ། དེ་ལ་འདིར་གཙོ་ཆེར་འཛམ་བུ་གླིང་པའི་མིའི་མངལ་དུ་འཇུག་ལུགས་སྟོན་པ་སྟེ། རྒྱུ་རྐྱེན་ཕ་མ་ལ་བརྟེན་ནས་སྐྱེ་གནས་སུ་ཆགས་པ་སྟེ། དེ་ལ་སྐད་ཅིག་མ་དང་པོ་ནས་གཟུང་སྟེ། ལུས་སེམས་བྱང་ཆུབ་ཀྱི་སེམས་གཉིས་ཀྱིས། རྟེན་དང་བརྟེན་པའི་ཚུལ་དུ་བསྐྱེད་པ་སྟེ། མི་མཚན་ཉིད་དང་ལྡན་པ་སྐྱེ་གནས་སུ་ཟླ་བ་བཅུ་གཉིས་སུ་གནས་པ་སྟེ། དེ་ཡང་ཟླ་བ་ཕོ་དྲུག་མོ་དྲུག་ལས་ཞག་སུམ་བརྒྱ་དང་དྲུག་བཅུ། ཟ་མ་བདུན་བརྒྱ་དང་ཉི་ཤུར་བརྩིས་པ་ལས། ཉིན་ཞག་ཕྲུག་ཅིག་ལ་དུས་བཞི། འབྱུང་བ་རྣམ་པ་ལྔ། འབྱུང་བ་རེ་རེ་ལ་ཡང་ལྔ་ལྔར་བཞེད་པ་སྟེ། ཉི་ཤུ་རྩ་ལྔ་དེ་ལྟར་དུ་ཞག་དང་ཟླ་བ། ཟ་མ་འབྱུང་བ་ལྔ་ཡིས་བསྡུས་པའི་ལུས་སེམས། རྩ་གནས་བྱང་ཆུབ་ཀྱི་སེམས་རིམ་གཉིས་ཀྱིས་ནར་སོན་པ་སྟེ། དེ་ལ་ཞག་རེ་རེ་ནས་གཟུང་སྟེ། སུམ་བརྒྱ་དྲུག་བཅུའི་བར་དུ་ནད་ཀྱི་གཞི་ཡང་རེ་རེ་གནས་པ་སྟེ། ནད་རིགས་སུམ་བརྒྱ་དྲུག་བཅུའི་ས་བོན་གནས་པའོ། །ཟ་མ་བདུན་བརྒྱ་ཉི་ཤུ་བྱས་ཀྱང་། ཉིན་ཞག་ཕྲུགས་ཅིག་ལ་ཐུན་བརྒྱད་དུ་དབྱེ་བའི་ཕྱིར་ན། རྐྱེན་ཉི་ཁྲི་ཆིག་སྟོང་ལུས་སེམས་གཉིས་ཀྱི་དཀྱིལ་འཁོར་དུ་བསྐྱེད་པའི་རྐྱེན་དང་། རྒས་པ་དང་རྒུད་པ་དང་ན་བ་དང་འཆི་བའི་རྐྱེན་བྱེད་པའོ། །དེ་ལྟར་དུ་ལུས་མི་གཙང་བའི་རྫས་སུམ་བཅུ་སོ་དྲུག་ལས་གྲུབ་པ་ལས་

(༤༤༩)རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས། ཡང་ན་རྩ་བྲན་འབུམ་དང་བཅས་པ། ཉིན་ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ། རྩ་གནས་རྣམས་ན་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས། ཕོ་དང་མོའི་བྱེ་བྲག་གིས་ཤས་ཆེ་ཆུང་གྲངས་ཅན་གྲངས་མེད་གནས་པ་སྟེ། དེའི་ཕྱིར་ན། ཅི་གཅིག་གི་ལུས་ལ་ཕྱི་སྣོད་དང་ནང་བཅུད། གཟའ་དང་སྐར་མ་ཉི་མ་དང་ཟླ་བ། ཁམས་གསུམ་པའི་སྐྱེ་འགྲོ་ཐམས་ཅད་ཀྱི་ས་བོན། རང་བཞིན་གྱིས་གནས་པ་དང་། ལས་དང་བག་ཆགས་ཀྱི་དབང་གིས་ཤས་ཆེ་ཆུང་དུ་གནས་པའོ། །འདི་ཡན་ཆད་དུ་སྲིད་པ་ཆགས་འཇིག་གི་མ་གཏོགས་པའི་སེམས་ཅན་རྣམས་ཀྱིས་དུས་ཀྱི་འཁོར་ལོར་འཁྲུལ་བ་རང་ལུགས་སོ། །གྲུབ་མཐའ་བློ་ལོག་པར་བསྒྱུར་ན། མུ་སྟེགས་པ་རྣམས་ཀྱིས་ཀྱང་ཅུང་ཟད་ཙམ་གོ་བ་སྟེ། སྲིད་པ་ཆགས་འཇིག་འདི་ལ་དཔེ་བླངས་ནས། ལོ་གཅིག་ལ་ཞག་སུམ་བརྒྱ་དྲུག་བཅུ་ཡོད་པས་དཔེ་མཚོན་ནས། ལྟ་ལོག་སུམ་བརྒྱ་དྲུག་བཅུར་གཏན་ལ་ཕབ་པ་ཡིན། དེའི་ཕྱིར་ན། བར་དོ་དང་པོའི་དུས་སུ་འོད་གསལ་བའི་དོན་དེ་ལས། ཁོང་གིས་ཀྱང་ཅུང་ཟད་ཅིག་གོ་ནས་དང་པོ་ཅི་ཡང་མེད་པའི་སྟོང་པ་ལས་ཡོད་ཅིང་འབྱུང་བ་ལྔ་སྲིད། འབྱུང་བ་རྣམ་པ་ལྔའི་ཁ་དོག་པ་ལས། ལྷ་འདྲེ་མི་གསུམ། ཕྱ་མུ་སྲིད་གསུམ། རྟག་ཆད་གཉིས་དང་གསང་བ་སྲིད་པར་འདོད་སྟེ། མུ་སྟེགས་ཀྱི། རྩིས་དང་གཞུང་མཐུན་པར་གྲུབ་མཐའ་

(༤༥༠)ཐམས་ཅད་ཀྱང་། ཤིང་གི་ལོ་འདབ་རྒྱས་པ་བཞིན་དུ་ལོག་རྟོགས་ལོག་པར་འཁྲུལ་བའོ། །ནང་པ་སངས་རྒྱས་པའི་ཉན་ཐོས་ཀྱི་ཐེག་པར་གྲུབ་མཐས་བློ་བསྒྱུར་ཡན་ཆོད་རྣལ་འབྱོར་ཆེན་པོ་ཐེག་པ་བརྒྱད་མན་ཆོད་དུ་ཕྲ་བ་དང་རགས་པའི་བཞེད་ལུགས་བསམ་གྱིས་མི་ཁྱབ་པ་ཡོད་པ་སྟེ། དེ་ཡང་སྲིད་པ་ཆགས་འཇིག་འདི་ལ་གོང་ནས་གོང་དུ་ནར་སོན་ཅིང་གོ་བ་དང་རྟོགས་པ་ཡིན་དཔལ་དུས་ཀྱི་འཁོར་ལོའི་བཞེད་ཀྱིས། སྣང་སྲིད་འཁོར་འདས་ཀྱི་ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་ཨཱ་ལི་དང་ཀཱ་ལིའི་ཡི་གེའི་ཚོགས་སུ་གཏན་ལ་འབེབས་པ་སྟེ། རང་བཞིན་གྱིས་ཡི་གེ་འཁོར་འདས་ཀུན་གྱི་གནས་ལུགས་གཤིས་ལ་གནས་པ་དང་། ངོ་བོའི་ཡི་གེ་མཚན་ཉིད་ལྔ་ལྡན་དུ་གནས་པ་དང་། ཐབས་ཤེས་རབ་དབྱེར་མེད་ཀྱི་ཡི་གེ་ཨཱ་ལི་བཅུ་དྲུག་དང་། ཀཱ་ལི་སུམ་བཅུ་སོ་གཉིས་རུ་གནས་previous hit ་སྟེ། དེ་ལ་དཔལ་རྡོ་རྗེ་འཆང་གི་དགོངས next hit་པས། ཕྱི་ནང་གི་ཆོས་ཐམས་ཅད་ཡི་གེར་ངོ་སྤྲོད་ཅིང་། ཡི་གེར་བྱིན་གྱིས་བརླབས་ནས། ཡི་གེའི་བྱེ་བྲག་གྲངས་ཅན་དང་གྲངས་མེད་དུ་བརྩི་བ་སྟེ། ཕྱི་ལྟར། བརྩི་བ་དང་། ནང་ལྟར། བརྩི་བ་དང་། གསང་བ་ལྟར། བརྩི་བ་དང་། དེ་ཁོ་ན་ཉིད་ལྟར་དབྱིངས་དང་ཡེ་ཤེས་སུ་རྟོགས་པར་བཞེད་པའོ། །དེའི་ཕྱིར་ན། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་ཨཱ་ལི་ཀཱ་ལིར་ངོ་སྤྲོད་པ་དང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཨཱ་ལི་ཀཱ་ལིར་ངོ་སྤྲོད་པ་དང་། ནམ་མཁའ་བཞི་འབྱུང་བ་ལྔ་

(༤༥༡)གཟའ་སྐར་ཉི་ཟླ་འཇིག་རྟེན་ལྷ་ཆེན་མཐུ་སྟོབས་ཅན་ཀྱང་། ཨཱ་ལི་ཀཱ་ལིའི་རྣམ་པ་རང་གི་ལུས་ངག་ཡིད་གསུམ་ལ་གནས་པར་ངོ་སྤྲོད་པ་དང་། ཉིན་ཞག་ཕྲུག་ཅིག་ལ་ཐུན་བརྒྱད་ལོ་སྐོར་བཅུ་གཉིས། ཟླ་བ་བཅུ་གཉིས། འབྱུང་བ་ལྔ། ཞག་གསུམ་བརྒྱ་དྲུག་བཅུ། ཟ་མ་བདུན་བརྒྱ་ཉི་ཤུ་ལ་སོགས་པ་རྒྱུན་ཆད་མེད་པར་དུས་ཀྱི་འཁོར་ལོར་འཁོར་བ་ལས། བགེགས་རིགས་སུམ་བརྒྱ་དྲུག་བཅུ། སྨན་གྱི་རིགས་ཀྱང་སུམ་བརྒྱ་དྲུག་བཅུ་བགེགས་རིགས་སྟོང་ཕྲག་བརྒྱད་བཅུ་རྩ་བཞི་བསྲུང་བར་བྱེད་པའི་ལྷ་ཡང་སྟོང་ཕྲག་བརྒྱད་བཅུ་རྩ་བཞི། དེ་རྣམས་ཀྱང་དུས་ཀྱི་འཁོར་ལོའི་བཞེད་ཀྱིས། ཨཱ་ལི་ཀཱ་ལིར་ངོ་སྤྲོད་ཅིང་གཏན་ལ་འབེབས་པའོ། །འབྱུང་བ་ལྔ་ལས་ཉི་ཤུ་རྩ་ལྔར་དབྱེ་བ་དང་བྱང་ཆུབ་ཀྱི་སེམས་གཉིས་ཀྱང་ཉི་ཤུ་རྩ་ལྔ་བ་གཉིས་ཏེ། ལྔ་བཅུར་ཐབས་དང་ཤེས་རབ་ཀྱི་ཨཱ་ལི་ཀཱ་ལིར་ངོ་སྤྲོད་ཅིང་། རྩ་སྟོང་ཕྲག་བརྒྱད་བཅུ་རྩ་བཞི་ཡང་ཨཱ་ལི་ཀཱ་ལིར་གནས་ཤིང་ངོ་སྤྲོད་པ་དང་། རྩ་བའི་རླུང་ལྔ་ལས་རླུང་ཉི་ཤུ་རྩ་ལྔར་འཕྲོས་པ་སྟེ། དེ་ལ་དཀྱིལ་འཁོར་གཅིག་གི་རླུང་ཞག་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ཡང་། ཨཱ་ལི་ཀ་ལིར་ངོ་སྤྲོད་པ་དང་། བྱང་ཆུབ་སེམས་དཔའ་དང་། སྤྲུལ་སྐུ་དང་ལོངས་སྐུ་དང་། ངོ་བོ་ཉིད་ཀྱི་སྐུ་དང་། རང་བཞིན་གྱི་སྐུ་དང་སྟེ་

(༤༥༢)རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀྱང་། གདོད་མ་ནས་རང་ཉིད་སྐུ་ལྔ་ཡོངས་སུ་རྫོགས་པའི་ཨཱ་ལི་ཀཱ་ལི་རང་བྱུང་ཡི་གེ་ཡེ་ཤེས་སུ་རྟོགས་པ་རབ་འབྱམ་ལྷུན་གྱིས་གྲུབ་པ་ནི། དུས་ཀྱི་འཁོར་ལོའི་འབྲས་བུ་མཐར་ཐུག་པའོ། །དེའི་ཕྱིར་ན་དངོས་པོ་གཤིས་ཀྱི་གནས་ལུགས་ཀྱི་ཨཱ་ལི་ཀཱ་ལི་དང་། ལམ་བསྒྲོད་བྱའི་ཨཱ་ལི་ཀཱ་ལི་དང་། སྐུ་ལྔའི་སངས་རྒྱས་རང་ལ་རྫོགས་པའི་ཨཱ་ལི་ཀཱ་ལི་སྟེ། ཨཱ་ལི་ཀཱ་ལི་ཡིས་མ་ཁྱབ་པ་གང་ཡང་མེད་པའོ། ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། དུས་གསུམ་བསགས་དང་རྟོགས་པ་ཡིས། །འགྲོ་དྲུག་སེམས་ཅན་མ་ལུས་པ། །སྐུ་ལྔ་ཡོངས་རྫོགས་སངས་རྒྱས་ཉིད་དུ་ཤོག །རྣལ་འབྱོར་ཆེན་པོ་བླ་ན་མེད་པ་གསར་མ་ལ་ཡང་བཞིར་དབྱེ་བ་སྟེ། རྣལ་འབྱོར་ཆེན་པོའི་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོའི་བླ་མེད་དང་། རྣལ་འབྱོར་ཆེན་པོའི་ཨ་ནུ་ཡོ་ག་སྟེ། དཔལ་དུས་ཀྱི་འཁོར་ལོ་འདི། རྣལ་འབྱོར་ཆེན་པོའི་ཨ་ནུ་ཡོ་གའི་ཐེག་པ་ཙམ་དུ་བཞེད་པའོ། །དབང་གིས་ས་མཚམས་སུ་བྱས་ན། ཤེས་རབ་ཡེ་ཤེས་ཀྱི། བུམ་པའི་དབང་ཙམ་དུ་སླེབ་པའོ། །དེའི་ཕྱིར་ན། གསར་མའི་ཡང་རྩེ་དུས་ཀྱི་འཁོར་ལོར་བཞེད་པ་ཡང་ཡོད། དེ་ཅིའི་ཕྱིར་ཞེ་ན། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད། ཡི་གེ་གསུམ་མམ། ཡི་གེ་བཞི་བཅུ་རྩ་དགུ་ཡིས་གཞི་ལམ་འབྲས་བུར་ངོ་སྤྲོད་ཅིང་། ས་ལམ་ཐམས་ཅད་ཡི་གེར་རྫོགས་པའོ། །

(༤༥༣)དེའི་ཕྱིར་ན། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སར། ཞེས་གསུངས་པ་ཡང་འདི་ལྟར་དུ་previous hit དགོངས་པའོ། །སྟོན་ next hit་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། རྒྱ་གར་སྐད་དུ། མ་ཧཱ་ཡོ་ག་སྟེ། བོད་སྐད་དུ། རྣལ་འབྱོར་ཆེན་པོའི་བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་previous hit དགོངས next hit་དང་འགྲེལ་པ། ལུང་དང་མན་ངག་རྟོགས་པ་རབ་འབྱམ་རྒྱ་མཚོ་མཐའ་ཡས་ལས། ཨཱ་ལི་དང་ཀཱ་ལི། རྣལ་འབྱོར་རང་བྱུང་རྡོ་རྗེས་མཛད་པ་རྫོགས་སོ། ། གཅིག་ཞུས།།

(༢༤༡)རྟག་ཏུ་མི་འགྲུབ་པའོ། །ཨེ་ཝཾ་རྒྱལ་པོའི་ཕྱག་རྒྱ་ལས། །ཅིར་ཡང་སྣང་མཛད་རྡོ་རྗེ་འཛིན། །སྐྱོད་པ་མེད་པ་མི་སྐྱོད་པ། །རྟོགས་པ་བདེ་འབྱུང་རིན་ཆེན་ཏེ། །བསམ་གྱིས་མི་ཁྱབ་སྣང་མཐའ་ཡས་། །དོན་ཡོད་ཉིད་ལྡན་དོན་ཡོད་གྲུབ། །ཀུན་དུ་བཟང་པོ་ཉིད་ལ་འདུད། །དངོས་རྗོད་ཐམས་ཅད་སེམས་ཡིན་ཏེ། །ཡིད་ལ་བྱར་མེད་ཆོས་ཀྱི་སྐུ། །ཆོས་སྐུའི་སྣང་བ་བདེ་བ་ཆེ། །རེ་དོགས་མཚན་མའི་འཆི་བ་སྤངས། །དེ་ལ་རྟོག་ན་སྐྱོན་དང་བཅས། །གསལ་དངས་མར་མེ་ཇི་བཞིན་དུ། །དབྱེར་མེད་རྟོགས་ནས་མངོན་སངས་རྒྱས། །ཅིར་སྣང་ཐམས་ཅད་ཆོས་ཀྱི་སྐུ། །previous hit དགོངས next hit་དགག་སྒྲུབ་གཉིས་མི་རྟོགས། །དེ་བཞིན་ཉིད་ནི་སྐྱེ་བ་མེད། །སེམས་ལས་གཞན་དུ་བརྗོད་མ་ཡིན། །དེ་ཉིད་ཅིར་ཡང་མ་ངེས་པའོ། །ངེས་པའི་གྲོགས་ལ་འབད་པར་བྱ། །སྙིང་པོའི་ཁྱད་པར་བླ་ན་མེད། །སངས་རྒྱས་རྣམས་ཀྱི་previous hit དགོངས next hit་ཏེ། །ཐོབ་དང་མ་ཐོབ་མ་ཡིན་ཏེ། །མི་མཐུན་དོན་དུ་རང་བཞིན་མེད། །རྒྱུད་ལ་བརྟེན་དང་སྒོམ་དུ་མེད། །འདི་ཡི་ཡེ་ཤེས་བསམ་མི་ཁྱབ། །སངས་རྒྱས་སྡོམ་པ་ཨེ་ཝཾ་ནི། །བླ་མ་ལ་ནི་རྟེན་གསང་ཐོབ། །བླ་མ་ཡོན་ཏན་ཤེས་བྱས་ནས། །སློབ་མ་དེ་དང་མཚུངས་པས་བཟུང་། །འབྲས་བུ་གཞན་ལ་མི་རྙེད་ཕྱིར། །འབད་པས་བསྙེན་བཀུར་བྱ་བར་འོས། །བླ་མ་རྡོ་རྗེ་འཆང་དབྱེར་མེད། །དེ་ལ་མཆོད་པས་མཉེས་བྱས་ནས། །བསྟོད་དང་གསོལ་བ་གདབ་པ་ཡི། །བསོད་ནམས་དེ་ནི་གཞལ་མི་ནུས། །མཆོག་གི་སེམས་ཅན་བྱར་མེད་རྣམས། །བསྐལ་པ་འབྲིང་ལས་སོགས་རྣམས་ཀྱིས། །དམ་པ་བསྟེན་ཞིང་ཚོགས་བསགས་ན། །མཆོག་དང་ཐུན་མོང་ཕན་ཡོན་དང་། །ངེས་པར་ལེགས་པ་ལ་སོགས་འབྱུང་། །མ་སྟེན་བར་ནི་སྡུག་བསྔལ་བསྐྱེད། །དམ་པའི་མཚན་ཉིད་བརྟག་བྱས་ཏེ།

(༢༤༢)གདམ་ངག་མི་འགྱུར་རྟོག་པ་མཁས། །དབང་པོ་དལ་ཞིང་ཤེས་རབ་ཟབ། །ཞེ་སྡང་ལ་སོགས་སྤངས་པའི་རྒྱུད། །ཤེས་རབ་སྙིང་རྗེ་ཡིད་སྐྱོབ་སྔགས། །ལྡན་ཞིང་མངོན་རྟོགས་ལ་མཁས་པ། །ལྷ་དང་བཟླས་པ་གཏོར་མས་མཆོད། །ཟས་སྐོམ་ཁྲུས་དང་སྤྱོད་ལམ་དང་། །ལས་ཀྱི་གོ་རིམ་བསམ་མི་ཁྱབ། །ཡིད་དུ་འོང་ཞིང་འཛུམ་པའི་མདངས། །སྙིང་རྗེས་སློབ་མ་འཛིན་བྱེད་ཅིང་། །མི་སྤང་སྤྱད་དང་བསྲུང་བ་ཡི། །དམ་ཚིག་ལ་སོགས་ཉེར་བཟུང་བ། །སྤྱོད་པ་བརྒྱད་ལ་གནས་པར་བྱེད། །སྒྲ་རིག་དོན་རིག་བསྟན་བཅོས་རིག །གསོ་བ་རིག་དང་བཟོ་རིག་པས། །མི་མཐུན་རྣམས་ནི་སེལ་བར་བྱེད། །སྙིང་པོ་ལ་སྤྱོད་བླ་མ་ཡིན། །རྟོགས་པ་མྱོང་ཞིང་རྒྱུན་མི་འཆད། །བརྒྱུད་པའི་སྙིང་རྗེ་ཆེར་ལྡན་པས། །བྱ་བ་རིག་པའི་རིམ་ལ་མཁས། །གཟེབ་ཀྱི་སྣོད་ནི་ཕྱིར་སྤངས་ཏེ། །བདུད་རྩི་རིན་ཆེན་སྣོད་དུ་འཛག །རྒྱུ་རྐྱེན་སྤྱི་བོ་ལ་བསྐུར་ནས། །ངེས་པར་རྒྱུད་ཀྱི་སྡོམ་ལྔ་ཡིས། །མི་མཐུན་ལ་ནི་ཁྱབ་བྱས་པས། །རང་གི་ངོ་བོར་དེ་བཞིན་འགྲོ། །རྟོགས་པ་དེ་ལྡན་རྣལ་འབྱོར་པས། །རྣམ་རྟོག་གིས་ནི་སྤྱོད་མི་ནུས། །ཕྱོགས་མེད་འོད་གསལ་ཨེ་ཝཾ་དུ། །གསུང་ཞིང་གཞན་ལ་སྟོན་མཁྱེན་པས། །གནས་ལུགས་དངོས་པོར་ཤར་འགྱུར་ལ། །ཤེས་རབ་ཆེན་པོ་མདའ་འཕེན་ཅིང་། །འཁོར་ལོ་བཞིའི་ཚངས་པ་ནི། །མ་སྐྱེས་སྐྱེ་བར་ནུས་པའི་ཐབས། །སྤྱོད་ཅིང་རིག་པའི་ཁུ་བས་འགུགས། །དེ་ལྟ་བུ་ཡི་བླ་མེད་ཡིན། །གཏི་མུག་ཆེན་པོ་སྐྱེས་བུ་ཡི། །སློབ་མ་ལང་ཚོ་རབ་རྒྱས་པ། །ང་རྒྱལ་མེད་པ་མཆོག་ལ་གུས། །སྡོམ་པ་མཆོག་ནི་ཉེ་བར་ལེན། །ཤེས་རབ་སྙིང་རྗེ་ལྡན་པ་ཡིས། །བླ་མའི་གདམ་ངག་ཆེར་དྲན་པས། །བྱས་པ་བཟོ་ཞིང་དྲིན་དུ་ཚོར། །དམ་པ་རྣམས་ལ་

(༢༤༣)ངོ་ཚ་ཤེས། །དམ་བཅས་མི་ཉམས་ཁྲེལ་ཡོད་གོས། །སྡོམ་གསུམ་རྟགས་ཀྱིས་ཉེ་བར་གོས། །གཏི་མུག་རྩོགས་རྒྱན་དབྱེར་མེད་སེམས། །དྲི་དང་ཚུལ་ཁྲིམས་བརྟུལ་ཞུགས་བྱུག །དམ་པ་དྲན་པས་སྤྱི་གཙུག་བཀུར། །རོ་ལངས་གྲོང་དུ་འཇུག་ནུས་ཤིང་། །གུས་དང་དད་པ་བསྟན་པའི་ཡིད། །དོག་དམན་བདེ་བ་དོན་མི་གཉེར། །སྡོམ་པའི་ངོ་བོ་མི་མཐུན་ཕྱོགས། །ཕྱིར་བཅས་པ་ལ་རབ་ཏུ་མཁས། །དམ་པའི་བཀའ་དང་རྗེས་མཐུན་པས། །རང་གིས་ཤེས་པའི་ཉམས་མྱོང་སྐྱོང་། །དམན་པ་རྣམས་ལ་སྐུར་གྱིས་འདེབས། །བླ་མས་བསྒོ་ན་སྲོག་ཀྱང་འདོར། །བབ་ཅོལ་ངག་འཁྱལ་འདོད་རྟོག་སྤང་། །སྦྱོར་བ་མི་དགག་གཡོ་རྒྱུ་མེད། །བླ་མ་བརྒྱུད་དང་བདེ་ཆེན་འཚོལ། །གང་ཟག་ཚོད་ལ་སྨོད་མི་བྱེད། །ཏིང་འཛིན་མཐུ་ལ་གོམས་བྱས་ནས། །ཉོན་མོངས་ཉིད་ནི་མཐར་བྱ་སྟེ། །ཐོགས་མེད་རླུང་གི་དམིགས་པ་སྤོ། །དངོས་པོ་དོན་དུ་རབ་ཤེས་པས། །རྒོད་པའི་སེམས་ནི་ཞི་བར་བྱེད། །བླ་མ་རང་གི་རྒྱུད་ལྟས་པས། །འགྱོད་པའི་སེམས་ནི་ནམ་ཡང་མིན། །འདུ་འཛི་ལ་ནི་རྐང་མི་བརྐྱང་། །བདེ་བ་གསུངས་ལ་རབ་དགའ་བ། །འདི་ནི་དམ་པའི་སློབ་མ་ཡིན། །འབྲེལ་པ་རྩེ་གཅིག་སླུ་མི་སྲིད། །བླ་མ་མཆོག་ནི་མ་ཡིན་ལ། །དག་པའི་ལམ་གཞན་རྙེད་མི་སྲིད། །འཁོར་དང་མྱ་ངན་འདས་རྣམས་ཀྱི། །འཁོར་རྣམས་ཨེ་ཝཾ་རྣམ་འཕྲུལ་ཡིན། །ཐུན་མོང་མ་ཡིན་རིག་པ་ནི། །རྣལ་འབྱོར་མཆོག་གི་ཉམས་མྱོང་ཡིན། །བླ་མ་རྒྱུད་དང་བསམ་མི་ཁྱབ། །མཆོག་འདོད་པའི་ལུང་དུ་སྦྱར། །འབྲས་བུ་ཕུན་སུམ་ཚོགས་པ་ཡི། །ཐོབ་བྱ་རང་གི་རྒྱུད་ལ་གནས། །མ་རྟོགས་པ་ནི་འཁོར་བའི་ལམ། །རྟོགས་པའི་དུས་ན་དེ་ཉིད་ཡིན། །ཀུན་རྫོབ་དང་ནི་དོན་དམ་དུ། །

(༢༤༤)དབྱེར་མེད་ལོངས་སྤྱོད་ཆེན་པོ་ཡིན། །སློབ་མའི་ཞིང་དང་བླ་མའི་ཞིང་། །རང་གི་ཆོས་ལྡན་དང་པོ་ཡིན། །དུར་ཁྲོད་རྣམ་པ་གཉིས་དག་ནི། །གསོལ་བཏབ་པས་ནི་སྨིན་བྱེད་ཡིན། །ཚནྡྷོ་ཧ་དང་ཉེ་ཚནྡྷོ། །ཏིང་ངེ་འཛིན་དང་གོམས་བྱེད་ཡིན། །གནས་གཉིས་དག་གི་དབྱེ་བ་ནི། །སྣང་བ་རྟོགས་ཤིང་སེམས་སྐྱོང་ཡིན། མདུན་པ་དང་ནི་ཉེ་མདུན་པ་དང་།། །བརྟུལ་ཞུགས་རེ་དོགས་གཉིས་མེད་ཡིན། །ཕྱོགས་སུ་འཛིན་པ་ཀུན་སྤངས་ཏེ། །ཕྱོགས་མེད་མ་བཅོས་མཆོག་ཏུ་བསྟན། །སྒྲོ་སྐུར་མེད་པས་སྙིང་པོའི་སྐུ། །རྟེན་མེད་པས་ནི་ཀུན་མཁྱེན་ངང་། །ཤེས་རབ་རྟོགས་པ་མེད་མི་ཤེས། །འབྲས་བུའི་ལུས་ནི་ཐ་མལ་སེམས། །སྐྱེ་ངན་དོན་མེད་རང་དགར་བཏང་། །གཉིས་སུ་མེད་པ་གཉིས་ཟུང་འཇུག །འབྲས་བུ་སྐུ་བཞི་རྒྱུད་ལ་གནས། །བ་མ་མཆོད་previous hit ་སྔོན་སོང་བས། །སྤྱོད་སོགས་ཚུལ་ནི་བསྡམས་ནས་ཀྱང་། །ཐུགས་དགོངས next hit་པར་ནི་གསོལ་བཏབ་ནས། །སྐྱབས་སུ་འགྲོ་དང་སེམས་སྐྱེད་ཅིང་། །དོན་ཉིད་ལ་ནི་འགོད་པར་བྱ། །གནས་ནི་ཤིན་དུ་གཏར་བ་ལ། །མཆོད་པའི་གནས་དང་རྒྱན་བཀོད་ནས། །ས་སྦྱངས་ནས་ནི་ཐིག་ལེ་དགོད། །དམ་ཚིག་ཡེ་ཤེས་གཉིས་མེད་ལ། །ཕྱག་རྒྱ་བཞི་ཡིས་རྒྱས་བཏབ་ནས། །ཕྱག་འཚལ་མཆོད་དང་བཤགས་པ་དང་། །ཡི་རང་བསྐུལ་དང་གསོལ་བ་གདབ། །སྔོ་བ་མ་ལུས་རྫོགས་བྱ་བ། །ལུས་འབུལ་བ་དང་ལམ་ལ་འགོད། །ཐུན་མོང་མཆོག་གི་སྨོན་ལམ་གདབ། །བླ་མེད་རྒྱུད་ནི་རྒྱུད་ཆེན་པོ། །སྙིང་པོའི་རྒྱུད་ནི་བླ་མེད་པ། །ངོ་བོ་རྒྱུ་མཚོན་དབྱེ་བ་དང་། །མཚན་ཉིད་ཐམས་ཅད་ས་དང་ལམ། །རྟོགས་བྱ་རྣམས་དང་གྲངས་བདུན་གྱིས། །མདོ་སྡེ་རྒྱུད་དང་རྣམ་གནས་ཡིན། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཡིན། །བློ་མ་ཞུགས་པའི་དེ་ཉིད་དབྱིངས། །ངོ་བོ་ཉིད་ཅིག་འབྲས་བུ་ནི། །རྒྱུན་མི་ཆད་ཕྱིར་

(༢༤༥)རྒྱུད་ཉིད་ཡིན། །རྒྱུད་དང་ཐབས་དང་འབྲས་བུའི་རྒྱུད། །ཉེ་བ་དང་ནི་རིང་བ་དང་། །ས་བོན་ཙམ་དུ་གནས་པ་ལ། །རིན་ཆེ་བ་དང་རྙེད་དཀའ་དང་། །ཕན་འདོགས་མི་མཐུན་གནོད་པ་སེལ། །དགའ་བ་བསྐྱེད་པའི་ཕྱིར་ན་མཆོག །རབ་དང་འབྲིང་དང་ཐ་མ་ནི། །པདྨ་པད་དཀར་ཨུཏྤ་ལ། །དམ་ཚིག་བརྟན་ཞིང་གཞན་དོན་འཛིན། །རྒྱུད་མྱོང་པ་ནི་དང་པོ་ཡིན། །རྩ་བ་མེད་ཅིང་རང་དོན་གཉེར། །དམ་པའི་ཞལ་སྤངས་གཉིས་པ་ཡིན། །གཞི་མི་གནས་ཤིང་འཇིག་རྟེན་ཆགས། །ཉོན་མོངས་འདུལ་དཀའི་བྱེ་ལ་འདྲ། །གསུམ་པ་དག་ཏུ་ཤེས་པར་བྱ། །རྩ་བ་སྤངས་ཤིང་ང་རྒྱལ་ཆེ། །གསང་རྫོགས་སྨྲ་བ་མང་བ་དང་། །འབྲས་བུའི་དམིགས་པ་ཉིད་སྤངས་པ། རྒྱུ་བའི་རྒྱུད་ནི་གསུམ་པ་ནི། །ཧེ་ནི་རྒྱུ་སོགས་མེད་པ་སྟེ། །རྒྱུ་ཡིས་ཚོགས་པ་པ་ཚོགས་ཀུན། །དབྱེར་མེད་ལྷན་ཅིག་སྐྱེས་པའོ། །ཀ་ནི་གང་དུའང་མི་གནས་ཤིང་། །སྐུ་ལྔ་ཡོངས་རྫོགས་ཧེ་རུ་ཀ །རྒྱལ་བའི་དཀྱིལ་འཁོར་རང་ལ་རྫོགས། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ། །གདུལ་བྱ་ལ་ནི་ཤིན་དུ་སྣང་། །རྒྱུད་ཀྱི་འབྲས་བུ་ཤེས་པར་བྱ། །ཐབས་ནི་བྱ་སྤྱོད་རྣལ་འབྱོར་དང་། །བླ་མེད་དང་ནི་སྙིང་པོའི་རྒྱུད། །རིམ་པ་རྣམ་པ་ལྔར་བརྗོད་པ། །ཕྱག་རྒྱ་བཞིར་ནི་བསྡུས་བྱས་ཡིན། །རིམ་པ་གཉིས་པོ་ཆེར་ལྡན་པ། །མཚན་ཉིད་དུ་ནི་རིག་པ་ཡིན། །ཨེ་ཝཾ་རྩ་བ་ལས་སྐྱེས་པའི། །དབྱངས་དང་གསལ་བྱེད་གསུང་རབས་ཚོགས། །སྒྲ་དོན་སྤྱི་ཡི་རྣམ་པ་ནི། །དེ་ཉིད་རྒྱུད་དུ་སྦྱར་བར་བྱ། །བོ་ལ་དང་ནི་ཀ་ཀཽ་ལ། །དབྱིངས་ཀྱི་ཐིག་ལེ་ཉིད་ཅན་ལ། །དོན་གྱི་ཡེ་ཤེས་མཚོན་བྱེད་པ། །རབ་འབྲེལ་པ་ནི་དེ་བཞིན་རྒྱུད། །བློ་ནི་ངོ་བོ་ལ་བཞག་ནས། །དེ་ཉིད་ནམ་མཁའ་ལྟར་གནས་པ། །སྙིང་རྗེ་དོན་

(༢༤༦)གྱི་རང་བཞིན་གྱིས། །བསམ་དུ་མེད་པ་རྒྱུད་ཆེན་པོ། །སྨིན་ལམ་དང་ནི་གྲོལ་ལམ་གྱི། །ལམ་གྱི་རྒྱུད་ནི་རྒྱུད་གཅིག་པས། །དངོས་པོ་དང་ནི་དངོས་མེད་ལས། །གཉིས་དང་གཉིས་མེད་རབ་འཕེལ་བས། །གཅོད་བྱེད་ཕྱོགས་མེད་ཞི་བ་ཅན། །ལས་ཆེན་པོར་ནི་རབ་ཏུ་བརྟགས། །རྟོགས་བྱ་སྙིང་པོ་རྒྱུད་ཡིན་ཏེ། །རྣམ་གསུམ་རྒྱུད་ནི་རྟོགས་བྱེད་དོ། །ཨེ་ལུས་ངག་ཡིད་གསུམ་དག་པ། །བྱང་ཕྱོགས་ནས་ནི་དེས་པར་འབྱུང་། །རྟོག་པ་རྣམས་ནི་ཤེས་བྱས་ནས། །རྗེས་སུ་འགྲོ་བ་དེ་བཞིན་འགྱུར། །ཝཾ་ཁྱད་པར་ཁྱད་པར་གོམས་པ་ལས། །དྲི་མ་རྣམས་ནི་དག་ནས་ཀྱང་། །དེ་ཡི་ཡེ་ཤེས་ཆེ་མཐོང་ནས། །འབྲས་བུ་བླ་ན་མེད་པའོ། །མ་དཀྱིལ་འཁོར་དཀྱིལ་འཁོར་བླ་མེད་པ། །དམ་ཚིག་དང་ནི་དཀའ་ཐུབ་ལས། །ངེས་པར་འབྱུང་ཞིང་དམ་བཅས་པའི། །སེམས་ནི་རྡོ་རྗེ་ལྟ་བུར་གནས། །ཡ་སྙིང་རྗེ་དང་ནི་ཤེས་རབ་ཆེ། །དབྱེར་མི་ཕྱེད་ཀྱི་ལམ་ཉིད་ནི། །ཐེག་པ་ཆེན་པོ་ཉིད་ཡིན་ཕྱིར། །དམ་བཅས་ནས་ནི་གཏོང་མི་བྱ། །ཨེ །སྐྱེད་པ་དང་ནི་རྫོགས་པའི་རིམ། །རིམ་པ་གཉིས་ཀྱི་རང་བཞིན་ནི། །དམན་དང་རབ་ཀྱི་ཁྱད་པར་གྱིས། སེམས་སྦྱོང་བ་ནི་རྡོ་རྗེ་འཛིན། །ཝཾ་རང་དང་གཞན་གྱི་དོན་རྣམས་ནི། །རྩ་བ་དམ་པ་རྣམས་ལས་བྱུང་། །ཕུན་སུམ་ཚོགས་པའི་རྒྱན་དག་ལས། །འབྲས་བུ་རྣམས་ཀྱི་སྟོབས་བསྐྱེད་ཡིན། །མ་ཞི་བ་དང་ནི་རྒྱས་པ་དང་། །དབང་དང་དྲག་པོ་དགུག་དང་བསྐྲད། །གནན་པ་དང་ནི་གཟིར་བ་རྣམས། །དམིགས་པ་བརྟན་པ་ལས་ནི་འབྱུང་། །ཡ་གསང་སྔགས་ཐེག་པའི་འགྲོ་རྣམས་ཀྱིས། །བླ་མ་ལ་ནི་རྟེན་བཅས་ནས། །རིམ་པ་གསུམ་གྱིས་གོ་བྱས་ལ། །འབད་དང་རྩོལ་བས་འབྲས་བུ་འབྱུང་། །ཨེ་དབང་ཐོབ་པ་དང་དམ་ཚིག་དང་། །ཕྲིན་ལས་དང་ནི་རྣལ་འབྱོར་སེམས། །མན་ངག་མཆོག་

(༢༤༧)ནི་ཆེར་ལྡན་པ། །རྣལ་འབྱོར་རྒྱུད་ཀྱི་རྩ་བ་ཡིན། ཝཾ་བསོད་ནམས་ཚོགས་ནི་རབ་བསགས་ནས། །སྡིག་དང་སྒྲིབ་པ་གྲོལ་བྱ་སྟེ། །རང་གི་ལྷག་པའི་ལྷར་དམིགས་ནས། །རིག་པའི་སྔགས་ཀྱང་བཟླས་པར་བྱ། །མ་ལུས་བྱིན་གྱིས་བརླབས་ནས་ཀྱང་། །འཁོར་ལོའི་ལྷ་ཚོགས་གསལ་སྒོམས་ནས། །བྱིན་གྱི་བརླབ་དང་བསྒྲུབ་བྱ་བ། །འདི་ནི་བདག་ཉིད་ཆེན་པོ་ཡིན། ཡ། །དང་པོ་བྱང་ཆུབ་སེམས་སྐྱེད་ནས། །སེམས་ནི་སོ་སོར་བརྟག་བྱས་ལ། །མཐའ་ཡས་གོ་གཅིག་རབ་ཤེས་ན། །དབྱེར་མེད་ཡེ་ཤེས་བསྒོམ་པར་བྱ། །ཨེ་ཚད་དང་ལྡན་པའི་ཤེས་རབ་ལ། །རྐྱང་མ་ཡི་ནི་རྩ་གནས་པ། །བདེ་བའི་ཡེ་ཤེས་རྨད་པོ་ཆེ། །གཞིར་བཞག་པ་ནི་ངོ་མཚར་ཡིན། །ཝཾ་སྣ་ཚོགས་སྣང་བའི་ཆོས་ཇི་རྙེད། །ལྷན་ཅིག་སྐྱེས་པའི་རོ་རྟོགས་ནས། །ཆོས་རྣམས་མཐོང་བ་ཅིག་ཀྱང་མེད། །མ་མཐོང་བ་ཉིད་དེ་མཐོང་ཡིན། །མ་ཀུན་གྱི་འབྲས་བུ་ཅི་ཡང་མེད། །ཕྱག་རྒྱ་ཆེན་པོ་ཡིད་བྱེད་མེད། །གང་ལ་ཡང་ནི་མི་གནས་པ། །རྟགས་པ་མེད་པ་འབྲས་བུའི་ལུས། །ཡ་ཉམས་སུ་མྱོང་བའི་ཁྱད་པར་གྱིས། །རྒྱུད་ཉིད་ཁྱད་པར་ཁྱད་པར་ལས། །རང་རྒྱུད་ཕུན་སུམ་ཚོགས་པ་དང་། །རྒྱུན་ཆད་མེད་པ་དམ་ཚིག་ཆེ། །ཨེ་ལྟེ་བ་སྤྲུལ་པའི་འཁོར་ལོ་ལ། །གཟི་བརྗིད་གཏུམ་མོ་གནས་པ་དང་། །སྤྲུལ་པའི་སྐུ་ཡི་ཡེ་ཤེས་ཆེ། །དེ་བཞིན་ཤེགས་པ་ཐམས་ཅད་ཀྱི། །ལྷན་ཅིག་སྐྱེས་པ་བསམ་གྱིས་མི་ཁྱབ་པ། །སྐུ་གསུམ་ལྷུན་གྱིས་གྲུབ་པ། །ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་ཕ་རྒྱུད་མ་རྒྱུད། ཐབས་དང་ཤེས་རབ་དབྱེར་མེད་པའི་རྒྱུད་སྡེ། རྣལ་འབྱོར་ཆེན་པོ་གསར་མའི་རྒྱུད་སྡེ་གྲངས་ཅན་དང་གྲངས་མེད་རྣམས་ཀྱི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་རྡོ་རྗེ་རིགས་ཀྱི་གནས་

(༢༤༨)ལུགས་བཞིའི་དཀྱིལ་འཁོར་དུ། ཨེ་ཝཾ་བཞི་དང་ཨ་ཧཾ་གཉིས་དང་ཕྱག་རྒྱ་བཞི་དང་རིམ་པ་ལྔ་ལ་སོགས་ཏེ། །རྩ་གསུམ་འཁོར་ལོ་བཞིའི་ཕོ་བྲང་དུ་དགའ་བ་བཞི་དང་ས་བོན་ལྔ་ལ་སོགས་ཏེ། ཐབས་དང་ཤེས་རབ་དབྱེར་མེད་དུ་སྦྱོར་བ་ལས། རྩ་རླུང་བྱང་ཆུབ་སེམས་ཀྱི་རྟེན་འབྲེལ་གྱིས་མི་ཚེ་གཅིག་ལ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར། བདེ་མཆོག་དགྱེས་རྡོར་གསང་འདུས་ལ་སོགས་པ་ལྷ་ཚོགས་ཐམས་ཅད། གདོད་མ་ནས་རང་ཉིད་ཡིན་པ་ལ་ཐབས་དང་ཤེས་རབ་དབྱེར་མེད་པས་ཉོན་མོངས་པ་ལམ་དུ་སློང་ཞིང་། དཀྱིལ་འཁོར་ཐམས་ཅད་རང་ལ་རྫོགས་པའི་ཕྱི་དང་ནང་དང་གསང་བ་དེ་ཁོ་ན་ཉིད་དང་ཕུན་སུམ་ཚོགས་པ་ལྔའི་གཞུང་མདོར་བསྡུས་པ་བསྟན་པའོ། །དེ་ལྟ་བུའི་དོན་གོམས་ཤིང་མཐར་ཕྱིན་ན། ཉམས་སྣ་ཚོགས་ཐུན་མོང་དང་། ཐུན་མོང་མ་ཡིན་པ་རྒྱུད་ལ་མི་འཆར་ཁ་མེད་པའི་ཕྱིར་ན། །དེའི་དུས་སུ་གསང་བ་སྔགས་ཀྱི་སྤྱོད་པ་དགོས་ཏེ། །བདེ་མཆོག་འཁོར་བཞི་རྒྱུད་ལས་ཀྱང་། དང་པོ་བྱང་ཆུབ་སེམས་ཀྱི་རོ་མྱོང་ནས། གཉིས་པ་རིག་པའི་སྤྱོད་པ་བྱ། །རིག་པའི་བརྟུལ་ཞུགས་སྤྱད་པ་ནི། །ལྷན་སྐྱེས་ཡེ་ཤེས་དགག་སྒྲུབ་མེད། །ཆུ་བོ་ལྟ་བུའི་ཉམས་སྐྱེས་ནས། །ཚོགས་ཀྱི་སྤྱོད་པ་ཅི་བབདེར་བྱ། །སྨྱོན་པ་ལྟ་བུའི་དོན་རྟོགས་ནས། །ཕྱོགས་མེད་རྣམ་རྒྱལ་རང་བཞིན་སྤྱོད། །དེ་ལྟར་རྟོགས་པ་མཐར་ཕྱིན་ན། །དེ་ཁོ་ན་ཉིད་ཀྱི་སྤྱོད་པ་སྟེ། །སྤྱོད་བྱ་སྤྱོད་བྱེད་མ་གྲུབ་ཅིང་། །ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས། །སངས་རྒྱས་སྐུ་གསུམ་རང་ལ་རྫོགས། །རྣལ་འབྱོར་ཆེན་པོ་གསར་མ་ཡི། །previous hit དགོངས next hit་འབྲས་བུ་མཐར་ཕྱིན་པ། །ཐེག་བདུན་ཡེ་ཤེས་ལྔ་ཡི་གཙོ། །རྡོ་རྗེ་འཆང་དང་previous hit དགོངས next hit་མཉམ། ཞེས་གསུངས་པའི་ཕྱིར་རོ། །ལྷན་ཅིག་སྐྱེས་

(༢༤༩)པའི་ཡེ་ཤེས་རྣལ་འབྱོར་ཆེན་པོ་གསར་མའི་ཕུན་སུམ་ཚོགས་པ་རྣམ་པ་ལྔའི་སྒྲ་དོན་ངོ་བོ་མཚན་ཉིད་རང་བཞིན་ཕྱོགས་མེད་དུ་རྟོགས་ཀྱང་། གོམས་པ་དང་འདྲིས་པ་མཐར་མ་ཕྱིན་གྱི་བར་དུ་རི་ཁྲོད་དང་དུར་ཁྲོད་གྲུབ་པའི་གནས་དང་དབེན་པའི་གནས་སུ་རིག་པ་རྩལ་སྦྱང་ཞིང་། མཐུན་རྐྱེན་བསོད་ནམས་ཀྱི་ཚོགས་མཐར་ཐུག་པ་ཚོགས་ཀྱི་འཁོར་ལོ་དང་། ཐབས་དང་ཤེས་རབ་དབྱེར་མེད་པའི་གོམས་འདྲི་མཐར་མ་ཕྱིན་གྱི་བར་དུ་བརྩོན་གྲུས་དར་དྲག་ལ་ཡུན་རིང་དུ་སྒོམ་པ་ནི་གསང་སྤྱོད་བྱ་བ་ཡིན། རིག་སྤྱོད་བྱ་བ་ནི་སྐྱེ་བ་མེད་པའི་དོན་རྟོགས་ཀྱང་འགག་པ་མེད་པའི་རྩལ་སྦྱང་། རོ་སྙོམས་ཀྱི་སྤྱོད་པ་གླང་པོ་ཆེ་སྨྱོན་པ་ལྟ་བུར་འཁྲི་བ་གཅོད་པ་ནི། ཉོན་མོངས་པ་དང་རེ་དོགས་དང་གཟུང་འཛིན་དང་ཆགས་སྡང་བདེ་སྡུག་རྩོལ་སྒྲུབ་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་མ་བྲལ་བར་འཁྲི་བ་བཅད་པའོ། །ཚོགས་སྤྱོད་བྱ་བ་ནི། དུས་གསུམ་དུས་མེད་ཐམས་ཅད་དུ་ཆོས་ཀྱི་དབྱིངས་རབ་འབྱམ། རྟོགས་པ་རབ་འབྱམ་རྒྱ་མཚོ་མཐའ་ཡས་སྐུ་གསུམ་ཡེ་ཤེས་ལྔ་དང་ལྡན་པའི་previous hit དགོངས next hit་མཐར་ཕྱིན་པའི་དུས་སུ། རང་དོན་དང་གཞན་དོན་སངས་རྒྱས་དང་སེམས་ཅན་ཐེག་པ་ཆེ་ཆུང་གི་ས་མཚམས་གང་ཡང་མེད་པར་སྐུ་གསུམ་ལྷུན་གྱིས་གྲུབ་པའི་དུས་སུ། previous hit དགོངས next hit་མཐའ་ཡས་པ་ཏེ། རྩོལ་བསྒྲུབ་སྤོང་ལེན་གང་གིས་ས་མཚམས་མེད་པའི་ཕྱིར་ན། རྩོལ་བ་དང་བསྒྲུབ་པ་མེད་པར་ཕྱོགས་བཅུའི་ཞིང་ཁམས་སུ་འབྲེལ་པ་དང་ལྡན་པ་རྣམས་ཀྱི་སྣང་པ་ལ་ཕྲིན་ལས་སྣ་ཚོགས་པ་འགྲོ་དོན་ཤུགས་ལས་འབྱུང་བར་འགྱུར་རོ། །དབང་པོ་ཡང་རབ་ཐེག་པ་བདུན་གཅིག་ཏུ་རྫོགས་པ་ཡིས། ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་སྡེ་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པ་རྣམ་པ་ལྔའི་སྒྲ་དང་དོན་ཕྱོགས་མེད་དུ་རྟོགས་

(༢༥༠)ཤིང་། མི་ཚེ་གཅིག་ལ་རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད། སྐུ་གསུམ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར། བདེ་མཆོག་དགྱེས་རྡོར་གསང་འདུས་ལ་སོགས་པ། གསང་སྔགས་གསར་མའི་དཀྱིལ་འཁོར་ཐམས་ཅད། གདོད་མ་ནས་རང་ཉིད་ཡིན་པར་རང་ངོ་ཤེས་ཤིང་རང་ལ་རྫོགས་པའི་བར་སྐབས་བསྟན་པའོ། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལ་ཕྱག་འཚལ་ལོ། །རྒྱ་གར་སྐད་དུ། མ་ཧཱ་ཡོ་ག་སྟེ། བོད་སྐད་དུ། རྣལ་འབྱོར་ཆེན་པོ་ཞེས་ཀྱང་བྱ། རྣལ་འབྱོར་བླ་ན་མེད་པའི་གསར་མའི་ཐེག་པ་ལས། སྟོན་པ་མཐར་ཐུག་པ་གསང་སྔགས་གསར་མའི་ཕ་རྒྱུད་མ་རྒྱུད་རྣམས་ཡིན། གསང་བའི་གནས་མཐར་ཐུག་པ་སྐུ་གསུམ་ལྷུན་གྱིས་གྲུབ་པ་བཙུན་མོའི་བྷ་ག་ཆོས་ཀྱི་དབྱིངས་འོག་མིན་གྱི་གནས་ཡིན། ལམ་མཐར་ཐུག་པ་ཐབས་དང་ཤེས་རབ་དབྱེར་མེད་པའི་ལམ་ཡིན། དབང་མཐར་ཐུག་པ་བུམ་པའི་དབང་ལ་བཞིར་དབྱེ་བ་དང་། །གསང་བའི་དབང་ལ་བཞིར་དབྱེ་བ་དབང་བདུན་གྱི་འབྲས་བུ་བརྒྱད་གཅིག་ཏུ་རྫོགས་པ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དབང་མཐར་ཕྱིན་པ་ཡིན། དུས་ཁྱད་པར་དུ་འཕགས་པ་གསང་སྔགས་རྡོ་རྗེ་ཐེག་པ་གསར་མའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་འབྱུང་བའི་དུས་ཡིན་ཏེ། ལམ་ཐག་ཤིན་དུ་ཉེ་བ་དབང་པོ་ཡང་རབ་མི་ཚེ་གཅིག་གམ་ཟླ་བ་དྲུག་གམ། སྐད་ཅིག་མ་ཉི་ཤུ་རྩ་གཅིག་གིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པར་བཞེད་པ་སྟེ། དབང་པོ་རབ་འབྲིང་ཐ་མ་གསུམ་ཀྱིས་རྟོགས་བྱར་བཞེད་པའོ། །དེའི་ཕྱིར་ན། རྣལ་འབྱོར་ཆེན་པོ་གསར་མ་དང་རྒྱུད་སྡེ་གྲངས་མེད་པ་གཅིག་གསུངས་ཀྱང་། ཐབས་གཙོ་བོར་སྟོན་པ་ཕའི་རྒྱུད་དང་། ཤེས་རབ་གཙོ་བོར་སྟོན་པ་མའི་རྒྱུད་ཡིན་པ་ལས། ཕ་རྒྱུད་

(༢༥༡)ཐམས་ཅད་རིམ་པ་ལྔ་ཡིས་སྟོན་ཅིང་། མ་རྒྱུད་ཐམས་ཅད་ཕྱག་རྒྱ་བཞིས་གཏན་ལ་འབེབས་པ་ལས། ལྔ་དང་བཞི་གཉིས་གཅིག་ཏུ་སྦྱོར་བ་ལས། །ཐབས་དང་ཤེས་རབ་དབྱེར་མེད་པའི་རྒྱུད་ཅེས་བྱ་བ་ནི་ཐབས་ཀྱི་རྒྱུད་ལས་སྐྱེད་པའི་རིམ་པ་དང་། སེམས་དབེན་གྱི་རིམ་པ་དང་། འོད་གསལ་གྱི་རིམ་པ་དང་། སྒྱུ་ལུས་ཀྱི་རིམ་པ་དང་། རྡོ་རྗེའི་བཟླས་པའི་རིམ་པའང་ལྔའོ། །ཤེས་རབ་ཡེ་ཤེས་ཀྱི་རྒྱུད་ལས་ཆོས་ཀྱི་ཕྱག་དང་། ལས་ཀྱི་ཕྱག་རྒྱ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་སྟེ། འདི་གཉིས་གཅིག་ཏུ་སྦྱོར་བ་ལས། རྣལ་འབྱོར་ཆེན་པོའི་ཐབས་དང་ཤེས་རབ་དབྱེར་མེད་པར་ལམ་བསྒྲོད་ནས། ཟབ་མོའི་ཐབས་ལམ་སྨིན་པ་དང་གྲོལ་བ་དབང་གི་ལམ་བྱ་བ་ཡིན། གསང་སྔགས་གསར་མའི་ཕ་རྒྱུད་མ་རྒྱུད་རྣལ་འབྱོར་བླ་ན་མེད་པའི་ཐེག་པ་ལས་འཕྲོས་པ། ཐབས་དང་ཤེས་རབ་དབྱེར་མེད་རྒྱ་མཚོ་མཐའ་ཡས་ལ། ས་གཅོད་མདོར་བསྡུས་པའི་བར་སྐབས་དང་པོའོ། །རྡོ་རྗེ་འཆང་ཆེན་ས་ར་ཧ། །ཅིག་ཅར་རྟོགས་པའི་ནཱ་རོ་པ། །སངས་རྒྱས་སྐུ་ལྔ་གསང་བའི་མཛོད། །སྐད་ཅིག་ཙམ་གྱིས་རྟོགས་པ་ལ། །རིམ་ལྔ་ཕྱག་རྒྱ་བཞི་དག་གི། །ཐབས་དང་ཤེས་རབ་ས་མཚམས་མེད། །གཤིས་ལྔ་རྟོགས་པ་ཡེ་ཤེས་ལྔ། །ཡུལ་དང་ཡུལ་ཅན་རིགས་ལྔ་ཡབ་ཡུམ་སྟེ། །རྒྱལ་བའི་དཀྱིལ་འཁོར་མཐའ་ཡས་ཀྱང་། །སྐད་ཅིག་རྟོགས་པའི་དཀྱིལ་འཁོར་དུ། །རྒྱལ་བ་རྒྱ་མཚོ་རང་ཉིད་ཡིན། །ཕྲིན་ལས་རབ་འབྱམ་སྣ་ཚོགས་ཀྱང་། །རྩོལ་བསྒྲུབ་མེད་པར་ལྷུན་གྱིས་གྲུབ། །རྟོགས་པ་རབ་འབྱམས་མཐའ་ཡས་པ། །རང་བྱུང་ཡེ་ཤེས་མཐའ་དབུས་མེད། །སྐུ་ལྔ་ཡོངས་སུ་རྫོགས་པ་ཡི། །སངས་རྒྱས་སྐད་ཅིག་ཉིད་ལ་རྫོགས། །རང་བྱུང་དབྱིངས་ཀྱི་རྡོ་རྗེ་ཡིས། །ཀུན་མཁྱེན་ཐུགས་ལ་

(༢༥༢)ཁྲི་གདུགས་ཤར། །རྒྱུ་འབྲས་དུས་མཚུངས་ཡོངས་རྫོགས་པས། །རྒྱུ་འབྲས་གཞན་ནས་ཐོབ་ཏུ་མེད། །ནཱ་རོ་བརྒྱུད་པའི་བྱིན་རླབས་ཀྱིས། །རང་བྱུང་རྡོ་རྗེའི་རྟོགས་ཚུལ་ཡིན། །ཅིག་ཅར་རྟོགས་པའི་ས་ར་ཧ་དང་ཏཻ་ལོ་བརྒྱུད་པའི་རང་གིས་རང་ཉིད་རྟོགས་པའི་རང་བྱུང་ཡེ་ཤེས་ཀྱི་བར་སྐབས་དང་པོ་ལགས་སོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པར་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ་ལས། མ་རྟོགས་པ་དང་ལོག་པར་རྟོགས། །previous hit དགོངས next hit་འདུལ་བ་གསང་བ་དང་། །ཕྱོགས་རྟོགས་ཡན་ལག་ཉིད་མ་རྟོགས། །དོན་དམ་འདི་ལ་ཐེ་ཚོམ་ཟ། །ཞེས་གསུངས་པའི་ཕྱིར་ན། ལུང་འདིས་ངར་འཛིན་པའི་ལྟ་བ་ཉི་ཤུ་རྩ་གཅིག་ལ་མ་ཁྱབ་པ་མེད་པའི་ཕྱིར་ན། བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་ལུང་གི་རྩ་བ་འདི་ལ་ཐུག་པ་ཡིན་པས། སྐབས་འདིར་ནི་གསང་པ་ཞེས་བྱ་བའི་སྒྲ་དང་དོན་སྟོན་པ་ཡིན་པ་ལས། གསང་བ་ཡང་གཉིས་ཡིན་ཏེ། གསང་སྔགས་སྙིང་པོའི་ཐེག་པ་ལས་སྒྲུབ་པ་བཀའ་བརྒྱད་དང་། རྒྱུད་སྡེ་བཅོ་བརྒྱད་ཀྱི་འབྲེལ་ཚུལ་ལས་བསམ་གྱིས་མི་ཁྱབ་པ་གཞན་ནས་སྟོན་པའི་ཕྱིར་ན། འདི་ན་མི་སྤྲོ་ཞིང་མི་སྟོན་པའོ། །གསང་སྔགས་གསར་མའི་ཐེག་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་། ལུང་དང་མན་ངག་ལས། འོག་མིན་ཀྱི་གནས་དང་། མཁའ་འགྲོའི་གནས་དང་། རིག་འཛིན་གྱི་ཐུགས་དང་། མིའི་ཡུལ་དུ་བྱོན་པ་ལས། གྲངས་ཅན་དང་གྲངས་མེད་བསམ་གྱིས་མི་ཁྱབ་པ་བཞུགས་ན་ཡང་། འཛམ་བུའི་གླིང་ངམ་བོད་ཀྱི་ཡུལ་དུ་བྱོན་པ་ལས། །ཐབས་ཀྱི་རྒྱུད་དང་། ཤེས་རབ་ཀྱི་རྒྱུད་དང་། ཐབས་དང་ཤེས་རབ་དབྱེར་མེད་པའི་རྒྱུད་གྲངས་ཅན་ཅུང་ཟད་ཅིག་བྱོན་ཞིང་འགྱུར་བ་སྟེ། དེ་ཡང་སངས་རྒྱས་ཐམས་ཅད་དང་། ཧེ་རུ་ཀ་རྣམས་དང་

(༢༥༣)སེམས་དཔའ་དང་། སེམས་མ་དང་། དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་རང་བཞིན་གྱིས་འདུས་པ་དང་། ངོ་བོ་ཉིད་ཀྱིས་འདུས་པ་དང་ཆོས་ཀྱི་སྐུར་འདུས་པ་དང་། ལོངས་སྤྱོད་རྫོགས་པའི་སྐུར་འདུས་པ་དང་། སྤྲུལ་པའི་སྐུར་འདུས་པ་སྟེ། གང་ཟག་དབང་པོའི་བྱེ་བྲག་གིས་སྣང་ཚུལ་ལས་འདུས་ལུགས་བསམ་གྱིས་མི་ཁྱབ་པ་སྣང་ན་ཡང་། །སྐབས་འདིར་དཔལ་གསང་བ་འདུས་པ་ཐབས་ཀྱི་རྒྱུད་དགྲ་ནག་འཇིག་བྱེད་ཆ་ལག་དང་བཅས་པའི་རྒྱུད་སྡེ་གྲངས་མེད་པ་གཅིག་འོག་མིན་གནས་དང་མཁའ་འགྲོའི་གནས་ན་བཞུགས་ཀྱང་། བོད་ཀྱི་ཡུལ་དུ་ཅུང་ཟད་ཙམ་ཅིག་བྱོན་ཞིང་འགྱུར་བ་སྟེ། དེ་ལ་གསང་བ་འདུས་པ་འདི་ཡིན་པ་གསང་སྔགས་གསར་མའི་ཐབས་ཀྱི་རྒྱུད་ཡིན་པ་ལས། སྙིང་པའི་རྒྱུད་དུ་བཞེད་པ་ཡང་ཡོད། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བཞུགས་པའི་དུས་སུ། ཨིནྟྲ་བྷུ་ཏི་ལ་སྡེ་སྣོད་གསུམ་གྱི་ཆོས་བསྟན་པའི་དུས་སུ། རྒྱལ་པོ་དེ་ལ་མ་དད་ནས་ཨིནྟྲ་བྷུ་ཏིས་འདི་སྐད་དུ། གཏུམ་པའི་ཚལ་ནི་ཉམས་དགའ་བར། །ཝ་ནི་སེང་གེར་གྱུར་ཀྱང་སླ། །འདོད་ཡོན་སྤངས་པའི་སངས་རྒྱས་ནི། །འགོའུ་རམ་ནམ་ཡང་མི་འདོད་དོ། །ཞེས་གསུངས་ནས་རིན་པོ་ཆེ་སྣ་བདུན་ལ་སོགས་པ་རྒྱལ་སྲིད་ལོངས་སྤྱོད་འདི་རྣམས་བདག་གིས་སྤང་མི་ནུས་ཀྱི། འདི་ལ་སྤངས་པར་ཐབས་དང་ཤེས་རབ་དབྱེར་མེད་ལམ་དུ་ཁྱེར་ནས་སངས་རྒྱས་པའི་ཐབས་ཡོད་ན། དེ་བཙུན་མོ་སྲས་དང་བཅས་པ་ཁྱེད་ཀྱི་བསྟན་པ་ལ་འཇུག་གོ་ཞེས་གསུངས་སོ། །དེའི་ཚེ་དེའི་དུས་ན། ཤཱཀྱ་ཐུབ་པས། འདུལ་བའི་དུས་ལ་བབ་པར་previous hit དགོངས་ནས། སྐད་ཅིག་ཙམ་

(༢༥༤)གྱིས་ཐུབ་ next hit་ཆེན་པོ་ཉིད་ཞེ་སྡང་རྡོ་རྗེ་ཉིད་དུ་སྤྲུལ་ནས། རིགས་ལྔ་ཡབ་ཡུམ་བཅུའི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་དང་མཉམ་པར། གཞལ་ཡས་ཁང་རང་བཞིན་གྱིས་ལྷུན་གྱིས་གྲུབ་པ་འོག་མིན་གྱི་གནས་བདེ་བ་ཅན་གྱི་ཕོ་བྲང་དུ་བྱིན་གྱིས་བརླབས་ཤིང་། འཁོར་དགེ་སློང་གི་དགེ་འདུན་དགྲ་བཅོམ་པ་དང་རང་སངས་རྒྱས་ཀྱིས་ཚོགས་དང་བཅས་པ་རྣམས་ཀྱང་། དཔའ་བོ་མཁའ་འགྲོ་དང་བྱང་ཆུབ་སེམས་དཔའ་དང་སེམས་མའི་ཚོགས་སུ་བྱིན་གྱིས་བརླབས་པ་སྟེ། རྒྱལ་པོ་འཁོར་དང་བཅས་པ་ལ་དཀྱིལ་འཁོར་གྱི་ལྷ་ཚོགས་དག་པའི་སྣང་བར་བསྟན་པ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་རྣམས་རྫོགས་བསྐུར་ཞིང་། སྐད་ཅིག་དེ་ཉིད་ལ་རྒྱལ་པོ་འཁོར་དང་བཅས་པ་རྣམས། གསང་བའི་མཛོད་གསུམ་མམ་ལྔའི་དབང་ཡོངས་སུ་རྫོགས་ཤིང་རྟོགས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱི་ཞལ་ནས་ཀྱང་། ས་བོན་ཆུའི་རྒྱུན་བཞིན་དུ་ཐུར་དུ་བབ། བདག་ཏུ་འཛིན་ན་མི་རུང་ངོ་། །ཉན་ཐོས་བྱིས་པ་རྣམས་ལ་ངས་མ་བསྟན་གསུང་། དེའི་དོན་ནི། གང་ཟག་དབང་པོའི་བྱེ་བྲག་གིས་ལོག་པར་རྟོགས་པ་དང་། ཐེ་ཚོམ་ཟོས་ན་ངན་སོང་གསུམ་དང་འཁོར་བའི་སེམས་ཅན་དུ་འགྲོ་བའི་ཕྱིར་ན། ཉན་ཐོས་དགེ་འདུན་གྱི་ཚོགས་ཀྱི་གསང་བ་འདུས་པའི་དཀྱིལ་འཁོར་མ་མཐོང་ཞིང་མ་བསྟན་པའོ། །བསྟན་ཀྱང་ཐེག་པ་དམན་ཞིང་དབང་པོ་ཞན་པ་དང་། ཉན་ཐོས་ཀྱི་ཐེག་པ་ལ་ཨ་འཐབ་པའི་ཕྱིར་ན། མཐོང་ཞིང་རྟོགས་པར་ག་ན་འགྱུར། དེའི་ཕྱིར་ན་ཐུབ་པ་ཆེན་པོ་དངོས་སུ་བཞུགས་པའི་དུས་སུ་གསང་བ་འདུས་པ་སྤྲུལ་པའི་དཀྱིལ་འཁོར་དུ་བསྟན་པའི་ཕྱིར་ན། གསང་སྔགས་རྙིང་མའི་ཐབས་ཀྱི་རྒྱུད་དུ་བཞེད་པའི་དོན་དེ་ཡིན། ལུང་བསྟན་སྐྱེས་བུ་མི་བཞིའི་དབང་དུ་བྱས་ན། འཕགས་པ་ཀླུ་སྒྲུབ་སྙིང་པོ་ལོ་བཞི་བརྒྱའི་དུས་སུ་འབྱུང་

(༢༥༥)བར་གསུངས་པ་སྟེ། ཀླུ་སྒྲུབ་མ་བྱོན་གྱི་བར་དུ་གསང་སྔགས་གསར་མའི་ཐབས་ཀྱི་རྒྱུད་སྡེ་རྣམས་འོག་མིན་གྱི་གནས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་གནས་སམ། སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པ་བཙུན་མོའི་བྷ་གའི་ནུབ་ཕྱོགས་ཨོ་རྒྱན། མཁའ་འགྲོའི་གནས་ན། རང་བཞིན་གྱི་རྒྱུད་སྡེ་རྣམས་ངོ་བོ་ཉིད་དུ་གནས་པ་ལས། ཀླུ་སྒྲུབ་སྙིང་པོ་དང་གྲུབ་ཆེན་བརྒྱད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམ་པར་འཕྲུལ་པས་གསང་སྔགས་མི་ཡུལ་དུ་འབྱུང་ཞིང་གདུལ་བྱ་སྐལ་བ་དང་ལྡན་previous hit ་རྣམས་འདུལ་བའི་དུས་ལ་བབ་པར་དགོངས next hit་ནས། རིམ་དང་རིམ་གྱིས་བྱོན་ཅིང་དེའི་previous hit དགོངས next hit་དང་previous hit དགོངས་གཞི་སྒྲ་དང་དོན་གོ་ཞིང་རྟོགས་པའི་ཚུལ་བསྟན་ next hit། རིམ་གྱིས་པ་དང་ཅིག་ཅར་བའི་གྲུབ་ཐོབ་བསམ་གྱིས་མི་ཁྱབ་པ་རྣམས་བྱོན་ནས། ཕྲིན་ལས་བཞི་དང་གྲུབ་ཆེན་བརྒྱད་ཀྱིས་སྐད་ཅིག་ཙམ་གྱིས་འགྲོ་བ་ཐམས་ཅད་སྨིན་ཅིང་གྲོལ་བར་མཛད་པའོ། །དེ་རྣམས་ཐམས་ཅད་ཀྱང་ཀླུ་སྒྲུབ་སྙིང་པོའི་རྣམ་འཕྲུལ་ཏེ། ཀླུ་སྒྲུབ་སྙིང་པོ་ཤཱཀྱ་ཐུབ་པ་ཞེ་སྡང་རྡོ་རྗེ། གཏི་མུག་རྡོ་རྗེ། འདོད་ཆགས་རྡོ་རྗེ། ང་རྒྱལ་རྡོ་རྗེ། ཕྲག་དོག་རྡོ་རྗེ་ཡབ་ཡུམ་རྣམས་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམ་པར་འཕྲུལ་པའི་གསང་བ་གཅིག་ཏུ་འདུས་པ་ཀླུ་སྒྲུབ་སྙིང་པོ་ཡིན་པའི་ཕྱིར་ན། ཀླུ་སྒྲུབ་སྙིང་རྗེའི་དུས་སུ་ཐབས་ཀྱི་རྒྱུད་སྡེ་ཐམས་ཅད་དར་ཞིང་རྒྱས་པར་མཛད་པའི་ཕྱིར་ན། རྣལ་འབྱོར་ཆེན་པོ་གསར་མའི་ཐབས་ཀྱི་རྒྱུད་དཔལ་གསང་བ་འདུས་པ་ལ་གཏོགས་ཚད་ཀྱི་རྒྱུད་སྡེ་ཐམས་ཅད་རྣལ་འབྱོར་བླ་ན་མེད་པ་གསར་མའི་ཐབས་ཀྱི་རྒྱུད་ཡིན་ངེས་པ་ལགས་སོ། །རྣལ་འབྱོར་ཆེན་པོ་ཕ་རྒྱུད་ཀྱི་གླེང་གཞི་བྱུང་ཚུལ་མདོ་ཙམ་བསྟན་པའི་སྐབས་ལགས་སོ། །ཐབས་གཙོ་བོར་སྟོན་པ་ཕ་རྒྱུད་གསང་བ་འདུས་པའི་རྒྱུད་དང་

(༢༥༦)རྒྱུད་ཕྱི་མ་ལ་སོགས་ཏེ་གྲངས་མེད་པ་ཅིག་གསུངས་ཀྱང་། མདོར་བསྡུ་ན་རིགས་ལྔ་ཡབ་ཡུམ་བཅུར་འདུས་པ་སྟེ། གཤིས་ལ་གནས་ལུགས་རིགས་ལྔ་དང་། ཐབས་ཤེས་དབྱེར་མེད་ཀྱི་རིགས་ལྔ་དང་། འབྲས་བུ་མཐར་ཕྱིན་པ་རང་བཞིན་ལྷུན་གྱིས་གྲུབ་པའི་རིགས་ལྔ་ཡབ་ཡུམ་བཅུ་སྟེ། དུས་གསུམ་རྒྱལ་བ་རྒྱ་མཚོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གསང་བ་འདུས་པའོ། །གཤིས་ལ་གནས་པའི་རིགས་ལྔ་དངོས་པོ་གཤིས་ཀྱི་གནས་ལུགས། སངས་རྒྱས་དང་སེམས་གང་གི་ཡང་ཐ་སྙད་མེད་པ། གཤིས་མཉམ་པ་ལ་ངོ་བོ་མཚན་ཉིད་རང་བཞིན་ལྔ་ལྡན་དུ་གནས་པ་ལས། རྟོགས་ན་ནི་སངས་རྒྱས་སྐུ་ལྔ་རང་ལ་རྫོགས་ལ། མ་རྟོགས་ན་ནི་ཁམས་གསུམ་འཁོར་བ་མ་རིག་པའི་རྒྱ་མཚོ་འཁྲུལ་པ་མཐའ་ཡས་པའོ། །དེའི་ཕྱིར་ན་སངས་རྒྱས་སེམས་ཅན་ཞེས་བྱ་བ་གཉིས་སུ་མིང་འདོགས་པ་སྟེ། རྟོགས་མ་རྟོགས་གཉིས་ཀྱི་ས་མཚམས་འབྱེད་པའོ། །དེ་ལ་རིགས་རྣམ་པ་ལྔ་ཡིས་གཤིས་ཀྱི་གནས་ལུགས་ལྔ་ཇི་ལྟར་དུ་གནས་པའི་ཚུལ་གཤིས་འགྱུར་པ་མེད་པ་ལ་སོགས་པ་དང་པོ་གཙོ་ཆེར་གང་རྟོགས་པ་དེ་ལས་རིགས་རྣམ་པ་ལྔ། སོ་སོར་མིང་འདོགས་པའོ། །དེའི་ཕྱིར་ན་རྣམ་པར་སྣང་མཛད་ཀྱི་དངོས་པོ་ཀུན་ལ་ཁྱབ་པ་ཡིས། གཙོ་བོ་བྱེས་ནས་གཤིས་ལྔ་ཕྱོགས་མེད་དུ་རྟོགས་པ་ལས། རྣམ་པར་སྣང་མཛད་སྐུའི་དཀྱིལ་འཁོར་དུ་རྫོགས་པ་ཡི་གནས་ལུགས་བྱང་ཆུབ་ཀྱི་སེམས་འདི་ལྟར་དུ་གསུངས་སོ། །དངོས་པོ་ཐམས་ཅད་ཀུན་ཁྱབ་ཅིང་། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་པར་གྲོལ། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །ཆོས་དབྱིངས་ཀུན་ལས་ཁྱབ་པའོ། །ཞེས་རྣམ་པར་སྣང་མཛད་ཀྱིས་དངོས་པོ་ཀུན་ལས་ཁྱབ་པ་ཡིས་གཙོ་བོ་བྱས་ནས་

(༢༥༧)གཤིས་ལྔ་རྟོགས་པའི་previous hit དགོངས next hit་བསམ་གྱིས་མི་ཁྱབ་པ་གསུངས་སོ། །དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའི་དངོས་པོ་གཤིས་ཀྱི་གནས་ལུགས་གཤིས་འགྱུར་བ་མེད་པའི་དོན་གྱིས་དངོས་པོ་གཤིས་ཀྱི་གནས་ལུགས་ལྔ་ལྡན་ཕྱོགས་མེད་དུ་རྟོགས་ཤིང་། གནས་ལུགས་བྱང་ཆུབ་ཀྱི་སེམས་འདི་ལྟར་གསུངས་སོ། །དངོས་པོ་འདི་རྣམས་དངོས་མེད་ཅིང་། །གདོད་ནས་འགྱུར་བ་མེད་པ་ལས། །ཆོས་དང་ཆོས་ཉིད་མེད་པ་སྟེ། །ནམ་མཁའ་ལྟ་བུ་མཐའ་ཡས་པ། །བྱང་ཆུབ་མི་འགྱུར་བརྟན་པའོ། །དེ་བཞིན་པ་མི་སྐྱོད་previous hit ་ཡིས། །འགྱུར་བ་མེད་པའི་དཀྱིལ་འཁོར་དུ་རྟོགས་ཤིང་སངས་རྒྱས་པའི་དགོངས next hit་པའོ། །བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱིས་གནས་ལུགས་རང་བཞིན་གསལ་བ་དང་པོར་རིག་ཅིང་རྟོགས་ནས། གནས་ལུགས་ལྔ་པོ་ཕྱོགས་མེད་དུ་རྫོགས་པ་མཐར་ཕྱིན་པས། previous hit དགོངས next hit་འདི་གསུངས་སོ། །ཆོས་རྣམས་ཐམས་ཅད་རང་བཞིན་སྟོང་། །ཐམས་ཅད་ཀུན་གྱི་མཚན་ཉིད་རྒྱས། །བདག་མེད་ཆོས་ལས་ཀུན་ཀྱང་འབྱུང་། །བྱང་ཆུབ་སེམས་འདི་བརྟན་པའོ། །རིན་ཆེན་འབྱུང་ལྡན་གྱི་རང་བཞིན་སྟོང་པ་ཡིས་ཐོག་དྲངས་ནས། ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་སྟོང་ཞིང་དངོས་པོ་ཀུན་གྱི་ཡོན་ཏན་ཆེ་མཆོག་རྒྱལ་པོར་རྟོགས་པ་ཡིས་གསང་བའི་མཛོད་གསུངས་པའོ། །དེ་ནས་སངས་རྒྱས་འོད་དཔག་མེད་ཀྱི་རང་བཞིན་གྱིས་འོད་གསལ་བའི་གནས་ལུགས་དང་པོ་རྟོགས་ནས། གནས་ལུགས་བཞི་པོ་ཡང་ཕྱོགས་མེད་དུ་རྟོགས་པ་ཡིས། །གནས་ལུགས་གསང་བའི་མཛོད་འདི་གསུངས་སོ། །རང་བཞིན་གདོད་ནས་འོད་གསལ་བས། །མ་སྐྱེས་པའི་ཆོས་རྣམས་ལ། །ངོ་བོ་མེད་དེ་སྒོམ་པའང་མེད། །ནམ་མཁའི་དབྱིངས་སུ་སྦྱོར་བའང་མེད། །དེ་ལྟར་ཡོན་ཏན་ཀུན་རྫོགས་སོ། །

(༢༥༨)སྣང་བ་མཐའ་ཡས་ཀྱི་གནས་ལུགས་ལྔ་པོ་རང་བཞིན་གསལ་བ་ཡིས་མཚོན་ནས། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་བ་སྣ་ཚོགས་མཐའ་ཡས་པར་རྟོགས་ཤིང་རྫོགས་པ་ཡིས། previous hit དགོངས next hit་གསང་བ་ཐམས་ཅད་འདིར་འདུས་པའོ། །ཞེས་གསུངས་སོ། །ཕྲིན་ལས་ཐམས་ཅད་ཡོངས་སུ་རྫོགས་པའི་དོན་ཡོད་གྲུབ་པས་མཚན་ཉིད་ཐོགས་པ་མེད་པས་དང་པོར་མཚོན་ནས། དངོས་པོ་གཤིས་ཀྱི་གནས་ལུགས་ལྔ་ལྡན་ཕྱོགས་མེད་དུ་རྟོགས་ཤིང་། བྱ་བ་གྲུབ་པའི་ཡེ་ཤེས་ཀུན་མཁྱེན་རྣམ་པར་མཁྱེན་པ་ཡི་དོན་དམ་པ་གསང་བའི་མཛོད་འདི་གསུངས་སོ། །ཆོས་རྣམས་ངོ་བོ་མཚན་ཉིད་རང་བཞིན་རྫོགས། །གདོད་ནས་དག་པས་ནམ་མཁའ་བཞིན། །བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། །མཚན་ཉིད་སྣ་ཚོགས་ཅིར་ཡང་འཆར། །བྱང་ཆུབ་ཚུལ་འདི་བསྟན་པའོ། །དོན་ཡོད་གྲུབ་པའི་མཚན་ཉིད་མཚན་གཞི་མཚོན་བྱེད་གཤིས་ལ་གནས་previous hit ་ཕྱོགས་མེད་དུ་རྟོགས་ཤིང་རྫོགས་པའི་དགོངས next hit་པའོ། །དེའི་ཕྱིར་ན། མཚན་བརྗོད་ཀྱི་ལུང་ལས་ཀྱང་། ལམ་གྱི་ཡན་ལག་བརྒྱད་ཚུལ་རིགས། ཞེས་གསུངས་པའི་ཕྱིར་ན། རང་བཞིན་ལྷུན་གྱིས་གྲུབ་པའི་རིགས་ལྔ་ཡིས་དངོས་པོ་གཤིས་ཀྱི་གནས་ལུགས་ལས། སྐད་ཅིག་མ་དང་པོ་ལ་སོ་མ་ཟིན་ན། སྐད་ཅིག་མ་ཉི་ཤུ་རྩ་བཞིའི་དུས་སུ་འོད་ཁ་དོག་རྣམ་པ་ལྔའི་སྣང་བ་མིག་རྒྱུ་ཙམ་འགྱུར་བའི་དུས་སུ། རྣམ་པར་སྣང་མཛད་ཀྱི་སེམས་ཉིད་དངོས་པོ་ཀུན་ལ་ཁྱབ་པ་ལས་འཁྲུལ་པ་ལས། འོད་ཁ་དོག་དཀར་པོ་དང་པོར་རིག་ནས་ཁ་དོག་ལྔ་པོ་ཕྱོགས་མེད་དུ་རྟོགས་པ་ལས། རྣམ་པར་སྣང་མཛད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། སྐུའི་དཀྱིལ་འཁོར་ཉི་ཤུ་རྩ་ལྔའི་དཀྱིལ་འཁོར་དུ་འཁྲུལ་པ་ལམ་དུ་རྟོགས། ལམ་དང་འཁྲུལ་པ་གཉིས་ཀ་ཆོས་དབྱིངས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཆར་བའོ། །སེམས་ཉིད་ཀྱི་གཤིས་འགྱུར་བ་མེད་པ་ལས། འོད་ཁ་དོག་

(༢༥༩)སྔོན་པོར་འཁྲུལ་བའི་དུས་སུ། གཤིས་འགྱུར་བ་མེད་པ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་རྟོགས་ཤིང་གནས་ལུགས་ཐམས་ཅད་ཕྱོགས་མེད་དུ་རྟོགས་པ་ལས། རྡོ་རྗེ་སེམས་དཔའི་ཐུགས་ཀྱི་དལ་དུ་ཤར་བའོ། །སེམས་ཉིད་ཀྱི་གཤིས་ངོ་བོ་སྟོང་པ་ལས་ཅུང་ཟད་ཙམ་གྱི་འཁྲུལ་སྣང་དུ་འོད་དམར་པོ་དང་པོར་རིག་ཅིང་གནས་ལུགས་ཐམས་ཅད་ཕྱོགས་མེད་དུ་རྟོགས་པ་ལས། སྣང་བ་མཐའ་ཡས་གསུང་གི་དཀྱིལ་འཁོར་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་རང་བྱུང་ཡེ་ཤེས་སུ་ཤར་བའོ། །རང་བཞིན་གཤིས་ལས་གསལ་བ་ལས། ཅུང་ཟད་ཙམ་གྱི་འཁྲུལ་སྣང་ལས་འོད་སེར་པོ་དང་པོར་རིག་ཅིང་གཤིས་ལྔ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་རྟོགས་ཤིང་། རིང་ཆེན་འབྱུང་ལྡན་ཡོན་ཏན་གྱི་དཀྱིལ་འཁོར་དུ་རང་བཞིན་གྱིས་རྫོགས་པའོ། །སེམས་ཉིད་ཀྱི་གཤིས་ལ་མི་ཟད་ཐོགས་པ་མེད་པར་གདོད་མ་ནས་གནས་པ་ལས། ཅུང་ཟད་འཁྲུལ་པའི་སྣང་བ་འོད་ཁ་དོག་ལྗང་གུ་བྱ་བ་གྲུབ་པའི་ཡེ་ཤེས་སུ་རྟོགས་ཤིང་། དངོས་པོ་གཤིས་ཀྱི་གནས་ལུགས་ཆོས་ཀྱི་དབྱིངས་དང་མཉམ་པ་མཚན་ཉིད་ཅིར་ཡང་འཆར་བ། ཀུན་གྱི་ངོ་བོ་རང་བཞིན་མཚན་ཉིད་ཕྱོགས་མེད་དུ་རྟོགས་ཤིང་རྫོགས་པ་ལས་དོན་ཡོད་གྲུབ་པ་ཕྲིན་ལས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པའོ། །དེའི་ཕྱིར་ན་རིགས་ལྔ་གཅིག་ལ་ཡང་རིགས་ལྔ་ཡབ་ཡུམ་བཅུའི་དཀྱིལ་འཁོར་ཕྱོགས་མེད་དུ་མ་རྫོགས་པ་གང་ཡང་མེད་པ་སྟེ། གནས་ལུགས་གཅིག་ལ་ལྔ། དེ་ལས་འཁྲུལ་པ་དང་པོ་འོད་ཁ་དོག་ལྔའི་སྣང་ཆ་ཙམ་བྱུང་བའི་དུས་སུ་དང་པོ་ཁ་དོག་གང་རྟོགས་པ་དེས། རིགས་ལྔའི་སངས་རྒྱས་ཁ་དོག་སོ་སོར་ཕྱག་མཚན་དང་། གདན་དང་། ཡུམ་དང་ཕྱག་རྒྱ་ལ་སོགས་པ་གྲངས་ཅན་དང་གྲངས་མེད་སོ་སོར་གསལ་བའོ། །དེའི་ཕྱིར་ན། རིགས་ལྔར་ལྷུན་གྱིས་གྲུབ་པའི་སངས་རྒྱས་འདི་རྣམས་སྣང་ཆ་དང་གསལ་ཆ་ལྔ་དང་བཅུ། སྐད་ཅིག་མ་ཉི་ཤུ་རྩ་གཅིག་ལ་རྫོགས་པའི་ཕྱིར་ན། ཡུལ་དང་ཡུལ་ཅན་ཞེས་ཀྱང་བྱ། སྣང་

(༢༦༠)སེམས་གཉིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་མཐར་ཕྱིན་པའི་སངས་རྒྱས་ཞེས་བྱ་བའོ། །དེའི་ཕྱིར་ན། སངས་རྒྱས་འདི་རྣམས་ལ་རྒྱུ་དང་འབྲས་བུ་ས་དང་ལམ་གྱི་སྒྲོད་བྱ། སློབ་དཔོན་དང་ཆོས་དང་གདམས་ངག་གང་ཡང་མ་མཆིས་སོ། །དེའི་ཕྱིར་ན་དངོས་པོ་གཤིས་ཀྱི་གནས་ལུགས་ཀུན་ལ་ཁྱབ་པར་གནས་ཀྱང་། གང་གིས་རྟོགས་པའི་དུས་སུ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གསང་བ་འདུས་པ། གནས་ལུགས་འདི་ལྔ་གང་གིས་མ་རྟོགས་ཤིང་མི་རིག་པའི་དུས་སུ་ནི་ཁམས་གསུམ་འཁོར་བ་དུག་ལྔ་འབྱུང་པ་ལྔ་འགྲོ་བ་རིགས་ལྔ། ལྔ་ལྔའོ་གྲངས་ཅན་དང་གྲངས་མེད་འཁྲུལ་པའི་རྒྱ་མཚོར་གནས་པའི་ཕྱིར་ན། ས་རྟོགས་པའི་སེམས་ཅན་ཐམས་ཅད་ལ་སྐུ་ལྔ་ཡེ་ཤེས་ལྔ་གནས་ལུགས་ལྔ་རང་བཞིན་གྱིས་གནས་ཀྱང་། ངོ་མ་ཤེས་པའི་ཕྱིར་ན་རང་གིས་རང་ངོ་མ་ཤེས་པས་ན། མ་རྟོགས་མ་རིག་པའི་གང་ཟག་ཀུན་ལ་ངོ་བོ་ཉིད་ཀྱིས་གསང་བའི་ཕྱིར་ན་གསང་བ་འདུས་པ་ཞེས་བྱ། ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་རིགས་ལྔ་དེ་བཞིན་གཤེགས་པའི་ཚོགས་ཐམས་ཅད་ཀྱིས་གདོད་མ་ནས་མ་ཁྱབ་པ་མེད་པ་ཡིན། གང་དང་གང་གིས་རྟོགས་པ་རྣམས་ལ་ནི་དེ་བཞིན་གཤེགས་པ་ལྔ་དང་། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་རྣམ་པ་ལྔ་སངས་རྒྱས་གཅིག་ལ་ཡང་རྫོགས་ལ། སངས་རྒྱས་ཐམས་ཅད་ལ་ཡང་རྫོགས་པའོ། །དེའི་ཕྱིར་ན་མངོན་པར་རྟོགས་པའི་རྒྱན། གསང་བའི་མཛོད། གསང་བ་ཐམས་ཅད་འདུས་པ། གང་གིས་རྟོགས་པ་དེ་རང་ཉིད་ཡིན་ཞིང་རང་ལ་ཐམས་ཅད་རྫོགས་པའོ། །དེའི་ཕྱིར་ན་གཤིས་ལ་གནས་པའི་རིགས་ལྔ་སྐད་ཅིག་མ་ཉི་ཤུ་རྩ་གཅིག་གིས་ཕྱོགས་མེད་དུ་རྟོགས་ཤིང་རྫོགས་པ་ལ། རྒྱལ་བ་ལོངས་སྤྱོད་རྫོགས་པའི་དལ་ཆོས་ཀྱི་དབྱིངས་དང་མཉམ་པ་རང་བཞིན་གྱིས་ལྷུན་གྱིས་གྲུབ་པར་རྫོགས་པའོ། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས་

(༢༦༡)གཤིས་ལ་གནས་པའི་རིགས་ལྔ་ལམ་གྱི་ཡན་ལག་བརྒྱད་ཚུལ་དུ་རིག་ནས། རིགས་ལྔའི་དལ་དུ་རྟོགས་ཤིང་ཕྱོགས་མེད་དུ་མི་ཟད་པ་རྒྱན་གྱི་འཁོར་ལོ་རྣམ་པ་ལྔ་བསྟན་པའི་བར་སྐབས་སོ། །དཔལ་གསང་བ་འདུས་པའི་ལུང་ལས། དེ་ཞིན་གཤེགས་པའི་ཚོགས་བསགས་ན། དངོས་གྲུབ་དམ་པ་ཐོབ་པར་འགྱུར། གསུང་བའི་དོན་ཡང་འདི་ལྟ་བུ་ལ་previous hit དགོངས next hit་ཡིན། གདོད་མ་ནས་དངོས་པོ་གཤིས་ཀྱི་གནས་ལུགས་དེ་བཞིན་གཤེགས་པ་སྐུ་ལྔའི་དལ་ཡིན་པ་ལ། ཡིན་པར་ངོ་མ་ཤེས་ཤིང་ལྷན་ཅིག་སྐྱེས་པའི་མ་རིག་པ་བསྒྲིབས་ནས། གཤིས་ཀྱི་གནས་ལུགས་ངོ་བོ་མཚན་ཉིད་ལྔ་དང་ལྡན་པ་དེ་ལོག་པར་འཁྲུལ་ཞིང་ལོག་པར་རྟོགས་པས་གཤིས་འགྱུར་བ་མེད་པ་ལ་ཞེ་སྡང་དུ་འཁྲུལ། ངོ་བོ་སྟོང་པ་ལ་འདོད་ཆགས་སུ་འཁྲུལ། རང་བཞིན་གསལ་བ་ལས་ང་རྒྱལ་དུ་འཁྲུལ། དངོས་པོ་ཀུན་ལ་ཁྱབ་པ་ལས་གཏི་མུག་ཏུ་འཁྲུལ། མཚན་ཉིད་ཐོགས་པ་མེད་པ་ལས་རྣམ་པར་རྟོགས་པ་ཕྱོགས་མེད་དུ་འཕྲོ་བ་ལས་ཕྲ་དོག་ཏུ་འཁྲུལ། དེའི་ཕྱིར་ན། རྩ་བའི་རྣམ་པར་རྟོགས་པ་ལྔ་ལས་རྣམ་པར་རྟོགས་པ་བརྒྱད་ཁྲི་བཞི་སྟོང་ངོ་། །དེས་བསྐྱེད་པའི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དུ་འཁྲུལ་པའི་ཕྱིར་ན་མ་རིག་པའི་འཁྲུལ་འཁོར་ཆེན་པོ། ཉོན་མོངས་པའི་རྒྱ་མཚོ་ཆེན་པོ། གྲངས་མེད་ཚད་མེད་བསམ་གྱིས་མི་ཁྱབ་པར་འགྲོ་བ་རིགས་ལྔའི་སྐྱེ་གནས་རྒྱུན་ཆད་མེད་པར་འགྲིམ་ཞིང་། ཆུ་བོ་བཞིའི་རྒྱ་མཚོ་ཆེན་པོར་རང་བཞིན་ཉིད་ལ་རང་ཐང་འཁྲུལ་པ་དེ་རྩ་བ་རང་སེམས་ལ་རྟོགས་པའི་རྒྱུ་འབྲས་མེད་པའི་རྒྱུ་འབྲས་ཀྱི་འཁོར་ལོའོ། །དེའི་ཕྱིར་ན། ནང་པ་སངས་རྒྱས་པའི་ཐེག་པ་ལ་ཡང་། ཉན་ཐོས་ཀྱི་ཐེག་པ་ནས་རྣལ་འབྱོར་གྱི་ཐེག་པ་མན་ཆོད་ཐེག་

(༢༦༢)པ་དྲུག་གིས་ཀྱང་འཁྲུལ་པ་འདི་རྣམས་ལ་བཀག་པ་དང་བསྒྱུར་བ་ལ་སོགས་པའི་བཞེད་ལུགས་དཔག་ཏུ་མེད་པ་ཡོད་པ་སྟེ། དེ་ཡང་མ་རིག་པ་དཀར་པོའི་བློ་ཡིན། རྣལ་འབྱོར་ཆེན་པོ་གསར་མའི་ཕ་རྒྱུད་མ་རྒྱུད་ཀྱི་previous hit དགོངས་པའི་དབང་དུ་བྱས་ན། མ་རིག་ next hit་རང་རིག་པའི་ཡེ་ཤེས་སུ་རྟོགས། རྣམ་པར་རྟོག་པའི་ཚོགས་དང་ཉོན་མོངས་པའི་ཚོགས་རྣམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་ན། དེ་བཞིན་གཤེགས་པའི་ཚོགས་ཐམས་ཅད་གདོད་མ་ནས་རང་ཉིད་ཡིན་པ་ལ་ཡིན་པར་རྟོགས་ཤིང་ངོ་བོ་མཚན་ཉིད་རྫོགས་ན། ཉོན་མོངས་པ། དེ་བཞིན་གཤེགས་པའི་ཚོགས་རྣམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དབྱིངས་སུ་སད་པའི་ཕྱིར་ན། རང་བྱུང་ཡེ་ཤེས་རྟོགས་པ་རབ་འབྱམས་ཀྱི་དངོས་གྲུབ་དེ་བཞིན་གཤེགས་པ་སྐུ་ལྔའི་ཚོགས་རང་ལ་རྫོགས་པའོ། །དེའི་ཕྱིར་ན་རྟོགས་ན་ནི་དེ་བཞིན་གཤེགས་པ་རྒྱལ་བ་རྒྱ་མཚོ་རྒྱལ་བ་སྲས་དང་བཅས་པ་རྣམས་རང་གི་ལུས་ངག་ཡིད་གསུམ་ལ་རྫོགས་པའི་ཕྱིར་ན། རང་བྱུང་དཀྱིལ་འཁོར་ཆེན་པོ་བྱ་བ་ཡིན་དངོས་པོ་གཤིས་ཀྱི་གནས་ལུགས་དེ་ལྟར་དུ་མ་རྟོགས་ཤིང་མ་རིག་འཁྲུལ་པ་མཐའ་མེད་མུ་མེད་དུ་ཁ་འབྱམས་ན། ཁམས་གསུམ་འཁོར་བ་ཁྲག་གི་རྒྱ་མཚོ་བྱ་བ་ཡིན། དེའི་ཕྱིར་ན། མ་ཧཱ་ཡོ་གའི་བཞེད་ཀྱིས་རྟོགས་དང་མ་རྟོགས་པ། མ་རིག་པའི་དེ་བཞིན་གཤེགས་པའི་ཚོགས་དང་། རང་རིག་པའི་ཡེ་ཤེས་ཀྱི་དེ་བཞིན་གཤེགས་པའི་ཚོགས་གཉིས་ལ། རྟོགས་པ་དང་མ་རྟོགས་པ་གཉིས་ཀྱི་ས་མཚམས་མ་ལགས་པ། རྒྱུ་འབྲས་དང་སྣང་བཀག་དང་དགོམ་སྒྲུབ་དང་ཆོས་དང་སློབ་དཔོན་གང་ཡང་མ་མཆིས་སོ། །དེའི་ཕྱིར་ན། དེ་བཞིན་གཤེགས་པའི་ཚོགས་བསད་ན། དངོས་གྲུབ་དམ་པ་ཐོབ་པར་འགྱུར་གསུང་བ་ཡང་རྟོགས་མ་རྟོགས་གཉིས་ལ་previous hit དགོངས next hit་ཡིན། དེའི་ཕྱིར་ན་དབྱེར་མེད་པའི་

(༢༦༣)ཚོགས་གཤིས་ལ་གནས་པ། ལམ་དུ་ཐབས་ཤེས་རབ་དབྱེར་མེད་དུ་བགྲོད་པ། སྐུ་ལྔ་ཡོངས་སུ་རྫོགས་པའི་དེ་བཞིན་གཤེགས་པའི་ཚོགས། དཀྱིལ་འཁོར་ཆེན་པོ་རང་ལ་རྫོགས་པའི་དུས་སུ་གསང་བ་འདུས་པ་ཞེས་ཀྱང་བྱ། previous hit དགོངས next hit་གདོད་མ་ནས་རང་ལ་འདུས་ཤིང་རྫོགས་པ་ཞེས་ཀྱང་བྱའོ། །དེའི་ཕྱིར་ན། ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་འཁོར་བའི་ཆོས་དྲུག་བཅུ་རྩ་བཞི་ལ་སོགས་ཏེ། ཕྱི་ནང་སྣོད་བཅུད་ཐམས་ཅད་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཆེན་པོ་ལོངས་སྤྱོད་རྫོགས་པ་རྒྱལ་བ་སྲས་དང་བཅས་པ་རང་བཞིན་གྱིས་ལྷུན་གྱིས་གྲུབ་པའི་ཕྱིར་ན། དེ་བཞིན་གཤེགས་པའི་ཚོགས་ཤེས་བྱ་བའི་དོན་ཡང་དེ་ཡིན། དེའི་ཕྱིར་ན་ཁམས་གསུམ་པའི་སེམས་ཅན་ཐམས་ཅད་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱང་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཡིན་ལ། གང་ཟག་གཅིག་གི་ལུས་ངག་ཡིད་གསུམ་ལ་ཡང་སངས་རྒྱས་སྐུའི་དཀྱིལ་འཁོར་མ་རྫོགས་པ་དང་མ་ཚང་བ་མི་གནས་པ་ནི་གང་ཡང་མེད། དེའི་ཕྱིར་ན་སྒོམ་པ་དང་བསྒྲུབ་པ་རྩོལ་བ་སྣ་ཚོགས་ཀྱིས་བྱས་པ་ཐམས་ཅད་ཐང་ཅིག་རྟག་ཅིང་བརྟན་ཡང་འཇིག་ཅིང་མི་བརྟན་པ་དང་འགྱུར་བའི་ཆོས་ཅན་ཡིན་པའི་ཕྱིར་ན། སྐྱེད་རྫོགས་ཡིད་ལ་བྱེད་པའི་ཆོས་ཐམས་ཅད་འདུས་བྱས་ཀྱི་གངས་སུ་གཏོགས་པའོ། །འདུས་མ་བྱས་ཤིང་སངས་རྒྱས་སེམས་ཅན་གང་གི་ཡང་ཐ་སྙད་མི་འདོགས་པའི་གཤིས་རང་བཞིན་གྱིས་ལྷུན་གྱིས་གྲུབ་པའི་རིགས་ལྔ་ཡབ་ཡུམ་ཀྱི་དཀྱིལ་འཁོར་རང་གིས་རང་ངོ་ཤེས་ཤིང་། ཆོས་དབྱིངས་རབ་འབྱམ་སྐུ་ལྔའི་དལ་རང་ལ་རྫོགས་ན། འཕོ་བ་མེད་ཅིང་འགྱུར་བ་མེད་པའོ། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། རྣལ་འབྱོར་ཆེན་པོ་གསར་མའི་གཤིས་ལ་གནས་པའི་རིགས་ལྔའི་དཀྱིལ་འཁོར་བསྟན་པའི་བར་སྐབས་ལགས་སོ། །

(༢༦༤)དེ་ལྟར་དུ་ཡིན་ན་ཡང་མ་རྟོགས་པ་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་འཁྲུལ་པ་རང་ག་མར་གནས་པའི་དུས་སུ། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ན་བཞུགས་པའི་དྲུག་པ་རྡོ་རྗེ་འཆང་གི་ཐུགས་རྗེའི་འབྲེང་ལ་ཚུལ་ཇི་ལྟར་ཡོད་པ་བཞིན་དུ། རྫུལ་འཕྲུལ་དང་ཆོ་འཕྲུལ་རྣམ་པར་འཕྲུལ་པ་དཔག་ཏུ་མེད་པ་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་བཞུགས་པའི་སྟོན་པ་ལྔའི་རྣམ་པར་འཕྲུལ་པ། གདུལ་བྱ་དབང་པོའི་བྱེ་བྲག་ཇི་བཞིན་དུ་སྣ་ཚོགས་སུ་བསྟན་པ། ཐེག་པ་དྲུག་གི་སྟོན་པ་གཉིས་དང་བསྟན་པ་ཆོས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་གསུངས་ཀྱང་། དེ་རྣམས་ཐུན་མོང་མོས་པའི་ལམ་ཡིན་པ་ལས། ཐེག་པ་དྲུག་ཐེག་པ་གཅིག་ཏུ་རྫོགས་ཤིིང་ཁྱད་པར་དུ་འཕགས་པ་ནི། རྣལ་འབྱོར་ཆེན་པོ་གསར་མའི་ཐེག་པ་རྡོ་རྗེ་འཆང་གི་previous hit དགོངས next hit་མ་ནོར་བ་རྒྱུད་སྡེ་གྲངས་མེད་པ་གསུངས་ཀྱང་། ཐབས་དང་ཤེས་རབ་གཉིས་ཀྱི་རྒྱུད་དུ་འདུས་པ་སྟེ། དེ་ལ་རླུང་དང་སེམས་གཙོ་བོར་སྟོན་པ་ཐབས་ཀྱི་རྒྱུད་ཡིན་ལ། རྩ་དང་བྱང་ཆུབ་ཀྱི་སེམས་གཙོ་བོར་སྟོན་པ་ཤེས་རབ་མའི་རྒྱུད་ཏེ། དེ་གཉིས་གཉིས་ཀ་ཐབས་དང་ཤེས་རབ་དབྱེར་མེད་དུ་སྟོན་པ་ནི། ཕ་རྒྱུད་དང་མ་རྒྱུད་གཉིས་སུ་མེད་པའི་རྒྱུད་ཅེས་བྱའོ། །དེ་ལ་དབང་པོ་ཡང་རབ་ཅིག་ཅར་དུ་རྟོགས་ནས་previous hit དགོངས next hit་རྡོ་རྗེ་འཆང་དང་མཉམ་པ་ཡིན་པ་ལས། འདིར་དབང་པོ་འབྲིང་ལམ་རིམ་གྱིས་བགྲོད་པའི་ཚུལ་གྱིས། རིམ་པ་ལྔ་དང་། ཕྱག་རྒྱ་བཞི་དང་། དབང་བཞིས་སྨིན་པ་དང་གྲོལ་བ་ཡིས་previous hit དགོངས next hit་ཡོངས་སུ་རྫོགས་ཤིང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཐར་ཕྱིན་པ་ནི་ལམ་བསྒྲོད་པའི་ཚུལ་གྱི་རིགས་ལྔ་སྟེ། དེའི་ཕྱིར་ན་ལམ་བསྒྲོད་ཚུལ་རྣམ་པ་བཞི་ཡིན་པ་ལས། ཕྱི་དབྱིབས་ལ་བསླབ་པ་དཀྱིལ་འཁོར་རྒྱས་བསྡུས་སྐྱེད་རིམ་ལ་བརྟན་པར་བྱ་བ་དང་། སེམས་བདག་མེད་པ་ལ་

(༢༦༥)བསླབ་པ་རྫོགས་རིམ་གྱི་ཏིང་ངེ་འཛིན་སྣ་ཚོགས་ལ་བསླབ་པ་དང་། ངག་སྔགས་ཀྱི་བསླབ་པ་ལ་སྦྱང་བ། ཕྱི་ཕྲོ་བསྡུའི་བཟླས་པ་དང་། འགོག་པའི་བཟླས་པ་དང་། གསང་བ་རླུང་རྡོ་རྗེའི་བཟླས་པ་ལ་བསླབ་པའོ། །དེ་གསུམ་བརྟན་ཞིང་མཐར་ཕྱིན་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མི་རྟོགས་ཀ་མེད་ཡིན། དེ་ལྟར་དུ་རྟོགས་ཀྱང་གོམས་པ་དང་རྩལ་མ་རྫོགས་ན་ལམ་གྱི་རྟོགས་པ་སྟེ། འབྲས་བུ་མཐར་ཕྱིན་པ་རྡོ་རྗེ་འཆང་གི་previous hit དགོངས next hit་མ་ཡིན་ནོ། །དེའི་ཕྱིར་ན་གསང་སྔགས་གསར་མའི་ལམ་ཐག་ཤིན་དུ་ཉེ་བ་སྟེ། རླུང་སེམས་གཉིས་ལ་དབང་མ་ཐོབ་ན། ཕྱིའི་སྔགས་དང་ལྷ་དང་ཐོས་བསམ་གནས་ལུགས་ཤེས་པ་ཙམ་ལ་བཞག་ན། མཚན་ཉིད་སྡེ་སྣོད་གསུམ་པས་ཀྱང་ལམ་ཐག་ཤིན་དུ་རིང་བའོ། །དེའི་ཕྱིར་ན། ཕ་རྒྱུད་མ་རྒྱུད་རྒྱུད་སྡེ་ཐམས་ཅད་ཀྱི་སྒྲ་དོན་མན་ངག་དང་ལུང་གསང་བ་གནད་ཀྱི་མན་ངག་ལ་མཁས་ཤིང་། བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱིས་བྱིན་གྱིས་བརླབས་ཤིང་དབང་ཐོབ་ནས་ལུས་སེམས་སྣོད་དུ་རུང་བའི་སྐལ་བ་དང་ལྡན་པ་རྣམས་ཀྱིས། རླུང་སེམས་གནད་ཀྱི་མན་ངག་ལ་རྩོལ་བས་དྲག་ཏུ་བསྒོམས་ན། མྱུར་དུ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེའི་ཕྱིར་ན་རྗེ་བཙུན་ནཱ་རོ་པའི་ཞལ་ནས་ཀྱང་། ཟླ་དྲུག་བསྒོམས་པས་རླུང་དྲུག་ཟིན། གསུང་བ་ཡང་། ཕ་རྒྱུད་མ་རྒྱུད་ལ་རྒྱུད་སྡེ་གནམ་གྱི་སྐར་མ་ཙམ་གསུངས་པ་ཡང་། མདོར་བསྡུས་ན་རླུང་སེམས་གཉིས་ཀྱི་དཀྱིལ་འཁོར་དུ་འདུས་པ་ཡིན། དེ་རྣམས་ཐམས་ཅད་ཀྱི་བཅུད་མཁའ་འགྲོའི་སྲོག་སྙིང་གནད་ཀྱི་མན་ངག་རྗེ་ཏཻ་ལོ་དང་ནཱ་རོ་པའི་སྙན་རྒྱུད་དུ་སྐུ་ཉམས་སུ་བཞེས་ཤིང་previous hit དགོངས next hit་མཐར་ཕྱིན་པ། དབང་པོ་ཡང་རབ་ཀྱི་སྐད་ཅིག་མ་ཉི་ཤུ་རྩ་གཅིག་ལ་མཆོག་གི་དངོས་གྲུབ་ཐོབ་པ་དང་། དབང་པོ་འབྲིང་གི་ཟླ་བ་དྲུག་ཙམ་

(༢༦༦)གྱིས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པ་དང་། དབང་པོ་ཐ་མས་ཀྱང་མི་ཚེ་གཅིག་གིས་རྩོལ་བས་དྲག་ཏུ་བསྒྲུབས་ན། བར་དོ་དང་པོ་ན་གཤིས་ལ་གནས་པའི། འོད་གསལ་རང་བྱུང་ངོ་བོ་གཅིག་ལ་ལྔ་ལྡན་དུ་གནས་པ་དེ། དེ་ཉིད་དུ་ངོ་ཤེས་ནས་བར་དོ་མེད་པར་རང་ས་ཟིན་པའོ། །དེའི་ཕྱིར་ན། རྣལ་འབྱོར་གསར་མའི་རྒྱུད་སྡེ་འོག་མའི་རྒྱ་མཚོ་དང་འདྲ་བ་ལས། སྙན་རྒྱུད་གནད་ཀྱི་མན་ངག་མར་གྱི་ཉིང་གུ་ལྟ་བུ་དེ། ཐབས་དང་ཤེས་རབ་རྩ་རླུང་བྱང་ཆུབ་ཀྱི་སེམས་རང་བྱུང་ཕྱག་རྒྱ་ཆེན་པོའི་གནས་སུ་རླུང་སེམས་འདུས་ན། སྐད་ཅིག་ལག་པ་བརྐྱང་བསྐུམ་ལ་མཆོག་གི་དངོས་གྲུབ་ཐོབ་པ་དེ། རྗེ་ནཱ་རོ་པཎ་ཆེན་གྱི་ཁྱད་ཆོས་ཡིན། དེའི་ཕྱིར་ན། དེ་དང་དེ་དོན་དེའི་ས་ལམ་བསྒྲོད་ཚུལ། དེའི་འབྲས་བུ་དངོས་གྲུབ་རང་ལ་རྫོགས་ཚུལ་ད་ནི་རྒྱས་པར་བསྟན་པར་བྱ། སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ཁྱད་པར་དུ་གསར་མའི་རྣལ་འབྱོར་ཆེན་པོའི་རྒྱུད་སྡེ་ཐམས་ཅད་ཀྱི་འབྲེལ་ཚུལ་དང་། སྟོན་པ་བསྟན་པའི་འབྲེལ་ཚུལ་ལས། རྗེ་ཏཻ་ལོ་དང་ནཱ་རོ་པའི་ཟབ་མོ་གནད་ཀྱི་གདམ་ངག །རླུང་སེམས་མཁའ་འགྲོའི་སྲོག་སྙིང་མདོར་བསྡུས་ཏེ་བསྟན་པའི་བར་སྐབས་ལགས་སོ། །གསང་སྔགས་གསར་མའི་ཕ་རྒྱུད་མ་རྒྱུད་ཐབས་དང་ཤེས་རབ་ཀྱི་རྒྱུད། དབྱེར་མེད་དུ་སྒྲ་དོན་བསམ་གྱིས་མི་ཁྱབ་པ་གསུངས་ཀྱང་། གནས་ལུགས་བཞིར་འདུས་པ་སྟེ། སེམས་ཅན་རྡོ་རྗེ་རིགས་ཀྱི་གནས་ལུགས་དང་། ལུས་རྡོ་རྗེ་རིགས་ཀྱི་གནས་ལུགས་དང་། རྩ་རྡོ་རྗེ་རིགས་ཀྱི་གནས་ལུགས་དང་། རླུང་རྡོ་རྗེ་རིགས་ཀྱི་གནས་ལུགས་དང་། གནས་ལུགས་བཞི་པོ་འདི་གདོད་མ་ནས་དངོས་པོ་གཤིས་ཀྱི་གནས་ལུགས་ལ་རང་བཞིན་གྱིས་གནས་པ་སྟེ། དཔེར་ན་ས་བོན་ལ་འབྲས་བུས་ཁྱབ་པ་

(༢༦༧)བཞིན་དུ་དུས་རྣམ་པ་ཐམས་ཅད་དུ་འདི་བཞི་འབྲལ་མི་སྲིད་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། གནས་ལུགས་འདི་ལ་རྟོགས་པའི་དུས་སུ་མ་རིག་པའི་འཁྲུལ་འཁོར་ཆེན་པོ་ཁམས་གསུམ་གྱི་གྲོང་ཁྱེར་གང་དང་གང་དུ་སྐྱེས་ན་ཡང་། འདི་བཞིས་སྐྱེད་ཅིང་འདི་བཞི་ལ་གནས་ནས་འདི་བཞིའི་རྒྱུ་འབྲས་དཀར་ནག་ཁྲ་གསུམ་དུ་རྫོགས་ནས། བདེ་སྡུག་ཆུ་བོ་བཞི་རྒྱུན་མི་འཆད་པའི་ཕྱིར་ན། གནས་ལུགས་རྒྱུའི་རྒྱུད་ཅེས་བྱ་བའི་དོན་ཡང་དེ་ཡིན། འདི་བཞི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ཕྱོགས་མེད་དུ་རྟོགས་ན། རིགས་ལྔ་སྐུ་ལྔ་ཡེ་ཤེས་ལྔ་རང་ལ་རྫོགས་པའི་ཕྱིར་ན། ལུས་ཡེ་ཤེས་ཀྱི་སྐུ། རླུང་ཡེ་ཤེས་ཀྱི་རླུང་། སེམས་ཡེ་ཤེས་ཀྱི་སེམས། རྩ་ཡེ་ཤེས་ཀྱི་རྩ་འོག་མིན་གྱི་གནས་རིག་པ་ལྔའི་ཕོ་བྲང་ལྔ་ན་རྒྱལ་བའི་དཀྱིལ་འཁོར་རང་བྱུང་རང་གྲོལ་རང་ལ་རྫོགས་པའོ། །དེའི་ཕྱིར་ན། འཇམ་དཔལ་མཚན་བརྗོད་ལས་ཀྱང་། ཡེ་ཤེས་ལས་ཅན་དེ་བཞིན་གཤེགས། གསུངས་པ་ཡང་འདི་ལ་previous hit དགོངས next hit་ཡིན། དེའི་ཕྱིར་ན་མ་རྟོགས་ན་ནི་ཁམས་གསུམ་འཁོར་བ་མ་རིག་པའི་ལུས་ཅན་ཡིན། གནས་ལུགས་བཞི་པོ་རྟོགས་ན་ནི་ཡེ་ཤེས་སྐུ་ལྔའི་དཀྱིལ་འཁོར་སྐུ་ཅན་གསུང་ཅན་ཐུགས་ཅན་ཡོན་ཏན་ཕྲིན་ལས་རང་ལ་རྫོགས་པའོ། །དབང་པོ་ཡང་རབ་ཅིག་ཅར་བའི་རྟོགས་མ་རྟོགས་ས་མཚམས་ཡིན། དབང་པོ་འབྲིང་དང་ཐ་མས་རྣལ་འབྱོར་ཆེན་པོའི་ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ལ་འཇུག་པའི་ལུགས་ནི། འདི་ལྟར་དུ་ཤེས་པར་བྱ་སྟེ། རླུང་རྡོ་རྗེ་རིགས་ཀྱི་གནས་ལུགས་འདི་དང་། སེམས་རྡོ་རྗེ་རིགས་ཀྱི་གནས་ལུགས་རྩ་དང་ལུས་འདི་གཞི་རྟེན་འབྲེལ་འགྲིག་པ་དང་མ་འགྲིག་པ་དང་། ལེགས་པར་འདུས་པ་དང་ལོག་པར་འདུས་པ་དང་། རླུང་སེམས་དཀར་བར་འདུས་པ་དང་། ནག་པར་འདུས་པ་དང་། ལུང་དུ་བསྟན་

(༢༦༨)པར་འདུས་པ་དང་ལུང་མ་བསྟན་པར་འདུས་པ་དང་། གནས་ལུགས་བཞི་པོ་འཁྲུགས་པ་དང་མ་འཁྲུགས་པ་དང་། ཆ་མཉམ་པ་དང་ཆ་མི་མཉམ་པ་ལས་འཁོར་འདས་གཉིས་ཀྱི་སྐྱོན་དང་ཡོན་ཏན་སྣ་ཚོགས་པ་སྐད་ཅིག་ཉིད་ལ་ཡང་། དུས་དང་དུས་ཀྱི་འཁོར་ལོ་དཔག་ཏུ་མེད་ཅིང་གྲངས་མེད་པའི་རྒྱུ་འབྲས་ཉམས་སུ་མི་མྱོང་ཁ་མེད་པའོ། །དེའི་ཕྱིར་ན་དཔལ་གསང་བ་འདུས་པའི་ལུང་ལས་ཀྱང་། རླུང་ཞེས་བྱ་བས་ལས་ཀུན་བྱེད། གསུང་བ་ཡང་རླུང་རྡོ་རྗེ་རིགས་ཀྱི་གནས་ལུགས་ལ་previous hit དགོངས next hit་སྟེ། མ་རྟོགས་པའི་ཁམས་གསུམ་པའི་སེམས་ཅན་རྣམས་ཀྱི་མ་རིག་པའི་སེམས་དང་། ལས་ཀྱི་རླུང་གཉིས་ལུས་སེམས་གང་དང་གང་དུ་འདུས་པ་ལས། མཐོ་རིས་གནས་གསུམ་དང་ངན་སོང་གནས་གསུམ་ལས་རྒྱུ་འབྲས་དང་། སྐྱེ་གནས་སྣ་ཚོགས་པའི་ལས་རྣམས་བསྒྲུབ་པ་སྟེ། རླུང་ཡང་རྩ་བ་ལྔ་ཡིན། སའི་ཁམས་ཀྱི་རླུང་དང་། མེའི་ཁམས་ཀྱི་རླུང་དང་། ནམ་མཁའི་རླུང་དང་། རླུང་གི་རླུང་དང་། ཆུའི་ཁམས་ཀྱི་རླུང་དང་ལྔ་ཡིན་པ་སྟེ། རེ་རེ་ལ་ཡང་ལྔ་ལྔར་དབྱེ་བ་ལས། རྣམ་གྲངས་ཉི་ཤུ་རྩ་ལྔའོ། །དེའི་ཕྱིར་ན། །ནམ་མཁའི་ཁམས་ཀྱི་ནམ་མཁའི་རླུང་དང་། ནམ་མཁའི་ཁམས་ཀྱི་སའི་རླུང་དང་། ནམ་མཁའི་ཆུ་རླུང་དང་། ནམ་མཁའི་མེ་རླུང་དང་། ནམ་མཁའི་ཁམས་ཀྱི་རླུང་གི་རླུང་དང་ལྔའོ། །སའི་ཁམས་ཀྱི་སའི་རླུང་དང་། སའི་ཆུ་རླུང་དང་། སའི་མེ་རླུང་དང་། སའི་ནམ་མཁའི་རླུང་དང་། སའི་ཁམས་ཀྱི་རླུང་གི་རླུང་དང་ལྔའོ། །མེའི་ཁམས་ཀྱི་མེ་རླུང་དང་། མེའི་ཁམས་ཀྱི་ཆུ་རླུང་དང་། མེའི་ཁམས་ཀྱི་ས་རླུང་དང་། མེའི་ཁམས་ཀྱི་ནམ་མཁའི་རླུང་དང་། མེའི་ཁམས་ཀྱི་རླུང་གི་རླུང་དང་ལྔའོ། །རླུང་གི་ཁམས་ཀྱི་རླུང་དང་། རླུང་གི་ཁམས་ཀྱི་ས་རླུང་དང་། རླུང་གི་ཁམས་ཀྱི་མེ་རླུང་དང་། རླུང་གི་ཁམས་ཀྱི་ཆུ་རླུང་དང་། རླུང་གི་ཁམས་ཀྱི་ནམ་མཁའི་རླུང་དང་ལྔའོ། །

(༢༦༩)ཆུའི་ཁམས་ཀྱི་ཆུ་རླུང་དང་། ཆུའི་ཁམས་ཀྱི་མེ་རླུང་དང་། ཆུའི་ཁམས་ཀྱི་ནམ་མཁའི་རླུང་དང་། ཆུའི་ཁམས་ཀྱི་ས་རླུང་དང་། ཆུའི་ཁམས་ཀྱི་རླུང་གི་རླུང་དང་ལྔའོ། །རྣམ་གྲངས་ཉི་ཤུ་རྩ་ལྔའི་རླུང་འདི་དག་གིས། མ་རྟོགས་པའི་དུས་སུ་ཁམས་གསུམ་པའི་བདེ་སྡུག་སྐྱེ་གནས་སྣ་ཚོགས་པ་སྟེ། ནད་རིགས་སུམ་བརྒྱ་དྲུག་བཅུ་དང་། བགེགས་རིགས་སྟོང་ཕྲག་བརྒྱད་བཅུ་རྩ་བཞི་དང་། རྐྱེན་ཉི་ཁྲི་ཆིག་སྟོང་དང་། ཕྱོགས་བཞི་དབུས་དང་ལྔ་དང་། ཁ་དོག་ལྔ་དང་། དབྱིབས་ལྔ་དང་། སེམས་ཉིད་ཀྱི་གཤིས་མ་རྟོགས་པའི་དུག་ལྔ་རང་བཞིན་གྱིས་གནས་པ་དང་། ལས་ཀྱི་རླུང་ལྔ་དང་། ཉི་ཤུ་རྩ་ལྔ་ཇི་ལྟར་དུ་འདུས་པ་བཞིན་དུ། ལྷ་ཚངས་པ་དང་འཁོར་ལོ་བསྒྱུར་བའི་རྒྱལ་པོ་མན་ཆོད། མནར་མེད་པའི་དམྱལ་བ་ཡན་ཆོད་ཀྱི་རྒྱུ་འབྲས་བདེ་སྡུག་ཞིང་ཁམས་ལོངས་སྤྱོད་དང་ལོངས་སྤྱོད་མ་ཡིན་པ། བསོད་ནམས་དང་བསོད་ནམས་ཚོགས་མ་ཡིན་པ་དང་། ཚེ་རིང་ཐུང་ལུས་ཆེ་ཆུང་ལ་སོགས་འཁོར་བའི་བྱ་བ་སྣ་ཚོགས་པ་དུག་ལྔ་མ་རིག་པའི་སེམས་དང་། རླུང་ཉི་ཤུ་རྩ་ལྔ་སྟེ། རླུང་སེམས་གཉིས་ཕུང་པོ་ཁམས་དང་སྐྱེ་མཆེད་རྩ་གསུམ་འཁོར་ལོ་ལྔའི་ཕོ་བྲང་དུ་ཇི་ལྟར་འདུས་པ་བཞིན་དུ། འཁོར་བའི་བྱ་བ་སྣ་ཚོགས་ལས་སྣ་ཚོགས་མི་སྒྲུབ་ཀ་མེད་པ་སྟེ། དེའི་ཕྱིར་ན། རླུང་ཞེས་བྱ་བས་ལས་ཀུན་བསྒྲུབ། བྱ་བའི་དོན་ཡང་འདི་ལ་previous hit དགོངས next hit་ཡིན། དེའི་ཕྱིར་ན། མ་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱི་རྩ་བ་དབུ་མར་སེམས་ཉིད་ཀྱི་གཤིས་མ་རིག་པ་དང་། ནམ་མཁའི་རླུང་གིས་གཙོ་བོ་བྱས་ནས་རླུང་ལྔ་དུས་ཅིག་ལ་འདུས་ན། གཏི་མུག་གི་ལས་རྣམས་བསྒྲུབ་པའོ། །རྩ་གཡས་པ་རཱ་ས་ནར་ཞེ་སྡང་གི་གཤིས་དང་ཆུ་རླུང་གིས་གཙོ་བོ་བྱས་ནས་རླུང་

(༢༧༠)ལྔ་དུས་ཅིག་ལ་འདུས་ན་ཞེ་སྡང་གི་ལས་རྣམས་བསྒྲུབ་པའོ། །རྩ་གཡོན་པ་ར་པིར་འདོད་ཆགས་གཤིས་ཀྱི་སེམས་དང་། མེ་རླུང་གིས་གཙོ་བྱས་ནས་རླུང་ལྔ་དུས་ཅིག་ལ་འདུས་ན་འདོད་ཆགས་ཀྱི་ལས་རྣམས་བསྒྲུབ་པའོ། །གསང་གནས་རྡོ་རྗེའི་འཁོར་ལོར་ཕྲ་དོག་གཤིས་ཀྱི་སེམས་དང་། རླུང་གི་གཙོ་བོ་བྱས་པའི་རྩ་བའི་རླུང་ལྔ་འམ་ཉི་ཤུ་རྩ་ལྔའི་རླུང་སེམས་དུས་ཅིག་ལ་འདུས་ན་ཕྲ་དོག་གི་ལས་རྣམས་བསྒྲུབ་ཅིང་། ལྷ་མ་ཡིན་གྱི་རིགས་སུ་སྐྱེ་བའི་ལས་རྣམས་བསྒྲུབ་པའོ། །ལྟེ་བ་སྤྲུལ་པའི་འཁོར་ལོར་ང་རྒྱལ་གཤིས་ལ་གནས་པའི་སེམས་དང་སའི་རླུང་གིས་གཙོ་བྱས་བྱས་ནས། རླུང་སེམས་འདུས་ན་ང་རྒྱལ་གྱི་ལས་རྣམས་བསྒྲུབ་ཅིང་མིའི་གནས་སུ་སྐྱེ་བའི་ལས་རྣམས་བསྒྲུབ་པོ། །སྙིང་ག་ཆོས་ཀྱི་འཁོར་ལོ་གཤིས་ལ་གནས་པའི་ཞེ་སྡང་གི་སེམས་དང་། ཆུའི་རླུང་གིས་གཙོ་བོ་བྱས་ནས་རླུང་ལྔ་འམ་ཉི་ཤུ་རྩ་ལྔའི་རླུང་སེམས་འདུས་ན། །ཞེ་སྡང་གི་ལས་རྣམས་བསྒྲུབ་ཅིང་དམྱལ་ཁམས་བཅོ་བརྒྱད་ཀྱི་ལས་རྣམས་འགྲུབ་པར་འགྱུར་རོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་འདོད་ཆགས་གཤིས་ལ་གནས་པའི་སེམས་དང་མེའི་རླུང་གིས་གཙོ་བོ་བྱས་ནས་རླུང་ཉི་ཤུ་རྩ་ལྔ་སྟེ། རླུང་སེམས་དུས་ཅིག་ལ་འདུས་ན་འདོད་ཆགས་ཀྱི་ལས་རྣམས་བསྒྲུབ་ཅིང་ཡི་དགས་ཀྱི་ཚོགས་ཆེན་པོ་བསྐྱེད་པར་འགྱུར་རོ། །སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་གཤིས་ལ་གནས་པའི་གཏི་མུག་གི་སེམས་དང་། ནམ་མཁའི་རླུང་གིས་གཙོ་བོ་བྱས་ནས་རྩ་བའི་རླུང་ལྔ་འམ་དེ་ལས་འཕྲོས་པ་ཉི་ཤུ་རྩ་ལྔ་དང་། རླུང་སེམས་རྨོངས་པར་འདུས་ན་གཏི་མུག་གི་ལས་རྣམས་བསྒྲུབ་ཅིང་། བྱོལ་སོང་གི་སྐྱེ་གནས་སྣ་ཚོགས་བསྐྱེད་པར་འགྱུར་རོ། །ཡན་ལག་དང་ཉིང་ལག་ཕུང་པོ་ཁམས་དང་

(༢༧༡)སྐྱེ་མཆེད་རྩ་བྲན་སྣ་ཚོགས་པར། ཉོན་མོངས་པའི་ཡིད་ཅན་གྱི་སེམས་ཅན་རྣམ་པར་རྟོག་པ་སྣ་ཚོགས་པ་དང་། རླུང་གི་རྣམ་གྲངས་ཉི་ཤུ་རྩ་ལྔ་ལས་ཆ་རེ་རེའི་རླུང་སེམས་གང་དང་གང་དུ་འདུས་ན་དཀར་པོ་དགེ་བ་བསོད་ནམས་ཀྱི་ཚོགས་སྣ་ཚོགས་པའི་ལས་བསྒྲུབ་པ་ཡང་ཡོད། ཉོན་མོངས་པ་མི་དགེ་བ་གྲངས་ཅན་བརྒྱད་ཁྲི་བཞི་སྟོང་དང་། གྲངས་མེད་ཚད་ལས་འདས་པ་དང་། ལུང་མ་བསྟན་གྱི་ལས་སྣ་ཚོགས་བསྒྲུབ་པའི་ཕྱིར་ན། རླུང་ཞེས་བྱ་བས་ལས་ཀུན་བསྒྲུབ། བྱ་བའི་དོན་ཡང་འདི་རྣམས་ལ་previous hit དགོངས next hit་ཡིན། བ་སྤུའི་རྩ་བ་དང་སྐྲ་དང་ཀླད་པ་དང་ཀླད་རྒྱ་དང་རུས་པ་དང་རྐང་དང་པགས་པ་དང་། སོ་དང་ངག་དང་དབང་པོ་ལྔ་ལ་སོགས་པ་གང་དང་གང་དུ་རླུང་སེམས་ལེགས་པར་འདུས་པ་དང་ལོག་པར་འདུས་པ་ཡིས། ལེགས་པར་འདུས་ན་འཇིག་རྟེན་འདིའི་ཡོན་ཏན་དང་ལེགས་པ་སྣ་ཚོགས་བསྐྱེད་པའོ། །རླུང་སེམས་ཀྱི་རྟེན་འབྲེལ་ལོག་ཅིང་མི་མཐུན་པ་དགྲ་གཤེད་ལྟ་བུར་འདུས་ན། ཞ་བ་དང་འོན་པ་དང་ལོང་པ་དང་། ལྐུགས་པ་དང་ཚེ་ཐུང་བ་དང་ནད་མང་བ་དང་དགྲ་བགེགས་སྣ་ཚོགས་འབྱུང་པ་ལ་སོགས་པའི་མི་མཐུན་པའི་རྐྱེན་དང་། སྡུག་བསྔལ་སྣ་ཚོགས་པ་རྣམས་རླུང་གིས་བསྒྲུབ་པ་སྟེ། དེའི་ཕྱིར་ན་ཕྱི་སྣོད་ནང་བཅུད་ཐམས་ཅད་རླུང་ལ་བརྟེན་པའི་ཕྱིར་ན་ཕྱིའི་བརྟེན་པ་ནི་འབྱུང་བའི་རླུང་ཡིན་ལ། ནང་གི་སེམས་ཅན་རྣམས་ཀྱི་སྲོག་འཛིན་པ་དེ་ལས་ཀྱི་རླུང་དུ་བཞེད་པ་ཡིན། དཔེར་ན་རྟ་སྲབ་མེད་པ་མ་བསྐུལ་བ་སྟོབས་དང་ལྡན་པ་གཅིག །མི་ལག་པ་གཅིག་གིས་ཞོན་ན་རྟ་དེའི་དབང་དུ་སོང་ནས་སྟེང་འོག་ཕྱོགས་མཚམས་ཀུན་དུ་རྒྱུ་བ་བཞིན་དུ། ལས་ཀྱི་རླུང་ལྔ་འམ་ཉི་ཤུ་རྩ་ལྔ་དེ་ལྟ་བུ། སེམས་མ་རྟོགས་པ་མ་རིག་པ་དུག་ལྔ་རང་ཆས་སུ་གནས་པ་དེ་མི་ལྟ་བུ། ལས་ཀྱི་རླུང་གི་རྟ་མ་རིག་པ་རྣམ་པར་རྟོག་པ་དང་བཅས་

(༢༧༢)པའི་སེམས་ཀྱིས་ཞོན་ནས་ཕྱོགས་མཚམས་ཐམས་ཅད་དུ་སྐད་ཅིག་སྐད་ཅིག་ཀྱང་མི་གནས་པར་རྒྱུ་ཞིང་། འདུ་བྱེད་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པར་བསྒྲུབས་པ་སྟེ། དེའི་ཕྱིར་ན་མ་རྟོགས་མ་རིག་འཁོར་བའི་རྒྱུ་འབྲས་གཟུང་འཛིན་རླུང་སེམས་གཉིས་ཀྱིས་བསྒྲུབས་པ་སྟེ། འཁོར་བའི་རྡོ་རྗེ་རིགས་ཀྱི་གནས་ལུགས་ལོག་པའི་རྒྱུ་འབྲས་བཞིའི་དཀྱིལ་འཁོར་དུ་དགེ་དང་མི་དགེ་ཇི་ལྟར་དུ་བསྒྲུབ་ཀྱང་འཇིག་རྟེན་གསུམ་ལས་ནམ་ཡང་འདའ་བར་མི་འགྱུར་རོ། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ཁྱད་པར་དུ་གསང་སྔགས་གསར་མའི་རྣལ་འབྱོར་ཆེན་པོའི་ཐེག་པ་ལས། མ་རྟོགས་ཤིང་མ་རིག་པའི་རླུང་སེམས་གཉིས་ཀྱིས་ཁམས་གསུམ་འཁོར་བའི་རྒྱུ་འབྲས་སྣ་ཚོགས་རླུང་གིས་བསྒྲུབ་པའི་བར་སྐབས་ལགས་སོ། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ཁྱད་པར་དུ་གསང་སྔགས་གསར་མའི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་གྲངས་མེད་པ་ཅིག་གསུངས་ཀྱང་། ཕ་རྒྱུད་མ་རྒྱུད་གཉིས་སུ་འདུས་ཏེ། ཐབས་ཀྱི་རྒྱུད་ལ་ནམ་མཁའ་ལྟར་རྒྱ་ཆེ་བ་དཔལ་གསང་བ་འདུས་པ་དགྲ་ནག་དང་འཇིགས་བྱེད་ཀྱི་རྒྱུད་དང་། རྒྱུད་ཀྱི་ཕྱི་མ་དང་། །ཕྱི་མའི་ཕྱི་མ་སྟེ་གྲངས་མེད་པ་ཅིག་གསུངས་ཀྱང་། རླུང་སེམས་གཉིས་གཙོ་བོར་སྟོན་པའོ། །ཤེས་རབ་མའི་རྒྱུད་ལ་རྒྱ་མཚོ་ལྟར་ཟབ་པ་བདེ་མཆོག་འཁོར་ལོའི་རྒྱུད་སྡེ་གྲངས་མཐའ་ཡས་ལས། བོད་ལ་ཡང་རྒྱུད་སྡེ་བརྒྱ་ལྷག་ཙམ་འགྱུར་བ་ཡིན། ཉི་ཟླ་ལྟར་གྲགས་པ་དགྱེས་པའི་རྡོ་རྗེ་ལས། མཁའ་འགྲོ་མའི་གནས་འོག་མིན་གྱི་གནས་ན་གྲངས་མེད་པ་བཞུགས་པར་གསུངས་པ་སྟེ། བོད་ལ་འགྱུར་བ་བརྟག་པ་གཉིས་པ་དང་། རྡོ་རྗེ་གུར་དང་། རྒྱུད་ལེའུ་བདུན་པ་དང་། སམ་པཱུ་ཊི་དང་མ་རྒྱུད་ཀུན་གྱི་ཆིངས་ཡིན་ཏེ། ཁྱད་པར་དུ་དགྱེས་རྡོར་དང་རྒྱུད་དང་རྒྱུད་ཀྱི་འབྲེལ་པ་

(༢༧༣)ཟབ་པར་བཞེད་པའོ། །ནོར་བུ་རིན་པོ་ཆེ་ལྟ་བུའི་རྒྱུད་མ་ཧཱ་མ་ཡ་སྟེ། བདེ་མཆོག་གི་བདེ་ཆེན་མཁའ་འགྲོ་མ་བདེ་བ་ཆེན་པོའི་འཁོར་ལོ་ལས་འཕྲོས་པར་བཞེད་པ་ཡིན། རྡོ་རྗེ་གདན་གཞིའི་རྒྱུད་ཚིག་བར་བདུན་པ་ལ་སོགས་པ་རྒྱུད་སྡེ་རྣམས་དགྱེས་པ་རྡོ་རྗེ་ལས་འཕྲོས་པའོ། །དུས་ཀྱི་འཁོར་ལོའི་རྒྱུད་དང་རྒྱུད་ཀྱི་ཕྱི་མ་རྣམས་མ་རྒྱུད་ཐམས་ཅད་ཀྱི་ཆིངས་དང་ངོ་བོ་མཚན་ཉིད་དུས་དང་དུས་མ་ཡིན་པའི་ས་མཚམས་སྟོན་པའོ། །དེའི་ཕྱིར་ན་གསང་སྔགས་གསར་མ་ཞེས་བགྱི་བ་ལ། ཕ་རྒྱུད་མ་རྒྱུད་རྣམས་གྲངས་འདི་ཙམ་ཅིག་བོད་ལ་འགྱུར་བར་བཞེད་པ་སྟེ། དེ་ལ་ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་དཀྱིལ་འཁོར་རྒྱས་བསྡུས་བསམ་གྱིས་མི་ཁྱབ་པ་ཅིག་གསུངས་ན་ཡང་། ཁྱད་པར་དུ་མ་རྒྱུད་ཐམས་ཅད་ཀྱི་previous hit དགོངས next hit་གཅིག་ཏུ་འདུས་པ་རྩ་དང་བྱང་ཆུབ་ཀྱི་སེམས་གཙོ་ཆེར་སྟོན་པ་སྟེ། ཕ་རྒྱུད་ཐམས་ཅད་ཀྱི་རླུང་སེམས་གཉིས་སྟོན་པ་ལས། དེ་གཉིས་གཉིས་ཀའི་དོན་གཅིག་ཏུ་བསྡུས་པ་ལས་རྩ་རླུང་བྱང་ཆུབ་ཀྱི་གནད། སྲོག་རྩོལ་རླུང་གི་ཁ་ལོ་བསྒྱུར་ན་དབང་པོ་རབ་འབྲིང་ཐ་མ་གསུམ། ལོ་འམ་ཟླ་བ་འམ་མི་ཚེ་གཅིག་གི་ཡོན་ཏན་གྲུབ་ཆེན་བརྒྱད་དང་མཉམས་པར་མཆོག་དང་ཐུན་མོང་གི་དངོས་གྲུབ་སྣ་ཚོགས་ཐོབ་པར་བཞེད་པའོ། །དེའི་ཕྱིར་ན་ཕ་རྒྱུད་མ་རྒྱུད་ཀྱི་རྒྱུད་སྡེ་ཐམས་ཅད་འོ་མའི་རྒྱ་མཚོ་དང་འདྲ་བ་ལས། རྗེ་ཏཻ་ལོ་དང་ནཱ་རོ་ཡིས་ཐབས་དང་ཤེས་རབ་དབྱེར་མེད་ཅིང་། ཕྱག་རྒྱ་བཞི་ལྡན་གྱི་གདམ་ངག་མར་གྱི་སྙིང་པོ་ལྟ་བུའི་སྙན་རྒྱུད་གནད་ཀྱི་མན་ངག །ཧེ་རུ་ཀ་དང་དཔའ་བོ་རྒྱ་མཚོ་མཁའ་འགྲོ་རྒྱ་མཚོའི་སྲོག་སྙིང་རླུང་སེམས་གཉིས་དང་། ལུས་དང་རྩ་དང་བྱང་ཆུབ་ཀྱི་སེམས་ཉོན་མོངས་པ་དང་། འབྱུང་པ་དང་འཁྲུལ་པའི་ཚོགས་གནད་ཟབ་མོས་ལམ་དུ་སློང་ཞིང་། སངས་རྒྱས་སྐུ་ལྔའི་དཀྱིལ་འཁོར་རང་གི་ལུས་ངག་

(༢༧༤)ཡིད་གསུམ་འཁོར་ལོ་ལྔའི་དཀྱིལ་འཁོར་དུ། ད་ལྟ་ཉིད་དུ་རྟེན་འབྲེལ་བསྒྲིག་པའོ། །དེའི་ཕྱིར་ན། །དཔལ་གསང་བ་འདུས་པའི་རྒྱུད་ལས་ཀྱང་། རླུང་ཞེས་བྱ་བས་ལས་ཀུན་བསྒྲུབ། གསུངས་པའི་དོན་ཡང་གོང་གི་འདི་རྣམས་ལ་previous hit དགོངས next hit་ཡིན་ཏེ། ཁྱད་པར་དུ་ཧེ་རུ་ཀའི་དཀྱིལ་འཁོར་དུ་སངས་རྒྱས་པ་ཡང་རླུང་སེམས་མཆོག་ཏུ་འདུས་པའི་རྒྱུ་འབྲས་ཡིན། དེའི་ཕྱིར་ན་གནད་ཟབ་མོ་གསང་སྔགས་རླུང་སེམས་ཀྱི་འཁོར་ལོ་དར་དྲག་ལ་ཡུན་རིང་དུ་ལུས་སེམས་སྐལ་བ་དང་ལྡན་པའི་རྣལ་འབྱོར་པ་རྣམས་ཀྱིས་བསྒོམས་ན། རླུང་སེམས་ཁྱད་པར་དུ་འདུས་པའི་རྟགས་དང་ཡོན་ཏན་མི་འབྱུང་ཁ་མེད་པ་སྟེ། གསང་གནས་རྡོ་རྗེའི་འཁོར་ལོ་རྩ་འདབ་སུམ་བཅུ་རྩ་གཉིས་དང་ལྡན་པར་སེམས་ཀྱི་གཤིས་མཚན་ཉིད་ཐོག་པ་མེད་པ་དང་། རླུང་གི་རླུང་གཉིས་མཚན་ཉིད་ཆགས་ཐོགས་མེད་པར་འདུས་ན། དོན་ཡོད་གྲུབ་པའི་དལ་དངོས་སུ་མཐོང་ཞིང་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཆ་གཅིག་རྟོགས་པ་དང་། ཕྲིན་ལས་རྣམ་པ་བཞི་ལས་ཅུང་ཟད་ཙམ་དབང་བ་སྟེ། དེ་ཡང་ཉམས་ཀྱིས་འདུས་པ་ཡང་ཡོད་པ་ལས། དེ་མི་རྟག་ཅིང་མི་བརྟན་ལ་ནམ་མཁའི་སྤྲིན་བཞིན་དུ་ཡུན་རིང་ཐུང་ཙམ་མ་གཏོགས་པ་མྱུར་དུ་ཡལ་ཞིང་འཇིག་པར་འགྱུར་རོ། །དོན་དམ་པའི་བདེན་པ་མཐོང་ཞིང་རླུང་སེམས་དེ་ལྟར་དུ་འདུས་ན། དོན་ཡོད་གྲུབ་པའི་ལྷ་ཚོགས་དང་བྱ་བ་གྲུབ་པའི་ཡེ་ཤེས་རྒྱུན་དུ་བརྟག་ཅིང་བརྟན་པར་འགྱུར་རོ། །འདི་ལྟ་བུའི་ཡོན་ཏན་ཡང་རླུང་ཡེ་ཤེས་ཀྱི་རླུང་དུ་དབང་ཐོབ་པའི་ཕྲིན་ལས་ཡིན་ན། རླུང་སེམས་གནད་དུ་བསྣུན་པ་ཡིས་ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་བཅུ་རྩ་བཞི། ཡོད་པར་སའི་ཁམས་སུ་སེམས་ཀྱི་གཤིས་རང་བཞིན་གསལ་བ་དང་། སའི་རླུང་གཉིས་ཐབས་དང་ཤེས་རབ་དབྱེར་མེད་དུ་འདུས་ན་

(༢༧༥)རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་རམ་སངས་རྒྱས་སེར་པོའི་ཞལ་མཐོང་ཞིང་། ཐེག་ཆེན་ཆོས་ཀྱི་སྒྲ་ཐོས་པ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་ཆ་གཅིག་གསལ་བ་སྟེ། འདི་ཡང་ཉམས་ཀྱི་གསལ་བ་ཡང་ཡོད། དོན་དམ་པའི་བདེན་པ་མཐོང་ཞིང་རླུང་སེམས་ཀྱི་དཀྱིལ་འཁོར་དུ་རྟོགས་ན། ཡོན་ཏན་ཐམས་ཅད་རིན་ཆེན་འབྱུང་ལྡན་དང་མཉམ་ཞིང་རྒྱས་པའི་ལས་རྣམས་འགྲུབ་པ་སྟེ། གོང་བཞིན་དུ་ཉམས་དང་རྟོགས་པ་གང་ཡིན་སོ་སོར་ཤེས་པར་བྱའོ། །དེའི་ཕྱིར་ན། སའི་རླུང་གིས་གཙོ་བོ་བྱས་ནས་རླུང་ལྔ་འམ་ཉི་ཤུ་རྩ་ལྔ་ཡེ་ཤེས་ཀྱི་རླུང་དུ་དབང་ཐོབ་ན། ཡེ་ཤེས་ཀྱི་རླུང་གིས་རྒྱས་པའི་དཀྱིལ་འཁོར་རང་ལ་རྫོགས་པའི་ལས་ཀུན་བྱེད་པའོ། །སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་མ་བརྒྱད་ཡོད་པ་ལས། ཆུའི་ཁམས་ཀྱི་རླུང་དང་སེམས་ཉིད་ཀྱི་གཤིས་འགྱུར་བ་མེད་པ་གཉིས་རླུང་སེམས་དབྱེར་མེད་དུ་འདུས་ན། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཕྱོགས་མེད་དུ་གསལ་ཞིང་། མེ་ལོང་ལྟ་བུའི་ཡེ་ཤེས་ཆ་གཅིག་ཏུ་གསལ་བའོ། །དེ་ཡང་གོང་བཞིན་ཉམས་ཀྱི་གསལ་བ་དང་རྟོགས་པས་གསལ་བ་གཉིས་ཡིན་ཏེ། ཉམས་ཡིན་ན་འགྲིབ་ཅིང་རྟོགས་པ་ཡིན་ན་འཕེལ་འགྲིབ་དང་འགྱུར་བ་མེད་ཅིང་ཡོན་ཏན་རྡོ་རྗེ་སེམས་དཔའ་དང་མཉམ་ལ། རླུང་ཡེ་ཤེས་ཀྱི་རླུང་ལ་དབང་ཐོབ་ཅིང་། ཐུགས་འགྱུར་བ་མེད་པའི་ལས་རྣམས་ཡེ་ཤེས་ཀྱི་རླུང་གིས་བསྒྲུབ་པའོ། །དེ་ལྟར་དུ་རླུང་སེམས་གནད་གྱི་འཁོར་ལོ་དྲག་ཏུ་གནད་དུ་ཚུད་ན། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ་རྩ་འདབ་བཅུ་དྲུག་ཡོད་པ་ལས། སེམས་ཉིད་ཀྱི་གཤིས་རང་བཞིན་སྟོང་པ་དང་། མེའི་ཁམས་ཀྱི་རླུང་གཉིས་རླུང་སེམས་དབྱེར་མེད་དུ་འདུས་ན། ཕྱི་ནང་ཐམས་ཅད་སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་དུ་གསལ་ཞིང་། ཀུན་དུ་རྟོགས་པའི་ཡེ་ཤེས་ཆ་གཅིག་གསལ་བ་སྟེ། དེ་ཡང་གོང་བཞིན་དུ་ཉམས་

(༢༧༦)ཀྱི་རླུང་སེམས་འདུས་པ་ཡང་ཡོད། རྟོགས་པས་འདུས་པ་ཡང་ཡོད་ཏེ་ས་མཚམས་གོང་བཞིན་དུ་ཤེས་པར་བྱའོ། །སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ལ་རྩ་འདབ་སུམ་བཅུ་རྩ་གཉིས་ཡོད་པ་འཁོར་ལོའི་ལྟེ་བ་ཨོཾ་གྱིས་མཚན་པར། སེམས་ཉིད་ཀྱི་གཤིས་དངོས་པོ་ཀུན་ལ་ཁྱབ་པ་དང་། ནམ་མཁའི་ཁམས་ཀྱི་རླུང་གཉིས་བསྒོམས་པའི་སྟོབས་ཀྱི་དབྱེར་མེད་གཅིག་ཏུ་འདུས་ན། གཟུགས་ཀྱི་ཕུང་པོ་ཐམས་ཅད་རྣམ་པར་སྣང་མཛད་དུ་གསལ་ཞིང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ཆ་གཅིག་གསལ་བ་སྟེ། དེ་ཡང་ཉམས་ཀྱི་གསལ་བ་དང་རྟོགས་པར་དབང་ཐོབ་པ་སྟེ། ཉམས་ཀྱི་རླུང་སེམས་འདུས་པ་ཡིན་ན་མི་བརྟག་ཅིང་མི་བརྟན་ལ་འཕོ་ཞིང་འགྱུར་བའོ། །རླུང་སེམས་ཀྱི་རླུང་། སེམས་ཡེ་ཤེས་ཀྱི་སེམས། རྩ་ཡེ་ཤེས་ཀྱི་རྩ། བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཆ་ཕྲ་བའི་ཐིག་ལེ། དེ་རྣམས་ཕྱོགས་མེད་དུ་འདུས་ཤིང་རྟོགས་པ་མཐར་ཕྱིན་ན། རྣམ་པར་སྣང་དེ་ཀྱི་དཀྱིལ་འཁོར་ལས་རིགས་ལྔ་ཡབ་ཡུམ་བཅུ། ཡེ་ཤེས་ལྔའི་ཉི་ཤུ་རྩ་ལྔ་རང་ལ་རྫོགས་པ་སྟེ། རླུང་ཉི་ཤུ་རྩ་ལྔ་ཡེ་ཤེས་ཀྱི་རླུང་དུ་རང་དབང་ཐོབ་ཅིང་རང་ལ་རྫོགས་པའི་ཡེ་ཤེས་ཀྱི་རླུང་གིས་རིགས་ལྔ་སྐུ་ལྔའི་ལས་རབ་འབྱམ་རྒྱ་མཚོ་རང་སར་རྟོགས་པའོ། །དེའི་ཕྱིར་ན། རྩ་རླུང་བྱང་ཆུབ་སེམས་ཀྱི་གནད། སྨིན་ལམ་དག་གི་དཀྱིལ་འཁོར་དུ་རྒྱུན་ཆད་མེད་པར་གནད་དུ་བསྣུན་ན། སེམས་འབྱུང་རྣམ་པར་རྟོག་པའི་ཚོགས་ཐམས་ཅད་དང་ཡན་ལག་གི་རླུང་རྣམས། ཁམས་དང་སྐྱེ་མཆེད་དང་ཡན་ལག་དང་ཉིང་ལག་དང་། དབང་པོའི་སྒོ་ཐམས་ཅད་དུ་ཐབས་དང་ཤེས་རབ་དབྱེར་མེད་དུ་འདུས་ན། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་སེམས་མ་དང་། དཔའ་བོ་དང་མཁའ་འགྲོ་མ་དང་དམ་ཅན་རྒྱ་མཚོ་དང་ཁྲོ་བོ་དང་ཁྲོ་མོའི་ཚོགས་ལ་སོགས་པ་མཐོང་སྣང་སྣ་ཚོགས་

(༢༧༧)འབྱུང་ཞིང་། ཕྲིན་ལས་དང་ཡོན་ཏན་གྱི་ཚོགས་མང་པོ་ཡང་འབྱུང་བར་འགྱུར་ཏེ། དེ་ཡང་ཉམས་ཀྱི་རླུང་སེམས་འདུས་པ་དང་རྟོགས་པས་འདུས་པ་གཉིས་ཡིན་ཏེ། དེ་ཡང་ཉམས་ཀྱིས་འདུས་པ་ཡིན་ན་ལོ་འམ་ཟླ་བ་འམ་ཉིན་གཅིག་ལ་སོགས་པ་ཙམ་གྱིས་རྟགས་ཐམས་ཅད་ཡལ་བར་འགྱུར་རོ། །ཐབས་དང་ཤེས་རབ་དབྱེར་མེད་མཆོག་དང་ཐུན་མོང་གི་དངོས་གྲུབ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རླུང་སེམས་འདུས་ན། དུས་རྒྱུན་དུ་རྟོགས་ཤིང་འཕེལ་བ་དང་འགྲིབ་པ་མེད་པར་འགྱུར་རོ། །དེའི་ཕྱིར་ན། གསང་བ་འདུས་པའི་རྒྱུད་ལས། རླུང་ཞེས་བྱ་བས་ལས་ཀུན་བྱེད་བྱ་བའི་དོན་ནི། རླུང་སེམས་ཀྱི་ཆ་རབ་འབྲིང་ཐ་མ་ཇི་ལྟར་དུ་འདུས་པ་བཞིན་དུ་སངས་རྒྱས་དང་རྒྱལ་བ་དང་རྒྱལ་བའི་སྲས་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད། རླུང་སེམས་རབ་འབྲིང་ཐ་མ་གསུམ་དུ་འདུས་པའི་ཕྲིན་ལས་ཡིན་ནོ། །རླུང་ཞེས་བྱ་བས་ལས་ཀུན་བསྒྲུབ་བྱ་བའི་དོན་ཡང་འདི་ལ་previous hit དགོངས next hit་ཡིན། སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ཁྱད་པར་དུ་གསང་སྔགས་གསར་མའི་ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་ལས་རླུང་ཉི་ཤུ་རྩ་ལྔ་རྩ་གསུམ་འཁོར་ལོ་ལྔའི་ཕོ་བྲང་དུ་འབྱུང་བ་ལྔའི་ས་བོན་དང་། འབྱུང་བ་ལྔའི་རླུང་དང་། སེམས་ཉིད་ཀྱི་གཤིས་ལྔ་འབྱུང་བ་ལྔའི་ཐིག་ལེ་ལྔ་ཉམས་སུ་རླུང་སེམས་འདུས་པ་དང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རླུང་སེམས་འདུས་ན། སངས་རྒྱས་སྐུ་ལྔའི་དཀྱིལ་འཁོར་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམ་པར་འཕྲུལ་པ་མི་ཟད་པ་རྒྱན་གྱི་འཁོར་ལོ་རྣམ་པ་ལྔ། རླུང་སེམས་གཉིས་ཀྱི་དཀྱིལ་འཁོར་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་བར་སྐབས་ལགས་སོ། །རྣལ་འབྱོར་ཆེན་པོ་གསར་མའི་རྒྱུད་སྡེ་གྲངས་ཅན་དང་གྲངས་མེད་རྣམས་ཀྱི་སྒྲ་དང་དོན་གོ་ཞིང་རྟོགས་ནས་

(༢༧༨)ཕྱག་རྒྱ་བཞི་དང་རིམ་པ་ལྔ་གཉིས་མེད་ལྷན་ཅིག་སྐྱེས་པར་སྦྱོང་ཞིང་། རྩ་དང་རླུང་དང་སེམས་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་དུ། རིགས་ལྔའི་ཕོ་བྲང་དུ་ལུས་སེམས་སྔར་བཞིན་ངེས་པར་འདུས་ཤིང་ཁྱད་པར་དུ་དབང་ཐོབ་ནས། ཁམས་གསུམ་འཁོར་བ་རྒྱལ་བའི་དཀྱིལ་འཁོར་དུ་རང་ལ་རྫོགས་པ་ལས། ཐབས་དང་ཤེས་རབ་དབྱེར་མེད་དུ་ལམ་བསྒྲོད་ན་ཟག་པ་དང་བཅས་པའི་འབྲས་བུ་དང་ཟག་པ་མེད་པའི་འབྲས་བུ་དང་། ལྷན་ཅིག་སྐྱེས་པའི་འབྲས་བུ་དང་ཡེ་ཤེས་ལྔ་འམ་ཉི་ཤུ་རྩ་ལྔའི་འབྲས་བུ་མི་རྫོགས་ཀ་མེད་པ་སྟེ། དེ་ལ་རིམ་གྱིས་བསྒྲོད་པའི་དུས་སུ་འཁོར་ལོ་ལྔ་འམ་བཞི་རྩ་གསུམ་གྱི་ཕོ་བྲང་ན། རང་བཞིན་གྱིས་གནས་པའི་དགའ་བ་བཞི་དང་། རྐྱེན་གྱིས་སྐྱེད་པའི་དགའ་བ་བཞི་དང་། ཐབས་ཟབ་མོས་ཉོན་མོངས་པ་ལམ་དུ་སློང་པའི་དགའ་བ་བཞི་དང་། ཡང་ན་དགའ་བ་རེ་རེ་ལ་ཡང་བཞི་བཞིར་དབྱེ་སྟེ། རྣམ་གྲངས་བཅུ་དྲུག་ཏུ་བཞེད་པ་ཡང་ཡོད། ཐབས་དང་ལམ་འདི་རྣམས་ཐམས་ཅད་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྫོགས་ཤིང་། འཁོར་ལོ་ལྔ་འཁོར་ལོ་གཅིག་ཏུ་རླུང་སེམས་ཡེ་ཤེས་སུ་རྟོགས་ཤིང་རྫོགས་ན། དབང་པོ་ཡང་རབ་སྐྱེ་བ་འདི་ཉིད་ལ་རྒྱལ་བ་རྒྱ་མཚོའི་རྣམ་འཕྲུལ་དང་ཆོ་འཕྲུལ་སྣ་ཚོགས་པར་ཤུགས་ལས། ཆོས་ཀྱི་དབྱིངས་དང་ཁྱབ་པར་ཉི་མ་དང་ཉི་མའི་འོད་ཟེར་བཞིན་དུ་འདུ་འབྲལ་མེད་པར་རང་བཞིན་གྱི་ངོ་བོ་ཉིད་ཀྱི་ལྷུན་གྱིས་གྲུབ་པ་སྟེ། དེའི་ཕྱིར་ན་སྤྱི་གཙུག་བདེ་བ་ཆེན་པོའི་གནས་སུ། གཏི་མུག་གི་ཁམས་དང་། ནམ་མཁའི་ཁམས་དང་། སྐུའི་ས་བོན་ཨོཾ་དུ་ཐམས་ཅད་གནས་པ་ལས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རླུང་སེམས་འདུས་ཤིང་རྫོགས་ན། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྣམ་འཕྲུལ་དང་ཆོ་འཕྲུལ་རང་

(༢༧༩)གི་རྟོགས་ཚུལ་དང་སྦྱར་ཏེ། རྒྱ་ཆེ་ཆུང་འབྲིང་གསུམ་དེ་ལྟར་དུ་འབྱུང་བར་འགྱུར་རོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་ཉོན་མོངས་པ་འདོད་ཆགས་མེའི་ཁམས་དང་མེའི་རླུང་སྣང་བ་མཐའ་ཡས་དང་མ་རྟོགས་ན་འདོད་ཆགས་ཀྱི་ས་བོན་ཐམས་ཅད་ཧྲིལ་གནས་པ་ལས། ཟབ་མོ་གནད་ཀྱི་མན་ངག་གི་ལམ་གྱི་དུས་སུ་ཐབས་དང་ཤེས་རབ་དབྱེར་མེད་དུ་གོམས་ལ། འབྲས་བུའི་དུས་སུ་གསུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས། སྣང་བ་མཐའ་ཡས་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པ་རྟོགས་པའི་དུས་མཐར་ཕྱིན་མ་ཕྱིན་དང་། ཆ་མཐུན་པར་གསུང་གི་དཀྱིལ་འཁོར་ཡང་ཚད་ཅན་དང་ཚད་མེད་ཤུགས་ལས་འབྱུང་བར་འགྱུར་རོ། །སྙིང་ག་ཆོས་ཀྱི་འཁོར་ལོ་ཉོན་མོངས་པ་ཞེ་སྡང་གི་གཤིས་དང་འབྱུང་བ་ཆུའི་ཁམས་དང་། ཆུའི་རླུང་དང་། ཐ་མལ་པའི་དུས་སུ་ནི་ཞེ་སྡང་གི་ས་བོན་གསང་སྔགས་ཀྱི་ཐབས་ཟབ་མོས་ཐབས་དང་ཤེས་རབ་དབྱེར་མེད་དེ་བསྒྲོད་པའི་དུས་སུ། རྡོ་རྗེ་སེམས་དཔའ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ས་བོན་ཧཱུྃ་དུ་ཐམས་ཅད་གནས་པ་ལས། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་རང་ལ་རྫོགས་ནས་ཐུགས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་མི་སྐྱོད་པ་རྡོ་རྗེ་སེམས་དཔའི་དལ་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་མཐར་ཕྱིན་ན། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་ཤུགས་ལས་འབྱུང་བར་འགྱུར་རོ། །རྟོགས་པའི་རྩལ་རྫོགས་པ་དང་མ་རྫོགས་པ་དང་ཆ་མཐུན་པར། ཚད་ཅན་དང་ཚད་མེད་ཀྱི་ལོངས་སྐུའི་དཀྱིལ་འཁོར་སྣ་ཚོགས་རང་ལ་རྫོགས་པར་འགྱུར་རོ། །ལྟེ་བ་སྤྲུལ་པའི་འཁོར་ལོར་ཉོན་མོངས་པ་ང་རྒྱལ་གྱི་ས་བོན་ཏྲཾ་སའི་ཁམས་དང་སའི་རླུང་དང་ཡུལ་

(༢༨༠)དང་ཡུལ་ཅན་ཐ་མལ་པའི་དུས་སུ། ང་རྒྱལ་གྱི་གཤིས་གནས་པ་ལས། གསང་སྔགས་ཀྱི་གནད་གསུམ་གནད་ཟབ་མོས་ང་རྒྱལ་ལམ་དུ་སློང་ཞིང་ཐབས་དང་ཤེས་རབ་དབྱེར་མེད་དུ་ལམ་བསྒྲོད་ཅིང་། ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོར་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས། ཡུམ་སངས་རྒྱས་སྤྱན་མ་ལ་སོགས་པའི་ཡོན་ཏན་གྱི་རིགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་དང་། གྲངས་ཅན་དང་གྲངས་མེད་སྣ་ཚོགས་པ་ཇི་ལྟར་རྟོགས་པའི་བྱེ་བྲག་བཞིན་དུ་རྩོལ་བསྒྲུབ་མེད་པར་ཤུགས་ལས་འབྱུང་བར་འགྱུར་རོ། །གསང་གནས་རྡོ་རྗེའི་འཁོར་ལོ་ཕྲག་དོག་གི་སོན་གཤིས་ཀྱི་ཡེ་གེ་ཨཾ་དང་། རླུང་གི་ཁམས་དང་རླུང་གི་རླུང་གཉིས་དང་། ཕྲ་དོག་གི་ཚོགས་ཐམས་ཅད་ཨཾ་དུ་གནས་པ་ལས། འདི་རྣམས་ཐ་མལ་པའི་དུས་སུ་ཁམས་གསུམ་འཁོར་བ་རིགས་ལྔ་ཁམས་གསུམ་གྱི་འབྱུང་བཞི་དང་རྒྱུ་འབྲས་ཡིན་ལ། འདི་རྣམས་ཐབས་དང་ཤེས་རབ་གཉིས་ཀྱི་དཀྱིལ་འཁོར་དུ། གཞི་ལྔ་མ་སྤངས་ལྷུན་གྱིས་གྲུབ་པ་ལ། ལམ་ལྔ་སྤངས་ཐོབ་མེད་པར་དུག་ལྔ་ཐབས་དང་ཤེས་རབ་དབྱེར་མེད་དུ་ལམ་དུ་སློང་ཞིང་། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས། ཡེ་ཤེས་ལྔ་ལྡན་དུ་རྟོགས་པ་རྩལ་རྫོགས་ན། ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་སོགས་པ་རང་བཞིན་གྱིས་ལྷུན་གྱིས་གྲུབ་པ་ལ་སོགས་པ། རྒྱལ་བ་ལོངས་སྤྱོད་རྫོགས་པའམ་དཀྱིལ་འཁོར་མི་ཟད་པ་རྒྱན་གྱི་འཁོར་ལོ་ལྔ། དབང་པོ་ཡང་རབ་མི་ཚེ་གཅིག་ལ་རྟེན་འབྲེལ་འགྲིག་པ་དེ་གསང་སྔགས་གསར་མའི་ཕ་རྒྱུད་མ་རྒྱུད་ཐམས་ཅད་previous hit དགོངས next hit་ཅིག་ཏུ་འདུས་པའི་གནད་ཀྱི་གདམ་ངག །རླུང་སེམས་གཉིས་ཀྱི་དཀྱིལ་འཁོར་དུ་སྒོམ་ཞིང་རྟོགས་པ་མཐར་ཕྱིན་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྣམ་འཕྲུལ་དང་ཆོ་འཕྲུལ་

(༢༨༡)ཡེ་ཤེས་ཀུན་མཁྱེན་རྒྱུ་འབྲས་རང་ལ་རྫོགས་པ་སྟེ། འདི་ལྟ་བུའི་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་འབྱུང་སྟེ། ཕྱག་རྒྱ་ཆེན་པོ་རྟོགས་པའི་ཡོན་ཏན་དང་ཕྲིན་ལས་རྒྱུ་ལས་མ་བྱུང་ཞིང་རྐྱེན་གྱིས་མ་སྐྱེད་པས་ན། གསང་བའི་དབང་ལ་བཞིར་དབྱེ་བའི་འབྲས་བུ་མཐར་ཕྱིན་པ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཤུགས་ལས་བྱུང་བའི་ཕྲིན་ལས་སོ། །ཕྱག་རྒྱ་ཆེན་པོ་རྟོགས་ཟེར་ཞིང་ཕ་རྒྱུད་མ་རྒྱུད་སྒྲ་དོན་མཁས་ཤིང་། རླུང་སེམས་ལ་དབང་ཐོབ་པར་འདོད་པ་རྣམས་ལ་ཡོན་ཏན་དང་ཕྲིན་ལས་རྫུ་འཕྲུལ་དང་ཆོ་འཕྲུལ་འདི་རྣམས་ཀྱང་ཆ་རེ་ཙམ་མི་འདུག་ན། མ་རྟོགས་ཤིང་མ་རིག་པ་རྨོངས་པ་གཏི་མུག་འཁྱིལ་བའི་འཁོར་བའི་རྒྱུས་ཅན་དུ་རིག་པར་བྱའོ། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། གསང་སྔགས་གསར་མའི་ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་ལས། གནས་ལྔར་སྲོག་རྩོལ་གནད་ཀྱི་མན་ངག་གི། རིགས་ལྔ་ཡབ་ཡུམ་བཅུའི་དཀྱིལ་འཁོར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོར་རླུང་སེམས་ཡེ་ཤེས་སུ་འདུས་ཤིང་རྫོགས་ན། ལྷ་འམ་མི་འམ་འགྲོ་བ་རིགས་དྲུག་གི་ལུས་ཅན་དུ་སྣང་ན་ཡང་། ཡོན་ཏན་དང་ཕྲིན་ལས་རྒྱལ་བ་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་དང་མཉམ་པའི་བར་སྐབས་བསྟན་པའོ། །དགྱེས་པ་རྡོ་རྗེའི་རྒྱུད་ལས་ཀྱང་། །ལྟེ་བའི་གཏུམ་མོ་སྦར་བྱས་ཏེ། །དེ་བཞིན་གཤེགས་པ་ལྔ་བསྲེགས་ནས། །སྤྱན་ལ་སོགས་པ་ཡང་བསྲེགས་ཏེ། །སྲེགས་པས་རི་བོང་ཅན་ཧམ་འཇག །ཅེས་གསུངས་པའི་ཕྱིར་རོ། །དེའི་དོན་ཡང་འདི་ལྟར་དུ་གོ་ཞིང་རྟོགས་པར་བྱའོ། །དེའི་ཕྱིར་ན། སེམས་དངོས་པོ་གཤིས་ཀྱི་གནས་ལུགས་ངོ་བོ་གཅིག་ལ་མཚན་ཉིད་ལྔ་ལྡན་དུ་གནས་པ་དེ་རིགས་ལྔ་ཡབ་ཡུམ་བཅུ་ཡིན་པ་ལ་ཡིན་པར་ངོ་མ་ཤེས་ཤིང་། ལྷན་ཅིག་སྐྱེས་

(༢༨༢)པའི་མ་རིག་པས་བསྒྲིབས་ནས་སེམས་ཅན་གྱི་དུག་ལྔ་ཕུང་པོ་ཁམས་དང་སྐྱེ་མཆེད་འཁོར་བའི་རྒྱུ་འབྲས་སྣ་ཚོགས་སུ་འཁྲུལ་བའི་ཕྱིར་ན། གཤིས་ལ་དེ་བཞིན་གཤེགས་པ་གནས་ཀྱང་། དཔེར་ན་ཉི་མ་སྤྲིན་གྱིས་སྒྲིབས་པ་བཞིན་དུ་ཁམས་གསུམ་འཁོར་བ་འཁྲུལ་པའི་རྒྱུ་འབྲས་ལོག་པ་མ་རྟོགས་པ། རྣམ་པར་བྱང་བའི་རྒྱུ་འབྲས་སྐད་ཅིག་ཀྱང་མི་འཆར་བའི་ཕྱིར་ན། འཁྲུལ་པའི་ཚོགས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པར་བྱ་བའི་ཕྱིར། ཐེག་པ་དྲུག་གཅིག་ཏུ་རྫོགས་པའི་རྣལ་འབྱོར་ཆེན་པོ་གསར་མའི་ཕ་རྒྱུད་མ་རྒྱུད་ཀྱི་ཐབས་དང་ཤེས་རབ་ཟབ་མོས་ཉོན་མོངས་པ་དུག་ལྔ་ལམ་དུ་སློང་བ་སྟེ། དེའི་ཕྱིར་ན། ལྟེ་བའི་གཏུམ་མོ་སྦར་བྱ་སྟེ། བྱ་བའི་དོན་ནི། སེམས་ཅན་ཐམས་ཅད་སྐྱེ་བའི་དུས་སུ་ཡང་དང་པོ་ལྟེ་བ་ནས་ཆགས་ཏེ། སེམས་ཉིད་ཀྱི་གཤིས་ཀྱི་དང་པོ་གནས་ས་ལྟེ་བ་ཡིན་པའི་ཕྱིར་ན། ལྟེ་བའི་དབུས་སུ་རླུང་སེམས་འདུས་པའི་གཤིས་ཨ་ཤད་ལྟ་བུ་གནས་པ་ལས། མ་རྟོགས་ཀྱི་བར་དུ་ཁམས་གསུམ་འཁོར་བ་བསྒྲུབ་པའོ། །ལུང་ལས་ཀྱང་། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཁོང་ནས་འབྱུང་བ་སྐྱེ་བ་མེད། །གསུང་བའི་དོན་ཡང་འདི་ལ་previous hit དགོངས next hit་ཡིན། དེའི་ཕྱིར་ན། འཁོར་ལོ་ལྔའི་ཕོ་བྲང་ན་སེམས་ཉིད་ཀྱི་གཤིས་ལྔ་ངོ་བོ་རིགས་ལྔའི་ས་བོན་གནས་པ་ལས། དེ་གསང་སྔགས་ཀྱི་ཐབས་ཟབ་མོས་སྲོག་སྲོག་རྩོལ་གནད་ཀྱི་འཁོར་ལོ་བསྐོར་ན། གཤིས་ལ་གནས་པའི་གཏུམ་མོ་དང་། མཚོན་པར་བྱེད་པ་མེའི་གཏུམ་མོའི་འཁོར་ལོ་ལྔའི་ཕོ་བྲང་དུ། དུག་ལྔ་དང་འབྱུང་བ་ལྔ་ཡུལ་དང་ཡུལ་ཅན་ཐབས་དང་ཤེས་རབ་གཉིས་སུ་མེད་པར་བསྲེགས་ནས། སྤྱི་བདེ་ཆེན་གྱི་འཁོར་ལོ་ན་ཐབས་མཚོན་པ་ཀུན་རྫོབ་ཀྱི་ཧམ་དང་། ཤེས་རབ་རང་གི་གཤིས་ཀྱི་ཧམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་

(༢༨༣)འབར་བ་དང་འཛག་པས། དབང་པོ་ཡང་རབ་ཟླ་བ་དྲུག་གམ་མི་ཚེ་གཅིག་གིས་དབང་བཞི་དང་དགའ་བ་བཞི་རྫོགས་པ་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པ་ཕྱོགས་མེད་དུ་འཆར་བའོ། །དེའི་ཕྱིར་ན་མཚན་ཉིད་ན་བསྐལ་པ་གྲངས་མེད་གསུམ་གྱིས་ས་ལམ་བསྒྲོད་དགོས་པའི་ཐད་དུ། རྣལ་འབྱོར་ཆེན་པོ་གསར་མའི་ལུགས་ཀྱི་རྩ་རླུང་བྱང་ཆུབ་སེམས་ཀྱི་གནད་ཟབ་ལོ་དང་། བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་བྱིན་གྱིས་བརླབས་ཀྱིས། མ་སྨིན་པ་སྨིན་པ་དབང་བཞི་རྫོགས། སྨིན་པ་གྲོལ་བ་ཐབས་དང་ཤེས་རབ་དབྱེར་མེད་ཕྱག་རྒྱ་བཞི་དང་ལྡན་པ་ཡིས། སྐལ་བ་དང་ལྡན་པ་རྣམས་རླུང་སེམས་རྩ་དང་བྱང་ཆུབ་སེམས་དང་གནད་བཞིའི་རྟེན་འབྲེལ་འགྲིག་ན། མི་ཚེ་གཅིག་ལ་རིགས་ལྔ་ཡེ་ཤེས་ལྔ་ཡུམ་ལྔའི་དཀྱིལ་འཁོར་རང་ལ་རྫོགས་ནས། ཁམས་གསུམ་ཡང་བྱིན་གྱིས་བརློབ་ནུས་ཤིང་། ཁྱད་པར་དུ་འཛམ་བུའི་གླིང་དུ་ཉི་མ་དང་ཟླ་བ་ལྟ་བུར་གྲགས་པའི་དངོས་གྲུབ་ཐོབ་ཁྱད་པར་དུ་འཕགས་པ་འབྱུང་བ་སྟེ། ཐབས་ཀྱི་རྒྱལ་པོ་ཕ་རྒྱུད་དང་ཤེས་རབ་ཀྱི་རྒྱལ་པོ་མ་རྒྱུད་ལས། ཐབས་དང་ཤེས་རབ་དབྱེར་མེད་པ་རྩ་རླུང་བྱང་ཆུབ་སེམས་ཀྱི་གནད། རྗེ་ཏཻ་ལོ་ནཱ་རོའི་ཁྱད་ཆོས་ཡིན། རླུང་སེམས་གཉིས་ལ་དབང་ཐོབ་ན་སངས་རྒྱས་དང་སེམས་ཅན་ཐམས་ཅད་ལ་དབང་ཐོབ་པར་འགྱུར་རོ། །དགྱེས་པ་རྡོ་རྗེའི་ལུང་ལས། ལྟེ་བར་གཏུམ་མོ་སྦར་བྱ་ཏེ། ཞེས་གསུངས་པའི་དོན་ཡང་འདི་ལ་previous hit དགོངས next hit་ཡིན། གསང་སྔགས་གསར་མའི་ལུགས་ཀྱི་འཁོར་ལོ་ལྔའི་ཕོ་བྲང་དུ་དངོས་པོ་གཤིས་ཀྱི་གནས་ལུགས་གཤིས་ལྔ་ཡེ་ཤེས་ལྔ་ཧེ་རུ་ཀ་ལྔ་མཁའ་འགྲོ་ལྔ་ལ་སོགས་པ། གསང་སྔགས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱང་། སྐད་ཅིག་ཙམ་གྱིས་རླུང་སེམས་གཉིས་ཐབས་དང་ཤེས་རབ་དབྱེར་མེད་དུ་འདུས་པའི་ཕྱིར། བདེ་མཆོག་དགྱེས་རྡོར་གསང་འདུས་ཀྱི་

(༢༨༤)ལྷ་ཚོགས་ཐམས་ཅད་རང་ལ་རྫོགས་ཤིང་རང་ཉིད་ཡིན་པའི་བར་སྐབས་བསྟན་པའོ། །མ་ཧཱ་མ་ཡའི་རྒྱུད་ལས། །སྔགས་དང་དབྱིབས་དང་ཆོས་བདག་མེད། །འདི་དག་རྣལ་འབྱོར་གསུམ་ཡིན་ཏེ། །སྲིད་པ་གསུམ་གྱིས་མི་གོས་ཤིང་། །ལྷན་སྐྱེས་ལོངས་སྐུའི་དཀྱིལ་འཁོར་རྫོགས། ཤེས་གསུངས་པའི་ཕྱིར་ན། སྔགས་ཀྱང་རྣམ་པ་གསུམ་ཡིན་ཏེ། ཕྱི་སྤྲོ་བསྡུའི་བཟླས་པ་དང་། ནང་དང་གསང་བ་སྲོག་རྩོལ་རླུང་གི་བཟླས་པ་དང་། །དེ་ཁོ་ན་ཉིད་འགྱུར་བ་མེད་པ་རྡོ་རྗེའི་བཟླས་པའོ། །དབྱིངས་ཀྱང་གཉིས་ཡིན་ཏེ། །ཞི་བ་དང་རྒྱས་པའི་དཀྱིལ་འཁོར་དང་། དབང་དང་དྲག་པོའི་དལ་དང་། བདག་མེད་མ་ཡང་གཉིས་ཡིན་ཏེ། །དམིགས་པ་དང་བཅས་པའི་རྫོགས་རིམ་དང་། དམིགས་པ་མེད་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པར་བྱེད་པའོ། །དེ་ལ་ཕྱི་སྤྲོ་བསྡུའི་བཟླས་པ་ནི། ཕ་རྒྱུད་ཀྱི་དཀྱིལ་འཁོར་རྣམས་ཀྱི་སྙིང་པོ་དང་། ཉེ་བའི་སྙིང་པོ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོའི་སྔགས་དང་། ཕྲིན་ལས་དང་མཐའ་རྟུལ་གྱི་སྔགས་རྣམས་ལ་སོ་སོར་བསྙེན་བསྒྲུབ་ཚད་དུ་སྐྱོལ་བར་བཞེད་པའོ། །མ་རྒྱུད་ཀྱི་ལྷ་ཚོགས་རྣམས་ལས། བདེ་མཆོག་དགྱེས་རྡོར་དུས་འཁོར་རྡོ་རྗེ་གདན་གཞི་མ་ཧཱ་མ་ཡ་གང་ཡང་རུང་བ་རྣམས་ཀྱི་སྙིང་པོ་དང་། ཉེ་བའི་བསྙེན་པ་དང་། བསྙེན་པ་ཆེན་པོ་དང་། སྒྲུབ་པ་དང་སྒྲུབ་པ་ཆེན་པོ་དང་། ཕྲིན་ལས་དང་མཐའ་བརྟུལ་གྱི་སྔགས་རྣམས་ལ་དཀྱིལ་འཁོར་ཐམས་ཅད་སོ་སོའི་སྔགས་ལས། །བསྙེན་པ་དང་བསྒྲུབ་པ་མཐར་ཕྱིན་པ་ནི་ཕྱི་སྤྲོ་བསྡུའི་བཟླས་པ་སྟེ། ཉེ་བའི་རྒྱུ་ལས་རིང་བའི་ལམ་མོ། །སྲོག་རྩོལ་རླུང་རྡོ་རྗེའི་བཟླས་པ་ནི། རླུང་བུམ་པ་ཅན་དྲག་ཏུ་བཟུང་བ་དང་། སྦྱོར་བ་བཞི་ལྡན་གྱི་རླུང་ཕྱིར་བཟུང་བ་དང་། ཞི་བ་འཇམ་པའི་རླུང་། རླུང་རྩི་ཞིང་གྲངས་བཟུང་བ་ལ་སོགས་པ་རླུང་གི་བཟུང་ལུགས་གྲངས་མེད་པ་ཅིག་གསུངས་

(༢༨༥)པ་སྟེ། དབང་པོ་བྱེ་བྲག་དང་བསྟུན་ནས་དེ་ལ་གནད་ཀྱི་མན་ངག་དང་ལྡན་པར་སྲོག་རྩོལ་རླུང་གི་འཁོར་ལོ་ཁུག་པ་ཅིག་བཟུང་ན་ཡང་། སྤྲོ་བསྡུའི་བཟླས་པ་མི་ཚེ་གཅིག་ལ་བྱས་པ་བས་གྲུབ་ཐག་ཤིན་དུ་ཉེ་བའོ། དེའི་ཕྱིར་ན། རྩ་རླུང་བྱང་ཆུབ་ཀྱི་སེམས་སྲོག་རྩོལ་རླུང་ལ་དབང་ཐོབ་ན། སངས་རྒྱས་ཐམས་ཅད་ལ་དབང་བསྒྱུར་ཞིང་ཁམས་གསུམ་པ་ལ་དབང་བསྒྱུར་བ་སྟེ། རང་གི་ལུས་ངག་ཡིད་གསུམ་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྩ་རླུང་བྱང་ཆུབ་སེམས་ལ་དབང་ཐོབ་ན། འཁོར་འདས་རིགས་ཀྱི་གཙོ་བོ་རྡོ་རྗེ་འཆང་ཆེན་རང་ཉིད་ཡིན་པའི་ཕྱིར་རོ། །བདག་མེད་པ་ནི་དམིགས་བཅས་ཀྱི་རྫོགས་རིམ་ཏིང་ངེ་འཛིན་གྱི་བྱེ་བྲག་གྲངས་མེད་པ་སྐུའི་སྙིང་པོ་ལ་བསླབ་པ་དང་། གསུང་དང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི་ས་བོན་ལ་བསླབ་པ་དང་། ནཱ་ད་ལ་བསླབ་པ་དང་། ཐིག་ལེ་དང་ཟླ་ཚེས་ལ་བསླབ་པ་དང་། སྣ་རྩེ་གསུམ་ལ་བསླབ་པ་དང་། རྨི་ལམ་སྒྱུ་ལུས་འོད་གསལ་སེམས་དབེན་དམིགས་བཅས་ཀྱི་གཏུམ་མོ་འཕོ་བ་གྲོང་འཇུག་ལ་སོགས་པ་ཉམས་ཀྱི་ཏིང་ངེ་འཛིན་བདེ་གསལ་མི་རྟོགས་པ་གསུམ་ལ་ཞི་གནས་ལ་བསླབ་པ་སྟེ། དེ་རྣམས་ནི་དམིགས་པ་དང་བཅས་པའི་བདག་མེད་སེམས་འཛིན་པའི་རིམ་པ་བསྟན་པའོ། །དེ་རྣམས་ཀྱི་དོན་ལ་ཐབས་དང་ཤེས་རབ་དབྱེར་མེད་དུ་ལམ་བསྒྲོད་ཅིང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གྲོལ་ཕྱག་རྒྱ་ཆེན་པོར་རྟོགས་ན། ཁམས་གསུམ་སྲིད་པ་གསུམ་རྒྱུ་དྲུག་འཁོར་བའི་འདམ་གྱིས་མི་གོས་ཤིང་། ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་ཕྱག་རྒྱ་ཆེན་པོར་རྟོགས་པ་མཐའ་ཡས་པ་སྟེ། །སྲིད་པ་གསུམ་གྱི་གྲོང་ཁྱེར་ཡང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། ལུང་ལས་ཀྱང་། ཇི་ལྟར་ཆུ་ལ་ཆུ་གཞག་པ་དང་། །ཇི་ལྟར་མར་ལ་མར་བཞག་བཞིན། །རང་གི་རང་རིག་ཡེ་ཤེས་

(༢༨༦)ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །གསུང་བའི་ཕྱིར་ན། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་གདོད་མ་ནས་གཤིས་ཉིད་ཡིན་པ་ལས། །ཐབས་དང་ཤེས་རབ་དབྱེར་མེད་པའི་ཐབས་ཟབ་མོས་ཉོན་མོངས་པ་དུག་ལྔ་ལ་སོགས་པ་འཁྲུལ་པའི་ཚོགས་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་ཡིན་པ་ལ། ཡིན་པར་ངོ་ཤེས་ཤིང་ལམ་དུ་སློང་སྟེ། རླུང་སེམས་གནད་ཀྱི་འཁོར་ལོ་བསྐོར་ན་ཆོས་ཀྱི་དབྱིངས་ཀྱི་ཁྱབ་ཚད་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་ཤིང་། སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ལྔ་ལྡན་རང་ཉིད་ཡིན་པ་སྟེ། མ་ཧཱ་མ་ཡའི་སྔགས་དང་དབྱིབས་དང་ཆོས་བདག་མེད་གསུམ་གྱིས། ཐབས་དང་ཤེས་རབ་དབྱེར་མེད་དུ་ཉོན་མོངས་པ་ལམ་དུ་སློང་ན། མི་ཚེ་གཅིག་ལ་ལྷུན་གྱིས་གྲུབ་པའི་རིགས་ལྔ་ཡབ་ཡུམ་བཅུར་སངས་རྒྱ་བར་འགྱུར་རོ། །ཆོས་སྐུའི་བསྟན་པ་རྣལ་འབྱོར་ཆེན་པོ་བླ་ན་མེད་པ་གསར་མའི་ཐེག་པ་ལས། གཞི་མ་སྤངས་ལྷུན་གྱིས་གྲུབ་པ་ལས། ལམ་རྩོལ་བ་དང་སྒྲུབ་པ་དགག་སྒྲུབ་མེད་པར་བསྒྲོད་ནས། འབྲས་བུ་སྤང་ཐོབ་མེད་པར་སྐུ་གསུམ་ལྷུན་གྱིས་གྲུབ་པའི་བར་སྐབས་བསྟན་པའོ། །བདེ་མཆོག་འཁོར་ལོའི་རྒྱུད་ལས་ཀྱང་། གསང་བ་མཆོག་གི་དགྱེས་པ་ན། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། ཤེས་གསུངས་པའི་ཕྱིར་ན། གསང་སྔགས་གསར་མའི་ཕ་རྒྱུད་མ་རྒྱུད་ཐམས་ཅད་ཀྱི་སྒྲ་དང་དོན་རྒྱུད་དང་མན་ངག་ཐམས་ཅད་ལུང་འདིས་གཏན་ལ་འབེབས་པ་སྟེ། དེའི་ཕྱིར་ན་གསང་བ་ཞེས་བྱ་བ་ནི། དངོས་པོ་གཤིས་ཀྱི་གནས་ལུགས་ལ་previous hit དགོངས next hit་སྟེ། མ་རྟོགས་ཤིང་མ་རིག་པའི་དུས་སུ་འགྲོ་བ་ཀུན་ལ་རང་བཞིན་གྱིས་གསང་ལ། གང་གིས་རིག་ཅིང་རྟོགས་པའི་དུས་སུ་ནི་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རྟོགས་ཤིང་རང་བྱུང་གི་ཡེ་ཤེས་མངོན་དུ་འཆར་བའི་ཕྱིར་ན། རང་གིས་རང་ལ་

(༢༨༧)གསང་བ་བསྟན་པའི་ཕྱིར་ན། རང་གི་ལུས་ངག་ཡིད་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུམ་སྐུ་ལྔར་རྟོགས་པའོ། །དེའི་ཕྱིར་ན། མཆོག་གི་དགྱེས་པ་ཞེས་བྱ་བའི་དོན་ནི། གཤིས་ཀྱི་གནས་ལུགས་འདི་འཕོ་བ་དང་འགྱུར་བ་དང་སྐྱེ་བ་དང་འཇིག་པ་མེད་པའི་ཕྱིར་ན། ཐམས་ཅད་ཀུན་གྱི་མཆོག་ཅེས་བྱའོ། །དགྱེས་པ་ཞེས་བྱ་བ་ནི། མཐའ་དང་མུ་མ་མཆིས་ཤིང་སངས་རྒྱས་སེམས་ཅན་གང་གིས་ཀྱང་ཐ་སྙད་མི་འདོགས་པར། རང་བཞིན་གཤིས་ཀྱི་བདེ་བ་ཆེན་པོས་ཆོས་ཀྱི་དབྱིངས་དང་མཉམ་པར་ལ་ཁྱབ་པ་མེད་པའི་ཕྱིར་ན་དགྱེས་པ་ཞེས་བྱའོ། །བདག་ཉིད་ཅེས་བྱ་བའི་དོན་ནི། མ་རྟོགས་པའི་དུས་སུ་ཁམས་གསུམ་པའི་འགྲོ་བ་རིགས་དྲུག་དང་། རྟོགས་པའི་དུས་སུ་སངས་རྒྱས་སྐུ་ལྔ་འཁོར་འདས་གཉིས་ཀྱི་བདག་ཉིད་ཆེན་པོ་དང་འབྱུང་བཞི་ཡིན་པའི་ཕྱིར་རོ། །གསང་བ་མཆོག་གི་དགྱེས་པ་ཡང་བཞི་ཡིན་ཏེ། ཕྱིའི་གསང་བ་དང་། ནང་གི་གསང་བ་དང་། གསང་བའི་གསང་བ་དང་། དེ་ཁོ་ན་ཉིད་ཀྱི་གསང་བ་དང་བཞིའོ། །ཕྱིའི་གསང་བ་ནི། སེམས་ཅན་ཐམས་ཅད་ཀྱི་ལུས་རྡོ་རྗེ་རིགས་ཀྱི་གནས་ལུགས་སོ། །ནང་གི་གསང་བ་ནི། རྩ་རྡོ་རྗེ་རིགས་ཀྱི་གནས་ལུགས་ཏེ། ལྟེ་བ་སྤྲུལ་པའི་འཁོར་ལོའི། །གསང་བའི་དགྱེས་པ་ནི་ཨེ་ཝཾ་བཞི་དང་ཨ་ཧམ་གཉིས་སུ་འདུས་པའོ། །དེ་ཁོ་ན་ཉིད་ཀྱི་གསང་བ་ནི་སེམས་དང་དངོས་པོ་གཤིས་ཀྱི་གནས་ལུགས་སོ། །སེམས་ཅན་ཐམས་ཅད་གཤིས་གདོད་མ་ནས་སྐུ་ལྔ་དང་ཡེ་ཤེས་ལྔ་ཡིན་ན་ཡང་། མ་རིག་མ་རྟོགས་པའི་དབང་གིས་གཟུང་འཛིན་གཉིས་སུ་བདག་ཏུ་འཛིན་པས་རྣམ་པར་རྟོག་པ་བརྒྱད་ཁྲི་བཞི་སྟོང་དང་། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་ལོ་མ་དང་འདབ་མ་རྒྱས་པ་སྟེ། རྩ་བ་མ་རིག་པ་དང་གཟུང་འཛིན་གཉིས་ཡིན། དེའི་ཕྱིར་ན་ལུས་སེམས་གཉིས་ཀྱི་དཀྱིལ་འཁོར་དུ་རླུང་སེམས་འཁོར་བའི་རྒྱུ་འབྲས་ཀྱི་འདུས་ཚུལ་གྲངས་མེད་པ་ལས། ཕྲ་དོག་ཏུ་འདུས་

(༢༨༨)པ་དང་། རླུང་སེམས་ང་རྒྱལ་དུ་འདུས་པ་དང་། རླུང་སེམས་ཞེ་སྡང་དུ་འདུས་པ་དང་། རླུང་སེམས་འདོད་ཆགས་སུ་འདུས་པ་དང་། རླུང་སེམས་གཏི་མུག་ཏུ་འདུས་པ་དང་། རླུང་སེམས་ཀྱི་འདུས་ཚུལ་འཁྲུལ་པའི་བྱེ་བྲག་གྲངས་མེད་པ་སྟེ། ཁམས་གསུམ་གྱི་གྲོང་ཁྱེར་ན་ཡང་བདེ་བ་དང་སྡུག་པ་ལ་སོགས་པ། དབང་ཆེ་ཆུང་ལ་སོགས་པ་སྐྱེ་གནས་མཐོ་དམན་དང་། ཚེ་རིང་ཐུང་ལ་སོགས་པ་གྲངས་མེད་ཅིང་མཐའ་ཡས་པ་སྟེ། བསམ་གྱི་མི་ཁྱབ་པ་ཡོད་པ་དེ་མ་རིག་ཅིང་མ་རྟོགས་པའི་རླུང་སེམས་ཀྱི་འདུས་ཚུལ་ཁམས་གསུམ་འཁོར་བ་ཐ་དད་ཅིང་གྲངས་མེད་པའི་བདག་ཉིད་ཆེན་པོ་དེ་སེམས་མ་རྟོགས་པའི་རླུང་སེམས་གཉིས་ཀྱི་དཀྱིལ་འཁོར་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ན་མ་རིག་པའི་གསང་བའི་དཀྱིལ་འཁོར་ན་སེམས་ཅན་ཐམས་ཅད་ཀྱི་འཁྲུལ་པ་རྒྱ་མཚོའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ན་སེམས་ཅན་ཐམས་ཅད་དང་གང་ཟག་གཅིག་གི་ཡང་ལུས་ངག་སེམས་ཕུང་པོ་ཁམས་དང་སྐྱེ་མཆེད་རྡོ་རྗེ་རིགས་ཀྱི་གནས་ལུགས་བཞི་བསྡུས་པ་ལས། གཟུགས་ཁམས་གནས་རིས་བཅུ་བདུན་གྱི་རྩ་གནས་དང་ས་བོན་དང་བག་ཆགས་གནས་ལ། གཟུགས་མེད་སྐྱེ་མཆེད་བདུད་བཞིའི་རྩ་གནས་དང་ས་བོན་དང་བདག་ཏུ་འཛིན་པ་དང་། འདོད་ཁམས་གནས་རིགས་ཉི་ཤུའི་རྩ་གནས་དང་ས་བོན་དང་བག་ཆགས་བདག་ཏུ་འཛིན་པ་སྟེ། དེའི་ཕྱིར་ན་ལྷ་མ་ཡིན་གྱི་རྩ་གནས་དང་ས་བོན་དང་བགས་བདག་ཏུ་འཛིན་པའི་རླུང་སེམས་འདུས་ལུགས་དང་། མི་རྣམས་ཀྱི་ས་བོན་དང་བགས་བདག་ཏུ་འཛིན་པའི་རླུང་སེམས་འདུས་ཚུལ་དང་། བྱོལ་སོང་རྣམས་ཀྱི་སོན་དང་རྩ་གནས་དང་བགས་བདག་ཏུ་འཛིན་པའི་རླུང་སེམས་ཀྱི་འདུས་ཚུལ་དང་། ཡི་དག་རྣམས་ཀྱི་རྩ་གནས་དང་སོན་དང་བགས་བདག་ཏུ་འཛིན་པའི་རླུང་སེམས་ཀྱི་འདུས་ཚུལ་དང་། དམྱལ་བ་རྣམས་ཀྱི་རྩ་གནས་དང་སོན་དང་

(༢༨༩)བག་ཆགས་བདག་ཏུ་འཛིན་པའི་རླུང་སེམས་ཀྱི་འདུས་ཚུལ་ཏེ། མ་རིག་པའི་དབང་གིས་རླུང་སེམས་ཀྱི་འདུས་ཚུལ་གྱི་སྟོབས་ཀྱིས། བཟང་རྟོག་ངན་རྟོག་གི་དབང་གིས་ལས་དགེ་སྡིག་སྣ་ཚོགས་དང་ཟག་པ་དང་བཅས་པའི་ཏིང་ངེ་འཛིན་ནི་བདེ་གསལ་མི་རྟོག་པའི་རྒྱུ་འབྲས་ཀྱི་ཤེས་པ་དང་ཤེས་བྱ་སྣ་ཚོགས་སུ་རླུང་སེམས་འདུས་ནས། ཚངས་པ་དང་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་དང་། ལྷ་ཆེན་པོ་བརྒྱད་དང་། ཀླུ་ཆེན་པོ་བརྒྱད་དང་། གཟའ་ཆེན་པོ་བརྒྱད་དང་། གནོད་སྦྱིན་ཆེན་པོ་བརྒྱད་དང་། བགེགས་དང་སྲིན་པོ་དང་བདུད་དང་མ་མོ་དང་གཤིན་རྗེ་དང་བཙན་དང་། རྒྱལ་པོ་དང་རེ་རེ་ལ་ཡང་གཙོ་བོ་དགུ་དགུ་སྟེ། འཁོར་གྲངས་མཐས་ཡས་ཤིང་བྱ་བའི་ལས་བསམ་གྱིས་མི་ཁྱབ་པ་དང་། རྫུ་འཕྲུལ་དང་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་དེ་མ་རིག་པའི་རླུང་སེམས་ཀྱི་འདུས་ཚུལ་དང་། ལས་དང་ཏིང་ངེ་འཛིན་གྱི་སྟོབས་ལས་གྲུབ་པ་སྟེ། མི་ལ་སོགས་ཏེ་གང་ཟག་གཅིག་གི་ཡང་ལུས་ངག་ཡིད་གསུམ་ཕུང་པོ་ཁམས་དང་སྐྱེ་མཆེད་འདི་རྣམས་ཀྱི་རྩ་གནས་དང་ས་བོན་དང་། འཁོར་བ་ཐོག་མ་མེད་པ་ནས་འགྲོ་བ་སྣ་ཚོགས་སུ་སྐྱེ་བའི་བག་ཆགས་ཡོད་པ་སྟེ། དེ་རྣམས་གང་དང་གང་དུ་རླུང་སེམས་འདུས་ན། ཐ་མལ་པའི་སེམས་ཅན་རྣམས་ལ་ཡང་སྟོབས་ཆེ་ཆུང་དང་བསོད་ནམས་ཆེ་ཆུང་དང་། ཚེ་རིང་ཐུང་དང་བདེ་སྡུག་སྣ་ཚོགས་འབྱུང་བར་འགྱུར་རོ། །དེའི་ཕྱིར་ན། གསང་སྔགས་ཀྱི་ཐབས་ཟབ་མོས་སྲོག་རྩོལ་གནད་ཀྱི་མན་ངག་བརྩོན་འགྲུས་དར་དྲག་ལ་ཡུན་རིང་དུ་བསྒོམས་ན་རླུང་སེམས་ཇི་ལྟར་འདུས་པ་བཞིན་དུ་ལྷ་ཚངས་པ་དང་འཁོར་ལོ་བསྒྱུར་བ་མན་ཆོད། མནར་མེད་པའི་དམྱལ་བ་ཡན་ཆོད་ཀྱི་བར་གྱི་འགྲོ་བ་རིགས་དྲུག་གི་སྐྱེ་གནས་སྣ་ཚོགས་དང་། བདེ་སྡུག་གྲངས་

(༢༩༠)མེད་པའི་ཉམས་སྣ་ཚོགས་ཡུན་རིང་ཐུང་ཅི་རིགས་པར་འབྱུང་བར་འགྱུར་རོ། །རྗེ་བཙུན་མིད་ལའི་ཞལ་ནས་ཀྱང་། དབྱར་གྱི་ས་ལ་གང་ཡང་སྐྱེ། རྣལ་འབྱོར་ཉམས་ལ་ཅི་ཡང་འཆར། གསུང་བ་ཡང་རླུང་སེམས་བསྒོམས་པའི་གང་ཟག་རྣམས་ལ་previous hit དགོངས next hit་ཡིན། དེའི་ཕྱིར་ན། བླ་མ་མཚན་ཉིད་དང་མི་ལྡན་ཞིང་། གདུལ་བྱ་ཤེས་རབ་དང་མི་ལྡན་པས་ཐོས་བསམ་སྒོམ་གསུམ་ཇི་ལྟར་དུ་བྱས་ན་ཡང་། ཁམས་གསུམ་འཁོར་བ་བསྒྲུབ་པ་མ་གཏོགས་པ། །རང་སེམས་ཆོས་སྐུ་རྟོགས་པར་མི་འགྱུར་རོ། །དེའི་ཕྱིར་ན་གསང་བ་མཆོག་གི་དགྱེས་པ་ན། །མ་རིག་པའི་བདག་ཉིད་ཁམས་གསུམ་འཁོར་བའི་ཚངས་དང་བརྒྱ་བྱིན། འཁོར་ལོས་བསྒྱུར་བ་ལ་སོགས་པའི་བདག་ཉིད་ཆེན་པོ་ཁམས་གསུམ་འཁོར་བ་རྟག་པའི་རྒྱལ་པོ་ལས་མི་འདའ་བའོ། །དེའི་ཕྱིར་ན། ཆོས་སྐུའི་བསྟན་པ་རྣལ་འབྱོར་ཆེན་པོ་གསར་མའི་ཐབས་དང་ཤེས་རབ་དབྱེར་མེད་སྲོག་རྩོལ་གནད་ཀྱི་མན་ངག །བླ་མ་མཁས་ལ་གྲུབ་པ་ཐོབ་ཅིང་སྨིན་པ་དང་གྲོལ་བའི་དབང་གིས་ཆུ་བོ་རྒྱུན་མ་ཆད་པ་དང་། མཁའ་འགྲོ་རྒྱལ་མཚོས་བྱིན་གྱིས་བརླབས་པའི་ལུས་སེམས་གཉིས་ཀྱི་དཀྱིལ་འཁོར་དུ་རྡོ་རྗེའི་གནས་ལུགས་བཞིའི་རྟེན་འབྲེལ་འགྲིག་པའི་སྐལ་བ་དང་ལྡན་པ་རྣམས་ཀྱི། ཨེ་ཝཾ་བཞིའི་ཕོ་བྲང་དང་རྩ་རླུང་བྱང་ཆུབ་ཀྱི་སེམས་ཀྱི་གནད། དུས་དང་དུ་ཀྱིས་འཁོར་ལོ་བཞིན་དུ་རྩ་རླུང་བྱང་ཆུབ་སེམས་གསུམ་གྱི་དུས་གནད་ཇི་ལྟར་འགྲིག་པའི་དུས་སུ། རླུང་རྡོ་རྗེའི་བཟླས་པ་རྒྱུན་ཆད་མེད་པར་བྱས་ན་རྟགས་བཅུ་དང་ཡོན་ཏན་བརྒྱད་དང་གྲུབ་ཆེན་བརྒྱད་ལ་སོགས་པ་རླུང་སེམས་ཇི་ལྟར་འདུས་པ་བཞིན་དུ། རྟགས་ཀྱི་བྱེ་བྲག་སྣ་ཚོགས་རྣམས་རིམས་དང་རིམ་གྱིས་འབྱུང་བར་འགྱུར་རོ། །དེའི་ཕྱིར་ན། དངོས་པོ་གཤིས་ཀྱི་གནས་

(༢༩༡)ལུགས་ལ་རྟོགས་པའི་བྱེ་བྲག་ཇི་ཙམ་རྟོགས་པ་བཞིན་དུ་ཉན་ཐོས་རྣམས་ཀྱི་རྩ་གནས་དང་། རླུང་སེམས་ཀྱི་འདུས་ཚུལ་ཉན་ཐོས་ཀྱི་རྩར་འདུས་ན་དགྲ་བཅོམ་པའི་བདག་ཉིད་དུ་འགྱུར་རོ། །རང་སངས་རྒྱས་ཀྱི་རྩར་རླུང་སེམས་འདུས་ན། རང་སངས་རྒྱས་ཀྱི་ཡོན་ཏན་ཆོ་འཕྲུལ་ཡ་མ་ཟུང་ལ་རང་དབང་ཐོབ་པ་དང་། བྱང་ཆུབ་སེམས་དཔའི་རྩར་རླུང་སེམས་འདུས་ན། བྱང་ཆུབ་སེམས་དཔའི་ས་དང་པོ་ནས་བཅུ་པའི་བར་དུ་རྟགས་དང་ཡོན་ཏན་སྣ་ཚོགས་རང་ལ་འཆར་ཞིང་། ས་བཅུ་རྫོགས་པའི་བདག་ཉིད་ཆེན་པོར་འགྱུར་རོ། །སྤྲུལ་པའི་སྐུའི་ལུས་སེམས་རྩ་གནས་རྣམས་སུ་རླུང་སེམས་འདུས་ཤིང་། བརྟན་ན་སྤྲུལ་སྐུའི་ཞིང་ཁམས་མཐོང་བ་དང་། སྤྲུལ་སྐུ་གྲངས་ཅན་དང་གྲངས་མེད་རྣམས་ཀྱི་བདག་ཉིད་ཆེན་པོར་འགྱུར་བ་སྟེ། ཡོངས་སུ་རྫོགས་པའི་རྩ་གནས་འཁོར་ལོ་བཞི་དང་དགའ་བ་བཞི་གནས་སུ་རླུང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་འདུས་ན། ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་ཞི་པ་དང་དབང་དང་རྒྱས་པ་དྲག་པོའི་ལྷ་ཚོགས་རྣམས་དངོས་སུ་མཐོང་བ་དང་། བདག་ཉིད་ཡིན་མཉམ་བྱེད་པ་དང་མཐར་ཕྱིན་ན། རང་བཞིན་ལྷུན་གྱིས་གྲུབ་པའི་ལོངས་སྐུ་རང་ལ་རྫོགས་པར་འགྱུར་བ་སྟེ། རྒྱལ་བ་སྲས་བཅས་བདག་ཉིད་ཆེན་པོར་འགྱུར། ཆོས་སྐུ་གདོད་ནས་མ་སྐྱེས་པ་སྐྱེ་བ་མེད་པ་ཨའི་རྩར་རླུང་སེམས་འདུས་ནས། ཆོས་ཀྱི་སྐུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟོགས་པ་འཆར་བ་དང་། མཚོན་དུ་ཡོད་པ་དྲུག་པ་རྡོ་རྗེ་འཆང་གི་དཀྱིལ་འཁོར་རང་ལ་རྫོགས་པའི་བདག་ཉིད་ཆེན་པོ་ཆོས་སྐུའི་དཀྱིལ་འཁོར་ནམ་མཁའི་དབྱིངས་དང་མཉམ་པའི་བདག་ཉིད་དགྱེས་པ་ཆེན་པོར་འགྱུར་རོ། །སྲོག་རྩོལ་གནད་

(༢༩༢)ཀྱི་མན་ངག་རྩོལ་བ་མཐར་ཕྱིན་པ་ཡིས། ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན་ལ་ཁྱབ་པར་རང་བཞིན་ངོ་བོ་ཉིད་ཀྱི་རླུང་སེམས་འདུས་ན། དབྱིངས་དང་ཡེ་ཤེས་རོ་མཉམ་པའི་བདག་ཉིད་ཆེན་པོར་འགྱུར་རོ། །དངོས་པོ་གཤིས་ཀྱི་གནས་ལུགས་གཤིས་ལྔ་རླུང་ལྔ་རང་བཞིན་གྱིས་རྫོགས་ཤིང་། ཆོས་ཀྱི་དབྱིངས་མཐའ་ཡས་པར་རང་བྱུང་ཡེ་ཤེས་ཉག་ཅིག་ཏུ་འཆར་ན། སྐུ་ལྔ་ཡོངས་སུ་རྫོགས་པའི་བདག་ཉིད་ཆེན་པོ་སྟེ། གསང་བ་མཆོག་གི་དགྱེས་པ་ན། ཡེ་ཤེས་བདག་ཉིད་རྟག་ཏུ་བཞུགས་བྱ་བ་ཡིན་ཏེ། འཁོར་འདས་ཡོངས་སུ་རྫོགས་པའི་བདག་ཉིད་ཆེན་པོ་ཡིན་པའི་ཕྱིར་ན། འདི་ལ་འཕོ་བ་དང་འགྱུར་བ་དང་སངས་རྒྱས་དང་སེམས་ཅན་དང་རྩོལ་བ་དང་སྒྲུབ་པའི་ས་མཚམས་གང་ཡང་མེད་དོ། །དེའི་ཕྱིར་ན། དཔལ་ཀུན་དུ་བཟང་པོ་ཡེ་ཤེས་དངོས་ཅིག་དྲི་མ་མེད་བྱ་བའོ། །ཆོས་སྐུའི་བསྟན་པ་རྣལ་འབྱོར་ཆེན་པོ་གསར་མའི་ཕ་རྒྱུད་མ་རྒྱུད་ཀྱི་previous hit དགོངས next hit་རང་བཞིན་གྱིས་རྫོགས་པ། གསང་བ་མཆོག་གི་དགྱེས་པ། མ་རྟོགས་ན་ནི་ཁམས་གསུམ་འཁོར་བ་མ་རིག་པའི་བདག་ཉིད། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པ་རབ་འབྱམས་རྩལ་རྫོགས་ན། རིགས་ལྔ་སྐུ་ལྔ་ཡེ་ཤེས་ལྔའི་བདག་ཉིད་དགྱེས་པ་ཆེན་པོ་བསྟན་པའི་བར་སྐབས་ལགས་སོ། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ཆོས་སྐུའི་བསྟན་པ་རྣལ་འབྱོར་ཆེན་པོ་གསར་མའི་སྣང་སྲིད་འཁོར་འདས་བྱ་བ་སྣ་ཚོགས་མཁའ་འགྲོ་ཡིས་སྒྲུབ་པ་ལས། དངོས་པོ་གཤིས་ཀྱི་གནས་ལུགས་ངོ་བོ་རང་བཞིན་མཚན་ཉིད་ལྔ་མ་རྟོགས་ཤིང་། མ་རིག་པའི་ཁམས་གསུམ་སྲིད་པའི་གྲོང་ཁྱེར་ཕུང་པོ་ཁམས་དང་

(༢༩༣)སྐྱེ་མཆེད་ཀྱིས་བསྡུས་པ། ཕྱི་སྣོད་ནང་བཅུད་ཀྱིས་བསྡུས་པ་ས་བླ་ས་འོག་ས་སྟེངས་གསུམ། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས། མ་རིག་འཁྲུལ་པས་ཀུན་བརྟགས་ཏེ་དེ་རྣམས་ཐམས་ཅད་རྣལ་འབྱོར་ཆེན་པོ་གསར་མའི་ཐབས་དང་ཤེས་རབ་དབྱེར་མེད་པའི་རྒྱུད་སྡེ་གྲངས་མེད་རྣམས་ཀྱིས། མཁའ་འགྲོ་སྡེ་བཞིར་ཐམས་ཅད་གཏན་ལ་འབེབས་ཤིང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བྱ་བ་སྣ་ཚོགས་དུས་དང་དུས་ཀྱི་འཁོར་ལོར་འབྱུང་བ་ལྔ་ཡུལ་དང་ཡུལ་ཅན། ལོ་སྐོར་བཅུ་གཉིས། ཟླ་བ་བཅུ་གཉིས། སྤར་ཁ་བརྒྱད། ཉི་མ་དང་ཟླ་བ། གཟའ་དང་སྐར་མ། ཉིན་མོ་དང་མཚན་མོ། ཀང་ཀང་ཆུ་ཚོད་གྲངས་མེད་པ་ཅིག་གསུངས་ཀྱང་། རྩ་གསུམ་འཁོར་ལོ་ལྔ་རྩ་བའི་རླུང་ལྔ་དབྱེ་ན་ཉི་ཤུ་རྩ་ལྔ་སྟེ། རྩའི་རྒྱལ་པོ་གཙོ་བོ་གཅིག་ལས་སྟོང་ཕྲག་བདུན་བཅུ་རྩ་གཉིས། ཡལ་ག་ལོ་འདབ་རྒྱས་པ་འདྲ། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དཀྱིལ་འཁོར་གཅིག་གི་རླུང་དུ་བཞེད་པ་ཡིན། འདི་རྣམས་ཐམས་ཅད་རྩ་རླུང་བྱང་ཆུབ་སེམས་སུ་འདུས་པས་ཏེ། གསང་སྔགས་ཀྱི་ཐབས་ཟབ་མོས་དུས་དང་དུས་ཀྱི་འཁོར་ལོར་དུས་གནད་མ་ནོར་ཡོངས་སུ་ཤེས་གྱུར་ན། བྱ་བ་སྣ་ཚོགས་མཁའ་འགྲོས་བསྒྲུབ་པ་སྟེ། དེ་དང་དེའི་སྒྲ་དོན་རྣམས་དེ་ནི་རྒྱས་པར་བཤད་པར་བྱ། ལུས་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་དང་། རྩ་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་དང་། སེམས་རྡོ་རྗེ་རིགས་ཀྱི་དལ་དང་། བྱང་ཆུབ་སེམས་ཀྱི་ཐིག་ལེ་དཀར་དམར་རྡོ་རྗེ་རིགས་ཀྱི་དལ་དང་། རླུང་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ཏེ། དཀྱིལ་འཁོར་ལྔ་པོ་འདིར་མཁའ་འགྲོ་སྡེ་ལྔ། གནས་ཉི་ཤུ་རྩ་བཞི། །ཉེ་བའི་གནས་ཉི་ཤུ་རྩ་བཞི་དང་། དུར་ཁྲོད་བརྒྱད་དང་།

(༢༩༤)ཉེ་བའི་དུར་ཁྲོད་བརྒྱད་དང་། ཚནྡྷོ་དང་ཉེ་བའི་ཚན་དྷོ་དང་། རིགས་ལྔ་ཡབ་ཡུམ་བཅུ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བྱ་བ་དང་ཕྲིན་ལས་སྣ་ཚོགས་འདིར་མ་འདུས་ཤིང་མ་རྫོགས་པ་གང་ཡང་མེད་པ་སྟེ། རྩ་རླུང་བྱང་ཆུབ་སེམས་ཀྱི་རྟེན་འབྲེལ་འགྲིག་པ་དང་ལ་འགྲིག་པ་དང་། ལས་དཀར་ནག་གི་དུས་དང་དུས་ཀྱི་འཁོར་ལོར་སྣ་ཚོགས་སུ་འབྱུང་ཞིང་། འཁོར་བ་དང་མྱ་ངན་ལས་འདས་པའི་རྒྱུ་འབྲས་སྣ་ཚོགས་སུ་ཐ་དད་པའི་བྱེ་བྲག་རྣམས། རླུང་སེམས་ལ་དབང་ཐོབ་པའི་རྣལ་འབྱོར་པ་རྣམས་ཀྱིས། དུས་དང་དུས་ཀྱི་འཁོར་ལོར་རྟོགས་ཤིང་སྟོན་པའོ། །དེ་ནས་སྐུ་གསུང་ཐུགས་ཀྱི་ནི། འཁོར་ལོར་གནས་པའི་བྱེ་བྲག་དངས། །གནས་ཀྱི་རབ་དུ་དབྱེ་བ་དང་། །ཡུལ་གྱི་དབྱེ་བ་བཤད་པར་བྱ། །མགོ་ནི་མ་ལ་ཡ་ཡུལ་ཏེ། །སྤྱི་གཙུག་ཛ་ལནྡྷ་ར་ནི། །ཨོ་རྒྱན་རྣ་བ་གཡས་པ་སྟེ། །ཨར་བུ་རྟ་ནི་རྒྱབ་ཕྱོགས་ཡིན། །གནས་ཀྱི་མིང་ཅན་རྣམ་པ་བཞིའོ། །གོ་ཏ་བ་ནི་རྣ་གཡོན་ཏེ། །ར་མི་ཤྭ་རི་སྨིན་དབུས་གསུངས། །མིག་ནི་དེ་ཝ་ཀོ་ཊ་ཏེ། །དཔུང་པ་མ་ལ་བ་ཞེས་བརྗོད། །འདི་དག་ཉེ་བའི་གནས་ཡིན་ཏེ། །གནས་ཀྱི་ཁྱད་པར་ཚུལ་གྱིས་ནི། །མཁའ་སྤྱོད་ཐུགས་ཀྱི་འཁོར་ལོར་གནས། །ཀ་མ་རུ་མཆན་ཁུང་དེ་བཞིན་དུས། །ནུ་མ་ཨོ་ཊེར་རབ་ཏུ་གྲགས། །དེ་དག་ཞིང་སྟེ་ལྟེ་བ་ནི། །ཏྲི་ཤ་ཀུ་ནི་ཞེས་བྱ་ཡིན། །སྣ་ཡི་རྩེ་མོ་ཀོ་པ་ལ། །དེ་དག་ཉེ་བའི་ཞིང་དུ་བརྗོད། །ཁ་ནི་ཀ་ལིང་ཀ་ཡིན་ཏེ། །མགྲིན་པ་ལམ་པ་ཀ་ཏུ་བརྗོད། །ཚནྡྷོ་ཧ་ཞེས་བྱ་བར་གྲགས། །སྙིང་ག་ཙན་རྡི་ཞེས་བྱ་སྟེ། །ཆུ་སོ་ཧི་མ་ལ་ཡ་ཞེས། །

(༢༩༥)ཉེ་བའི་རོལ་པར་བརྗོད་པ་ཡིན། །གནས་ཀྱི་ཁྱད་པར་ཚུལ་གྱིས་ནི། །ས་སྤྱོད་གསུང་གི་འཁོར་ལོར་གནས། །མཚན་ནི་ཡི་དགས་གནས་པ་སྟེ། །གྲྀ་ཧ་དེ་ཝ་ཏྲ་བཤང་ལམ། །དེ་དག་འདུ་བར་བརྗོད་པ་སྟེ། །བརླ་ནི་སོ་ར་ཏྲ་ཞེས་བྱ། །བྱིན་པ་གཉིས་ནི་གསེར་གླིང་སྟེ། །ཉེ་བའི་འདུ་བ་ཉིད་ཡིན་ནོ། །སོར་མོ་རྣམས་ནི་ནཱ་ག་ར། །རྐང་པའི་བོལ་ནི་སིན་དྷུ་ཏེ། །དུར་ཁྲོད་ཅེས་ནི་བྱ་བར་བརྗོད། །མཐེ་བོ་མ་རུ་ཞེས་བྱ་སྟེ། །དཔུས་མོ་ཀུ་ལུ་ཏ་ཞེས་བརྗོད། །ཉེ་བའི་དུར་ཁྲོད་ས་འོག་ནི། །སྐུ་ཡི་འཁོར་ལོར་ཡང་དག་གནས། །རང་ལུས་སྐྱེས་པ་འདི་དག་ནི། མཁའ་འགྲོ་མ་ཡི་གནས་སུ་བརྗོད། ཕྱི་དང་ནང་དང་ཡང་དག་གནས། ཉི་ཤུ་རྩ་བཞིར་ཕྱེ་བ་ཡིས། སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཡིན། གནས་རྣམས་དག་ནི་ཐམས་ཅད་དུ། །རྩ་རྣམས་ཀུན་ལ་ཡང་དག་བཤད། །ཡུལ་འདི་རྣམས་ཀྱི་བུ་མ་གང་། །རྩ་རྣམས་རོལ་པའོ། །ཀན་ཙིར་ནི། འཇིགས་བྱེད་ཆེན་པོ་དང་། དྷ་ན་མ་སྟེ། གཤང་བ་འབབ་པར་གྲགས་སོ། །ཧི་མ་ལ་ཡར་ནི། མིག་མི་བཟད་དང་ཁྭ་གདོང་མ་སྟེ། །འཚོགས་མའི་བསྲུབས་འབབ་པའོ། །ཉེ་བའི་རོལ་པའོ། །གསུང་གི་འཁོར་ལོ་ལ་སྤྱོད་དེ། །སྙོམས་པར་ཞུགས་པས་ཡང་དག་གནས། །པྲེ་ཏ་ཨ་ཏི་སིར་ནི། སྟོབས་པོ་ཆེ་དང་འཁོར་ལོ་ཤུགས་ཅན་མ་སྟེ། ཐམས་ཅད་དུ་བད་ཀན་འབབ་པའོ། །གྲྀ་ཧ་དེ་བ་ལྟར། རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མ་སྟེ། རྟག་ཏུ་རྟག་འབབ་པའོ། །འདུ་བའོ། །སོའུར་ལྟར་ནི། རྟ་མགྲིན་དང་གླང་སྣ་མ་སྟེ། རྟག་ཏུ་

(༢༩༦)ཁྲག་འབབ་པར་གྲགས་པོ། སུ་པ་རྣ་དི་པར། ནམ་མཁའི་སྙིང་པོ་དང་། འཁོར་ལོའི་གོ་ཆ་མ་སྟེ། དེ་བཞིན་དུ་རྡུལ་འབེབ་པའོ། །ཉེ་བའི་འདུན་པའོ། །ན་ག་རར་ནི། ལྷ་ཡི་དགྲ་དང་། ཤིན་དུ་དཔའ་མོ་སྟེ། ཚིལ་འབབ་པའོ། །སིན་དུའི་ཡུལ་དུ་ནི། པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ་སྟེ། རྟག་ཏུ་མཆི་མ་འབབ་པའོ། །དུར་ཁྲོད་དོ། །མ་རུ་ནིར་རྣམ་པར་སྣང་མཛད་དང་། འཁོར་ལོ་བསྒྱུར་མ་སྟེ། མཆིལ་མ་འབབ་པར་གྲགས་སོ། །ཀུན་ལུ་ཏར་ནི། རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ། སྣབས་གཞོན་ནུ་འབབ་པའོ། །ཉེ་བའི་དུར་ཁྲོད་དོ། །སྐུའི་འཁོར་ལོ་ས་འོག་སྤྱོད། །སྙོམས་པར་ཞུགས་པ་བཞུགས་ཡིན་ཞེས། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བ། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་གནས་ཉི་ཤུ་རྩ་བཞི་རྡོ་རྗེ་རིགས་ཀྱི་གནས་ལུགས་བཞིའི་དཀྱིལ་འཁོར་དུ། །རང་བཞིན་ངོ་བོ་གཤིས་ལ་མཚན་ཉིད་ཀུན་ལ་ཁྱབ་པར་གནས་པ་སྟེ། མ་རྟོགས་པའི་དུས་སུ་ནི་ཁམས་གསུམ་པའི་རྒྱུ་དང་ལམ་དང་འབྲས་བུ་གནས་ཡིན་ལ། གཟུགས་ཀྱི་གནས་སོ་ཞེས། དཔའ་བོ་ཀུན་དང་མཉམ་སྦྱོར་བ། །མཁའ་འགྲོ་མའི་དྲ་བ་སྡོམ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །སླར་ཡང་བསྡུས་ཏེ་བཤད་བྱ་བ། །དེ་ནི་བདག་གིས་བཤད་ཀྱི་ཉོན། །སུ་ལི་ར་དང་མ་ལ་ཡར། །ཐོད་པའི་དུམ་བུ་ཅན་དང་རབ་ཏུ་གཏུམ་མོ་སྟེ། །སོ་དང་སེན་མོ་འབབ་པའོ། །ཛ་ལནྡྷ་རར་ཀེང་རུས་ཆེན་པོ་དང་།

(༢༩༧)གཏུམ་མིག་མ་སྟེ་སྐྲ་དང་པུ་འབབ་པའོ། །ཨོ་ཐ་ཡ་ནེར་ཀེང་རུས་དང་འོད་ལྡན་མ་སྟེ། པགས་པ་དང་དྲི་མ་འབབ་པའོ། །ཨར་བུ་དར་མཆེ་བ་རྣམ་པར་གཙིགས་པ་དང་། སྣང་ཆེན་མོ་སྟེ། ཤ་འབབ་པ་སྟེ་གནས་སོ། །གོ་ཏ་བ་ཡར་ལྷའི་སྒྲ་དང་དཔའ་བོའི་བློ་མས་ཏེ། ཐམས་ཅད་ཀུན་དུ་རྒྱུས་པ་འབབ་པའོ། །ར་མི་ཤྭ་རི་འོད་དཔག་ཏུ་མེད་པ་དང་། མི་ཐུང་མ་སྟེ། རུས་པའི་ཕྲེང་བ་འབེབས་པའོ། །དེ་ཝི་ཀོ་ཊིར་རྡོ་རྗེའི་འོད་དང་ལང་གའི་དབང་ཕྱུག་མ་སྟེ། རྟག་ཏུ་འཆིན་པ་འབེབས་པའོ། །མ་ལ་བེར་རྡོ་རྗེའི་ལུས་དང་། ལྗོན་གྲིབ་མ་སྟེ། སྙིང་འཕྲུག་འབེབས་པ་སྟེ། ཉེ་བའི་གནས་སོ། །དེ་ལྟར་བསྟན་པ་འདི་དག་ནི་ཐུགས་ཀྱི་འཁོར་ལོ་མཁའ་སྤྱོད་ཏེ། སྙོམས་པར་ཞུགས་པ་ཡང་དག་གནས། ཀ་མ་རུ་པར་ནི། མྱུ་གུ་ཅན་དང་ས་བསྲུངས་མ་སྟེ། རྟག་ཏུ་མིག་འབབ་པའོ། །ཨོ་ཊེར་ནི། རྡོ་རྗེ་རོལ་པ་ཅན་དང་། འཇིགས་བྱེད་ཆེན་མོ་སྟེ། མཁྲིས་པ་འབབ་པར་གྲགས་སོ། །ཞིང་ངོ་། །ཏྲི་ཤ་ཀུ་ནེར། དཔའ་བོ་ཆེན་པོ་དང་རླུང་ཤུགས་མ་སྟེ། གློ་བ་འབབ་པའོ། །ཀོ་ས་ལར། རྡོ་རྗེ་ཧཱུྃ་མཛད་དང་། ཆང་འཐུང་མ་སྟེ། རྒྱུ་མའི་ཕྲེང་བ་འབབ་པའོ། །ཉེ་བའི་ཞིང་ངོ་། ཀ་ལིར་ཀར། ཤིན་དུ་བཟང་པོ་དང་། སྔོ་བ་ས་ས་ལྷ་མོ་སྟེ། རྩིབས་ལོགས་ཀྱི་སྣལ་མ་འབབ་པའོ། །ལམ་པ་ཀར་ནི། རྡོ་རྗེ་བཟང་པོ་དང་ཤིན་དུ་བཟང་མོ་སྟེ། བོང་བུ་རྣམས་ལྟར་ལྟོ་འབབ་པའོ། །རྣལ་འབྱོར་ཆེན་པོ་གསར་མའི་གནད་ཟབ་མོ་ཡིས་ཐབས་དང་ཤེས་རབ་དབྱེར་མེད་ཀྱིས། ལམ་དུ་སློང་བའི་དུས་སུ་ནི་གཞི་ལམ་འབྲས་བུའི་གནས་ཉི་ཤུ་རྩ་བཞི་ཆ་ལག་དང་བཅས་པ་རང་ལ་རྫོགས་པའོ། །

(༢༩༨)དེའི་ཕྱིར་ན་རླུང་སེམས་ལ་དབང་མ་ཐོབ་ཀྱི་བར་དུ་ཡིན་ལུགས་ཤེས་པས་མི་ཆོག་སྟེ་མ་རིག་པའི་གནས་ཡིན། རྩ་རླུང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །དབང་བཞི་རང་དབང་དུ་རྫོགས་པའི་དུས་སུ་ནི། །འཁོར་ལོ་བདེ་མཆོག་དགྱེས་རྡོར་གསང་འདུས་རང་ཉིད་ཡིན་པའི་ཕྱིར་ན། རང་གི་ལུས་ངག་ཡིད་གསུམ་གྱི་དཀྱིལ་འཁོར་དུ། དབང་པོ་ཡང་རབ་སྐལ་བ་དང་ལྡན་པ་རྣམས་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བས་ཆོག་པ་ཡིན་དེའི་ཕྱིར་ན་དེ་ལྟར་དུ་མ་རྟོགས་ཤིང་རྒྱུད་དང་གདམ་ངག་གི་ཡིན་ལུགས་ཤེས་ཀྱང་། མ་རིག་པའི་དཀྱིལ་འཁོར་དུ་རྨོངས་པའི་གདུལ་བྱ་རྣམས་ལ། དུག་ལྔ་ཡུལ་དང་ཡུལ་ཅན་གྱི་གནས་ལ་སོགས་པ། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་དབང་བསྐུར་བས་འཁོར་བའི་དབང་ཐོབ་པར་འགྱུར་རོ། །རྣལ་འབྱོར་ཆེན་པོ་གསར་མའི་ཐེག་པ་ལས། གནས་ཉི་ཤུ་རྩ་བཞི་ལ་སོགས་པ་གདོད་མ་ནས་སེམས་ཅན་ཐམས་ཅད་ཀྱི་གཤིས་ལ་གནས་ཀྱང་མ་རྟོགས་ཤིང་། གསང་སྔགས་ཀྱི་གནད་ཟབ་མོས་རླུང་སེམས་ལ་དབང་མ་ཐོབ་ཀྱི་བར་དུ་ནི། འཁོར་བའི་གནས་སུ་བརྟན་པ་དང་། དུག་ལྔ་ལམ་དུ་སློང་ཞིང་དབང་བཞི་རྫོགས་པའི་དུས་སུ་ནི། སྐུ་ལྔའི་སངས་རྒྱས་རང་ལ་རྫོགས་པའི་བར་སྐབས་བསྟན་པའོ། །གནས་ཉི་ཤུ་རྩ་བཞི། ཉེ་བའི་གནས་དང་། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་དང་། ཚན་དྷོ་དང་ཉེ་བའི་ཚནྡྷོ། སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ། ཕུང་པོ་ཁམས་དང་སྐྱེ་མཆེད་གདོད་མ་ནས་ཡིན་པ་ལ་ཡིན་པར་ངོ་ཤེས་ཤིང་། དེ་རྣམས་ཀྱི་རྩར་རླུང་སེམས་ཐིག་ལེ། ལུས་ཐམས་ཅད་ལ་རྒྱལ་བ་རྒྱ་མཚོའི་ས་བོན་རང་བཞིན་གྱིས་ཡི་གེར་གནས་པ་སྟེ། དེ་རྣམས་ཐབས་དང་ཤེས་རབ་ཀྱི་གནད་ཀྱིས་

(༢༩༩)ཡིན་པ་ལ་ཡིན་པར་ངོ་ཤེས་ཤིང་། དང་པོ་བློ་སྦྱོང་བའི་དུས་སུ་ཀུན་གཏགས་ཀྱི་ཡི་གེ་དང་། རྩ་གནས་བསྒོམས་ཤིང་གོམས་འདྲིས་རྟོགས་པ་མཐར་ཕྱིན་པའི་དུས་སུ། རང་བཞིན་ལྷུན་གྱིས་གྲུབ་པའི་རང་ལུས་ཡེ་ཤེས་ལྔ་འམ་ཉི་ཤུ་རྩ་ལྔར་རྫོགས་པའི་ཐབས་འདི་ལྟར་དུ་གོ་ཞིང་ལམ་བསྒྲོད་ལ་གོམས་འདྲིས་མཐར་ཕྱིན་པར་བྱ་སྟེ། དེའི་སྒྲ་དང་དོན་རྣམས་རྡོ་རྗེ་ཐེག་པའི་རྒྱུད་ལས་འདི་ལྟར་དུ་ཤེས་པར་བྱའོ། །དེ་ནས་ལས་ཀྱི་རབ་མཆོག་ནི། །སྦྱོར་བ་ཀུན་གྱི་དམ་པ་སྟེ། །གང་ཡང་འགྲུབ་པར་བྱེད་པའི་སྔགས། དེའི་དབྱེ་བ་རིམ་བཞིན་བཤད། །ཡི་གེ་ཕོ་ཉ་ལ་སོགས་སྔགས། །མདའ་ཡི་ཤུགས་ཀྱིས་ཡོངས་སུ་འཁོར། །སྤྲུལ་པའི་འཁོར་ལོའི་དབུས་སུ་ནི། །སྡེ་ཚན་བརྒྱད་ཀྱིས་ཤིན་དུ་བསྐོར། །སྔགས་རྣམས་ཐམས་ཅད་འབྱུང་བ་སྟེ། །གཞན་ཡང་ཅི་ཡང་རུང་བ་སྐྱེད། །ཆོས་ཀྱི་འཁོར་ལོ་ཞེས་བྱ་བ། །ལུས་ཅན་རྣམས་ཀྱི་སྙིང་དགའ་བྱེད། །སྒྲ་ལྔ་དང་ནི་ཡང་དག་ལྡན། །ཡ་ར་ལ་ཝས་རྣམ་པར་ཀླུབས། །ལོངས་སྤྱོད་འཁོར་ལོ་ཞེས་བྱ་བ། །རོ་རྣམས་ཀྱི་ནི་རྟེན་རང་བཞིན། །ཆ་རྣམས་བཞི་པོ་དག་གིས་ནི། །ཀུན་ནས་ཡོངས་སུ་བསྐོར་བའོ། །བདེ་བ་ཆེན་པོའི་འཁོར་ལོ་ཆེ། །བྱང་ཆུབ་སུམ་བཅུ་གཉིས་དང་ལྡན། །ཟླ་བ་ཉི་མ་ཞེས་བྱ་བ། །གཡོན་དང་གཡས་ཀྱི་ངོས་གཉིས་སུ། །དཔའ་བོ་མཁའ་འགྲོ་མ་རྣམས་ཀྱི། །འགྲོ་དང་འོང་བ་ངེས་པར་བརྗོད། །གནས་གཉིས་ལ་ནི་རྣམ་པར་ཞོན། །འོག་དང་སྟེང་དུ་ཡང་དག་བརྟེན། །གཡོན་དང་གཡས་ཀྱི་ངོས་གཉིས་སུ། །དབྱངས་ཡིག་བཅུ་གཉིས་

(༣༠༠)སྟེང་ལྟས་བྲིས། །ཀ་སོགས་འོག་ཏུ་བལྟས་པ་ནི། །ངོས་གཉིས་དག་ཏུ་སྤེལ་བ་སྟེ། །དབུས་སུ་དེར་ནི་སྦྱར་བར་བྱ། །དེ་ལྟར་བསྟན་པ་འདི་དག་ནི། །རྩ་དང་སྒྲ་ཡི་རང་བཞིན་ནོ། །གཉིས་མེད་ཡེ་ཤེས་རྡོ་རྗེ་སྟེ། །མཁའ་འགྲོ་སྒྲ་ཡི་རང་བཞིན་ནི། །ངེས་འབྱུང་སངས་རྒྱས་ཐམས་ཅད་དེ། །གང་དུ་སྐྱེ་བ་ཞེས་བྱར་གྲགས། །ཤིན་ཏུ་རྣམ་དག་ཡེ་ཤེས་ཆེ། །ལྷ་མོ་ཀུན་གྱི་རང་བཞིན་གང་། །རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། །མཆོག་ཏུ་བདེ་བར་བརྗོད་པ་ཡིན། །རང་བྱུང་གི་ནི་གཟུགས་འདི་ཉིད། །སྤྲོ་དང་བསྡུད་པར་བྱེད་པའོ། །ཡི་གེ་མ་ཉ་ལ་སོགས་བསྔགས། །དེར་ནི་ཆ་དང་བྲལ་བ་གང་། །བྷ་གའི་དབུས་སུ་གཟུགས་མེད་པ། །དེ་ནི་རྟག་ཏུ་གནས་པ་ཡིན། །སྨིན་དབུས་པདྨའི་ཟླ་བ་རུ། །བཅུ་དྲུག་སྐུད་པས་བསྐོར་བ་ཡིན། །ཤེས་རབ་ཐབས་ཀྱི་མཉམ་སྦྱོར་གྱིས། །ཁ་སྦྱོར་ཞེས་བྱར་བརྗོད་པ་ཡིན། །ལག་གཉིས་ཀུན་ཏུ་འཁྱུད་པ་ནི། །རྡོ་རྗེ་ལུ་གུ་རྒྱུད་ཅེས་བརྗོད། །སླར་ཡང་རྣམ་པར་གྲོལ་བའི་ལམ། །འབབ་པའི་ཚོགས་ནི་མཆོག་ཏུ་དགའ། །སྦྱོར་བ་ཁ་སྦྱོར་ཉིད་དང་ནི། །རྡོ་རྗེ་ལུ་གུ་རྒྱུད་དུ་བཞེད། །རྡོ་རྗེ་པདྨ་དབྱེ་བ་དང་། །སྒྲོ་ཆུན་སྦྲང་རྩི་དབྱེ་བར་བཤད། །བསྒོར་བ་གང་ཕྱིར་སྤྱོད་པ་སྟེ། །དེ་ཡི་ཐབས་ཀྱིས་ཀུན་རིག་པའོ། །དགའ་དང་བདེ་བའི་རང་བཞིན་གྱིས། །ཞགས་པ་པདྨར་བཅུད་པ་ཡིན། །ཆགས་པ་ལྕགས་ཀྱུ་ཁོ་ནས་ཏེ། །དེ་བཞིན་གཤེགས་པ་ཐམས་ཅད་དགུག །མི་འཁྲུག་རྡོ་རྗེས་བཀྲུག་པར་བགྱི། །དེ་ནི་གསལ་ཤིང་ཞེས་བྱར་བརྗོད། །དེ་ནས་ཆགས་སོགས་ཉོན་མོངས་ཀྱི། །བག་ཆགས་དུམ་བུ་ཉིད་དུ་བྱ། །

(༣༠༡)ཤིན་ཏུ་རྒྱ་ཆེན་དམིགས་པ་ཡི། །ཀུན་རྫོབ་དེ་བཞིན་བརྡུང་པ་དང་། །དངོས་ཀུན་རྡོ་རྗེས་མིད་པར་བྱ། །རྡོ་རྗེ་ཞེས་བྱ་དེ་བཞིན་གཤེགས། །ཇི་ལྟར་བསྟན་འགྱུར་དེ་དབུས་སུ། །རྟག་སྟོང་འབྱིན་དང་སྡུད་པའོ། །དེ་ནི་དེ་ཉིད་ཅེས་བྱ་སྟེ། །རང་བྱུང་གཅིག་གིས་ཁྱབ་པའོ། །གང་མིང་སངས་རྒྱས་ཐམས་ཅད་ཀྱི། །སྒྱུ་ལ་ཞེས་བྱར་གྲགས་པས་སྟེ། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་གནས་པའོ། །འདི་ནི་ཀུན་མཁྱེན་ཞེས་བྱ་སྟེ། །ཀུན་ཏུ་འགྲོ་བ་མི་ཤིགས་པའོ། །པདྨ་ཡི་ནི་སྣ་རྩེ་རུ། །རྒྱུ་དང་མི་རྒྱུ་ཀུན་བསྒོམ་བྱ། །ཕྱི་རོལ་ཡི་གེ་བཅིངས་ནས་སུ། །ཡིད་ཀྱི་བཟླས་དང་ལྡན་པར་བྱ། །ངེས་པའི་གོ་འཕང་རྟག་ཏུ་གནས། །བརྟན་པ་ཆོས་དབྱིངས་རང་བཞིན་ནོ། །རྟག་ཏུ་ཕྲ་བ་རྡུལ་མེད་པ། ཡེ་ཤེས་སྐུ་སྟེ་དྲི་མ་མེད། །གསལ་བའི་ཆོས་ནི་རང་བཞིན་ཤེས། །མྱ་ངན་འདས་པ་འབའ་ཞིག་ཡུལ་ཕན་ཚུན་འདུད་པའི་གསང་སྔགས་ནི། བྱེ་བྲག་ཏུ་ནི་ཕྱེ་ནས་སུ། །ས་བོན་ཕྲེང་བ་དེ་ནས་བསྒོམ། །ཧཱུྃ་གི་སྐུད་པ་རྒྱུ་བར་བྱ། །བསྒྲུབ་བྱ་འགོག་པར་གྱུར་ན་ནི། །གོམ་པ་གཉིས་ཀྱང་མི་འགྲོ་འོ། །འདི་ཡི་ཤེས་རབ་ལྷན་སྐྱེས་ཏེ། །དེ་ཡི་གཟུགས་སུ་གྱུར་པས་གནས། །ལས་ཀྱི་རླུང་ནི་བསྐྱོད་ནས་སུ། །ལྟེ་བའི་དཀྱིལ་འཁོར་འདི་ནས་འབར། །སྒྱུ་མ་ཆེན་པོ་ཞེས་བྱར་བཤད། །ལས་རྣམས་ཐམས་ཅད་བསྒྲུབ་པའོ། །སྐྲ་རྩེ་བརྒྱར་གྱུར་པ་ཡི་ཚེ། །སྐད་ཅིག་གློག་གི་འོད་ཟེར་ཅན། །ལྷ་ཡི་རྣལ་འབྱོར་དུས་སུ་ནི། །བ་སྤུ་རྣམས་ཀྱི་བུ་ག་ནས། །ཕྱོགས་བཅུ་རྣམས་སུ་སྤྲོས་ནས་ནི། །ལྷ་དང་ལྷ་མིན་ཀུན་བསྡིགས་ནས། །སྙིང་གའི་

(༣༠༢)ཆོས་ཀྱི་འཁོར་ལོ་ནི། །བསྲེགས་ཏེ་ལོངས་སྤྱོད་འཁོར་ལོར་སོང་། །སྣ་བུག་གཡས་ནས་བྱུང་ནས་ནི། །སླར་ཡང་ཞུགས་ཏེ་སྨིན་མཚམས་ཀྱི། །མཛད་སྤུའི་ཁུང་ནས་བྱུང་ནས་སུ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི། །སྣ་བུག་གཡོན་དུ་ཞུགས་ནས་ནི། །སྤྱི་བོའི་འཁོར་ལོར་བསྲེགས་ནས་སུ། །སྔོན་གྱི་ལམ་ནས་སླར་བྱུང་སྟེ། །སླར་ཡང་སྤྱི་གཙུག་ཏུ་ནི་གཞུག །བསྲེགས་པར་གྱུར་པའི་སངས་རྒྱས་རྣམས། །དགའ་བ་བསྐྱེད་ནས་ལྟ་བ་ཡི། །དཀྱིལ་འཁོར་དུ་ནི་སོང་གྱུར་ནས། །སྔོན་བཞིན་དུ་ནི་གནས་པར་འགྱུར། །དུས་མིན་འཆི་བ་ལས་རྒྱལ་ཉིད། ཡན་ལག་ཁ་ཊྭཾ་ག་དང་སྦྱར། །ཐོད་པའི་མཆོད་ཡོན་སྣོད་དུ་ནི། །ཞལ་དུ་མཆོད་ཡོན་ངེས་སྦྱར་ཞེས། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་དང་རྒྱུད་ཀྱི་ཕྱི་མ་རྣམས། །ཐབས་རྒྱུད་དང་ནི་ཤེས་རབ་རྒྱུད། །ལྷན་སྐྱེས་གཉིས་སུ་མེད་པའི་རྒྱུད། །བཀའ་ཉན་རྒྱུད་དང་ལས་མཁན་རྒྱུད། །རྣལ་འབྱོར་ཆེན་པོ་གསར་མ་ལས། །རྒྱུད་སྡེ་གྲངས་མེད་གསུངས་ལགས་ཀྱང་། གནས་ལུགས་བཞི་ཡི་རྒྱུད་དང་ནི། །ཐབས་དང་ཤེས་རབ་ལམ་གྱི་རྒྱུད། །འབྲས་བུ་སྐུ་གསུམ་རྫོགས་པའི་རྒྱུད། གསུངས་ཀྱང་གཅིག་ཏུ་འདུས་པའོ། །དེའི་ཕྱིར་ན། །རྡོ་རྗེ་རིགས་ཀྱི་གནས་ལུགས་བཞིའི་དཀྱིལ་འཁོར་དུ། །རྩ་གསུམ་འཁོར་ལོ་ལྔ་ཡི་ཕོ་བྲང་དུ། །སྤྱི་བོར་ཧམ་སྟེ་གསང་གནས་ཨམ། །ཐབས་དང་ཤེས་རབ་ཐམས་ཅད་ཀྱི། །ས་བོན་ཀུན་གྱི་རྩ་བ་ཡིན། །གསང་གནས་རྡོ་རྗེའི་

(༣༠༣)འཁོར་ལོ་ལ། །རྟོགས་ན་དོན་ཡོད་གྲུབ་པ་སྟེ། །མ་རྟོགས་ཕྲག་དོག་ས་བོན་གནས། །ལྟེ་བ་སྤྲུལ་པའི་འཁོར་ལོ་ལ། །རྟོགས་ན་རིན་འབྱུང་ས་བོན་ཏེ། །མ་རྟོགས་ང་རྒྱལ་ཉིད་དུ་གནས། །སྙིང་ག་ཆོས་ཀྱི་འཁོར་ལོ་ན། །རྟོགས་ན་རྡོ་རྗེ་སེམས་དཔའ་སྟེ། །མ་རྟོགས་ཞེ་སྡང་ས་བོན་ཡིན། །མགྲིན་པ་ལོངས་སྤྱོད་འཁོར་ལོ་རུ། །རྟོགས་ན་སྣང་བ་མཐའ་ཡས་ཏེ། །མ་རྟོགས་འདོད་ཆགས་ས་བོན་ཡིན། །སྤྱི་བོ་བདེ་ཆེན་འཁོར་ལོ་ནི། །རྟོགས་ན་རྣམ་པར་སྣང་མཛད་དེ། །མ་རྟོགས་གཏི་མུག་ས་བོན་ཡིན། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །ཀླད་པ་ཀླད་རྒྱ་རུས་པ་རྐང་། །ཁྲག་དང་ཆུ་སེར་ཤ་དང་ནི། །པགས་པ་བ་སྤུ་སོ་དང་ནི། །སེན་མོ་ཡན་ལག་དབང་པོ་ལྔ། །མ་རྟོགས་འཇིགས་ཚོགས་ཕུང་པོ་ལྔ། །ཁམས་ཀྱིས་བསྐྱེད་པའི་ལུས་སེམས་ཟིན། །ཟབ་མོ་གནད་ཀྱི་མན་ངག་གིས། །རྩ་གསུམ་འཁོར་ལོ་ལྔ་ཡི་གནས། །སྲོག་རྩོལ་གནད་ཀྱི་འཁོར་ལོ་བསྐོར། །སྐལ་ལྡན་སྐད་ཅིག་དེ་ཉིད་ལས། །རླུང་སེམས་འདུས་པའི་སྔ་ལྟས་ཀྱིས། །རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་དང་། །རིགས་ལྔའི་ཞིང་ཁམས་མཐོང་སྙམ་བྱེད། །རྟགས་དང་ཡོན་ཏན་སྣ་ཚོགས་རྣམས། །རང་གི་ལུས་ངག་ཡིད་གསུམ་ལ། །གནས་ཆེན་ཉི་ཤུ་རྩ་བཞི་ཡི། །གྲངས་ཅན་དང་ནི་གྲངས་མེད་ཀྱི། །དཔའ་བོ་མཁའ་འགྲོའི་ཚོགས་བཅས་ཀྱི། །དཀྱིལ་འཁོར་ཐམས་ཅད་རང་ལ་རྫོགས། །ཉམས་སྣང་མཐོང་སྣང་དུ་མ་བྱུང་། །རླུང་སེམས་འདུས་པའི་སྔ་ལྟས་ཡིན། །རྣལ་འབྱོར་ཆེན་པོའི་བཞེད་previous hit དགོངས་ཀྱིས། །ཆོས་དབྱིངས་རབ་འབྱམ་མཐའ་ཡས་ next hit། །དཀྱིལ་འཁོར་ཆེན་པོར་

(༣༠༤)ལྷུན་གྱིས་གྲུབ། །ཁམས་གསུམ་ལུས་ངག་ཡིད་གསུམ་དེ། །གདོད་ནས་སངས་རྒྱས་སྐུ་གསུང་ཐུགས། །རང་གི་རྩ་གསུམ་འཁོར་ལོ་ལྔ། །གདོད་ནས་རྒྱལ་བའི་དཀྱིལ་འཁོར་ལྔ། །འཁོར་ལོ་བདེ་མཆོག་རིགས་བསྡུས་ཀྱི། །དཀྱིལ་འཁོར་ལྔ་རུ་ཡོངས་སུ་རྫོགས། །ཟབ་མོ་གནད་ཀྱི་རྟེན་འབྲེལ་གྱིས། །རླུང་སེམས་གཉིས་ལ་དབང་ཐོབ་ནས། །འཁོར་ལོ་བདེ་མཆོག་རིགས་བསྡུས་ཀྱི། །དཀྱིལ་འཁོར་ལྔ་པོ་རང་ལ་རྫོགས། །གཞན་ནས་ཐོབ་པ་མ་ཡིན་ཏེ། །རང་ས་ཟིན་ཅིང་རང་དབང་ཐོབ། །རྣལ་འབྱོར་རྒྱུད་ཀྱི་འབྲས་བུ་སྟེ། །དབང་པོ་ཡང་རབ་ཚེ་གཅིག་གིས། །དེ་འདྲའི་ཡོན་ཏན་རྫོགས་པར་འགྱུར། །རྡོ་རྗེའི་ཚིག་ཏུ་སྦས་པ་རྣམས། །སྔགས་འཆང་རྣལ་འབྱོར་རྡོ་རྗ་ཡིས། །སྒྲ་དོན་སོ་སོར་འབྱེད་པའོ། །ཟབ་མོ་སྔགས་ཀྱི་དཀྱིལ་འཁོར་དེ། །རྒྱུ་ལ་འབྲས་བུར་ངོ་སྤྲོད་པ། །ནཱ་རོ་བརྒྱུད་པའི་ཁྱད་ཆོས་ཏེ། །དབང་པོ་ཡང་རབ་སྐྱེས་བུ་རྣམས། །ཨེ་ཝཾ་བཞི་ཡི་དཀྱིལ་འཁོར་དུ། །རླུང་སེམས་གཉིས་ལ་དབང་ཐོབ་ན། །རིགས་ལྔ་སྐུ་ལྔ་རང་ཉིད་ཡིན། །སྲོག་རྩོལ་གནད་དུ་བསྣུན་ཅིག་སྐལ་ལྡན་ཀུན། །སྟོན་པ་ལྔ་ཡི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། །ཁྱད་པར་དུ་གསང་སྔགས་གསར་མའི་རྣལ་འབྱོར་བླ་ན་མེད་པའི་ཐེག་པ་ལས། གནས་ཉི་ཤུ་རྩ་བཞི་ས་བླ་ས་འོག་ས་སྟེང་གསུམ་གྱི་དཀྱིལ་འཁོར་གཅིག་ཏུ་བསྡུས་པ། གཙོ་བོ་ཧེ་རུ་ཀ་ཡབ་ཡུམ་བདེ་བ་ཆེན་པོའི་འཁོར་གྱིས་བསྐོར་བ་དང་། སྐུའི་འཁོར་ལོ་གསུང་གི་འཁོར་ལོ་ཐུགས་ཀྱི་འཁོར་ལོ་དམ་ཚིག་གི་འཁོར་ལོ་རང་ལ་རྫོགས་པའོ། །ཟབ་མོ་གནད་ཀྱི་འཁོར་ལོ་བསྐོར་བས་དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་ཐམས་ཅད་རང་ཉིད་ཡིན་ཞིང་། དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོར་ད་ལྟ་ཉིད་དུ་འགྱུར་བའི་བར་སྐབས་བསྟན་པའོ། །

(༣༠༥)སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། །ཁྱད་པར་དུ་རྣལ་འབྱོར་བླ་ན་མེད་པ་གསར་མའི་ཐེག་པ་ཐབས་དང་ཤེས་རབ་རྒྱ་མཚོ་མཐའ་ཡས་ལས། ཕྱི་རླུང་སེམས་ཀྱི་འཁོར་ལོ་དང་། ནང་རླུང་སེམས་ཀྱི་འཁོར་ལོ་དང་། གསང་བའི་རླུང་སེམས་དུས་ཀྱི་འཁོར་ལོ་དང་། དེ་ཁོ་ན་ཉིད་ཀྱི་རླུང་སེམས་མཁའ་འགྲོ་དུས་ཀྱི་འཁོར་ལོའོ། །ཕྱི་དུས་ཀྱི་འཁོར་ལོ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་འབྱུང་བ་ལྔ་ལས་ཆགས་ཤིང་། འཇིག་པ་དང་སྟོངས་པ་དང་གནས་པ་དང་ཡང་སྐད་ཅིག་ཀྱང་མི་རྟག་ཅིང་མི་བརྟན་ལ། ཆགས་འཇིག་གནས་པ་གསུམ་གྱི་བྱ་བ་རྒྱུན་ཆད་མེད་པར་བསྒྲུབ་པའི་ཕྱིར་ན། དུས་དང་དུས་ཀྱི་འཁོར་ལོ་སྟེ། བརྟེན་པ་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲིབས་ནས། དངོས་པོ་གཤིས་ཀྱི་གནས་ལུགས་ངོ་བོ་གཅིག་གཤིས་ལྔ་ལྡན་དུ་གནས་པ། མ་རྟོགས་ན་གཟུང་འཛིན་གཉིས་ཀྱིས་གཙོ་བྱས་ཤིང་། འཁྲུལ་པ་དཀར་ནག་ཁྲ་གསུམ་གྱི་དབང་གིས།འཁྲུལ་པ་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་ཡིས་ལས་སྣ་ཚོགས་བསྒྲུབས་ནས། འགྲོ་བ་རིགས་དྲུག་གི་གྲོང་ཁྱེར་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་ཀྱི་དུས་དང་དུས་ཀྱི་འཁོར་ལོ། །རྒྱུན་ཆད་མེད་པར་བསྒྲུབ་ཅིང་། སྐྱེ་རྒས་ན་འཆིའི་ཆུ་བོ་བཞི་ལས་མི་འདའ་བའི་ཕྱིར་ན། ལས་ཀྱི་རླུང་དང་མ་རིག་པའི་སེམས་གཉིས་ལྷན་ཅིག་སྐྱེས་ནས། ཤིང་རྟའི་འཁོར་ལོ་བཞིན་དུ་ཚེ་རིང་ཐུང་དང་གནས་ལ་ཐོ་དམན་དང་། བསོད་ནམས་ཆེ་ཆུང་དང་དབང་དང་སྟོབས་གཟི་

(༣༠༦)བརྗིད་ཆེ་ཆུང་འབྲིང་གསུམ་རྒྱུན་མི་འཆད་པར་བསྒྲུབ་པ་སྟེ། དེ་ལ་ལས་ཀྱི་རླུང་ཐ་མལ་པ་འཁྲུལ་པ་རང་ཀ་མ་ལས། ཕྱིའི་འབྱུང་བ་ལྔ་ཉི་མ་དང་ཟླ་བ། གཟའ་དང་སྐར་མ། ཉིན་མོ་དང་མཚན་མོ། ལོ་སྐོར་བཅུ་གཉིས། ཟླ་བ་བཅུ་གཉིས་ཁམས་བཅོ་བརྒྱད་དུ་རྩི་ན། འཇིག་རྟེན་འདིའི་ཀུན་རྫོབ་འཁྲུལ་པའི་དུས་སུ་ཡང་ལས་དགེ་སྡིག་བྱ་བ་སྣ་ཚོགས་བཟང་ངན་འབྱུང་བ་སྟེ། རླུང་སེམས་འབྱུང་པ་ལོ་དང་ཟླ་བ་གཟའ་སྐར་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་སོགས་པའི་རྟེན་འབྲེལ་འགྲིག་པ་དང་། མ་འགྲིག་པའི་དུས་དང་དུས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པའོ། །དེའི་ཕྱིར་ན། ཕྱི་རོལ་མུ་སྟེགས་ལས་ཀྱང་འདི་རྣམས་ལ་མུ་སྟེགས་ཀྱི་སྟོན་པ་དྲུག་གི་བཞེད་ཀྱིས། རྩི་ལུགས་བཞེད་ལུགས་སྣ་ཚོགས་པ་ཡོད་པ་ཡིན།ནང་པ་སངས་རྒྱས་པའི་བཞེད་ཀྱིས། སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ་ལ་ཡང་རྟེན་འབྲེལ་བཅུ་གཉིས་ཀྱི་རྩི་ལུགས་མང་དུ་ཡོད་པ་སྟེ། འདིས་ཀྱང་ཀུན་རྫོབ་བདེན་པ་གྲུབ་སྟེ། དོན་དམ་པའི་བདེན་པ་ལས་རིང་དུ་གྱུར་པའོ། །དེའི་ཕྱིར་ན་ཆོས་སྐུའི་བསྟན་པ་རྣལ་འབྱོར་གསར་མའི་དབང་དུ་བྱས་ན། སྣང་སྲིད་འཁོར་འདས་ཀྱི་དཀྱིལ་འཁོར་ཐམས་ཅད་རྡོ་རྗེ་མཁའ་འགྲོ་ཐབས་དང་ཤེས་རབ་མཉམ་པར་སྦྱོར། མཁའ་འགྲོ་སྡེ་ལྔས་མ་ཁྱབ་པ་གང་ཡང་མེད་པའི་ཕྱིར་ན། རྩ་རླུང་བྱང་ཆུབ་ཀྱི་སེམས། སེམས་ཉིད་ཀྱི་གཤིས། ལུས་སེམས་གཉིས་ཀྱི་དཀྱིལ་འཁོར་འདི་ལ། དཔའ་བོ་མཁའ་འགྲོ་ཡབ་ཡུམ་བཅུ་འཁོར་ལོ་དང་བཅས་པས་མ་ཁྱབ་པ་མེད་པའི་ཕྱིར་ན། དཀྱིལ་འཁོར་འདི་རྣམས་

(༣༠༧)ཀྱི་རླུང་སེམས་འདུས་ཚུལ་གྱི་བྱེ་བྲག་སྣ་ཚོགས་པ་སྟེ། དེ་ཡང་མདོར་བསྡུ་ན་བཞི་ཡིན། ཕྱི་མཁའ་འགྲོ་རྒྱ་མཚོ། ནང་གསང་བ་དེ་ཁོ་ན་ཉིད་རྒྱ་མཚོ་སྟེ། དེ་ཡང་གཉིས་སུ་འདུས་ཏེ། རླུང་སེམས་གཉིས་ལེགས་པར་འདུས་པ་དང་། ལོག་པར་འདུས་པ། ལོག་པར་འདུས་པ་དང་། ལུང་མ་བསྟན་དུ་འདུས་པ་དང་། དགྲ་གཤེད་དུ་འདུས་པ་ཡིས་ཚེ་རིང་ཐུང་བསོད་ནམས་ཆེ་ཆུང་དང་། འཁོར་དང་ལོངས་སྤྱོད་དང་དབང་ཐང་བཟང་པོ་ཕུན་སུམ་ཚོགས་པ་དང་། ངན་པའི་ཚོགས་ཀྱིས་བསྐོར་བ་དང་། ལེགས་པ་དང་། ཡོན་ཏན་ཐམས་ཅད་འཐོར་ཞིང་ཉེས་པའི་སྐྱོན་དང་། ནད་དང་གནོད་པ་རྐྱེན་ནང་བར་ཆོད། བགེགས་དང་ལོག་འདྲེན་ཐམས་ཅད་ཀྱིས་དུས་རྒྱུན་ཆད་མེད་པར་སྡུག་བསྔལ་བ་དང་། སྙན་པས་ནམ་མཁའ་བཞིན་དུ་ཁྱབ་པ་དང་། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་ལེགས་པ་བརྗོད་ཅིང་འཁོར་བཟང་ལོངས་སྤྱོད་སྤྲིན་ལྟར་དུ་འདུ་བ་ལ་སོགས་ཏེ། བཟང་ངན་འབྲིང་གསུམ་གྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྐྱོན་དང་། ཡོན་ཏན་ཅི་བྱུང་ན་ཡང་། རླུང་སེམས་རྟེན་འབྲེལ་འགྲིག་པ་དང་མ་འགྲིག་པའི་རྒྱུ་འབྲས་སོ། །དེའི་ཕྱིར་ན་རང་བཞིན་གྱིས་གནས་པའི་ཨཱ་ལི་བཅུ་དྲུག་ཀཱ་ལི་སུམ་བཅུ་སོ་གཉིས་སྟེ། དེས་བསྐྱེད་པའི་རྟོགས་མ་རྟོགས་གཉིས་ལས་འཁོར་བའི་ཨཱ་ལི་ཀཱ་ལི་དང་། འཁོར་འདས་གཉིས་ལ་ཨཱ་ལི་ཀཱ་ལིས་མ་ཁྱབ་པ་གང་ཡང་མེད། ཐབས་ཀྱི་ཀཱ་ལི་དང་། ཤེས་རབ་ཀྱི་ཨཱ་ལི་སྟེ། འདི་གཉིས་སྦྱོར་བ་ལས་འཁོར་འདས་གཉིས་ཀྱི་དཀྱིལ་འཁོར་འབྱུང་བའོ། །དེའི་ཕྱིར་ན་དགྲ་གཤེད་ཀྱི་ཨཱ་ལི་ཀཱ་ལི་དང་། མཛའ་

(༣༠༨)མཐུན་གྱི་ཨཱ་ལི་ཀཱ་ལི་སྟེ། དེའི་ཕྱིར་ན་སྐྱེད་པ་ཡང་ཨཱ་ལི་ཀཱ་ལི། འཇིག་པ་ཡང་ཨཱ་ལི་ཀཱ་ལི། གནས་པ་ཡང་ཨཱ་ལི་ཀཱ་ལི། འཆི་བ་ཡང་ཨཱ་ལི་ཀཱ་ལི། ནད་རིགས་བཞི་བརྒྱད་རྩ་བཞི། བགེགས་རིགས་སྟོང་ཕྲག་བརྒྱད་བཅུ་རྩ་བཞི། རྐྱེན་ཉི་ཁྲི་ཆིག་སྟོང་ཡང་ཨཱ་ལི་ཀཱ་ལི། སྟེང་རླུང་སེམས་ལོག་པར་འདུས་པའི་རྒྱུ་འབྲས་ཏེ། དེའི་ཕྱིར་ན་འདིར་གསང་སྔགས་ཀྱི་བཞེད་ཀྱིས་དཔའ་བོ་མཁའ་འགྲོའི་དཀྱིལ་འཁོར་གྲངས་ཅན་དང་གྲངས་མེད་ཨཱ་ལི་ཀཱ་ལི་གཏན་ལ་ཕབ་པ་སྟེ། གསང་བ་འདུས་པའི་རྒྱུད་ལས། རླུང་ཞེས་བྱ་བ་ལས་ཀུན་བྱེད། བྱ་བ་གསུངས་པའི་ཕྱིར་ན། རླུང་སེམས་ཀྱི་འདུས་ཚུལ་ལས། འཁོར་འདས་གཉིས་ཀྱི་དཀྱིལ་འཁོར་དུ། དུས་དང་དུས་ཀྱི་འཁོར་ལོ་གྲངས་མེད་པ་གསུངས་ཀྱང་། འདི་རུ་མི་སྤྲོ་སྟེ། ཁྱད་པར་དུ་འཛམ་བུ་གླིང་པའི་མི་རྣམས་ཀྱི་རླུང་སེམས་ཀྱི་འདུས་ཚུལ་གཙོ་ཆེར་སྟོན་པ་སྟེ། གང་ཟག་གཅིག་ལ་ཡང་ཉིན་ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུད་སྟེ། དེ་ལ་དབྱུག་གུ་དང་། ཆུ་ཚོད་དང་། སྐད་ཅིག་མར་བརྩིས་ནས་ཉིན་ཞག་གཅིག་ལ་ཡང་ཐུན་བརྒྱད། དེ་རེ་རེ་ལ་ཡང་བཞི་བཞིར་དབྱེ་སྟེ། བཅུ་དྲུག་ཏུ་འབྱེད་པའོ། །དེ་ལ་ཟླ་བ་བཅུ་གཉིས། དེ་ཡང་ཟླ་བ་ཕོ་དྲུག་དང་མོ་དྲུག་སྟེ། སྲིད་པ་འཆར་ཚུལ་ཕྱི་རོལ་པའི་དབང་དུ་བྱས་ན། ལོ་སྐོར་བཅུ་གཉིས། ཟླ་བ་བཅུ་གཉིས། ཞག་གསུམ་བརྒྱ་དྲུག་བཅུ་ལ་སོགས་པར་གཏན་ལ་ཕབ་བོ། །དེ་ཡང་གསང་སྔགས་ལྟར་ན། དཔའ་བོ་དྲུག་མཁའ་འགྲོ་དྲུག་ཡིན་ནོ། །དེ་ལྟར་བརྩིས་པས་ཟླ་བ་གཅིག་ལ་ཞག་སུམ་བཅུ། ཟླ་བ་བཅུ་གཉིས་ལ་ཞག་སུམ་བརྒྱ་དྲུག་བཅུ་སྟེ། དེ་ཡང་ལོ་གཅིག་ཏུ་བཞེད་པ་ལ། གསང་

(༣༠༩)སྔགས་ཀྱི་བཞེད་ཀྱིས། ཐབས་དང་ཤེས་རབ་དབྱེར་མེད་པ་རྩ་བའི་དཀྱིལ་འཁོར་དུ་བཞེད་པ་ཡིན། ལོ་བཅུ་གཉིས་ལ་ལོ་སྐོར་གཅིག་ཏུ་འདོད་པ་སྟེ། དེ་ཡང་གསང་སྔགས་གསར་མའི་བཞེད་ཀྱིས། དཔའ་བོ་མཁའ་འགྲོ་བཅུ་གཉིས་ཀྱི་དཀྱིལ་འཁོར་གྱིས་མ་ཁྱབ་པ་མེད་པ་སྟེ། དེའི་དཀྱིལ་འཁོར་དུ་གཟའ་དང་སྐར་མ་ཉི་མ་དང་ཟླ་བ་འབྱུང་པ་ལྔ་དུས་དང་དུས་མིན་ཐམས་ཅད་དུ་རྒྱུ་ཞིང་འཁོར་བ་སྟེ། འདི་རྣམས་ཀྱི་རྒྱུ་ལྟོག་རྟེན་འབྲེལ་འགྲིག་པ་དང་མ་འགྲིག་པ་ལས། འཇིག་རྟེན་སྤྱི་ཁྱབ་དང་གང་ཟག་སྒོས་བཙན་གྱི་སྐྱོན་དང་ཡོན་ཏན་ལེགས་ཉེས་སྣ་ཚོགས་འབྱུང་བར་བཞེད་པ་སྟེ། གསང་སྔགས་རྡོ་རྗེ་མཁའ་འགྲོའི་བཞེད་ཀྱིས་ཐམས་ཅད་དཔའ་བོ་མཁའ་འགྲོ་རླུང་སེམས་གཉིས་ཀྱི་དཀྱིལ་འཁོར་དུ། མཁའ་འགྲོའི་ཚོགས་རྟེན་འབྲེལ་འགྲིག་པ་དང་མ་འགྲིག་པ་ལས། འཇིག་རྟེན་འདི་དང་ཕྱི་མ་དང་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་མ་ཐོབ་སྐྱོན་ཡོན་ས་ཚོགས་འབྱུང་བའི་ཕྱིར་ན། རྣལ་འབྱོར་བླ་མེད་རྡོ་རྗེ་མཁའ་འགྲོ་རྒྱུད་ཀྱི་previous hit དགོངས next hit་དང་། མཁས་ལ་གྲུབ་པ་ཐོབ་པའི་གྲུབ་ཐོབ་བརྒྱུད་པའི་གདམ་ངག་དང་། རང་གི་ལུས་རླུང་སེམས་གཉིས་ཀྱི་དཀྱིལ་འཁོར་དུ་སྲོག་རྩལ་གནད་ཀྱི་མན་ངག་གིས་རླུང་སེམས་གཉིས་ལ་དབང་ན། སྣང་སྲིད་དུས་ཀྱི་འཁོར་ལོར་ཤར། མཁའ་འགྲོ་རྒྱ་མཚོའི་སྒྲ་དོན་རྣམས། ཕྱོགས་མེད་སྒྲ་དོན་ཐུན་མོང་དང་མཆོག་གི་འཁོར་ལོར་ངོ་སྤྲོད་ཅིང་འཆད་ཀྱིས། ནཱ་རོ་བརྒྱུད་པའི་རླུང་སེམས་གཉིས་ཀྱི་དཀྱིལ་འཁོར་དུ་མཁའ་འགྲོ་སྡེ་ལྔ། ཨཱ་ལི་ཀ་ལའི་སྒྲ་དང་དོན་ཤེས་པར་འདོད་པ་ཐམས་ཅད་ལེགས་པར་ཉོན་ཅིག་ཚེ་དང་ནད་མེད་སྤེལ་བ་དང་། བྱ་དང་བྱ་མིན་སྦྱོར་བའི་

(༣༡༠)མཆོག །རླུང་གི་ལས་ལ་སོགས་མཚན་ཉིད། །ཉི་ཁྲི་དང་ནི་ཆིག་སྟོང་དང་། །དྲུག་བརྒྱ་རུ་ནི་བརྩིས་པ་རུ། །ཆུ་ཚོད་དྲུག་བཅུའི་རླུང་རྣམས་ཀྱིས། །ཉིན་མཚན་ལོ་ཏུ་གྲགས་པ་ཡིན། །འབྱུང་དང་འབྱུང་བའི་རླུང་དག་ལས། །འབྱུང་བའི་མཚན་མས་བགྲང་བར་བྱ། །སློ་དང་ལྡན་པས་རླུང་གཉིས་ལས། །འཇུག་པ་འབྱུང་ལ་ཐིམ་པར་བྱ། །གནས་ནི་བཅུ་གཉིས་དག་ཏུ་ཡང་། །ཕྱི་རོལ་མཚན་མ་བཞག་པར་བྱ། །ཚེས་གྲངས་བྱེ་བྲག་གསུངས་པ་བཞིན། །དབྱངས་ཀྱི་བྱེ་བྲག་ཤེས་པར་བྱ། །གཟའ་རྣམས་ཀྱི་ནི་བྱེ་བྲག་དང་། །སྐར་མ་རྣམས་ཀྱི་རྒྱུ་བ་ལས། །དུག་དུས་ལ་སོགས་གཞན་དང་གཞན། །རིམ་པ་འདི་ཡིས་བརྗོད་པར་བྱ། །དཔྱིད་ཟླ་ར་བ་ནས་བརྩམ་ཏེ། །ཉི་མ་བྱང་དུ་འགྲོ་བའི་དུས། །ཟླ་བ་བཅུ་གཉིས་པོ་རྣམས་ནི། །རིམ་ནི་རིམ་པ་བཞིན་དུ་གཞག །ཤར་གྱི་ཕྱོགས་ནས་བརྩམ་ནས་སུ། །སྔ་དྲོ་མཁས་པས་བརྩི་བར་བྱ། །ཚེས་གྲངས་གསུམ་དང་བཅུ་གསུམ་དང་། །བཞི་དང་དེ་བཞིན་བཅུ་བཞི་ལ། །ལྔ་པ་དང་ནི་བཅོ་ལྔ་པ། །མཚུངས་པ་ཉིད་དུ་སྦྱར་བས་བྱ། །འདི་ལྟ་ལྟེ་དང་པོ་ནི་འཕེལ་བའོ། །གཉིས་པ་ནི་གཏི་མུག་གོ། །གསུམ་པ་ནི་བཟང་པོའོ། །བཞི་པ་ནི་ཁྱུང་མཆོག་གོ། །ལྔ་པ་ནི་རུས་སྦལ་ལོ། །དྲུག་པ་ནི་ཆུ་སྲིན་ནོ། །བདུན་པ་ནི་ཡུགས་པ་མའོ། །བརྒྱད་པ་ནི་རྨེ་བའོ། །དགུ་པ་ནི་འབུགས་པའོ། །བཅུ་པ་ནི་འཕྱོ་བའོ། །བཅུ་གཅིག་པ་ནི་རྨི་ལམ་མོ། །

(༣༡༡)བཅུ་གཉིས་པ་ནི་སའི་དབང་ཕྱུག་གོ། །དང་པོ་ནི་སའི་དབང་ཕྱུག་གོ། །གཉིས་པ་ནི་འཕེལ་བའོ། །གསུམ་པ་ནི་གཏི་མུག་གོ། །བཞི་པ་ནི་བཟང་པོའོ། །ལྔ་པ་ནི་ཁྱུ་མཆོག་གོ། །དྲུག་པ་ནི་རུས་སྦལ་ལོ། །བདུན་པ་ནི་ཆུ་སྲིན་ནོ། །བརྒྱད་པ་ནི་ཡུགས་ས་མའོ། །དགུ་པ་ནི་སྨེ་བའོ། །བཅུ་པ་ནི་འབུགས་པའོ། །བཅུ་གཅིག་པ་ནི་འཕྱོ་བའོ། །བཅུ་གཉིས་པ་ནི་རྨི་ལམ་མོ། །དང་པོ་ནི་རྨི་ལམ་མོ། །གཉིས་པ་ནི་སའི་དབང་ཕྱུག་གོ། །གསུམ་པ་ནི་འཕེལ་བའོ། །བཞི་པ་ནི་གཏི་མུག་གོ། །ལྔ་པ་ནི་བཟང་པོའོ། །དྲུག་པ་ནི་ཁྱུ་མཆོག་གོ། །བདུན་པ་ནི་རུས་སྦལ་ལོ། །བརྒྱད་པ་ནི་ཆུ་སྲིན་ནོ། །དགུ་པ་ནི་ཡུགས་ས་མའོ། །བཅུ་པ་ནི་སྨེ་བའོ། །བཅུ་གཅིག་པ་ནི་འབུགས་པའོ། །བཅུ་གཉིས་པ་ནི་འཕྱོ་བའོ། །དང་པོ་ནི་འཕྱོ་བའོ། །གཉིས་པ་ནི་རྨི་ལམ་མོ། །གསུམ་པ་ནི་སའི་དབང་ཕྱུག་གོ། །བཞི་པ་ནི་འཕེལ་བའོ། །ལྔ་པ་ནི་གཏི་མུག་གོ། །དྲུག་པ་ནི་བཟང་པོའོ། །བདུན་པ་ནི་ཁྱུ་མཆོག་གོ། །བརྒྱད་པ་ནི་རུས་སྦལ་ལོ། །དགུ་པ་ནི་ཆུ་སྲིན་ནོ། །བཅུ་པ་ནི་ཡུགས་པ་མའོ། །བཅུ་གཅིག་པ་ནི་སྨེ་བའོ། །བཅུ་གཉིས་པ་ནི་འབུགས་པའོ། །དང་པོ་ནི་འབུགས་པའོ། །གཉིས་པ་ནི་འཕྱོ་བའོ། །གསུམ་པ་ནི་རྨི་ལམ་མོ། །བཞི་པ་ནི་སའི་དབང་ཕྱུག་གོ། །ལྔ་པ་ནི་འཕེལ་བའོ། །

(༣༡༢)དྲུག་པ་ནི་གཏི་མུག་གོ། །བདུན་པ་ནི་བཟང་པོའོ། །བརྒྱད་པ་ནི་ཁྱུ་མཆོག་གོ། །དགུ་པ་ནི་རུས་སྦལ་ལོ། །བཅུ་པ་ནི་ཆུ་སྲིན་ནོ། །བཅུ་གཅིག་པ་ནི་ཡུགས་ས་མའོ། །བཅུ་གཉིས་པ་ནི་རྨེ་བའོ། །དང་པོ་ནི་སྨེ་བའོ། །གཉིས་པ་ནི་འབུགས་པའོ། གསུམ་པ་ནི་ས་བྱེ་བའོ། །བཞི་པ་ནི་རྨི་ལམ་མོ། །ལྔ་པ་ནི་སའི་དབང་ཕྱག་གོ། །དྲུག་པ་ནི་འཕེལ་བའོ། །བདུན་པ་ནི་གཏུ་མུག་གོ། །བརྒྱད་པ་ནི་བཟང་པོ། དགུ་པ་ནི་ཁྱུ་མཆོག་གོ། །བཅུ་པ་ནི་རུས་སྦལ་ལོ། །བཅུ་གཅིག་པ་ནི་ཆུ་སྲིན་ནོ། །བཅུ་གཉིས་ནི་ཡུགས་ས་མའོ། །དང་པོ་ནི་ཡུགས་ས་མའོ། །གཉིས་པ་ནི་སྨེ་བའོ། །གསུམ་པ་ནི་འབུགས་པའོ། །བཞི་པ་ནི་འཕྱོ་བའོ། །ལྔ་པ་ནི་རྨི་ལམ་མོ། །དྲུག་པ་ནི་སའི་དབང་ཕྱུག་གོ། །བདུན་པ་ནི་འཕེལ་བའོ། །བརྒྱད་པ་ནི་གཏི་མུག་གོ། །དགུ་པ་ནི་བཟང་པའོ། །བཅུ་པ་ནི་ཁྱུ་མཆོག་གོ། །བཅུ་གཅིག་པ་ནི་རུས་སྦལ་ལོ། །བཅུ་གཉིས་པ་ནི་ཆུ་སྲིན་ནོ། །དང་པོ་ནི་ཆུ་སྲིན་ནོ། །གཉིས་པ་ནི་ཡུགས་ས་བསོང་། གསུམ་པ་ནི་སྨེ་བའོ། །བཞི་པ་ནི་འབུགས་པའོ། །ལྔ་པ་ནི་འཕྱོ་བའོ། །དྲུག་པ་ནི་རྨི་ལམ་མོ། །བདུན་པ་ནི་སའི་དབང་ཕྱུག་གོ། །བརྒྱད་པ་ནི་འཕེལ་བའོ། །དགུ་པ་ནི་གཏི་མུག་གོ། །བཅུ་པ་ནི་བཟང་པོའོ། །བཅུ་གཅིག་པ་ནི་ཁྱུ་མཆོག་གོ། །

(༣༡༣)བཅུ་གཉིས་པ་ནི་རྒ་ཤི། རུས་སྦལ་ལོ། །དང་པོ་ནི་རུས་སྦལ་ལོ། །གཉིས་པ་ནི་ཆུ་སྲིན་ནོ། །གསུམ་པ་ནི་ཡུག་ས་མའོ། །བཞི་པ་ནི་སྨེ་བའོ། །ལྔ་པ་ནི་འབུགས་པའོ། །དྲུག་པ་ནི་འཕྱོ་བའོ། །བདུན་པ་ནི་རྨི་ལམ་མོ། །བརྒྱད་པ་ནི་སའི་དབང་ཕྱུག་གོ། །དགུ་པ་ནི་འཕེལ་བའོ། །བཅུ་པ་ནི་གཏི་མུག་གོ། །བཅུ་གཅིག་པ་ནི་བཟང་པོའོ། །བཅུ་གཉིས་པ་ནི་ཁྱུ་མཆོག་གོ། །དང་པོ་ནི་ཁྱུ་མཆོག་གོ། །གཉིས་པ་ནི་རུས་སྦལ་ལོ། །གསུམ་པ་ནི་ཆུ་སྲིན་ནོ། །བཞི་པ་ནི་ཡུག་ས་མའོ། །ལྔ་པ་ནི་སྨེ་བའོ། །དྲུག་པ་ནི་འབུགས་པའོ། །བདུན་པ་ནི་འཕྱོ་བའོ། །བརྒྱད་པ་ནི་རྨི་ལམ་མོ། །དགུ་པ་ནི་སའི་དབང་ཕྱུག་གོ། །བཅུ་པ་ནི་འཕེལ་བའོ། །བཅུ་གཅིག་པ་ནི་གཏི་མུག་གོ། །བཅུ་གཉིས་པ་ནི་བཟང་པོའོ། །དང་པོ་ནི་བཟང་པོའོ། །གཉིས་པ་ནི་ཁྱུ་མཆོག་གོ། །གསུམ་པ་ནི་རུས་སྦལ་ལོ། །བཞི་པ་ནི་ཆུ་སྲིན་ནོ། །ལྔ་པ་ནི་ཡུགས་ས་མའོ། །དྲུག་པ་ནི་སྨེ་བའོ། །བདུན་པ་ནི་འབུགས་པའོ། །བརྒྱད་པ་ནི་འཕྱོ་བའོ། །དགུ་པ་ནི་རྨི་ལམ་མོ། །བཅུ་པ་ནི་སའི་དབང་ཕྱུག་གོ། །བཅུ་གཅིག་པ་ནི་འཕེལ་བའོ། །བཅུ་གཉིས་པ་ནི་གཏི་མུག་གོ། དང་པོ་ནི་གཏི་མུག་གོ། །གཉིས་པ་ནི་བཟང་པོའོ། །གསུམ་པ་ནི་ཁྱུ་མཆོག་གོ། །བཞི་པ་ནི་རུས་སྦལ་ལོ། །ལྔ་པ་ནི་ཆུ་སྲིན་ནོ། །དྲུག་པ་ནི་ཡུགས་ས་མའོ། །བདུན་པ་ནི་སྨེ་བའོ། །བརྒྱད་པ་ནི་འབུགས་པའོ། །དགུ་པ་ནི་འཕྱོ་བའོ། །བཅུ་པ་ནི་རྨི་ལམ་མོ། །བཅུ་གཅིག་པ་ནི་སའི་དབང་ཕྱུག་གོ། །བཅུ་གཉིས་པ་ནི་འཕེལ་བའོ། །

(༣༡༤)འཕེལ་བའི་ཉི་མ་ལ་སྐྱེས་པའི་བྱིས་པ་ནི། ཉི་མ་དགུ་པའམ། ཟླ་བ་དགུ་པ་འམ། ལོ་དགུ་པ་ཤི་ཆད་དུ་མ་གྱུར་ན། ཕྱུག་ཅིང་སྐལ་བ་བཟང་མདང་། སེམས་གདུག་ཅིང་བརྩུབ་ལ་མེ་དྲོད་ཆུང་། ཞིང་ཡུལ་མཐའ་འཁོབ་ཀྱི་གཙོ་བོར་འགྱུར་ལ། གཡེང་བ་ལ་དགའ་བ་དང་། ཐམས་ཅད་དུ་འཇལ་པོར་སྨྲ་ཞིང་ནོར་དང་ལྡན་ཞིང་ནད་མེད་པ་དང་། སྐྱིད་པ་ལ་རྟག་པར་འགྱུར་རོ། །ཚེ་ལོ་བརྒྱད་བཅུ་རྩ་གཅིག་ཐུབ་སྟེ། སའི་དབང་ཕྱུག་གི་ཉི་མ་ལ་འཆི་བར་འགྱུར་རོ། །སའི་དབང་ཕྱུག་གི་ཉི་མ་ལ་བཙས་པའི་བྱིས་པ་ནི། ཉི་མ་བརྒྱད་པ་འམ། ཟླ་བ་བརྒྱད་དམ་ལོ་བརྒྱད་པ་ལ་གལ་ཏེ་ཤི་ཆད་དུ་མ་གྱུར་ན། ནོར་དང་འབྲུ་རྣམས་རྟག་པར་འགྱུར་ཞིང་། འདེན་པར་སྨྲ་ལ་མཛའ་བཤེས་མང་ཞིང་ཆོག་ཤེས་པ་དང་། མཁས་ལ་ཚངས་པར་སྤྱོད་ཅིང་སེམས་ཅན་ཀུན་ལ་ཕན་པར་བྱེད་ལ། བཟོ་ཤེས་པ་དང་། འཇམ་པོར་སྨྲ་ཞིང་སྐལ་བ་དང་ལྡན་ལ། བསྟན་བཅོས་ཐམས་ཅད་རྒྱས་པར་འགྱུར་བ་ལ་ཐེ་ཚོམ་མེད་དེ། ཚེ་ལོ་བརྒྱད་བཅུ་རྩ་བརྒྱད་འཚོ་སྟེ། རྨི་ལམ་གྱི་ཉི་མ་ལ་འཆི་བར་འགྱུར་རོ། །རྨི་ལམ་གྱི་ཉི་མ་ལ་བཙས་པའི་བྱིས་པ་ནི། ཉི་མ་བཞི་འམ་ལྔ་འམ་བཅུ་འམ། ཡང་ན་ཟླ་བ་བརྒྱད་དམ། ལོ་བརྒྱད་ལ་གལ་ཏེ་ཤི་ཆད་དུ་མ་གྱུར་ན། དེས་བླ་མ་ཉོན་མོངས་པར་བྱེད་པ་དང་། དཔའ་ཞིང་བརྟལ་ཕོད་པས་ཕ་རོལ་གནོན་པ་དང་། དགྲ་ཐམས་ཅད་འཇོམས་ཤིང་སྐྱེ་བོ་དམ་པ་དང་འཛའ་བ་དང་། སྐྱབས་མེད་པ་རྣམས་ཀྱི་དཔུང་གཉེན་བྱེད་ཅིང་། ཐམས་ཅད་དུ་ཚིག་རྩུབ་སྨྲ་བ་ལ། སྡིག་པ་ལ་ནན་

(༣༡༥)ཏན་བྱེད་པ་དང་། དབུལ་ཞིང་འཕྱར་བ་དང་། ནད་མེད་ཅིང་རྟག་ཏུ་བཟའ་བ་རྙེད་པ་དང་། མཐོན་པོ་ལ་བརྟེན་པས་འཚོ་ཞིང་རྟག་ཏུ་སེང་གེ་དང་འདྲ་བར་སེམས་ཏེ། ཚེ་ལོ་དྲུག་བཅུ་འཚོ་ཞིང་། འཕྱོ་བའི་ཉི་མ་ལ་དགྲའི་མཚོན་གྱིས་འཆི་བར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །འཕྱོ་བའི་ཉི་མ་ལ་བཙས་པའི་བྱིས་པ་ནི། ཟླ་བ་བཞི་པ་དང་དྲུག་པ་དང་། དག་པ་དང་བཅུ་པ་ལ་གལ་ཏེ་ཤི་ཆད་དུ་མ་གྱུར་ན། དེ་ནི་ཤེས་རབ་ཆུང་ཞིང་བློ་དང་མེ་དྲོད་དམན་ལ། སྡང་བ་མང་ཞིང་བུ་ཚ་མི་འཚོ་ལ་འཁོར་མང་བ་དང་། ཡོ་བྱད་འཕེལ་ཞིང་སྡུག་བསྔལ་མང་བ་དང་། གཉེན་མདུན་ཐམས་ཅད་དགའ་ལ་ངན་ངོན་ལ་བརྩེ་བ་དང་། ནོར་ཕྱུགས་མང་ལ་ཆུང་མ་གསུམ་ལེན་ཞིང་། ཅུང་ཟད་ཙམ་གྱིས་ཁྲོ་བ་དང་། ང་རྒྱལ་ཆེ་ཞིང་དགྲ་རྣམས་འཇིག་པར་བྱེད་ལ། ཁེ་བོགས་ཀྱི་འཚོ་སྟེ། ཚེ་ལོ་བརྒྱད་བཅུ་རྩ་གཅིག་ཏུ་འཚོ་ཞིང་། འབུགས་པའི་ཉི་མ་ལ་འཆི་བར་འགྱུར་རོ། །འབུགས་པའི་ཉི་མ་ལ་བཙས་པའི་བྱིས་པ་ནི། ཉི་མ་ལྔ་འམ་ཟླ་བ་གཉིས་པ་འམ། བཞི་པ་འམ། ལོ་བརྒྱད་པ་འམ་བཅུ་པ་ལ་གལ་ཏེ་ཤི་ཆད་དུ་མ་གྱུར་ན། དེ་ནི་ཕ་མ་ལྟོགས་པ་དང་། ནོར་ཉུང་ཞིང་རྨོངས་པ་དང་། སྡིག་པའི་བསམ་པ་དང་ལྡན་ཞིང་། ངང་ཚུལ་ངན་ལ་ནད་བུ་ཅན་དུ་འགྱུར་བ་དང་། །ཚངས་པར་སྤྱོད་ཅིང་དཔའ་ལ་སྡུག་པ་དང་། །སེར་སྣ་དང་ལྡན་པར་འགྱུར་ཏེ། །ཚེ་ལོ་དྲུག་བཅུ་རྩ་བཞིར་འཚོ་ལ། །སྨེ་བའི་ཉི་མ་ལ་རང་གི་ཁྱིམ་དུ་འཆི་བར་འགྱུར་རོ། །སྨེ་བའི་ཉི་མ་ལ་བཙས་པའི་བྱིས་པ་ནི། །ཉི་མ་གཉིས་

(༣༡༦)གཉིས་པའམ། ལྔ་པ་འམ། ཟླ་བ་གསུམ་པ་འམ། དགུ་པ་འམ། ལོ་དགུ་པ་ལ་གལ་ཏེ་ཤི་ཆད་དུ་མ་གྱུར་ན། དེས་ནི་རང་གི་རིགས་བསྟོད་ཅིང་ཆོས་ཤེས་པ་དང་། བསྟན་བཅོས་ཕུན་སུམ་ཚོགས་ཤིང་། བཟོ་སྣ་ཚོགས་རིག་པ་དང་། དཔལ་ལ་ང་རྒྱལ་ཆེ་བ་དང་། གཡོ་རྒྱུ་ཅན་ཡིན་ལ་ཕྲག་དོག་ལྡན་ཞིང་ནོར་ཉུང་བ་དང་། གཟུགས་བཟང་ཞིང་བྱ་བ་ཐམས་ཅད་ཡང་བ་ཡིན། ཚེ་ལོ་དྲུག་བཅུ་རྩ་གསུམ་དུ་བདེ་བར་འཚོ་ལ་ཡུགས་ས་མའི་ཉི་མ་ལ་ཆུར་འཆི་བར་གདོན་མི་བཟའོ། །ཡུགས་ས་མའི་ཉི་མ་ལ་བཙས་པའི་བྱིས་པ་ནི། ཉི་མ་གཉིས་པ་འམ། བཅུ་པ་འམ། ཟླ་བ་གཉིས་པ་འམ། བརྒྱད་པ་འམ། ལོ་བརྒྱད་ལ་ཤི་ཆད་དུ་མ་གྱུར་ན། དེ་ནི་སྡིག་པའི་བློ་དང་ལྡན་ཞིང་། སེམས་ཅན་ཀུན་ལ་འཁྱལ་ཞིང་ཚིག་སྨྲ་ཞིང་ནོར་ཉུང་ལ་འཕྱར་བ་དང་། ཐམས་ཅད་ཀུན་ཏུ་ནད་ཀྱིས་ཐེབས་ལ། རྒྱལ་པོའི་འཆད་པས་གཅོད་ཅིང་བུ་མེད་ཐམས་ཅད་ལ་སྐལ་བ་བཟང་པོར་འགྱུར་ལ། དོར་ཐབས་ཀྱི་ཟོལ་བ་ཁས་པ་སྟེ། ཚེ་ལོ་ལྔ་བཅུ་རྩ་ལྔ་འམ། ཡང་ན་སུམ་བཅུ་རྩ་དྲུག་ཏུ་འཚོ་ལ། ཆུ་སྲིན་གྱི་ཉི་མ་ལ་འཆི་བ་ལ་ཐེ་ཚོམ་མེད་དོ། །ཆུ་སྲིན་གྱི་ཉི་མ་ལ་བཙས་པའི་བྱིས་པ་ནི། ཉི་མ་བཅུ་པ་འམ་ཟླ་བ་གསུམ་པ་དང་ལྔ་པ་འམ། ལོ་དགུ་ལ་མ་ཤི་ན། བསོད་ནམས་དང་ཚུལ་ཁྲིམས་ཕུན་སུམ་ཚོགས་ཤིང་། ཞི་བདེ་དང་བསླབ་པ་དང་ལྡན་ཞིང་ནོར་དང་གཟུགས་དང་སྐལ་བ་ཕུན་སུམ་ཚོགས་ལ། དཔལ་དང་གྲགས་པ་དང་བུ་དང་ཚ་བོ་འཕེལ་ལ། གྲོང་ཁྱེར་གྱི་གཙོ་བོར་འགྱུར་པ་དང་། འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་ལ་དང་། །བཟོ་དང་དུས་ཀྱི་མཐའ་ལ་མཁས་

(༣༡༧)པ་དང་། དགྲ་ཐམས་ཅད་རླག་པར་བྱེད་དེ། ཚེ་ལོ་ལྔ་བཅུ་རྩ་ལྔ་འམ། ཡང་ན་དྲུག་བཅུ་རྩ་བཞིར་འཚོ་ལ། རུས་སྦལ་གྱི་ཉི་མ་ལ་འཆི་བར་འགྱུར་རོ། །རུས་སྦལ་གྱི་ཉི་མ་ལ་བཙས་པའི་བྱིས་པ་ནི། ཉི་མ་གཉིས་པ་དང་། དགུ་པ་དང་། ཟླ་བ་བརྒྱད་པ་དང་དགུ་པ་དང་། ལོ་དགུ་པ་ལ་མ་ཤི་ན། དེ་ནི་རྟག་ཏུ་སེམས་ཁྲལ་ཆེ་བ་དང་། ཁྲོ་བ་དང་བཅས་ཤིང་ཅུང་ཟད་ཀྱིས་མགུ་བ་དང་། མང་དུ་སྨྲ་ཞིང་གཉེན་རྣམས་བྱམས་པ་དང་། རྟག་ཏུ་གཡེམ་པ་དང་། །ཕྱུག་པ་གཏོང་ཕོད་ཆེ་བ་དང་། །བུ་དང་ཆུང་མ་གསོད་པ་དང་། སེམས་ཆུང་ཞིང་བསམ་པ་ངན་པ་དང་། ཞིང་ལས་ཀྱིས་འཚོ་ཞིང་། མཛེ་ནད་ཀྱིས་ཐོབས་ཏེ། ཚེ་ལོ་དྲུག་བཅུ་རྩ་བཞི་འམ། བརྒྱད་བཅུ་ཐམ་པར་འཚོ་ལ། ཁྱུ་མཆོག་གི་ཉི་མ་ལ་རང་གི་ཁྱིམ་དུ་འཆི་བར་འགྱུར་རོ། །ཁྱུ་མཆོག་གི་ཉི་མ་ལ་བཙས་པའི་བྱིས་པ་ནི། ཉི་མ་དགུ་པ་འམ། ཟླ་བ་གཉིས་པ་དང་བརྒྱད་པ་དང་། ལོ་བརྒྱད་པ་དང་དགུ་པ་ལ་གལ་ཏེ་མ་ཤི་ན། དཔའ་ཞིང་བརྟུལ་ཕོད་པས་ཕ་རོལ་གནོད་པ་བསྐྱེད་ཅིང་ཕྱུག་པ་དང་། ཆུང་མ་མང་དུ་ལེན་ལ། གཉེན་འདུན་ཐམས་ཅད་དགའ་ཞིང་། ཕའི་ཚེ་འཛོམས་པ་དང་། ཁོ་བོགས་དང་གཡེང་བ་ལ་དགའ་ཞིང་། ལེ་ལོ་དང་མུ་ཅོར་སྨྲ་བ་ངན་ཚུལ་ངན་པ་དང་། ལས་སྡུག་པ་ལ་དགའ་སྟེ། ཚེ་ལོ་དྲུག་བཅུ་འམ་ཉི་ཤུར་འཚོ་ལ། བཟང་པོའི་ཉི་མ་ལ་མཚོན་གྱིས་འཆི་བར་འགྱུར་རོ། །བཟང་པོའི་ཉི་མ་ལ་བཙས་པའི་བྱིས་པ་ནི། ཉི་མ་ལྔ་པ་འམ། ཟླ་བ་

(༣༡༨)དགུ་པ་འམ། ལོ་བཅུ་པ་ལ་མ་ཤི་ན། དེ་ནི་དབུལ་ཞིང་ཆོས་སྤྱོད་ལ་བདེན་པར་སྨྲ་བ་དང་། སྙན་པར་སྨྲ་བ་དང་། ཆུང་མ་གཅིག་ལ་དགའ་ཞིང་རིག་པའི་བདག་པོར་འགྱུར་བ་དང་། བཟོ་དང་དུས་ཐམས་ཅད་ཤེས་ཤིང་། རང་གི་གཉེན་འདུན་བྱམས་པ་དང་། རིགས་ཀྱི་ཆད་པ་འཚོ་བ་སྟེ། ཚེ་ལོ་བརྒྱར་འཚོ་ལ། གཏི་མུག་གི་ཉི་མ་ལ་ཆུར་འཆི་བར་འགྱུར་བ་ལས་གཞན་དུ་མ་ཡིན་ནོ། །གཏི་མུག་གི་ཉི་མ་ལ་བཙས་པའི་བྱིས་པ་ནི། ཉི་མ་གཉིས་པ་འམ། ཟླ་བ་དགུ་པ་འམ། ལོ་དགུ་པ་ལ་གལ་ཏེ་མ་ཤི་ན། མང་དུ་ཟ་ཞིང་སེམས་ཆུང་ལ། རྟག་ཏུ་གཡེང་བ་ལ་དགའ་བ་དང་། ཀུན་ཏུ་ཁྲོ་ཞིང་བརྐམ་ཆེ་ལ་ནད་པུ་ཅན་དུ་འགྱུར་བ་དང་། ཡིད་གཞུངས་ཤིང་གཉེན་འདུན་བྱམས་པ་དང་། རྟག་ཏུ་ཁྲོ་བ་དང་། ང་རྒྱལ་ཅན་དུ་འགྱུར་བ་དང་། ངང་ཚུལ་ངན་ཞིང་སྡིག་སྤྱོད་ལ་ཚིག་རྩུབ་དང་། འཁྱལ་པ་སྨྲ་བ་ལ་དགའ་བ་དང་། །མཚོན་ཆ་རྟོག་པ་ལ་དགའ་སྟེ། ཚེ་ལོ་དྲུག་བཅུ་རྩ་བཞིར་འཚོ་ལ། འཕེལ་བའི་ཉི་མ་ཡན་ལག་གི་ཟུག་ངུ་དང་། སྐྲངས་འབུར་གྱིས་འཆི་བར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །འཕེལ་བའི་ཉི་མ་ལ་ནད་ཀྱིས་ཐེབས་ན། ཤིན་ཏུ་བག་བྱ་དགོས་ཏེ། གལ་ཏེ་ཞག་བཅོ་ལྔ་ན་མ་ཤི་ན། དེ་ནས་ཉི་མ་ལྔ་ན་འཆི་བར་འཁྱུར་རོ། །སའི་དབང་ཕྱུག་ལ་ནི། ཉི་མ་གསུམ་ན་མ་ཤི་ན། དེ་ནས་ཉི་མ་བདུན་ན་འཚོ་བར་འགྱུར་རོ། །རྨི་ལམ་ལ་ཡང་ཉི་མ་གསུམ་ན་མ་ཤི་ན། དེ་བཞིན་དུ་ཉི་མ་བདུན་ན་འཚོལ་ལོ། །འཕྱོ་བ་ལ་ནི་ཉི་མ་གསུམ་མམ། ལྔ་ན་འཚོ་འཆི་བྱེད་དོ། །

(༣༡༩)འབུགས་པ་ལ་ནི་ཉི་མ་གསུམ་མམ། བཞི་པ་ལ་མ་ཤི་ན་ཉི་མ་བཅུ་ན་འཚོ་བར་འགྱུར་རོ། །སྨེ་བ་ལ་ནི་ཉི་མ་གསུམ་པ་ལ་འཆི་བའམ། བརྒྱད་པ་ལ་འཚོ་བ་སྟེ། ཡུན་རིང་དུ་ནད་ཀྱིས་གདུང་བར་འགྱུར་རོ། །ཡུགས་ས་མོ་ལ་ནི། ལྔ་པ་ལ་འཆི་བའམ། དགུ་པ་ལ་ལྡང་བར་འགྱུར་ལ། ཞག་བཅུ་ན་ནད་ལས་གྲོལ་བར་འགྱུར་རོ། །ཆུ་སྲིན་ལ་ནི་ཉི་མ་བརྒྱད་པ་ལ་འཆི་བ་འམ། །ཞག་ཉི་ཤུ་རྩ་གཅིག་གིས་སོས་ཤིང་ཆོས་བྱེད་པར་འགྱུར་རོ། །རུས་སྦལ་ལ་ཉི་མ་བརྒྱད་པ་ལ་མ་ཤི་ན། དེ་ནས་ཞག་བཅུ་པ་ལ་ནད་ལས་གྲོལ་བར་འགྱུར་རོ། །ཁྱུ་མཆོག་ལ་ནི་ཉི་མ་གསུམ་པ་འམ་ལྔ་པ་ལ་མ་ཤི་ན། ནད་ཅུང་ཟད་བཅས་པར་འགྱུར་ཞིང་བརྒྱད་པ་ལ་བཏོང་། བཟང་པོ་ལ་བརྒྱད་པ་དང་། བཅུ་པ་ལ་མ་ཤི་ན། དེ་ནས་གྲོལ་བར་འགྱུར་རོ། །གཏི་མུག་ལ་གསུམ་པ་འམ། བདུན་པ་ལ་མ་ཤི་ན། དེ་ནས་གྲོལ་བར་འགྱུར་རོ། །གང་གི་མཆོ་བ་མངོན་ཟིན་ན། །འཆི་བདག་དང་ནི་མངོན་པར་འགྲོགས། །དུག་བསྡུ་བ་ཡི་སྦྱོར་བ་ཡིས། །དེ་རྣམས་ཅི་ལྟར་འགྲུབ་འགྱུར་ཞིང་། །ཚེ་དང་ནད་མེད་སྤེལ་བའི་ཕྱིར། །གཞན་མ་ཆོ་ག་ཇི་ལྟར་སྦྱར། །སེམས་ཅན་ཀུན་གྱི་ནད་རྣམས་ནི། །གཞོམ་ཞིང་བསྐྱང་བར་བྱ་བ་དང་། །ཤི་བ་རྣམས་ཀྱང་འཚོ་འགྱུར་ན། །གཞན་ལ་སྨོས་ཀྱང་ཅི་ཞིག་དགོས། །དེ་རྣམས་བསོད་ནམས་ཆེར་འགྱུར་བ། །ཆུ་ཡི་སྦྱིན་བསྲེག་ཆོ་ག་ནི། །མདོར་བསྡུས་ནས་ནི་བརྗོད་བྱ་བ། །ས་ཡི་ཆ་ནི་ཡིད་འོང་བ། །ཁ་དོག་དཀར་པོ་དྲི་ཡིས་བྱུག །མེ་ཏོག་ཕྲེང་དཀར་གྱིས་བརྒྱན་ཅིང་། །རྒྱལ་མཚན་བླ་

(༣༢༠)བྲེས་འབར་བྱས་པར། །རྩ་བ་ནག་པོ་ར་རིས་མེད། །བུམ་པ་ཆུ་ཡིས་བཀང་བཅོགས་པ། །དེ་དབུས་ལྷ་མོ་བསམ་པ་ནི། །པདྨའི་སྟན་ལ་ཡང་དག་བཞུགས། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །ཤིན་ཏུ་མཛེས་པའི་ན་བཟའ་ཀླུབས། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ། །པདྨའི་ཕྲེང་བས་མཛེས་པར་བྱས། །མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོ། །གངས་དང་ཀུནྡ་ཟླ་འདྲ་བའི། །འདུད་རྩིའི་ཆུ་རྒྱུན་འབབ་པ་ཡིས། །དུག་གི་མཐུ་ནི་འཕྲོག་པར་མཛད། །ལྷ་མོའི་སྦྱོར་བ་འདི་ལྟ་བུ། །བསམས་ན་དུག་ནི་འཇོམས་པར་འགྱུར། །འོ་མ་ནག་མོར་གྱུར་གྱི་བར། །མུན་པས་རིང་དུ་ཟིལ་མནན་པ། །སླར་ཡང་གདུག་པས་གདུག་པར་བྱ། །དཔྱིད་ཟླ་ར་བ་བརྩོགས་རིམ་བཞིན། །ཉི་མ་བྱང་དུ་འགྲོ་བའི་ཚེ། །ཇི་ལྟའི་དུས་བཞིན་མཚན་མ་ནི། །རིམ་གྱིས་རིམ་གྱིས་སྦྱོར་བར་བྱ། །ཉིན་མོ་ཡི་ནི་ཆུ་ཚོད་དག །མཁས་པས་བཞི་དང་བཅུ་གཉིས་བསྒྱུར། །མཚན་མོ་དྲུག་དང་བཅུ་གསུམ་བསྒྱུར། །ཆུ་ཚོད་མཁས་པས་བརྩམ་པར་བྱ། །རེའུ་མིག་དག་ནི་གཉིས་པ་ལ། །དུས་ལ་མཁས་པས་མཚན་མ་བྱ། །ཉིན་མོ་དྲུག་དང་བཅུ་གཉིས་བསྒྱུར། །ཆུ་ཚོད་ཀྱི་ཤི་མཚན་མ་བྱ། །བཞི་དང་བཅུ་གསུམ་བསྒྱུར་བ་ནི། །མཚན་མོའི་ཆུ་ཚོད་དུ་ནི་བརྟག །བརྒྱད་དང་བཅུ་གཉིས་བསྒྱུར་བ་དག །ཉིན་མོ་རུ་ནི་བརྟག་པར་བྱ། །གཉིས་དང་བཅུ་ནི་གསུམ་བསྒྱུར་བ། །མཚན་མོའི་ཆུ་ཚོད་དུ་ནི་རྟག །ཆུ་ཚོད་སུམ་བཅུ་ཐམས་པ་ནི། །དབུས་ཀྱི་བི་ཤུ་གཉིས་ཀར་སྦྱར། །གཉིས་དང་བཅུ་ནི་གསུམ་པོ་དག། ཉིན་མོའི་ཆུ་ཚོད་ཤེས་བྱ་སྟེ །

(༣༢༡)བརྒྱད་དང་བཅུ་ནི་གཉིས་པོ་དག །དེ་ཡི་མཚན་མོ་མཚན་མར་བྱ། །བཞི་དང་བཅུ་གསུམ་མཚན་མ་ནི། །ཉིན་མོ་ཡི་ནི་ཆུ་ཚོད་དེ། །དྲུག་དང་བཅུ་ནི་གཉིས་བསྒྱུར་བ། །མཚན་མོའི་ཆུ་ཚོད་མཚན་མ་བྱ། །དྲུག་དང་བཅུ་ནི་གསུམ་བསྒྱུར་བ། །ཉིན་མོ་ཡི་ནི་ཤེས་བྱ་སྟེ། །བཞི་དང་བཅུ་ནི་གཉིས་བསྒྱུར་བ། །མཚན་མོའི་ཆུ་ཚོད་དུ་ནི་གྲགས། །དེ་བཞིན་ལྷོར་ནི་འགྲོ་བ་ཡིས། །དུས་ཤེས་པར་ནི་བཤད་པར་བྱ། །བཞི་དང་གསུམ་འགྱུར་ཆུ་ཚོད་ནི། །ཉིན་མོ་ཡི་ནི་བཤད་པ་ཡིན། །བརྒྱད་དང་བཅུ་ནི་གཉིས་བསྒྱུར་བ། །མཚན་མོ་ཡི་ནི་མཚོན་པར་བྱ། །གཉིས་དང་བཅུ་ནི་གསུམ་བསྒྱུར་བ། །དེ་བཞིན་ཉིན་མོའི་ཆུ་ཚོད་དེ། །དེ་བཞིན་མཚན་གྱི་ཆུ་ཚོད་ཀྱང་། །བཅུ་ནི་གསུམ་དུ་བསྒྱུར་བ་ཡིན། །བརྒྱད་དང་བཅུ་ནི་གཉིས་བསྒྱུར་བ། །ཉི་མ་ཡི་ནི་བསམ་པར་བྱ། །གཉིས་དང་བཅུ་ནི་གསུམ་བསྒྱུར་བ། །མཚན་མོའི་ཆུ་ཚོད་དུ་ནི་རྟག །དྲུག་དང་བཅུ་ནི་གཉིས་བསྒྱུར་བ། །ཉིན་མོའི་ཆུ་ཚོད་རིམ་པ་ཡིན། །བཞི་དང་བཅུ་ནི་གསུམ་བསྒྱུར་བ། །དེ་བཞིན་མཚན་མོའི་ཆུ་ཚོད་དོ། །སུམ་བརྒྱ་དྲུག་བཅུ་དབུགས་ཀྱིས་ནི། །ཆུ་ཚོད་ཀྱི་ནི་དུས་རྣམས་འདའ། །ཆུ་ཚོད་དྲུག་བཅུའི་གྲངས་ཀྱིས་ནི། །ཉིན་མཚན་ཕྲུག་གཅིག་ཏུ་ནི་བརྗོད། །ཟླ་བའི་གོ་རིམ་ཅི་བཞིན་དུ། །རིམ་པ་དེ་བཞིན་མཚན་མ་བྱ། །ཆུ་ཚོད་དབུགས་ནི་རྫོགས་དང་པོ། །རིམ་གྱིས་འཕེལ་ཤིང་རིམ་གྱིས་འབྲི། །ལས་དང་ལས་མིན་བྱེ་བྲག་བཞིན། །རླུང་ནི་རིམ་གྱིས་གཟུང་བར་བྱ། །མཁའ་འགྲོ་གཉིས་དང་དུས་ཚིགས་དང་། །བགྲོད་པ་གཉིས་

(༣༢༢)ཀྱིས་མཆོད་པར་བྱ། །གཉིས་པོ་དག་ནི་བཅུར་བསྒྱུར་བ། །དེ་བཞིན་ལོའི་ཆུ་ཚོད་ནི། །དེ་ནི་མཚན་མ་ལྡན་པ་ཡིས། །ཉིན་མཚན་གྱི་ནི་རླུང་དུ་རྩི། །ངག་གི་དབང་ཕྱུག་ཀུན་བཟང་ནས། །དབྱངས་ཀྱི་མཚན་མར་མངོན་པར་གཞག །མ་ནིང་གཉིས་ནི་སྤངས་ནས་སུ། །སའི་དབང་ཕྱུག་ཀུན་ཏུ་གཞ །ཨ་ཡི་རིམ་པ་ལ་བབ་ན། །དཔལ་དང་མངོན་པར་མཉམ་འགྲོགས་ཤིང་། །ནོར་རྙེད་པ་ནི་སྣང་བ་སྟེ། །སྐལ་བ་བཟང་པོར་གདོན་མི་ཟ། །ཨ་ཡི་རིའུ་མིག་ལ་བབ་ན། །རིམས་དང་ནད་ཀྱིས་གཟིར་བ་དང་། །འཇིགས་ཤིང་སྐྲག་པར་སྣང་འགྱུར་བས། །ཨཱཞེས་བྱ་བ་ངེས་པར་སྟོན། །ཡི་གེ་ཨི་ལ་བབ་གྱུར་ན། །རྒྱལ་པོའི་དཔལ་ནི་སྟེར་འགྱུར་ཏེ། །ཀུན་ནས་ནོར་ནི་རྙེད་པ་དང་། །གང་ཞིག་བསམ་པ་དེ་འགྲུབ་འགྱུར། །ཡི་གེ་ཨཱི་ལ་བབ་གྱུར་ན། །ཟླ་བ་དྲུག་ན་འཆི་བ་དང་། །དེ་བཞིན་དགྲས་ནི་གཟིར་བ་དང་། །མེ་ཡིས་འཇིག་པར་ཤེས་པར་བྱ། །ཡི་གེ་ཨུ་ལ་བབ་འགྱུར་ན། །དཔལ་དང་གྲགས་མོ་རྙེད་པ་དང་། །ནོར་དང་འབྲུ་ནི་འཕེལ་བ་དང་། །དཔལ་རྣམས་ཀྱང་ནི་རྙེད་པར་འགྱུར། །ཨཱུ་ལ་གལ་ཏེ་བབ་གྱུར་ན། །དེ་ནི་དགྲ་ཡིས་འཚེ་བར་སྣང་། །བྲན་གཟའ་དང་ནི་གཉེན་ཚན་རྣམས། །འཇིགས་ཤིང་སྐྲག་པར་སྣང་བར་འགྱུར། །ཡི་གེ་ཨེ་ལ་བབ་གྱུར་ན། །འཕྲལ་དུ་སྐྱེ་བོ་སྐལ་ཅན་འགྱུར། །སྐྱེས་པ་བུད་མེད་དག་གིས་ནི། །མཆོད་པའི་གནས་ནི་འཐོབ་པར་འགྱུར། །ཨཻ་ཡི་མཚན་མ་ལ་ལྷུང་ནི། །དགྲ་དང་

(༣༢༣)རྒྱལ་པོའི་འཇིགས་པ་དང་། །ལུས་ཅན་རྐུན་པོས་གཟིར་འགྱུར་ཞིང་། །ནད་དང་རིམས་ཀྱིས་ཐེབས་པར་འགྱུར། །ཨོའི་མཚན་མ་ལ་བབ་ན། །གནས་ཀྱི་དབང་པོར་འགྱུར་བ་དང་། །ནོར་དང་འབྲུ་ནི་རྙེད་འགྱུར་ཞིང་། །ཡིད་འོང་རིག་པ་དེ་བཞིན་ནོ། །ཨཽའི་མཚན་མ་ལ་བབ་ན། །འཐབ་མོ་དང་ནི་དགྲས་འཚེ་ཞིང་། །གནས་ལས་ཉམས་དང་རྡེག་བཙོག་དང་། །བྱས་པ་ཆུད་ནི་ཟོས་པར་འགྱུར། །ཡི་གེ་ཨམ་ལ་བབ་གྱུར་ན། །བྲན་གཟའ་དག་ནི་རྙེད་འགྱུར་ཞིང་། །པུ་དང་རིག་པ་འང་རྙེད་འགྱུར་ཏེ། །དེ་བཞིན་གྲོགས་པོ་རྙེད་པར་འགྱུར། །ཅི་ལྟར་སྔོན་གྱི་ཨ་ཞེས་པ། །དེ་བཞིན་ཐ་མ་འང་གཟུང་པར་བྱ། །དྲུག་འགྱུར་དུ་ནི་བཞག་ནས་སུ། །སྔ་བ་དེ་ན་སུམ་འགྱུར་བྱ། །སུམ་བརྒྱ་དྲུག་བཅུས་བསྲེགས་ནས་སུ། །ས་བཞིན་དུ་ནི་བཅད་ནས་སུ། །ཡི་གེ་ལྷག་མ་གཟུང་བྱ་སྟེ། །དགེ་དང་མི་དགེ་མཚོན་པར་བྱ། །ཡང་ན་རི་མོ་ཀྱག་ཀྱུག་བྲིན། །དབྱངས་ཀྱི་དང་པོ་ལ་སོགས་འགྲང་། །ཡང་ན་མེ་ཏོག་གཏོར་ནས་ནི། །དེ་བཞིན་པ་ནི་མཚོན་པར་བྱ། །ཡང་ན་སྔ་དྲོ་རོ་ཧི་ཏའི། །དུས་སུ་རྩི་བ་པོ་ཡིས་བལྟ། །རྣལ་འབྱོར་བསྟན་བཅོས་རབ་རྒྱས་ལས། །བཅུ་གཉིས་ཀྱིས་ནི་གནས་དག་ཏུ། །སེམས་ཅན་བསྐྱེད་པའི་ཆོ་ག་བཤད། །རོ་ཧི་ཏ་དུས་བདག་ཉིད་བསམ་པ་དབང་ཕྱུག་ལ་དེ་བཞིན་ཁྱིམ། རྨི་ལམ་ལ་ནི་སྤུན་གྱི་བསམ། །འབྱ་ཀུ་ལ་ལ་ཉེ་དུ་སྟེ། །བིཥྚི་ལ་ནི་བུ་ཡི་བསམ། །སྨེ་བ་ལ་ནི་དགྲ་ཡིད་བསྟན། །རན་དང་ལ་ནི་སྦྱོར་བ་བསམ། །མ་ཀ་ར་

(༣༢༤)ལ་གསོ་དཔྱོད་དོན། །རུས་སྦལ་ལ་ནི་ཆོས་ཀྱི་དོན། །ཁྱུ་མཆོག་ལ་ནི་དྲག་པོའི་ལས། །བཟང་པོ་ལ་ནི་ནོར་ཤེས་བྱ། །གཏི་མུག་ལ་ནི་ཀུན་ཏུ་འཁྲུག །འཕེལ་བ་ལ་ནི་རེག་བྱེད་ན། །དོན་རྣམས་འགྲུབ་པར་འགྱུར་བ་དང་། །ནོར་དང་འབྲུ་དང་འཕྲད་པ་དང་། །གྲོགས་པོ་སྡུག་དང་འཕྲལ་འགྱུར་བ། །དུས་ནི་རིང་པོར་མི་སྡོད་ཅིང་། །མྱུར་དུ་འཕྲད་འགྱུར་གདོན་མི་ཟ། །ས་དབང་ཕྱུག་ལ་རེག་ཙམ་གྱིས། །ལམ་དུ་འགྲོ་བ་ཉིད་དང་ནི། །ཁ་ཟས་སེམས་དང་བུ་དང་ནོར། །ལམ་གྱི་བསམ་པ་སྟོན་པར་བྱེད། །རྨི་ལམ་ལ་ནི་ནོར་རྙེད་ཅིང་། །མཆོད་པ་ཐོབ་ཅིང་གྲོགས་དང་འཕྲད། །གཉེན་བཤེས་ཡིད་ནི་དགའ་བ་དང་། །ཞི་ཞིང་previous hit དགོངས next hit་འང་འགྲུབ་པར་སྟོན། །བྱ་ཀུ་ལ་ལ་མྱ་ངན་དང་། །ཁྱད་པར་ཅན་གྱི་དོན་གཏོར་ཞིང་། །གཉེན་འདུན་དང་ནི་འབྲལ་བར་འགྱུར། །བིཥྚི་སྐྱེ་ནི་སྟེར་བ་དང་། །བྱམས་པར་སྨྲ་བ་རྙེད་འགྱུར་ཏེ། །བུ་ནི་སྐྱེ་བ་མཐོང་བར་འགྱུར། །མི་ཀ་རི་ལ་རྩོད་པ་དང་། །ཅ་ཅོས་ཀུན་ཏུ་ཉོན་མོངས་ཤིང་། །ཆོས་སྤོང་བཀྲ་ནི་མི་ཤིས་དང་། །གཉེན་འདུན་ནད་ཀྱིས་ཐེབས་པར་འགྱུར། །རན་ད་ལ་ན་བཏུང་དང་བཟའ། །གོས་དང་རྒྱན་ལ་སོགས་རྙེད་ཅིང་། །གཏོར་དང་སླར་ཡང་རྙེད་པར་འགྱུར། །བུད་མེད་སྡུག་དང་འཕྲད་པར་འགྱུར། །མ་ཀ་ར་ལ་སེམས་ཁྲལ་དང་། །དོན་གཉེར་འབྲས་བུ་མེད་པར་འགྱུར། །ཡིད་འོང་ནོར་དང་བྲལ་འགྱུར་ཞིང་། །འདོད་པ་རྣམས་དང་འཕྲད་མིའི་འགྱུར། །རུས་སྦལ་ལ་ནི་སྐལ་བཟང་ཞིང་། །ཞི་དང་བསྲུང་དང་བཀྲ་ཤིས་འགྱུར། །སྟན་དང་ནོར་

(༣༢༥)དང་བཏུང་བ་རྙེད། །ཁྱུ་མཆོག་ལ་ནི་ལས་རྣམས་ལ། །རྒྱལ་པོའི་འཆད་པས་ངེས་པར་འཇིགས། །མྱ་ངན་དང་ནི་གནས་སུ་འགྲོ། །བྱེ་བྲག་དག་ནི་མཐོང་བར་འགྱུར། །བཟང་པོ་ལ་ནི་ལོངས་སྤྱོད་དང་། །དོན་རྣམས་ཐམས་ཅད་ངེས་པར་འགྲུབ། །མཆོད་པའི་གནས་འགྱུར་གྲོགས་དང་ནི། །བཀྲ་ཤིས་དག་ནི་འབྱུང་བར་འགྱུར། །གཏི་མུག་ལ་ནི་དོན་རྣམས་ཀུན། །སྙིང་པོ་མེད་པར་རྩྭ་དང་མཚུངས། །གནས་ནི་བཅིངས་དང་ལམ་གྱི་ནི། །འདུ་ཤེས་དག་ནི་མཐོང་པར་འགྱུར། །ཡན་ལག་གི་ནི་མཚན་མ་རྣམས། །འཕེལ་བའི་ཉི་མ་ལ་མིག་གཡོན་པ་འགུལ་ན། །ཕ་དང་མ་སྐྲག་པར་འགྱུར་རོ། །སའི་དབང་ཕྱུག་ལ་ནི་མཛེས་པར་སྣང་ངོ་། །རྨི་ལམ་ལ་ནི་གོས་རྙེད་དོ། །འཕྱོ་བ་ལ་ནི་ནོར་རྙེད་དོ། །འབུགས་པ་ལ་ནི་ཕ་དང་མ་ལ་ཉེས་དོན་འབྱུང་ངོ་། །སྨེ་བ་ལ་ནི་ཅིར་ཡང་མི་འགྱུར་རོ། །ཡུགས་ས་མོ་ལ་ནི་གཉེན་འདུན་འོངས་སོ། །ཆུ་བསྲིན་ལ་ནི་བགོ་བ་རྙེད་དོ། །རུས་སྦལ་ནི་འཐབ་བརྩོད་དོ། །ཁྱུ་མཆོག་ལ་ནི་བྱང་ཕྱོགས་ནས་འགྲོན་པོ་འོང་ངོ་། །བཟང་པོ་དང་གཏི་མུག་ལ་ནི་དེ་བཞིན་དུ་བགོ་བའོ། །འཕེལ་བའི་ཉི་མ་ལ་ནི། །མིག་པས་ས་འགུལ་བའི་འབྲས་བུ་ཡང་སྔ་མ་བཞིན་ནོ། །སའི་དབང་ཕྱུག་ལ་ནི་ཅིའི་མཚན་མར་ཡང་ནི་མི་འགྱུར་རོ། །རྨི་ལམ་ནི་འཐབ་བརྩོད་དོ། །བྱ་ཀུ་ལི་ལ་ལམ་རིངས་ཀྱི་གཏམ་ཐོས་པར་འགྱུར་རོ། །འབུགས་པ་ལ་ནི་ནོར་ཉམས་པར་འགྱུར་རོ། །སྨེ་བ་ལ་ནི་ནོར་བརྙེད་པར་འགྱུར་རོ། །ཡུགས་ས་མོ་ལ་ནི་

(༣༢༦)དུ་བར་སྟོན་ཏོ། །ཆུ་སྲིན་ལ་ནི་ཅིར་ཡང་མི་འགྱུར་རོ། །རུས་སྦལ་ལ་ནི་བགོ་བ་རྙེད་དོ། །ཁྱུ་མཆོག་ལ་ནི་གཏོར་བ་རྙེད་པར་འགྱུར་རོ། །བཟང་པོ་ལ་ནི་འགྲོན་པོ་འོང་པར་སྟོན་ཏོ། །གཏི་མུག་ལ་ནི་ཕོ་ཉ་དང་འཕྲད་དོ། །ཡང་རོ་ཧི་ཏའི་ཉི་མ་ལ། རྣ་བ་གཡས་པ་གཡའ་ན་བུ་མེད་དང་འཕྲད་དོ། །སའི་དབང་ཕྱུག་གིས་ནི་མཛེས་པར་འགྱུར་རོ། །རྨི་ལམ་གྱིས་ནི་མགུ་བར་འགྱུར་རོ། །བྱ་ཀུ་ལིས་ནི་བཏུང་བ་རྙེད་དོ། །བིཥྚི་ནི་ཅུང་ཟད་སྐྲག་པར་འགྱུར། རད་དས་ནི་མྱ་ངན་གྱིས་འཛིན་ཏོ། །མ་ཀ་རས་ནི་མཛེས་པར་འགྱུར་རོ། །ཀུར་མས་ནི་འགྲོན་པོ་འོང་ངོ་། །བྲེ་ཤ་བས་ནི་བྱམས་སྡུག་ཏུ་འགྱུར་རོ། །བཟང་པོས་ནི་མཉེས་པར་འགྱུར་རོ། །གཏི་མུག་གིས་ནི་ཅིར་ཡང་མི་འགྱུར་རོ། །རོ་ཧི་ཏའི་ཉི་མ་ལ་རྣ་བ་གཡོན་པ་གཡའ་ན། །བཟའ་བ་དང་བཏུང་བ་འོང་བར་འགྱུར་རོ། །སའི་དབང་ཕྱུག་གིས་ནི་དགེ་བར་འགྱུར་རོ། །རྨི་ལམ་གྱིས་ནི་སྔོན་མ་མཐོང་བ་ཅུང་ཟད་མཐོང་བར་འགྱུར་རོ། །བྱ་ཀུ་ལ་བཅིངས་པར་འགྱུར་རོ། །བིཥྚི་ལ་འཐབ་རྩོད་འབྱུང་ངོ་། །མི་ཀི་རི་ལ་གཞན་དག་འབྱུང་ངོ་། །ཏན་ཏྲ་ལ་ནི་གཏོར་རླག་ཐོས་པར་འགྱུར་རོ། །མ་ཀ་རས་ནི་ཤི་ཆད་ཐོས་པར་འགྱུར་རོ། །ཀུར་མ་ལས་མྱ་ངན་གྱིས་འཛིན་ཏོ། །བྲེ་ཤ་མ་ལས་དགེ་བར་སྟོན་ཏོ། །བཟང་པོས་ནི་གཏམ་ངན་ཐོས་པར་འགྱུར་རོ། །གཏི་མུག་གིས་ནི་ཅིར་ཡང་མི་འགྱུར་རོ། །རོ་ཧི་ཏའི་ཉི་མ་ལ་རྐན་འགུལ་ན། མི་ཆེན་པོ་འོང་ངོ་། །སའི་དབང་ཕྱུག་གིས་ནི་ཁྱིམ་དགེ་བར་འགྱུར་རོ། །

(༣༢༧)རྨི་ལམ་གྱིས་ནི་སུ་ཞིག་འོང་བར་འགྱུར་རོ། །བྱ་ཀུ་ལིས་ནི་བགོ་བ་རྙེད་དོ། །བིཥྚི་ནི་སེམས་ཁྲལ་སྐྱེའོ། །མི་ཀི་རིས་ནི་བདེ་སྟོན་ཏོ། །རན་དས་ནི་སྒྲག་གོ། །ལ་ཀ་རས་ནི་ཁྱིམ་འཕེལ་ལོ། །ཀུར་མས་ནི་སུ་ཞིང་འཆི་པར་སྟོན་ནོ། །ཁྱུ་མཆོག་གིས་ནི་འགྲོན་པོ་འོང་བར་སྟོན་ཏོ། །བཟང་པོས་ནི་ཆོམ་པོ་འོང་པར་སྟོན་ཏོ། །གཏི་མུག་གིས་ནི་ཁྱིམ་མཛེས་པར་སྟོན་ཏོ། །རོ་ཧི་ཏའི་ཉི་མ་ལ་ལུས་ཐམས་ཅད་གཡོ་ན། །འཐབ་རྩོད་དང་སྐྱོ་སྔོགས་འབྱུང་ངོ་། །སའི་དབང་ཕྱུག་གིས་ནི་ནོར་རྙེད་དོ། །རྨི་ལམ་གྱིས་ནི་འཇིགས་པར་འགྱུར་རོ། །བྱ་ཀུ་ལིས་ནི་མ་དང་ཕ་ལ་ཉེས་དོན་འབྱུང་ངོ་། །བིཥྚི་ནི་ལས་ཉེ་བར་གནས་པར་སྟོན་ནོ། །མི་ཀི་རིས་ནི་ཕ་མ་སྐྲག་པ་སྐྱེ་བ་སྟོན་པར་འགྱུར་རོ། །རན་དས་ནི་ལྷོ་ཕྱོགས་ནས་འགྲོན་པོ་འོང་བ་སྟོན་ཏོ། །མ་ཀ་རས་ནི་སྐྱ་བསང་འོང་བར་སྟོན་ཏོ། །ཀུར་མས་ནི་འགྲོན་པོ་བློ་བུར་དུ་འོང་ངོ་། །བྲེ་ཤ་བས་ནི་མྱ་ངན་སྐྱེའོ། །བིཥྚི་ནི་འཇིགས་པ་ཆེན་པོ་འབྱུང་ངོ་། །གཏི་མུག་གིས་ནི་སངས་རྒྱས་རྗེས་སུ་དྲན་ནོ། །རོ་ཧི་ཏིའི་ཉི་མ་ལ་རྐང་པའི་ཤ་འགུལ་ན་དགེའོ། །སའི་དབང་ཕྱུག་ཀྱང་དེ་བཞིན་ནོ། །རྨི་ལམ་གྱིས་ནི་གཏམ་འདྲི་བ་དག་འོང་ངོ་། །བྱ་ཀུ་ལིས་ནི་འཐབ་རྩོད་དོ། །བིཥྚི་ནི་བདག་པོ་མཛེས་པར་འགྱུར་རོ། །མི་ཀི་རིས་ཀྱང་འཐབ་རྩོད་དོ། །རན་དས་ནི་འཐབ་རྩོད་དང་སྐྱོ་སྔོགས་སུ་འགྱུར་རོ། །མ་ཀ་རས་ཀྱང་དེ་བཞིན་ནོ། །ཀུར་མས་ནི་དེ་ཉིད་དུ་སུ་ཞིག་འཆི་བར་སྟོན་ཏོ། །བྲེ་ཤ་བས་ནི་གོས་རྙེད་དོ། །བིཥྚི་ནི་ནད་དང་འཕྲད་པར་འགྱུར་རོ། །མོ་

(༣༢༨)ཧས་ནི་མྱ་ངན་དང་འཕྲད་པར་འགྱུར་རོ། །འཕེལ་བ་ནོར་རྒྱས་བུ་ཡིན་ཏེ། །གཏི་མུག་དེ་བཞིན་འཇོགས་པོ་ཡིན། །བཟང་པོ་སྟོབས་ཀྱིས་རྒྱུ་བ་སྟེ། །ཁྱུ་མཆོག་པདྨར་ཤེས་པར་བྱ། །རུས་སྦལ་དེ་བཞིན་པདྨ་ཆེ། །ཆུ་སྲིན་དུང་དུ་གསུང་བ་ཡིན། །ཡུགས་ས་མོ་ནི་མཐའ་ཡས་བཞེད། །རིགས་ལྡན་སྨེ་བར་ཤེས་པར་བྱ། །འབུགས་པ་མགོ་བརྒྱ་པ་ཞེས་བྱ། །འཕྱོ་བ་ཡིད་ཀྱིས་འགྲོ་བ་སྟེ། །རྨི་ལམ་རྩིགས་པ་ཞེས་བྱ་ཡིན། །སའི་དབང་ཕྱུག་ཆར་འབེབས་སོ། །ལྷ་མོ་བཅུ་གཉིས་འདི་དག་ནི། །ལོ་གནས་རྟེན་འབྲེལ་བཅུ་གཉིས་དངོས། །དེ་ལྟར་དེ་རྣམས་ཤེས་བྱས་ན། །དགེ་དང་མི་དགེ་བརྟག་པར་བྱ། །དེ་ནས་དུས་སུ་བགྲོད་པ་ནི། །བཤད་ཀྱིས་སྒྲུབ་པ་པོ་རྣམས་ཉོན། །དགའ་བ་སྐད་ཅིག་ཉིད་དང་ནི། །འབྲས་བུའི་ཡན་ལག་བྱེ་བྲག་རྣམས། །སུམ་གྱུར་དུ་ནི་བསྒྱུར་བྱས་སྟེ། །ཀུན་ལ་རྐང་པ་བཞི་ཡིས་དག །མདུད་པ་བཅད་ཅིང་འཆར་བ་ཡི། །དུས་ན་དེ་ལྟར་བརྗོད་པ་ཡིན། །ཆད་པ་བགེགས་དང་གཟའ་རྣམས་དང་། །མདུང་དང་དགྲ་རྣམས་ལྟུང་བ་དང་། །ཁྱིམ་པ་ཡི་ནི་དཔྱད་དག་ལ། །ལྟོ་ཕྱེ་ལྷོར་ནི་རྐོ་བ་དང་། །འགྲོ་འོང་སྦྱོར་བའི་བྱེ་བྲག་དང་། །ཚེ་དང་ནད་མེད་སྤེལ་བ་དང་། །དེ་བཞིན་ས་བོན་གདབ་པ་དང་། །ཕྱུགས་རྣམས་ཇི་ལྟར་གདུལ་བ་དང་། །བྲལ་དང་འདུ་དང་རྒྱལ་སྲིད་དང་། །རྙེད་པ་དག་ནི་སྤང་བྱ་ཞིང་། །ཡིད་ལས་བྱུང་དང་གཡུལ་འགྱེད་དང་། །སྡོང་བུའི་ཕུང་པོ་དེ་བཞིན་ཏེ། །བྱིས་པ་གསོ་བའི་བསྒྲུབ་པ་དང་། །མིག་སྨན་ཁྱད་པར་དེ་བཞིན་དེ། །དུས་དང་ཚོད་ལ་སོགས་པ་ཉིད། །ཉིན་དང་ཉིན་གྱིས་དབྱེ་བར་བྱ། །བཅུད་ཀྱིས་ལེན་དང་རྩི་རྣམས་གཉིས། །ལུས་ནི་ཡོངས་སུ་སྨིན་པར་བྱ། །

(༣༢༩)སེམས་འཕེལ་མཉམ་པར་འཇོག་པ་ཡིས། །སྲིད་དང་ཞི་བའི་རང་བཞིན་ཏེ། །དེ་ལྟར་ཅི་དང་བཅུད་ལེན་སོགས། །བློ་ལྡན་འབད་པས་ཤེས་བྱ་ཞེས། །དམ་ཚིག་ཀུན་དང་མཉམ་སྦྱོར་བའི་རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྣལ་འབྱོར་ཆེན་མོ་གསར་མ་ཡི། །རླུང་སེམས་གཉིས་ཀྱི་འདུས་ཚུལ་གྱིས། །རྒྱུད་དང་རྒྱུད་ཀྱི་འབྲེལ་ཚུལ་རྣམས། །ཅུང་ཟད་ཙམ་གཅིག་དབྱེ་བར་གྱི། །ཕྱི་སྣོད་ནང་བཅུད་འཁོར་བ་དང་མྱ་ངན་ལས་འདས་པའི་ཀུན་གཞི་དང་ཀུན་འབྱུང་ཐམས་ཅད་ཀྱི་སྐྱོན་དང་ཡོན་ཏན་བདེ་སྡུག་གི་འཁྲུལ་འཁོར་ཐམས་ཅད། རླུང་སེམས་གཉིས་ཀྱི་རྟེན་འབྲེལ་ལས་འབྱུང་བ་སྟེ། དེ་ཡང་གྲུབ་མཐའ་ཕྱི་རོལ་པ་སྲིད་པ་གཙུག་ལག་གི་དབང་དུ་བྱས་ན། ལོ་སྐོར་བཅུ་གཉིས་པར་ཁམས་བཅོ་བརྒྱད་དུ་བཞེད་པ་ཡིན། སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ་གྱི་དབང་དུ་བྱས་ན། རྟེན་འབྲེལ་བཅུ་གཉིས་སུ་བཞེད་པ་སྟེ། རྣལ་འབྱོར་ཆེན་པོ་གསར་མའི་དབང་དུ་བྱས་ན། དུས་བཅུ་གཉིས་ཨཱ་ལི་བཅུ་གཉིས། མཁའ་འགྲོ་མ་བཅུ་གཉིས། རླུང་ལྔ་འམ་ཉི་ཤུ་རྩ་ལྔ་འབྱུང་བ་ལྔ། རྒྱུ་སྐར་གྱི་ལྷ་མོ་ཉི་ཤུ་རྩ་བདུན་ལ་སོགས་པ་རྣམས་ཀྱང་། རླུང་སེམས་མཁའ་འགྲོའི་དཀྱིལ་འཁོར་དུ་གཏན་ལ་འབེབས་པ་སྟེ། དེ་ཡང་ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད། །ཨེ་ཝཾ་བཞི་དང་འཁོར་ལོ་བཞིའི་དཀྱིལ་འཁོར་དུ་བཞེད་པའོ། །དེ་ལ་དུས་ཐུང་ངུ་ནས་རྩི་བ་ཉིན་ཞག་ཕྲུགས་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་། རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་ཀྱི་གནས་སུ་རྒྱུ་བ་ལས། ཐིག་ལེ་འབྱུང་བ་ལྔའི་ཐིག་ལེ། ཡུལ་དང་ཡུལ་ཅན་དཀར་དམར་གཉིས་སུ་དབྱེ་བ་ལས། དེ་གཉིས་ལ་ཡང་རེ་རེ་

(༣༣༠)དེ་ལ་ཡང་ཉི་ཤུ་རྩ་ལྔ་ལྔར་དབྱེ་བ་སྟེ། །དེ་གཉིས་གཅིག་ཏུ་སྡེབས་པ་ལས་ལྔ་བཅུ་ཐམ་པ་སྟེ། རྩ་རླུང་བྱང་ཆུབ་ཀྱི་སེམས་ཐམས་ཅད་ཀྱང་སེམས་དངོས་པོ་བཤིས་ཀྱི་གནས་ལུགས་ངོ་བོ་གཅིག་ལ་བཤིས་ལྔ་ལྡན་དུ་གནས་པའི་ཕྱིར་ན། སེམས་རྟོགས་པ་དང་མ་རྟོགས་པའི་རྟེན་འབྲེལ་གྱི་འཁོར་ལོའོ། །དེ་ཡང་འདི་རུ་ས་མཚམས་དབྱེ་བར་བྱ། ཉིན་ཞག་གཅིག་ལ་ཉིན་མོའི་དུས་སུ་ཐུན་བཅུ་གཉིས། མཚན་མོའི་དུས་སུ་ཐུན་བཅུ་གཉིས་ཏེ། སྔ་ཐུན་དང་པོ་ཐུན་ཚོད་བཞི། གུང་ཐུན་བར་པ་ཐུན་ཚོད་བཞི། ཕྱི་ཐུན་ཐ་མ་ཐུན་ཚོད་བཞི་དང་བཅུ་གཉིས་ཏེ། མཚན་མོའི་ཐུན་ཚོད་ཀྱང་དེ་བཞིན་དུ་ནི་ཤེས་པར་བྱ། ཆུ་ཚོད་དང་ནི་དབྱུག་གུ་སྟེ། །ཆུ་ཚོད་དྲུག་བཅུར་རྩིས་པ་ཡི། །རླུང་གི་འགྲོ་འོང་གནས་གསུམ་མ་ནོར་ཞིང་། །ཐུན་ཚོད་དུ་ནི་རྩི་བར་བྱ། །སྔ་ཐུན་དང་པོ་ནས་བརྩི་བ་ནི། །བྱི་བ་གླང་སྟག་ཡོས་བུ་བཞི། །ཆུ་ཚོད་དང་སྦྱར་ཏེ་རྩི་བ་བྱའོ། །གུང་ཐུན་བར་སའི་དུས་སུ་རྩི་བ་ནི་འབྲུག་སྦྲུལ་རྟ་ལུག་བཞི་རུ་ཤེས་པར་བྱ། ཕྱི་ཐུན་ཐ་མའི་དུས་སུ་ནི། སྤྲེལ་བྱ་ཁྱི་ཕག་བཞི། སྲིད་པ་ཙུག་ལག་གི་དབང་དུ་བྱས་ན། ལོ་སྐོར་བཅུ་གཉིས་དག་ཏུ་བཞེད་པ་ཡིན། །སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ་གྱི་དབང་དུ་བྱས་ན། སྔ་ཐུན་དང་པོའི་དུས་སུ་མ་རིག་པ་དང་འདུ་བྱེད། རྣམ་པར་ཤེས་པ་མིང་དང་གཟུགས། གུང་ཐུན་བར་པའི་དུས་སུ་སྐྱེ་མཆེད་དྲུག་རེག་པ་ཚོར་བ་སྲེད་པ་བཞི། ཕྱི་ཐུན་ཐ་མའི་དུས་སུ། ལེན་པ་སྲིད་པ་སྐྱེ་བ་རྒ་ཤི་བཞི། དུས་དང་དུས་ཀྱི་འཁོར་བ་སྟེ། དེ་རེ་རེ་ལ་ཡང་འབྱུང་བ་ལྔ་ལྔ་དང་སྦྱར་ཏེ། བྱ་བ་དགེ་སྡིག་ལས་སྣ་ཚོགས་འདི་རྣམས་ཀྱི་གནས་དང་དུས་རྟེན་འབྲེལ་འགྲིག་པ་དང་།

(༣༣༡)མ་འགྲིག་པ་ལས། རྟེན་འབྲེལ་སྣ་ཚོགས་དུས་ཀྱི་འཁོར་ལོ་ཤར་བའོ། །རྣལ་འབྱོར་ཆེན་པོ་གསར་མའི་རྒྱུད་སྡེ་རྣམས་ཀྱི་བཞེད་ལུགས་ཀྱིས། སྔ་ཐུན་དང་པོ་ལ་ཨ་ཨཱ་གཉིས་དང་ཨི་ཨཱི་བཞི་རུ་བཞེད་པ་ཡིན། གུང་ཐུན་བར་པ་ལ་ཨུ་ཨཱུ་གཉིས་དང་ཨེ་ཨཻ་བཞི་རུ་རྒྱུ་ཞིང་གནས་པ་ཡིན། ཕྱི་ཐུན་ཐ་མ་ལ་ཨོ་ཨཽ་གཉིས་དང་ཨམ་ཨ་བཞི་རུ་རྒྱུ་ཞིང་གནས་པ་ལ། ཨཱ་ལི་བཅུ་གཉིས་དག་ཏུ་བཞེད། །དབྱངས་ཀྱི་ཡི་གེ་བཅུ་གཉིས་ཀྱང་། །རེ་རེ་ལ་ཡང་ལྔ་ལྔ་སྟེ། །འབྱུང་པ་ལྔའི་ངོ་བོར་ཤེས་པར་བྱ། །ཡང་ན་མཁའ་འགྲོ་བཅུ་གཉིས་ཏེ། །ཕྱི་ནང་ཐེག་པའི་བྱེ་བྲག་གིས། །མིང་ལ་ཐ་དད་ཡོད་ན་ཡང་། །དོན་ལ་ངོ་བོ་གཅིག་པ་སྟེ། །ཉིན་མོའི་ཆ་དང་བསྟུན་ནས་སུ། །མཚན་མོ་ཡང་འདི་ལྟར་དུ་ཤེས་པར་བྱ། །འདི་ཕྱི་ནང་གསང་གསུམ་གྱི་རྩི་ལུགས་དང་། རླུང་སེམས་ཀྱི་རྒྱུ་ལུགས་ཏེ། གཟའ་དང་སྐར་མ་ལ་སོགས་པ་རྟེན་འབྲེལ་འགྲིག་པ་དང་མ་འགྲིག་པ་ལས། འཇིག་རྟེན་འདི་ན་བདེ་སྡུག་སྣ་ཚོགས་འབྱུང་བ་སྟེ། །ཤེས་རབ་ལྡན་ཞིང་མཁས་པ་ཡིས། །འདི་ཡི་བྱེ་བྲག་ཤེས་པར་བྱ། །རྡོ་རྗེ་མཁའ་འགྲོའི་རྒྱུད་ཀྱི་བཞེད་པ་ཡིས། །ཐམས་ཅད་མཁའ་འགྲོར་གཏན་ལ་འབེབས་པ་སྟེ། །ཡུན་ཐུང་ངུའི་རིང་པོ། །ཉིན་ཞག་ཕྲུགས་གཅིག་གི་རྩི་ལུགས་དང་། །རླུང་སེམས་ཀྱི་འདུས་ཚུལ་མདོར་བསྡུས་ཏེ་བསྟན་པའོ། །སྲིད་པ་ཙུག་ལག་གི་དབང་དུ་བྱས་ན། །ཟླ་བ་ཕོ་དྲུག་མོ་དྲུག་སྟེ་བཅུ་གཉིས་དག་ཏུ་བཞེད་པ་ཡིན། །རླུང་སེམས་རྩི་བའི་མགོ་འཛུགས་པ་ནི། །དཔྱིད་ཟླ་ར་བའི་ཚེས་གཅིག་ནས་གཟུང་སྟེ་ཉི་མ་བྱང་དུ་འགྲོ་བའི་དུས་སུ་ཟླ་བ་བཅུ་གཉིས། རེ་རེ་ལ་ཡང་ལོ་སྐོར་བཅུ་གཉིས་ཀྱི་འབྱུང་བ་

(༣༣༢)དང་སྦྱར་ཏེ། །རིམས་དང་རིམ་གྱིས་རྩི་བར་བྱ། །ཕྱོགས་དང་ཕྱོགས་ཀྱི་དབང་དུ་བྱས་ན། །ཤར་གྱི་ཕྱོགས་ནས་གཟུང་སྟེ། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་དང་བཅུ་སྟེ། རིམ་དང་རིམ་གྱིས་སྦྱོར་ཞིང་བཀོད་ཤེས་པར་བྱའོ། །ལོ་སྐོར་བཅུ་གཉིས་སུ་མིང་འདོགས་པ་དང་། ཟླ་བ་བཅུ་གཉིས་སུ་མིང་འདོགས་པ་དང་། རྟེན་འབྲེལ་བཅུ་གཉིས་སུ་མིང་འདོགས་པ་དང་། འབྱུང་བ་ལྔ་ལས་འབྱུང་བ་ཉི་ཤུ་རྩ་ལྔར་མིང་འདོགས་པས་ཏེ། ཕྱི་ནང་གི་གྲུབ་མཐའ་སྣ་ཚོགས་ཀྱི་བཞེད་ལུགས་ཡོད་ན་ཡང་། ཁྱད་པར་དུ་རྣལ་འབྱོར་ཆེན་པོ་གསར་མའི་རྡོ་རྗེ་མཁའ་འགྲོ་ཐབས་དང་ཤེས་རབ་ཀྱི་རླུང་སེམས་གཉིས་ཀྱི་རང་བཞིན་ངོ་བོ་མཚན་ཉིད་ཨཱ་ལི་ཀཱ་ལིའི་ཡི་གེའི་འཁོར་ལོར་གཏན་ལ་འབེབས་པ་སྟེ། རིགས་ལྔ་ཡུམ་ལྔ་མཁའ་འགྲོ་བཅུ་གཉིས་སུ་རླུང་སེམས་གདོད་མ་ནས་གནས་པ་སྟེ། དེ་ལ་ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་རླུང་སེམས་མཁའ་འགྲོའི་རྩི་ལུགས་ཡོད་པ་ལས། དབང་པོ་ཐ་མས་ལོ། །སྐོར་དང་རྟེན་འབྲེལ་བཅུ་གཉིས་ཀྱི་གཟའ་སྐར་ལ་བརྟེན་ཏེ་རྩི་བ་ཡིན། དབང་པོ་འབྲིང་གིས་ཨཱ་ལི་ཀཱ་ལི་གཉིས་ཀྱི་སྦྱོར་བ་ཆོས་འབྱུང་རེའུ་མིག་གི་དཀྱིལ་འཁོར་ལ་བརྟེན་ཏེ་རྩི་བ་ནི་ནང་ལྟར་རྩི་བའོ། །དབང་པོ་ཡང་རབ་ཀྱིས་ཐབས་དང་ཤེས་རབ་དབྱེར་མེད་རླུང་སེམས་ཀྱི་དཀྱིལ་འཁོར་དུ། འཁོར་ལྔ་ས་བོན་ལྔ་རྩ་རླུང་བྱང་ཆུབ་སེམས་ཀྱི་དུས་དང་དུས་གནད་ཀྱི་འཁོར་ལོ་ཡིས། རླུང་སེམས་ཅི་ལྟར་འདུས་པ་བཞིན་དུ་སྐྱོན་དང་ཡོན་ཏན་སྣ་ཚོགས་འབྱུང་པ་སྟེ། གསང་བ་ལྟར་རྩི་བའོ། །དེ་ཁོ་ན་ཉིད་དབང་པོ་རབ་ཀྱིས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཕྱག་རྒྱ་ཆེན་པོ་ལྷན་ཅིག་

(༣༣༣)སྐྱེས་པའི་ཡེ་ཤེས་སུ་རྟོགས་ཤིང་གོམས་འདྲིས་མཐར་ཕྱིན་པའི་དུས་སུ། སྤྱན་ལྔ་མངོན་ཤེས་དྲུག་ལ་སོགས་པའི་སངས་རྒྱས་ཀྱི་སྐུ་གསུམ་གྱི་ཡོན་ཏན་ཕྲིན་ལས་ཤུགས་ལ་འབྱུང་པ་སྟེ། དེ་ལ་བརྩི་བྱ་རྩི་བྱེད་རྩོལ་སྒྲུབ་གང་ཡང་མེད་དོ། །དེའི་ཕྱིར་ན་འདི་རུ་ས་མཚམས་དབྱེ་བ་ནི། ནང་དང་གསང་བའི་རླུང་སེམས་འདུས་ཚུལ་ལྟར་གཏན་ལ་འབེབས་པ་སྟེ། མཁའ་འགྲོ་དང་མཁའ་འགྲོའི་གནས་དང་མཁའ་འགྲོ་རྒྱུ་བའི་དུས་ཚོད་ཀྱང་རྣམ་པ་གཉིས་ཡིན་ཏེ། ཟླ་བ་བཅུ་གཉིས་ཡིན་ཏེ། ཟླ་བ་བཅུ་གཉིས་མཁའ་འགྲོ་བཅུ་གཉིས་སུ་གཏན་ལ་འབེབས་པ་སྟེ། བྱི་བའི་ལོ་ནས་མགོ་གཟུང་སྟེ། ཕག་གི་ལོའི་བར་དུ་མཁའ་འགྲོ་བཅུ་གཉིས་སུ་གཏན་ལ་འབེབས་པ་སྟེ། མཁའ་འགྲོ་མ་མགོ་བརྙན་ཅན་བཅུ་གཉིས་སུ་ཤེས་པར་བྱའོ། །རེ་རེ་ལ་ཡང་ལྔ་ལྔ་སྟེ། ལྔ་ཚན་ལྔ་རུ་ཤེས་པར་བྱ། །འདི་རྣམས་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་བར་སྣང་ནམ་མཁའ་ས་གཞི། ཕྱོགས་མཚམས་ཀུན་ཏུ་རྒྱུ་ཞིང་བྱ་བ་དང་བྱ་བ་མ་ཡིན་པ་སྣ་ཚོགས་བསྒྲུབ་པ་སྟེ། འདི་རྣམས་ཀུན་རྫོབ་ལྟར་འབྱུང་པ་ལྔའི་རྟེན་འབྲེལ་དང་འདུ་འཕྲོད་འགྲིག་པ་དང་མ་འགྲིག་པ་ལས། འཇིག་རྟེན་ན་ལྟས། བཟང་ངན་སྣ་ཚོགས་འབྱུང་པ་སྟེ། འདི་རྣམས་ཀྱང་ནང་བཅུད་ཀྱི་འགྲོ་བ་སེམས་ཅན་རྣམས་ཀྱི་ལས་དགེ་སྡིག །བསོད་ནམས་དང་བསོད་ནམས་མ་ཡིན་པའི་ཚོགས་ཤས་ཆེ་ཆུང་གི་དབང་གིས། སེམས་ཅན་སྤྱི་མཐུན་གྱི་ལས་ལས་འབྱུང་པའོ། །དེའི་ཕྱིར་ན་ནང་བཅུད་ཀྱི་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ཀྱི་ཡང་། ལུས་ངག་ཡིད་གསུམ་རྩ་གནས་རླུང་སེམས་ཀྱི་དཀྱིལ་འཁོར་དུ་ཡི་གེའི་ངོ་བོར་གནས་པ་དང་།

(༣༣༤)རྩ་གསུམ་མཁའ་འགྲོ་དང་འཇིག་རྟེན་གྱི་དྲེགས་པ་ཕོ་མོའི་ངོ་བོར་གནས་པ་སྟེ། འཇིག་རྟེན་འདིར་ཡང་རླུང་སེམས་བཟང་ངན་འབྲིང་གསུམ་ཅི་ལྟར་དུ་འདུས་པ་བཞིན་དུ། སྐྱེ་བ་འདིར་ཡང་བྱ་བ་བཟང་ངན་སྣ་ཚོགས་ཚེ་རིང་ཐུང་། སྐྱེ་རྒས་ན་འཆི་རྒུད་པ་ལ་སོགས་པའི་ལས་རྣམས་བསྒྲུབ་པ་སྟེ། དེའི་ཕྱིར་ན་སྲོག་རྩོལ་མཁའ་འགྲོའི་གནད་ཀྱིས། དབང་པོ་ཡང་རབ་རླུང་སེམས་གཉིས་ལ་རྟེན་འབྲེལ་བསྒྲིགས་ན། རྟགས་དང་ཡོན་ཏན་དགེ་དང་མི་དགེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒྱུ་འབྲས་ཐམས་ཅད་ད་ལྟ་ཉིད་དུ་མངོན་དུ་འཆར་བར་འགྱུར་རོ། །དེའི་ཕྱིར་ན་རླུང་འགྲོ་འོང་གནས་གསུམ་རྒྱུ་བ་དང་ལྡོག་པའི་དུས་སུ། དུས་ཀྱི་འཁོར་ལོ་ལ་མཁས་ཤིང་། རླུང་ཉི་ཤུ་རྩ་ལྔ་ལ་སོགས་སྟེ་ལྔ་ལྔ་དང་བཅུ་གཉིས་པོ་གྲངས་ཅན་གྲངས་མེད་རྣམས་ལ། གོམས་པའི་སྟོབས་ཀྱིས་དབང་ཐོབ་པར་བྱའོ། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ཁྱད་པར་དུ་གསང་སྔགས་གསར་མའི་རྣལ་འབྱོར་བླ་ན་མེད་པའི་ཐབས་དང་ཤེས་རབ་དབྱེར་མེད་རྒྱ་མཚོ་མཐའ་ཡས་ལས། ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་རླུང་སེམས་གཉིས་ཀྱི་དཀྱིལ་འཁོར་དུ་རྟེན་འབྲེལ་བཅུ་གཉིས། ཨཱ་ལི་བཅུ་གཉིས་ཀཱ་ལི་ལ་སོགས་པ་བཞི་བཅུ་ཞེ་དགུ་མཁའ་འགྲོ་བཅུ་གཉིས། ཕྱི་ནང་གསང་གསུམ་མཁའ་འགྲོ་རྒྱ་མཚོར་གཏན་ལ་འབེབས་པའི་བར་སྐབས་སོ། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ཁྱད་པར་དུ་རྣལ་འབྱོར་བླ་མེད་གསར་མའི་ཐབས་དང་ཤེས་རབ་དབྱེར་མེད་རྒྱ་མཚོ་མཐའ་ཡས་ལས། ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་ཨཱ་ལི་

(༣༣༥)ཀཱ་ལིའི་སྦྱོར་བ་ཡིས། འཁྲུལ་འཁོར་ཐམས་ཅད་ཕྱོགས་མེད་དུ་དུས་དང་དུས་ཀྱི་འཁོར་བ་ལས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་དང་མི་དགེ་རྒྱུ་དང་འབྲས་བུ་སྣ་ཚོགས་ཨཱ་ལི་ཀཱ་ལིའི་རྟེན་འབྲེལ་འགྲིག་པ་དང་མ་འགྲིག་པ་ལས་སྣ་ཚོགས་སུ་འབྱུང་བར་འགྱུར་ཏེ། དེ་ལ་ཕྱི་ལྟར་དུ་འཁྲུལ་འཁོར་སྣ་ཚོགས་ཀྱིས་གཏན་ལ་འབེབས་པ་སྟེ། དེ་ལ་ཤོག་བུ་འམ་རས་ལ་སོགས་པ་ལ་དཀྱིལ་འཁོར་གྲུ་བཞི་མུ་ཁྱུད་ཀྱི་དབུས་སུ་ཆོས་འབྱུང་རྐྱང་པ་ལས། རེའུ་མིག་བཞི་བཅུ་རྩ་དགུ་དང་ལྡན་པ་བྲིས་ནས། དེ་ལ་ཨཱ་ལི་ཀཱ་ལི་ཡི་གེ་བཞི་བཅུ་རྩ་དགུ་བྲིས། ཕྱི་གཟུགས་བརྙན་ཀུན་རྫོབ་ཀྱི་ཡི་གེ་མ་ནོར་ཞིང་ལེགས་པར་བྲིས་ནས། ཤར་ཕྱོགས་ནས་གཟུང་སྟེ་ནང་རླུང་གི་འགྲོ་སྡོག་དང་། ཕྱི་དུས་ཀྱི་ཉིན་མཚན་གྱི་ཆ་ནས་མ་ནོར་བར་རྩིས་ཤིང་། ཕྱིའི་ཨཱ་ལིའི་ཚོགས་དང་པས་ཀཱ་ལི་ཚོགས་གྲངས་མང་ཡང་། ཕྱི་སྲིད་པ་གཙུག་ལག་ལྟར་ན་ལོ་སྐོར་བཅུ་གཉིས་སྤྲུལ་སྐུའི་བསྟན་པ་མཚན་ཉིད་དབང་དུ་བྱས་ན་རྟེན་འབྲེལ་བཅུ་གཉིས། གསང་སྔགས་གསར་མའི་རླུང་སེམས་ལྟར་ན། མཁའ་འགྲོ་བཅུ་གཉིས། གསང་བ་རླུང་སེམས་ཀྱི་དབང་དུ་བྱས་ན། ཨཱ་ལི་དང་ཀཱ་ལིའི་ཚོགས་ཏེ། དེ་རྣམས་ཀྱང་ཚིག་ལ་ཐ་དད་ཡོད་ཀྱང་། དོན་གཅིག་ཏུ་གོ་ཞིང་ཤེས་པར་བྱ་སྟེ། རྩ་རླུང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་རླུང་སེམས་གཉིས་ལ་དབང་ཐོབ་ན། ཕྲིན་ལས་རྣམ་བཞི་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད། འཇིག་རྟེན་དང་འཇིག་རྟེན་ལས་

(༣༣༦)འདས་པའི་བྱ་བ་སྣ་ཚོགས་ལུས་སེམས་གཉིས་ཀྱི་དཀྱིལ་འཁོར་དུ་རླུང་སེམས་ཀྱི་འཁྲུལ་འཁོར་སྣ་ཚོགས་པ་སྟོན་པ་སྟེ། འཁྲུལ་འཁོར་གྱི་བྱེ་བྲག་བསྒོམ་པ་དང་། ཕྱི་བྲིས་པའི་དཀྱིལ་འཁོར་གཉིས་ལ་བརྟེན་ནས། ལས་རབ་འབྱམ་རྒྱ་མཚོ་འགྲུབ་པར་འགྱུར་རོ། །སྐབས་འདིར་རྣལ་འབྱོར་བླ་མེད་ཕ་རྒྱུད་མ་རྒྱུད་ཀྱི་previous hit དགོངས next hit། ཐབས་དང་ཤེས་རབ་དབྱེར་མེད་རླུང་སེམས་ཀྱི་འཁོར་ལོ་རླུང་ཉི་ཤུ་རྩ་ལྔའི་འདུས་འཕྲོད་དང་། རང་བཞིན་གྱི་ཡི་གེ་སེམས་ཀྱི་གནས་ལུགས་ཡིན། ཀུན་རྫོབ་ཀྱི་ཨཱ་ལི་ཀཱ་ལི་སེམས་ཅན་རྣམས་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་དང་བསྟུན་ནས། འདིར་ཕྱི་ནང་གི་འཁྲུལ་འཁོར་རླུང་སེམས་རྟེན་འབྲེལ་ལོག་པར་འགྲིག་པ་ཁམས་གསུམ་འཁོར་བ་སའི་རླུང་སེམས་ཀྱི་འདུས་ཚུལ་དང་། རླུང་སེམས་ཀྱི་གནད་ཟབ་མོས་ཐབས་དང་ཤེས་རབ་དབྱེར་མེད་དུ་ལམ་བསྒྲོད་པའི་ལུགས། རྡོ་རྗེ་འཆང་གི་གསུང་དང་གྲུབ་ཐོབ་བརྒྱུད་པའི་བླ་མའི་གདམ་ངག་ཉམས་མྱོང་ཚད་མ་བཞི་ལྡན་གྱི་ཕྱི་དང་ནང་གི་རྩི་ལུགས་དང་། ཡོན་ཏན་གྱི་འཆར་ལུགས་དང་འཇིག་རྟེན་འདིའི་དགེ་མི་དགེ་ལྟས་སྣ་ཚོགས་འབྱུང་བ་ལས། དེ་སོ་སོར་འབྱེད་ཅིང་བརྟག་པའི་ཐབས་རྣམས་ད་ནི་རྒྱས་པར་བསྟན་པར་བྱ་སྟེ། ཉམས་དང་རྟོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྐྱོན་དང་ཡོན་ཏན་སྒྲ་དང་དོན་སོ་སོར་རྟོགས་ཤིང་མཁས་པར་འདོད་པ་ཐམས་ཅད་ཉོན་ཅིག །རིན་ཆེན་ཁ་སྦྱོར་ཞེས་བྱ་བའི་འཁྲུལ་འཁོར་གསུངས་པ་ནི། མདོར་བསྡུས་པ་ནི་བརྗོད་བྱ་བ། །དེ་ནི་བདག་གིས་བཤད་ཀྱིས་ཉོན། །རིགས་ལྡན་དང་ནི་རྟ་ཡི་འགྲོས། །གཤིན་རྗེ་ཡི་དགས་དེ་བཞིན་དུ། །གཞན་ཡང་རོ་ལངས་ཟུངས་དང་ནི། །སྲིན་མོ་ཡི་ནི་ཁྱད་པར་གྱིས། །དེ་ནས་རིམ་དང་ཕྱི་

(༣༣༧)རོལ་རིམ། །ངེས་འཇོམས་སྒོ་དང་སྟོང་པ་དང་། །གྲང་ཡི་མཐར་ནི་རྡོ་རྗེ་ལྡན། །འཁྲུལ་འཁོར་ཆེན་པོ་བཅུ་གཉིས་ནི། །སྔགས་ཀྱི་ཕྲེང་བས་ཁྱད་པར་བྱས། །རིམ་པ་འདི་བཞིན་བརྗོད་པ་ཡིན། །གྲུ་བཞི་ཤིན་ཏུ་ཚད་ལྡན་ཞིང་། །རེའུ་མིག་བཞི་བཅུ་དགུར་ལྡན་པ། །སྔགས་པས་མཉམ་པར་གཞག་སྟེ་བྱ། །དང་པོ་ཡི་ནི་ཕྲེང་བ་གཉིས། །ལྷག་བཅས་ཨ་ལ་སོགས་པ་དགོད། །རེའུ་མིག་ལྷག་མ་རྣམས་ལ་ནི། །ཀ་ལ་སོགས་པ་མདོར་བསྡུས་པའི། །ཡི་གེ་ཐམས་ཅད་ཅི་རིགས་པར། །གོ་རིམས་བཞིན་དུ་དགོད་པར་བྱ། །དབུས་ཀྱི་རེའུ་མིག་སྟོང་པ་ལ། །ཀ་ཤ་ཞེས་བྱའི་ཡི་གེར་ནི་གནས་པའི་ས་ནི་བྲི་བར་བྱ། འཁོར་ལོ་རི་མོ་ཉིས་བསྐོར་ལ། །རི་མོའི་བར་དུ་རྣལ་འབྱོར་པས། །ཕྲེང་བ་ལ་སོགས་བསྡུས་ཏེ་དགོད། །ཕྱི་རོལ་པདྨ་འདབ་བརྒྱད་ལ། །དབང་པོར་ཀ་སྟེ་ལུས་ངན་ཚ། །ཆུ་ལྷ་གཤིན་རྗེར་ཌ་དང་ཏ། །རླུང་དང་མེ་དང་དབང་ཆེན་ཆུ། །དེ་ལྟར་ཡ་ར་ལ་ཝ་དགོད། །འབྱུང་བ་ཆེན་པོ་ཁམས་ཞེས་བྱ། །སླར་ཡང་ཕྱི་རོལ་གྲུ་བཞི་པ། །རླུང་དང་མེ་དང་བདུད་རྩི་ཡི། །གཤིན་རྗེ་འཇོམས་མ་ལ་སོགས་ཏེ། །ཤ་ཥ་ས་ཧར་བསྟན་པ་དགོད། །རྀ་རཱྀ་ལྀ་ལཱྀ་ཞེས་བྱ་བ། །མ་ནིང་ཞེས་བྱར་བསྟན་པ་བཞི། །སྒོ་བཞི་ཏུ་ནི་དགོད་པར་བྱ། །ཆོ་གའི་སྦྱོར་པ་དེ་ལྟ་བུས། །སྔགས་ཀྱི་རྒྱལ་པོ་དེ་ནས་དགོད། །འབུགས་པ་རྨི་ལམ་ཟླ་ཕྱེད་ལྡན། །རེའུ་མིག་དང་པོ་བརྒྱན་པར་བྱ། །གཉིས་པ་བདེན་བྲལ་ཕྱི་རོལ་གཟུང་། །རུས་སྦལ་དང་ནི་ལྡན་པར་དགོད། །རེའུ་མིག་གསུམ་པ་ལ་གནས་པ། །དབུ་མ་ཡི་ནི་ཐ་མ་

(༣༣༨)གཟུང་། །དེ་ཉིད་ཀྱི་ནི་བཞི་པར་གནས། །རེའུ་མིག་བཞི་པར་གནས་ལྷོ་མཐའ། །བཟང་པོའི་ས་ནི་སྤྱི་བོར་བརྒྱན། །བདེན་བྲལ་ཕྱི་རོལ་གཟུང་ནས་ནི། །རུས་སྦལ་དང་ནི་ལྡན་པར་བྱ། །རེའུ་མིག་ལྔ་པར་ཡང་དག་དགོད། །དབུ་མའི་མཐའ་མ་གཟུང་ནས་སུ། །དེ་ཉིད་ཀྱི་ནི་བཞི་པར་གནས། །རེའུ་མིག་དྲུག་པ་བརྒྱན་པར་བྱ། །རླུང་མཚམས་ཕྱི་རོལ་གཟུང་ནས་སུ། །རུས་སྦལ་ཟླ་ཕྱེད་ཐིག་ལེར་ལྡན། །རེའུ་མིག་བདུན་པ་དགོད་པར་བྱ། །རེའུ་མིག་ལ་གནས་བརྒྱད་པ་རླུང་། །མ་ནིང་དང་པོ་བསྟན་བཞུགས་ཤིང་། །དང་པོའི་གསུམ་པ་དགུ་པར་དགོད། །ཉི་ཤུ་པ་ཡི་བརྟན་བཞུགས་པ། །རླུང་གི་ཕྱི་རོལ་གཟུང་ནས་ནི། །གཏི་མུག་བརྒྱན་པར་བཅུ་པར་དགོད། །ཉི་ཤུ་རྩ་གཅིག་པ་ཉིད་ནི། །རེའུ་མིག་བཅུ་གཅིག་པ་ལ་དགོད། །བཅུ་གཉིས་རླུང་གིས་བརྒྱན་པར་བྱ། །རུས་སྦལ་གྱི་ནི་བརྟན་བཞུགས་པའི། །རླུང་གི་ཕྱི་རོལ་ཟླ་དུམ་དང་། །ཐིག་ལེས་བརྒྱན་པ་བཅུ་གསུམ་དགོད། །བཅུ་བཞི་པ་ཡང་དེས་བརྒྱན་བྱ། །དབུ་མ་ཡི་ནི་དང་པོ་ཡིས། །རེའུ་མིག་བཅོ་ལྔ་སྤྲས་པར་བཞེད། །གཏི་མུག་གིས་ནི་བརྒྱན་པ་ཡིས། །དབུ་མའི་དབུ་མ་བཅུ་དྲུག་པར། །དབུ་མའི་དབུ་མའི་བསྟན་བཞུགས་པར། །བཟང་པོ་ཡི་ནི་མགོར་བརྒྱན་པ། །ལྷོ་མཐའ་བཅུ་བདུན་པར་ནི་དགོད། ལྷོ་ཡི་དབུ་མར་རླུང་གིས་ནི། །བརྟན་སྦྱིན་གཏི་མུག་བརྒྱན་པར་བྱ། །རེའུ་མིག་བཅོ་བརྒྱད་པ་ལ་བགོད། །རེའུ་མིག་བཅུ་དགུ་པར་གནས་པ། །མི་ནི་ཨ་ཡིས་བརྒྱན་པ་ཡིན། །རུས་སྦལ་དང་ནི་ལྡན་པ་ཡི། །རླུང་གི་ཕྱི་

(༣༣༩)རོལ་ཟླ་དུམ་དང་། །ཐིག་ལེས་བརྒྱན་པ་ཉི་ཤུ་དགོད། །དབུ་མའི་གཉིས་པ་ཕན་པའི་མཆོག །རེའུ་མིག་ཉི་ཤུ་གཅིག་པར་དགོད། །ལྷོ་མཐའ་ཡི་ནི་སྟན་བཞུགས་པའི། །རླུང་གི་ཕྱི་རོལ་གཟུང་ནས་སུ། །གཏི་མུག་ལྡན་པ་ཉི་ཤུ་གཉིས་། །དང་པོ་ཡི་ནི་གསུམ་པ་ཡིས། །རེའུ་མིག་ཉི་ཤུ་གསུམ་པ་བརྒྱན། །རེའུ་མིག་ཉི་ཤུ་རྩ་བཞི་པ། །ནུབ་ཕྱོགས་དང་པོ་ལྡན་པར་བྱ། །རེའུ་མིག་ཉི་ཤུ་རྩ་དྲུག་པ། །བྱང་གི་དབུ་མར་ལྡན་པར་དགོད། །རེའུ་མིག་ཉི་ཤུ་རྩ་བདུན་པ། །དབུ་མ་ཡི་ནི་གཉིས་པས་བརྒྱན། །རེའུ་མིག་ཉི་ཤུ་རྩ་བརྒྱད་ལ། །ནུབ་ཕྱོགས་ཀྱིས་ནི་མཛེས་པར་བྱ། །དང་པོའི་དབུ་མ་གཟུང་ནས་ནི། །རི་ཞེས་བྱ་བ་འོག་ཏུ་སྦྱིན། །རེའུ་མིག་ཉི་ཤུ་དགུ་པར་དགོད། །དབུ་མ་ཡི་ནི་བཞི་པ་ཡིས། །རེའུ་མིག་སུམ་བཅུ་པ་ལ་བརྒྱན། །དེ་ཉིད་ཀྱི་ནི་བཞི་པ་ཡིས། །རེའུ་མིག་སུམ་བཅུ་གཅིག་པས་བརྒྱན། །རུས་སྦལ་ཐིག་ལེར་ལྡན་པ་ཡིས། །རླུང་གི་ཕྱི་རོལ་གཟུང་ནས་ནི། །རེའུ་མིག་སུམ་བཅུ་གསུམ་པ་ཡང་། །དེ་ཉིད་ཀྱིས་ནི་བརྒྱན་པར་བཞེས། །རེའུ་མིག་སུམ་བཅུ་རྩ་བཞི་པ། །ནུབ་ཕྱོགས་ཀྱིས་ནི་མཛེས་པར་བྱ། །ཨོ་ནི་ཐིག་ལེར་ལྡན་པ་དང་། །རེའུ་མིག་སུམ་བཅུ་ལྔ་པར་དགོད། །རེའུ་མིག་སུམ་བཅུ་དྲུག་པ་ཡང་། །ཡི་གེའི་དབང་ཕྱུག་དེ་ཉིད་བཞེད། །རླུང་གི་ཕྱི་རོལ་གཟུང་ནས་སུ། །འབུགས་དང་ལྡན་པ་སུམ་བཅུ་བདུན། །རླུང་གི་འདབ་མ་ལ་གནས་པ། །རེའུ་མིག་སུམ་བཅུ་བརྒྱད་ལ་དགོད། །རེའུ་མིག་སུམ་བཅུ་དགུ་པ་ནི། །ལྷོ་ཡི་མཐའ་ཡིས་བརྒྱན་པར་བྱ། །རེའུ་མིག་བཞི་བཅུ་ཐམ་པ་ཡང་། །

(༣༤༠)འཕེལ་བ་ཡིས་ནི་བརྒྱན་པར་བྱ། །རེའུ་མིག་བཞི་བཅུ་རྩ་གཅིག་པ། །འབུགས་པ་རྨི་ལམ་ཐིག་ལར་བརྒྱན། །ཤར་འདབ་དབུ་མ་གཟུང་ནས་ནི། །ཤར་གྱི་ཕྱི་རོལ་འོག་ཏུ་སྦྱིན། །རེའུ་མིག་བཞི་བཅུ་གཉིས་པར་འདོད། །རེའུ་མིག་བཞི་བཅུ་གསུམ་པར་ནི། །ནུབ་ཕྱོགས་ཀྱི་ནི་དང་པོར་ལྡན། །རེའུ་མིག་བཞི་བཅུ་བཞི་པ་ཡང་། །དབུ་ལ་ཡི་ནི་གཉིས་པས་བརྒྱན། །རླུང་གི་ཕྱི་རོལ་གཟུང་ནས་སུ། །རུས་སྦལ་དང་ནི་ཐིག་ལེར་ལྡན། །རེའུ་མིག་བཞི་བཅུ་ལྔ་ལ་དགོད། །སླར་ཡང་རླུང་གི་ཕྱིར་གཟུང་། །རུས་སྦལ་ཐིག་ལེར་ལྡན་པ་དག །བཞི་བཅུ་དྲུག་ལའང་དགོད་པར་བྱ། །རླུང་གི་ཕྱི་རོལ་གཟུང་ནས་སུ། །ལྷོ་ཡི་མཐའ་དང་ལྡན་པར་བྱ། །རེའུ་མིག་བཞི་བཅུ་བདུན་པར་གནས། །ཤར་གྱི་ཕྱི་རོལ་བསྟན་བཞུགས་པའི། །ཤར་གྱི་འདབ་མའི་གསུམ་པ་ནི། །རེའུ་མིག་བཞི་བཅུ་བརྒྱད་པར་དགོད། །རླུང་གི་ཕྱི་རོལ་གཟུང་ནས་ནི། །ལྷོ་ཡི་མཐའ་ཡི་བསྟན་བཞུགས་པ། །བཞི་བཅུ་རྩ་དགུ་པ་ལ་དགོད། །དགྲ་རྣམས་ཐམས་ཅད་བཅིང་བ་དང་། །ཁྱད་པར་གྱིས་ནི་རྨོངས་པ་དང་། །སྒྲོལ་བའི་ཆོ་གའི་སྦྱོར་བ་འདི། །བཞིན་མཛེས་པ་ནི་ཁྱོད་ལ་བཤད། །སླར་ཡང་རེའུ་མིག་དང་པོ་ལ། །འབུགས་པའི་རྨི་ལམ་ཟླ་བ་ཡིས། །བརྒྱད་པ་དག་ནི་དགོད་པར་བྱ། །བདེན་བྲལ་ཕྱི་རོལ་གཟུང་ནས་ནི། །རུས་སྦལ་གྱི་ནི་སྟན་བཞུགས་པ། །རེའུ་མིག་གཉིས་པར་གནས་པར་གྱི། །དབུ་མའི་ཐ་མ་གཟུང་ནས་ནི། །དེ་ཉིད་ཀྱི་ནི་བཞི་པར་གནས། །རེའུ་མིག་གསུམ་པར་དགོད་པར་བྱ། །རླུང་ནི་ཕྱི་རོལ་གཟུང་ན་དུ།

(༣༤༡)མ་ཀར་རྨི་ལམ་ཟླ་བས་བརྒྱན། རེའུ་མིག་བཞི་པར་དགོད་པར་བྱ། །རུས་སྦལ་རྨི་ལམ་མཆོད་པ་ཡི། །རླུང་གི་ཕྱི་རོལ་གཟུང་ནས་ནི། །རེའུ་མིག་ལྔ་པ་བྲི་བར་བྱ། །རེའུ་མིག་དྲུག་པར་གནས་པ་ནི། །དབུ་མ་ཡི་ནི་གཉིས་པ་དང་། །ནུབ་ཕྱོགས་ཀྱི་ནི་དང་པོར་འདོད། །འབུགས་པའི་རྨི་ལམ་ཐིག་ལེར་ལྡན། །རེའུ་མིག་བདུན་པར་དགོད་པར་བྱ། །རླུང་གི་ཕྱི་རོལ་གཟུང་ནས་ནི། །རུས་སྦལ་རྨི་ལམ་གྱིས་བརྒྱན་པ། །རེའུ་མིག་བརྒྱད་པར་གནས་པ་ཡིན། །རེའུ་མིག་དགུ་པ་ལ་གནས་པ། །དབུ་མ་ཡི་ནི་གཉིས་པ་དང་། །དེ་བཞིན་ནུབ་ཀྱི་དང་པོ་ཡིན། །ལྷོ་ཡི་ཐ་མ་གཟུང་ནས་ནི། །བཟང་པོ་ཡི་ནི་མགོར་བརྒྱན་པ། །རེའུ་མིག་བཅུ་ལ་གནས་པར་བྱ། །བཅུ་གཅིག་པ་ལ་ཡི་གེ་ཏེ། །རླུང་གི་ཕྱི་རོལ་གཟུང་ནས་ནི། །རུས་སྦལ་རྨི་ལམ་ལྡན་པར་བྱ། །རེའུ་མིག་བཅུ་གཉིས་པ་ལ་བྲི། །རེའུ་མིག་བཅུ་གསུམ་ལ་གནས་པ། །དབུ་མ་ཡི་ནི་གནས་པ་དང་། །དེ་ཉིད་དུ་ནི་ནུབ་ཕྱོགས་སྦྱིན། །ཤར་གྱི་གསུམ་པ་གཟུང་ནས་སུ། །ཤར་གྱི་མ་ནི་སྟན་གནས་པ། །རེའུ་མིག་བཅུ་བཞི་པ་ལ་འདོད། །རླུང་གི་ཕྱི་རོལ་གཟུང་ནས་སུ། །རུས་སྦལ་རྨི་ལམ་ཟླ་བས་བརྒྱན། །རེའུ་མིག་བཅོ་ལྔ་པ་ལ་གནས། །དབུ་མའི་བཞི་པ་སྟན་གནས་པའི། །དེ་ཉིད་ཀྱི་ནི་ཐ་གཟུང་སྟེ། །རེའུ་མིག་བཅུ་དྲུག་པ་ལ་བྲི། །རུས་སྦལ་གྱི་ནི་སྟན་གནས་པའི། །བདེན་བྲལ་ཕྱི་རོལ་གཟུང་ནས་ནི། །རེའུ་མིག་བཅུ་བདུན་པར་གནས་བྱ། །མ་ཀ་ར་ལ་ཞོན་པ་ཡི། །རླུང་གི་ཕྱི་རོལ་ཐིག་ལེས་བརྒྱན། །

(༣༤༢)རེའུ་མིག་བཅོ་བརྒྱད་པ་ལ་བྲི། །ལྷོ་ཡི་མཐའ་ཡི་སྟན་བཞུགས་པའི། །རླུང་གི་ཕྱི་རོལ་གཟུང་ནས་ནི། །བཅུ་དགུ་པ་ལ་བྲི་བར་བྱ། །རེའུ་མིག་ཉི་ཤུ་མ་གནས་པ། །ར་ཡི་སྟན་ལ་གནས་པ་ཡི། །དང་པོ་ཡི་ནི་གསུམ་པ་གཟུང་། །ལྷོ་ཡི་མཐའ་ཡི་སྟན་གནས་པའི། །རླུང་གི་ཕྱི་རོལ་གཟུང་ནས་ནི། །རེའུ་མིག་ཉི་ཤུ་གཅིག་པར་བྲི། །རེའུ་མིག་ཉི་ཤུ་གཉིས་གནས་པར། །མ་ཀ་ར་ལ་ཞོན་པ་ཡི། །རླུང་གི་ཕྱི་རོལ་ཐིག་ལེས་བརྒྱན། །ཉི་ཤུ་གསུམ་པ་ལ་ཡང་དེ། །རེའུ་མིག་ཉི་ཤུ་རྩ་བཞིར་གནས། །མ་ཀར་ཐིག་ལེས་ཟླས་བརྒྱན་པའི། །རླུང་གི་ཕྱི་རོལ་སླར་ཡང་གཟུང་། །ཉི་ཤུ་རྩ་ལྔ་ཆོ་ག་བཞིན། །ཉི་ཤུ་དྲུག་པར་གནས་པ་ནི། །མ་ཀ་ར་དང་ཐིག་ལེ་ཡིས། །སྟེང་དུ་བརྒྱན་པའི་རླུང་ཕྱི་རོལ། །ཉི་ཤུ་བདུན་ལ་འང་དེ་ཞེས་བྱ། །ཉི་ཤུ་བརྒྱད་པ་ལ་གནས་པར། །མ་ཀར་རྨི་ལམ་ཟླ་བ་ཅན། །རླུང་གི་ཕྱི་རོལ་གཟུང་བར་བྱ། །ཉི་ཤུ་དགུ་པ་ལ་གནས་པར། །རླུང་གི་ཕྱི་རོལ་གཟུང་ནས་ནི། །འབུགས་དང་ལྷན་ཅིག་ལྡན་པར་བྲི། །དབུ་མའི་བཞི་པ་གཟུང་ནས་ནི། །དེར་ནི་དང་པོའི་གསུམ་པའང་སྦྱིན། །མཁས་པར་རེའུ་མིག་གསུམ་བཅུ་བརྒྱན། །དབུ་མའི་དབུ་ལ་གཟུང་ནས་ནི། །གཏི་མུག་གིས་ནི་མཛེས་བྱས་པ། །སུམ་བཅུ་གཅིག་པར་གནས་པར་བྱ། །མ་ཀ་ར་ཞོན་རྨི་ལམ་དང་། །རླུང་གི་ཕྱི་རོལ་ཟླ་བས་བརྒྱན། །སུམ་བཅུ་གཉིས་པར་དགོད་པར་བྱ། །ཤར་གྱི་གསུམ་པ་གཟུང་ནས་ནི། །རེ་ཞེས་བྱ་བ་དེ་ལ་སྦྱིན། །རེའུ་མིག་སུམ་བཅུ་གསུམ་པར་གནས། །རླུང་གི་ཕྱི་རོལ་གཟུང་ནས་ནི། །ལྷོ་མཐའི་

(༣༤༣)སྟན་བཞུགས་གཏི་མུག་གིས། །བརྒྱན་པ་སུམ་བཅུ་བཞི་ལ་དགོད། །རེའུ་མིག་སུམ་བཅུ་ལྔར་གནས་པར། །དབུ་མའི་དང་པོ་གཟུང་ནས་ནི། །རླུང་ཡང་དེར་ནི་དགོད་པར་བྱ། །འཕེལ་བ་དང་ནི་ལྷོ་མཐའ་དང་། །རླུང་ཡང་དེར་ནི་སྦྱིན་བྱ་ཏེ། །རེའུ་མིག་དྲུག་པ་བརྒྱན་པ་བྱ། །རེའུ་མིག་སུམ་བཅུ་བདུན་གནས་པར། །དབུ་མ་ཡི་ནི་གཉིས་པ་ལ། །ནུབ་ཕྱོགས་ཀྱིས་ནི་མཛེས་པར་བྱ། །རེའུ་མིག་སུམ་བཅུ་བརྒྱད་པ་ལ། །ལྷོ་ཡི་མཐའ་ནི་གཟུང་ནས་སུ། །དབུ་མའི་དབུ་མ་སྟན་དང་ལྡན། །བཟང་པོ་ཡིས་ནི་སྤྱི་བོར་བརྒྱན། །སླར་ཡང་ལྷོ་ཡི་དབུ་མ་གཟུང་། །གཏི་མུག་དང་ནི་ལྡན་པ་ཡི། །རླུང་ནི་འོག་ཏུ་སྦྱིན་པར་བྱ། །སུམ་བཅུ་དགུ་པ་ལ་ཡང་དེ། །རེའུ་མིག་བཞི་བཅུ་བར་གནས་པ། །དབུ་མའི་དང་པོ་གཟུང་ནས་ནི། །རླུང་ཡང་དེར་ནི་དགོད་པར་བྱ། །བཞི་བཅུ་གཅིག་ལ་གནས་པར་ནི། །དབུ་མ་ཡི་ནི་གཉིས་པ་དང་། །ནུབ་ཀྱི་ཕྱོགས་ཀྱི་དང་པོ་བྲི། །བཞི་བཅུ་གཉིས་པ་ལ་གནས་པར། །རླུང་གི་ཕྱི་རོལ་ནང་དུ་གཟུང་ནས་ནི། །རུས་སྦལ་རྨི་ལམ་ལན་གཉིས་བཟླ། །བཞི་བཅུ་གསུམ་པ་ལ་གནས་པར། །འབུགས་པ་རྨི་ལམ་ཟླ་བས་བརྒྱན། །བཞི་བཅུ་བཞི་ལ་གནས་པར་ནི། །རླུང་གི་ཕྱི་རོལ་ནང་དུ་གཟུང་ནས་སུ། །རུས་སྦལ་རྨི་ལམ་ཅན་གཉིས་ཟླ། །བཞི་བཅུ་ལྔ་པ་གནས་པར་ནི། །རང་ཞེས་བྱ་བ་བྱང་ཕྱོགས་ཀྱི། །དབུ་མ་དང་ནི་ལྡན་པར་བྲི། །བཞི་བཅུ་དྲུག་ལ་གནས་པར་ནི། །རླུང་གི་ཕྱི་རོལ་ནང་དུ་གཟུང་ནས་སུ། །མ་ཀ་རར་ཞོན་རྨི་ལམ་ཅན། །བཞི་

(༣༤༤)བཅུ་བདུན་ལ་གནས་པར་ཡང་། །གཏི་མུག་གིས་ལྷོའི་མཐའ་ཡི་སྟན། །རེའུ་མིག་བཞི་བཅུ་བརྒྱད་པར་ནི། །དབུ་མ་ཡིས་ནི་བརྒྱན་པར་འདོད། །བཞི་བཅུ་དགུ་ལ་གནས་པར་ཡང་། །འབུགས་པ་རྨི་ལམ་ཟླ་བས་བརྒྱན། །འདི་ནི་རྣལ་འབྱོར་ལྡན་པའི་མཆོག །རྨུགས་དང་དེ་བཞིན་ལྷུང་བ་དག །སྔགས་ཀྱི་རྒྱལ་པོས་བསྐུལ་བ་ན། །ལས་རྣམས་ཐམས་ཅད་བྱེད་པར་འགྱུར། །རྨུགས་པར་བྱེད་དང་གནོད་པ་དང་། །ལྷ་མོ་ཁྱོད་ལ་བཤད་པ་སྟེ། །མ་ཀ་ར་ཞོན་དྲི་མ་མེད། །རྨི་ལམ་ཟླ་བར་ཡང་དག་ལྡན། །རྡོ་རྗེ་ཡི་ནི་སྟེང་ན་གནས་པ། །འབར་བའི་ཕྲེང་བས་བརྒྱན་པ་སྟེ། །ཕྱོགས་ཀུན་དུ་ནི་རྣམ་འཕྲོ་བ། །བསྒོམས་ནས་དེ་ཡི་དབུས་སུ་ནི། །ཇི་ལྟར་འབྱུང་ཞིང་བསྒྲུབ་བྱའི་མིང་། །སྔགས་པས་དེ་ནི་སྤངས་ནས་སུ། །ཕཊ་ཀྱི་གནས་སུ་སྦྱར་བར་བྱ། །རེའུ་མིག་དེ་དག་དབུས་སུ་ནི། །མྱོས་པར་གྱུར་པའི་བསྒྲུབ་བྱ་ནི། །སྒྲུབ་པ་པོ་ཡིས་བྲི་རུ་གཞུག །ཡེ་ཤེས་རྡོ་རྗེས་འཇོམས་པར་བྱ། །གྲིབ་མ་ཡང་ནི་རླག་པར་བསམ། །དཔའ་བོའི་འཕྲལ་གྱི་བུམ་པའམ། །བྲམ་ཟེའི་བུམ་པ་སྐམ་པོར་ནི། །འཁོར་ལོ་གཉིས་ནི་བཅུག་ནས་སུ། །ཆོ་ག་བཞིན་དུ་བྲི་བྱ་སྟེ། །འབྱུང་པོ་ཀུན་གྱི་གཏོར་མ་སྦྱིན། །སྒྲུབ་པོས་དེ་ལྟར་བྱས་ནས་ནི། །ཕྱི་ནང་ལས་ནི་བརྩམ་བྱས་ན། །རྡོ་རྗེ་ཐུགས་ཀྱི་བཀའ་བཞིན་དུ། །ལས་རྣམས་ཐམས་ཅད་བྱེད་པར་འགྱུར། །སླར་ཡང་རེའུ་མིག་དང་པོ་ལ། །འབུགས་པ་རྨི་ལམ་ཟླ་བས་བརྒྱན། །རེའུ་མིག་གཉིས་པ་ལ་གནས་པར། །བཟང་པོའི་སྤྱི་བོར་བརྒྱན་པ་ཡི། །ལྷོ་ཡི་མཐའ་ནི་གཟུང་བར་བྱ། །རེའུ་མིག་གསུམ་པ་ལ་

(༣༤༥)གནས་པར། །རླུང་གི་ཕྱི་རོལ་ནང་དུ་གཟུང་ནས་ནི། །རུས་སྦལ་རྨི་ལམ་ཟླས་བརྒྱན་བྱ། །རེའུ་མིག་ལྔ་པ་ལ་གནས་པར། །སླར་ཡང་འབུགས་པ་ཟླ་བ་ཅན། །རེའུ་མིག་དྲུག་པ་ལ་གནས་པར། །ར་ཡི་བསྟན་ལ་གནས་པ་ཡིས། །ཤར་ཕྱོགས་ཀྱི་ནི་གསུམ་པ་གཟུང་། །རེའུ་མིག་འདུན་པ་ལ་གནས་པར། །རུས་སྦལ་རྨི་ལམ་ཟླས་བརྒྱན་པའི། །རླུང་གི་ཕྱི་རོལ་ནང་དུ་གཟུང་བར་བྱ། །རེའུ་མིག་བརྒྱད་པ་ལ་གནས་པར། །དབུ་མའི་བཞི་པ་བསྟན་པའོ། །དེ་ཉིད་ཀྱི་ནི་ཐ་མ་གཟུང་། །རེའུ་མིག་བཅུ་པ་ལ་གནས་པར། །རུས་སྦལ་གྱི་ནི་སྟན་གནས་པའི། །བདེན་བྲལ་ཕྱི་རོལ་གཟུང་བར་འདོད། །བཅུ་གཉིས་པ་ལ་གནས་པར་ནི། །རུས་སྦལ་རྨི་ལམ་ཟླས་བརྒྱན་པའི། །རླུང་གི་དཀྱིལ་འཁོར་ནང་དུ་གཟུང་བར་བྱ། །བཅུ་བཞི་པ་ལ་གནས་པར་ནི། །ར་ཡི་སྟན་ལ་གྱུར་པ་ཡི། །ཤར་གྱི་གསུམ་པ་གཟུང་བར་བྱ། །བཅོ་ལྔ་པ་ལ་གནས་འགྱུར་པ། །དབུ་མའི་བཞི་པའི་སྟན་བཞུགས་པའོ། །དེ་ཉིད་ཀྱི་ནི་མཐའ་གཟུང་བྱ། །བཅུ་དྲུག་པ་ལ་གནས་པར་ཡང་། །རུས་སྦལ་རྨི་ལམ་ཟླར་ལྡན་པའི། །རླུང་གི་ཕྱི་རོལ་གཟུང་བར་བྱ། །བཅུ་བདུན་པ་ལ་གནས་པར་ནི། །རུས་སྦལ་སྟན་ལ་གནས་པ་ཡི། །བདེན་བྲལ་ཕྱི་རོལ་གཟུང་བར་བྱ། །བཅུ་དགུ་པ་ལ་གནས་པར་ཡང་། །ལྷོ་ཡི་མཐའ་ཡི་སྟན་པ། །རླུང་གི་ཕྱི་རོལ་ནང་དུ་གཟུང་བར་སྟན། །ཉི་ཤུ་པ་ལ་གནས་པར་ནི། །དབུ་མའི་གཉིས་པ་གཟུང་ནས་ནི། །ནུབ་ཀྱི་དང་པོའང་སྦྱིན་པར་བྱ། །ལྷོའི་མཐའི་སྟན་ལ་གནས་

(༣༤༦)པ་ཡི། །རླུང་གི་ཕྱི་རོལ་གཟུང་ནས་ནི། །རེའུ་མིག་ཉི་ཤུ་གཅིག་པར་བྲི། །འབུགས་པ་རྨི་ལམ་ཟླས་བརྒྱན་པ། །རེའུ་མིག་ཉི་ཤུ་དགུ་པར་བྲི། །དབུ་མའི་བཞི་པ་གཟུང་ནས་ནི། །ཤར་གྱི་གསུམ་པ་དེར་སྦྱིན་ཏེ། །རེའུ་མིག་སུམ་བཅུ་བརྒྱད་པར་བྱ། །སུམ་བཅུ་གཅིག་ལ་གནས་པ་ནི། །རུས་སྦལ་རྨི་ལམ་ཟླས་བརྒྱན་པའི། །རླུང་གི་ཕྱི་རོལ་ནང་དུ་གཟུང་བར་བྱ། །སུམ་བཅུ་གསུམ་ལ་གནས་པར་ནི། །འབུགས་པ་རྨི་ལམ་ཟླས་བརྒྱན་བྱ། །སུམ་བཅུ་བཞི་ལ་གནས་པར་ཡང་། །དབུ་མའི་དང་པོ་གཟུང་ནས་སུ། །དེར་ནི་རླུང་ཡང་སྦྱིན་པར་བྱ། །སུམ་བཅུ་ལྔ་པ་ཉིད་དག་ཀྱང་། །དེ་ཉིད་ཀྱིས་ནི་བརྒྱན་པར་བཞེད། །སུམ་བཅུ་དྲུག་ལ་གནས་པར་ནི། །མེ་ནི་ཨ་དང་ལྡན་པར་བྱ། །བྱང་གི་དབུ་མ་གཟུང་ནས་སུ། །དེ་ཉིད་དུ་ནི་བྲི་བར་བྱ། །སུམ་བཅུ་བརྒྱད་པ་གནས་པར་ཡང་། །ཨ་ཞེས་བྱ་བ་བྲི་བྱ་ཞིང་། །ལྷོ་ཡི་མཐའ་ནི་གཟུང་ནས་སྟེ། །རླུང་ཡང་དེར་ནི་བྲི་བར་བྱ། །བཞི་བཅུ་པ་ལ་གནས་པར་ནི། །རླུང་གི་ཕྱི་རོལ་ནང་དུ་གཟུང་ནས་ནི། །འོག་ཏུ་མཐའ་ན་གནས་པ་དང་། །གཏི་མུག་གིས་ནི་བརྒྱན་པར་བྱ། །རེའུ་མིག་བཞི་བཅུ་གཉིས་གནས་པར། །དབུ་མའི་གཉིས་པ་གཟུང་ནས་སུ། །རི་ཞེས་བྱ་བ་འོག་ཏུ་སྦྱིན། །རེའུ་མིག་བཞི་བཅུ་གསུམ་པ་ལ། །རླུང་གི་ཕྱི་རོལ་ནང་དུ་གཟུང་ནས་སུ། །འབུགས་པ་ཡིས་ནི་བརྒྱན་པར་བྱ། །བཞི་བཅུ་བཞི་ལ་གནས་པར་ནི། །རླུང་གི་ཕྱི་རོལ་ནང་དུ་གཟུང་ནས་སུ། །རུས་སྦལ་རྨི་ལམ་

(༣༤༧)ལྡན་པར་བྱ། །བཞི་བཅུ་ལྔ་པ་ལ་གནས་པ། །གཏི་མུག་གིས་ནི་བརྒྱན་པ་ཡི། །དབུ་མའི་དབུ་མ་གཟུང་བར་བྱ། །ལྷོ་ཡི་མཐའ་ནི་གཟུང་ནས་སུ། །དབུ་མའི་དབུ་མ་སྟན་དུ་བྱ། །བཟང་པོ་ཡི་ནི་མགོ་བོར་བརྒྱན། །ལྷོ་ཡི་དབུས་འང་གཟུང་བྱ་སྟེ། །གཏི་མུག་དང་ནི་ལྡན་པ་ཡིས། །རླུང་ནི་དེ་ཡི་སྟེང་དུ་བྱ། །དེ་ཉིད་དུ་ནི་མཁས་པས་དགོད། །རེའུ་མིག་བཞི་བཅུ་བདུན་པ་ལ། །གཏི་མུག་གིས་ནི་བརྒྱན་པ་ཡི། །ལྷོ་ཡི་མཐའ་ཡི་སྟན་བཞུགས་པར། །རླུང་གི་ཕྱི་རོལ་ནང་དུ་གཟུང་པར་བྱ། །རེའུ་མིག་བཞི་བཅུ་བརྒྱད་པ་ལ། །རུས་སྦལ་རྨི་ལམ་ཟླར་ལྡན་པའི། །རླུང་གི་ཕྱི་རོལ་ནང་དུ་གཟུང་ནས་སུ། །ལན་གཉིས་སུ་ནི་བྲི་བར་བྱ། །རེའུ་མིག་བཞི་བཅུ་དགུ་པ་ལ། །རི་ཞེས་བྱ་བ་དང་ལྡན་པའི། །དང་པོ་གསུམ་པ་གཟུང་བ་ཡི། །མཛེས་པ་མཆོག་ཏུ་ཕན་པར་འདོད། །ལྷ་མོ་འདིས་ནི་སྡང་གྱུར་ནས། །ཁྱད་པར་དུ་ནི་གཡུལ་འགྱེད་བྱེད། །རྟ་དང་མ་ཧེའི་བུམ་པར་ནི། །ཆོ་ག་འདི་བཞིན་གཞག་པར་བྱ། །འབུགས་པ་རྨི་ལམ་ཟླས་བརྒྱན་ཅིང་། །སླར་ཡང་བདེན་བྲལ་ཕྱི་རོལ་གཟུང་། །རུས་སྦལ་དང་ནི་ལྷན་ཅིག་བཅས། །དབུ་མའི་བཞི་པའི་སྟན་བཞུགས་པ། །སླར་ཡང་དེ་ཡི་མཐའ་གཟུང་སྟེ། །རེའུ་མིག་དང་པོ་བརྒྱན་པར་བཞེད། །འབུགས་པས་སྤྱི་བོར་བརྒྱན་པ་ཡི། །ལྷོ་ཡི་མཐའ་མ་གཟུང་བར་བྱ། །རུས་སྦལ་དང་ནི་སྦྱར་བ་

(༣༤༨)ཡི། །བདེན་བྲལ་ཕྱི་རོལ་དེ་ནས་གཟུང་། །དབུ་མའི་བཞི་པའི་སྟན་བཞུགས་པ། །སླར་ཡང་དེ་ཡི་མཐའ་གཟུང་སྟེ། །རེའུ་མིག་གསུམ་པ་བརྒྱན་པར་བྱ། །དབུ་མའི་གཉིས་པ་གཟུང་ནས་ནི། །སླར་ཡང་ནུབ་ཀྱི་ཕྱོགས་ཀྱིས་མཛེས། །རེའུ་མིག་ལྔ་པ་བརྒྱན་པར་བཞེད། །འབུགས་པ་རྨི་ལམ་ཟླ་བས་བརྒྱན། །དང་པོའི་གསུམ་པ་གཟུང་ནས་སུ། །ཤར་གྱི་མ་ནིང་འོག་ཏུ་སྦྱིན། །རླུང་གི་ཕྱི་རོལ་ནང་དུ་གཟུང་ནས་སུ། །ལྷོ་ཡི་མཐའ་ཡི་སྟེན་དུ་བྱ། །བདུན་པ་ལ་ནི་བརྒྱན་པར་བཞེད། །དབུ་མ་ཡི་ནི་གཉིས་པ་གཟུང་། །ནུབ་ཕྱོགས་ཀྱི་ནི་དེ་རུ་སྦྱིན། །བཅོ་ལྔ་པ་ནི་ཤིན་ཏུ་བརྒྱན། །རླུང་གི་ཕྱི་རོལ་གཟུང་ནས་སུ། །རུས་སྦལ་དང་ནི་རྨི་ལམ་དང་། །ཟླ་བས་བརྒྱན་པ་ལན་གཉིས་ཀྱིས། །བཅུ་བདུན་པ་ནི་མཛེས་པར་བྱ། །རུས་སྦལ་རྨི་ལམ་བརྒྱན་པ་ཡི། །ཕྱི་རོལ་རླུང་ནི་ནང་དུ་གཟུང་ནས་ནི། །རེའུ་མིག་བཅུ་དགུ་པ་ལ་དགོད། །རི་ཞེས་བྱ་བའི་སྟན་བཞུགས་པའི། །ཤར་གྱི་དབུ་མ་གཟུང་པ་དང་། །ལྷོ་མཐའི་སྟན་ལ་བཞུགས་པ་ཡི། །ཕྱི་རོལ་རླུང་ནི་ནང་དུ་གཟུང་བ་ཡིས། །ཉི་ཤུ་གཅིག་ལ་མཛེས་པར་བྱ། །དབུ་མའི་བཞི་པ་གཟུང་ནས་ནི། །ཤར་གྱི་ཕྱོགས་ཀྱི་དབུ་མ་ཡིས། །དབུ་མ་ཡི་ནི་དབུ་མ་ལ། །ཨ་ཞེས་བྱ་བས་མཛེས་པར་བྱ། །ལྷོ་ཡི་མཐའ་ནི་གཟུང་ནས་སུ། །དབུ་མའི་དབུ་མ་སྟན་དུ་བྱ། །བཟང་པོ་ཡིས་ནི་མགོ་བོར་བརྒྱན། །སླར་ཡང་ལྷོ་ཡི་དབུ་མ་གཟུང་། །རླུང་ནི་འོག་ཏུ་སྦྱིན་པར་བྱ། །

(༣༤༩)གཏི་མུག་གིས་ནི་མཛེས་པ་སྟེ། །ཨ་དང་ལྡན་པའི་མེ་ཡང་བཏུ། །བྱང་གི་དབུ་མ་གཟུང་བ་དག །ཉི་ཤུ་དགུ་པ་ལ་ནི་བྲི། །ཕྱི་རོལ་རླུང་ནི་ནང་དུ་གཟུང་ནས་ནི། །རུས་སྦལ་རྨི་ལམ་ཟླ་བ་ཅན། །སུམ་བཅུ་གཅིག་ལ་ཉིས་འགྱུར་བྲི། །སླར་ཡང་ནུབ་ཀྱི་དང་པོ་ཅན། །སུམ་བཅུ་གཉིས་པར་ཉིས་འགྱུར་བྲི། །དབུ་མའི་གཉིས་པར་གཟུང་ནས་སུ། །སླར་ཡང་ནུབ་ཀྱི་དང་པོ་ཅན། །སུམ་བཅུ་གསུམ་པར་གཉིས་འགྱུར་བྲི། །དབུ་མའི་གཉིས་པར་གཟུང་ནས་སུ། །སླར་ཡང་ནུབ་ཀྱི་དང་པོ་ཅན། །སུམ་བཅུ་ལྔ་པ་བརྒྱད་པར་བཞེད། །འབུགས་པ་རྨི་ལམ་ཟླ་བ་ཅན། །དེར་ནི་འཕེལ་བའང་སྦྱིན་བྱ་སྟེ། །ལྷོ་ཡི་མཐའ་ནི་གཟུང་ནས་སུ། །དེ་བཞིན་སླར་ཡང་རླུང་དང་ནི། །ཕྱི་རོལ་རླུང་ནི་ནང་དུ་གཟུང་ནས་སུ། །འབུགས་པ་ཡིས་ནི་བརྒྱན་པ་དག །སུམ་བཅུ་བཞི་པ་བྲི་བར་བྱ། །དབུ་མའི་གཉིས་པ་གཟུང་ནས་སུ། །ནུབ་ཀྱི་དང་པོས་བརྒྱན་པ་ཡིས། །སུམ་བཅུ་ལྔ་པ་མཛེས་པར་བྱ། །རེ་ཞེས་བྱ་བའི་སྟན་གནས་པའི། །དང་པོ་ཡི་ནི་གསུམ་པ་དང་། །ལྷོ་མཐའི་སྟན་ལ་གནས་པ་ཡི། །ཕྱི་རོལ་རླུང་ནི་ནང་དུ་གཟུང་པ་ལ། །གཏི་མུག་གིས་ནི་མཛེས་པར་བྱ། །དབུ་མའི་དང་པོ་གཟུང་ནས་སུ། །རླུང་ཡང་དེར་ནི་སྦྱིན་པ་ཡིས། །བཞི་བཅུ་བདུན་པ་བརྒྱན་པར་བྱ། །འབུགས་པ་རྨི་ལམ་ཟླ་བ་ཅན། །ཤར་གྱི་གསུམ་པ་གཟུང་ནས་སུ། །རི་ཞེས་བྱ་བ་འོག་ཏུ་སྦྱིན། །ལྷོ་མཐའི་སྟན་ལ་གནས་པ་ཡི། །ཕྱི་རོལ་རླུང་ནི་ནང་དུ་

(༣༥༠)དེ་ནས་གཟུང་། །གཏི་མུག་གིས་ནི་མཛེས་པར་བྱ། །དབུ་མའི་དང་པོ་གཟུང་ནས་ནི། །དེ་བཞིན་རླུང་དང་བཅས་པ་ཡིས། །རེའུ་མིག་བཞི་བཅུ་དགུ་པ་ལ། །བརྒྱན་པ་མཆོག་ཏུ་ཕན་པ་ན། །འཁོར་ལོ་འདི་ནི་ལྷ་མོ་ཆེ། །མཆོག་ཏུ་རྣོ་སྟེ་རླག་པར་བྱེད། །མར་ངོ་ཡི་ནི་ཚེས་བཅུ་དང་། །དེ་བཞིན་ཡར་ངོའི་དེ་ཉིད་དོ། །ཡང་ན་འབྱུང་པོའི་མཚན་མོ་ལ། །ཐོད་པའི་སྟན་ལ་གནས་ནས་སུ། །ལྷོ་ཕྱོགས་སུ་ནི་ཁ་བལྟས་ནས། །དུག་དང་ཁྲག་དང་གཏུམ་པོ་ཡི། །ས་བོན་གྱིས་ནི་སྣག་ཚ་བྱ། །བར་སྣང་ལ་ནི་ཐོད་པར་བླུགས། །མི་ཡི་རུས་པའི་སྨྱུ་གུ་ཡིས། །འཇིགས་བྱེད་འཇིགས་པའི་སྔགས་རྣམས་བཏུ། །དང་པོར་ཤ་ཆེན་གཏོར་མ་བཏང་། །དེ་ནས་ལས་ནི་བརྩམ་པར་བྱ། །དམར་པོ་འམ་ནི་སྔོན་པོ་ཡི། །གོས་ནི་ཁྱད་པར་དག་ཏུ་བགོ། །མཆོད་པ་རྡོ་རྗེ་ཆོ་ག་དང་། །དེ་བཞིན་བསམ་གཏན་ཟླས་པ་དག །ཇི་ལྟར་གསུམ་ཀྱང་མི་རྟོགས་པ། །དེ་ལྟར་སྔགས་པས་རྟག་ཏུ་བྱ། །བསད་པ་གཤིན་རྗེའི་རྒྱལ་པོ་སྟེ། །ཡི་དགས་ལ་ནི་ཡི་དགས་གཟུགས། །རོ་ལངས་ལ་ནི་རོ་ལངས་དང་། །སྲིན་པོས་སྲིན་པོས་མནན་པར་བྱ། །སྟོང་པ་སྟོང་པའི་པདྨ་སྟེ། །ངེས་པར་འཇོམས་པའི་གྲ་རུ་ནི། །སྔགས་ཕྲེང་དེ་བཞིན་ཕྲེང་བ་ཡི། །རིམ་པ་དེ་ལྟར་བརྗོད་པ་ཡིན། །འདི་ནི་ཁམས་གསུམ་རྒྱལ་ཞེས་བྱའི། །སྔགས་ཚིག་བཞི་ཡིས་རྣམ་བརྒྱན་པ། །རིགས་རྒྱལ་འཁོར་ལོས་བསྒྱུར་བའི་སྔགས། །མ་བྱུང་འབྱུང་བར་མི་འགྱུར་རོ། །འཁྲུལ་འཁོར་ཆེན་པོ་བཅུ་གཉིས་ནི། །བཞིན་མཛེས་ལ་

(༣༥༡)ནི་ཁྱོད་ལ་བཤད། །འདི་ནི་དྲག་པོའི་ལས་ཀུན་གྱི། །དེ་བཞིན་འཇིགས་བྱེད་མི་ཟད་ཡིན། །ཡང་དག་ཆོ་ག་གང་གིས་ནི། །དངོས་གྲུབ་མྱུར་དུ་འཇུག་བྱེད་པ། །བཟའ་དང་སྟོན་མོ་འདུས་པ་ཡི། །སྒྲུབ་ཐབས་ཆོ་ག་དེ་ནས་བཤད། །ཕྱུགས་རྣམས་དག་ནི་དགུག་པ་ཉིད། །སྒྲུབ་པོས་སྔར་བསྟན་རིམ་པས་བྱ། །རྒྱུ་མེད་པ་ཡི་ཕྱུགས་རྣམས་ནི། །རྒྱུ་མཚན་མེད་པར་བཞོམ་པར་བྱ། །ཕྱུགས་རྣམས་དག་ནི་རྣམ་པ་ལྔ། །བོང་བུ་མི་རང་རུས་སྦལ་དང་། །རྔ་མོ་ལྕེ་སྤྱང་རྟ་ལ་སོགས། །ཁྱི་དང་ཕག་པའི་ཤ་དག་དང་། །ཟངས་ཀྱི་གཙུག་ཕུད་ཅན་དེ་བཞིན། །བཟའ་དང་སྦྱིན་སྲེག་གཏོར་མ་ནི། །མ་དཔྱད་པར་ནི་བྱས་གྱུར་ན། །མ་ལུས་ལུས་པ་མེད་འགྲུབ་ཅིང་། །རྒྱལ་སྲིད་ཐམས་ཅད་རབ་འགྲུབ་ཞེས། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། །ཁྱད་པར་དུ་རྣལ་འབྱོར་ཆེན་པོ་གསར་མའི་ཐབས་དང་ཤེས་རབ་དབྱེར་མེད་རྒྱ་མཚོ་མཐའ་ཡས་ལས། ཐེག་པ་དྲུག་ལས་བཞེད་ལུགས་འབྲས་བུའི་ཐོབ་ཚུལ་རིགས་གཅིག་པ་དྲུག་གམ། ཐེག་པ་མཐོ་དམན་འཇུག་སྒོ་ལ་སོགས་པ་དགུ་དགུར་བཞེད་པ་སྟེ། དེ་རྣམས་གཅིག་ཏུ་འདུས་པ་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་དགོས་པ་ཡིན། མ་རྟོགས་པའི་དུས་སུ་ཁམས་གསུམ་འཁོར་བ་ལྔ། འཁོར་བའི་རྒྱུ་འབྲས་རབ་འབྲིང་ཐ་མ་གསུམ་དུ་བཞེད་པ་སྟེ། རྣལ་འབྱོར་ཆེན་པོ་ཐབས་ཀྱི་རྒྱུད་དང་། ཤེས་རབ་དབྱེར་མེད་པའི་དབང་གིས་

(༣༥༢)ཉོན་མོངས་པ་ལམ་དུ་སློང་བའི་དུས་སུ། ཐམས་ཅད་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དུ་བཞེད་པའོ། །དེ་ལ་རྡོ་རྗེ་མཁའ་འགྲོའི་རྒྱུད་ཀྱི་ལུང་གིས་རིན་ཆེན་ཁ་སྦྱོར་འཁྲུལ་འཁོར་བསྟན་པར་བྱ། །གསུངས་པ་ལ་སོགས་པ་རྒྱུད་ཀྱི་ལུང་མང་དུ་གསུངས་པ་སྟེ། དེའི་སྒྲ་དང་དོན་རྒྱས་པར་དབྱེ་ཞིང་གདམ་ངག་ཉམས་སུ་བླང་བའི་རིམ་པ་ནི། རིན་ཆེན་ཞེས་བྱ་བའི་དོན་ནི། དངོས་པོ་གཤིས་ཀྱི་གནས་ལུགས་གདོད་མ་ནས་ཡེ་ཤེས་ལྔ་ལྡན་ཡིན་ན་ཡང་མ་རྟོགས་པའི་དབང་གིས་མ་རིག་པ་ཡུལ་དང་ཡུལ་ཅན་གཉིས་ཀྱི་རྩ་བ་གཤིས་ལ་གནས་པའི་ཨཱ་ལིའི་ཚོགས་དང་ཀཱ་ལིའི་ཚོགས་གཉིས་ཀྱི། ཉོན་མོངས་པ་དུག་ལྔ་ཡུལ་དང་ཡུལ་ཅན་ཁ་སྦྱོར་བའི་ཚུལ་གྱིས་འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་སྐྱེ་བ་གནས་བཞི་གནས་སྣ་ཚོགས་པ་ལུས་གྲངས་མེད་པ་ལེན་པའི་ས་བོན་ཡི་གེའི་ཚོགས་སུ་གནས་པ་སྟེ། དེ་ཡང་རྣམ་པར་རྟོག་པ་དཀར་ནག་ཁྲའུ་གསུམ་གྱི་ནུས་པ་སྟེ། བསོད་ནམས་ཀྱི་ཚོགས་ཟག་བཅས་ཏིང་ངེ་འཛིན་གྱི་ཚོགས་ཀྱིས། འཇིག་རྟེན་ཆེན་པོ་རྣམས་ཀྱི་རྒྱུ་འབྲས་བསྒྲུབ་སྟེ། རྩ་བ་ཨཱ་ལི་ཀཱ་ལི་རྩ་གནས་རླུང་སེམས་དཀར་པོར་འདུས་པའི་བསྒྲུབ་པའོ། །ཨཱ་ལི་ཀཱ་ལི་གཤིས་ཀྱི་ཡི་གེ་ལུང་མ་བསྟན་དང་ཁྲ་བོར་གནས་པ་ཡིས། ལས་དགེ་སྡིག་འདྲེས་མར་སྤྱོད་ཅིང་། དུག་ལྔ་དང་འདྲེས་པའི་ཟག་བཅས་སྐྱེད་རྫོགས་ལ་སོགས་པའི་དམིགས་པ་མང་དུ་བསྒོམས་པས་ལྷ་མ་ཡིན་དང་། རིགས་སྔགས་འཆང་གི་གདོད་རྣམས་དང་། མིའི་སྐྱེ་གནས་རྒྱལ་པོ་ལ་སོགས་པ་དབང་ཆེན་གཏུམ་པོ་རྣམས་སུ་སྐྱེ་བ་ཡང་། ཨཱ་ལི་ཀཱ་ལི་རྩུབ་ཅིང་དྲག་པའི་གཤིས་དང་

(༣༥༣)རྩ་གནས་དང་རླུང་སེམས་ཀྱི་འདུས་ཚུལ་རྣམས་ལས་གྲུབ་ཅིང་། འཇིག་རྟེན་གྱི་ཁམས་ན་ཕན་པ་དང་གནོད་པ་བསམ་གྱིས་མི་ཁྱབ་པ་བསྒྲུབ་པའོ། །མ་རིག་པའི་དབང་གིས་གཤིས་ལ་གནས་པའི་ཨཱ་ལི་ཀཱ་ལིའི་ས་བོན་དུག་ལྔ་བསྐྱེད་པར་བྱེད་པའི་ཡི་གེ་དང་། རྩ་གནས་སུ་རླུང་སེམས་ལོག་པར་འདུས་པ་ཡིས། མི་དགེ་བཅུ་དང་མཚམས་མེད་པ་ལྔ་ལ་སོགས་པ་རྩ་བ་ལོ་འདབ་འབྲས་བུའི་ཚུལ་དུ་བསྐྱེད་ཅིང་གྲུབ་པ་ལས། དམྱལ་བ་ཡི་དགས་བྱོལ་སོང་གསུམ་གནས་ཐ་དད་པ་། རིགས་གྲངས་མེད་པ། སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བ་དེ། ཨཱ་ལི་བཅུ་དྲུག་ཀཱ་ལི་སུམ་བཅུ་རྩ་གཉིས་ཟེར་ཏེ། མཐར་གནས་ཧཱུྃ་དང་རྩ་གསུམ། དེ་གཉིས་གཅིག་ཏུ་སྦྱོར་བ་ལས་རྐང་གྲངས་བཞི་བཅུ་རྩ་དགུ་སྟེ། ཐ་མལ་པའི་སེམས་ཅན་གྱི་སྐད་དུ་ན། ཕོ་མོ་གཉིས་དང་མ་ནིང་གི་ཡི་གེ་ཞེས་ཀྱང་བྱ། གསང་སྔགས་ཀྱི་སྐད་དུ་ཐབས་དང་ཤེས་རབ་དབྱེར་མེད་པའི་ཡི་གེ་བཞི་བཅུ་རྩ་དགུའི་ནག་པོ་ཡི་གེ་རྣམས་སུ་རླུང་སེམས་འདུས་པས། ངན་སོང་གསུམ་གྲངས་ཅན་དང་གྲངས་མེད་རྣམས་ཀྱང་། མ་རིག་ཅིང་མ་རྟོགས་པ་ཨཱ་ལི་ཀཱ་ལིའི་རྒྱུ་འབྲས་སོ། །དེའི་ཕྱིར་ན་རིན་ཆེན་ཁ་སྦྱོར་ཞེས་བྱ་བའི་དོན་ཡང་འདི་ལ་previous hit དགོངས next hit་སྟེ། འཁོར་བའི་བདེ་སྡུག་སྐྱེ་གནས་སྣ་ཚོགས་པ་མྱོང་ཡང་། སེམས་ཉིད་ཀྱི་གཤིས་ནོར་བུ་རིན་པོ་ཆེ་རྡོ་རྗེ་ལྟ་བུ་ལ་ནི་འགྱུར་བ་མེད་པའོ། །དེ་ལ་འཁྲུལ་འཁོར་ཞེས་བྱ་བའི་དེ་བཞིན་གཉིས་ཡིན་ཏེ། མ་རིག་ཅིང་མ་རྟོགས་པ་ཁམས་གསུམ་སྐྱེ་གནས་བཞིའི་སྐྱེ་གནས་སྣ་ཚོགས་དང་། སྐྱེ་

(༣༥༤)རྒས་ན་འཆིའི་ཆུ་བོ་བཞིར་རྒྱུན་ཆད་མེད་པར་འཁྲུལ་ཞིང་འཁོར་བའི་ཕྱིར་ན། མ་རིག་པའི་འཁྲུལ་འཁོར་ཞེས་བྱའོ། །སེམས་ཉིད་ཀྱི་གཤིས་ཡེ་ཤེས་ལྔ་ལྡན་དེ་རང་གིས་རང་རིག་ཅིང་རྟོགས་པའི་དུས་སུ། སྐུ་གསུམ་ཡོན་ཏན་ཕྲིན་ལས་ཀྱི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་དང་མཉམ་པའི་འགྲོ་བ་རིགས་དྲུག་གི་སེམས་ཅན་གྱི་གྲངས་དང་མཉམ་པར། མི་ཟད་པ་རྒྱན་གྱི་འཁོར་ལོའི་གཟུགས་སྐུ་གྲངས་མེད་ཤུགས་ལ་འབྱུང་བ་སྟེ། འདི་ནི་རྟོགས་པ་རང་བྱུང་ཡེ་ཤེས་སྐུ་ལྔའི་དཀྱིལ་འཁོར་བྱ་བ་ཡིན། དེའི་ཕྱིར་ན། འདིའི་དོན་ནི་དབང་པོ་ཡང་རབ་ཀྱི་རབ་འབྲིང་ཐ་མ་གསུམ་གྱིས། མི་ཚེ་གཅིག་ལ་རྡོ་རྗེ་འཆང་དང་རྡོ་རྗེ་འཛིན་དང་རིག་འཛིན་གསུམ་དུ་ཡོན་ཏན་རྫོགས་སུ་བཏུབ་པའི་ཕྱིར་ན། རྩ་རླུང་བྱང་ཆུབ་སེམས་ཀྱི་གནད་དང་སྲོག་རྩོལ་རླུང་གི་སྦྱོར་བ་ཡིས། དར་དྲག་ལ་ཡུན་རིང་དུ་བསྒོམས་ན། རླུང་སེམས་གཉིས་ཞེས་བྱ་བ་དེ་རྩ་བ་གཤིས་ཀྱི་ཨཱ་ལི་ཀཱ་ལི་ལ་ཟེར་བ་སྟེ། བསྒོམས་པའི་སྟོབས་ཀྱིས་རླུང་སེམས། གང་དང་གང་དུ་འདུས་པ་ལས། དེ་དང་དེའི་རྟགས་དང་ཡོན་ཏན་སྣ་ཚོགས་པ་འབྱུང་བ་སྟེ། དེ་ལ་བླ་མ་མཁས་ལ་གྲུབ་པ་ཐོབ་པའི་གདམ་ངག་དང་། དབང་པོ་ཡང་རབ་རང་གི་ཤེས་རབ་དང་། རྩོལ་བས་དྲག་ཏུ་བསྒོམས་པ་གསུམ་འཛོམ་ན། རྒྱུད་ནས་གསུངས་པ་བཞིན་དུ་འཇིག་རྟེན་འདིའི་དགེ་མི་དགེ་ལྟས་སྣ་ཚོགས་པ། འཇིག་རྟེན་ཆེན་པོའི་མཐུ་སྟོབས་དེང་། རྡོ་རྗེ་འཆང་དང་རྡོ་རྗེ་འཛིན་རིག་འཛིན་ལ་སོགས་པའི་འབྲས་བུ་སྣ་ཚོགས་ཀྱང་རང་ལ་རྫོགས་པར་འགྱུར་བ་སྟེ། དེ་ཡང་ཉམས་ཟག་བཅས་སུ་

(༣༥༥)སྐྱེ་བ་དང་། ཟག་མེད་དུ་གནས་པ་དང་ཐབས་དང་ཤེས་རབ་དབྱེར་མེད་དུ་རྟོགས་པ་སྟེ། བསམ་གྱིས་མི་ཁྱབ་ཅིང་ཚད་གཞལ་མེད་པའི་རྟགས་སྣ་ཚོགས་འབྱུང་བར་འགྱུར་རོ། །དེ་ལ་ལྷའི་རྩར་རླུང་སེམས་འདུས་ན་དེ་ལ་བརྟན་ཞིང་གོམས་པར་གྱུར་ན། ད་ལྟ་ཉིད་དུ་ལྷ་རིགས་སུམ་བཅུ་རྩ་བདུན་གང་དང་གང་གི་རྩར་རླུང་སེམས་འདུས་པ་བཞིན་དུ་དེ་དང་དེའི་ལྷའི་སྣང་བ་ཡིན་སྙམ་པའི་ཉམས་འཆར་བར་འགྱུར་རོ། །དེ་ཉིད་ལ་ཆགས་ཤིང་གོམས་ན་ལྷའི་རིགས་རྣམས་སུ་སྐྱེ་བར་འགྱུར་རོ། །ཡང་སྲོག་རྩོལ་བསྒོམས་པའི་གནད་ཀྱིས་ལྷ་མ་ཡིན་གྱི་ས་བོན་ཨཱ་ལི་ཀཱ་ལིའི་གནས་དང་། ཞེ་སྡང་གི་རྩར་རླུང་སེམས་འདུས་ན། རང་ཉིད་ལྷ་མ་ཡིན་གྱི་དམག་དཔོན་ལ་སོགས་པ་ཡིན་པའི་སྣང་བ་འབྱུང་ཞིང་། གོམས་ཤིང་བརྟན་པ་མཐར་ཕྱིན་པར་གྱུར་ན། ལྷ་མ་ཡིན་རྣམས་ཀྱི་རིགས་སུ་སྐྱེ་ཞིང་འཁྲུག་རྩོད་ལ་དབང་བསྒྱུར་བར་འགྱུར་རོ། །རླུང་སེམས་ཀྱི་འདུས་ཚུལ་གྱིས་མི་རྣམས་ཀྱི་རྩ་གནས་སུ་ས་བོན། ཨཱ་ལི་ཀཱ་ལི། ཕོ་མོའི་གནས་སུ་བསྒོམས་པའི་སྟོབས་ཀྱིས། མི་བཟང་ངན་འབྲིང་གསུམ་གྱི་ཉམས་ད་ལྟ་ཉིད་དུ་འབྱུང་ཞིང་། བྲེལ་འཕོངས་དང་འདུ་འཛི་དང་གཡེང་བའི་དབང་དུ་འགྲོ་ཞིང་། གོམས་པ་མཐར་ཕྱིན་ན། མིའི་སྐྱེ་གནས་རྣམས་སུ་སྐྱེ་བར་འགྱུར་རོ། །སྲོག་རྩོལ་བསྒོམས་པའི་གནད་ཀྱིས་བྱོལ་སོང་གི་རིགས་རྣམས་ཀྱི། རྩ་གནས་དང་ས་བོན་གཤིས་ཀྱི་ཡི་གེ་རྣམས་སུ་རླུང་སེམས་རྨོངས་པར་འདུས་ན། ད་ལྟ་ཉིད་དུ་བླུན་ཞིང་གཏི་མུག་པ་དང་། བྱོལ་སོང་སྣ་ཚོགས་ཡིན་

(༣༥༦)སྙམ་པའི་ཉམས་འབྱུང་ཞིང་། དེ་ལ་བླ་མའི་གདམ་ངག་དང་བྱིན་བརླབས་དང་ངོ་སྤྲོད་མེད་པ་དེ་ལ་ཡུན་རིང་དུ་གནས་པར་གྱུར་ན། བྱོལ་སོང་རྣམས་སུ་ཚེ་འཕོ་བར་འགྱུར་རོ། །སྲོག་རྩོལ་དྲག་ཏུ་བསྒོམས་པ་དང་སྣོད་ངན་ལུས་སེམས་ལོག་པར་གྱུར་པ་ཡིས། ཡི་དགས་ཀྱི་རྩ་གནས་དང་ཡི་དགས་ཀྱི་ས་བོན་དུ་རླུང་སེམས་འདུས་ན། རང་ཉིད་ཀྱང་ད་ལྟ་ཉིད་དུ་ཡི་དགས་ཡིན་སྙམ་པའི་ཉམས་འབྱུང་སྟེ། བླ་མའི་གདམ་ངག་མེད་པར་དེ་ཉིད་དུ་ཡུན་རིངས་པ་ན་ཡི་དགས་ཉིད་དུ་འགྱུར་རོ། །དམྱལ་བ་པའི་རྩ་གནས་དང་ས་བོན་དང་བག་ཆགས་ཀྱི་སྟོབས་ཀྱིས། དབང་པོ་ཐ་མ་ལུས་སེམས་རྟེན་འབྲེལ་ལོག་པར་འགྲིག་པས། དམྱལ་ཁམས་བཅོ་བརྒྱད་གང་དང་གང་དུ་རླུང་སེམས་འདུས་ན། ད་ལྟ་ཉིད་དུ་དེ་དང་དེའི་ཉམས་སྣང་འབྱུང་སྟེ། བླ་མ་མཁས་ལ་གྲུབ་པ་ཐོབ་ཅིང་མཁའ་འགྲོས་བྱིན་གྱིས་བརླབས་པ་ཡིས། བཅོས་པའི་ཐབས་རྣམས་མེད་ཅིང་། དེ་ལ་ཡུན་རིང་དུ་གནས་ཤིང་དེ་ཉིད་དུ་ཚེ་འཕོས་ན་དམྱལ་ཁམས་རྣམས་སུ་སྐྱེ་བར་འགྱུར་བ་སྟེ། དེའི་ཕྱིར་ན་ནང་དུ་རླུང་སེམས་ཇི་ལྟར་འདུས་པ་བཞིན་དུ། ཕྱི་ན་ཡང་འགྲོ་བ་རིགས་དྲུག་གི་སྐྱེ་གནས་སྣ་ཚོགས་འབྱུང་བ་སྟེ། ཡུན་རིང་ཐུང་དུས་དང་དུས་ཀྱི་འཁོར་ལོ་ལྟར་སྣ་ཚོགས་སུ་འབྱུང་བར་འགྱུར་རོ། །རླུང་སེམས་རྟེན་འབྲེལ་འགྲིག་དང་མ་འགྲིག་པ་ལ་སོགས་པ་ཇི་ལྟར་འདུས་པ་བཞིན་དུ་ཚེ་རིང་ཐུང་དང་། ལོངས་སྤྱོད་ཆེ་ཆུང་དང་། སྐྱོན་དང་ཡོན་ཏན་སྣ་ཚོགས་ཨཱ་ལི་ཀཱ་ལིའི་རྟེན་འབྲེལ་འགྲིག་

(༣༥༧)མ་འགྲིག་གཉིས་ལས་བྱུང་བ་སྟེ། བླ་མ་མཁས་ལ་གྲུབ་པ་ཐོབ་པ་དང་། །སློབ་མ་སྐལ་བར་ལྡན་པ་ཡིས། །དེ་དང་དེ་དོན་ཤེས་པར་བྱ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་མ་རྟོགས་ཤིང་མ་རིག་པའི་དབང་གིས། ཟག་པ་དང་བཅས་པའི་སྐྱེད་རྫོགས་ཞི་བ་དང་ཁྲོ་བོའི་ཚོགས་ཚེ་རབས་ནས་ཚེ་རབས་སུ་བསྒོམས་ཤིང་བརྟན་པ་དང་། བསོད་ནམས་ཀྱི་ཚོགས་རབ་འབྲིང་ཐ་མ་བསགས་པའི་རྒྱུ་དང་། ད་རེས་སྐྱེ་བ་འདི་མ་བླ་མ་དམ་པའི་གདམ་ངག་གིས་སྲོག་རྩོལ་རླུང་གི་གནད་དར་དྲག་ལ་ཡུན་རིང་དུ་བསྒོམས་པ་ཡིས། དགེ་སྡིག་བག་ཆགས་སྣ་ཚོགས་མྱུར་དུ་སྨིན་པ་སྟེ། དེའི་ཕྱིར་ན་རང་གི་ལུས་ངག་ཡིད་གསུམ་རླུང་སེམས་རྩ་གནས་ཐམས་ཅད་ལ་རང་བཞིན་གྱིས་ས་བོན་ཨཱ་ལི་ཀཱ་ལིར་གནས་པ་སྟེ། དེ་ལ་ཚངས་པའི་རྩ་གནས་དང་ས་བོན་དུ་རླུང་སེམས་འདུས་ན་རང་ཉིད་ཚངས་པ་ཡིན་སྙམ་པ་དང་། ཚངས་པའི་ཞིང་ཁམས་ཐམས་ཅད་མཐོང་བའི་ཉམས་འབྱུང་སྟེ། དེ་ལྟར་དུ་གོམས་ཤིང་བརྟན་ན་འཇིག་རྟེན་འདིར་ཡང་མཐུ་སྟོབས་དང་ཡོན་ཏན་ཚངས་པ་དང་མཉམ་པ་འབྱུང་ཞིང་། དེ་ཉིད་དུ་ཚེ་འཕོས་ན་ཚངས་པའི་གནས་སུ། སྐྱེ་བ་ཡང་སྲིད་དེ་བཞིན་དུ་ནང་གི་རྩ་གནས་རླུང་སེམས་ཀྱི་དཀྱིལ་འཁོར་ཐམས་ཅད་ལ། འཁོར་ལོ་བསྒྱུར་བ་དང་བརྒྱ་སྦྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། ལྷ་ཆེན་པོ་བརྒྱད་དང་། གཟའ་ཆེན་པོ་བརྒྱད་དང་། སྲིན་པོ་བརྒྱད་དང་། གཤིན་རྗེ་བརྒྱད་གཙོ་བོ་དགུ་དང་། ཀླུ་གཙོ་འཁོར་དགུ་དང་། གནོད་སྦྱིན་གཙོ་འཁོར་དགུ་དང་། བྱི་ན་ཡ་ག་གཙོ་འཁོར་དགུ་དང་། མ་ཧཱ་དེ་ཝ་གཙོ་འཁོར་དགུ་དང་། རྒྱལ་པོ་གཙོ་འཁོར་དགུ་དང་། བཙན་གཙོ་

(༣༥༨)འཁོར་དགུ་དང་། བདུད་གཙོ་འཁོར་དགུ་དང་། ཕྱོགས་སྐྱོང་བཅུ་ལ་སོགས་ཏེ་འཇིག་རྟེན། དྲེགས་བྱེད་ཕོ་མོ་ཐམས་ཅད་ཀྱི་ས་བོན་གནས་པས། རང་གི་རྩ་རླུང་ཐིག་ལེ་སེམས་ལ་གནས་པ་སྟེ། དེ་ལ་བསྒོམས་པའི་སྟོབས་ཀྱིས་རྒྱུ་འབྲས་མྱུར་དུ་སྨིན་ནས། འཇིག་རྟེན་དྲེགས་བྱེད་ཐམས་ཅད་ཀྱི་རྩ་གནས་ཨཱ་ལི་ཀཱ་ལིའི་ས་བོན་གང་དང་གང་དུ་འདུས་པ་བཞིན་དུ། འཇིག་རྟེན་ཆེན་པོ་དེ་རྣམས་རང་ཉིད་ཡིན་སྙམ་པའི་སྣང་བ་དང་། དེ་རྣམས་དངོས་སུ་མཐོང་བའི་ཉམས་སྣང་སྣ་ཚོགས་པ་འབྱུང་བ་སྟེ། དེ་རྣམས་གང་དང་གང་གི་ཉམས་བྱུང་ན་ཡང་། བླ་མའི་གདམ་ངག་གི་གནད་དང་བསྟུན་པར་བསྒོམ་ཞིང་། བསྟན་པར་བྱས་ན་སྐྱེ་བ་འདི་ཉིད་ལ་འཇིག་རྟེན་ཆེན་པོ་རྣམས་དང་མཐུ་སྟོབས་མཉམ་པར་འགྱུར་ཞིང་། དེ་ལ་བརྟན་ནས་ཚེ་འཕོས་ན་འཇིག་རྟེན་གྱི་ལྷ་སྲིན་སྡེ་བརྒྱད་ཐ་དད་པའི་གནས་སུ་འགྱུར་ཡང་སྲིད། མ་རིག་པའི་རྩར་རླུང་སེམས་འདུས་ན་ལྐུགས་ཤིང་གླེན་པ་གཏི་མུག་པར་འགྱུར་རོ། །རྩ་རླུམ་པོར་རླུང་སེམས་འདུས་ན་ཞ་བ་དང་། རེངས་པ་དང་། ཁ་མིག་ཡོ་བ་དང་། དབང་པོ་མ་ཚང་བར་འགྱུར་རོ། །དེ་ལ་གཟའ་ཕོག་ཟེར་བ་ཡང་རྩ་དང་སེམས་ཐིག་ལེ་ཕྱེད་ཚལ་དང་ཟླུམ་པོ་དང་འཁྱོག་པོའི་གནས་སུ་རླུང་སེམས་འདུས་ན། སྐྱོན་དེ་རྣམས་འབྱུང་བར་འགྱུར་རོ། །གཞན་ཡང་རླུང་རྒྱུ་བ་ལ་གསུམ་ཡིན་ཏེ། ཕོའི་རླུང་དང་མོའི་རླུང་དང་མ་ནིང་གི་རླུང་དང་གསུམ་ཡིན་ཏེ། སྣ་བུག་གཡས་ནས་རྒྱུ་བ་ནི་ཕོ་རླུང་ཐབས་ཀྱི་རླུང་ཞེས་ཀྱང་བྱ། དེ་ལ་དྲག་ཞན་དུ་རྒྱུ་བ་དང་། རིང་ཐུང་དུ་རྒྱུ་བ་དང་། རྒྱུ་ལུགས་ཉི་ཤུ་རྩ་ལྔའི་བརྟག་ཐབས་ཡོད་པའོ། །གཡོན་

(༣༥༩)དུ་རྒྱུ་བ་ནི་མོ་རླུང་ཤེས་རབ་ཀྱི་རླུང་ཤེས་བྱ་སྟེ། དེ་མ་ཡང་དྲག་ཞན་དང་རིང་ཐུང་དང་འཕོ་འགྱུར་དང་སེམས་ཀྱི་དྲན་པ་སྣ་ཚོགས་དང་སྦྱོར་བ་དང་། ཕྱི་རོལ་གྱི་ལྟས་སྣ་ཚོགས་ལ་སོགས་ཏེ་ཨཱ་ལི་ཀཱ་ལིའི་རླུང་སེམས་ཉི་ཤུ་རྩ་ལྔའི་བརྟག་ཐབས་ཡོད་པའོ། །སྣ་བུག་གཉིས་ཀ་ཆ་མཉམ་པར་རླུང་རྒྱུ་བ་ནི་མ་ནིང་གི་རླུང་ཞེས་བྱ་སྟེ། དེ་ལ་ཡང་ཆ་མཉམ་པ་དང་མི་མཉམ་པ་དང་རིང་ཐུང་དང་། ནང་སེམས་ཀྱི་དྲན་རྟོག་སྣ་ཚོགས་དང་། ཕྱིའི་འབྱུང་བ་ལྔའི་སྒྲ་སྐད་གྲག་པ་དང་། འགྲོ་བ་རིགས་དྲུག་གི་སྒྲ་སྐད་དེ་སྒྲ་ཨཱ་ལི་ཀཱ་ལིར་བརྟག་པ་དང་། རྫས་དཀར་ནག་ཁྲ་གསུམ་ཁ་དོག་སྣ་ཚོགས་ཨཱ་ལི་ཀཱ་ལིར་བརྟག་པ་སྟེ། རླུང་སེམས་དངས་སྙིགས་ཕྱེད་ན་ལྟས་སྣ་ཚོགས་རྟེན་འབྲེལ་སྣ་ཚོགས་མངོན་ཤེས་དང་འདྲ་བ་འབྱུང་བར་འགྱུར་རོ། །དེའི་ཕྱིར་ན། ཆོས་སྐུའི་བསྟན་པ་དང་ཤེས་རབ་དབྱེར་མེད་རྣལ་འབྱོར་བླ་ན་མེད་པའི་རླུང་སེམས་གཉིས་ཀྱི་འདུས་ཚུལ་གདམ་ངག་ལ། བླ་མ་མཁས་ལ་གྲུབ་པ་ཐོབ་པ་མཁའ་འགྲོས་བྱིན་གྱིས་བརླབས་པའི་གདམ་ངག་ལས། སློབ་མ་སྐལ་བ་དང་ལྡན་པ་རྣམས་ཀྱིས་དྲག་ཏུ་བསྒོམས་ཤིང་དམ་ཚིག་དང་ལྡན་ན། རྟགས་དང་ཡོན་ཏན་ཉམས་དང་རྟོགས་པ་མཆོག་དང་ཐུན་མོང་གི་དངོས་གྲུབ་ད་ལྟ་ཉིད་དུ་འབྱུང་བར་འགྱུར་རོ། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ཁྱད་པར་དུ་ཆོས་སྐུའི་བསྟན་པ་རྣལ་འབྱོར་ཆེན་པོ་གསར་མའི་སྲོག་རྩོལ་གནད་ཀྱི་འཁོར་ལོ་བསྐོར་ན། སྣང་སྲིད་འཁོར་འདས་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་ཨཱ་ལི་ཀཱ་ལིར་འཆར་ཞིང་། །འཇིག་རྟེན་པའི་

(༣༦༠)ལྟས་དང་ཡོན་ཏན་ཐམས་ཅད་ཁམས་གསུམ་པའི་དགེ་བ་དང་མི་དགེ་བ། མངོན་སུམ་དུ་འཆར་བའི་བར་སྐབས་བསྟན་པའོ། །དེ་ལྟར་དུ། གསང་སྔགས་རྡོ་རྗེ་ཐེག་པ་གསར་མའི་ཐབས་དང་ཤེས་རབ་དབྱེར་མེད་པའི་རྒྱུད་སྡེ་ཐམས་ཅད་ཀྱི་previous hit དགོངས next hit་དང་། མཁས་པ་གྲུབ་པ་ཐོབ་པའི་གྲུབ་ཐོབ་རྣམས་ཀྱི་རྟོགས་པ་དང་ཉམས་མྱོང་གིས་གདམ་ངག་སྙན་རྒྱུད་གནད་ཀྱི་མན་ངག་ལ། ལུས་སེམས་དར་ལ་བབ་པའི་སྐལ་བ་དང་ལྡན་པ་རྣམས་ཀྱིས་དར་དྲག་ལ་ཡུན་རིང་དུ་བསྒྲུབས་ན། གོང་དུ་བསྟན་པ་བཞིན་ཐུན་མོང་འཇིག་རྟེན་པའི་ལམ། རྟགས་ཉམས་མྱོང་གི་རིམ་པ་རྣམས་རྒྱུན་ཆད་མེད་པར་མངོན་དུ་གྱུར་ཅིང་། ཐུན་མོང་གི་དངོས་གྲུབ་སྣ་ཚོགས་པ་ལ་མངའ་བརྙེས་ཀྱང་། དེ་རྣམས་ལ་ཐོགས་ཤིང་མ་ཆགས་ན། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས། དངོས་པོ་གཤིས་ཀྱི་གནས་ལུགས་གཤིས་ངོ་བོ་རང་བཞིན་མཚན་ཉིད་ལྔ་ལྡན་གནས་པ་ལ། རང་གིས་རང་ངོ་ཤེས་ཤིང་རང་རིག་པའི་ཡེ་ཤེས་མཆོག་གི་དངོས་གྲུབ་དང་པོ་རང་ལ་རྟགས་ཀྱང་། སྐད་ཅིག་ཙམ་ཡང་ཐང་ལྷོད་མེད་པར་རྩ་རླུང་བྱང་ཆུབ་ཀྱི་སེམས་སྲོག་རྩོལ་གནད་ཀྱི་འཁོར་ལོ་དར་དྲག་ལ་ཡུན་རིང་དུ་བསྒོམས་ན། སེམས་ཡེ་ཤེས་ཀྱི་སེམས་ཆོས་ཀྱི་སྐུ། ལུས་ཡེ་ཤེས་ཀྱི་ལུས་ལོངས་སྤྱོད་རྫོགས་པའི་སྐུ། རླུང་ཡེ་ཤེས་ཀྱི་རླུང་སྣང་སྲིད་འཁོར་འདས་ཀུན་ལ་རང་དབང་ཐོབ། རྩ་ཡེ་ཤེས་ཀྱི་རྩ་ཕྱི་ནང་གི་རྩ་གནས་ཐམས་ཅད་ན་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་དང་། གནས་ཉི་ཤུ་རྩ་བཞིའི་ལྷ་ཚོགས་རང་ལ་རྫོགས། ཐིག་ལེ་ཡེ་ཤེས་ཀྱི་ཐིག་ལེ་ཁམས་གསུམ་པའི་སྐྱེ་རྒྱུད་དང་།

(༣༦༡)ས་བོན་ཆད་ནས།རྒྱལ་བ་དང་རྒྱལ་བའི་དཀྱིལ་འཁོར་རྒྱལ་བའི་སྲས་གཟུགས་ཀྱི་སྐུའི་རྣམ་པར་འཕྲུལ་པ། གདུལ་བྱ་སེམས་ཅན་གྱི་གྲངས་དང་མཉམ་པ་རང་ལ་འབྱུང་བར་འགྱུར་རོ། །སྣང་བ་ཡེ་ཤེས་ཀྱི་སྣང་བ་སངས་རྒྱས་སྐུ་ལྔའི་དཀྱིལ་འཁོར་མ་རྟོགས་པ། ཁམས་གསུམ་གྱི་སེམས་ཅན་དང་ཉོན་མོངས་པའི་སྣང་བ་སྤུ་ཙམ་ཡང་མེད་པར་འགྱུར་རོ། །ཕྲིན་ལས་ཡེ་ཤེས་ཀྱི་ཕྲིན་ལས་རྩོལ་བ་དང་སྒྲུབ་པ་མེད་པར་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལྷུན་གྱིས་གྲུབ་པར་འགྱུར་རོ། །དེ་ལ་སོགས་པ་མཆོག་གི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འབྱུང་བ་དེ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་ཀྱང་། ལས་དང་པོ་ས་བཞིན་དུ་ཐབས་དང་ཤེས་རབ་དབྱེར་མེད་ཀྱི་ལམ་བསྒྲོད་པ་སྟེ། མ་རྟོགས་པའི་དུས་སུ་ནི་ཅི་ལྟར་དུ་བྱས་ཤིང་ཅི་ལྟར་དུ་འཆར་ཡང་ཐབས་ལམ་རྐྱངས་ཡིན། ཕྱག་རྒྱ་ཆེན་པོ་རྟོགས་ཕྱིན་ཆད་དུ་དངོས་པོ་དང་མཚན་མ་སྐྱེད་རྫོགས་ཅི་ལྟར་དུ་བསྒོམས་ཀྱང་ཐབས་དང་ཤེས་རབ་དབྱེར་མེད་པའི་ལམ་སྟེ། ཡང་དག་པའི་ལམ་རྣམས་གཟོད་ཡིན་པའི་ཕྱིར་ན།བསོད་ནམས་ཀྱི་ཚོགས་ཅི་ལྟར་དུ་བསགས་ཀྱང་། ཡེ་ཤེས་ཀྱི་ཚོགས་འབའ་ཞིག་ཡིན་པའི་ཕྱིར་ན། སྐྱེ་བ་མེད་པའི་དོན་རྟོགས་ཀྱང་།འགག་པ་མེད་པའི་རྩལ་སྦྱང་གསུངས་པ་ཡང་སྐབས་འདི་ན་previous hit དགོངས next hit་ཡིན་པའི་ཕྱིར་ན། རྒྱུན་ཆད་མེད་པར་གཙོ་ཆེར་རླུང་སེམས་གཉིས་ལ་དུས་དང་དུས་ཚོད་དུས་ཀྱི་འཁོར་ལོ་དང་སྦྱར་ཏེ། བརྩོན་འགྲུས་དར་དྲག་ལ་ཡུན་རིང་དུ།བསྒོམས་ན།ད་ལྟ་ཉིད་དུ་ས་དང་ལམ་རྟགས་དང་ཡོན་ཏན་རིམ་གྱིས་བསྒྲོད་པ་ལ་མི་རེ་བར།ད་ལྟ་ཉིད་དུ་

(༣༦༢)རླུང་སེམས་ཅི་ལྟར་འདུས་པ་བཞིན་སངས་རྒྱས་སྐུ་ལྔ་ལ་སོགས་པ་རྒྱལ་བའི་དཀྱིལ་འཁོར་གྲངས་ཅན་དང་གྲངས་མེད་ཐ་དད་པ་དང་། བྱེ་བྲག་དང་། ཞི་བ་དང་། དབང་དང་། རྒྱས་པ་དང་། དྲག་པོའི་ལྷ་ཚོགས་དང་། དམ་ཅན་རྒྱ་མཚོ་ཡེ་ཤེས་མ་མགོན་ལྕམ་དྲལ་ཕོ་ཉ་ལས་ལ་གྲུབ་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ལ་སོགས་ཏེ། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ནས་ལྷ་ཚོགས་ཇི་ལྟར་གསུངས་པ་བཞིན་དུ། རང་གི་རྩ་གནས་སྣ་ཚོགས་པར་རྩ་རླུང་བྱང་ཆུབ་ཀྱི་སེམས་ཅི་ལྟར་དུ་འདུས་པ་བཞིན་དུ། རྒྱལ་བ་སྣ་ཚོགས་ཀྱི་ཞལ་མཐོང་བ་དང་།རྒྱལ་བའི་དཀྱིལ་འཁོར་ཐ་དད་པ་རང་ཉིད་ཡིན་པའི་ངེས་ཤེས་སྐྱེ་བ་དང་། རང་ལ་རྫོགས་པར་ཤེས་ཤིང་བརྟན་པ་སྟེ། དེའི་ཕྱིར་ན།གཞན་གྱི་སྣང་བ་ལ་ཡང་གདུལ་བྱ་རབ་འབྲིང་ཐ་མ་འབྲེལ་པ་ཡོད་པ་དང་།གདུལ་བྱ་རྣམས་ཀྱིས་དད་པ་དང་མོས་པ་ཅི་ལྟར་བྱས་པ་བཞིན་དུ།དེ་དང་དེའི་སྣང་བ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣང་བ་སྣ་ཚོགས་སྟོན་པར་ནུས་པ་སྟེ།དེ་རྣམས་ཐམས་ཅད་ཀྱི་ཡོན་ཏན་རབ་འབྱམ་རྩོལ་སྒྲུབ་མེད་པར་འབྱུང་བ་སྟེ།དངོས་པོ་གཤིས་ཀྱི་གནས་ལུགས་རྟོགས་ནས་རླུང་སེམས་གཉིས་ཀྱི་དཀྱིལ་འཁོར་དུ་རྟག་ཏུ་རྒྱུན་ཆད་མེད་པར་བསྒོམས་ན།རླུང་སེམས་གང་དང་གང་དུ་འདུས་པ་བཞིན་དུ་སྟོན་པ་ལྔའི་བསྟན་པ་རང་ལ་རྫོགས་པར་འགྱུར་བ་སྟེ།དེའི་སྒྲ་དང་དོན་ངོ་སྤྲོད་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་ལྷན་སྐྱེས་ཡེ་ཤེས་ཨཱ་ལི་ཀཱ་ལིའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ། ད་ནི་རྒྱས་དང་བསྡུས་པར་བསྟན་ཅིང་ངོ་སྤྲོད་དོ། །རྗེ་ནཱ་རོ་བརྒྱུད་པ་ཡིས་བྱིན་གྱིས་བརླབས་ཤིང་གནད་བཞི་རྟོགས་པའི་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ལེགས་པར་ཉོན་

(༣༦༣)ཅིག་སེམས་ཅན་ཐམས་ཅད་ལ་གདོད་མ་ནས་སེམས་ཅན་ཉིད་ཀྱི་གཤིས་རང་བཞིན་གཅིག་ལ་ངོ་བོ་མཚན་ཉིད་ལྔ་ལྡན་དུ་གནས་ཀྱང་།མ་རིག་པའི་དབང་གིས་མ་རྟོགས་ཀྱི་བར་དུ་འཁོར་བ་ཐོག་མཐའ་མེད་པའོ། །གང་ཟག་སྒོས་ཙན་དུ་རླུང་སེམས་གནད་ཀྱི་འཁོར་ལོ་ཡིས་རང་རིག་པའི་ཡེ་ཤེས་ནམ་རྟོགས་པའི་དུས་དེར། སངས་རྒྱས་སེམས་ཅན་གཉིས་ཀྱི་ཐོག་མཐའ་ས་མཚམས་མེད་པ་སྟེ། དེའི་ཕྱིར་ན།མ་རྟོགས་པའི་དུས་སུ་ནི་ཁམས་གསུམ་འཁོར་བ་མ་རིག་པ་བཏགས་ལ། དོན་དམ་པའི་བདེན་པ་ནམ་མཐོང་བའི་དུས་དེར་མྱ་ངན་ལས་འདས་པ་བཏགས་པ་སྟེ། དེ་ལྟར་དུ་རྟོགས་ཀྱང་ད་རུང་འཁྲུལ་པ་དང་ཡེ་ཤེས་དུམ་བུ་དུམ་བུར་གནས་པ་སྟེ། དེའི་ཕྱིར་ན། གནས་ལུགས་ཆ་གཅིག་རྟོགས་ཀྱང་ད་རུང་འཁྲུལ་ལ་དང་ཡེ་ཤེས་དུམ་བུར་གནས་པའི་ཕྱིར་ན།འོག་མིན་ཐེག་པ་དྲུག་གི་བཞེད་གཞུང་བཞིན་དུ་ཚོགས་གཉིས་ཟུང་འཇུག་དང་།སྐྱེད་རྫོགས་དཔག་ཏུ་མེད་པ་དང་བསྲེ་ཞིང་བསྒོམས་ཀྱང་སངས་རྒྱས་མཉམ་རྗེས་མེད་པ་ལ་བསྐལ་པ་མང་པོ་ཐོགས་ཀྱང་ཤེས་པའི་ཕྱིར་ན། ཐེག་པ་དྲུག་ཐེག་པ་གཅིག་ཏུ་རྫོགས་པ་རྣལ་འབྱོར་ཆེན་པོ་གསར་མ་ཐབས་དང་ཤེས་རབ་དབྱེར་མེད་པ། རྗེ་ནཱ་རོ་པཎ་ཆེན་གྱི་ཁྱད་ཆོས་རླུང་སེམས་གནད་ཀྱི་མན་ངག་འདི། ཕྱག་རྒྱ་ཆེན་པོའི་དོན་གཤའ་མར་རྟོགས་ནས་རླུང་སེམས་མཁའ་འགྲོ་སྲོག་སྙིང་ལ་རྩལ་ཆེན་རྫོགས་པར་བྱས་ན།དབང་པོ་རབ་འབྲིང་ཐ་མ་གསུམ་གྱི་ལམ་བསྒྲོད་ལུགས་ཀྱིས།སྐུ་ལྔའི་སངས་རྒྱས་རང་ལ་མི་རྫོགས་མི་སྲིད་དོ།།དེའི་ཕྱིར་ན།དབང་པོ་ཡང་རབ་

(༣༦༤)ཟླ་བ་དྲུག་གིས་མཉམ་རྗེས་མེད་པ་ཆུ་བོའི་རྒྱུན་ལྟར་འགྱུར་རོ། །དབང་པོ་འབྲིང་རྟོགས་ནས་ལོ་བཅུ་གཉིས་སམ་མི་ཚེ་གཅིག་གིས་འཁྲུལ་པ་ཡེ་ཤེས་སུ་ཤར་ནས་རྒྱུན་ཆད་མེད་པར་འགྱུར་ཏེ།དབང་པོ་ཐ་མ་ཡང་འཆི་ཀ་དང་བར་དོར་རྗེ་མཻ་ཏྲི་པ་བཞིན་སྐུ་གསུམ་ལྷུན་གྱིས་གྲུབ་པར་འགྱུར་བ་སྟེ། སྲོག་རྩོལ་རླུང་གི་ཕྲིན་ལས་ཡིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་ཤིང་ཐབས་དང་ཤེས་རབ་ཀྱི་རྒྱུད་སྡེ་རྣམས་ཀྱི་ནང་ནས་ཅི་ལྟར་གསུངས་པ་བཞིན་དུ། རྗེ་ཏཻ་ལོ་ནཱ་རོའི་ཐབས་དང་ཤེས་རབ་དབྱེར་མེད་སྙན་རྒྱུད་གནད་ཀྱི་གདམ་ངག་མ་ནོར་ཞིང་།མཁས་ལ་གྲུབ་པ་ཐོབ་ཅིང་མཁའ་འགྲོ་རྒྱ་མཚོས་བྱིན་གྱིས་བརླབས་ནས།རྡོ་རྗེ་འཆང་དང་ཡོན་ཏན་མཉམ་པའི་རྗེ་དུས་གསུམ་མཁྱེན་པ་ཡིས་རླུང་སེམས་གཉིས་ལ་མངའ་བརྙེས་ཤིང་ཁྱད་ཆོས་ཟབ་ཆོས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བ་ལ། སྐལ་ལྡན་དང་རྟོགས་ལྡན་རྣམས་ཀྱི་གསང་གནས་རྡོ་རྗེའི་འཁོར་ལོར་ལས་ཀྱི་རླུང་།རླུང་གི་རླུང་ཕྲིན་ལས་ཀུན་གྱི་རྩ་བ་ཨོཾ་ལས་ཨཱ་ལི་ཀཱ་ལི་གྲངས་ཅན་དང་།སུམ་བཅུ་སོ་གཉིས་དང་།དེ་ལས་འཕྲོས་པ་བཞི་བཅུ་རྩ་དགུའི་གནས་སུ་རླུང་སེམས་བྱ་བ་སྒྲུབ་པའི་ཡེ་ཤེས་སུ་འདུས་ན། ད་ལྟར་དོན་ཡོད་གྲུབ་པའི་དཀྱིལ་འཁོར་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་རང་ལ་བསྟན་པ་སྟེ། ལས་རབ་འབྱམ་རྒྱ་མཚོའི་དངོས་གྲུབ་འབྱུང་།དེ་ལ་འདུས་ལུགས་རབ་འབྲིང་ཐ་མ་གསུམ་ལ་སོགས་ཏེ།ཅི་ལྟར་དུ་འདུས་པ་བཞིན་དུ་རྩོལ་བ་མེད་པའི་ཕྲིན་ལས་ཤས་ཆེ་ཆུང་སྣ་ཚོགས་

(༣༦༥)འབྱུང་བར་འགྱུར་རོ། །དབང་པོ་ཐ་མ་ཡང་འཆི་ཀ་དང་རླུང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ལམ་རྟགས་ཙམ་དུ་བཞེད་པ་སྟེ།འདི་ལ་ཅི་ལྟར་དུ་བྱུང་ན་ཡང་འཁོར་བའི་དྲི་མས་གོས་པར་མི་འགྱུར་རོ། །གསང་བའི་དབང་ཡན་ཆོད་དབང་གཉིས་ཡིན་ཏེ།རེ་རེ་ལ་ཡང་བཞི་བཞིར་དབྱེ་བ་ལས།བརྒྱད་དུ་བསྐུར་བ་ལས་དྲི་མ་བརྒྱད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆ་བརྒྱད་དུ་རྟོགས་པར་བཞེད་པ་སྟེ།སྨིན་པར་བྱ་བ་དབང་གི་ནུས་པ་ཡིན།གྲོལ་བར་བྱེད་པ་གདམ་ངག་གི་ཁྱད་པར་ལས།ལྟེ་བ་སྤྲུལ་པའི་འཁོར་ལོར་སའི་རླུང་དང་སའི་ཁམས་དང་སའི་ས་བོན་དང་། ང་རྒྱལ་གྱི་གནས་སུ་རང་བཞིན་མཚན་ཉིད་རྩའི་རི་མོའི་ས་བོན་ཏྲི་དུ་གནས་པ་ལས། ཨཱ་ལི་ཀཱ་ལིའི་གནས་རྩ་འདབ་དྲུག་བཅུ་རྩ་བཞི་ཡི་གེའི་གྲངས་ཀྱང་དེ་དང་མཚུངས་ཏེ།དེར་རྟོགས་པ་ཡེ་ཤེས་ཀྱི་རླུང་སེམས་ཕྱོགས་ཙམ་དུ་འདུས་པ་དང་། ཕྱོགས་མེད་དུ་འདུས་པ་དང་། རྟེན་འབྲེལ་འགྲིག་པར་འདུས་པ་དང་རྟེན་འབྲེལ་ལ་འགྲིག་པར་འདུས་པ་ལ་སོགས་ཏེ།འདུས་ལུགས་དཔག་ཏུ་མེད་པ་ཡོད་པ་ལས་ཅི་ལྟར་འདུས་པ་བཞིན་དུ། ཕྱག་རྒྱ་ཆེན་པོ་རྟོགས་ཀྱང་སྐྱོན་དང་ཡོན་ཏན་སྣ་ཚོགས་འབྱུང་བའོ། །ཁྱད་པར་དུ་རིན་ཆེན་འབྱུང་ལྡན་ཡབ་ཡུམ་གྱི་རྩ་གནས་སུ་རླུང་སེམས་ལེགས་པར་འདུས་ན། ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་གཞལ་ཡས་ཀྱི་ཁང་སེར་པོར་འཆར་བ་དང་།འཁོར་འདས་གཉིས་ཀྱི་ཞིང་ཁམས་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སེར་པོ་རིན་ཆེན་འབྱུང་ལྡན་ལ་སོགས་པ་མཐའ་ཡས་པར་མཐོང་ཞིང་།རང་ཉིད་ཡིན་པར་རྟོགས་པ་དང་།སྒྲ་གྲག་ཚད་ཐམས་ཅད་ཐེག་ཆེན་

(༣༦༦)ཆོས་ཀྱི་འཁོར་ལོར་གོ་བ་སྟེ། དེ་ཡང་འདུས་ལུགས་གསུམ་མམ་ལྔ་འམ་གྲངས་ལས་འདས་པ་ཡོད་པ་སྟེ།ཨཱ་ལི་ཀཱ་ལིའི་གནས་གང་དང་གང་དུ་འདུས་པ་བཞིན་དུ།ཉན་ཐོས་དང་རང་སངས་རྒྱས་ཡན་ཆོད་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་མན་ཆོད། རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་སེར་པོ་འབའ་ཞིག་ཏུ་སྟོན་པ་དང་།བསྟན་པ་སྣ་ཚོགས་རང་ལ་འཆར་བར་འགྱུར་ཏེ། སྐྱེ་བ་འདི་ཉིད་ལ་རང་ལ་རླུང་སེམས་གང་དང་གང་དུ། འདུས་པའི་ཚད་དང་སྦྱར་བའི་རང་སྣང་གཞན་སྣང་གཉིས་ཀར་ཡོན་ཏན་ཤས་ཆེ་ཆུང་སྣ་ཚོགས་འབྱུང་བར་འགྱུར་རོ། །དེ་ཡང་རླུང་སེམས་ཐབས་དང་ཤེས་རབ་དབྱེར་མེད་ཡོན་ཏན་སྣ་ཚོགས་པའི་ཕྲིན་ལས་ཡིན་ཏེ། དེ་ལྟར་དུ་རྟོགས་ཕྱིན་ཆོད་ཅི་ལྟར་དུ་སྤྱད་ཀྱང་འཁོར་བའི་སྐྱོན་གྱིས་གོས་པར་མི་འགྱུར་རོ། །དེ་ཡང་རྟོགས་པའི་དོན་ཐབས་ཤེས་རབ་དབྱེར་མེད་ཀྱི་གནད་ལས་མ་འཁྲུལ་བ་གལ་ཆེ་འཁྲུལ་ན་ཁམས་གསུམ་འཁོར་བའི་རྒྱུ་འབྲས་སུ་འགྱུར་རོ། །དེའི་ཕྱིར་ན་རྗེ་ནཱ་རོ་བརྒྱུད་པ་ཡིས་བྱིན་གྱིས་བརླབས་པའི་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱིས་མཁྱེན་པར་མཛོད།མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་རྩ་འདབ་བཅུ་གཉིས་རེའུ་མིག་དང་བཅས་པ། འབྱུང་བ་མེའི་ཁམས་ཉོན་མོངས་པ་འདོད་ཆགས་ཀྱི་ཁམས་རླུང་གི་དབང་དུ་བྱས་ན་མེའི་རླུང་ལས་རླུང་ལྔར་དབྱེ་བ།རྒྱུ་བའི་གནས་ཐ་མལ་པའི་སེམས་ཅན་གྱི་དུས་སུ་སེམས་ཉིད་ཀྱི་གཤིས་ལྔ་ཡོད་པ་ལས།ངོ་བོ་སྟོང་པའི་ཆ་དེ་ལྟར་དུ་གནས་པ་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་རྟོགས་ནས། སྲོག་རྩོལ་རླུང་གི་འཁོར་ལོ་ཐབས་ཤེས་རབ་དབྱེར་མེད་ཀྱི་ཏིང་ངེ་འཛིན་ལ་

(༣༦༧)རྒྱུན་དུ་གོམས་ཤིང་བརྩོན་འགྲུས་དྲག་ཏུ་བྱས་ནས།རླུང་སེམས་སྣང་བ་མཐའ་ཡས་ཀྱི་ས་བོན་རང་བཞིན་གྱི་ཡི་གེ་རླུང་སེམས་འདུས་ན། དེ་ལ་ཅི་ལྟར་དུ་འདུས་པ་བཞིན་དུ་རྟགས་ཀྱི་བྱེ་བྲག་སྣ་ཚོགས་པ་འབྱུང་སྟེ། ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་འཁོར་འདས་གཉིས་ཀྱི་ཞིང་ཁམས་ཟླ་ཁམས་དམར་པོའི་གཞལ་ཡས་ཁང་དང་།སྣང་བ་མཐའ་ཡས་ཡབ་ཡུམ་མཐའ་ཡས་ཤིང་གྲངས་མེད་པའི་མཐོང་སྣང་འབྱུང་བ་དང་། རང་ཉིད་སྣང་བ་མཐའ་ཡས་ཡིན་པའི་ངེས་ཤེས་སྐྱེ་བ་དང་། དབང་པོ་ཡང་རབ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་མདུད་པདྨ་ཁ་བྱེ་ཞིང་ཨཱ་ལི་ཀཱ་ལི་མཉམ་པར་སྦྱོར་ནས།བདེ་བར་གཤེགས་པའི་བཀའ་ཐམས་ཅད་ལ་ལུང་ཆེན་ཐོབ་པ་སྟེ། དོན་དམ་པར་ན་རང་གི་དག་པའི་སྣང་བ་ལས་བསྟན་པ་ལྔ་རང་ལ་རྫོགས་པ་ལས། བསྟན་པ་ལྔ་ཐེག་པ་དགུའི་ཆོས་ཐམས་ཅད་རང་ཤར་རང་ཉིད་ལ་མཉན་པ་མཉན་མཁན་མེད་པར་སྣང་སྲིད་ཆོས་ཀྱི་ཕུང་པོར་འཆར་བའོ། །དེ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འབྱུང་བ་ཡང་། །རླུང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་ཤིང་གོམས་འདྲིས་རྩལ་རྫོགས་པའི་ཕྲིན་ལས་སོ། །དེ་ལྟར་དུ་ཡང་ན་ས་ཡང་རླུང་སེམས་རྩ་གནས་ཨཱ་ལི་ཀཱ་ལི་ཡི་གེའི་གནས་རྣམས་སུ་རླུང་སེམས་དགྲ་གཤེད་ལྟ་བུར་འདུས་པ་དང་མི་མཐུན་པའི་ཕྱོགས་སྣ་ཚོགས་སུ་འདུས་ན།ཕྱག་རྒྱ་ཆེན་པོ་རྟོགས་ཀྱང་མི་ཕན་སྐྱེ་བ་འདི་ཉིད་ལ་རྒྱུ་འབྲས་ལས་བདེ་སྡུག་གཞན་སྣང་དང་རང་སྣང་གཉིས་ཀར་འབྱུང་བར་འགྱུར་རོ། དེའི་ཕྱིར་ན།རྣལ་འབྱོར་ཆེན་པོ་གསར་མའི་

(༣༦༨)ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་རྣམས་ལ་མཁས་ཤིང་། དེའི་སྒྲ་དོན་གདམ་ངག་ཉམས་སུ་མྱོང་ནས་རླུང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀུན་མཁྱེན་ཡེ་ཤེས་དང་ལྡན་པའི་བླ་མ་མཁས་ལ་གྲུབ་པ་ཐོབ་པ་རྗེ་པཎ་ཆེན་ནཱ་རོའི་previous hit དགོངས་པའི་རྒྱུད་ next hit་དང་རྟོགས་པ་མཐར་ཕྱིན་པའི་རྒྱུད་པ་ཐ་དད་མེད་པ་ལ། དབང་པོ་ཡང་རབ་མི་ཚེ་གྲངས་མེད་པ་ནས་གསང་མཆོག་རྡོ་རྗེ་ཐེག་པའི་ཐབས་དང་ཤེས་རབ་དབྱེར་མེད་ཀྱི་ལམ་ལ་གོམས་འདྲིས། མཐར་ཕྱིན་ཅིང་རྩལ་རྫོགས་པའི་གདུལ་བྱ་དང་།གདུལ་བྱེད་ཀྱི་སྟོན་པ་གཉིས་འཛོམ་ནས་དར་དྲག་ལ་ཡུན་རིང་དུ་བསྒོམས་ན་རྟགས་དང་ཡོན་ཏན་ད་ལྟ་ཉིད་དུ་འབྱུང་ཞིང་། མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པར་འགྱུར་རོ། །སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་བཅུ་རྩ་གཉིས་རེའུ་མིག་དང་བཅས་པ་འབྱུང་བ་ནམ་མཁའི་ཁམས།ཉོན་མོངས་པ་གཏི་མུག་གི་གནས་འབྱུང་བའི་དབང་དུ་བྱས་ན་ནམ་མཁའི་རླུང་ལ་ལྔར་དབྱེ་བ་སྟེ། ས་བོན་གྱི་དབང་དུ་བྱས་ན་རང་བཞིན་གྱི་ཡི་གེ་ཨོཾ་དུ་གནས་པ།རྩ་འདབ་རྣམས་ལ་རང་བཞིན་གྱི་ཡི་གེ་ཨཱ་ལི་བཅུ་དྲུག །ཡུལ་ཅན་གྱི་ཡི་གེ་ཀཱ་ལི་སུམ་བཅུ་རྩ་གཉིས་རང་བཞིན་གྱིས་གནས་པ་སྟེ། མ་རྟོགས་པའི་དུས་སུ་འཁོར་བའི་རྒྱུ་འབྲས་ཡིན་ལ།གསང་སྔགས་རྡོ་རྗེ་ཐེག་པའི་རླུང་སེམས་གཉིས་ཀྱི་གནད་ཀྱིས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་པའོ། །ཐིག་ལེའི་དབང་དུ་བྱས་ན་ནམ་མཁའི་ཐིག་ལེ་ཧཾ་གི་ངོ་བོར་གནས་པ་སྟེ།ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་ཀྱང་དུས་དང་དུས་གནད་དུས་ཀྱི་འཁོར་ལོ་བཞིན་དུ།རླུང་སེམས་གནད་ཀྱི་མན་

(༣༦༩)ངག་རྡོ་རྗེ་རིགས་ཀྱི་གནས་ལུགས་བཞི་ལྡན་དུ་དར་དྲག་ལ་ཡུན་རིང་དུ་བསྒོམས་ན། ནམ་མཁའི་རླུང་དང་གཤིས་ཀྱི་གནས་ལུགས་དངོས་པོ་ཀུན་ལ་ཁྱབ་པ་གཉིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རླུང་སེམས་འདུས་ན། ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་རང་བཞིན་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཀྱི་ཁང་ཆོས་ཀྱི་དབྱིངས་དང་མཉམ་པར་རྣམ་པར་སྣང་མཛད་སྐུའི་དཀྱིལ་འཁོར་དུ་རྒྱུན་ཆད་མེད་པར་སྣང་ཞིང་། རང་ཉིད་རྣམ་པར་སྣང་མཛད་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དཀྱིལ་འཁོར་རང་ལ་རྫོགས་པ་སྟེ། ཡང་ན་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་རང་བཞིན་གྱི་ཡི་གེ་ནས་ཡི་གེ་རྒྱུན་མ་ཆད་པ། ཡི་གེའི་འཁོར་ལོར་རང་བཞིན་གྱིས་མཚན་པ་ཙམ་མ་གཏོགས་པ།སྐུ་དང་ཕྱག་རྒྱ་སྟོན་པ་དང་བསྟན་པ་གང་གི་ཡང་ཐ་སྙད་མི་འདོགས་པ་སྟེ།དབྱིངས་དང་ཡེ་ཤེས་རོ་མཉམ་previous hit ་ཙམ་ལ་དགོངས next hit་པའོ། །དེའི་ཕྱིར་ན་ཕྱག་རྒྱ་ཆེན་པོ་རྟོགས་པ་མཐར་ཐུག་པ་ཡོད་ཀྱང་། ཐབས་དང་ཤེས་རབ་དབྱེར་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྲོག་རྩོལ་རླུང་གི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་ན།དབང་པོ་ཡང་རབ་སྐྱེ་བ་འདི་ཉིད་ལ་སྐུ་ལྔ་རིགས་ལྔ་རང་ལ་རྫོགས་པར་ཐེ་ཚོམ་མེད།འོན་ཀྱང་དེ་ལྟར་དུ་ཡོན་ཏན་རྫོགས་ཀྱང་ཨཱ་ལི་ཀཱ་ལི་ཡི་གེའི་དགྲ་གཤེད་དང་། འབྱུང་བ་ལྔ་རླུང་གི་དགྲ་གཤེད་དང་དུས་དང་ཆུ་ཚོད་དབྱུ་གུ་དང་། ཕྱི་ནང་གི་རླུང་སེམས་ཀྱི་འཁོར་ལོ་ལོག་པར་འདུས་ན། དོན་དམ་པ་ལ་འཕོ་འགྱུར་མེད་ཀྱང་།ཀུན་རྫོབ་ཙམ་དུ་རང་སྣང་དང་གཞན་སྣང་གཉིས་ཀའི་བདེ་སྡུག་དང་

(༣༧༠)དགྲ་གཤེད་དང་། ཚེ་ཐུང་ཞིང་ནད་མང་པ་སྣ་ཚོགས་འབྱུང་སྟེ།དེའི་ཕྱིར་ན་རྡོ་རྗེ་རིགས་ཀྱི་གནས་ལུགས་བཞིའི་དཀྱིལ་འཁོར་དུ་ཡེ་ཤེས་ལྔ་དང་ལྡན་པའི་རླུང་སེམས་འདུས་པ།ཤིན་ཏུ་གལ་ཆེ།དེའི་ཕྱིར་ན།དེ་ཁོ་ན་ཉིད་ངེས་པར་འབྱུང་བའི་རྒྱུད་ལས་ཀྱང་།སེམས་ཤེས་བྱ་བ་འཁོར་འདས་གཉིས་ཀྱི་གནས། རླུང་ཞེས་བྱ་བས་ལས་ཀུན་བྱེད། ཅེས་གསུངས་པ་ཡང་སྒྲ་དོན་འདི་རྣམས་ལ་previous hit དགོངས next hit་ལོགས། རླུང་སེམས་གཉིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་ཤིང་།རྣལ་འབྱོར་ཆེན་པོ་ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་སྡེ་ཐམས་ཅད།དོན་ཐབས་དང་ཤེས་རབ་དབྱེར་མེད་པའི་དཔལ་ཆེན་པོ་ནཱ་རོའི་སྙན་རྒྱུད་གནད་ཀྱི་མན་ངག་ལ་དར་དྲག་ལ་ཡུན་རིང་དུ་བསྒོམས་ན།ཕུང་པོ་ལྔ་དང་འབྱུང་བ་ལྔ་དང་སྐྱེ་མཆེད་དྲུག་དང་། ཤ་དང་པགས་པ་དང་བ་སྤུའི་རྩ་བ་དང་མགོ་དང་ཀླད་པ་དང་ཀླད་རྒྱ་དང་རུས་པ་དང་རྐང་དང་ཁྲག་དང་ཆུ་སེར་དང་། སོ་དང་སེན་མོ་དང་། ཡན་ལག་དང་ཉིང་ལག་དང་། གློ་སྙིང་མཆིན་པ་དང་རྒྱུ་མ་ནང་ཁྲོལ་ལ་སོགས་པ།ལུས་ཀྱི་ཕྱི་ནང་ཐམས་ཅད་དུ་རླུང་སེམས་སྣ་ཚོགས་པ་ཐབས་དང་ཤེས་རབ་དབྱེར་མེད་དུ་ལོགས་པར་འདུས་ལུགས་གྲངས་མེད་པ་ཡོད་པ་སྟེ། དེ་རྣམས་གང་དང་གང་དུ་ཅི་ལྟར་འདུས་པ་བཞིན་དུ་ཕྱི་དང་ནང་དང་དེ་ཁོ་ན་ཉིད་ཀྱི་རྒྱལ་བ་སྲས་བཅས་རྒྱལ་བའི་དཀྱིལ་འཁོར་དང་། ཕྱི་ནང་གསང་གསུམ་གྱི་དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོ་རྒྱུད་སྡེ་རྣམས་ནས་གསུངས་པ་བཞིན་དུ།ཞི་བ་དང་ཁྲོ་བོ་དང་དབང་དང་རྒྱས་པ་དང་སྣ་ཚོགས་པའི་ཞལ་ཕྱག་གྲངས་ཅན་དང་གྲངས་མེད་ཀྱི་ལྷ་ཚོགས་རྣམས་

(༣༧༡)རང་ལ་རྫོགས་ཤིང་རང་གི་རྣམ་འཕྲུལ་ཏུ་འཆར་བ་སྟེ།ཡུན་རིང་ཐུང་དང་ཡོན་ཏན་ཕྲིན་ལས་ཆེ་ཆུང་དང་། རྟགས་དང་ཡོན་ཏན་རབ་འབྲིང་ཐ་མ་སྣ་ཚོགས་པར་འབྱུང་སྟེ། རླུང་སེམས་ཅི་ལྟར་འདུས་པའི་ཆ་དང་མཐུན་པའོ།།དེའི་ཕྱིར་ན། ཇི་ལྟར་དུ་སྣང་ཡང་རླུང་སེམས་གཉིས་ཀྱི་འདུས་ཚུལ་ཏེ། གཞན་ནས་འབྱུང་ཞིང་རྒྱུ་སྐྱེན་གང་གིས་བསྐྱེད་པ་མ་ཡིན་ནོ། །དེའི་ཕྱིར་ན་ཁམས་གསུམ་འཁོར་བའི་སེམས་ཅན་རྣམས་ལ།བདེ་སྡུག་དང་ལུས་ཆེ་ཆུང་དང་ཁ་དོག་སྣ་ཚོགས་ཡོད་པ་བཞིན་དུ། རླུང་སེམས་གཉིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་ཤིང་རླུང་སེམས་གཉིས་ལ་དབང་ཐོབ་ན། སྐྱེ་བ་འདི་ཉིད་ལ་ཁམས་གསུམ་འཁོར་བ་རང་གི་ལུས་ངག་ཡིད་གསུམ་ཉོན་མོངས་པ་དུག་ལྔ་སངས་རྒྱས་སྐུ་ལྔ་རང་ཉིད་ཡིན་ཞིང་རང་ངོ་ཤེས་ནས་ཐམས་ཅད་རང་ལ་རྫོགས་པ་སྟེ། རྗེ་ཏཻ་ལོ་དང་ནཱ་རོའི་previous hit དགོངས next hit་ཟབ་མོ་སྔགས་ཀྱི་ཁྱད་ཆོས་ཡིན་པའི་ཕྱིར་ན། ལུས་སེམས་དར་ལ་བབ་ཅིང་ལུས་ལ་རྩ་རླུང་གི་རྟེན་འབྲེལ་འགྲིག་པའི་ཕྱི་ནང་གསང་གསུམ་མཁའ་འགྲོས་བྱིན་གྱིས་བརླབས་པའི་རྣལ་འབྱོར་དབང་ཕྱུག་རྣམས་ཀྱིས་མཁྱེན་པར་མཛོད། །དེ་ལྟར་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སེམས་ཀྱི་གནས་ལུགས་ངོ་ཤེས་ནས། སྲོག་རྩོལ་གནད་ཀྱི་མན་ངག་ལ་དར་དྲག་ལ་ཡུན་རིང་དུ་བསྒོམས་པའི་སྟོབས་ཀྱིས། ཕུང་པོ་ཁམས་དང་སྐྱེ་མཆེད་རྩ་གནས་ཐམས་ཅད་དུ་འབྱུང་བ་ལྔ་དང་རླུང་ལྔ་དང་། བྱང་ཆུབ་སེམས་ཀྱི་ཐིག་ལེ་གཉིས་ལས་ལྔ་ལྔ་བཅུར་དབྱེ་བ་དང་།མཁྲིས་པ་བད་ཀན་རླུང་

(༣༧༢)གིས་འདུས་པའི་རྐྱེན་གྱི་ཕྱི་ནང་གི་རླུང་སེམས་འཁྲུགས་པ་དང་། འབྱུང་བ་འཁྲུགས་པ་དང་། ཁམས་འཁྲུགས་པ་དང་། སེམས་འདུ་འཛིའི་དབང་དུ་སོང་ཞིང་གཡེང་བ་སྣ་ཚོགས་ཀྱིས་སེམས་འཁྲུགས་པ་དང་། དུག་ལྔ་ཡུལ་ལྔ་དང་ཡུལ་ཅན་གྱི་དབང་གིས་ཉོན་མོངས་པ་འཁྲུལ་པ་རང་ཡན་དུ་སོང་བ་ལ་སོགས་ཏེ། རླུང་སེམས་ཀྱི་རྟེན་འབྲེལ་མ་འགྲིག་པ་དང་། ལུས་སེམས་ཉོན་མོངས་པ་དུག་ལྔ་དང་། མི་དགེ་བ་བཅུ་དང་།འདུ་བྱེད་ཀྱི་ཕུང་པོ་སྣ་ཚོགས་དང་འདྲེས་ཤིང་འདུས་ན། རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་ཡང་ནད་དང་གནོད་པ་དང་སྐྱོན་སྣ་ཚོགས་པ་འབྱུང་ཞིང་། གཞན་ཡང་འཇིག་རྟེན་གྱི་ཁམས་རྣམས་སུ་ཡང་འཁྲུག་པ་ལ་སོགས་པ་གནོད་པ་སྣ་ཚོགས་སུ་འབྱུང་བ་སྟེ། དེའི་ཕྱིར་ན། བླ་མ་སློབ་དཔོན་དང་སྒོམ་ཆེན་པ་ལ་སོགས་པ་རླུང་སེམས་ཉོན་མོངས་པ་དུག་ལྔ་གང་དང་གང་། ཅི་ལྟར་རླུང་སེམས་འདྲེས་ཤིང་འདུས་པ་བཞིན་དུ། དེའི་བུ་སློབ་དང་ཉེ་འཁོར་ལ་སོགས་པ་རྣམས་དང་བླ་མ་སློབ་དཔོན་ཡིན་ན་ཡང་། བརྒྱུད་པ་ནས་བརྒྱུད་པ་ན་མར་ཡང་དུག་ལྔའི་ཕྲིན་ལས་ལོག་པ་རྒྱུན་ཆད་མེད་པར་འབྱུང་བར་འགྱུར་བ་སྟེ། དེའི་ཕྱིར་ན་སྐབས་འདིར།སྐྱོན་ཡོན་ཏན་དུ་བསྒྱུར་བ་དུག་ལྔ་ཡེ་ཤེས་སུ་ངོ་སྤྲོད་པ་སྡུག་བསྔལ་བདེ་བར་འཆར་ནུས་པའི་རྗེ་བཙུན་ཏཻ་ལོ་དང་ནཱ་རོའི་གདམ་ངག་དང་། བྱིན་བརླབས་དངོས་གྲུབ་ལ་མངའ་བརྙེས་པའི་སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་གལ་ཆེ་བར་གདའོ། །སྐབས་འདིར་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་གསར་མའི་ཕ་རྒྱུད་མ་རྒྱུད་

(༣༧༣)རྣམས་ཀྱི་ལུང་དང་མན་ངག་དང་previous hit དགོངས next hit་རྣམས། དབང་པོའི་ཚུལ་དུ་ནོར་བུ་ལྟ་བུའི་ལུང་རྣམས་མུ་ཏིག་བཙར་ལ་བརྒྱུས་པ་ལྟ་བུར་བསྒྲིགས་ནས།དེའི་སྒྲ་དང་འདོན་མན་ངག་རྟོགས་པ་ཡེ་ཤེས་ཀྱི་གནད་རྣམས།མ་འོངས་པའི་གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་ཀྱི་དོན་དུ། ཐབས་དང་ཤེས་རབ་དབྱེར་མེད་པའི་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་ཡེ་ཤེས་དཔལ་གྱི་རྡོ་རྗེ་ཡི་ཞལ་གདམས་གདམ་ངག་ངོ་སྤྲོད་གསལ་བར་བགྱིས་པའོ། །རྣལ་འབྱོར་ཆེན་པོ་གསར་མའི་ཐབས་དང་ཤེས་རབ་དབྱེར་མེད་མཁའ་འགྲོ་རྒྱ་མཚོ་རྡོ་རྗེ་མཁའ་འགྲོ་དང་། བདེ་མཆོག་གསང་འདུས་དགྱེས་རྡོར་གདན་བཞི་དང་།དུས་ཀྱི་འཁོར་ལོས་ཀུན་ཁྱབ་སྒྲ་དོན་འོ་མའི་རྒྱ་མཚོ་ལས། རླུང་སེམས་ལྷན་སྐྱེས་མར་གྱི་སྙིང་པོ་ལྟར།རྟོགས་དང་མ་རྟོགས་གཉིས་ཀྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གསང་བའི་དབང་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཐར་ཕྱིན་ཅིང་ངོ་སྤྲོད་པ།སྐྱེ་བ་འདི་ཉིད་ལ་སྐུ་ལྔའི་སངས་རྒྱས་རང་ལ་རྫོགས་པའི་བར་སྐབས་བསྟན་པའོ།།སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས།ཁྱད་པར་དུ་རྣལ་འབྱོར་ཆེན་པོ་གསར་མའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས།ཁམས་གསུམ་པའི་སེམས་ཅན་འདི་རྣམས་ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲིབས་ཤིང་། །སེམས་རྡོ་རྗེ་རིགས་ཀྱི་གནས་ལུགས་དང་། ལུས་རྡོ་རྗེ་རིགས་ཀྱི་གནས་ལུགས་དང་། རྩ་རྡོ་རྗེ་རིགས་ཀྱི་གནས་ལུགས་དང་།བྱང་ཆུབ་ཀྱི་སེམས་རྡོ་རྗེ་རིགས་ཀྱི་གནས་ལུགས་ཏེ།གནས་ལུགས་བཞི་པོ་འདི་ལས་ལོག་པར་རྟེན་འབྲེལ་འགྲིག་

(༣༧༤)པ་ལས། སེམས་ཅན་གྱི་ལུས་སེམས་སུ་འགྱུར་བ་ཡིན།གསང་སྔགས་རྡོ་རྗེ་ཐེག་པའི་རླུང་སེམས་གནད་ཀྱི་མན་ངག་གིས། ཐབས་དང་ཤེས་རབ་དབྱེར་མེད་དུ་ལམ་བསྒྲོད་ཅིང་།ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་ཤིང་རླུང་སེམས་ཅི་ལྟར་འདུས་པ་བཞིན་དུ་རྒྱལ་བའི་དཀྱིལ་འཁོར་རང་ལ་རྫོགས་པ་སྟེ། དེའི་ཕྱིར་ན།རྟོགས་མ་རྟོགས་གཉིས་ཀྱིས་འཁོར་འདས་གཉིས་བསྒྲུབ་པ་སྟེ།མ་རིག་པའི་ལུས་སེམས་ཆགས་ཚུལ་གནས་ཚུལ་ཁམས་གསུམ་འཁོར་བ་ལ་རྟེན་འབྲེལ་བཅུ་གཉིས་དུས་ཀྱི་འཁོར་ལོར་འདི་ཉིད་རྒྱས་པར་བསྟན་པ་སྟེ། མ་རིག་ཅིང་མ་རྟོགས་ན་ནི་ཁམས་གསུམ་འཁོར་བའི་དུས་འཁོར་ཐབས་དང་ཤེས་རབ་དབྱེར་མེད་དུ་ལམ་བསྒྲོད་ཅིང་རླུང་སེམས་གནད་ཀྱི་འཁོར་ལོ་ཡེ་ཤེས་སུ་ཇི་ལྟར་འདུས་པ་བཞིན་དུ།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རིག་འཛིན་རྣམས་ཀྱི་ཡོན་ཏན་དང་། ཕྲིན་ལས་དུས་དང་དུས་ཀྱི་འཁོར་ལོར་ཤར་བ་སྟེ། མཁས་ལ་གྲུབ་པ་ཐོབ་པའི་བླ་མ་རྣམས་ཀྱི་གདམ་ངག་དང་།ཐབས་དང་ཤེས་རབ་དབྱེར་མེད་པའི་རྒྱུད་སྡེ་རྣམས་ཀྱི་བཅུད་ཕྱུང་བ།སྲོག་རྩོལ་རླུང་གི་དུས་འཁོར་ད་ནི་རྒྱས་པར་བསྟན་པར་བྱ། ནཱ་རོ་བརྒྱུད་པས་བྱིན་བརླབས་ཤིང་དབང་པོ་ཡང་རབ་རླུང་སེམས་གཉིས་ལ་རྩལ་སྦྱོང་བའི་སྒོམ་ཆེན་པ་རྣམས་ཉོན་ཅིག།སེམས་ཅན་རྣམས་ནི་སྐྱེ་བའི་དུས།།སེམས་ཅན་རྣམས་ནི་ཐར་པའི་རྒྱུ། །དམ་པར་གྱུར་པའི་སྙིང་རྗེ་ཡིས། །སྣ་ཚོགས་ཚད་ཀྱང་ལུས་ལའོ། །ལུས་སེམས་རྟེན་འབྲེལ་འགྲིག་པ་ལས། །སེམས་ཅན་ཞེས་བྱར་བརྗོད་པ་ཡིན། །ས་དང་ཆུ་དང་མེ་རླུང་རྣམས། །ཤེས་བྱ་རང་རང་ཡི་

(༣༧༥)གེ་རྣམས། །རིགས་ཀྱི་གཙོ་དང་ལྷ་ཡི་གཞུ། རླུང་རྣམས་ར་ཤའི་འཁོར་ལོ་དང་།།ཟླ་བ་ཉི་མ་སྒྲ་གཅན་རི། གདེངས་ཀ་ཡིད་སྐྱེས་ལྷ་ཡི་གནས། །འཁོར་ལོ་དང་ནི་སྐར་མར་བཅས། །འཕོ་བ་ཟླ་བ་ཟླ་ཕྱེད་དང་། །ཉིན་དང་མཚན་མོ་ཚེས་ལ་སོགས།།ལུས་ཀྱི་དབུས་སུ་མཐའ་དག་ནི། །རྣམ་པ་གསུམ་དུ་ཁྱབ་བདག་འགྲོ། །རྣལ་འབྱོར་པས་སྟོང་བྱེ་རྣམས་ཀྱིས། །ལུས་འདི་ལ་ནི་ཁམས་ཀྱི་ཚོགས། །མ་ལུས་པ་ནི་སྐྱེ་བར་འགྱུར། །རོ་དྲུག་ཟས་དང་སྐོམ་ལས་ཏེ། །འབྱུང་བ་རྣམས་ལས་རོ་དྲུག་ནི། །ངེས་པར་ཁོ་ནར་འགྱུར་བ་སྟེ། །འབྱུང་བའི་ཚོགས་ནི་ནམ་མཁའ་ལ། །སྟོང་པའི་ཡེ་ཤེས་རྣམ་པར་བསྲེ། །རོ་ནི་མཉམ་པོར་འགྱུར་བ་ནི། །མི་འགྱུར་བ་དང་རྟོག་པ་ཡི། །དེ་ལྟར་འབྱུང་བ་གནས་ཞི་བ། །སྲིད་པ་རྣམ་པ་གསུམ་དུ་སོང་། །རང་གི་ལུས་ལ་རིག་པར་བྱ། །ས་བོན་འཛིན་པ་ས་ཡིན་ཏེ། །པདྨར་སོང་བ་དེ་རྗེས་སུ། །གང་སྐྱེ་བ་ནི་ཆུ་དེ་རྣམས། །མེ་དེ་རྟོག་པར་བྱེད་པའོ། །རོ་དང་རོ་རྣམས་ཟོས་པ་རྣམས། །རླུང་གིས་འདི་ཡི་འཕེལ་བའོ། །འཕེལ་བས་ནམ་མཁས་གོ་སྐབས་ནི། །སྟེར་རོ་མི་ཡི་བདག་པོ་ཀྱེ། །དུས་ལས་གྲུབ་པ་ཁོ་ན་འོ། །སྐྱེས་པ་ཡིས་ནི་དུས་ལས་དང་། །བྱིས་པ་ལ་སོགས་གཏིང་དུས་སུ། །བཟང་པོའི་གནས་སྐབས་རྣམས་ནི་བྱེད། །ས་བོན་གྱིས་སམ་ལྕི་བ་དང་། །སྲ་བ་གསལ་བ་རུ་ནི་བྱེད། །དེ་ལྟར་ཆུས་ནི་བཞུ་བ་ཉིད། །མེས་ནི་སྨིན་པར་བྱེད་པའོ། །རབ་མཆོག་རྣམ་པ་བཅུ་

(༣༧༦)པོ་ཡི།།རླུང་གིས་འདི་ཡི་འཕེལ་བའོ། །སླར་ཡང་འཕེལ་བའི་གོ་སྐབས་ནི། །བྱེད་པ་ནམ་མཁའི་མཚན་ཉིད་དོ། །དུས་ལས་སྤྲོ་བ་ཁོ་ན་སྟེ། །སྣ་ཚོགས་དངོས་པོ་དུ་མ་ཡི། །དེའི་ལུས་ནི་ཆུང་ངུ་ཡི། །ནུས་པ་ཡིས་ནི་སྤྲོ་བར་བྱེད། །གསང་བའི་པདྨའི་ཁྲག་དབུས་སུ། །བྱང་ཆུབ་ས་བོན་སྲོག་དང་བཅས། །གང་གི་ཚེ་ནི་ལྟུང་བ་ན། །ཉ་དང་རུས་སྦལ་ཕག་པ་དང་། །མི་དང་སེང་གེ་རུ་ནི་འགྱུར། །མི་ཐུང་དགའ་དང་དགའ་བ་དང་། །ནག་པོ་སངས་རྒྱས་མི་དབང་པོ། །རྣམ་པ་བཅུ་རུ་འགྱུར་བ་ནི། །གནས་སྐབས་བཅུ་པོ་འདི་དག་གོ། །མངལ་དུ་གསུམ་སྟེ་དེ་བཞིན་གཅིག །སྐྱེ་བ་ཡི་ནི་དུས་སུའོ། །བྱིས་པ་ཡི་ནི་དུས་སུ་གཉིས། །གཞོན་ནུ་ལང་ཙོ་ལ་ནི་གཞན། །རབ་ཏུ་འགྱུར་ཏེ་རྒྱས་ལ་གཅིག །ཕྱེད་ལ་ཡང་དག་དེ་བཞིན་གཅིག།རྒས་པ་ལ་ནི་གཅིག་ཞི་བ། །ས་ཡི་ནང་དུ་ནུབ་པ་ནི། །མཐའ་མ་མངལ་སྐྱེས་རྣམས་ཀྱིའོ། །ཉ་ཡི་རྣམ་པ་ལ་ཉ་སྟེ། །ཉི་མ་ཅུང་ཟད་ན་འགྱུར་རོ། །རུས་སྦལ་རྣམས་ལ་ཡང་རུས་སྦལ། །དེ་ཡི་ཕག་པ་ཉི་མ་ཉིའི། །སྐྱེ་མཆེད་དུ་ཡང་འགྱུར་བ་སྟེ། །སྐྱེ་བ་ལ་ནི་མིའི་སེང་གེ།།བྱིས་པ་ལ་ནི་མིའུ་ཐུང་། །མི་བདག་གཉིས་ཀྱི་སོ་རྣམས་ནི། །སྐྱེ་བར་འགྱུར་བ་དགའ་བའོ། །སླར་ཡང་དགའ་བ་རུ་ནི་འགྱུར། །གསལ་བ་རུ་ནི་རྒྱུ་ཡི་ལས། །བྱེད་པར་འགྱུར་བ་ནག་པོ་འོ། །སངས་རྒྱས་ཞི་བ་བྱེད་པ་དང་། །བརྟུལ་ཞུགས་ཀྱི་ཡང་ངེས་པའོ། །འཆི་བར་འགྱུར་བ་སྙིགས་མའོ།།

(༣༧༧)ཁུ་བ་ལ་རྐང་རུས་པ་རྩ། །རྫུལ་ལས་པགས་པ་དང་ནི་ཁྲག།ཤ་ནི་སྐྱེ་བར་འགྱུར་བའོ། །ཁྲག་དང་ས་བོན་རང་བསྐྱེད་པས། །བདུད་རྩིའི་རོ་རུ་འགྱུར་བའོ། །མངལ་གྱི་དབུས་སུ་ཟླ་གཅིག་གོ། །ཕྱི་ནས་ས་བོན་གྱི་མྱུ་གུ། །རང་གི་སྙིང་དུ་རྩ་རྣམས་ནི། །ཤིན་ཏུ་ཕྲ་བ་རྣམ་པ་བཅུ། །ལྟེ་བར་བརྒྱད་ཕྲག་བརྒྱད་གཞན་དང་། ལག་པ་དང་ནི་རྐང་པ་ཁར། །སྟེང་དང་འོག་ཏུ་སྦྲུལ་བསྣམས་པ། །ཟླ་བ་གཉིས་པ་རྫོགས་པ་ན། །འདིར་ནི་ཅུང་ཟད་སྣང་བ་ཡིན། །ལག་པ་རྐང་པ་འགྲིག་པ་དང་། །མགོ་བོ་མཉམ་པར་འགྱུར་བ་ནི། །ཟླ་བ་གསུམ་པ་རྫོགས་པ་ནའོ།།ཟླ་བ་བཞི་པ་ལ་ཕྲ་མོ།།ལག་པ་རྐང་པ་ཁ་དང་ནི། །མགྲིན་པའི་ཕྱོགས་ཀྱི་རྩ་རྣམས་སོ། གཞན་ཡང་ཟླ་བ་ལྔ་པ་ལའོ།།ཤ་དང་རུས་པ་ནམ་མཁའ་དང་། རོ་དང་མི་ཡི་ཚད་རྣམས་སོ།།ཟླ་བ་དྲུག་པ་ལ་ཤ་དང་།།ཁྲག་ཏུ་ཡང་ནི་འགྱུར་བ་སྟེ།།བདེ་དང་སྡུག་བསྔལ་ཚོར་བ་འོ། །གཞན་ཡང་ཐུབ་པ་མཆོག་ལ་ནི། །སྨིན་མ་སྐྲ་དང་བུ་ག་སྤུ།།ལྷག་མ་དེ་ནི་རྩ་རྣམས་སོ། །ཟླ་བའི་རྗེས་སུ་སྐྱེ་བ་ནི། །ཉི་མ་སོ་སོའི་དབང་ལས་ཉེ། །སྟོང་པ་སྟོང་པ་མིག་གི་གྲངས། །ཚིགས་རྣམས་རུས་པ་དང་ནི་རྐང་། །རོ་ཅན་བཅིན་དང་གཤང་བ་ནི། ཟླ་བ་བརྒྱད་པ་ནི་འགྱུར། །བུ་ག་ཞེས་བྱར་རག་སྡུག་བསྔལ་སྐྱེ་བར་འགྱུར་བའི་དུས་སུ་ནི། །ད་ནི་སྐྱེས་གནས་ཀྱིས་གཟིར་རོ། །མངལ་དུ་གནས་ནས་སྡུག་བསྔལ་དང་། །སྐྱེ་བའི་དུས་སུ་སྡུག་པ་

(༣༧༨)དང་། །བྱིས་པའི་དངོས་པོ་ན་ཡང་སྡུག།གཞོན་ནུ་ལང་ཙོ་དུས་ན་ཡང་། །བུད་མེད་ནོར་གྱི་འབྱོར་བྲལ་བ། །ཉོན་མོངས་སྡུག་བསྔལ་ཆེ་བ་གང་། །རྒས་པ་ན་ནི་འཆི་སྡུག་བསྔལ། །སླར་ལ་ཡང་ནི་དུ་འབོད་། རྩོགས། །འགྲོ་བ་དྲུག་ཏུ་འཇིགས་སྟེར་རོ། །འགྲོ་བ་འདི་དག་ཐམས་ཅད་ནི། སྒྱུ་མ་དག་ལ་རྨོངས་པ་ན། །སྡུག་བསྔལ་ལས་ནི་སྡུག་བསྔལ་འཛིན། འཁོར་ལོ་རུ་ནི་མི་ཉིད་དུ། །བརྒྱ་ལམ་ལ་ནི་འགྱུར་བ་དང་། ཆོས་ཀྱི་བློ་ཡང་རྒྱ་ལམ་ན། །དེ་ཕྱིར་སངས་རྒྱས་དེས་ཆགས་པ། །དགེ་བའི་དབང་གིས་འགྱུར་བ་སྟེ། །དང་པོའི་ཐེག་པར་འཇུག་པ་ཡང་། །དེ་ཕྱིར་དཔལ་རྡོ་རྗེ་ཐེག་པར། །བརྒྱ་ལམ་ལ་ནི་མ་ལུས་བློས། །སྒོམ་པ་ལ་ནི་འཇུག་པ་དང་། །དེ་ཕྱིར་སངས་རྒྱས་ཉིད་འདོད་པ། །མཆོག་ཏུ་བདེ་བའི་གོ་འཕང་ལ། །ཀྱེ་མ་འཇུག་པ་ཤིན་ཏུ་དཀའ། །མངལ་དུ་རྣམ་པར་དག་པའི་སྐུ། །སྐྱེས་པའི་དུས་སུ་གཟུང་ནས་སུ། །སོ་རྣམས་འབྱུང་གི་བར་དུ་ཆོས། །སོ་རྣམས་རྗེ་བའི་བར་དུ་ནི། །རྒྱལ་བའི་ལོངས་སྤྱོད་རྫོགས་སྐུ་རུ། །རབ་ཏུ་འགྱུར་རོ་མི་བདག་པོ། །དེ་ནས་སྤྲུལ་པ་ཡི་ནི་སྐུ། །ངེས་པ་རུ་ནི་འགྱུར་བ་ནི། །མི་རྣམས་འཆི་བའི་མཚམས་སུའོ། །མངལ་དང་ཕྱི་རུ་རྣམ་པ་བཞི། །ཡེ་ཤེས་རྣམ་ཤེས་དབྱེ་བ་ལས། །སླར་ལ་འདི་ནི་འབྱུང་བར་འགྱུར། །རྣམ་ཤེས་ཟླ་བ་ཉི་མ་རྣམས།།པདྨ་ཡི་ནི་ནང་སོང་བ། །ཤིན་ཏུ་རྣམ་དག་མངལ་དུ་བཅས། །ཁམས་དང་ཕུང་པོ་སྐྱེ་བ་གང་། །རྣམ་པ་བཅུ་རུ་འགྱུར་བ་ནི། །རྒྱལ་བ་ཡི་ནི་ཆོས་ཀྱི་སྐུ། །དེ་ནས་ལོངས་སྤྱོད་རྫོགས་

(༣༧༩)པའི་སྐུ། །ཡོན་ཏན་དབང་གིས་བསྒྱུར་བ་ན། །རྣ་བ་སྒྲ་ལོག་སྐྱེས་པའི། །དེ་ནས་སྒྲ་ལ་སོགས་སྐྱེས་ཏེ། །སྐྱེ་བའི་དུས་སུ་སྤྲུལ་པའི་སྐུ། །སྐྱེས་ནས་དབུགས་ནི་འབྱུང་བ་རུ། །ངེས་པ་རུ་ནི་འབྱུང་བ་གང་། །དག་པའི་སྐུ་ནི་དེ་ཉིད་དོ། །དེ་ནས་སོ་ནི་སྐྱེས་པ་ན། །ཚོགས་ནི་གསལ་བ་ཡང་མེད་གང་། །དེ་བཞིན་དུ་ནི་ཆོས་ཀྱི་སྐུ། །དེ་ནས་གཉིས་སྐྱེས་རྣམས་ཀྱིས་ནི། །རྒྱལ་བའི་ལོངས་སྤྱོད་རྫོགས་སྐུའོ། །སོ་རྗེས་པ་ནས་འཆི་མཚམས་སུ། །ཕྱི་ཡི་སྤྲུལ་པའི་སྐུ་རུ་ནི། །མངལ་དུ་དཔལ་སྐུ་རྡོ་རྗེ་སྟེ། །ཡེ་ཤེས་དང་ནི་རྣམ་ཤེས་འདྲེས། །ཉི་མ་ཟླ་བ་ལྷན་ཅིག་ཏུ། །མངལ་དུ་བརྟེན་པའི་རིམ་པ་ཡིས། །སྐུ་ཡི་རྡོ་རྗེ་ལ་སོགས་པ། །སྟོབས་དང་ལྡན་པར་རབ་ཏུ་འགྱུར། །དང་པོར་འདིར་ནི་འགྱུར་བ་སྟེ། །སྐྱེས་ལ་གསུང་གི་རྡོ་རྗེའོ། །སོ་སྐྱེས་པ་ནི་ཐུགས་རྡོ་རྗེ། །བྲུལ་ནས་དེ་ནི་སླར་ལ་ཡང་། །སྐྱེས་པ་ཡེ་ཤེས་རྡོ་རྗེ་སྟེ། །ཡེ་ཤེས་རྡོ་རྗེ་སོར་ཀུན་ནོ། །ས་ཡི་ནང་དུ་བྱིན་ཟ་སྟེ། །སྟོང་པའི་ནང་དུ་རླུང་དང་ནི། །འཛིན་བྱེད་དག་ནི་བརྟེན་པར་འགྱུར། །རླུང་དང་ས་ཡི་ནང་དུ་ནི། །ཆུ་ནི་ཡོད་པར་འགྱུར་བ་སྟེ། །རང་བཞིན་མེད་པའི་རང་བཞིན་ནོ། །ཆུ་ལ་ས་ནི་བརྟེན་པ་སྟེ། །འདི་རུ་འབར་ལ་ཆུ་ནི་བརྟེན། །རླུང་ལ་སྨིན་བྱེད་བརྟེན་པའོ། །སྟོང་ལ་རླུང་བརྟེན་མི་དབང་པོ། །རྟེན་དང་བརྟེན་པ་དག་གྱུར་པ། །ཇི་ལྟ་བ་བཞིན་དུ་ནི་འགྱུར། །ཕུང་པོའི་བརྟེན་ནི་འབྱུང་བ་སྟེ། །མཆོག་གི་ལུས་ལ་འགྱུར་བའོ། །འབྱུང་བའི་ཚོགས་ཀྱི་རྟེན་རྩ་གནས། །

(༣༨༠)རྩ་རྣམས་ཀྱི་རྟེན་སྲོག་གི་རླུང་། །རྣམ་པ་བཅུ་རུ་འགྱུར་བའོ། །སེམས་ཅན་སྲོག་གི་རླུང་དང་ལ། །དེ་ནི་སེམས་ཀྱི་རང་བཞིན་གསུམ། །ཡོན་ཏན་གྱི་ནི་དབང་གིས་འགྱུར། །རང་གི་རང་གི་རང་བཞིན་མེད། །འཛིན་པའི་རྟེན་དང་རྣམ་པ་གསུམ། །སྲིད་པ་གསུམ་གྱིས་རྒྱུད་པ་ཡིས། །མི་ཤིགས་ཀུན་ཏུ་འགྲོ་བ་གང་། །ས་ལས་དྲི་སྐྱེས་ཡང་མེ་རོ། །ཆུ་ཡིས་གཟུགས་ཏེ་རླུང་རེག་བྱ། །ཞི་བ་ལས་ནི་དྲག་པར་འགྱུར། །ནམ་མཁའ་ལས་ནི་ཆོས་ཀྱི་དབྱིངས། །སྟོང་པ་ལས་བྱུང་སྒྲ་ནི་འཛིན། །རྒྱལ་བ་བསྐྱེད་པར་བྱེད་པ་ཉིད། །ཆོས་ཀྱི་དབྱིངས་དང་རླུང་དང་ནི། །མེ་དང་གཟུགས་དང་རོ་དག་དང་། །ཆུ་དང་རེག་བྱ་འཛིན་བྱེད་ཉིད། །ས་ལས་གཟུགས་ནི་གྲུབ་པ་སྟེ། །སྲིད་པ་གསུམ་གྱི་གནས་སུ་ཡང་། །ཆུ་ལས་འདུ་ཤེས་གྲུབ་པ་ཡིན། །མེ་ལས་ཚོར་བ་ཉིད་འགྱུར་ཏེ། །རླུང་ལས་འདུ་བྱེད་ཕུང་པོར་འགྱུར། །ཡེ་ཤེས་རྣམ་པར་ཤེས་འདྲེས་པ། །དེ་ནི་ནམ་མཁའ་རིགས་ཀྱི་བདག །འདི་རུ་ལུས་ལ་གྲུབ་པ་ཉིད། །ཁམས་དང་ཕུང་པོ་ལ་སོགས་ཀུན། །རྡུལ་དང་བྱང་ཆུབ་སེམས་སོགས་ཀྱི། །སྦྱོར་བ་ལས་ནི་འགྲུབ་པར་འགྱུར། །རྣ་བ་རྡོ་རྗེ་རང་བཞིན་དུ། །སེམས་ནི་ནམ་མཁའི་དངོས་པོ་འོ། །སྣ་ནི་ས་ཡི་རང་བཞིན་འགྱུར། །དེ་བཞིན་ལྕེ་ནི་མོ་དངོས་ཉིད། །མིག་ནི་ཆུ་ཡི་རང་བཞིན་ཏེ། །སྲིད་པ་གསུམ་གྱི་གནས་སུ་ནི། །ལུས་ནི་རླུང་གི་དངོས་པོ་ཡི། །དེ་ལྟར་རྣ་བ་ལ་སོགས་ཀུན། །དུ་འགྱུར་ཡོན་ཏན་དབང་གིས་ཏེ། །ཡེ་ཤེས་རྣམ་ཤེས་འབྱོ་བ་ལས། །ཡེ་ཤེས་ཁམས་ལས་སེར་སྣ་ནི། །མཆོག་གི་ལུས་ལ་འགྱུར་པས་སྟེ། །མཁའ་ལས་ཞེ་

(༣༨༡)སྡང་རྡོ་རྗེའོ། །རླུང་ལས་ཕྲག་དོག་རྡོ་རྗེ་སྟེ། །མེ་ལས་གསལ་བར་འགྱུར་བ་སྟེ། །འདོད་ཆགས་རྡོ་རྗེ་དེ་བཞིན་ནོ། །ཆུ་ལས་ང་རྒྱལ་དཔལ་རྡོ་རྗེ། །ས་ལས་གཏི་མུག་རྡོ་རྗེ་སྟེ། །རང་བཞིན་ཡོན་ཏན་དབང་གིས་སོ། །ངག་ལག་རྐང་པ་གཤང་བའི་སྒོ། །རླུང་དང་མེ་དང་ཆུ་དང་ནི། །ས་རྣམས་ལ་ནི་ཐམས་ཅད་འགྱུར། །ཡེ་ཤེས་ཁམས་ལས་ཐུར་སེལ་ཏེ། །འདི་ནི་རྣམ་པ་གསུམ་དུ་འགྱུར། །སྟོང་པ་ལས་ནི་སྲོག་གི་རླུང་། །རླུང་གི་དབུས་ལ་མཉམ་པའོ། །མེ་ལས་གྱེན་དུ་རྒྱུ་བ་སྟེ། །ཆུ་ལས་ཁྱབ་པར་བྱེད་པ་ཉིད། །ས་ལས་ཀླུ་འབྱུང་དེ་ལས་ནི། །རུས་སྦལ་རྩངས་པ་དག་གི་རླུང་། །ལྷ་སྦྱིན་དང་ནི་ནོར་ལས་རྒྱལ། །བཞི་པོ་རླུང་དང་མེད་དང་ནི། །ཆུ་དང་ས་ལས་རིམ་བཞིན་འབྱུང་། །སྟོང་པའི་ཁམས་ལས་གཙུག་ཏོར་ནི། །ལྷ་དང་མི་རྣམས་ཀྱི་འགྱུར་རོ། །ཡེ་ཤེས་ཁམས་ལས་གསང་འཁོར་ལོ། །རླུང་གི་ཁམས་ལས་སྙིང་པདྨ། །གསལ་བར་རྩེ་མོ་ཅན་གྱིས་ནི། །མགྲིན་པའི་འཁོར་ལོ་ཆ་ལས་ནི། །སྨིན་མའི་དབུས་ཀྱི་པདྨར་གསལ། །བརྒྱད་ཀྱི་བརྒྱད་བསྒྲེས་འདབ་པ་ཅན། །ལྟེ་བ་ཡི་ནི་པདྨ་ལས། །རྐང་པ་ལག་པ་དག་ཚིགས་དྲུག །ས་དང་ཆུ་དང་བསྲེགས་ཟ་བ། །རླུང་རྣམས་ལས་ནི་གྲངས་གསུམ་མོ། །ས་ལ་སོགས་པ་ཁམས་ལྔ་དང་། །ཡོན་ཏན་གསུམ་གྱི་དབང་གིས་ནི། །ལག་པ་རྐང་པ་རྣམས་སུ་འགྱུར། །ཐེ་བོ་ལ་སོགས་སོར་མོ་ལས། །བཅུ་རྣམས་གསུམ་དུ་བསྒྲོས་པ་ནི། །ཚིགས་ཀྱི་གཟུགས་ནི་མ་ལུས་པ། །དེ་རྣམས་རྩ་ནས་སོན་མོའི་མཐར། །སླར་ལ་ཡང་ནི་སོ་

(༣༨༢)རྣམས་ནི། །དེ་ལྟར་དེ་ཉིད་རབ་དབྱེས་སོ། །གཞན་ཡང་བ་སྤུ་ཡི་ནི་གཟུགས། །མཆོག་གི་ལུས་སུ་འགྱུར་བ་ནི། །དེ་དག་དེ་ལས་ཁམས་ལས་འོ། །གསང་བ་གཙུག་ཏོར་ལྟེ་བ་རུ། །ལྷན་ཅིག་སྐྱེས་པ་རྒྱལ་བའི་སྐུ། །རང་བཞིན་མེད་པའི་རང་བཞིན་ནོ། །སྙིང་གི་པདྨར་ཆོས་སྐུར་འགྱུར། །སྤྱི་བོའི་པདྨར་སྤྲུལ་པའི་སྐུ། །མགྲིན་པར་ལོངས་སྤྱོད་རྫོགས་པའི་སྐུ། །ཡོན་ཏན་གྱི་ནི་དབང་གིས་འགྱུར། །ལྷག་པའི་ལྷ་ནི་རིམ་པ་བཞིན། །སྙིང་གའི་འཁོར་ལོ་མགྲིན་འཁོར་ལོ། །སྤྱི་བོ་ཡི་ནི་པདྨ་ཡང་། །ཆོས་དང་ལོངས་སྤྱོད་རྫོགས་དག་པའོ། །ལྟེ་བ་མགྲིན་པ་གསང་བ་དང་། །སྤྱི་བོ་དང་ནི་སྙིང་ག་དང་། །དེ་བཞིན་གཙུག་ཏོར་གྱི་དབུས་སུ། །ཕ་དང་མ་ཡི་རིམ་པ་ཡིས། །ལུས་དང་ངག་དང་སེམས་རྡོ་རྗེ། །རྣམ་པ་གསུམ་དུ་ཡང་འགྱུར་རོ། །འཁོར་ལོ་རིན་ཆེན་པདྨ་དང་། །ཆུ་སྐྱེས་རལ་གྲི་འཛིན་པ་མཁའ། །རྡོ་རྗེ་འཛིན་པ་རིགས་དྲུག་གོ། །དེ་རྣམས་སྟེང་དང་འོག་རྩ་གསུམ། །ལམ་ནི་རྣམ་པ་གསུམ་སོང་བ། །ཟླ་བ་ཉི་མ་མེ་བྱེ་བས། །ལུས་ལ་དངོས་པོ་འཇུག་པ་དང་། །དངོས་པོ་དབུས་སུ་ལུས་འཇུག་པ། །ནམ་མཁའ་བཞིན་དུ་རོ་མཉམ་པ། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །རང་བཞིན་ཡོན་ཏན་དབང་གིས་ནི། །ཁམས་ཀྱི་ཁ་དོག་སོགས་དབྱེ་བས། །རང་མདོག་སེར་པོ་ནག་པོ་དང་། །དམར་པོ་དང་ནི་དཀར་པོ་ནི། །ས་དང་རླུང་དང་མེ་དང་ཆུས། །ནམ་མཁའ་དང་ནི་ཡེ་ཤེས་ནི། །ལྗང་གུ་དང་ནི་སྔོན་པོར་འགྱུར། །ལུས་ཀྱི་དངོས་པོས་རབ་དབྱེས་སོ། །རྒྱུས་པ་

(༣༨༣)ཤ་ནི་ཤེས་རབ་ཐབས། ཆུ་དང་ཁྲག་ཏུ་བཅས་པའོ། །སྨིན་པར་བྱེད་དང་ལྕི་བ་ཉིད། །རླུང་དང་གཤང་བ་རྡུལ་ཁུ་བ། །མཆོག་གི་ལུས་ལ་གནས་འགྱུར་བ། །དཔལ་གྱི་རྡུལ་དང་སེམས་ཉིད་དོ། །རྣ་བ་སྒྲ་ལ་སོགས་པ་གཞན། །རང་གི་རྒྱལ་བའི་རིགས་དབང་གིས། །ངག་གི་ངོ་བོ་ལ་སོགས་པ། །དེ་ལྟར་ལྷ་མོར་བཅས་སངས་རྒྱས། །ཡུལ་དང་ཡུལ་ཅན་དག་གིས་ནི། །དཀྱིལ་འཁོར་དག་ནི་ཤེས་པར་བྱ། །སྟོང་ཕྲག་དྲུག་གི་རྩ་རྣམས་ལ། །ཉིན་མོ་བྱེད་པ་ཡིས་བསྒྲེས་པ། །མངལ་གྱི་དབུས་སུ་ཡང་བྱས་པ། །ལོ་རྫོགས་པ་དང་རི་འོང་ནི། །འཛིན་པའི་འཕེལ་བ་མདོར་མ་འགྱུར། །ཉི་མ་ཡང་ནི་འཕེལ་བྱེད་པ། །ལོ་ནི་བཅུ་གཉིས་བར་དུ་འོ། །དེ་ནས་ཉིན་མོ་བྱེད་པ་འདོད། །ལུས་ལ་ཁམས་ནི་འཕེལ་བ་དང་། །སྐྱེ་གནས་རྩ་རྣམས་ཆད་འགྱུར་ཏེ། །ཟུང་གི་གྲངས་ཀྱི་རིམ་པ་ཡིས། །ཉིན་ཞག་ཉིན་ཞག་ལ་ནི་འགྱུར། །དཔལ་གྱི་འབྱུང་བ་དབང་པོ་རྣམས། །བཅུ་ཡི་བདག་ཉིད་དུ་ནི་འགྱུར། །ལས་ཀྱི་དབང་པོ་ལྔ་རྣམས་དང་། །དེ་ཡི་ཚད་ལྔ་ཡང་གསུངས་པ། །ཡོན་ཏན་དང་ནི་བཅས་པའི་ཡིད། །བློ་དང་གང་འཛིན་ལྷ་མོ་རྣམས། །ལུས་ལ་དེ་ཉིད་འདི་རྣམས་ནི། །སྲིད་པ་གསུམ་གྱི་གནས་དག་ཏུ། །འབྱོར་པ་འདི་ལ་ལོངས་སྤྱོད་པ། །ཕུང་པོ་ལྔ་ཡི་བདག་ཉིད་ཀྱི། །སྲིད་པ་རྣམ་པ་གསུམ་སོང་བ། །བསགས་པར་འགྱུར་བའི་ལས་ཀྱིས་སོ། །ས་དང་ཆུ་དང་མེ་དང་རླུང་། །བུ་ག་སྟོང་པ་རུས་བསྟན་པས། །ལྷ་ཡིས་རི་བོའི་རྩེ་མོ་ནས། །འདིར་ནི་བདུད་རྩི་འབབ་པར་འགྱུར། །

(༣༨༤)རྡོ་རྗེ་སྒྲ་དང་གཞུ་ནི་གང་། །ཆུ་ཚོད་གྲངས་སུ་རྩིས་པ་ཡིས། །རླུང་སྟོང་བ་དང་རྔུབ་པ་དག །དབུགས་ནི་དྲུག་བཅུ་མི་ཚངས་པ། །རྣམ་པར་དག་པའི་རྒྱུ་བར་འགྱུར། །པདྨ་ནོར་གྱི་འདབ་མ་ལ། །སྲོག་དང་འཐུར་དུ་སེལ་བ་དང་། །མཉམ་དང་གྱེན་དུ་རྒྱུ་བ་དང་། །ཁྱབ་བྱེད་ཀླུ་དང་རུས་སྦལ་དང་། །རྩངས་པ་ལྷས་སྦྱིན་ནོར་ལས་རྒྱལ། །རྩ་ཡི་འཁོར་ལོ་འདི་དག་ལ། །རླུང་ནི་རྣམ་པ་བཅུ་པོ་དག །ལས་ཀྱི་དབྱེ་བས་ཡང་དག་གནས། །དང་པོ་ཨ་ད་དུ་ཅན་མཐར། །རང་གི་སྙིང་གི་པདྨ་ལ། །རྩ་ཡི་འཁོར་ལོ་བསྡུས་པའོ། །སྲོག་བྱེད་པ་ནི་རླུང་གི་རླུང་། །ཉི་མ་ཟླ་བའི་ལམ་སོང་བས། །བཟའ་དང་བཏུང་བ་མ་ལུས་པའི། །འདོད་པར་འགྱུར་བ་ཐུར་སེལ་ལོ། །ལུས་ལ་རོ་ནི་ལ་ལུས་པ། །མཉམ་པར་བྱེད་པ་མཉམ་པའོ། །ཁ་ལག་རྐང་པ་གླུ་གར་བྱེད། ལུས་བཅས་དགའ་བ་གྱེན་རྒྱུའོ། །ཁྱབ་བྱེད་ནད་ནི་བྱེད་པ་སྟེ། །རང་བཞིན་ཡོན་ཏན་དབང་གིས་ནི། །ལུས་འཇིག་པ་ནི་དེ་བཞིན་ནོ། །སྐྲག་པར་བྱེད་པ་ཉིད་ནི་རླུང་། །གསལ་བར་ལག་པ་རྐང་པ་དང་། །བསྐུམ་པར་བྱེད་པ་རུས་སྦལ་རླུང་། །ཀུན་ནས་ཁྲོ་དང་འཁྲུགས་པ་དག །དེ་བྱེད་རྩངས་པ་ཡི་ནི་རླུང་། །སྐྱིགས་བུ་ཅན་ནི་ལྷས་སྦྱིན་ནོ། །ལུས་ནི་ལྔ་པར་སོང་ན་ཡང་། །མི་ཡི་དབང་པོ་མི་འདོར་ཏེ། །ནོར་རྒྱལ་ཞེས་པ་རླུང་གཅིག་པུ། །དེ་ལྟར་སྲོད་ལ་སོགས་ཐམས་ཅད། །རང་བཞིན་ཡོན་ཏན་རྣམས་སོང་བ། །རླུང་ནི་འདོར་བར་མི་འགྱུར་རོ། །ཁམས་པ་ཕྲ་མ་ཨི༚་དང་སོགས། །ལམ་ནི་རྣམ་པ་གསུམ་པོ་བ། །སྣང་མ་གླང་པོ་ཆེ་ཡི་རྩ། །རྒྱལ་

(༣༨༥)ནི་དྲུག་པ་རྒྱལ་ལ་རི། །གཞན་ཡང་ནོར་དང་དགུགས་པ་ནི། །འཕྱང་བ་དཔལ་ནི་ཚུལ་འཆོས་པ། །ཕྱོགས་ཀྱི་གྲངས་ནི་དུང་ཅན་འགྱུར། །བྱང་ཆུབ་ས་བོན་བདེ་བའི་མཐར། །རྩ་ཡི་འཁོར་ལོ་འདི་དག་ནི། །ཟུང་ཕྲག་དགུ་བརྒྱ་ཐམ་པ་ནི། །ཉིས་འགྱུར་འཕོ་བ་གཅིག་ཏུ་འགྱུར། །གཟའ་སྤྱད་བུ་གའི་དབྱེ་བས་སོ། །རྒྱུ་སྐར་སོ་ཡི་ཕྲེང་བ་སྟེ། །ཉི་མའི་སོ་ཡི་ཆུ་ཚོད་ནི། །ཚིག་རྣམས་ཀྱི་ནི་དབྱེ་བར་འགྱུར། །ཆུ་བོ་རྩ་དང་སྤྲིན་རྒྱུ་ལ། །གཞན་ཡང་རི་བོང་ཅན་གྱི་ཆ། །ཁམས་ནི་གཉིས་ཀྱི་རང་བཞིན་ནོ། །བ་སྤུ་ཤིག་དང་ཁུ་བ་དང་། །སྲིན་བུ་ཡི་ནི་ལྷན་ཅིག་པ། །འབྱུང་བའི་སྐྱེ་གནས་རྣམ་པ་བཞི། །དགའ་བ་ལ་སོགས་སོར་མོའི་ཚོགས། །སྤྱི་བོ་ཡི་ནི་པདྨ་དང་། །གསང་བའི་པདྨའི་ནུས་པའོ། །ཚངས་གནས་མཐོ་རིགས་འཇིག་རྟེན་ཏེ། །མཆོག་གི་ལག་པ་རྐང་པ་དང་། །མི་ཡུལ་ས་འོག་འཇིག་རྟེན་ནོ། །རྒྱ་མཚོ་གླིང་དང་རི་རབ་ནི། །ཞུ་བ་འཇམ་པ་སྔ་བ་ཡི། །ཁམས་རྣམས་གསུམ་གྱི་རང་བཞིན་ནོ། །བ་ཚའི་རྒྱ་མཚོ་དྲི་ཆུ་ཉིད། །མེ་དང་རླུང་གི་འཁོར་ཡུག་ནི། །ཁྲག་དང་པགས་པ་དག་རྒྱལ་པོ། །སྒྲ་ནི་མཐའ་དག་དུ་སྐྱེས་པ། །སྲིད་པ་གསུམ་གྱི་གནས་སུ་ནི། །དུ་མའི་དབྱེ་བ་རྣམས་གྲུབ་པའོ། །སྙིང་ག་མགྲིན་པ་ལྟེ་པདྨར། །སྨིན་བྱེད་ཉི་མ་རྩེ་མོ་ཅན། །གཞུ་ཡི་རྣམ་པ་ཟླུམ་པོ་དང་། །ཐབ་ཁུང་གྲུ་བཞི་པ་ཡི་ནི། །ཡང་དག་སྲོ་བའི་རིམ་པ་ཡིས། །ཉི་མ་རེ་རེ་སྦྱིན་བསྲེག་གོ། །དེ་རྣམས་སྟེང་དུ་མེ་ནི་གཞན། །འཕྲོ་བ་དྲི་མ་མེད་པ་

(༣༨༦)དང་། །ཡེ་ཤེས་ལུས་དང་མུན་པའི་མཐར། །གང་དུ་ཉི་མའི་གདུང་བྱེད་ཅིང་། །རི་བོང་འཛིན་པ་མེད་པ་དང་། །གཟའ་དང་སྐར་མ་ལ་སོགས་མེད། །སྙིང་གི་པདྨར་གཟའ་རྣམས་ནི། །ཆུ་ཚོད་རྣམས་ནི་གསལ་བ་ཉིད། །ལྟེ་བའི་པདྨར་དྲུག་བཅུའོ། །སྨིན་མའི་དབུས་སུ་ཧ་ཚིག་ཉིད། །མི་ཡི་བདག་པོ་ཡིད་ཀྱང་ངོ་། །ལོངས་སྤྱོད་འཁོར་ལོ་ལ་ཡང་དོར། །ལྟེ་བའི་པདྨར་རྒྱུ་སྐར་གྱི། །སླར་ལ་ཡང་ནི་ཆུ་ཚོད་རྣམས། །རྣལ་འབྱོར་པ་ཡིས་རིག་པར་བྱ། །ཆུ་ཚོད་ཆུ་སྲང་དྲུག་བཅུ་རྣམས། །ལག་པ་རྐང་པ་ལ་སོགས་ཚིགས། །ལོ་ནི་མཐའ་དག་ཏུ་ནི་གསལ། །ལྟེ་བའི་པདྨ་ཉི་འདབ་ལ། །མཆོག་གི་ཆ་ནི་འཁོར་བ་སྟེ། །རིམ་གྱིས་ཀུན་ཏུ་འཁོར་བའོ། །སྲོག་གི་གཟུངས་རྣམས་འཕོ་བ་ནི། །དགུ་བརྒྱའི་ཉིས་འགྱུར་དག་གིས་སོ། །ཀརྐའི་དུས་སུ་མི་དབང་པོ། །དུས་ནི་གང་ལ་ཉི་མ་གནས། །ཉིན་མོ་དང་ནི་མཚན་འཁོར་བ། །དེ་རུ་དེ་ནི་རིག་པར་བྱ། །གཡས་དང་གཡོན་དུ་འགྲོ་བ་ཡི། །དུས་ཀྱི་ཚོད་ནི་ཤེས་བྱ་སྟེ། །ནོར་དང་བུ་ལོན་རྣམ་པར་དག །པདྨའི་འདབ་མ་རེ་རེ་ལ། །ས་ནི་ནུབ་ཏུ་རྒྱུ་བ་སྟེ། །བྱང་དུ་ཆུ་དང་ལྷོ་ཏུ་མེ། །ཤར་དུ་རླུང་ནི་རྒྱུ་བའོ། །འདབ་མའི་དབུས་ནི་སྟོང་པ་སྟེ། །ལྔ་ཡི་དབྱེ་བ་འཕོ་བའོ། །དབུགས་ནི་དྲུག་བཅུ་མི་ཚངས་པ། །རྒྱུ་བ་རྣམ་པར་དག་པའོ། །དེ་ལྟར་འཕོ་བའི་དབྱེ་བ་རྣམས། །ཉི་མ་སོ་སོའི་དུས་སུ་ནི། །དུས་ཀྱི་དབྱེ་བ་རྣམས་ཀྱིས་འགྱུར། །སྟོང་པ་ལ་སོགས་དེ་ཉིད་ལྔ། །བྱང་དུ་ངེས་པར་རྒྱུ་བ་སྟེ། །ས་ལ་སོགས་པ་ལྷོ་རྒྱུའོ། །སྒྲ་གཅན་དུས་མེ་ཟླ་ཉི་མ། །

(༣༨༧)གཟའ་ལག་པ་ཡི་བུ་དག་དང་། །ལྷ་མིས་བསྔགས་པ་ལྷ་བླ་མ། །ཏོག་དང་དལ་བ་མཁའ་སོགས་ལ། །འདི་རྣམས་བཅུ་ནི་བདག་པོ་སྟེ། །དཀྱིལ་འཁོར་ཅན་ལ་ཞིང་ཅན་ནོ། །ཟླ་བ་དྲུག་ལ་ཟླ་བདག་པོ། །བྱང་དུ་མི་བདག་ལྷོར་ཉི་མ། །དེའི་སྟེང་སྙིང་པོ་འོག་ཕྱོགས་སུ། །ནོར་གྱི་པདྨའི་འདབ་མ་ལ། །རྩ་བའི་འཁོར་ལོ་ཡང་དག་གནས། །སྲོག་ལ་སོགས་པའི་རླུང་གི་ཚོགས། །རི་བོང་ཅན་དང་ཉི་མ་མེ། །གཡོན་དང་གཡས་དང་དབུས་མ་རུ། །གཡོན་གྱི་རྩ་ལས་རི་བོང་ཅན། །དཀར་པོ་འབབ་པ་ཉིད་ཡིན་ནོ། །གཡས་སུ་ཉི་མ་དམར་པོའོ། །དབུས་སུ་དུས་མེ་ཡི་ནི་གཟུགས། །ཚིག་ནི་དུ་མའི་དབྱེ་བ་ཡིས། །རྣམ་པ་མང་པོ་རུ་ནི་འགྱུར། །དབང་པོ་མེ་དང་གཤིན་རྗེ་དང་། །བདེན་བྲལ་དང་ནི་ཆུ་དང་རླུང་། །གནོད་སྦྱིན་དང་ནི་དྲག་པོ་དབུས། །གནས་འདི་རྣམས་སུ་ནུས་པ་ནི། །དེ་ཡི་ངོ་བོར་ལོངས་སྤྱོད་ཅིང་། །ཉིན་དང་མཚན་དུ་འཁོར་འགྱུར་ཏེ། །དེ་ཡི་སྟེང་གི་མགྲིན་གནས་སུ། །གཟའ་ཡི་ཚོགས་དང་ལྷན་ཅིག་ཏུ། །རྒྱུ་དཀར་འཁོར་ལོ་ཡང་དག་གནས། །ཚངས་པའི་ཡུལ་པ་དཔལ་དཔྲལ་བར། །དབྱངས་ལས་གཉིས་ནི་གཞན་དུ་བྱ། །ཐིག་ལེ་དཀར་པོ་འཛག་པར་འགྱུར། །རྩ་བར་ས་དང་གཡོན་དུ་ཆུ། །བྱིན་ཟ་གཡས་སུ་སྟེང་དུ་རླུང་། །གཉིས་ཀའི་དབུས་སུ་ནམ་མཁའ་སྟེ། །མཉམ་པོ་རུ་ནི་རབ་རྒྱུ་བ། །སྣ་ཡི་བུ་གར་རིམ་གྱིས་སོ། །སྲོག་གི་ནུས་པ་རིམ་པ་ཡིན། །མཆོག་གི་གོ་འཕང་དུ་འགྲོའོ། །རྟེན་འབྲེལ་མཐར་དང་ཕྱི་

(༣༨༨)མའི་མཐར། །ཞིང་སོགས་རྐང་པ་ལག་པ་དང་། །ལག་པའི་པདྨ་གཉིས་ཀ་ཡི། །མཐེ་བོ་མཐར་ཐུག་མཐའ་དག་གོ། །འཁོར་ལོ་ཅན་རང་ལུས་རྡོ་རྗེ། །ལྷ་མཆོག་གི་ནི་བདག་པོ་རྣམས། །ཡན་ལག་བཅུ་གཉིས་རྣམས་སུ་གྲགས། །སྙིགས་ཅན་ཡང་དག་ཡེ་ཤེས་སོ། །གླང་པོ་མྱུར་འགྲོ་ཤིང་རྟ་དང་། །འཇག་འཇུག་པ་ཡི་ཚད་ནི་གང་། །སོ་སོ་ཡི་ནི་དྲག་པོའི་མིང་། །བསྟུན་དང་ལྡན་པར་གྱུར་པའོ། །ཉན་ཐོས་ཡང་ནི་སྲོག་ལྡན་རྣམས། །སྡིག་པ་ཀླ་ཀློའི་དབང་འདུག་པ། །མི་དགེ་བ་ཡི་ལམ་ན་གང་། །བློ་བྱེད་སྡུག་བསྔལ་སྟེར་བའོ། །རྟ་གནས་པ་ནི་མ་ལུས་པ། །བདུད་ཀྱི་ཕྱོགས་ནི་རྣམ་པ་བཞི། །དེ་ཡི་སྡུད་པའི་རྩོད་པ་ནི། །སྲིད་པའི་འཇིགས་པ་དོན་མེད་པའོ། །དཔལ་གྱི་རྒྱལ་པོར་ཐར་པའི་ལམ། །ཏེ་སེ་རུ་ནི་ཆོས་སྦྱིན་པ། །སྲིད་པ་ཡི་ནི་འཇིགས་སེལ་བ། །ས་ལ་རྫས་རྣམས་རྫོགས་པའོ། །ཚངས་པ་ལྷ་ཡི་དབང་པོ་སྲས། །སུམ་བཅུ་པ་དང་མི་བླ་མ། །རྒྱབ་དང་མདུན་དུ་བསྐོར་བའོ། །འཇམ་དཔལ་འཇིག་རྟེན་མགོན་པོ་དག །སྲིད་པ་གསུམ་ན་རྣམ་རྒྱལ་བ། །དཔལ་རྔུལ་བྱང་ཆུབ་ས་བོན་ནོ། །རྒྱབ་ཏུ་ཚངས་པ་ལ་སོགས་རིགས། །སྣ་ཡི་སྟེང་ནི་སྣ་ཚོགས་པར། །སངས་རྒྱས་དུ་མ་རྣམ་པར་དག །དེ་ལྟར་ཀླ་ཀློ་དབང་པོ་ཡི། །རྩོད་པ་རུ་ནི་འགྱུར་ངེས་པ། །ལུས་ཅན་རྣམས་ཀྱི་ལུས་དབུས་དང་། །ཕྱི་རུ་སྒྱུ་མ་ཡི་ནི་གཟུགས། །ནམ་མཁའ་ཡི་ནི་ཡུལ་ཉིད་དུ། །ཀླ་ཀློ་དང་ནི་རྩོད་པ་མེད། །དུས་ཀྱི་ལོ་ནི་ལོ་གྲངས་ལ། །ལོ་ཡི་ཉི་མའི་ཚོགས་ཀྱིས་བསྣུན། །བགྲོད་

(༣༨༩)པའི་ཆ་ཡིས་རིགས་དྲུག་གོ། །ཟླ་བའི་དབྱེ་བས་སུམ་བཅུ་དྲུག །དེ་ནི་རོ་ཡིས་བསྒྲེས་པ་ཡིན། །རྣལ་འབྱོར་མ་ཡི་རིགས་རྣམས་སོ། །གཟའ་རུ་བཅད་པས་རྙེད་པ་ནི། །དུས་ཀྱི་འཁོར་ལོའི་ལྷ་རྣམས་སུ། །ངེས་པར་གསལ་བ་ཁོ་ན་འོ། །ཟླ་བ་ཕྱེད་ཀྱིས་བཅད་པས་མཚན། །ལྷ་དང་ལྷ་མོ་རྣམས་ཀྱི་འོ། །སྒྱུ་འཕྲུལ་དྲ་བ་ཉི་ཡན་ལག །རྣམ་པ་གསུམ་དུ་ཡང་འགྱུར་རོ། །བུ་ག་རིག་བྱེད་དབྱེ་བ་དང་། །ཡང་ནི་འབྱུང་བ་རྒྱ་མཚོར་འགྱུར། །མེ་དང་ཆུ་ཡི་གཏེར་རྣམས་ཀྱིས། །དཔལ་ལྡན་དུས་པའི་དབྱེ་བ་ནི། །དེ་ཁོ་ན་ཉིད་དང་དྲུག་ནི་བྲི། །སླར་ལ་ཡང་ནི་དེ་དག་གི། །ཕྱེད་ཀྱི་དབྱེ་བས་རྣམ་པར་ཕྱེ། །ཡང་ནི་གཉིས་ཀྱི་དབྱེ་བ་བསྲེ། །གསུམ་དང་བཅུ་དང་དགུ་ཕྱོགས་དང་། །བུ་ག་རྣམས་དང་དེ་ཉིད་བཅས། །ཟླ་བའི་ཆ་ཡི་ཉི་ལ་གང་། །ཉི་མའི་ཚོགས་ན་ངེས་པ་ལས། །གཟའ་ཡི་ཆ་ཡིས་རྙེད་པ་ནི། །རྡོ་རྗེ་ཅན་གྱི་ཕྱག་རྒྱ་དྲུག །དེ་རྣམས་ལས་གཞན་ཉི་མའི་ཚོགས། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི། །ཤེས་རབ་ཐབས་ལུས་ལ་དུས་གསུམ། །ངེས་པར་གསལ་བ་ཁོ་ནའོ། །རྣལ་འབྱོར་རྣལ་འབྱོར་མ་རྒྱུད་ཀྱི། །ནུས་དང་ཁྲོ་བོའི་རིམ་པ་ཡིས། །བཅུ་རུ་རབ་ཏུ་འགྱུར་བ་སྟེ། །ལྔ་ནི་སངས་རྒྱས་ལྷ་མོ་ཡི། །གཟུགས་སོགས་མི་སོགས་དྲུག་གཉིས་ཏེ། །སླར་ལ་ཡང་ནི་མི་ཡི་བདག །ལྷ་ཡི་ཚོགས་ནི་དྲུག་གཉིས་སོ། །རྣལ་འབྱོར་མ་དང་གཏུམ་མོ་ཀླུ། །བརྒྱད་དང་འདི་དག་གི་ནི་གནས། །འདི་དག་ཐམས་ཅད་གཉིས་འགྱུར་རོ། །འདི་ནི་དཔལ་དུས་འཁོར་ལོ་སྟེ། །བརྒྱད་དང་བཞི་ནི་ལྷག་པའོ། །དེ་ཡི་ཕྱེད་ནི་སྐུ་

(༣༩༠)གསུང་ཐུགས། །ཉི་མ་ཡི་ནི་ཆ་ག་ལ། །ཉིན་རེ་ལས་ནི་བྱུང་ཚོད་རྣམས། །ཟླ་བའི་ནང་དུ་དྲུག་བཅུའོ། །རྣལ་འབྱོར་མ་ནི་དེ་མཐའ་དག །སྲིད་པ་གསུམ་གྱི་གནས་དག་ཏུ། །དུས་བསྲེས་ལས་ནི་གཉིས་འགྱུར་བྱ། །ཉི་མའི་ཆ་ལ་ཉི་བར་ཕྱེ། །ཉིས་འགྱུར་དུའང་བྱས་པ་གང་། །རྣལ་འབྱོར་མ་ཡི་ཚོགས་རྣམས་འདིར། །བསྡུས་པར་གྱུར་པ་མཐའ་དག་རྣམས། །ཉི་མའི་ཉིན་ཞག་སུམ་འགྱུར་ནི། །མིང་དུ་ཡང་ནི་འགྱུར་བ་ཡིན། །ཟ་བའི་ཕྱོགས་ཀྱི་རབ་དབྱེ་དང་། །ཉིན་མོ་བྱེད་པའི་ལོ་དབྱེ་བ། །མཐའ་དག་ཏུ་ནི་འགྱུར་བའོ། །དེ་ལྟར་དང་པོའི་སངས་རྒྱས་རྒྱུད། །ཁ་དང་ལག་པ་མིག་དག་རྣམས། །ལྷ་དང་ལྷ་མོ་རྣམས་ཀྱི་ཚོགས། །ཐབས་དང་ཤེས་རབ་ཉིན་དང་མཚན། །མཚན་མོའི་ཕྱེད་དུ་ཉིན་ཕྱེད་དུ། །ཆ་ནི་མཉམ་པར་འགྱུར་བའོ། །གང་གིས་རང་གི་ལུས་ལ་ཤེས། །ཉིན་དང་མཚན་མོ་དུས་དང་ནི། །ཟླ་བ་འཕོ་བའི་དབྱེ་བས་སོ། །དེ་ནི་དཔལ་འཇམ་རྡོ་རྗེ་ཉིད། །སྲིད་པའི་འཇིགས་པ་བཅོམ་ནས་ནི། །སྐྱེ་འདི་ཉིད་ལ་སངས་རྒྱས་འགྱུར། །དེ་ལས་སུམ་བཅུ་ཡི་ནི་ཆས། །ངེས་པར་གསུམ་དུ་བསྒྲེས་པ་ནི། །དུས་ཀྱི་འཁོར་ལོའི་ལྷ་རྣམས་སོ། །ཕྱི་རོལ་གྱི་ནི་ཕྱག་རྒྱ་དྲུག །སླར་ལ་ཡང་ནི་དེ་རྗེས་སུ། །རྩ་བའི་འཁོར་ལོ་དེ་བཞིན་ཏེ། །གཙུག་ཏོར་ལ་བཞི་སྙིང་གར་བརྒྱད། །སྤྱི་བོ་རུ་ནི་མི་ཡི་བདག །མགྲིན་པ་རུ་ནི་ས་ཡི་གྲངས། །ལྟེ་བར་བརྒྱད་ནི་བརྒྱད་བསྒྲེས་པ། །རྒྱལ་པོ་ཡི་ནི་ཉིས་འགྱུར་བདག །གསང་བའི་དབུས་སུ་རབ་ཏུ་གྲགས། །རྩ་དྲུག་པ་ནི་འཁོར་ལོ་འཛིན། །བཅུ་

(༣༩༡)ཡིས་ཡུམ་རྣམས་འཕྲོག་པ་སྟེ། །འདུས་པ་ཡི་ནི་རང་བཞིན་ནོ། །ཡང་དང་ཡང་ནི་ཉིས་འགྱུར་བྱ། །སླར་ལ་ཡང་ནི་བསྒྲེས་པ་རྣམས། །བད་ཀན་མཁྲིས་པ་རླུང་ཆ་རྣམས། །འདི་རྣམས་ཉིད་ནི་འཆི་བ་སྟེ། །བླ་མའི་ངེས་པ་དབང་གིས་ནི། །འཚེ་དང་ནད་མེད་པ་རྣམས་སྟེ། །འཁོར་ལོ་དྲུག་ནི་དུས་རྩ་རྣམས། །འཆི་བའི་འཇིགས་པ་འཕྲོག་པ་ནི། །རྣལ་འབྱོར་པ་ལ་ངོ་མཚར་མེད། །གཙུག་ཏོར་རྒྱ་མཚོ་དཔྲལ་བ་ལ། །ཆུ་ལ་དུས་ཀྱིས་བསྣུན་པ་ནི། །བད་ཀན་གྱིས་ནི་ཁམས་འཁྲུག་པའོ། །མགྲིན་པ་པོ་སྟེ་སྙིང་པདྨར། མིག་ལ་དུས་ཀྱིས་བསྣུན་པ་ནི། །མཁྲིས་པ་ཡིས་ནི་ཁམས་འཁྲུག་པའོ། །ལྟེ་བར་གསང་བར་དྲུག་བཅུ་བཞི། །མི་ཡི་བདག་པོ་ཡང་དེ་བཞིན། །རླུང་གི་ཁམས་རྣམས་འཁྲུག་པའོ། །གསང་བར་གཞན་ཡང་ཕྱོགས་དང་དྲུག །ངེས་པར་གསལ་ཏེ་འདུས་པ་འཛིན། །རྩ་དྲུག་འཁོར་ལོ་འཛིན་པ་ལ། །ལམ་ནི་རྣམ་པ་གསུམ་སོང་བ། །ཟླ་བ་ཉི་མ་མི་དབྱེས་སོ། །དེ་ནི་ལུས་ལ་བསྲུང་བར་བྱ། །བླ་མའི་ངེས་པའི་དབང་ལས་ཏེ། །སྲོག་ཅན་གང་ལ་ཅི་སྟེར་བ། །དྲུག་པོ་རྣམས་ལ་སྲོག་འཇུག་པར། །གལ་ཏེ་འགྱུར་ན་མི་རྣམས་ལ། །འཆི་བ་སྟེར་བ་དེ་ཚེ་ཉིད། །ཕྲ་མོར་ཐེག་པ་ཞུགས་པ་ན། །གཅིག་ཏུ་འཆི་བ་ཡི་ནི་ཡུལ། །རྣལ་འབྱོར་པ་རྣམས་རྩོད་པར་འགྱུར། །སྲོག་ནི་གལ་ཏེ་རྩ་གཅིག་ནས། །ཉིན་དང་མཚན་དུ་རྒྱུ་འགྱུར་ན། །དུས་ཀྱི་ལོར་ནི་མཚོ་བར་འགྱུར། །ཟླ་བ་ཕྱེད་དུ་མ་ཆད་པ། །གལ་ཏེ་མི་རྣམས་ཀྱི་

(༣༩༢)རྒྱུ་ན། །ལོ་ནི་ཕྱེད་དང་གཉིས་སུ་མཚོ། །ཟླ་བ་གཅིག་ཏུ་མ་ཆད་པར། །མི་ཡི་བདག་པོ་རྒྱུ་འགྱུར་ན། །ཟླ་བ་གསུམ་དུ་འཚོ་བར་འགྱུར། །དེ་ལྟར་རྣལ་འབྱོར་རང་ལུས་ལས། །ཟླ་བའི་ལམ་སོང་འཆི་བ་ནི། །དུས་ཀྱི་འཁོར་ལོར་ཤེས་པར་བྱ། །ལྔ་ལས་ཉི་ཤུ་རྩ་ལྔ་རུ། །ཉིན་ཞག་ལྔ་ལྔར་འཛག་པ་ནི། །ཉི་མ་རེ་རེས་རིམ་བཞིན་འཕེལ། །དེ་ལ་རེ་རེས་སྐྱེད་པ་ཡི། །བཅུ་ནི་གསུམ་དུ་བསྒྲེས་པ་ལ། །གསུམ་ནི་ལྷག་པའི་རབ་ཉིད་དུ། །རྒྱས་པའི་དུས་ནི་མཐའ་དག་ལ། །གསུམ་དང་མིག་དང་རི་བོང་ཅན། །དྲུག་གསུམ་ཟིང་དང་ཟླ་བ་ཡི། །ཟླ་བ་གང་དེའི་ཞག་ལྷག་མ། །ཚེས་དང་ཕྱོགས་མདའ་ཡོན་ཏན་དང་། །ཟུངས་སང་ཟླ་བར་འཚོ་བར་འགྱུར། །རང་གནས་རང་ཤི་འཁོར་ལོ་རུ། །མཆོག་གི་ཆ་རྣམས་འདོར་འགྱུར་ཏེ། །བྲི་བའི་ལྷག་མ་རྣམས་ནི་མཚུངས། །ལོ་དང་ཟླ་བ་ཉི་མ་རྣམས། །གསུམ་དང་མིག་དང་ཟླ་བ་དང་། །དྲུག་གསུམ་ཟུང་དང་ཟླ་བ་དང་། །རྒྱས་པ་དང་ནི་འབྲི་བ་མཚུངས། །ཚེས་དང་ཕྱོགས་དང་མདའ་ཡོན་ཏན། །ལྟེ་བ་རུ་ནི་བཞུགས་པ་ན། །ཉི་མ་སུམ་བཅུ་དྲུག་རྗེས་སུ། །ཉིན་མོ་བྱེད་པར་འགྱུར་བས་ཏེ། །འཆི་ལྟས་སྦྱོར་བ་ཡིས་ནི་འཆི། །ཤ་དང་མདའ་དང་མི་འཇིག་རྟེན། །ཉི་མའི་ཚོགས་རྣམས་དོར་བ་ནི། །ཉི་མའི་ལོ་ནི་གསུམ་གྱི་འོ། །དེ་ལས་གཞན་དུ་འཕོ་བ་ལ། །མདའ་དང་དུས་དང་རྩེ་ཡོ་ཅན། །གསུམ་པ་ལ་མཁའ་རི་ཟླ་བ། །མིག་དང་སྦྲུལ་དང་རི་དང་མདའ། །གཞན་ཡང་ནོར་དང་ལག་པ་དང་། །བདུན་པ་ལ་ནི་འཛེག་པའོ། །དེ་ལས་ཚེས་ལ་སོགས་ཐམས་ཅད། །ཉི་མའི་

(༣༩༣)ཡི་ནི་ཚོགས་རྣམས་གང་། །ལྟེ་བ་ཉིད་ཀྱིས་བར་དུ་འོ། །དུས་ཀྱི་འཁོར་ལོའི་བར་དུ་ནི། །ཉི་མ་འགྲོ་བའི་དབང་གིས་ན། །མཛེས་ཤིང་འཕོ་བ་རུ་ནི་འགྱུར། །ཟླ་བ་ཞེས་དང་ཉི་ལམ་དུ། །མི་མཐུན་མཐུན་པའི་ཉི་མ་ནི། །གཅིག་འཕེལ་བ་ཡི་རིམ་པ་ཡིས། །ཡང་ནི་འཕོ་བ་དབྱེ་བས་ཏེ། །མི་མཐུན་པའི་ཉི་མ་ཡི། །བཅུ་གཉིས་རྩིབས་ལ་བྱེད་པ་འོ། །ཟླ་བ་ཕྱེད་དང་གཉིས་བར་དུ། །བཅུ་ནི་སུམ་འགྱུར་དུ་བྱས་དང་། །མཚན་མོ་གསུམ་དུ་འཚོ་བའོ། །རླུང་དང་ཆུ་སྲང་ཆུ་ཚོད་དང་། །ཉི་དང་མཚན་མོ་ཡི་ནི་དུས། །དེ་ནི་རིམ་པས་འཕོ་བས་ཏེ། །ལོ་བདུན་བགྲོད་པའི་ཡན་ལག་ལས། །བགྲོད་པར་འགྲོ་བའི་དབང་གིས་ནི། །ལོ་ནི་དྲུག་བཅུ་ཐམ་པ་དང་། །ལོ་སུམ་བཅུ་ཡི་ཟླ་བ་གསུམ། །ཉི་མ་འགྲོ་བའི་དབང་ལས་ནི། །དུས་ཀྱི་ལོ་དང་ཟླ་ཕྱེད་གསུམ། །སུམ་བཅུ་ཕྱེད་དང་གསུམ་ཕྱེད་པའི། །ཉི་མའི་ཚོགས་རྣམས་སུ་འགྱུར་བ། །དུས་ཀྱི་འཁོར་ལོས་འཕོ་བ་འོ། །ཕྱོགས་དང་ཕྱོགས་ལས་རྩ་རྣམས་ནི། །ལག་འགྲོ་ལ་ནི་དགུ་བསྣུན་པ། །ལྟེ་བའི་འཁོར་ལོར་འཆད་པར་འགྱུར། །ལས་ཀྱི་འཁོར་ལོ་བྱ་བ་ཞེས། །ཚིག་རྣམས་ལ་ནི་རྩ་རེ་རེ། །མེ་ཡི་ཉི་མ་ལ་འདོར་རོ། །མགྲིན་པར་རྒྱུ་སྐར་གྱི་ནི་རྩ། །ཟླ་བའི་དབུས་སུ་རིམ་པ་བཞིན། །ཉིན་དང་ཉིན་ཞག་ལ་ནི་དོར། །ཐིག་ལེ་གནས་པ་ཕྱོགས་ནང་དུ། །ཟླ་བའི་ཆ་ནི་དོར་བ་དང་། །གཟའ་ཡི་རྩ་ནི་སྙིང་གནས་པ། །སྡེ་ཅན་རྣམས་ནི་དབྱངས་བཅས་ལ། །ཉིན་མོ་བྱེད་པ་འཕོ་བ་ནི། །བགྲོད་པ་

(༣༩༤)ར་ཤི་བྱེ་བས་སོ། །ཕྱི་ནས་རེ་རེ་འཕེལ་དང་འབྲི། །ཉིན་དང་ཉིན་ཞག་ལ་འཕོ་བ། །དུས་ཀྱི་འཁོར་ལོའི་ཞག་བར་དུ། ལོ་བཅད་པ་ལ་ཕྱོགས་དབུས་སུ། །དབྱངས་དང་ཉི་མའི་དབང་ལས་ནི། །འཕེལ་བ་དང་ནི་འབྲི་བ་དང་། །དབུགས་འབྱུང་དབུགས་རྔུབ་འབྲི་བ་ནི། །ཉིན་དང་མཚན་མོ་ཡི་ནི་དུས། །མཚན་མོ་གཅིག་ལ་འཚོ་བ་འོ། །ལྟེ་བ་མགྲིན་པ་དཔྲལ་བ་དང་། །རང་གི་སྙིང་གའི་པདྨ་ལ། །དེ་རྣམས་དེ་ནི་ལྷག་པ་རུ། །གནས་པ་ཉི་མ་རོ་དང་མེ། །རང་གི་སྙིང་གི་པདྨ་ལ། །རྩ་ནི་ཕྱེད་དང་གཉིས་དེ་བཞིན། །ལག་པ་རྐང་པ་ཡི་ཚིགས་སུ། །ཚེས་ལ་དུས་ཀྱིས་བསྒྲེས་པ་ནི། །ཉི་མ་དྲུག་ནི་ཉིད་ཀྱི་བར། །ཐ་མར་ཐམས་ཅད་དུ་ཕྲ་བ། །ཉི་མ་གཅིག་ནི་རབ་རྒྱུ་སྟེ། །སྙིང་གི་པདྨ་མདོར་བར་འགྱུར། །ལོ་བརྒྱ་ཡི་ནི་ཉི་མའི་ཚོགས། །སྟོང་ཕྲག་སུམ་བཅུ་རྩ་དྲུག་ཏུ། །དུས་ཀྱི་རྩ་ལ་འཕོ་བར་འགྱུར། །ཉི་ཟླའི་ནུས་པ་གང་གང་ལ། །ཉིན་དང་མཚན་མོའི་དུས་སུ་ནི། །རང་རང་རྒྱུ་བས་དག་པ་ཉིད། །ཉི་མ་ཉིན་ཞག་ཉིན་རྒྱུ་བས། །བུ་ལོན་དུ་ཡང་འགྱུར་བས་ཏེ། །ཟླ་བའི་རྒྱུ་ལ་དེ་ཕི་ཕྱིར། །རྒྱུ་སྐར་ཉིན་ཞག་བར་དབྱེ་བས། །ཉི་མ་ཟླ་བ་རྒྱུ་བ་ལྔ། །སྟོང་པའི་ཟླ་བ་ལ་ནི་འཆི། །ལུས་ལ་སྲོག་གི་ལྷག་མ་ཉིད། །གསལ་བ་ཉིན་མཚན་མཉམ་ཆ་ལ། །ཆ་དབྱེས་དྲུག་བཅུར་མ་ཚང་བ། །ཐམས་ཅད་འཕོ་བའི་དབྱེ་བ་ཡིས། །ཉི་མ་སོ་སོའི་དུས་སུ་ནི། །རྩ་ཡི་ཟུང་ནི་ངེས་པར་བསྣུན། །ལོ་ཡི་དབུས་སུ་ཡང་དང་ཡང་། །ཉི་མ་ཟླ་བའི་རྒྱུ་

(༣༩༥)ལ་ནི། །སྟོང་པ་མིག་དང་རི་ཡི་གྲངས། །དེ་ལྟར་དུས་ཀྱི་ལོ་བརྒྱ་ལ། །ལྷ་དང་མི་རྣམས་ཀྱི་འཕོ་བ། །རང་རང་ཚད་ཀྱིས་རང་ཆོར་ལྡན། །བརྒྱ་ལ་དུས་ཀྱི་རྩ་རྒྱུ་ལ། །གལ་ཏེ་མི་རྣམས་མཛེས་ཟིན་ནམ། །ནད་དང་མཚོན་ཆས་བསྣུན་གྱུར་ན། །དེ་ལ་མྱུར་དུ་བརྟེན་པ་ཡིས། །ཐོགས་པ་མེད་པར་འཇུག་པ་ནི། །རྩ་བའི་འཁོར་ལོ་ཡི་ནི་དུས། །འཁོར་ལོ་རྣམས་ཀྱི་རྩ་ནི་འགོག །ཉི་མ་ཟླ་བའི་འགྲོ་བ་ནི། །རིམ་པ་བཞིན་དུ་དོར་ནས་ནི། །དབུས་སུ་ཕྲ་མོ་བརྟེན་པ་གང་། །སྲོག་ཆགས་རྣམས་ཀྱིས་འཚོ་བ་འཕྲོག །སྙིང་གི་པདྨ་དཔྲལ་བ་རུ། །ཟླ་བ་ཡི་ནི་ཆ་རྒྱུ་བ། །འབྱུང་བ་ཕྱོགས་དང་ཉི་མར་བཤད། །ལོངས་སྤྱོད་ལྟེ་བའི་འཁོར་ལོ་རུ། །བཅུ་དང་དགུ་ནི་ལན་གཅིག་དང་། །དྲག་པོ་ཟུང་དང་རྒྱལ་ཞེས་དང་། །དེ་ཉིད་ཅོས་པ་མཚན་བདུན་ལ། །འོན་ཏེ་སླར་ལ་ཡང་འདི་ནི། །རི་བོང་གིས་མཚན་འཕོ་བ་མེད། །ཐིག་ལེར་རྫོགས་པའི་རང་བཞིན་གྱིས། །སྙིང་ག་རུ་ནི་འཇུག་འགྱུར་བ། །དཀར་པོའི་ཕྱོགས་ཀྱི་བུ་ལོན་མཐར། །ནག་པོ་ལ་ཡང་དེ་བཞིན་ཏེ། །ལྟེ་བའི་པདྨའི་བར་དུ་ཡང་། །ཆ་དང་ཆ་རྣམས་འགྲོ་བར་འགྱུར། །རྩིབས་བརྒྱད་པ་དང་རྩིབས་བཅུ་དྲུག། སྙིང་ག་སྤྱི་བོ་དེ་བཞིན་དུ། །ནག་པོ་དཀར་པོ་པདྨའི་མིང་། །མགྲིན་པར་སུམ་བཅུ་གཉིས་ཀྱི་རྩིབས། །ཉིས་འགྱུར་ལྟེ་བ་དམར་དང་སེར། །ལྟེ་བ་འགྲམ་པར་བརྒྱད་གཉིས་ཏེ། །སྤྱི་བོ་དང་ནི་སྙིང་ག་རུ། །དཀར་པོ་ནག་པོ་རྫོགས་པའོ། །ཨ་བཅོགས་དབྱངས་ནི་སུམ་བཅུ་

(༣༩༦)གང་། །ཧ་ཡ་ར་བ་ལ་དང་ལྡན། །ཐིག་ལེ་དཔལ་ནི་ཚེག་དྲག་གིས། །ཕྱེ་བ་དྲུག་བཅུ་རུ་ནི་འགྱུར། །མི་བདག་ཧ་མཐར་ནོར་གྱི་དུས། །དེ་རྣམས་གེ་སར་རྩེ་མོ་རུ། །ཐིག་ལེ་ལ་དང་ཚེག་དྲག་གིས། །མཆོག་གི་པདྨའི་འདབ་མ་ལ། །ཀ་སོགས་དེ་ཡིས་རྣམ་ཕྱེ་བ། །བརྒྱ་ཕྲག་གཅིག་དང་ཉི་ཤུ་ལ། །རྒྱུན་འགྲོ་བ་ཡི་དབང་གིས་ནི། །ཉི་མ་འཕོས་ནས་ཟད་པར་འགྱུར། །ཟླ་ཕྱེད་ཟླ་བ་རང་སྤྱོད་པས། །བུ་ལོན་དུ་ཡང་བྱེད་པ་ལ། །ཚེས་སུ་བསྟན་པའི་ཆ་དང་ནི། །སླར་ལ་ཟླ་བ་གཉིས་པ་ནི། །གཞན་ཡང་ཉི་མ་གཅིག་ཉིད་དེ། །ལོ་ཡི་སྦྱོར་བ་ཡིས་འཕེལ་ཞིང་། །ལོ་རྫོགས་པ་ན་ཉི་དྲུག་འགྱུར། །དེ་བཞིན་དུ་ནི་གཞན་ཡང་འདི། །འཆི་ལ་ཐུག་པར་འཕེལ་བའོ། །དེ་བཞིན་རྒྱལ་པོའི་ཉི་མ་ཡི། །ཉིས་འགྱུར་གྱི་ནི་བུ་ལོན་འདི། །ལོ་དང་ལོ་རུ་འཕེལ་བར་འགྱུར། །རླུང་དྲུག་ལ་ནི་ཆུ་སྲང་གཅིག །ཆུ་སྲང་དྲུག་བཅུ་རྣམས་ལ་ནི། །ཆུ་ཚོད་དུ་ནི་འགྱུར་བ་ཡིན། །ཆུ་ཚོད་དྲུག་བཅུ་ཉི་མར་འགྱུར། །ཉི་མ་བཅུ་པོ་རྣམས་ཀྱིས་ནི། །སུམ་འགྱུར་ལ་ནི་ཟླ་བ་གཅིག །ཟླ་བ་དྲུག་གིས་བགྲོད་པར་འགྱུར། །བགྲོད་པ་ཡིས་ནི་ཉིས་འགྱུར་ལ། །ལོ་གཅིག་རུ་ནི་རབ་ཏུ་གྲགས། །སྐྱེས་བུ་ཡི་ནི་ལོ་བརྒྱ་ལ། །བུ་ལོན་འགྲོ་བ་རྣམས་སུ་ནི། །དུས་ཀྱི་རྩ་བའི་དབང་གིས་སོ། །འཇིག་རྟེན་གསུམ་མེད་རྣལ་འབྱོར་ལ། །ལྷ་དང་ལྷ་མིན་མི་རྣམས་ཀྱིས། །འགེངས་པ་རུ་ནི་གང་ནུས་པ། །ཟླ་བ་ཉི་ལ་དྲང་ལུས་ལ། །རྒྱུ་བ་ཉིན་ཞག་ཚོགས་

(༣༩༧)ཀྱིས་ཏེ། །ཟླ་བ་རང་གིས་རྒྱུ་བ་དང་། །ཉི་མ་དང་ནི་རྒྱུ་སྐར་རྣམས། །ཐམས་ཅད་གནས་སུ་རྒྱུ་བ་མིན། །ལོ་ཡི་དབུས་ན་རིམ་པ་བཞིན། །ལོ་དང་ལོ་ཡི་བུ་ལོན་གྱིས། །གནས་ཏེ་ཟ་བ་མ་ཡིན་ཏེ། །དུས་ཀྱི་འཁོར་ལོ་གཅིག་པ་ལ། །གལ་ཏེ་རྩ་གཅིག་རང་འགྱུར་ན། །མི་བདག་སྤྱི་ལ་བསྐུར་བ་ཉིད། །དེ་ཙམ་ལས་ནི་ཚན་ལྔ་ནི། །མཆོག་གི་ཆ་ནི་འདོར་བར་འགྱུར། །གོང་དུ་ཆད་པའི་དུས་སུ་ནི། །རྣ་བར་སྒྲ་འདོར་ལྕེ་ལ་ནི། །ལོ་ནི་ངེས་པར་འདོར་བར་འགྱུར། །མིག་གི་དབུས་སུ་སྐར་མ་དང་། །སྣ་ལས་དྲི་འདོར་མི་རྣམས་ཀྱི། །ལུས་དང་ལག་པ་རྐང་པ་ཡི། །དྲོད་ཀྱི་དངོས་པོ་རིམ་པས་འདོར། །སྣ་ཡི་རྩེ་མོར་ཕྱང་ཞིང་དང་། །སྤྱི་བོར་ལག་པ་གཟུང་བ་ཡི། །དེ་ཡི་རང་བཞིན་དུ་སྣང་དང་། །ལག་པ་གཉིས་ཀའི་མཐིལ་ལ་ཡང་། །རྒྱ་སྐག་བྱུགས་འདྲ་དམར་བ་ཉིད། །དམར་པོ་སྣང་བ་ཉིད་མེད་དང་། །ཉི་མ་ཁ་དོག་ནག་པོར་སྣང་། །ཟླ་བ་འགྱུར་ཏེ་རྫོགས་པ་ནི། །ཁ་དོག་སེར་པོར་མཐོང་བ་དང་། །རང་ལུས་ལྕི་བ་གྲང་བར་འགྱུར། །དེ་ཡི་ཉི་མ་ལ་འཆི་ཉིད། །ལྕེ་འོག་རི་མོ་ནག་པོ་དང་། །མིག་ཏུ་ཚངས་པའི་རི་མོ་ནི། །ཤིན་ཏུ་ཕྲ་བ་སྣང་འགྱུར་དང་། །ཟླ་བ་ཉི་མའི་ལམ་དུ་དབུས། །མི་ཡི་བདག་པོ་འབར་བ་དང་། །མཁུར་བ་གཉིས་སུ་དེ་བཞིན་ནོ། །མཆན་ཁུང་ཉི་མའི་གཏེར་གཟིར་དང་། །གཟའ་ཡི་ཚོགས་ནི་མ་ལུས་པ། །མེ་སྟག་བཅས་པར་མཐོང་བ་དང་། །སྐེ་དང་ཡན་ལག་བཅས་པ་རེངས། །ལུས་ནི་

(༣༩༨)འགྱུར་བར་མི་ཤེས་པ། །བརྒྱད་ནི་འཆི་བའི་མཚན་ཉིད་དོ། །སྐྱེད་པ་རུ་ནི་གང་བྱེད་པ། །སྐྱེས་པ་ཡི་ནི་དུས་སུ་ནི། །བྱིས་པ་དང་ནི་གཞོན་ནུའི་གཟུགས། །སྡུག་པ་དེ་ཉིད་འཇིག་རྟེན་དུ། །སླར་ལ་ཡང་ནི་བྱེད་པ་ནི། །དུས་ཀྱི་འཁོར་ལོ་ཉི་མས་མིན། །ཟླ་བ་ཉི་མ་ལ་སོགས་ལྷ། །མཚན་མོའི་ཆ་རུ་ཡང་དག་བྱུང་། །སླར་ལ་མ་ལུས་པ་ནི་གཏོང་། །ཉིན་ལ་ཡི་ནི་དུས་སུ་ཡང་། །སྤྲོ་བའི་རྒྱུ་རུ་རིམ་གྱིས་སོ། །སྒྲ་ལ་སོགས་པ་དྲུག་ལས་ཏེ། །དབང་པོ་རྣམས་ནི་དྲུག་པོ་ཡང་། །བྱེད་པ་རུ་ནི་འགྱུར་བ་ཡིན། །ལོ་དང་ཟླ་བ་ཕྱེད་ཟླ་དང་། །ཉིན་དང་མཚན་མོ་དང་ནི་ཚེས། །ཟླ་བ་ཉི་མ་བྱེད་པ་པོ། །དེ་རྣམས་སྡུད་པའི་བྱེད་པ་པོ། །གཞན་དུ་འདི་ནི་འགྱུར་བ་སྟེ། །སྤྲོ་བའི་བྱེད་དང་བྱེད་པོ་མེད། །མཁའ་ཁྱབ་པའི་མཁའ་རྡོ་རྗེ། །ཡུལ་དང་རྣམ་པར་བྲལ་བ་ནི། །ཡོན་ཏན་མེད་ཅིང་རང་བཞིན་མེད། །དྲི་དང་ཁ་དོག་རོ་རེག་བྱ། །ས་དང་ཆུ་དང་མེ་དང་རླུང་། །བརྒྱད་པོ་འདི་ནི་གཟུགས་ཅན་འགྱུར། །ཀུན་འབྱུང་གིས་ནི་ཡུལ་གྱི་སྟེ། །གཅིག་ནི་གཙོ་བོ་བསྡུས་པའོ། །སྒྲ་དང་སྟོང་པ་གཟུགས་མེད་འགྱུར། །མི་བདག་ཆོས་དབྱིངས་ཡིད་ཀྱང་ངོ་། །འཇིག་རྟེན་གསུམ་པོ་མ་ལུས་ཏེ། །སྤྲོ་བ་དང་ནི་བསྡུད་པ་ནི། །དུས་ཀྱི་བུས་པས་འགྲོ་བར་འགྱུར། །རང་གི་རྣམ་རྟོག་གིས་བཅིངས་པ། །རང་བཞིན་ཡོན་ཏན་སོང་བ་ཡིས། །ཅི་ལྟར་སྦུབས་ཀྱི་སྲིན་བུ་བཞིན། །བདག་ཉིད་ལ་ནི་བདག་ཉིད་ཀྱིས། །སླར་ལ་ཡང་ནི་ཡིད་ཉིད་ནི། །མི་རྟོག་

(༣༩༩)པ་ཡིས་གྲོལ་བར་འགྱུར། །དེ་ཕྱིར་རྒྱལ་པོ་རང་ལས་ཀྱི། །རང་བཞིན་ཡོན་ཏན་རྟོགས་པ་ན། །སྡུག་བསྔལ་དང་ནི་བདེ་བ་བྱེད། །སུ་ཞིག་བྱེད་པོ་ཅི་ཞིག་བྱེད། །རང་བཞིན་རྣམ་པར་བྲལ་བ་ཉིད། །འཇིག་རྟེན་མི་ཤེས་པ་ཡིས་བསླུས། །ས་དང་ཆུ་དང་མེ་དང་རླུང་། །ནམ་མཁའ་ཡང་ནི་ཡོན་ཏན་ཏེ། །བློ་དང་ངར་འཛིན་པ་དང་སེམས། །རགས་དང་ཕྲ་དང་གཞན་ཡང་ངོ། །ཡོན་ཏན་རྣམ་པ་གསུམ་སོང་བ། །ཐིག་ལེ་བཞི་ལ་སོགས་དབྱེ་བས། །རགས་དང་རགས་པའི་དབང་པོ་ལ། །རང་གཞན་གྱིས་ནི་རྟོགས་པ་ཡང་། །ཕྲ་བའི་སེམས་ལ་ཡང་ཕྲ་བའོ། །ཡེ་ཤེས་ལ་ནི་ཡེ་ཤེས་སྐུ། །རང་བཞིན་འགྱུར་བ་མེད་པ་ཡིས། །འཚོ་བར་འགྱུར་བ་འབྱུང་བ་རྣམས། །ཨ་ལ་སོགས་པ་སྟོང་པ་ལྔ་རང་བཞིན་འགྱུར་བ་མེད་པའོ། །དཔལ་གྱི་ཆ་དང་ཐིག་ལེ་སྒྲ། །དུས་དང་སེམས་དང་བློ་དང་ནི། །རང་བཞིན་ཡང་ནི་དེ་བཞིན་ཏེ། །གཞན་ནི་དབྱངས་དང་རླུང་ལ་སོགས། །རགས་པའི་སྡེ་ཚན་ཡི་གེ་རྣམས། །བཅུ་ནི་སུམ་འགྱུར་བྱས་པ་དང་། །གཞན་ནི་བཅུ་དྲུག་འགྱུར་བའོ། །དེ་རྣམས་དབུས་སུ་རྡོ་རྗེ་ཅན། །རང་བཞིན་འགྱུར་བ་མེད་པ་སྟེ། །ཁྱབ་པར་བྱེད་པ་རང་བཞིན་མེད། །འཁོར་བར་བདེ་དང་སྡུག་བསྔལ་ནི། །རང་བཞིན་ཡོན་ཏན་བྲལ་བ་ཡི། །ལས་ལས་སྐྱེས་པ་དེ་ནི་ཡོད། །ཕྲ་དང་རགས་དང་ཞི་བ་དང་། །རྣམ་པ་གསུམ་དུ་ཡང་འགྱུར་ཏེ། །མི་རྣམས་ཀྱི་ནི་ལས་དེ་འོ། །རང་ཉིད་བྱེད་པ་པོ་དང་ལས། །གཞན་ཡང་ཕྱུགས་དག་པོ་ཡི་ནི། །བྱེད་པ་པོ་དང་ལས་ནི་ཡོད། །རང་ནི་བྱེད་པ་མིན་གཞན་ཡང་། །

(༤༠༠)རང་བཞིན་དང་ནི་རྣམ་བྲལ་བར། །ཤེས་བྱ་དེ་ཡི་ལས་ནི་མེད། །དེ་ཕྱིར་བྱེད་པོ་འགའ་ཡང་མེད། །སྟེར་བ་དང་ནི་འཕྲོག་པ་མེད། །སྲོག་ཆགས་རྣམས་ཀྱི་བདེ་དང་སྡུག །འཁོར་བ་ཀུན་དུ་སྔོན་གྱི་ལས། །འབྲས་བུ་སྟེར་བར་རབ་འགྱུར་བ། །རྣམ་པ་གསུམ་ནི་གང་བྱས་པ། །རྨོངས་པ་རྣམས་ཀྱི་བློ་འདི་ནི། །སྟེར་དང་དེ་ནི་འཕྲོག་པ་དང་། །སྤྲོ་དང་སྡུད་པའི་བྱེད་པར་འཛིན། །ལུས་ལ་སྟོང་པར་མི་མཐོང་བས། །དཔག་ཏུ་མེད་པའི་དགེ་བ་ནི། །རང་གི་ཞེན་པས་འཇོམས་པར་འགྱུར། །འདོད་པའི་ནུས་པ་བྱ་བ་ཡིས། །འགྲོ་བ་རུ་ནི་རང་ཡིན་ལ། །ཡེ་ཤེས་ནུས་པ་གསུམ་པ་སྟེ། །དངོས་པོར་སྣང་བ་འཇུག་པ་དང་། །རོ་ནི་མཉམ་པར་བྱེད་པ་ཡིས། །དེ་བཞིན་དམིགས་པར་བྱེད་པ་ནི། །སླར་ལ་སྟོང་པ་བཞི་པ་འོ། །སྲིད་པ་གསུམ་ནི་བསྡུད་པ་ཡི། །གཉིས་སུ་མེད་པའི་རིམ་ཉིད་ཀྱིས། །དེ་རྣམས་དབུས་སུ་འགའ་ཡང་ནི། །རྡོ་རྗེ་ཅན་དེ་ཡིས་ནི་གྲོལ། །དོར་བདག་བྱེད་པོ་མེད་པར་འགྱུར། །བདེ་དང་སྡུག་བསྔལ་རབ་སྟེར་བའོ། །སེམས་ཀྱི་ནུས་པ་རྣམས་འདོར་ན། །སུ་ཡིས་འཆིང་ནས་ཐར་མེད་འགྱུར། །བུམ་པའི་ནང་གི་ནམ་མཁའ་ནི། །འགྲོ་ཡང་འགྲོ་བར་མི་འགྱུར་ཏེ། །ཆུ་ནི་ཁྱེར་བཞིན་ན་ཡང་མིན། །ནམ་མཁའ་ཁྱབ་པ་ཇི་བཞིན་དུ། །རྡོ་རྗེ་ཅན་ཡུལ་རྣམ་བྲལ་བ། །ལུས་ཀྱི་དབུས་སུ་དེ་བཞིན་ནོ། །དེ་ལྟར་ལས་ནི་ཡོད་སྨྲ་བ། །དེ་ནི་བཅོམ་ལྡན་འདས་སུ་འགྱུར། །སྟོང་པ་ཅིག་ཏུ་བྱེད་པ་མེད། །ཀུན་མཁྱེན་དང་པོའི་སངས་རྒྱས་ནི། །སྲིད་པ་གསུམ་གྱིས་ཕྱག་

(༤༠༡)བྱས་པ། །དུས་ཀྱི་འཁོར་ཅན་འཁོར་ཅན་མིན། །ཚངས་པ་ཁྱབ་འཇུག་དབང་ཕྱུག་རྣམས། །སྐྱབས་སུ་ལྷག་པར་སོང་བ་ཡིས། །གང་གི་དབུས་ཀྱི་པད་རྩ་ནི། །དེ་ལ་ཕྱག་འཚལ་དུས་འཁོར་ལོ། །རྒྱལ་བའི་མཆོག་རྣམས་བསྐྱེད་པ་ནི། །ཡོན་ཏན་མེད་ཅིང་མི་རྟོག་པའོ། །ཞི་བའི་དངོས་པོ་ལྷ་ཉིད་འགྱུར། །མུན་པ་ཡིས་ནི་དམྱལ་བ་ཉིད། །རྡུལ་གྱིས་བྱོལ་སོང་ཉིད་དུ་འགྱུར། །རབ་མཆོག་པ་ཡི་སྟེང་དུ་ནི། །འདྲེས་པ་ཡིས་ནི་མི་ཉིད་དོ། །རྣམ་པ་གསུམ་གྱིས་འབྱུང་པོ་ཉིད། །རྡུལ་དང་མུན་པ་ཉིད་དང་ནི། །སྙིང་སྟོབས་ཕན་ཚུན་བསྲེས་པའོ། །འཆི་བའི་ཚེ་ནི་དངོས་པོ་གང་། །ཡིད་ཀྱི་རྣམ་ཤེས་ཀྱིས་དྲན་པས། །དེ་རུ་སྐྱེ་བ་འབྱུང་བར་འགྱུར། །ལྷ་ཡི་མཆོག་གི་གནས་སུ་ནི། །ལྷ་ནི་བརྒྱད་དུ་དབྱེ་བ་སྟེ། །དེ་བཞིན་དུ་ནི་མི་ནི་གཅིག །བྱོལ་སོང་རྒྱ་མཚོ་རྣམས་པའོ། །དམྱལ་བ་ཉིད་དུ་འགྲོ་བ་ཡི། །དམྱལ་བ་ཉིད་ནི་དེ་བཞིན་གཅིག །གནས་འདི་རྣམས་སུ་སྐྱེ་བ་འོ། །རོ་ཡི་འགྲོ་བ་རུ་ནི་འཁོར། །ལས་ཀྱི་ཞགས་པས་ངེས་བཅིངས་པས། །སྐྱེ་བ་འབུམ་ཕྲག་དུ་མས་ཀྱང་། །མཆོག་ཏུ་བདེ་བའི་གོ་འཕང་དུ། །གྲོལ་ནས་ཐར་པ་མི་འགྱུར་རོ། །ཕུང་པོ་ཁམས་དང་དབང་པོ་འོ། །སྲིད་པ་གསུམ་གྱི་འཇིགས་པ་དང་། །ལས་ཀྱི་དབང་པོ་ལྔ་དང་ནི། །དེ་ཙམ་ལས་ནི་ཉེས་པ་དང་། །ཡོན་ཏན་བཅས་པ་དང་ནི་ཡིད། །བློ་དང་ངར་འཛིན་ལ་སོགས་པ། །འདི་

(༤༠༢)དག་གིས་ནི་སྲོག་བཅིངས་པས། །རོ་ཡི་འགྲོ་བར་འཁོར་བར་འགྱུར། །ཕྲ་བའི་དངོས་དང་དངོས་པོ་ནི། །སླར་ལ་དོར་ན་འགྲོ་འགྱུར་ཏེ། །མཆོག་ཏུ་མི་འགྱུར་གོ་འཕང་དུ། །གང་དུ་སླར་ལ་མི་སྐྱེ་བ་འོ། །རིག་བྱེད་ཡན་ལག་དྲུག་དང་ནི། །དྲན་པ་ཡིད་དང་ལྷན་ཅིག་དང་། །རྟོག་པ་གྲུབ་པའི་མཐའ་དང་ལྡན། །གཞན་ཡང་འཇིག་རྟེན་བསྟན་བཅོས་ནི། །སྙན་ངག་མཁན་གྱིས་བྱས་པ་དང་། །རྒྱས་པ་མི་རྗེའུ་སྩོགས་རིགས་མིན། །ནང་གི་རིག་པ་རིག་པ་ཞེས། །ཡི་གེ་ཡང་ནི་ཐུབ་པ་ཡིས། །འཇིག་རྟེན་འདིར་ནི་གསུངས་པ་ཉིད། །གང་དུ་འཇིག་རྟེན་གསུམ་མ་ལུས། །སླར་ལ་ཡང་ནི་ཐིམ་པར་འགྱུར། །རྣལ་འབྱོར་པ་དབང་སྦྱོར་མ་ཐོབ། །ཡིད་ནི་རབ་ཏུ་གཡོ་བ་ཡིས། །བརྒྱ་ལ་འཆི་བར་འགྱུར་ན་ནི། །དཔལ་ལྡན་མི་ཡི་འཇིག་རྟེན་དུ། །རབ་མཆོག་ཐུབ་པའི་རིགས་སུ་ནི། །རྣལ་འབྱོར་ལྡན་པ་སྐྱེ་བར་འགྱུར། །སྔོན་དུ་གོམས་པ་དེ་ཡིས་ནི། །སླར་ལ་ཡང་ནི་འཇིག་པར་འགྱུར། །ཡེ་ཤེས་རྣལ་འབྱོར་རྒྱ་ཆེ་བ། །ཡེ་ཤེས་ཐོབ་ནས་འགྲོ་འགྱུར་ཏེ། །ཟད་མེད་མཆོག་གི་གོ་འཕང་དུ། །གང་དུ་སླར་ལ་མི་སྐྱེ་བར། །སྐྱེ་བོའི་ཡེ་ཤེས་སྐྱེ་བ་ནི། །ཉི་མ་ཉིན་མོའི་དུས་སུ་སྟེ། །མཚན་མོའི་མཐའ་སྟེ་མཚན་ཕྱེད་དང་། །ཉི་མའི་གུང་དུ་ལྷ་མིན་གྱི། །ཟླ་བ་མཚན་མོ་ཡི་དུས་སུ། །ཉི་མའི་གུང་ནི་སོང་བ་ན། །ཡང་དག་ཡེ་ཤེས་རྣམས་ཉམས་ལས། །འབྱུང་བ་འགྱུར་བ་ཡི་ནི་ཚིག །འདུས་བྱས་པ་དང་ཐ་མལ་པ། །ཞི་བ་དང་ནི་དྲག་

(༤༠༣)པོའི་ལས། །སྲིད་པ་གསུམ་གྱི་གནས་སུ་ནི། །ལེན་པར་སྦྱར་དང་ཐ་མལ་པའོ། །མཚན་མོའི་ཕྱེད་དང་ཉིན་མོའི་ཕྱེད། །ཉིན་མོ་མཚན་མོ་ཡི་ནི་དུས། །དེ་དག་གི་ནི་ཟ་བའི་དུས། །ཁ་ཟས་བ་ལང་ཤ་དང་ཟས། །རྣམ་པ་སྣ་ཚོགས་རོ་ཡི་ནི། །བཏུང་བ་སྒོ་ང་ཁུ་བའོ། །དམར་པོ་དང་ནི་དཀར་པོའི་གོས། །ཉི་མ་ཟླ་བའི་འགྲོ་བ་བཞིན། །མཐོ་རིས་ལ་སོགས་ཀྱི་ནི་གནས། །མི་འཚེ་བ་དང་འཚེ་བའི་ཆོས། །བླ་མའི་ངེས་པའི་དབང་གིས་ནི། །རྡོ་རྗེའི་གདན་དང་སྲིན་པོའི་གདན། །འབྱུང་པོ་རྣམས་ཀྱིས་འདྲེས་པའི་ལས། །ཚིག་ཀྱང་འདྲེས་པར་འགྱུར་བ་དང་། །ཕྲ་མ་ལ་སོགས་འདྲེས་པ་དང་། །མི་འཚེ་བ་དང་འཚེ་བའི་ཆོས། །བླ་མའི་ངེས་པ་ཁོ་ན་ཡིས། །སྲོག་གཅོད་ལ་སོགས་ངེས་པའོ། །སྦྱོར་བ་ཉིད་ལ་འཇུག་པ་འམ། །བརྒྱ་ལ་ལྡོག་པ་ཉིད་དུ་འགྱུར། །བཟའ་དང་བཏུང་བ་ཡང་འདྲེས་དང་། །ཉི་མ་ཟླ་བ་འགྲོ་དབང་གིས། །འདྲེས་པའི་ལམ་ནི་གཞན་དུའོ། །ཉི་མ་སྣང་བ་ལ་མཆོད་འོས། །ཉིན་མོ་དཀར་མོ་ཉི་མ་དང་། །བྱང་དུ་འགྲོ་བ་ལོ་ཡི་ཕྱེད། །ཟླ་བའི་སྣང་བ་མཚན་མོ་དང་། །དཀར་མིན་པ་དང་ལྷར་འགྲོ་བ། འདི་ནི་དུ་བ་ཡི་ནི་ལམ། །མཆོད་འོས་མཐོ་རིས་ལྷ་རྣམས་ཀྱི། །དཀར་པོ་མིན་པ་དེ་བཞིན་དུ། །ཀླུ་ཡི་འཇིག་རྟེན་ལྷ་མི་རྣམས། །འདྲེས་པ་མཚམས་སུ་མི་འཇིག་རྟེན། །ཡི་དགས་བྱོལ་སོང་མི་རུ་འགྱུར། །གང་ཞིག་གང་གི་དབུས་སུ་

(༤༠༤)ཞུགས། །སྡུག་བསྔལ་ཞུགས་ཀྱི་ངེས་པ་ཡི། །ལས་ཀྱི་ཞགས་པས་ངེས་བཅིངས་པའི། །དེ་དབུས་རང་རང་དངོས་ཀྱིས་འབྱུང་། །དེ་ཡི་རིགས་ལ་དེ་ཞེན་པས། །ཇི་སྲིད་སེམས་ཀྱི་རང་བཞིན་ནོ། །རྣམ་པ་གསུམ་དུ་སྲིད་དབང་གིས། །ཚོར་བ་བདེ་དང་སྡུག་བསྔལ་ལོ། །དེ་སྲིད་འཁོར་བ་འཇིག་པ་ནི། །འདི་རུ་འཁོར་ལོ་མི་བདག་པོ། །མཐོ་རིས་མི་ཡུལ་ས་འོག་ཏུ། །ཀ་སྩོགས་སྡེ་དང་གུག་སྐྱེད་བཅས། །ཡང་ནི་ཡོན་ཏན་གྱིས་ནི་བསྒྲེས། །གཞན་ཡང་ཟླ་བ་ཕྱེད་དང་དབྱངས། །གསལ་བྱེད་རྣམས་ནི་སུམ་བཅུ་ཉིད། །རྣམ་པ་གསུམ་དུ་འགྲོ་དབང་གིས། །འཕོ་བ་དེ་ནི་འཆི་བ་འོ། །གཟའ་ལྔ་དང་ནི་སྤྱོད་པ་དང་། །ཉི་མ་ཟླ་བ་སྤྱོད་པ་དང་། སྒྲ་གཅན་ཏོག་ཆེ་ཡང་ངོ་། །སུམ་བཅུ་རྩ་གཉིས་ལོ་ཟླ་ཕྱེད། །ཡང་ནི་ཡོན་ཏན་བསྒྲེས་པ་རྣམས། །ཟླ་བ་ཉི་མ་མེ་ཡིས་ཕྱེ། །ལོ་གསུམ་གྱི་ནི་ཟླ་ཕྱེད་རྣམས། །ཡང་ནི་རི་བོང་ཅན་ཡོན་ཏན། །དུས་ཀྱི་མེ་ཡིས་ཟླ་ཕྱེད་གཉིས། །མ་ཚང་གྱུར་པའི་ལོ་བརྒྱ་ལ། །མཐུན་དང་མི་མཐུན་འགྲོ་བ་ཡིས། །ལྷག་མ་ཟླ་ཕྱེད་ཉི་མ་ཟླ། །འཇིག་རྟེན་མིག་མེ་མིག་གི་གྲངས། །ཉིན་མོ་དང་ནི་མཚན་མོའི་དུས། །བདག་གི་མ་ཚང་བ་མཐའ་དག །སྡེ་ཚན་གུག་སྐྱེད་ཉི་མ་ཟླ། །འགྲོ་བའི་དབང་གིས་གསལ་བྱེད་ལ། །རྩོགས་པ་ཟོས་ནས་འཆི་བར་འགྱུར། །འཁོར་ལོ་ཕྱེད་དང་གཉིས་ཆུ་ཚོད། །ཟླ་བའི་ཆ་དང་བྲལ་བ་དང་། །གཟའ་ཡི་ཆུ་ཚོད་བྲལ་བ་འོ། །ཤེས་རབ་ཐབས་ཀྱིས་རབ་དབྱེ་བས། །ཉིན་དང་མཚན་མོའི་དུས་སུ་ནི། །དེ་རྣམས་ཡང་ནི་ཟོས་ཏེ་འཆི། །དེ་ལྟར་

(༤༠༥)སྡེ་ཚན་གུག་སྐྱེད་བཅས། །དབྱངས་ཀྱི་ཚོགས་དང་ལྷན་ཅིག་པ། །གསལ་བྱེད་གཞན་ཉིད་རྒྱུ་བ་རྣམས། །གལ་ཏེ་དབུས་མའི་དུས་འཆི་ཉིད། །ཟླ་བ་ཉི་མའི་འཆི་བ་ལ། །གསལ་བྱེད་ཉིད་ནི་ལྷག་པའི་ལྷ། །མཚན་མོ་སུམ་བཅུ་གཉིས་གཅིག་ལ། །ཉི་མ་ཟླ་བའི་འགྲོ་བ་ལ། །རྩ་འདི་རྣམས་ནི་ཆད་པར་འགྱུར། །སླར་ལ་སུམ་བཅུ་གསུམ་ཚན་ལ། །རིགས་ལྡན་བཅས་པ་རྣམས་ནི་འདོར། །ཕུང་པོ་ཁམས་དང་སྐྱེ་མཆེད་སྩོགས། །རྩ་བ་ཉི་མའི་རྩ་ནི་འདོར། །སྲོག་གི་རླུང་ནི་ཉིན་ཅིག་ལ། །རྩེ་མོ་ཅན་ལ་འཇུག་པར་འགྱུར། །ས་དང་ཆུ་དང་མེ་དང་ནི། །རླུང་དང་ནམ་མཁའ་ཡི་ནི་ཁམས། །རྣམ་པར་ཆད་པ་ཁོ་ནའི་བར། །མ་ལུས་པ་ཡི་རྒྱལ་བའི་སྐུ། །སྔགས་པས་དངོས་གྲུབ་ཀྱི་ནི་རྒྱུད། །དང་པོ་ཡང་དག་བསྲུང་བར་བྱ། །ལུས་མེད་ན་ནི་དངོས་གྲུབ་མེད། །མཆོག་ཏུ་བདེ་བ་ཐོབ་པ་ཡི། །རྟག་པ་གང་དེ་ཡང་མེད་དོ། །དེ་ཕྱིར་ལུས་ཀྱི་དོན་ཆེད་དུ། །ཉི་མ་སོ་སོའི་དུས་སུ་ནི། །རྩ་ཡི་སྦྱོར་བ་བསྒོམས་པར་བྱ། །ལུས་ཀྱི་དངོས་གྲུབ་ལས་གཞན་པའི། །དངོས་གྲུབ་སྲིད་པ་གསུམ་གནས་སུ། །ཇི་བགྱི་བ་དང་འདྲེ་བར་འགྱུར། །སྟོང་པ་དུ་བ་ལ་སོགས་ལམ། །བླ་མའི་ངེས་པའི་དབང་གིས་ནི། །འཆི་བའི་བར་དུ་བསྒོམ་པར་བྱ། །དེ་ཕྱིར་རྩ་བའི་འཁོར་ལོ་ལ། །སྲོག་དང་འཐུར་དུ་སེལ་བའི་རླུང་། །བརྟན་པ་རུ་ནི་བྱ་བ་ཡིན། །ཕྱི་ནས་ཐིག་ལེ་འགོག་པ་ལ། །ཞེན་པ་ཁོ་ན་བྱེད་པ་ཡི། །བྱང་ཆུབ་སེམས་ཀྱི་རྣལ་འབྱོར་པ། །དེ་ཕྱིར་གང་ཅི་རུང་འདོད་པ།

(༤༠༦)ཉི་མ་ཅུང་ཟད་ཙམ་ལ་ནི། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཉི་མ་ཟླ་བ་འགོག་པ་ནི། །མཐུན་དང་མི་མཐུན་པ་བགྲོད་པར། །དབུ་མ་ལ་ནི་དུས་མེ་འཇུག །སྲོག་དང་ཐུར་སེལ་གཉིས་ཀ་ཡང་། །དང་པོའི་ཉི་མ་སོང་བ་ལ། །དུས་མིན་འཆི་བ་བསླུ་བར་འགྱུར། །སྲོག་གིས་དག་པར་བྱ་བ་ཉིད། །ལག་པ་རྐང་པར་བཅས་པ་དང་། །སོར་ཚིགས་སེན་མོའི་བར་དུའོ། །འཁོར་དྲུག་སངས་རྒྱས་ལྷ་མོ་རྣམས། །གཉིས་ཀའི་ཕྱག་ན་པདྨའོ། །རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། །ཐུར་སེལ་བསྐུམ་པར་འདོད་པ་ཡིས། །རླུང་གི་ནད་ནི་མ་ལུས་སེལ། །ལུས་ཀྱི་མཆོག་ཏུ་འགྱུར་བའོ། །སྲོག་རྩོལ་བད་ཀན་ལ་སྦྱར་ལ། །སླར་ལ་ཡང་ནི་དེ་དག་ནི། །བཏང་ན་མཁྲིས་པའི་ཉེས་པ་སེལ། །སྟེང་དང་འོག་ཏུ་དེ་འགོག་ན། །བདེ་བ་བྱེད་པ་རུ་ནི་འགྱུར། །འདུས་པ་ཡི་ནི་རིམ་ཀྱང་ངོ་། །ལྟེ་བའི་སྟེང་དུ་སྲོག་གི་རླུང་། །མ་ལུས་པ་ཡི་ནད་ནི་སེལ། །གཞན་ཡང་ལྟོ་བའི་རྩ་རུ་ནི། །ལམ་ནི་རྣམ་པ་གསུམ་སོང་བ། །ཐུར་དུ་སེལ་བའི་རླུང་ནི་བསྐུམ། །དེ་བཞིན་སྟེང་དང་སྲོག་ཀྱང་ངོ། །འདུས་པ་ལ་ནི་ཅི་སྲིད་མེ། །སྟོབས་དང་ལྡན་པ་རྒྱུ་ནི་འགྱུར། །ལུས་ཀུན་ལ་ནི་ཁྱབ་དང་ལྡན། །སྐྲ་དཀར་གཉེར་མ་འབྲུམ་ནད་དང་། །གཞན་ཡང་ལུས་ལ་ཡོད་པ་རྣམས། །ཟླ་བའི་སྦྱར་བས་ངེས་པར་སེལ། །དབུགས་རྩེགས་པ་དང་ཀློག་དང་ནི། །གཞན་ཡང་དུག་ནི་རྣམ་པ་གསུམ། །མིག་ནི་ནོད་ལ་སོགས་པ་ཡང་། །མཆན་ཁུང་གཡོན་དང་གཡས་པ་དང་།

(༤༠༧)ནུ་མ་ཡང་ནི་སྟོབས་ལྡན་པས། །བཙིར་ཞིང་སྲོག་ནི་རྔུབ་གཟུང་ན། །གཡས་དང་གཡོན་གྱི་རྩ་རུ་ནི། །ཐོག་མ་མེད་པར་རྒྱུ་བར་འགྱུར། །གཡོན་གྱི་མཆན་ཁུང་གཡོན་མིན་པ། །ཟླ་ཕྱེད་འཆི་ལྟས་ཀྱང་མེད་དོ། །རྣལ་འབྱོར་ལྡན་པའི་རྣལ་འབྱོར་པ། །འདི་ནི་འཆི་བ་སེལ་ཡང་འགྱུར། །རྐང་པ་རྡོ་རྗེ་གདན་གནས་པ། །ལག་པའི་པདྨས་གཟུང་བ་ཡིས། །རྒྱབ་ཀྱི་གཟིར་ནི་འཇིག་པར་འགྱུར། །སྟེང་དུ་རྐང་པ་མགོ་བགོ་བསྟན། །ལུས་ཀྱི་བད་ཀན་གྱི་ནི་ནད། །མ་ལུས་པ་ནི་སེལ་བར་འགྱུར། །དབུགས་ནི་རྔུབས་ཏེ་ཆུ་བཏང་བ། །ཉི་མ་ཅུང་ཟད་ཙམ་དུ་ནི། །ཆུ་སྲི་བ་ནི་ངེས་པར་སེལ། །ཐོ་རས་སྲིན་ལག་དག་གིས་ནི། །ཁ་ནི་ཆུ་དང་བྲལ་བ་ཡིས། །ས་ཡི་ཕྲེང་བ་བྱུག་པ་ནི། །མིག་དག་གི་ནི་སྨན་ཡིན་ནོ། །བྱིས་པ་ལས་སྐྱེས་བསྣུན་པས་ཀྱང་། །མིག་གི་ནད་ནི་སེལ་བར་འགྱུར། །གན་རྐྱལ་ཉལ་ལ་ལྟེ་བ་ནི། །ལག་པའི་པདྨ་ཡིས་བཟུང་ན། །མ་ཞུ་བ་ཡི་གཟེར་ངེས་སེལ། །འབྲས་ཀྱི་ནད་ནི་འབྱུང་བ་ལ། །མར་དང་ཚ་རུ་བཅས་པ་ཡིས། །བདུགས་ན་འཕེལ་བ་རློག་པར་བྱེད། །ཨརྒའི་འོ་མ་བྱུགས་པས་ཀྱང་། །རྒྱ་ལ་སོ་ནི་སྲིན་བུ་ཡིས། །གསེར་དང་བཅས་པར་འགྱུར་བ་ཡིས། །སྦུ་གུ་ལ་སོགས་བྱུགས་པ་ཡིས། །སྟག་མོའི་ས་བོན་ངུ་བ་ཡིས། །སོ་ཡི་སྲིན་ལ་སོགས་པ་སེལ། །ཤེས་རབ་སྦྱོར་བས་རང་གི་སེམས། །རྟག་ཏུ་འཁྲུག་པ་མེད་པ་དང་། །སྲོག་ན་རླུང་གིས་འགོག་

(༤༠༨)པ་ཡིས། །ལོ་ཡི་ཕྱེད་ན་འགོག་པ་ཡིས། །མཆོག་གི་ལུས་ལ་སེལ་བར་བྱེད། །སྔགས་པ་རྣམས་ཀྱིས་གཞན་ཅི་སྨོས། །ལོ་ནི་བདུན་བཅུའི་སྐྲ་དཀར་དང་། །གཉེར་མར་བཅས་པ་འཕྲོག་བྱེད་དོ། །ལོ་གཉིས་བར་དུ་རྫོགས་པ་ན། །དེ་རྗེས་ཕྱག་རྒྱའི་དངོས་གྲུབ་ནི། །ཉི་མ་ཅུང་ཟད་གྱིས་འགྱུར་ཏེ། །ལམ་དང་སེམས་ནི་རབ་ཏུ་བསྒྲེས། །སྲོག་དང་རྩོལ་བ་རབ་ཏུ་བྱ། །སྙིང་ག་སྤྱི་བོ་དེ་བཞིན་དུ། །ཇི་སྲིད་མི་ཡི་ནད་གྱུར་པ། །དེ་ལས་ལྷག་པར་རྒྱལ་བར་འགྱུར། །པདྨ་བཟང་པོར་མ་མནན་པའི། །དབང་གིས་གཙུག་ཏོར་ཕྱེ་བའི་ཕྱིར། །འཆི་བ་རུ་ནི་འགྱུར་བ་ཡིན། །ཕུང་པོ་ཁམས་ནི་སྤངས་པ་ཡིས། །ཕྱག་རྒྱ་སྦྱོར་བ་རྣམ་པར་ཉམས། །སྐྱེས་བུའི་སྐྱེ་བ་འདི་ཉིད་ལ། །ཡང་དག་བདེ་བ་སྟེར་བ་མེད། །ཕྱག་རྒྱ་བསྒོམ་པའི་དོན་གསུངས་ཏེ། །ཉིན་དང་མཚན་མོའི་དོན་གསུངས་ཏེ། །འདོད་ཆགས་ཟད་དོན་ཉིད་དུ་མིན། །གསུང་གི་རྡོ་རྗེ་མྱང་དོན་དུ། །མོས་པར་བྱ་བ་ཁོ་ན་མིན། །སྔགས་པ་རྣམས་ལ་གསུངས་པ་ཉིད། །ཉི་མ་སོ་སོའི་དུས་སུ་ནི། །ཟས་ཀུན་བདེ་བའི་དོན་དུ་སྟེ། །མི་འཇུའི་རྒྱུ་རུ་གསུངས་པ་མིན། །དཔལ་གྱི་ལོངས་སྤྱོད་དངོས་གྲུབ་རྒྱུར། །རེ་བསྲེགས་གནས་སུ་མཚན་མོ་ནི། །འགྲོ་བ་རྩེ་བའི་དོན་དུ་མིན། །མི་སྐྲོད་ཅུང་ཟད་དྲོ་བར་གཟུང་། །ཁ་ཡི་ནད་ནི་ཞི་བར་འགྱུར། །སོ་ཡི་གཟེར་བ་ཉིད་ཀྱང་ངོ། །ཐོ་རངས་མི་སྐྱོད་སྣར་བླུགས་ན། །མགོ་ཡི་ནད་ནི་སེལ་བར་འགྱུར། །སྣ་རུ་ཆུ་བླུགས་དེ་བཞིན་ནོ། །

(༤༠༩)རྣ་བ་མིག་ཏུ་དྲི་ཡི་ཆུས། །རོ་དང་གྲངས་པ་བླུགས་པ་ཡིས། །གཉིས་ཀའི་ནད་ནི་སེལ་བར་འགྱུར། །འབྱུང་པོས་ཟིན་ལ་མི་སྐྱོད་པ། །སྣ་རུ་ཚ་བ་གསུམ་ལྷན་ཅིག །བདེ་སྟེར་དེ་བཞིན་ཟིན་པ་ལ། །བཤང་དང་གཅི་བ་ཁུ་དང་ཁྲག །མི་ཡི་རྐང་དང་ལྷན་ཅིག་པ། །ཟོས་ན་ཚེ་ནི་སྟེར་བར་འགྱུར། །བསམ་གཏན་ལྡན་པ་ལོ་ཏོག་སྣང་། །ཡན་ལག་ལས་སྐྱེས་སྐྲ་དཀར་དང་། །གཉེར་མར་བཅས་པ་སེལ་བར་བྱེད། །མར་མེ་ལྔ་ནི་ཟོས་པ་ཡིས། །ནད་ནི་མཐའ་དག་སེལ་བྱེད་དོ། །སྦྲང་རྩི་དང་ནི་སྐྱུགས་པ་བསྲེ། །བུད་མེད་ལོ་ཏོག་ཁུ་བ་བསྲེ། །ལོ་གཅིག་ཏུ་ནི་ཟོས་པ་ཡིས། །ནད་ནི་སེལ་བར་བྱེད་པ་ཡིན། །ལན་ཚ་སྐྱུར་མོས་རླུང་འཇོམས་ཤིང་། །མངར་བ་དང་ནི་སྐ་བ་ནི། །མཁྲིས་པའི་དགྲ་རུ་རབ་ཏུ་འགྱུར། །ཁ་བས་བད་ཀན་ཐམས་ཅད་འཇོམས། །དེ་བཞིན་དུ་ནི་ཚ་བ་སྟེ། །སྨན་ནམ་དེ་ཡི་ཁུ་བ་རུ། །ར་ཡི་འོ་མས་བད་ཀན་འཇོམས། །ཚ་བ་གསུམ་དང་ལྷན་ཅིག་པས། །མ་ཧེའི་འོ་མ་མཁྲིས་པ་ཡིས། །རྔ་མོའི་འོ་མས་རླུང་ནི་འཇོམས། །བ་ཡི་འོ་མ་མར་ཉིད་ནི། །ནད་ནི་རྣམ་པ་གསུམ་སེལ་ལོ། །ཛ་ཏི་ཀོལ་བའི་ཆུ་དྲོན་མོས། །ཁ་ཡི་ནད་ནི་ཞི་བ་དང་། །སོ་ཡི་ནད་ཀྱང་དེ་བཞིན་ནོ། །ཏིལ་ཡང་ར་གཅིན་བསྐོལ་བ་ལ། །ཚ་བ་གསུམ་དང་ལན་ཚ་ཡིས། །རྣ་བའི་ནད་ནི་སེལ་བར་བྱེད། །མར་དང་འོ་མ་གེ་སར་དམར། །བཀོལ་བ་ཡིས་ནི་རྟག་ཏུ་ཡང་། །སྣ་ཡི་ནད་ནི་སེལ་བར་འགྱུར། །ཀླུ་ཡི་མཇུག་མ་དབང་པོ་དང་། །བོང་

(༤༡༠)བུའི་ཆུར་བཅས་ཀྱིས་སེལ་ཏེ། །འབྲས་ཀྱི་ཚོགས་ལ་བྱུག་པར་བྱ། །ལག་པ་གཉིས་ནི་དཔྱངས་བྱ་སྟེ། །རྐང་པའི་པདྨ་མཉམ་པོར་བཤིབ། །སྲོག་གི་ལུས་ནི་དག་པར་བྱ། །ཇི་སྲིད་དུ་ནི་ས་ལ་ལུས། །ལྟུང་བ་རུ་ནི་མི་འགྱུར་བར། །ནད་ནི་གཏོང་བར་མི་འགྱུར་རོ། །ཡང་དང་ཡང་ནི་ཏིང་འཛིན་གནས། །འཆི་བ་ཡི་ནི་འཇིག་བྱེད་པ། །ཚོར་བ་ལྟ་བུ་ཉིད་ནི་བཞོམ། །སྙིང་གི་པདྨའི་ཟླ་སྟེངས་སུ། །དྲི་མ་མེད་པ་ཟླ་བ་ལྟ་བུའི། །སྣ་ཚོགས་ཡུམ་ནི་བསྒོམ་པ་ཡིན། །སྲན་ཆུང་བཏགས་པ་བཀོལ་བ་ཡིས། །མི་རྣམས་ཚ་བ་སྐྱེས་པ་ཡི། །ཚ་བ་ལྟ་བུ་འཇོམས་པར་བྱེད། །ཚ་བའི་མཐར་ནི་ཐོབ་པ་ལ། །མི་སྐྱོད་བླུག་ནས་གཉེས་པ་ཡིས། །འཇིགས་པར་བྱེད་པ་ཡང་སེལ་ལོ། །སྔགས་ཀྱི་དང་པོ་རུ་ནི་ཨོཾ། །ཆུ་དང་རྩེ་མོ་ཅན་དུ་རླུང་། །བཛྲ་སྔོན་དུ་འགྲོ་བའི་མིང་། །བསྲུང་བ་ཡང་དེ་ཉིད་ཀྱིས་བྱ། །སྤྱི་བོ་མགྲིན་པ་སྙིང་ག་དང་། །ལྟེ་བ་གསང་བ་ལ་སོགས་སུ། །སྐྱུ་རུ་ར་ཡི་ཕྱེ་མ་མཚུངས། །རྟ་བྱང་གཞན་ཡང་དེ་བཞིན་དུ། །རིན་ཏི་རི་ཡི་འདབ་ཕྱེ་མ། །ཆུ་བླུགས་ཟླ་བ་ཉི་མར་བརྟག། དྲི་མ་དང་ནི་བྲལ་བ་ཉིད། །བཞི་ཆ་ལུས་ཀྱི་བར་དུ་བཀོལ། །བཀོལ་ལ་ཁ་ར་ཕྱེ་མ་བསྲེ། །ཡང་ནི་ཉི་མ་གཞན་མ་ནས། །འདི་དག་མཚན་མོ་གསུམ་དུ་འདུ། །སོས་ཀའི་ཉི་མས་རབ་གདུངས་པ། །འཆི་བ་སྟེར་བ་སེལ་བར་བྱེད། །ཁམས་ནི་བདུན་དུ་སོང་བ་ཡང་། །གསེར་དང་ཉི་མ་འོད་ཀྱི་ལྕགས། །རབ་རིབ་སྐྱེས་པ་དང་ནི་ལྕགས། །བཙག་ནི་

(༤༡༡)བསྲེས་ལ་སྦུད་པར་བྱ། །ས་བོན་ཕྱེད་ཀྱི་གོང་བུ་ཡང་། །དྲི་མ་དང་བྲལ་དངུལ་ཆུ་དང་། །སྲང་ནི་དྲུག་དང་བྱས་པ་ཡིན། །མེ་ནི་དྲག་པོ་ཁོ་ན་ཡིས། །བ་ཡི་དར་བ་བསད་བྱ་སྟེ། །དངས་མ་ཡང་ནི་བླང་བ་ཉིད། །དཔལ་གྱི་གོང་བུ་ཁབ་ལེན་འདབ། །སླར་ལ་ཡང་ནི་བཀོལ་བྱ་སྟེ། །ཅི་སྲིད་ཕྱེད་ཀྱི་ཚད་དུའོ། །བཏུས་པ་དག་པའི་དུམ་བུ་ནི། །སྲང་བརྒྱད་ལ་ནི་ན་ལེ་ཤམ། །དེ་རུ་གཞུག་པར་བྱ་བ་ཡིན། །དེ་ནི་ཐམས་ཅད་དུས་སུ་བཟའ། །བཟའ་དང་བཏུང་བ་རྣམ་པར་སྤང་། །སོ་རྩིའི་རྩིགས་མ་ཁོ་ནའི་བར། །ཟླ་བ་དྲུག་ན་ལྷ་ཡི་ལུས། །སྐྲ་དཀར་གཉེར་མ་དང་བྲལ་བར། །རྣལ་འབྱོར་ལྡན་པ་སྐྱེ་བར་འགྱུར། །དེ་ཕྱིར་བཟའ་བ་དེ་ཉིད་ནི། །ཉི་མ་སོ་སོའི་དུས་སུ་ནི། །འོན་ཀྱང་གོང་དང་བྲལ་བ་འོ། །སྔོན་གསུངས་ས་བོན་རྒྱལ་པོ་དང་། །མཉམ་པ་ཡི་ནི་དངུལ་ཆུ་དང་། །ཕྱེད་ཀྱི་ཚད་ཙམ་གཟག་པ་ལ། །ཚ་ལོ་སྐྱུར་མོས་མཉེས་ནས་ནི། །རྣམ་པ་སྣ་ཚོགས་མང་པོའི་སྨན། །ཅི་སྲིད་དུ་ནི་གཅིག་གི་བར། །མཁྲིས་པ་སྐྱུར་དང་མུ་ཐི་སྩོགས། །ད་ར་ད་དང་བྲག་སྐྱེས་ནི། །དངུལ་ཆུ་དང་མཉམ་གཉེ་བར་བྱ། །དེ་ཡིས་དངུལ་གྱི་འདབ་བྱུགས་པ། །ཕྱེད་འདྲེས་པ་ནི་ཚོས་པ་ཡིས། །དེ་ནི་གསེར་དུ་འགྱུར་བ་ཡིན། །རྣོན་པོ་ཁ་ལས་སྐྱེས་པ་དང་། །བུལ་ཏོག་དང་ནི་ལན་ཚྭ་དང་། །ནལ་ཐལ་པ་རྫ་རིམ་པ་བཞིན། །འཕེལ་བའི་ཉིས་འགྱུར་ཉི་མ་དང་། །རོ་མཉམ་

(༤༡༢)པར་ནི་བྱ་བའི་ཕྱིར། །ཉི་མ་ལུས་ཀྱི་བར་དུ་སྦུད། །སླར་ལ་ཚེ་ལེས་དག་པ་ནི། །དེ་བཞིན་དུ་ནི་འཇམ་པོར་འགྱུར། །བ་ཡི་རང་བཞིན་སྩོགས་ཀྱིས་བྲན། །རྡུལ་གྱི་སུམ་ཆ་ཟིན་པ་ནི། །བསྣུན་པ་ཡང་ནི་དགང་བ་ཉིད། །དག་པའི་མེ་ཏོག་ཁོ་ན་འོ། །ཨེ་ལ་ག་བུར་ཕྲེང་བ་དང་། །འདབ་མ་ཐུག་པོའི་འབྲས་བུ་ཅན། །བྱ་རོག་དང་ནི་རི་ལས་སྐྱེས། །ཀ་ཀོ་ལ་དང་སེང་གེའི་ཆུ། །ཨུཏྤལ་འབྲས་བུ་རི་དགས་སྐྱེས། །ཁྲག་དང་དཻ་ཏྱ་སུ་ཏི་དང་། །གླུ་དང་བསིལ་དང་འཆི་བ་དང་། །འདབ་མ་སྲང་དང་ཆུ་ལྕུག་མ། །ནམ་མཁའ་ཡོན་པོ་འདི་དག་གི། །རྫས་ལྔ་རྣམས་ཀྱིས་དྲི་རུ་བྱ། །རི་དགས་རི་བོང་ཅན་གྱིས་བདུག །མེ་ཏོག་ལ་སོགས་པ་ཡིས་བདུག །མིག་དང་ཟླ་མེ་རྒྱ་མཚོ་མདའ། །ཡོན་ཏན་ཆུ་ཡི་གཏེར་དང་མདའ། །ལག་པ་ཟ་བ་མདའ་དང་མིག །ཟླ་མེ་རྒྱ་མཚོ་ཟླ་བ་དུས། །དུས་མདའ་མིག་དང་རྒྱ་མཚོ་དང་། །ཟླ་མིག་ཟླ་བ་འཇིག་རྟེན་ནི། །ཨེ་ལ་སོགས་པ་ཆ་ཡི་གྲངས། །རེའུ་མིག་རྣམ་པ་ལྔ་ལྔ་ལ། །རིམ་པ་ཡོངས་སུ་བཀོད་པ་ཡིས། །རྫས་རྣམས་ཀྱིས་ནི་དྲི་རུ་འགྱུར། །དྲི་སྨན་གནས་སུ་ཡོང་བ་ཡིས། །དག་པའི་ཆ་ཡིས་ཉི་མར་བཤད། །ཛཱ་ཏི་ལ་སོགས་ཨེ་ལས་ལྕུགས་མ་དང་། །འདབ་མའི་བུམ་པའི་གནས་སུ་ནི། །དགོད་པ་ཡི་ནི་རིམ་པ་བཞིན། །རྒྱ་སྐྱེགས་པ་རྫ་འོ་མ་དང་། །གཞན་ཡང་ནམ་མཁའ་དཀར་པོ་ནི། །སྤོས་ཀྱི་བྱ་བ་ལ་སྤོས་སུ། །བྱ་སྟེ་ག་བུར་དུམ་བུ་དང་། །

(༤༡༣)སྐུ་གསུམ་ཁུ་བ་དང་ལྡན་པ། །སེམས་ཅན་སྐོགས་མའི་ཆ་ཡིས་སོ། །དྲི་ཡི་ཆུ་དང་བརྟག་པ་ནི། །གཞན་ཡང་སྦྲང་རྩི་བྲལ་བ་ཉིད། །སྤོས་ཀྱི་རེང་བུར་རབ་ཏུ་བྱ། །ལྟེ་བ་ལ་སོགས་སེང་གེའི་ཆུ། །རི་བོང་ཅན་དང་འགྲོ་གནས་སུ། །བཀོད་པ་ཁྲུས་ཀྱི་སྦྱོར་བ་འོ། །དུས་འཁོར་དང་ནི་གདན་བཞི་སྟེ། །རྡོ་རྗེ་མཁའ་འགྲོ་སམ་བྷུ་ཊ། །མ་རྒྱུད་ཀུན་གྱི་སྒྲ་དོན་རྣམས། །སྙན་རྒྱུད་མར་གྱི་སྙིང་པོ་ལྟར། །གཅིག་ཏུ་བསྡུས་ནས་གསལ་བར་མཛད། །གསང་འདུས་རྒྱུད་ཀྱི་ཁྱད་འཕགས་ལུང་། །རྡོ་རྗེའི་ཚིག་ཕྲལ་ལྕགས་ཀྱི་སྲན་མ་དེ། །མན་ངག་ཀུན་གྱི་གཏེར་མཛོད་ཡིན། །རྒྱུད་སྡེ་ཀུན་ན་བཞུགས་ལགས་ཀྱང་། །འདི་ཡི་སྒྲ་དོན་ཤེས་པ་དཀའ། །བཀའ་བཞི་རྒྱུད་པས་བྱིན་བརླབས་ཤིང་། །འཁོར་ལོ་བདེ་མཆོག་ཏཻ་ལོ་པ། །དཀའ་སྤྱད་བཅུ་གཉིས་མཐར་ཕྱིན་ནས། །ཏཻ་ལོའི་བྱིན་བརླབས་འཁོར་ལོ་ཚོགས་ཆེན་པ། །ནོན་མཛད་དྲུག་པ་རྡོ་རྗེ་འཆང་། །པཎ་ཆེན་ནཱ་རོ་མ་ལགས་སམ། །རྣལ་འབྱོར་ཆེན་པོ་གསར་མ་ཡི། །བཅུད་ཕྱུང་ལྷན་སྐྱེས་ཡེ་ཤེས་ནི། །ཐབས་དང་ཤེས་རབ་དབྱེར་མེད་ལ། །སྐལ་ལྡན་སྨིན་གྲོལ་མཛད་པའི་ཕྱིར། །ཟབ་མོ་སྔགས་ཀྱི་གདམ་ངག་རྣམས། །ལྷན་སྐྱེས་ཡེ་ཤེས་རྣལ་འབྱོར་པས། །རླུང་སེམས་གཉིས་ཀྱི་དཀྱིལ་འཁོར་དུ། །སྲོག་རྩོལ་རླུང་གི་མན་ངག་གིས། །སྐུ་གསུམ་ལྷུན་གྱིས་གྲུབ་པ་ཡི། །རྡོ་རྗེ་འཆང་ཆེན་རང་ལ་རྫོགས། ཨེ་མ་ངོ་མཚར་མི་ཆའམ། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། །ཆོས་སྐུའི་བསྟན་པ་རྣལ་འབྱོར་ཆེན་པོ་གསར། །

(༤༡༤)མའི་ཐབས་དང་ཤེས་རབ་དབྱེར་མེད་པའི་རྒྱུད་སྡེ་རྣམས་ཀྱི་སྤྱི་ལུང་རྡོ་རྗེ་ཚིག་ཕྲལ། །བཀའ་དང་རྒྱུད་པ་པོར་བསྟན་པའི་བར་སྐབས་ལགས་སོ། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། །ཁྱད་པར་དུ་རྣལ་འབྱོར་ཆེན་པོའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། །ཕ་རྒྱུད་མ་རྒྱུད་གཉིས་ལས་རྒྱུད་སྡེ་བོད་ལ་འགྱུར་བ་གྲངས་ཅན་དང་། །བོད་ལ་མ་འགྱུར་ཞིང་རྒྱ་གར་དང་འོག་མིན་དང་མཁའ་འགྲོའི་གནས་ན་བཞུགས་པ་ལ་གྲངས་མེད་པ་སྟེ། །ཕྱིར་སྡེ་རྣམས་ལ་ཡང་རྒྱུད་བཤའ་མ་དབུ་ཞབས་སུ་ཕུན་སུམ་ཚོགས་པ་ལྔ་ཚང་ཞིང་། །རྒྱུད་དང་རྒྱུད་ཀྱི་འབྲེལ་པ་དང་། རྒྱུད་ཀྱི་ཕྱི་མ་དང་། ཡན་ལག་གི་རྒྱུད་ཐམས་ཅད་རྫོགས་ཤིང་ཚང་ཏེ། རྩ་རྒྱུད་ལས་བཤད་རྒྱུད་ཡན་ལག་ཚང་བ་རྣམས་ནི་རྒྱུད་ཅེས་བྱ་བ་ཡིན། རྩ་རྒྱུད་མེད་པའི་བཤད་རྒྱུད་རྣམས་ནི་ཁ་འཐོར་བའི་རྒྱུད་ཅེས་ཀྱང་བྱ། དེའི་ཕྱིར་ན། ཕྱུང་བའི་རྒྱུད་དང་བཏུས་པའི་རྒྱུད་གཉིས་ལས། ཕྱུང་བའི་རྒྱུད་ཅེས་བྱ་བ་ནི། རྒྱུད་སྡེ་རྣམས་ཀྱི་ནང་ནས། ལེའུ་གོང་མ་དང་འོག་མ་དུམ་བུར་ཕྱུང་པའི་རྒྱུད་ཀྱང་བོད་ལ་འགྱུར་བ་མང་དུ་བཞུགས་པ་ཡིན། །བཏུས་པའི་རྒྱུད་ཅེས་བྱ་བ། རྒྱུད་སྡེ་གཞུང་ཆེན་མོ་རྣམས་ཀྱི་ནང་ནས། །ལུང་ཁྱད་པར་དུ་འཕགས་པ་སྣ་ཚོགས་བཏུས་ནས། ལུང་གི་སྒྲ་དོན་མང་པོ་གཏན་ལ་འབེབས་པ་སྟེ། ལུང་ཞེས་བྱ་བའི་དོན་དེ་ཡིན། དེའི་ཕྱིར་ན། མདོ་previous hit དགོངས next hit་འདུས་པ་ཡང་ལུང་བཅུ་གཉིས་པ་སྟེ། དེ་ལས་འཕྲོས་པ་སུམ་བཅུ་རྩ་དྲུག་གིས་གཏན་ལ་འབེབས་པ་སྟེ། བཏུས་པའི་རྒྱུད་དུ་བཞེད་པ་ཡང་ཡོད། དཔལ་དུས་ཀྱི་

(༤༡༥)འཁོར་ལོའི་དབང་དུ་བྱས་ན། ཐོག་མའི་སངས་རྒྱས་ཀྱི་ལུང་ལས་བཏུས་ནས་གསུངས་པའི་ཕྱིར་ན། བཏུས་པའི་རྒྱུད་ལུང་ཨ་ནུ་ཡོ་གར་གཏོགས་པར་འདོད་པ་ཡང་ཡོད། དང་པོའི་སངས་རྒྱས་ཀྱི་གཞུང་གསུངས་པའི་ཕྱིར་ན། གསང་སྔགས་སྙིང་པོའི་རྣལ་འབྱོར་ཆེན་པོར་བཞེད་པ་ཡང་ཡོད། དེ་ཅིའི་ཕྱིར་ན་ཞེ་ན། དང་པོའི་སངས་རྒྱས་ཞེས་བྱ་བ་ཡང་གཉིས་ཡིན་ཏེ། ཐོག་མ་མེད་པའི་དུས་སུ་དཔལ་ཀུན་ཏུ་བཟང་པོ་ཡིས་སེམས་དངོས་པོ་གཤིས་ཀྱི་གནས་ལུགས་གཤིས་ལྔ་ལྡན་དུ་གནས་པ་སྟེ། ངོ་བོ་མཚན་ཉིད་རང་བཞིན་ཕྱོགས་མེད་དུ་རྟོགས་ཤིང་ཀུན་ཏུ་བཟང་པོར་སངས་རྒྱས་པ་དེ་སངས་རྒྱས་ཀུན་གྱི་ཐོག་མ་སྟེ། སངས་རྒྱས་ཐམས་ཅད་ལ་འདི་བས་སྔ་བས་མེད་པའི་ཕྱིར་ན། དང་པོའི་སངས་རྒྱས་བྱ་བའི་དོན་ཡང་དེ་ལ་previous hit དགོངས next hit་ཡིན། ཡང་ན་དང་པོའི་སངས་རྒྱས་ཤེས་བྱ་བ་ནི། སེམས་ཅན་ཐམས་ཅད་ཤི་ནས་བར་དོ་དང་པོའི་དུས་སུ་སེམས་ཉིད་ཀྱི་གཤིས་རང་གནས་སུ་སྐད་ཅིག་མ་ཉི་ཤུ་གཅིག་གམ། དེ་ལ་སོགས་པར་རང་གནས་སུ་རང་ཉིད་ཕྱིན་ནས། །བར་དོ་འོད་གསལ་དང་པོ་ཞེས་གསུང་བ་ཡང་དང་པོའི་སངས་རྒྱས་ཤེས་བྱ་བ་འདིར་ཡང་previous hit དགོངས next hit་ཡིན། དེའི་ཕྱིར་ན་རང་གིས་རང་ངོ་མ་ཤེས་ཤིང་མ་རིག་པའི་དབང་གིས་འཁོར་བའི་སྐྱེས་གནས་སྣ་ཚོགས་པར་ལས་དགེ་སྡིག་གི་དབང་གིས་འཇུག་ཅིང་། འདུས་སྣ་ཚོགས་ལེན་པར་བཞེད་པ་སྟེ། དེ་ཡང་ཁྱད་པར་དུ་དཔལ་དུས་ཀྱི་འཁོར་ལོ་ཡིས། ཛམ་བུ་གླིང་པའི་ལི་རྣམས་ཕ་དང་མའི་རྒྱུ་རྐྱེན་གྱིས་གང་དང་གང་དུ་ལས་མཐུན་པའི་རིགས་སུ་

(༤༡༦)མངལ་དུ་འཇུག་ཅིང་། མངལ་སྐྱེས་ཀྱི་རྟེན་འབྲེལ་རླུང་སེམས་ཕྱི་དང་ནང་དང་གསང་བའི་དུས་ཀྱི་འཁོར་ལོའི་ལུགས་སྟོན་པ་སྟེ། མི་གང་དང་གང་ཡིན་ན་ཡང་དཔལ་དུས་ཀྱི་འཁོར་ལོ་གསང་སྔགས་རྡོ་རྗེ་ཐེག་པ་ཡིས། སྐྱེ་བ་སྤྲུལ་པའི་སྐུའི་དུས་ཀྱི་འཁོར་ལོ་སྟོན་པ་དང་གནས་པ་ལོངས་སྤྱོད་རྫོགས་པའི་སྐུ་དུས་དང་དུས་ཀྱི་འཁོར་ལོ་གཏན་ལ་འབེབས་པ་དང་། འཆི་བ་འོད་གསལ་ཆོས་སྐུའི་བརྡ་སྟོན་པར་བཞེད་པ་སྟེ། ཁམས་གསུམ་ཕྱི་སྣོད་ནང་བཅུད་དང་བཅས་པ་དང་། ཁྱད་པར་དུ་གླིང་བཞི་རི་རབ་དང་བཅས་པ་ཛམ་བུ་གླིང་པའི་མི་རྣམས་ལ་སོགས་ཏེ། འཕོ་བ་དང་འགྱུར་བ་དང་ཕྱི་སྣོད་ནང་བཅུད་ཀྱི་རྒྱུ་བ་དང་ལྡོག་པ་ཅི་ལྟར་དུ་སྣང་ན་ཡང་། སྐུ་གསུམ་དུ་ངོ་སྤྲོད་ཅིང་གཏན་ལ་འབེབས་པའོ། །དེའི་ཕྱིར་ན། དཔལ་དུས་ཀྱི་འཁོར་ལོ་ཞེས་བྱ་བ། འདི་ཡང་རྒྱ་ཆེ་བ་གྲངས་མང་བ་མཐའ་ཡས་པ་བསམ་གྱིས་མི་ཁྱབ་པ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་དུས་ཀྱི་འཁོར་ལོར་མ་འདུས་པ་གང་ཡང་མེད། ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའ་ལྟ་བ་ལོག་པ་སུམ་བརྒྱ་དྲུག་བཅུ་ལ་སོགས་པ་ཡང་། དཔལ་དུས་ཀྱི་འཁོར་ལོར་མ་འདུས་པ་དང་མ་རྫོགས་པ་གང་ཡང་མེད་པ་སྟེ། རང་ཅག་བོད་ལ་འགྱུར་བའི་དུས་ཀྱི་འཁོར་ལོ་ཚག་བར་བདུན་མ་དང་། ཚག་བར་བཅུ་བདུན་པ་སྟེ། རྒྱུད་འདི་གཉིས་ཀྱང་འཕགས་པ་འཇམ་དཔལ་གྱིས། དང་པོའི་སངས་རྒྱས་གཉིས་ཀྱི་གཞུང་ལུགས་ལས་བཏུས་པ་སྟེ། རྒྱ་མཚོའི་ནང་ནས་ཆུ་ཐིགས་པ་གཅིག་ཙམ་བླངས་པ་ལྟ་བུའོ། །

(༤༡༧)དེའི་ཕྱིར་ན། དུས་ཀྱི་འཁོར་ལོ་ཡིས་ཁམས་གསུམ་པའི་སེམས་ཅན་རྣམས་སྐྱེ་བའི་རྒྱུད་ཀྱང་སྟོན། ཕྱི་རོལ་མུ་སྟེགས་ཀྱི་སྲིད་པ་གཙུག་ལག་ཀྱང་སྟོན། ནང་པ་སངས་རྒྱས་ཀྱི་སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ་ལས་རྟེན་འབྲེལ་བཅུ་གཉིས་ཀྱི་དུས་ཀྱི་འཁོར་ལོ་ཡང་སྟོན། ལོངས་སྐུའི་བསྟན་པ་ཀྲྀ་ཡོག་གསུམ་གྱི་དོན་དང་ཕྲིན་ལས་ཕྱི་ནང་གི་འཁྲུལ་འཁོར་སྣ་ཚོགས་པ་དང་རྫས་རིལ་བུ་དང་། མིག་སྨན་རྐང་མགྱོགས་དང་རལ་གྲི་ལ་སོགས་པ་ལོ་སྐོར་བཅུ་གཉིས་མཁའ་འགྲོ་བཅུ་གཉིས་སུ་གཏན་ལ་འབེབས་ཤིང་། དེའི་ཐུན་མོང་གི་དངོས་གྲུབ་ལུགས་སྣ་ཚོགས་པའི་དུས་ཀྱི་འཁོར་ལོ་སྟོན་པའོ། །དེ་རྣམས་ནི་ཀུན་དང་མཐུན་པའི་ཞོར་ལས་བྱུང་བའི་དུས་ཀྱི་འཁོར་ལོར་བཞེད་པའོ། །ཁྱད་པར་གྱི་ཁྱད་པར་རྣལ་འབྱོར་ཆེན་པོ་རྒྱུད་སྡེ་ཀུན་གྱི་previous hit དགོངས next hit། ཁྱད་པར་དུ་ཐབས་དང་ཤེས་རབ་སོ་སོའི་རྒྱུད་སྡེ་དང་། ཐབས་དང་ཤེས་རབ་དབྱེར་མེད་པའི་རྒྱུད་སྡེ་ཐམས་ཅད་ཀྱི་བཅུད་བསྡུས་པ། ལུས་རྡོ་རྗེ་རིགས་ཀྱི་གནས་ལུགས་དང་། རྩ་རྡོ་རྗེ་རིགས་ཀྱི་གནས་ལུགས་དང་། སེམས་རྡོ་རྗེ་རིགས་ཀྱི་གནས་ལུགས་དང་། བྱང་ཆུབ་ཀྱི་སེམས་རྡོ་རྗེ་རིགས་ཀྱི་གནས་ལུགས་དང་། རླུང་རྡོ་རྗེ་རིགས་ཀྱི་གནས་ལུགས་དང་། ཨཱ་ལི་ཀཱ་ལི་རང་བཞིན་མཚན་ཉིད་ཀྱི་གསུང་རྡོ་རྗེ་རིགས་ཀྱི་གནས་ལུགས། སྤྱིར་སེམས་ཅན་ཐམས་ཅད་དང་ཁྱད་པར་ཛམ་བུ་གླིང་པའི་མི་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་གདོད་མ་ནས་གནས་པར་བཞེད་པ་སྟེ། དེ་ལ་ཕྱག་རྒྱ་ཆེན་པོ། ལྷན་ཅིག་སྐྱེས་པའི་རྒྱུད་ཀྱི་ལུང་ལས། དེར་རྟོགས་པས་

(༤༡༨)ནི་དེར་མི་འཇུག །དེ་མ་རྟོགས་པས་དེར་འཇུག་གོ། །ཞེས་གསུངས་པའི་ཕྱིར་ན། །དེ་རྟོགས་པས་ནི་ཞེས་བྱ་བའི་དོན་ནི། །དངོས་པོ་གཤིས་ཀྱི་གནས་ལུགས་རྟོགས་ཤིང་གོམས་འདྲིས་མཐར་ཕྱིན་ན། སེམས་ཅན་རྣམས་ཀྱི་མངལ་ན་འཇུག་པའི་དོན་མེད། དེ་མ་རྟོགས་པ་དེར་འཇུག་གོ། །ཞེས་བྱ་བའི་དོན་ནི། དངོས་པོ་གཤིས་ཀྱི་གནས་ལུགས་མ་རྟོགས་ཤིང་། ལྷན་ཅིག་སྐྱེས་པའི་མ་རིག་པས་སྒྲིབས་ནས། རྣམ་པར་རྟོག་པ་བརྒྱད་ཁྲི་བཞི་སྟོང་གསུངས་ཀྱང་། མདོར་བསྡུས་ན་གཉིས་ཡིན་ཏེ། བཟང་རྟོག་སྣ་ཚོགས་པ་ཡིས་མཐོ་རིས་གནས་གསུམ་གྱི་མངལ་ན་འཇུག་གོ། །ཞེས་བྱ་བའི་དོན་ནི་ངན་རྟོག་སྣ་ཚོགས་པའི་བྱེ་བྲག་གིས། །ངན་སོང་གནས་གསུམ་གྱི་མངལ་ན་འཇུག་པ་སྟེ། དེའི་ཕྱིར་ན། སེམས་ཅན་གྱི་སྐྱེ་གནས་སུ་འཇུག་པའི་རྒྱུ་སེམས་དངོས་པོ་གཤིས་ཀྱི་གནས་ལུགས་ངོ་བོ་རང་བཞིན་མཚན་ཉིད་ལྔ་དང་ལྡན་པ་མ་རྟོགས་པའི་དབང་གིས་ཉན་མོངས་པ་དུག་ལྔར་འཁྲུལ་ནས། འགྲོ་བ་གྲངས་མེད་པའི་ལུས་ཅན་དུ་འགྱུར་བའི་ཕྱིར་ན། དཔལ་དུས་ཀྱི་འཁོར་ལོ་ཡིས་མ་རྟོགས་པའི་སེམས་ཅན་རྣམས་ཀྱི་མངལ་དུ་འཇུག་ཅིང་། ཁྱད་པར་དུ་ཛམ་བུ་གླིང་པའི་མི་རྣམས་ཟླ་བ་བཅུ་གཉིས་ཀྱི་བར་དུ་མངལ་ན་གནས་ཤིང་། རླུང་སེམས་ཀྱི་རྟེན་འབྲེལ་གྱིས་ལུས་ཀྱི་ཆགས་ལུགས་དང་། དབང་པོ་ལྔ་དང་། ཕུང་པོ་ལྔ་དང་། འབྱུང་བ་ལྔ་དང་། རྩ་དང་ཁྲག་དང་། ཆུ་སེར་རུས་པ་དང་། རྣམ་པར་ཤེས་པའི་གནས་ཚུལ་དང་། རྩ་གནས་ཐམས་ཅད་དུ་ཨཱ་ལི་ཀཱ་ལིའི་རྩ་རིགས་སྣ་ཚོགས་པ་དེ་རྣམས་སུ་

(༤༡༩)རླུང་སེམས་ལེགས་པར་འདུས་པ་དང་། ལོག་པར་འདུས་པ་དང་། དགྲ་གཤེད་དུ་འདུས་པ་དང་། བསོད་ནམས་ཀྱི་ཚོགས་བསགས་པའི་རྒྱུ་འབྲས་ཀྱིས། ཕ་མ་བཟང་ངན་འབྲིང་གསུམ་གྱི་རྒྱུ་རྐྱེན་གྱི་རྟེན་འབྲེལ་འཛོམ་པ་དང་། རྒྱུ་འབྲས་མ་འགྲིག་པའི་སྟོབས་ཀྱིས་ཚེ་རིང་ཐུང་སྣ་ཚོགས་པར་འགྱུར་བ་སྟེ། མངལ་དུ་འཇུག་ནུས་ལ་ལྡོག་མི་ནུས་པ་མངལ་ཉིད་དུ་འཆི་བ་དང་། དུས་མ་ཡིན་པར་བཅའ་བ་དང་། འགའ་ཞིག་དུས་ཚོད་ལྷག་ནས་ལོ་མང་པོར་མངལ་དུ་གནས་པ་དང་། འགའ་ཞིག་དུས་ཀྱི་འཁོར་ལོ་འགྲིག་ནས་དུས་ཚོད་དང་མཐུན་པར་བཙའ་བ་སྟེ། དེའི་ཕྱིར་ན་སྐྱེ་ཐོན་ནས་ཀྱང་འགའ་ཞིག་ཞ་བ་དང་འོན་པ་དང་ལྐུགས་པ་དང་ལོང་བ་དང་། སྐྱེས་མ་ཐག་ཏུ་འཆི་བ་ལ་སོགས་པ་རླུང་སེམས་རྟེན་འབྲེལ་ལོག་པའི་དུས་ཀྱི་འཁོར་ལོ་སྣ་ཚོགས་སྟོན་པ་དང་། འགའ་ཞིག་སྐྱེ་ཐོན་ནས་ཀྱང་དབང་པོ་ཀུན་ཚང་ཁ་དོག་བྱད་གཟུགས་ལེགས་པ་དང་། ཚེ་རིང་ནད་མེད་ལོངས་སྤྱོད་ལྡན་པ་དང་། ཉེ་དུ་འབྲེལ་པས་གཙོ་བྱས་ཡུལ་རིགས་རྒྱལ་ཁམས་བཀྲ་ཤིས་ལོ་ལེགས་འབྱུང་བ་དང་། ཆོས་དང་ཤེས་བྱ་ཀུན་ལ། མཁས་ཤིང་སྨྲ་མཁས་རིག་པའི་གནས་ལྔ་མཐར་ཕྱིན་ཞིང་། ཆོས་རྣམས་ཀུན་གྱི་དེ་ཉིད་རྟོགས་ཤིང་། ཛམ་བུ་གླིང་པའི་མི་རྣམས་ལ་དབང་བ་ལ་སོགས་པའི་ཡོན་ཏན་མཐའ་ཡས་ཤིང་བསམ་གྱིས་མི་ཁྱབ་པ། རབ་འབྲིང་ཐ་མ་ཇི་ལྟར་དུ་འབྱུང་བའི་ལུགས་རྣམས་ཀྱང་། དཔལ་དུས་ཀྱི་འཁོར་ལོ་ཡིས་སྟོན་པ་སྟེ། དེའི་ཕྱིར་ན་ཕྱི་ལྟར་ན་ཟླ་བ་བཅུ་གཉིས། དུས་བཅུ་གཉིས་

(༤༢༠)ལོ་སྐོར་བཅུ་གཉིས་གཟའ་བརྒྱད་པ་ཁམས་བཅོ་བརྒྱད་རྒྱུ་སྐར་གྱི་ལྷ་མོ་ཉི་ཤུ་རྩ་བརྒྱད། རྟེན་འབྲེལ་བཅུ་གཉིས་ལ་སོགས་པ་བརྩི་ལུགས་དཔག་ཏུ་མེད་པ་ཡོད་པ་ལས། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་previous hit དགོངས next hit་དང་། ཁྱད་པར་དུ་རྒྱུད་སྡེ་མཁའ་འགྲོ་དང་། དཔལ་དུས་ཀྱི་འཁོར་ལོ་ཡིས་དེ་རྣམས་ཐམས་ཅད་རྡོ་རྗེའི་གནས་ལུགས་བཞི་འམ་ལྔ་འམ་དཀྱིལ་འཁོར་དུ། རྩ་རླུང་བྱང་ཆུབ་སེམས་ཀྱི་འདུས་ཚུལ་སྣ་ཚོགས་པར་ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་མཁའ་འགྲོ་སྡེ་ལྔ་དང་། མཁའ་འགྲོ་བཅུ་གཉིས་དང་། མཁའ་འགྲོ་བཅུ་དྲུག་དང་། མཁའ་འགྲོ་བཞི་བཅུ་ཞེ་དགུ་ལ་སོགས་པར་གཏན་ལ་འབེབས་ཤིང་ངོ་སྤྲོད་པ་སྟེ། མཁའ་འགྲོའི་རྒྱུ་ལྡོག་མ་གཏོགས་པ། ཅུང་ཟད་ཙམ་ཡང་ཡོད་པར་མི་བཞེད་དོ། །དེའི་ཕྱིར་ན། དཔལ་དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་ཐམས་ཅད་ཀྱི་གཞུང་ལུགས་དང་། རྒྱུད་ལས་རྡོ་རྗེ་འཆང་གི་previous hit དགོངས next hit་ཀུན་མཁྱེན་འཇམ་དཔལ་གཞོན་ནུ་ཡིས། ས་སྲུངས་རྒྱལ་པོ་ལ་གདམས་ཤིང་བཤད་པ་སྟེ། སྡུས་པར་ངོ་སྤྲོད་པའོ། །དེའི་ཕྱིར་ན། སྡུས་པའི་རྒྱུད་ཅེས་བྱ་བའི་དོན་ཡང་འདི་ལ་previous hit དགོངས next hit་ཡིན། །དེའི་ཕྱིར་ན་རྒྱུད་སྡེ་བཞི་དང་། ཨ་ནུ་ཨ་ཏི་ཐེག་པ་ཁྱད་པར་དུ། ས་དྲུག་ལ་ཡང་། ཕྱུང་བའི་རྒྱུད་དང་བཏུས་པའི་རྒྱུད་མང་དུ་བཞུགས་པ་སྟེ། དེ་རྣམས་ཁྱད་པར་དུ་ངོ་མཚར་ཆེ་ཞིང་གདམ་ངག་ཟབ་པ་སྟེ། རྒྱུད་སྡེ་ཐམས་ཅད་འོ་མའི་རྒྱ་མཚོ་དང་འདྲ་བ་ལས། མར་གྱི་སྙིང་པོ་གཏོན་པ་བཞིན། རྗེ་རྡོ་རྗེ་འཆང་དང་རྡོ་རྗེ་སེམས་དཔལ་དང་། ཕྱག་ན་རྡོ་རྗེ་དང་། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས། ཟབ་མོ་སྒྲ་དང་དོན་ལུང་དང་

(༤༢༡)མན་ངག་ཏུ་བསྡེབས་ནས། མྱུར་དུ་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པ་དང་། སངས་རྒྱས་པའི་འབྲས་བུ་སྟོན་པའི་ཕྱིར་ན། previous hit དགོངས next hit་ཁྱད་པར་དུ་འཕགས་པ་སྟོན་པའི་ཕྱིར་ན། རྒྱུད་ཀྱི་ནང་ནས་ཀྱང་། ཟབ་པའི་རྒྱུད་མན་ངག་ཐམས་ཅད་གཅིག་ཏུ་བསྡུས་པའི་ཕྱིར་ན། ནོར་བུ་རིན་པོ་ཆེ་ལྟ་བུའི་དངོས་གྲུབ་སྣ་ཚོགས་འབྱུང་བའི་ཕྱིར་ན། བཏུས་པའི་རྒྱུད་ཅེས་བྱ་བའི་དོན་ཡང་རྡོ་རྗེ་འཆང་དང་རྡོ་རྗེ་འཛིན་པ་མ་གཏོགས་པ་གཞན་གང་དང་གང་གིས་ཀྱང་བཏུ་བར་ནུས་པ་སུ་ཤིག་ཡོད། ཕྱུང་བའི་རྒྱུད་ཅེས་བྱ་བའི་དོན་ཡང་། གསང་སྔགས་རྒྱ་མཚོ་དང་འདྲ་བའི་ནང་ནས་འཆི་བ་མེད་པའི་ལྷའི་བདུད་རྩི་རྒྱ་མཚོའི་གཏིང་ན་ཡོད་པ་སྟེ། ཀླུའི་རྒྱལ་པོས་འདོན་ཞིང་མངའ་བསྒྱུར་བ་བཞིན་དུ་རྡོ་རྗེ་ཐེག་པའི་བཅུད་ཐམས་ཅད་གཅིག་ཏུ་སྡུས་པ། དཔལ་དགྱེས་པ་རྡོ་རྗེའི་བརྟག་པ་གཉིས་པ་ལ་སོགས་པ་རྣམས་ཀྱང་དཔལ་ཧེ་རུ་ཀའི་རྣམ་པར་འཕྲུལ་པ་ཏཻ་ལོ་པ་དང་ལྭ་ཝ་པ་ལ་སོགས་པ་གྲུབ་ཆེན་རྣམས་ཀྱིས་ཕྱུང་བ་སྟེ། གཞན་པ་གང་དང་གང་གིས་ཀྱང་ཕྱུང་ཞིང་བླངས་པར་ག་ན་ནུས། དེའི་ཕྱིར་ན། གསང་སྔགས་རྡོ་རྗེ་ཐེག་པ་ནི་གང་དང་གང་གིས་གོ་ཞིང་རྟོགས་པ་དང་། རང་གི་ལུས་ངག་ཡིད་གསུམ་གྱི་དཀྱིལ་འཁོར་དུ། རྩ་རླུང་བྱང་ཆུབ་ཀྱི་སེམས་ལེགས་པར་འདུས་ཤིང་བརྟན་ན། རྡོ་རྗེའི་ཚིག་སྦྲམ་ཤོ་ལོ་ཀ་གཅིག་གི་ནང་དུ་ཡང་བཀའ་རབ་འབྱམ་གྱི་previous hit དགོངས next hit་གོ་ཞིང་རྟོགས་པ་དང་། དབང་ཡོངས་སུ་རྫོགས་པའི་ཕྱིར་ན། སངས་རྒྱས་དང་སེམས་ཅན་འཁོར་བ་དང་མྱ་ངན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་གཤིས་འགྱུར་བ་

(༤༢༢)མེད་པར་ཆོས་ཀྱི་དབྱིངས་དང་མཉམ་པར་སྤྱི་དང་བྱེ་བྲག་མཚན་ཉིད་སྣ་ཚོགས་རང་ལ་རྫོགས་ཤིང་། དུས་གསུམ་དུས་མེད་རྣམ་པ་ཐམས་ཅད་དུ་འགྱུར་བ་མེད་པའི་ཕྱིར་ན། རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བའི་དོན་ཡང་འདི་ལ་previous hit དགོངས next hit་ཡིན། དེའི་ཕྱིར་ན། རྡོ་རྗེ་འཆང་དང་བཀའ་བཞི་རྒྱུད་པ་གྲུབ་ཆེན་བརྒྱད་དང་། གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་ལྔ། རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་བཞུགས་པའི་དཔའ་བོ་དང་མཁའ་འགྲོ་རྡོ་རྗེ་འཛིན་པ་རིག་འཛིན་རྣམས་ཀྱི་བདག་ཉིད་ཆེན་པོར་བྱིན་གྱིས་བརླབས་ཤིང་དབང་བསྐུར་བ། དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དངོས་སུ་བྱོན་ནས། ཆོས་ཀྱི་དབྱིངས་དང་མཉམ་པར་གསང་སྔགས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ནམ་མཁའི་རྡུལ་ཕྲ་རབ་ཙམ་རྣམ་པར་འཕྲུལ་བར་ནུས་པའི་རྗེ་ཏཻ་ལོ་རང་བྱུང་སངས་རྒྱས་ཀྱིས་རྣམ་འཕྲུལ་དངོས་སུ་བྱིན་གྱིས་བརླབས་པ་རྗེ་ནཱ་རོ་པཎ་ཆེན་གྱིས་བོད་ཁ་བ་ཅན་གྱི་བྱང་ཕྱོགས་སུ་གསང་སྔགས་རྒྱུད་སྡེ་གདམ་ངག་ལུང་གྲངས་མེད་པ། ཐེག་པ་དགུའི་ཆོས་མ་ལུས་པ་བསྒྱུར་ཞིང་། ཐུགས་སུ་ཆུད་ན་ཡང་། ཁྱད་པར་དུ་རྣལ་འབྱོར་ཆེན་པོ་གསར་མའི་ཕ་རྒྱུད་མ་རྒྱུད་ཀྱི་previous hit དགོངས next hit། ཐབས་དང་ཤེས་རབ་དབྱེར་མེད་པའི་ལམ་རྡོ་རྗེ་གནས་ལུགས་བཞི་དང་ལྡན་པ། རང་གི་ལུས་ངག་ཡིད་གསུམ་དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར། གནས་ཉི་ཤུ་རྩ་བཞི། འཁོར་ལོ་ལྔའི་དཀྱིལ་འཁོར་གདོད་མ་ནས་ཡིན་པ་ལ། ཡིན་པར་ངོ་ཤེས་ཤིང་། རྩ་རླུང་བྱང་ཆུབ་སེམས་ཀྱིས་དཀྱིལ་འཁོར་དུ། དུས་དང་དུས་ཀྱི་འཁོར་ལོ་རླུང་སེམས་གནད་ཀྱི་རྟེན་འབྲེལ་རང་ཉིད་ལ་འགྲིག་པས། དབང་པོ་ཡང་རབ་སྐད་ཅིག་མ་ཉི་ཤུ་རྩ་གཅིག་ལ་རྟགས་དང་ཡོན་ཏན་སྣ་ཚོགས་འབྱུང་བ་དང་། དབང་པོ་

(༤༢༣)འབྲིང་མི་ཚེ་གཅིག་ལ་རྟོགས་པ་དང་གྲོལ་བ་དང་མཐར་ཕྱིན་པ་དང་། དངོས་གྲུབ་མཆོག་ཏུ་ཐོབ་པ་གྲུབ་ཆེན་བརྒྱད་ལ་སོགས་པ་ལྟ་བུ་དང་། དབང་པོ་འབྲིང་སྐྱེ་བ་འདི་ཉིད་ལ་ཐུན་མོང་གི་ཡོན་ཏན་དང་། །མཆོག་གི་དངོས་གྲུབ་དང་པོ་ཐོབ་ནས་བར་དོ་ན་སངས་རྒྱས་པ་རྗེ་མཻ་ཏྲི་པ་ལ་སོགས་པ། དུས་གསུམ་དུས་མེད་དུ་རྒྱུན་ཆད་མེད་པར་འབྱུང་བ་སྟེ། རྣལ་འབྱོར་ཆེན་པོ་བླ་མེད་གསར་མའི་previous hit དགོངས next hit་ལས། རྗེ་ནཱ་རོ་པཎ་ཆེན་གྱི་ཁྱད་ཆོས། སྒྲ་བསྒྱུར་གྱི་མར་པ་ལོ་ཙ་ཡིས་བོད་ཀྱི་ཕུལ་དུ་དར་ཞིང་རྒྱས་པར་མཛད་པ་ལས། རྟོགས་ལྡན་དང་གྲུབ་ཐོབ་དང་རྣལ་འབྱོར་གྱི་དབང་ཕྱུག་གྲངས་ཅན་དང་གྲངས་མེད་དཔག་ཏུ་མེད་པ་བྱོན་པ་ཡང་རླུང་སེམས་རྩ་རླུང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། སྲོག་རྩོལ་གནད་ཀྱི་འཁོར་ལོ་དར་དྲག་ལ་ཡུན་རིང་དུ་བསྐོར་བ་ཡིན། ཛམ་བུ་གླིང་དུ་ཉི་མ་དང་ཟླ་བ་ཤར་བ་བཞིན་དུ་previous hit དགོངས next hit་རྡོ་རྗེ་འཆང་དང་མཉམ། མཛད་པ་ཕྲིན་ལས་ཤཱཀྱའི་རྒྱལ་པོ་ཤཱཀྱ་ཐུབ་པ་དང་འདྲ་བར་ལྷ་དང་བཅས་པའི་འཇིག་རྟེན་དུ། གང་དང་གང་གིས་ཀྱང་བསྒྲིབ་པར་མི་ནུས་ཤིང་། མངོན་པར་རྫོགས་པར་སྣང་བ་སྟེ། །དཔེར་ན། གསེར་གྱི་རི་རྒྱལ་ལྷུན་པོ་ལ་ཉི་མའི་དཀྱིལ་འཁོར་ཤར་བ་བཞིན་རྩོལ་བ་དང་སྒྲུབ་པ་མེད་པར་སྨིན་གྲོལ་དབང་གི་རྒྱལ་མཚན་ཕྱོགས་མེད་དུ་འཕྱར་ཞིང་། ནུབ་པ་མེད་པ་དང་། རྩོད་པ་མེད་པ་སྟེ། རྗེ་དུས་གསུམ་མཁྱེན་པ་ཡབ་སྲས་འདི་ལྟ་བུ་འདི་ལྟར་དུ་

(༤༢༤)འབྱུང་བ་ཡང་། ཆོས་གཞན་མ་གང་དང་གང་གིས་ཀྱང་སྐྱེ་བ་འདི་ཉིད་ལ་སྨིན་པར་མ་ཡིན་ཏེ། རྗེ་ནཱ་རོ་པཎ་ཆེན་གྱི་རླུང་སེམས་སྔགས་ཀྱི་ཁྱད་ཆོས་ཡིན། དེའི་ཕྱིར་ན། ད་ལྟར་གྱི་སྐྱེ་བ་འདི་ཉིད་ལ་མཆོག ཐུང་མོང་གི་དངོས་གྲུབ་རང་ལ་རྫོགས་ཤིང་ཐོབ་ནས། ཡོན་ཏན་རྡོ་རྗེ་འཆང་དང་མཉམ་པར་འདོད་པའི་སྐྱེས་བུ་སྐལ་བ་དང་ལྡན་པ་རྣམས་ཀྱང་། རྣལ་འབྱོར་ཆེན་པོ་གསར་མའི་རྒྱུད་སྡེ་ཀུན་གྱི་སྒྲ་དོན་གོ་ཞིང་ནཱ་རོ་བརྒྱུད་པའི་གདམ་ངག་ལས། སྲོག་རྩོལ་གནད་ཀྱི་འཁོར་ལོ་བསྐོར་ན། རྡོ་རྗེ་འཆང་དང་རྡོ་རྗེ་འཛིན་པ་དཔའ་བོ་རྣལ་འབྱོར་མཁའ་འགྲོའི་ཚོགས་དང་ཡོན་ཏན་མཉམ་ཞིང་previous hit དགོངས next hit་གཅིག་ཏུ་རྫོགས་པར་ཐེ་ཙོམ་མེད་པའོ། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ཁྱད་པར་དུ་རྗེ་ནཱ་རོ་པཎ་ཆེན་གྱི་རྣལ་འབྱོར་ཆེན་པོ་གསར་མའི་ཐབས་དང་ཤེས་རབ་དབྱེར་མེད་སྲོག་རྩོལ་རླུང་སེམས་གནད་ཀྱི་གདམ་ངག་དབང་པོ་ཡང་རབ་སྐལ་བ་དང་ལྡན་པ་རྣམས་ཀྱིས། འཇིག་རྟེན་གྱི་བྱ་བ་སྣ་ཚོགས་གཏང་ནས་རླུང་སེམས་གཉིས་ཀྱི་འཁྲུལ་འཁོར་རང་ལ་རྫོགས་ནས་རྡོ་རྗེ་འཆང་ཆེན་རང་ཉིད་ཡིན་པར་སྟོན་པའི་བར་སྐབས་ལགས་སོ། །ཆོས་སྐུའི་བསྟན་པ་རྣལ་འབྱོར་ཆེན་པོ་ཡིན་པ་སྟེ། དེ་ཡང་ཁྱད་པར་དུ་རྣལ་འབྱོར་ཆེན་པོ་གསར་མའི་ཕ་རྒྱུད་མ་རྒྱུད་ཐབས་དང་ཤེས་རབ་དབྱེར་མེད་པའི་རྒྱུད་སྡེ་གྲངས་མེད་པ་ཞལ་ནས་གསུངས་པ་མ་ཡིན་ཏེ། གདུལ་བྱ་དབང་པོ་ཡང་རབ་རྣམས་ཀྱི་སྣང་བ་ལ་

(༤༢༥)བྱིན་བརླབས་ཀྱིས་རྟོགས་པར་བྱ་བའི་རིམ་པར་བཞེད་པ་སྟེ། དེའི་ཕྱིར་ན་ཆོས་སྐུའི་བསྟན་པ་བྱིན་བརླབས་ཀྱིས་སྟོན། ཞེས་གསུངས་པ་ཡང་། ཐེག་པ་དྲུག་ཐེག་པ་གཅིག་ཏུ་རྫོགས་པ། རྣལ་འབྱོར་ཆེན་པོ་བླ་ན་མེད་པ་གསར་མའི་previous hit དགོངས next hit་ནི། གཞན་ལས་ཁྱད་པར་དུ་འཕགས་པ་སྟེ། དངོས་པོ་གཤིས་ཀྱི་གནས་ལུགས་རང་བཞིན་གཅིག་ལ་ངོ་བོ་མཚན་ཉིད་ལྔ་ལྡན་དུ་རང་ཉིད་ལ་རང་བཞིན་གྱིས་རྫོགས་པའི་ཕྱིར་ན། མ་རྟོགས་པའི་དུས་ནི་ལྷན་ཅིག་སྐྱེས་པའི་མ་རིག་པ་ཡིན་ལ། རྗེ་ཏཻ་ལོ་དང་ནཱ་རོའི་སྙན་རྒྱུད་ཀྱི་གདམ་ངག་གི་གནད་ཀྱིས། གཤིས་ཀྱི་གནས་ལུགས་ངོ་བོ་མཚན་ཉིད་རང་བཞིན་དང་འོད་ལྔ་ལྡན་དུ་གནས་པ་དེ་ཕྱོགས་མེད་དུ་རྟོགས་པའི་དུས་སུ་ནི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་རབ་འབྱམས་མཐའ་ཡས་པ་རྟོགས་པ་གཅིག་གིས། དཀྱིལ་འཁོར་དུ་རིགས་ལྔ་ཡེ་ཤེས་ལྔ་ཡུམ་ལྔ་ཕྱག་རྒྱ་ལྔ་ཕྱག་མཚན་ལྔ། དབུ་རྒྱན་ལ་སོགས་གྲངས་ཅན་ཉི་ཤུ་རྩ་ལྔ་དང་གྲངས་མེད་ཚད་ལས་འདས་པ་རྣམས་གྲ་མ་ཆག་ཟུར་མ་ཉམས་པར་རྟོགས་པ་ནི། གཤིས་ཕྱོགས་མེད་དུ་རྟོགས་བྱ་བ་ཡིན། གཤིས་ཀྱི་གནས་ལུགས་གྲངས་ཅན་དང་གྲངས་མེད་རྣམས་ལ་ཆ་རེ་ཆ་རེ་ཙམ་རྟོགས་པ་ནི། ཕྱོགས་རྟོགས་ཐེག་པའི་རིམ་པ་བྱ་བ་སྟེ། ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་ཀྱིས་ཀྱང་གནས་ལུགས་ཆ་རེ་ཙམ་རྟོགས་པའི་ཕྱིར་ན། གྲུབ་མཐའ་སྣ་ཚོགས་དང་ཆོས་ཀྱི་སྒོ་མོ་གྲངས་ཅན་དང་གྲངས་མེད་མང་པོར་

(༤༢༦)བཞེད་པ་སྟེ། གནས་ལུགས་ཕྱོགས་མེད་དུ་མ་རྟོགས་པའི་སྐྱོན་གྱིས། སྐུ་ལྔའི་སངས་རྒྱས་རང་ལ་རྫོགས་པ་སྟེ་ཤིན་ཏུ་དཀའ་བའོ། །དེའི་ཕྱིར་ན། གཤིས་ཀྱི་གནས་ལུགས་ཕྱོགས་མེད་དུ་མ་རྟོགས་ཀྱི་བར་དུ་རླུང་སེམས་ཀྱི་གདམ་ངག་སྣ་ཚོགས་ཀྱི། ཐབས་དང་ཤེས་རབ་དབྱེར་མེད་དུ་ལམ་བསྒྲོད་པར་འདོད་པ་དང་། ཀྲྀ་ཡོག་གསུམ་གྱི་དག་པ་དང་སྤྱོད་པ་དང་བསྒྱུར་བ་གསུམ་གྱིས་སངས་རྒྱས་པར་འདོད་པ་དང་། སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ་གྱིས་ཉན་རང་གཉིས་འཁོར་བ་ལས་ངེས་པར་འབྱུང་བར་འདོད་པས། འཇིག་ཚོགས་ལྟ་བའི་རྡུལ་ཚོགས་ལ་གོམས་འདྲིས་དཀའ་ཐུབ་དཀའ་སྤྱད་རྒྱུན་དུ་བྱེད་པ། བྱང་ཆུབ་སེམས་དཔའི་ཐེག་པས། དོན་དམ་ཀུན་རྫོབ་བདེན་པ་གཉིས་ལ་གཞག་འཇོག་བྱེད་ཅིང་། བདེན་པ་གཉིས་སོ་སོར་འབྱེད་པར་འདོད་པ་དང་། དོན་དམ་ཀུན་རྫོབ་གཉིས་ལ་སློབ་པའི་ཟུང་འཇུག་དང་། མི་སློབ་པའི་ཟུང་འཇུག་གིས་ས་ལམ་སྦྱོར་བར་འདོད་པ་སྟེ། དེ་ལ་སོགས་པའི་སྟོན་པ་གསུམ་གྱི་བསྟན་པ། ཐེག་པ་བདུན་ལ་བཞེད་ལུགས་བསྒོམ་པ་དང་། སྒྲུབ་པ་སྤྱོད་པ་བསྲུང་བ་བཀག་པ། ཡང་ས་ཐོབ་པ་དབུ་མ་སེམས་ཙམ་རབ་ཏུ་གནས་པ་དང་མི་གནས་པ་དང་བཞེད་ལུགས་གནམ་གྱི་སྐར་མ་ཙམ་ཡོད་པ་སྟེ། དེ་རྣམས་ཀྱང་མི་འགལ། གང་ཟག་དབང་པོ་རབ་འབྲིང་ཐ་མ་གསུམ་གྱི་སྣང་ངོ་ལས་གོ་ཚུལ་དང་རྟོགས་ཚུལ་སོ་སོར་བདེན་པ་སྟེ། ཐེག་པ་རང་སོར་བདེན་པ་སྟེ་རིམ་གྱིས་འཁོར་བ་ལས་བརྒལ་བའི་ཐབས་སྣ་ཚོགས་སྟོན་པའོ། །དེའི་ཕྱིར་ན།

(༤༢༧)ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཕྱོགས་མེད་དུ་མ་རྟོགས་ཀྱི་བར་དུ། ཅི་ལྟར་ཐེག་པ་བདུན་གྱི་སྒྲ་དོན་མཁས་ཤིང་གོ་ན་ཡང་ཕྱོགས་རྟོགས་ཙམ་ལ་ཀུན་རྫོབ་དང་ཐབས་རྐྱང་པ་འབའ་ཞིག་ཡིན་ཏེ། དོན་དམ་དང་ཆོས་སྐུ་དང་ཤེས་རབ་ཡེ་ཤེས་ཀྱི་སྒྲ་མི་འཇུག་སྟེ། དཔེར་ན། ཉ་ཆུ་ནང་ན་གནས་པ་ལ་སྐམ་གཤེར་གྱི་ས་མཚམས་མེད་པ་བཞིན་དུ། ཕྱོགས་མེད་ཀྱི་གནས་ལུགས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་ཀྱི་བར་དུ། མ་རིག་པ་དཀར་ནག་ཁྲ་བོ་གསུམ་ལས་མི་འདའ་བའི་ཕྱིར་ན། བྱས་ཚད་དང་བསྒྲུབས་ཚད་འཇིག་རྟེན་པའི་ལམ་དུ་ཤེས་པར་བྱའོ། །དཔེར་ན་ཉིན་མོའི་དུས་སུ་ནི་མུན་པའི་གནས་མེད་ཅིང་། མཚན་མོའི་དུས་ནི་འཛམ་གླིང་མུན་པ་མུན་ནག་ཏུ། སྣང་བ་བཞིན་དུ། གནས་ལུགས་ཕྱོགས་མེད་དུ་རྟོགས་པའི་དུས་སུ་ནི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཕྱོགས་མེད་དུ་འཆར་བ། མ་རྟོགས་པ་མ་རིག་པའི་གནས་མེད་དོ། །གནས་ལུགས་མ་རྟོགས་པའི་དུས་སུ་ནི། ཅི་ལྟར་དུ་ཐེག་པ་དགུའི་ཆོས་ཀྱི་མཛོད་ཟབ་མོའི་གདམ་ངག་སྣ་ཚོགས་ཀྱིས་ཕྱོགས་མེད་དུ་ཉམས་སུ་བླངས་ཤིང་། ཤེས་རབ་དང་ཡེ་ཤེས་དང་ཆོས་སྐུར་གཏན་ལ་ཕབ་ཀྱང་། འཇིག་རྟེན་གསུམ་ལས་མི་འདའ་མི་གཡོ་མི་འཕག་པའི་ཕྱིར་ན། འཇིག་རྟེན་ཐུན་མོང་གི་ལམ་དང་རྒྱུ་དང་འབྲས་བུ་རབ་འབྲིང་ཐ་མ་རྫོགས་པ་སྟེ། རྡོ་རྗེ་ལྟ་བུའི་སྐུ་དང་གསུང་དང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་ཀྱང་རྫོགས་ཤིང་མཐར་ཕྱིན་ལ་མ་རེ་ཤིག །དེའི་ཕྱིར་ན། འདིར་ཁྱད་པར་

(༤༢༨)དུ་འཕགས་པ་དྲུག་གཅིག་ཏུ་རྫོགས་པའི་རྣལ་འབྱོར་ཆེན་པོ་གསར་མའི་གནས་ལུགས་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་ཕྱིན་ཆད་འཁྲུལ་པ་ཡེ་ཤེས་སུ་འཆར་བའི་ལམ་ཡིན་ཏེ། དེ་ལྟར་དུ་རྟོགས་ཀྱང་འཁོར་བ་ཐོག་མ་མེད་པ་ནས་མ་རིག་པ་དང་འཁྲུལ་པ་གོམས་པའི་ཕྱིར་ན། སྐབས་འདིར་མཉམ་གཞག་དང་རྗེས་ཐོབ་ཡོད་པའི་ཕྱིར་ན། རྗེ་ཆེན་པོ་ས་ར་ཧའི་ཞལ་ནས་ཀྱང་། ལམ་ལ་གནས་པའི་གང་ཟག་ལ། འཁྲུལ་པ་དང་ཡེ་ཤེས་དུམ་བུར་གནས། ཞེས་གསུངས་པའི་ཕྱིར་ན། གནས་ལུགས་ཕྱོགས་མེད་དུ་རྟོགས་ཕྱིན་ཆད། རྣལ་འབྱོར་ཆེན་པོ་གསར་མའི་ཐབས་དང་ཤེས་རབ་དབྱེར་མེད་ཀྱི་ལམ། རྩ་རླུང་བྱང་ཆུབ་སེམས་ཀྱི་འཁོར་ལོ་དར་དྲག་ལ་ཡུན་རིང་དུ་བསྒོམས་ན། ཐབས་སྣ་ཚོགས་ཤེས་རབ་ཟང་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་འཆར་བ་སྟེ། ཐབས་ཀྱི་བྱེ་བྲག་ཅི་ལྟར་དུ་སྒྲུབ་ཀྱང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མ་རྟོགས་པ། ཐབས་དང་ཀུན་རྫོབ་སྤུ་ཙམ་གྱི་སྣང་བ་དང་འཆི་བ་ཡང་ཡོད་ཅིང་གྲུབ་མ་མྱོང་བའོ། །དེའི་ཕྱིར་ན། རྡོ་རྗེ་གནས་ལུགས་བཞི་འམ། ཕྱོགས་མེད་དུ་མ་རྟོགས་ཤིང་། དེ་ཉིད་ཀྱི་དོན་ལ་རླུང་སེམས་གནད་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་བ་སྟེ། ལུས་ཡེ་ཤེས་ཀྱི་ལུས་རིགས་ལྔའི་དཀྱིལ་འཁོར་རང་ལ་རྫོགས་པའི་ཕྱིར་ན། རྡོ་རྗེའི་སྐུ་ཞེས་ཀྱང་བྱ། རྩ་གནས་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་རྩ་དང་ཡེ་ཤེས་ཀྱི་ཐིག་ལེར་ཕྱོགས་མེད་དུ་དབང་ཐོབ་ཅིང་རྫོགས་པའི་ཕྱིར་ན། ཐབས་དང་ཤེས་རབ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རིགས་ལྔ་ཡབ་ཡུམ་བཅུ་འམ་ཡང་ན་ཉི་ཤུ་རྩ་

(༤༢༩)ལྔ་སོགས། ཞི་དང་ཁྲོ་བོ་ལ་སོར་པ་རྡོ་རྗེའི་དཀྱིལ་འཁོར་རང་ཉིད་ལྷན་ཅིག་སྐྱེས་པ་ཞེས་ཀྱང་བྱ། འཁོར་བ་དང་མྱ་ངན་ལས་འདས་པ་དང་། །ཁྱད་པར་དུ་རང་གི་ངག་གི་བརྗོད་བྱ་འགྲོ་འོང་རླུང་ལ་སོགས་པ་རྣམས། ཡེ་ཤེས་ཀྱི་རླུང་དང་ཡེ་ཤེས་ཀྱི་གསུང་། ལྷན་ཅིག་སྐྱེས་པ་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་རྡོ་རྗེའི་གསུང་ཞེས་ཀྱང་བྱ། དེ་རྣམས་ཐམས་ཅད་ཀྱི་གནས་ལུགས་གཤིས་ཉིད་འགྱུར་བ་མེད་པ་ལ། ངོ་བོ་རང་བཞིན་མཚན་ཉིད་ལྔའམ་ཉི་ཤུ་རྩ་ལྔ་སོགས་སེམས་རྡོ་རྗེ་རིགས་ཀྱི་གནས་ལུགས། ལྷན་ཅིག་སྐྱེས་པའི་ཡེ་ཤེས། ཆོས་སྐུ་དྲི་མ་མེད་པ་ཉག་གཅིག་ཏུ་གནས་ལུགས་རྟོགས་པ་མཐར་ཕྱིན་པ་ནི། ཐུགས་མི་ཟད་མི་འགྱུར་བ་རྒྱན་གྱི་འཁོར་ལོ་ཏེ། ཆོས་སྐུའི་བསྟན་པ་རྣལ་འབྱོར་ཆེན་པོ་གསར་མའི་previous hit དགོངས next hit་མཐར་ ཐུག་པ་དབང་གཉིས་ལས་བཞི་བཞི་བརྒྱད་དུ་དབྱེ་བ། དེའི་སྔོན་དུ་འགྲོ་བ་སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ་དང་བཅུ་གཅིག་དང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་དག་པ་ལྔ་ལྡན་ཞེས་བྱ་བའི་དོན་ནི་བཅུ་གཉིས་མ་ཆགས་པདྨ་ཅན་གྱི་འོག་མིན་དུ། རང་བཞིན་ལྷུན་གྱིས་གྲུབ་པའི་རྒྱལ་བ་རིགས་ལྔ་ཡབ་ཡུམ་བཅུའི་དཀྱིལ་འཁོར་ནས་རང་ཉིད་ཡིན་ཞིང་རང་ལ་རྫོགས་པའི་ཕྱིར་ན། མི་འགྱུར་རྡོ་རྗེའི་སྐུ་ལྔ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་རབ་འབྱམ་རྒྱལ་བའི་དཀྱིལ་འཁོར་གཅིག་ཏུ་རྫོགས་པ་ནི། གསང་བའི་དབང་ལ་བཞིར་དབྱེ་བའི་མཐར་ཐུག་པ། དབང་ལས་བྱུང་བའི་ཡེ་ཤེས་ནི། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་མཐར་

(༤༣༠)ཐུག་དག་ཏུ་བཞེད་པ་སྟེ། ལུང་ཆེན་ཨ་ནུ་ཡོ་གའི་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་ཡང་བཞིར་དབྱེ་བ་སྟེ། དེའི་ལམ་སྟེགས་ཙམ་དུ་བཞེད་པ་ཡིན། དེའི་ཕྱིར་ན། དགྱེས་པ་རྡོ་རྗེའི་ལུང་ལས་ཀྱང་། །རང་རིག་དག་པས་དག་པ་ཉིད། །དག་པ་གཞན་གྱི་རྣམ་གྲོལ་མིན། །ཡུལ་གྱི་དངོས་པོ་དག་པས་ན། །རང་གི་རིག་པ་བདེ་བའི་མཆོག །ཅེས་གསུངས་པའི་ཕྱིར་ན་དག་པ་ལྔ་ལྡན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས། རིགས་ལྔ་ཡབ་ཡུམ་བཅུའི་དཀྱིལ་འཁོར་ཙམ་དུ་སྣང་ཞིང་། ཐམས་ཅད་རང་ལ་རྫོགས་པར་དགོངས་པའི་ཕྱིར་ན། མ་ཆགས་པདྨ་ཅན་ཞེས་བྱ་བའི་དོན་ཡང་། པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱི་དྲི་མས་མ་གོས་པ་བཞིན་དུ། རྣལ་འབྱོར་ཆེན་པོ་གསར་མའི་རྒྱུད་སྡེ་གྲངས་ལས་འདས་པའི་previous hit དགོངས next hit་གཅིག་ཏུ་རྫོགས་ཤིང་། མཁྱེན་པ་ཕྱོགས་མེད་དུ་རྒྱས་ཤིང་། རྒྱལ་བའི་དཀྱིལ་འཁོར་རྣལ་འབྱོར་ཆེན་པོ་གསར་མའི་མི་ཟད་པ་རྒྱན་གྱི་འཁོར་ལོ་རྣམ་པ་ལྔ་ལས། སྐུ་སངས་རྒྱས་མཉམ་སྦྱོར་ཐུགས་བདེ་མཆོག་འཁོར་ལོ་ལ་སོགས་པ་མི་འགྱུར་རྡོ་རྗེའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལ་སོགས་པ། ད་ལྟ་ཉིད་དུ་དུས་གསུམ་དུས་མེད་རང་ཉིད་ཡིན་ཞིང་རང་ལ་རྫོགས་ནས། བདག་གཞན་ཀུན་གྱི་སྣང་བ་ལ་བྱིན་གྱིས་བརློབ་པར་ནུས་པའི་རྗེ་ཏཻ་ལོ་དང་ནཱ་རོའི་ཟབ་མོའི་སྙན་རྒྱུད་གནད་ཀྱི་མན་ངག་གནས་ལུགས་མ་རྟོགས་ན་དུག་ལྔ་སྟེ། ཡེ་ཤེས་ལྔ་དང་རིགས་ལྔར་ངོ་སྤྲོད་ཅིང་སྐལ་བ་དང་ལྡན་པ་རྣམས་ཀྱིས། དེ་དང་དེའི་གནས་ལུགས་ཕྱོགས་མེད་དུ་རྟོགས་ནས་

(༤༣༡)རྡོ་རྗེ་རིགས་ཀྱི་གནས་ལུགས་བཞིའི་དཀྱིལ་འཁོར་དུ་སྲོག་རྩོལ་གནད་ཀྱི་འཁོར་ལོ་དུས་དང་དུས་ཀྱི་འཁོར་ལོར་རྟོགས་ཤིང་། གོམས་འདྲིས་མཐར་ཕྱིན་པར་བྱས་ན། གོང་དུ་གསུངས་པའི་རྒྱལ་བ་རིགས་ལྔའི་དཀྱིལ་འཁོར། ཞི་དང་ཁྲོ་བོ་ལ་སོགས་པ་རྒྱལ་བ་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་སྐྱེ་བ་འདི་ཉིད་ལ་རང་ལ་རྫོགས་ཤིང་། ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་མ་གཏོགས་པ། ཁམས་གསུམ་པའི་སེམས་ཅན་རྣམས་ཀྱི་འཁྲུལ་པའི་སྣང་བ་སྤུ་ཙམ་ཡང་མེད་པའི་ཕྱིར་ན། ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་བ་ཆེན་པོའི་མཆོག་རང་ཉིད་ཡིན་པའི་ཕྱིར་ན། དཔལ་བདེ་མཆོག་གི་རྒྱུད་ལས་ཀྱང་། གང་ན་འདུག་ཀྱང་གཞལ་ཡས་ཁང་། །སུ་དང་འཕྲད་ཀྱང་ཧེ་རུ་ཀ །ཅི་ལྟར་བྱས་ཀྱང་ཆོས་ཀྱི་སྐུ། །དོན་དུ་མི་འགྱུར་གང་ཡང་མེད། གསུང་བའི་ཕྱིར་ན། །རྣལ་འབྱོར་ཆེན་པོ་གསར་མའི་འབྲས་བུ་མཐར་ཐུག་པ། བུམ་པའི་དབང་དང་གསང་བའི་དབང་གཉིས་ལ་བརྒྱད་དུ་དབྱེ་བ་ལས། གསང་བའི་དབང་གི་མཐར་ཐུག་ལྷན་ཅིག་སྐྱེས་པའི་ཡེ་ཤེས། ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་རང་ལ་རྫོགས་པའི་previous hit དགོངས next hit་མཐར་ཕྱིན་previous hit ་ཡང་སྐབས་འདིར་དགོངས next hit་པའོ། །དེའི་ཕྱིར་ན། ལོངས་སྐུ་དང་སྤྲུལ་སྐུ་ཆོས་སྐུ་རང་བཞིན་གྱིས་གནས་པ་སྐུ་གསུམ་ལྷུན་གྱིས་གྲུབ་པ་དེ། རྣལ་འབྱོར་བླ་ན་མེད་པ་གསར་མའི་previous hit དགོངས next hit་མཐར་ཐུག་པ་འབྲས་བུ་ཡོངས་སུ་རྫོགས་པའོ། །དེའི་ཕྱིར་ན། མཚན་བརྗོད་ཀྱི་ལུང་ལས་ཀྱང་། །མཆོག་གི་དང་པོ་སྐུ་གསུམ་འཆང་། །གསུང་བའི་དོན་

(༤༣༢)ཡང་། རྣལ་འབྱོར་ཆེན་པོ་བླ་མེད་ཀྱི་འབྲས་བུ་བཞེད་པ་སྟེ། ཐེག་པ་དགུའི་བར་མ་ཆད་པར་གཞི་ལམ་འབྲས་བུ་སོ་སོར་འབྱེད་ན། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། སྐུ་གསུམ་ལྷུན་གྱིས་གྲུབ་པ་ཙམ་དུ་བཞེད་པའོ། །དེའི་ཕྱིར་ན། ཐེག་པ་དྲུག་ཐེག་པ་གཅིག་ཏུ་རྫོགས་པ་མ་ཧཱ་ཡོ་ག་གསར་མའི་གཞི་ལམ་འབྲས་བུའི་བཞེད་ཚུལ་དང་རྟོགས་ཚུལ་ཡང་། སྐུ་གསུམ་མཆོག་གི་དངོས་གྲུབ་དང་པོར་བཞེད་པའོ། དེའི་ཕྱིར་ན། མཚན་བརྗོད་ཀྱི་ལུང་ལས་ཀྱང་། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་གསུངས་པའི་དོན་ཡང་གོང་གི་ཐེག་པ་གཉིས་ལ་previous hit དགོངས next hit་སྟེ། ཨ་ནུ་ཡོ་གའི་མཐར་ཐུག་ངོ་བོ་ཉིད་ཀྱི་སྐུ་དང་། རྫོགས་པ་ཆེན་པོའི་འབྲས་བུ་མཐར་ཐུག་པ་རང་བཞིན་གྱི་སྐུ་སྟེ། གོང་གི་ཐེག་པ་གཉིས་ཀྱིས་ཤེས་རབ་ཡེ་ཤེས་ཀྱི་དབང་དང་དབང་བཞི་རང་བཞིན་གྱིས་དབང་གཉིས་ལ་བཞི་བཞི་བརྒྱད་དུ་དབྱེ་བ་སྟེ། ཨ་ནུ་ཡོ་གས་ཤེས་རབ་ཡེ་ཤེས་ཀྱི་དབང་བཞི་བསྐུར་ཞིང་རྫོགས་པར་བཞེད་པ་དང་། རྫོགས་པ་ཆེན་པོ་ཡིས་རང་བཞིན་གྱི་དབང་རྟོགས་པའི་བྱེ་བྲག་རྣམ་པ་བཞིར་རྫོགས་པར་བཞེད་པ་སྟེ། ཐེག་པ་འདི་གཉིས་ད་རུང་གོང་ན་རྫོགས་པར་བཞེད་པའོ། །སྐབས་འདིར་ནི་རྣལ་འབྱོར་ཆེན་པོ་གསར་མའི་གཞི་ལམ་འབྲས་བུའི་སྐུ་གསུམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་ལ་རྫོགས་ཚུལ་བསྟན་པའོ། །དེའི་ཕྱིར་ན། །སྐབས་འདིར་ཡང་མཐར་ཐུག་ཡིན་ཏེ་མཐར་ཐུག་མེད། ལྟོས་པ་དང་ལྟོས་ཆོས་ཀྱི་རྣལ་འབྱོར་ཆེན་པོ་བླ་ན་མེད་པ་གསར་མའི་མཐར་ཐུག་བསྟན་པའོ། །

(༤༣༣)ནཱ་རོ་བརྒྱུད་པས་བྱིན་བརླབས་ཤིང་། །རབ་འབྱམ་བཀའ་ཡི་མཁྱེན་པ་ཡིས། །ངར་འཛིན་ཉི་ཤུ་རྩ་གཅིག་རྫོགས། །སྔགས་འཆང་རང་བྱུང་རྡོ་རྗེ་ཡིས། །previous hit དགོངས next hit་གསང་མཛོད་བསྟན་པའོ། །ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །བདག་པོར་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་བསགས་དང་རྟོགས་པ་ཡིས། །འགྲོ་དྲུག་སེམས་ཅན་མ་ལུས་པ། །སྐུ་ལྔ་ཡོངས་རྫོགས་སངས་རྒྱས་ཉིད་དུ་ཤོག །ཆོས་སྐུའི་བསྟན་པ་རྣལ་འབྱོར་ཆེན་པོ་གསར་མའི་ཐེག་པ་ལས་འཕྲོས་པ། ཐབས་དང་ཤེས་རབ་དབྱེར་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱ་མཚོ་མཐའ་ཡས་འདི། གང་དང་གང་གིས་འདྲི་བ་དང་། འཆང་བ་དང་། ཀློག་པ་དང་། སྒོམ་པ་རྣམས་ཀྱིས་ལས་དང་སྐལ་བར་ལྡན་པའི་སྐྱེས་བུ་རྣམས་ལ། དུས་གསུམ་རྒྱལ་བ་སྲས་དང་བཅས་པ་དང་། དམ་ཅན་རྒྱ་མཚོ་ཆོས་སྐྱོང་བསྲུང་མ་འཁོར་དང་བཅས་པ་རྣམས་ཀྱིས་བསྲུང་ཞིང་སྐྱོབ་པ་དང་། གཏོང་གྲོགས་མཛད་ཅིང་བར་ཆད་ཐམས་ཅད་སེལ་བ་དང་ཕྱི་མའི་མུ་མཐར་ཐུག་གི་བར་དུ་སྨིན་གྲོལ་དབང་གི་རྒྱལ་མཚན་འཕྱར་ཞིང་། བསྟན་པ་ཡུན་དུ་གནས་པར་མཛོད་ཅིག །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས་གཞུང་བསྡུས་པ་ཤད་བར་གཅིག་དང་། དེ་ལས་འཕྲོས་པ་ས་གཅོད་རབ་ཏུ་འབྱེད་པ་དང་། དེ་རྒྱས་པར་བསྟན་པ་གཞུང་ཆེན་མོ་ཚིག་བཅད་མ་དང་། དེ་སོ་སོར་འབྱེད་པ་འགྲེལ་པ་ཡིན།

(༤༣༤)སྣ་ལྟ་བུ་ཕུན་སུམ་ཚོགས་པ་རྒྱ་མཚོ་མཐའ་ཡས་དང་། ཐེག་པ་ཀུན་གྱི་ཆིངས་འདོད་པ་རྒྱ་མཚོ་མཐའ་ཡས་དང་། སྒྲ་ཚད་ལུང་རིགས་སྣ་ཚོགས་ཀྱིས་ངར་འཛིན་པའི་ལྟ་བ་ཉི་ཤུ་རྩ་གཅིག་གཤིག་པ་དང་སྒྲུབ་པ་དང་། རང་བྱུང་ཡེ་ཤེས་སུ་རྟོགས་པར་བྱ་བའི་ཕྱིར་ཞུས་ལན་རྒྱ་མཚོ་མཐའ་ཡས་དང་། ཐེག་པ་ཐམས་ཅད་ཀྱི་བཅུད་ཕྱུང་བ་གདམ་ངག་རྒྱ་མཚོ་མཐའ་ཡས་དང་། དགོས་འདོད་ནོར་བུ་རིན་པོ་ཆེ་ལྟ་བུ་ཟབ་ཆོས་རྒྱ་མཚོ་མཐའ་ཡས་ཏེ། མུ་སྟེགས་ཀྱི་གྲུབ་མཐའ་ལས་འཕྲོས་པ་ཁྱབ་འཇུག་རྒྱ་མཚོ་མཐའ་ཡས་དང་། ཉན་རང་གི་ཐེག་པ་ལས་འཕྲོས་པ་འདུལ་བ་རྒྱ་མཚོ་མཐའ་ཡས་དང་། བྱང་ཆུབ་སེམས་དཔའི་ཐེག་པ་ལས་འཕྲོས་པ་མདོ་སྡེ་རྒྱ་མཚོ་མཐའ་ཡས་དང་། རྣལ་འབྱོར་ཆེན་པོ་གསར་རྙིང་གཉིས་སོ་སོར་འབྱེད་པ་གསང་བ་རྒྱ་མཚོ་མཐའ་ཡས་དང་། རྣལ་འབྱོར་ཆེན་པོ་གསར་མའི་ཐེག་པ་ལས་འཕྲོས་པ་གསང་བ་བླ་ན་མེད་པ་རྒྱ་མཚོ་མཐའ་ཡས་དང་། ལུང་ཆེན་པོ་ཨ་ནུ་ཡོ་གའི་ཐེག་པ་ལས་འཕྲོས་པ་ལུང་ཆེན་པོ་སོ་སོར་འབྱེད་པ་རྒྱ་མཚོ་མཐའ་ཡས་དང་། རང་བཞིན་སྐུའི་བསྟན་པ་རྫོགས་པ་ཆེན་པོའི་ཐེག་པ་ལས་འཕྲོས་པ་རྫོགས་པ་ཆེན་པོ་དབང་གི་ཆུ་བོ་རྒྱ་མཚོ་མཐའ་ཡས་ཏེ། འདི་རྣམས་གཅིག་རྒྱབ་གཅིག་གིས་སྐྱོང་ཞིང་ཐེག་པ་གཞན་པ་ན་ཐེག་པ་སོ་སོའི་བཞེད་ཚུལ་གཏན་ལ་འབེབས་previous hit ་དང་། རང་གི་རྡོ་རྗེ་འཆང་ལ་སོགས་ཏཻ་ལོ་ནཱ་རོ་བརྒྱུད་པའི་བཞེད་

(༤༣༥)དགོངས next hit་ཀྱིས། ངར་འཛིན་པའི་ལྟ་བ་ཉི་ཤུ་རྩ་གཅིག་རང་བྱུང་ཡེ་ཤེས་སུ་ངོ་སྤྲོད་ཅིང་། སྐུ་ལྔ་རང་ལ་རྫོགས་པའི་སངས་རྒྱས་རང་ལ་རྫོགས་པར་བསྟན་པ་སྟེ། དེའི་ཕྱིར་ན། དབང་པོ་ཡང་རབ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱིས། སྒྲ་དང་དོན་མ་ནོར་སོ་སོར་རྟོགས་ཤིང་གོམས་འདྲིས་མཐར་ཕྱིན་ཅིང་། སྐུ་ལྔ་ཡོངས་སུ་རྫོགས་པའི་སངས་རྒྱས། རང་ཉིད་རང་དབང་རང་ལ་རྫོགས་པ་ཨེ་མ་ཧོ། རྣལ་འབྱོར་ཆེན་པོ་གསར་མའི་ཐེག་པ་ལས་སྒྲ་དོན་སོ་སོར་འབྱེད་པ། རྣལ་འབྱོར་ཆེན་པོ་བླ་ན་མེད་པ་མཁའ་འགྲོ་མའི་དྲ་བ་སྡོམ་ཞིང་། ཡང་གསང་རྒྱ་མཚོ་མཐས་སྔགས་འཆང་རང་བྱུང་རྡོ་རྗེས་མཛད་པ་རྫོགས་སོ། །གསང་ཆེན་གསང་མཛོད་གསང་བའི་གནས། །ཐེག་དམན་རྣམས་ལ་མི་བསྟན་ཐེག་ཆེན་རྣམས་ལ། གསང་མི་བྱ། གསང་དང་བསྟན་དང་མི་བསྟན་དེ་བསྟན་ཡིན། །སྟོན་པ་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། །ཁྱད་པར་དུ་རྣལ་འབྱོར་ཆེན་པོ་བླ་ན་མེད་པ་གསར་མའི་ཕ་རྒྱུད་མ་རྒྱུད་རྒྱུད་སྡེ་ཐམས་ཅད་ཀྱི་ཆིངས་སམ། ས་གཅོད་དང་previous hit དགོངས next hit་མཐའ་ཡས་པ་མཆོག་ཐུན་མོང་གི་དངོས་གྲུབ་སྣ་ཚོགས་ད་ལྟ་ཉིད་དུ་སྟོན་པར་བྱེད་པ། རྒྱུད་ཆེན་པོ་རྡོ་རྗེ་མཁའ་འགྲོ་ཡིན་པ་ལས། འདིའི་དབུ་ཞབས་སུ་ཐེག་པ་བདུན་འགྲོ་བ་རིགས་དྲུག་གི་འཁྲུལ་གཞི་ཕྱི་རོལ་མུ་སྟེགས་ཀྱི་སྲིད་པ་ཆགས་པ་དང་འཇིག་པ་ལ་སོགས་པ་ཕྱོགས་མེད་དུ་སྟོན་ཅིང་། གོང་ནས་

(༤༣༦)གོང་དུ་ནར་སོན་ཅིང་ཁྱད་པར་འཕགས་ཤིང་ལམ་ཐག་ཤིན་ཏུ་ཉེ་བར་ངོ་སྤྲོད་ཅིང་བསྟན་པའོ། །དེའི་ཕྱིར་ན། འགྲོ་བ་རིགས་དྲུག་རྟེན་དང་བརྟེན་པ་ཕྱི་སྣོད་ནང་བཅུད་ཆགས་པ་དང་གནས་པ། འཇིག་པ་ལ་སོགས་ཏེ། སེམས་ཅན་སྤྱི་མཐུན་དང་གང་ཟག་སྒོས་བཙན་གྱི་ལས་ཀྱི་རྒྱུ་འབྲས་ཀྱིས། སྲིད་པའི་ཆགས་འཇིག་བསམ་གྱིས་མི་ཁྱབ་པ་བཤད་པ་དང་། དེ་ལ་གྲུབ་མཐའ་བློ་ལོག་པར་བསྒྱུར་བ་མུ་སྟེགས་པའི་དབང་དུ་བྱས་ན། ལྷ་ཆེན་པོ་ཁྱབ་འཇུག་གི་བཞེད་དང་། ཚངས་པ་ཆེ་ཆུང་འབྲིང་གསུམ་གྱི་བཞེད་དང་། མུ་སྟེགས་ཀྱི་ལྷ་ཆེན་པོ་བརྒྱད་ཀྱི་བཞེད་ལུགས་སྣ་ཚོགས་པའི་དབང་གིས་ན་མུ་སྟེགས་ཀྱི་གྲུབ་མཐའ་རྒྱ་མཚོ་མཐའ་ཡས་ལས། ཕྱི་སྣོད་འཇིག་རྟེན་གྱི་ཆགས་ལུགས་དང་། ནང་བཅུད་སེམས་ཅན་གྱི་སྐྱེ་རྒྱུད་དང་། །འབྱུང་བ་རྣམ་པ་ལྔ་ཡི་སྲིད་ལུགས་ལས། ཡུན་ཐུང་ངུ་ནས་བརྩི་བ་ཉིན་ཞག་ཕྲུག་གཅིག་གཏན་ལ་འབེབས་ཏེ། ཉིན་མོ་ཐུན་གསུམ་དང་མཚན་མོ་ཐུན་གསུམ་སྟེ། དེ་རེ་རེ་ལ་ཡང་བཅུ་གཉིས་བཅུ་གཉིས་སུ་དབྱེ་བ་ལས། ཉིན་མཚན་རེ་རེ་ལ་ཡང་ཟླ་བ་བཅུ་གཉིས་ལོ་བཅུ་གཉིས་གཟའ་བརྒྱད་བརྒྱད་ལ་སོགས་པ་བརྒྱད་བརྒྱད་པོ་བརྒྱད་གཏན་ལ་འབེབས་པ་ནི། སར་ཁམས་བཅོ་བརྒྱད་དུ་བཞེད་པ་དང་། འབྱུང་བ་ལྔ་རེ་རེ་ལ་ཡང་ལྔ་ལྔར་འབྱེད་པ་དང་། ཉི་མ་དང་ཟླ་བ་སྐར་མའི་ཚོགས་ཉི་ཤུ་རྩ་བརྒྱད་དང་། དེ་ཡང་སོ་སོར་དབྱེ་བ་དང་། ཟླ་བ་རེ་རེ་ལ་སོགས་དབྱེ་ན་ཞག་སུམ་བཅུ་སྟེ། ཕོའི་ཉི་མ་བཅོ་ལྔ་དང་། མོའི་ཉི་མ་བཅོ་ལྔར་བཞེད་པ་དང་། ལོ་གཅིག་ལ་ཟླ་བ་བཅུ་གཉིས་

(༤༣༧)ཀྱང་ཟླ་བ་ཕོ་དྲུག་མོ་དྲུག་ཏུ་བཞེད་པ་སྟེ། དེ་ཡང་ཡུན་ཐུང་ངུ་ནས་རིང་པོའི་བར་དུ་སོ་སོར་དབྱེ་བ་ལས། ཡུན་ཐུང་ངུ་ནས་བརྩི་བ་ནི། ནང་པར་སྐྱ་རེངས་དང་པོ་ཤར་ནས། ཉི་མ་ཤར་སྔ་ཕྱི་རན་པའི་ཡུན་གྱི་ཆ་དང་བསྟུན་ཏེ། ཉི་མ་དྲོས་ཀྱི་བར་དུ་བྱི་བ་གླང་སྟག་ཡོས་བུའི་དུས་ཚོད་དོ། །ཉི་མ་དྲོས་ཆེན་ནས་ཉི་མ་ཕྱེད་ཡོལ་བའི་བར་མཚམས་ཚུན་ཆོད་ནི། འབྲུག་སྦྲུལ་གཉིས་རྟ་ལུག་གཉིས་དང་བཞིའོ། །ཕྱི་ཐུན་ལ་བཞིར་དབྱེ་བ་ནི། མུན་རུག་ཆེན་ཟེར་ཡང་བྱ་ཕོ་རོག །ཉལ་བའི་དུས་ཚུན་ཆོད་ཀྱི་བར་ལ། །སྤྲེའུ་དང་བྱ་གཉིས་ཁྱི་ཕག་གཉིས་དང་བཞི་སྟེ། ཉུང་ངུའི་དུས་སུ་ཡང་ལོ་ཤིང་བཅུ་གཉིས་ཚང་བའོ། །ལོ་རེ་རེ་ལ་ཡང་ལྔ་ལྔར་དབྱེ་བ་སྟེ། དེ་ལྟར་ན་ཟླ་བ་བཅུ་གཉིས་དང་ལོ་བཅུ་གཉིས་ཀྱི་བར་དུ་དེ་ལྟར་དུ་སྣ་ཚོགས་སུ་རྒྱུ་བ་སྟེ། དེའི་ཕྱིར་ན་ལོ་གཅིག་ལ་ཞག་སུམ་བརྒྱ་དྲུག་བཅུར་གཏན་ལ་འབེབས་པ་དང་། དེ་ཡང་སོ་སོར་དབྱེ་ན་ཟ་མ་བདུན་བརྒྱ་ཉི་ཤུ་སོ་སོར་དབྱེ་བ་སྟེ། དེ་ལྟར་དུ་བརྩིས་པ་ནི་ལོ་གཅིག་གོ། །དེ་ལྟ་བུ་གཅིག་ནས་གཉིས་སུ་བརྩིས་པའི་བཅུ་གཉིས་ནི་ལོ་སྐོར་གཅིག་སྟེ། དེ་ལྟར་དུ་ཤིང་ཕོ་བྱི་བ་ནས་མགོ་བརྩུགས་ཏེ། འབྱུང་བ་ལྔའི་ལོ་སྐོར་ལྔ་སོ་སོར་འབྱེད་ཅིང་སོ་སོར་སྟོན་པ་ནི། ལྔ་གཅིག་ཏུ་བསྡུས་པའི་ལོ་སྐོར་གཅིག་ཅེས་བྱ་བ་སྟེ། དེ་ལྟ་བུ་ལ་མ་ནོར་ཞིང་ཞིབ་ཏུ་བརྩིས་པ་ལས། ཕྱི་རོལ་མུ་སྟེགས་པའི་ལྷ་དང་སྟོན་པ་གྲུབ་མཐའ་འཛིན་པ་རྣམས་ཀྱིས་ཀྱང་། དང་པོར་གྲུབ་མཐའ་སུམ་བརྒྱ་དྲུག་བཅུ། དེ་

(༤༣༨)ལས་འཕྲོས་པ་མོས་སྲ་སུམ་བརྒྱ་དྲུག་བཅུ་གཏན་ལ་འབེབས་པ་སྟེ། དེ་རེ་རེ་ལ་ཡང་སུམ་བརྒྱ་དྲུག་བཅུ་ལ་སོགས་པ་གྲངས་མེད་པར་གཏན་ལ་འབེབས་རྒྱུ་ཡོད་པ་སྟེ། རྩ་བ་མདོར་བསྡུས་ན་ལོ་གཅིག་ལ་ཞག་སུམ་བརྒྱ་དྲུག་བཅུ་དང་། ཟ་མ་བདུན་བརྒྱ་ཉི་ཤུར་བཞེད་པ་ལས། དེ་ལས་རྣམ་པར་འཕྲོས་ཤིང་སོ་སོར་ཀུན་རྫོབ་ཙམ་དུ་རྟོགས་ཤིང་བརྩིས་པ་ལས། གསོ་བ་སྨན་གྱི་བྱེ་བྲག་ལ་ཡང་མུ་སྟེགས་ཕ་གོལ་གྱི་གཞུང་སྨན་དཔྱད་ཡན་ལག་བརྒྱད་པ་ལ་སོགས་པ་ཕྱི་རོལ་གྱི་རྫས། ས་རྡོ་ཤིང་གསུམ་སེམས་ཅན་རྣམས་ཀྱི་ཤ་ཁྲག་རུས་པ་ལ་སོགས་པ་གསོ་བ་སྨན་གྱི་བྱེ་བྲག་སྣ་ཚོགས་སུ་སྦྱར་ནས་དུས་དང་དུས་ཚོད་བཞིན་དུ་ཕན་གནོད་ཀྱི་ས་མཚམས་སྟོན་པ་ལ་ཡང་སུམ་བརྒྱ་དྲུག་བཅུ་དང་། དེ་ལས་འཕྲོས་པ་བདུན་བརྒྱ་ཉི་ཤུ་ལ་སོགས་པའི་སྨན་གྱི་བྱེ་བྲག་སྦྱོར་སྡེ་གྲངས་མེད་པ་གསུངས་པ་སྟེ། འདི་རྣམས་སེམས་ཅན་མ་རིག་པ་སྲིད་པ་ཆགས་འཇིག་དང་། མུ་སྟེགས་པ་རྣམས་ཀྱི་བཞེད་ལུགས་དང་། རྩིས་ཀྱི་བཞེད་ལུགས་དང་། རྩིས་ཀྱི་བྱེ་བྲག་དང་། །གྲུབ་མཐའ་དང་། འབྲས་བུའི་ཐོབ་ཚུལ་བསམ་གྱིས་མི་ཁྱབ་པ་གསུངས་པ་སྟེ། །དེ་རྣམས་ལ་ཡང་རྒྱུ་མེད་དོན་མེད་འབྲས་བུ་མེད་པ་ལ་ཡིན་ཏེ། འདི་ལ་ཀུན་རྫོབ་འཇིག་རྟེན་གྱི་འབྲས་བུ་ཡོད། དེའི་ཕྱིར་ན། འདི་རྣམས་མཁས་ཤིང་གཏན་ལ་ཕེབས་ན། ནང་པ་སངས་རྒྱས་པའི་གྲུབ་མཐའ་སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ་དུ། འདུལ་བ་མདོ་སྡེ་མངོན་པ་གསུམ་ན་ཡང་རྟེན་འབྲེལ་བཅུ་གཉིས་སུ་གཏན་ལ་ཕབ་ནས། དེ་ཡང་དུས་རིང་པོ་དང་

(༤༣༩)ཐུང་ངུ་གཉིས་སུ་བརྩི་བ་སྟེ། དུས་ཐུང་ངུའི་ཐུང་ངུ་སྐད་ཅིག་མ་དང་། ཆུ་ཚོད་དང་དབང་ཕྱུག་གུ་ལ་སོགས་ཏེ་རྡུལ་གྱི་བྱེ་བྲག་ནས་བརྩི་ལུགས་གྲངས་མེད་པ་ཡོད་པ་ལས། ཐམས་ཅད་རྟན་འབྲེལ་བཅུ་གཉིས་སུ་གཏན་ལ་འབེབས་པའོ། །དེའི་ཕྱིར་ན། ཉིན་ཞག་གཅིག་ལ་སོགས་ཏེ་ལོ་གཅིག་དང་། ལོ་སྐོར་བཅུ་གཉིས་ཀྱི་བར་དུ་ཐམས་ཅད་རྟེན་འབྲེལ་བཅུ་གཉིས་སུ་མིང་བཏགས་ནས། ཕྱི་སྣོད་ནང་བཅུད་ཀྱི་ཆགས་ལུགས་ཐམས་ཅད་དེ་ལྟར་དུ་བཞེད་པ་སྟེ། དེ་ཡང་ཐུན་ཐུང་ངུ་ཉིན་ཞག་ཕྲུག་གཅིག་ཙམ་གཏན་ལ་འབེབས་ན། ཉིན་མོ་ལ་ཐུན་གསུམ་དུ་དབྱེ་བ་སྟེ། རེ་རེ་ལ་ཡང་བཞི་བཞིར་འབྱེད་པ་ལས། སྔ་ཐུན་ལ་མ་རིག་པ་དང་འདུ་བྱེད་རྣམ་པར་ཤེས་པ་དང་མིང་དང་གཟུགས་ཀྱི་དུས་སོ། །གུང་ཐུན་ལ་སྐྱེ་མཆེད་དྲུག་དང་རེག་པ་ཚོར་བ་དང་སྲེད་པ་བཞིའོ། །ཕྱི་ཐུན་ལ་བཞིར་དབྱེ་བ་ནི་ལེན་པ་སྲིད་པ་སྐྱེ་བ་རྒ་ཤི་དང་བཞི་སྟེ་བཅུ་གཉིས་སོ། །མཚན་མོ་ལ་ཡང་དེ་ལྟར་དུ་བཞེད་པ་སྟེ། དེ་ལྟར་དུ་བརྩིས་པས་ཞག་སུམ་བཅུ་ལ་ཟླ་བ་གཅིག་སྟེ། ཡར་གྱི་བཅོ་ལྔ་དང་མར་གྱི་བཅོ་ལྔ་སྟེ། འདི་གཉིས་ལ་ཡང་འཕེལ་ཞིང་རྒྱས་པའི་རྟེན་འབྲེལ་དང་། བགྲིབ་ཅིང་ཟད་པའི་རྟེན་འབྲེལ་ཏེ། བཅུ་གཉིས་བཅུ་གཉིས་རེ་རེ་ལ་ཡང་ལྔ་ཚན་ལྔ་ལྔར་བཞེད་པ་སྟེ། དེ་ལྟར་དུ་བརྩིས་པ་ཡི་ཟླ་བ་བཅུ་གཉིས་ལོ་གཅིག་སྟེ། དེ་ཡང་ནང་པ་སངས་རྒྱས་པའི་ལུང་གྱིས་མ་རིག་པ་ནས་རྒ་ཤིའི་བར་དུ་བཞེད་པ་ཡིན། ལོ་གཅིག་པོ་དེ་ཡང་མ་རིག་པ་ནས་མགོ་གཟུང་སྟེ། ལོ་བཅུ་གཉིས་ཀྱི་བར་དུ་རྟེན་འབྲེལ་

(༤༤༠)བཅུ་གཉིས་སུ་བཞེད་པ་སྟེ། དེ་ཡང་འབྱུང་བ་ལྔའི་རྟེན་འབྲེལ་དུ་བརྩིས་ནས། ལོ་བཅུ་གཉིས་པོ་ལྔ། ལྔ་ལྔར་བསྡུས་ནས་རྟེན་འབྲེལ་ལྔ་ཚན་བཅུ་གཉིས་སུ་བཞེད་པ་སྟེ། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་ནང་བཅུད་ཀྱི་འགྲོ་བ་སྣ་ཚོགས་པ། གཟའ་དང་སྐར་མ་ཉི་མ་དང་ཟླ་བ་འབྱུང་བ་ལྔ་ཡིས་ཁྱབ་ཚད་འདི་རྟེན་འབྲེལ་བཅུ་གཉིས་སུ་གཏན་ལ་འབེབས་པ་སྟེ། འདི་རྣམས་ལུགས་ལས་འབྱུང་བ་ཁམས་གསུམ་འཁོར་བ་སྲིད་པའི་ཆགས་ལུགས་དང་། ཕྱི་རོལ་མུ་སྟེགས་ཀྱི་ཀུན་རྫོབ་ཐུན་མོང་བསྒྲུལ་ཚུལ་སྣ་ཚོགས་པ་དེ་གཉིས་ཀ་ཡང་། མདོར་བསྡུས་ན་སྲིད་པ་ལུགས་ཀྱི་རྟེན་འབྲེལ་བྱ་བར་བཞེད་པ་ཡིན། རྟེན་འབྲེལ་དེ་རྣམས་ཐམས་ཅད་སྟོན་པ་ཤཱཀྱ་ཐུབ་པ་ཡིན། ལུགས་ལས་ལྡོག་ལུགས་གསུམ་ཡིན་ཏེ། ཉན་ཐོས་ཀྱི་ཐེག་པ་ཐམས་ཅད་བཀག་ནས། འཇིག་ཚོགས་ཀྱི་ལྟ་བ་གྲངས་མེད་པ་ཡིས། རང་ཉིད་འཛིན་པའི་སེམས་བདག་མེད་པར་རྟོགས་པར་བཞེད་པའོ། །རང་སངས་རྒྱས་ཀྱི་རྟེན་འབྲེལ་བཅུ་གཉིས་ལུགས་ལས་ལྡོག་པ་སྟོང་པ་ཉིད་དུ་བཤིག་ནས། ཡིད་བཞིན་བདེ་མཆོག་གི་ས་ཐོབ་པར་བཞེད་པའོ། །བྱང་ཆུབ་སེམས་དཔའི་ཐེག་པས་རྟེན་འབྲེལ་བཅུ་གཉིས་ལུགས་ལས་ལྡོག་པ་སྤངས་ཐོབ་གཉིས་དང་། བདག་མེད་གཉིས་ཀྱི་དོན་རྟོགས་པར་ལུགས་ལས་ལྡོག་ནས། སྤྲུལ་པའི་སྐུ་ཐོབ་པར་བཞེད་པ་སྟེ། ཐེག་པ་འདི་གསུམ་ལ་ཡང་རྣམ་བདེན་རྣམ་ རྫུན་དང་། དོན་དམ་ཀུན་རྫོབ་ལ་སོགས་པའི་མིང་གི་འདོགས་ལུགས་བརྩི་ལུགས་དང་བཞེད་ལུགས་རྟེན་འབྲེལ་བཅུ་གཉིས་ལུགས་ལས་ལྡོག་ལུགས་གྲངས་མེད་པ་གསུངས་པ་སྟེ། མདོར་སྡུས་ན་སྣང་སྲིད་

(༤༤༡)འཁོར་འདས་ཀྱི་ཆོས་ཐམས་ཅད་རྟེན་འབྲེལ་བཅུ་གཉིས་ལུགས་ལས་ལྡོག་ལུགས་གྲངས་མེད་པ་གསུངས་ཀྱང་། འཁོར་བ་དང་མྱ་ངན་ལས་འདས་པ་ལམ་གྱིས་བསྡུས་པའི་རྟེན་འབྲེལ་དུ་མ་འདུས་པ་དང་མ་རྫོགས་པ་གང་ཡང་མེད་པའོ། ལོངས་སྐུའི་བསྟན་པ་ཀྲི་ཡོག་གསུམ་ལ་ཡང་། གཟུང་སྔགས་དང་རིགས་སྔགས་ཀྱི་ལུགས་ཀྱིས་བརྩི་ལུགས་དང་བཞེད་ལུགས་མིང་འདོགས་ལུགས་བསམ་གྱིས་མི་ཁྱབ་པ་གསུངས་པ་སྟེ། མདོར་བསྡུས་ན་ཐ་མལ་པའི་སྐྱེ་བོ་ཡིས་སྲིད་པ་ཆགས་ལུགས་ཀྱི་བཞེད་པ་དང་། ཕྱི་རོལ་མུ་སྟེགས་ཀྱི་སྲིད་ལུགས་འདི་རྣམས་ཏེ། ཆད་ལྷག་མེད་པར་དང་པོ་གོ་ཞིང་མཁས་ལ་ཤེས་ན་ནང་པ་སངས་རྒྱས་ཀྱི་སྡེ་སྣོད་གསུམ་གྱི་བཞེད་ལུགས་ཀྱིས། རྟེན་འབྲེལ་བཅུ་གཉིས་ལུགས་ལས་འབྱུང་བ་དང་། ལུགས་ལས་ལྡོག་པ་སོ་སོར་ཤེས་ཤིང་། སྡེ་སྣོད་གསུམ་གྱི་གཞི་ལམ་འབྲས་བུ་ལ་ཆད་ལྷག་མེད་པར་མཁས་པར་འགྱུར་རོ། །དེ་རྣམས་ཐམས་ཅད་ཆོས་སྐུའི་བསྟན་པ་རྣལ་འབྱོར་ཆེན་པོ་གསར་རྙིང་གཉིས་ཀྱིས། རྒྱལ་བའི་དཀྱིལ་འཁོར་ལྷ་དང་གཞལ་ཡས་ཀྱི་ཁང་ཞིང་ཁམས་རྣམས་སུ་གཏན་ལ་འབེབས་པ་སྟེ། ཁྱད་པར་དུ་རྣལ་འབྱོར་ཆེན་པོ་གསར་མའི་ཕ་རྒྱུད་མ་བརྒྱུད་རྣམས་དང་། དེ་རྣམས་ཐམས་ཅད་ཀྱི་སྒྲ་དོན་previous hit དགོངས next hit་དང་previous hit དགོངས་བཞི་སོ་སོར་འབྱེད་ next hit། རྡོ་རྗེ་མཁའ་འགྲོའི་རྒྱུད་མ་ལག་རྩ་རྒྱུད་བཤད་རྒྱུད་ལ་སོགས་པ་དབུ་ཞབས་ཀུན་གྱི་previous hit དགོངས next hit་དེ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་མཁའ་འགྲོ་སྡེ་ལྔར་གཏན་ལ་འབེབས་ཤིང་། དང་པོ་གནས་ལུགས་ཡིན་ལུགས་དཀྱིལ་འཁོར་ཆེན་པོར་ཤེས་ཤིང་ངོ་སྤྲོད་པ་དང་དཔའ་

(༤༤༢)བོ་མཁའ་འགྲོའི་ཚོགས་རྣམས་ཀྱིས་སྐུ་མདོག་ཕྱག་མཚན་ཁ་དོག་སྣ་ཚོགས་པ་གྲངས་མེད་པར་ཆ་ལུགས་རྫོགས་ཤིང་། མཚན་ཉིད་མ་འདྲེས་པ་སོ་སོར་གཏན་ལ་འབེབས་པ་སྟེ། ཐམས་ཅད་མཁའ་འགྲོའི་ཚོགས་སུ་ངེས་ཤེས་བརྟན་ཞིང་། ཐབས་དང་ཤེས་རབ་དབྱེར་མེད་རྡོ་རྗེའི་གནས་ལུགས་བཞིའི་དཀྱིལ་འཁོར་དུ། གསང་བ་སྲོག་རྩོལ་གནད་ཀྱི་འཁོར་ལོ་བསྐོར་ན་ལམ་ཐག་ཤིན་ཏུ་ཉེ་བ་སྟེ། དབང་པོ་ཡང་རབ་སྐད་གཅིག་མ་ཉི་ཤུ་རྩ་གཅིག་གིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པར་བཞེད་པའོ། །དབང་པོ་འབྲིང་ཟླ་བ་དྲུག་གིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པར་བཞེད་པ་སྟེ། དབང་པོ་ཐ་མ་ཡང་གསང་སྔགས་གསར་མའི་རྒྱུད་དུ་ལུང་མན་ངག་ཟབ་མོའི་གདམ་ངག་ལ་མཁས་ཤིང་། གྲུབ་པ་ཐོབ་པ་དང་རྟོགས་པ་མཐར་ཕྱིན་པའི་དགེ་བའི་བཤེས་གཉེན་ལ་བརྟེན་ནས། གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་ཀྱིས་སྲོག་རྩོལ་གནད་ཀྱི་མན་ངག་རླུང་སེམས། གཉིས་ཀྱི་འཁོར་ལོ་ལ་དར་དྲག་ལ་ཡུན་རིང་དུ་འཁྲི་བ་རྣམ་པ་གསུམ་ཐམས་ཅད་བཅད་ནས་བསྒོམས་ན། མི་ཚེ་གཅིག་གམ་བར་དོ་དང་པོ་རུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཆོག་གི་དངོས་གྲུབ་ཐོབ་པར་བཞེད་པའོ། །དེའི་ཕྱིར་ན། ལམ་ཐག་ཤིན་ཏུ་ཉེ་བ་རྒྱལ་བའི་དཀྱིལ་འཁོར་དང་། མཁའ་འགྲོ་སྡེ་ལྔའི་རྡོ་རྗེ་མཁའ་འགྲོའི་རྒྱུད་རྡོ་རྗེ་ཚིག་སྦྲམ་རྒྱ་རིམ་པ་ལྔ་དང་གཟེར་ཆེན་པོ་བཅུ་དྲུག་དང་། སྒོ་ལྕགས་སུམ་རིམ་གྱི་ནང་ན་བཞུགས་པའོ། །དེའི་ཕྱིར་ན། རྣལ་འབྱོར་ཆེན་པོ་གསར་མའི་སྨིན་པ་དང་གྲོལ་

(༤༤༣)བའི་དབང་དང་གདམ་ངག་ཐམས་ཅད་སངས་རྒྱས་པ་དང་སྡུས་པ། གྲངས་ཅན་དང་གྲངས་མེད་རྣམས་ད་ནི་རྒྱས་པར་བསྟན་པར་བྱ། རྡོ་རྗེའི་སྐུ་ཅན་དང་། རྡོ་རྗེའི་གསུང་དང་། རྡོ་རྗེའི་ཐུགས་དང་། རྡོ་རྗེའི་ཡོན་ཏན་ཕྲིན་ལས་རྣམས ད་ལྟ་ཉིད་དུ་རང་ལ་རྫོགས་པར་བཞེད་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ཉོན་ཅིག །རྣལ་འབྱོར་ཆེན་པོ་གསར་མའི་ཕ་རྒྱུད་མ་རྒྱུད་ཐམས་ཅད་ཀྱི་previous hit དགོངས next hit་ཐམས་ཅད་རྡོ་རྗེ་མཁའ་འགྲོས་སྟོན་པ་སྟེ། རྡོ་རྗེ་མཁའ་འགྲོ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ཐམས་ཅད་ཀྱི་ཆིངས་དང་། རྒྱུད་ཀྱི་གཙོ་མོ་སྟེ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཕྱི་ནང་གི་གྲུབ་མཐའ་ལ་ལུས་པ། ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་མཁའ་འགྲོ་རྒྱ་མཚོ་གདོད་མ་ནས་ཡིན་པ་ལ་ཡིན་པར་ངོ་ཤེས་ཤིང་། ཡིན་པའི་ལུགས་རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་བདེ་མཆོག་དགྱེས་རྡོར་གསང་འདུས་ལ་སོགས་པ་གང་ཡང་རུང་བར་ངོ་སྤྲོད་ཅིང་ཡིན་ལུགས་ཕྱོགས་མེད་དུ་ཤེས་པར་སྒྲ་དོན་རྒྱུད་ལུང་མན་ངག་མཁས་ལ་གྲུབ་པ་ཐོབ་པ་ཡི་དགེ་བའི་བཤེས་གཉེན་རྣམས་ལ་སྨིན་པ་དང་གྲོལ་བའི་དབང་གིས་བཞི་བསྐུར་ཞིང་གྲོལ་བར་བྱ་བའི་ཕྱིར། ཐབས་དང་ཤེས་རབ་དབྱེར་མེད་པའི་གདམ་ངག །ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད། ཕྱི་ལྷ་དང་གཞལ་ཡས་ཀྱི་ཁང་དུ་དཀྱིལ་འཁོར་རྒྱས་བསྡུས་གང་ཡང་རུང་བ། ཆོ་ག་ཡན་ལག་རྫོགས་པར་གདོད་མ་ནས། རྒྱལ་བའི་དཀྱིལ་འཁོར་ཡིན་པ་ལ། ཡིན་པར་ངོ་ཤེས་ཤིང་ཆ་ལུགས་རྫོགས་པ་དང་། སྐྱེད་རིམ་བརྟན་པ་སྟེ།

(༤༤༤)ཕྱི་མཁའ་འགྲོ་སྡེ་ལྔའི་དཀྱིལ་འཁོར་རོ། །ནང་ལུས་དང་རྩའི་དཀྱིལ་འཁོར་དུ་རྩ་དང་བྱང་ཆུབ་ཀྱི་སེམས། རྩ་འཁོར་ལོ་ལྔའི་ཕོ་བྲང་དུ། ཡང་ན་རྩ་གྲངས་ཅན་དང་གྲངས་མེད་རྣམས་གདོད་མ་ནས་ནང་གི་མཁའ་འགྲོ་སྡེ་ལ་ཡིན་པ་མ་ཡིན་པར་ངོ་ཤེས་ཤིང་། རྩ་དང་བྱང་ཆུབ་ཀྱི་སེམས་ལྷ་ཡབ་ཡུམ་གྱི་དཀྱིལ་འཁོར་དུ། གདམ་ངག་ཟབ་མོ་ཐབས་དང་ཤེས་རབ་དབྱེར་མེད་དུ་ངོ་སྤྲོད་ཅིང་གོམས་འདྲིས་མཐར་ཕྱིན་པ་ནི་ནང་གི་མཁའ་འགྲོ་སྡེ་ལྔའི་དབང་ལ་རྫོགས་པའོ། །གསང་བའི་མཁའ་འགྲོ་སྡེ་ལྔ་ནི། རྩ་རླུང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། རྩ་ལྔ་རླུང་ལྔ། བྱང་ཆུབ་ཀྱི་སེམས་གཉིས་ལ་ལྔ་དེ་ལས་འཕྲོས་པ་རླུང་ཉི་ཁྲི་ཆིག་སྟོང་། རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་བྱང་ཆུབ་སེམས་ཉི་ཤུ་རྩ་ལྔ། རྩ་འཁོར་ལོ་ལྔའི་ཕོ་བྲང་དུ་དགའ་བ་བཞི་དང་བདེ་བ་བརྒྱད། བདེ་སྟོང་དབྱེར་མེད་གཞི་ལམ་བསྒྲོད་ཅིང་རླུང་སེམས་གནད་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་ཞིང་། རླུང་སེམས་རིགས་ལྔ་ཡབ་ཡུམ་བཅུའི་ཕོ་བྲང་དུ་འདུས་ཤིང་། གོམས་འདྲིས་བརྟན་པ་མཐར་ཕྱིན་ན། རིགས་ལྔ་ཞི་ཁྲོ་རབ་འབྱམ་གྱི་དཀྱིལ་འཁོར་རང་ལ་རྫོགས་ཤིང་རང་དབང་ཐོབ་པ་ནི། གསང་བའི་མཁའ་འགྲོ་སྡེ་ལྔ་སྟེ། རྟགས་དང་ཡོན་ཏན་དྲོད་ཚད་མཐུ་སྟོབས་དཔལ་འཁོར་ལོ་བདེ་མཆོག་རིགས་བསྡུས་སམ་དགྱེས་པ་རྡོ་རྗེ་གསང་བ་འདུས་པ་ལ་སོགས་པའི་རིགས་བསྡུས་ཀྱི་དཀྱིལ་འཁོར་རྣམས་དང་མཐུ་སྟོབས་ཡོན་ཏན་མཉམ་པ་སྟེ། གསང་བའི་མཁའ་འགྲོ་སྡེ་ལྔའི་དབང་རྫོགས་པ་དུས་ཚོད་དོ། །དེ་ཁོ་ན་ཉིད་ཀྱི་

(༤༤༥)མཁའ་འགྲོ་སྡེ་ལྔ་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད། ཐེག་པ་བདུན་ཐེག་པ་གཅིག་ཏུ་རྫོགས་པ། རྣལ་འབྱོར་ཆེན་པོ་གསར་མའི་རྒྱུད་རྡོ་རྗེ་མཁའ་འགྲོའི་previous hit དགོངས next hit། དབང་ལས་བྱུང་བའི་ཡེ་ཤེས་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད། ཆོས་ཀྱི་དབྱིངས་རབ་འབྱམ་མཐའ་ཡས་མུ་མེད་པ། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པ་དང་། གོམས་པ་དང་རྩལ་རྫོགས་པ་དང་མཐར་ཕྱིན་པ་ནི། དེ་ཁོ་ན་ཉིད་ཀྱི་མཁའ་འགྲོ་སྡེ་ལྔ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དབང་གཉིས་དང་། བུམ་པའི་དབང་དང་གསང་བའི་དབང་གཉིས་ལས། བཞི་བཞི་བརྒྱད་དུ་དབྱེ་བའི་འབྲས་བུ་མཐར་ཕྱིན་པ་ནི་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་ཐམས་ཅད། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་དབང་རྫོགས་པ་ནི། དེ་ཁོ་ན་ཉིད་ཀྱི་མཁའ་འགྲོ་སྡེ་ལྔའོ། །དེའི་ཕྱིར་ན། དེ་ལྟར་དུ་གོམས་ཤིང་རྟོགས་པའི་ཡེ་ཤེས་སུ་previous hit དགོངས next hit་རྫོགས་ཀྱང་། རྒྱུན་ཆད་མེད་པར་རླུང་ཡེ་ཤེས་ཀྱི་རླུང་། རྩ་ཡེ་ཤེས་ཀྱི་རྩ། སེམས་ཡེ་ཤེས་ཀྱི་སེམས། ལུས་ཡེ་ཤེས་ཀྱི་ལུས། སྣང་བ་ཡེ་ཤེས་ཀྱི་སྣང་བ་སྟེ། དེ་རྣམས་ཐམས་ཅད་ལ་མཉམ་རྗེས་མེད་པར་རླུང་སེམས་ཀྱི་དཀྱིལ་འཁོར་དང་འབྲལ་བར་མི་བྱེད་ཅིང་། རྒྱུན་ཆད་མེད་པར་བརྩོན་འགྲུས་དྲག་ཏུ་བསྒྲུབ་ཅིང་། དེ་ཉིད་དབྱིངས་ལ་དེ་བཞིན་དུ་འགག་པ་མེད་ཅིང་རྩོལ་བ་མེད་པར་བརྩོན་འགྲུས་ཆུ་བོའི་གཞུང་བཞིན་དུ་བྱའོ། །འདི་མན་ཆོད་རྡོ་རྗེ་མཁའ་འགྲོའི་དགོངས་པའོ། །རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་གསར་མའི་དབང་དུ་བྱས་ན། དཔལ་དུས་ཀྱི་འཁོར་ལོ་རྒྱུད་

(༤༤༦)ཕྱི་མའི་ཕྱི་མ་ལ་ཆ་ལག་དང་བཅས་པ་འདི་གསར་མའི་ལུང་ཨ་ནུ་ཡོ་གའི་previous hit དགོངས next hit་སྟོན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ལུང་དུ་བཞེད་previous hit ་ཡིན། དུས་ཀྱི་འཁོར་ལོའི་དགོངས next hit་པས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་དང་། ཕྱི་རོལ་མུ་སྟེགས་ཀྱི་གྲུབ་མཐའ་དང་། ནང་པ་སངས་རྒྱས་ཀྱི་སྡེ་སྣོད་གསུམ་དང་ཀྲྀ་ཡོག་གསུམ། རྣལ་འབྱོར་ཆེན་པོ་གསར་རྙིང་ལ་སོགས་ཏེ། ཐེག་པ་དྲུག་གི་ལྟ་སྒོམ་སྤྱོད་ཚུལ་སྐྱེད་རྫོགས་འབྲས་བུ་ལ་སོགས་པ་ཐམས་ཅད་ཀྱང་ཡི་གེ་གསུམ་སྟེ། དེ་ལས་འཕྲོས་པ་ཨཱ་ལི་ཀཱ་ལིའི་བྱེ་བྲག་སྣ་ཚོགས་སུ་གདོད་མ་ན་ང་ཡིན་པ་ལ་ཡིན་པར་ངོ་སྤྲོད་ཅིང་། རང་བཞིན་གྱི་ཡི་གེ་དང་། ངོ་བོ་ཉིད་ཀྱི་ཡི་གེ་དང་མཚན་ཉིད་སྣ་ཚོགས་ཀྱི་ཡི་གེར་གཏན་ལ་འབེབས་པ་སྟེ། དེའི་ཕྱིར་ན། ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་ཡི་གེ་ལ་གཏོགས་པ། ཕྱི་ནང་གི་གྲུབ་མཐའ་ལྷ་དང་དཀྱིལ་འཁོར་ཁ་དོག་ཞལ་ཕྱག་གང་ཡང་མི་སྟོན་པ་སྟོན་པའི་ཕྱིར་ན། རྩ་རླུང་སེམས་དང་བྱང་ཆུབ་ཀྱི་སེམས། ཐམས་ཅད་ཡི་གེ་འཁོར་ལོ་ཚོགས་ཆེན་པོ་དཔག་ཏུ་མེད་པར། རླུང་སེམས་ཇི་ལྟར་དུ་འདུས་པ་བཞིན་དུ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་། བདག་དང་གཞན་གྱི་སྐྱོན་ཡོན་ཏན་སྣ་ཚོགས་བྱ་བ་དང་ཕྲིན་ལས། ཐབས་དང་ཤེས་རབ་ཐམས་ཅད་ཡི་གེས་གཏན་ལ་འབེབས་པའོ། །དེའི་ཕྱིར་ན། ཕྱིའི་ཨཱ་ལི་ཀཱ་ལི་དང་། ནང་གི་ཨཱ་ལི་ཀཱ་ལི་དང་། གསང་བའི་ཨཱ་ལི་ཀཱ་ལི་དང་། དེ་ཁོ་ན་ཉིད་ཀྱི་ཨཱ་ལི་ཀཱ་ལི་སྟེ། ཨཱ་ལི་ཀཱ་ལིས་མ་ཁྱབ་པ་དང་། ཨཱ་ལི་

(༤༤༧)ཀཱ་ལི་ལས་མ་བྱུང་བ་དང་། ཨཱ་ལི་ཀཱ་ལི་ཡིས་བྱ་བ་སྣ་ཚོགས་མ་བསྒྲུབས་པ་དང་། ཨཱ་ལི་ཀཱ་ལིར་འབྲས་བུ་སྣ་ཚོགས་མ་རྫོགས་པ་གང་ཡང་མེད་པའོ། །དེའི་ཕྱིར་ན། རྡོ་རྗེའི་གནས་ལུགས་བཞི་དང་ལྡན་པའི་དུས་དང་དུས་ཀྱི་འཁོར་ལོ། །ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ཡེ་ཤེས་གསལ་བའི་དཀྱིལ་འཁོར། ད་ནི་རྒྱས་པར་ངོ་སྤྲོད་ཀྱིས། གྲངས་མེད་བསྐལ་པའི་སྔོན་རོལ་ནས་ཚོགས་བསགས་ཤིང་སྒྲིབ་པ་སྦྱངས་ནས། རྩ་རླུང་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དུ། ཡི་གེ་ངོ་བོ་མཚན་ཉིད་རང་བཞིན་མཁའ་འགྲོ་སྡེ་ལྔ་ཡིས་བྱིན་གྱིས་བརླབས་ཤིང་། རླུང་སེམས་གཉིས་ལ་དབང་བསྒྱུར་བའི་རྣལ་འབྱོར་གྱི་དབང་ཕྱུག །སྒོམ་ཆེན་པ་རྣམས་གསོན་ཅིག །རྡོ་རྗེ་འཆང་གི་གསུང་ནས་ཀྱང་། དང་པོའི་སངས་རྒྱས་ཀྱི་གཞུང་ལས་བཏུས། ཞེས་གསུངས་པའི་དོན་ཡང་འདི་ལྟར་དུ་previous hit དགོངས next hit་ཡིན། དེའི་ཕྱིར་ན། ད་ནི་ཅུང་ཟད་དབྱེ་བར་བྱ། དང་པོའི་སངས་རྒྱས་བྱ་བ་ནི། སེམས་ཅན་ཐམས་ཅད་ཤི་བ་དང་། འཕོ་བའི་དུས་སུ། བར་དོ་དང་པོ་ལ་སེམས་ཉིད་ཀྱི་གཤིས། རང་བཞིན་གྱིས་འོད་གསལ་བའི་གནས་ལུགས་རང་ས་ཟིན་པ་དང་སྐད་ཅིག་མའི་སངས་རྒྱས་སུ་བཞེད་པ་ཡིན། ཡིན་པ་ལ་ཡིན་པར་ངོ་མ་ཤེས་ཤིང་། མ་རིག་པ་ཡིས་བསྒྲིབས་ཤིང་། ཅུང་ཟད་འཁྲུལ་བའི་སྣང་བ་བན་བུན། སྣང་བའི་ཆ་དང་གསལ་བའི་ཆ་ཁ་དོག་ལྔ་ཡི་སྣང་ཚུལ་ཙམ་དུ་འཁྲུལ་ནས། ཕྲ་བའི་སྣང་བའི་ཆ་དང་། གཟུང་འཛིན་གྱི་ཆ་ཅུང་ཟད་ཙམ་དུ་འཁྲུལ་བ་སྟེ། དེ་ནས་འོད་ཁ་དོག་ལྔ་ལ་དུག་རྣམ་པ་

(༤༤༨)ལྔ་ཇེ་རགས་ཇེ་རགས་སུ་འཁྲུལ་བས། འགྲོ་བ་རིགས་དྲུག་གི་སྐྱེ་གནས་བཞིའི་གནས་སུ་ཆུད་པ་སྟེ། དེ་ལ་འདིར་གཙོ་ཆེར་འཛམ་བུ་གླིང་པའི་མིའི་མངལ་དུ་འཇུག་ལུགས་སྟོན་པ་སྟེ། རྒྱུ་རྐྱེན་ཕ་མ་ལ་བརྟེན་ནས་སྐྱེ་གནས་སུ་ཆགས་པ་སྟེ། དེ་ལ་སྐད་ཅིག་མ་དང་པོ་ནས་གཟུང་སྟེ། ལུས་སེམས་བྱང་ཆུབ་ཀྱི་སེམས་གཉིས་ཀྱིས། རྟེན་དང་བརྟེན་པའི་ཚུལ་དུ་བསྐྱེད་པ་སྟེ། མི་མཚན་ཉིད་དང་ལྡན་པ་སྐྱེ་གནས་སུ་ཟླ་བ་བཅུ་གཉིས་སུ་གནས་པ་སྟེ། དེ་ཡང་ཟླ་བ་ཕོ་དྲུག་མོ་དྲུག་ལས་ཞག་སུམ་བརྒྱ་དང་དྲུག་བཅུ། ཟ་མ་བདུན་བརྒྱ་དང་ཉི་ཤུར་བརྩིས་པ་ལས། ཉིན་ཞག་ཕྲུག་ཅིག་ལ་དུས་བཞི། འབྱུང་བ་རྣམ་པ་ལྔ། འབྱུང་བ་རེ་རེ་ལ་ཡང་ལྔ་ལྔར་བཞེད་པ་སྟེ། ཉི་ཤུ་རྩ་ལྔ་དེ་ལྟར་དུ་ཞག་དང་ཟླ་བ། ཟ་མ་འབྱུང་བ་ལྔ་ཡིས་བསྡུས་པའི་ལུས་སེམས། རྩ་གནས་བྱང་ཆུབ་ཀྱི་སེམས་རིམ་གཉིས་ཀྱིས་ནར་སོན་པ་སྟེ། དེ་ལ་ཞག་རེ་རེ་ནས་གཟུང་སྟེ། སུམ་བརྒྱ་དྲུག་བཅུའི་བར་དུ་ནད་ཀྱི་གཞི་ཡང་རེ་རེ་གནས་པ་སྟེ། ནད་རིགས་སུམ་བརྒྱ་དྲུག་བཅུའི་ས་བོན་གནས་པའོ། །ཟ་མ་བདུན་བརྒྱ་ཉི་ཤུ་བྱས་ཀྱང་། ཉིན་ཞག་ཕྲུགས་ཅིག་ལ་ཐུན་བརྒྱད་དུ་དབྱེ་བའི་ཕྱིར་ན། རྐྱེན་ཉི་ཁྲི་ཆིག་སྟོང་ལུས་སེམས་གཉིས་ཀྱི་དཀྱིལ་འཁོར་དུ་བསྐྱེད་པའི་རྐྱེན་དང་། རྒས་པ་དང་རྒུད་པ་དང་ན་བ་དང་འཆི་བའི་རྐྱེན་བྱེད་པའོ། །དེ་ལྟར་དུ་ལུས་མི་གཙང་བའི་རྫས་སུམ་བཅུ་སོ་དྲུག་ལས་གྲུབ་པ་ལྭ་

(༤༤༩)རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས། ཡང་ན་རྩ་བྲན་འབུམ་དང་བཅས་པ། ཉིན་ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ། རྩ་གནས་རྣམས་ན་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས། ཕོ་དང་མོའི་བྱེ་བྲག་གིས་ཤས་ཆེ་ཆུང་གྲངས་ཅན་གྲངས་མེད་གནས་པ་སྟེ། དེའི་ཕྱིར་ན། ཅི་གཅིག་གི་ལུས་ལ་ཕྱི་སྣོད་དང་ནང་བཅུད། གཟའ་དང་སྐར་མ་ཉི་མ་དང་ཟླ་བ། ཁམས་གསུམ་པའི་སྐྱེ་འགྲོ་ཐམས་ཅད་ཀྱི་ས་བོན། རང་བཞིན་གྱིས་གནས་པ་དང་། ལས་དང་བག་ཆགས་ཀྱི་དབང་གིས་ཤས་ཆེ་ཆུང་དུ་གནས་པའོ། །འདི་ཡན་ཆད་དུ་སྲིད་པ་ཆགས་འཇིག་གི་མ་གཏོགས་པའི་སེམས་ཅན་རྣམས་ཀྱིས་དུས་ཀྱི་འཁོར་ལོར་འཁྲུལ་བ་རང་ལུགས་སོ། །གྲུབ་མཐའ་བློ་ལོག་པར་བསྒྱུར་ན། མུ་སྟེགས་པ་རྣམས་ཀྱིས་ཀྱང་ཅུང་ཟད་ཙམ་གོ་བ་སྟེ། སྲིད་པ་ཆགས་འཇིག་འདི་ལ་དཔེ་བླངས་ནས། ལོ་གཅིག་ལ་ཞག་སུམ་བརྒྱ་དྲུག་བཅུ་ཡོད་པས་དཔེ་མཚོན་ནས། ལྟ་ལོག་སུམ་བརྒྱ་དྲུག་བཅུར་གཏན་ལ་ཕབ་པ་ཡིན། དེའི་ཕྱིར་ན། བར་དོ་དང་པོའི་དུས་སུ་འོད་གསལ་བའི་དོན་དེ་ལས། ཁོང་གིས་ཀྱང་ཅུང་ཟད་ཅིག་གོ་ནས་དང་པོ་ཅི་ཡང་མེད་པའི་སྟོང་པ་ལས་ཡོད་ཅིང་འབྱུང་བ་ལྔ་སྲིད། འབྱུང་བ་རྣམ་པ་ལྔའི་ཁ་དོག་པ་ལས། ལྷ་འདྲེ་མི་གསུམ། ཕྱ་མུ་སྲིད་གསུམ། རྟག་ཆད་གཉིས་དང་གསང་བ་སྲིད་པར་འདོད་སྟེ། མུ་སྟེགས་ཀྱི། རྩིས་དང་གཞུང་མཐུན་པར་གྲུབ་མཐའ་

(༤༥༠)ཐམས་ཅད་ཀྱང་། ཤིང་གི་ལོ་འདབ་རྒྱས་པ་བཞིན་དུ་ལོག་རྟོགས་ལོག་པར་འཁྲུལ་བའོ། །ནང་པ་སངས་རྒྱས་པའི་ཉན་ཐོས་ཀྱི་ཐེག་པར་གྲུབ་མཐས་བློ་བསྒྱུར་ཡན་ཆོད་རྣལ་འབྱོར་ཆེན་པོ་ཐེག་པ་བརྒྱད་མན་ཆོད་དུ་ཕྲ་བ་དང་རགས་པའི་བཞེད་ལུགས་བསམ་གྱིས་མི་ཁྱབ་པ་ཡོད་པ་སྟེ། དེ་ཡང་སྲིད་པ་ཆགས་འཇིག་འདི་ལ་གོང་ནས་གོང་དུ་ནར་སོན་ཅིང་གོ་བ་དང་རྟོགས་པ་ཡིན་དཔལ་དུས་ཀྱི་འཁོར་ལོའི་བཞེད་ཀྱིས། སྣང་སྲིད་འཁོར་འདས་ཀྱི་ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་ཨཱ་ལི་དང་ཀཱ་ལིའི་ཡི་གེའི་ཚོགས་སུ་གཏན་ལ་འབེབས་པ་སྟེ། རང་བཞིན་གྱིས་ཡི་གེ་འཁོར་འདས་ཀུན་གྱི་གནས་ལུགས་གཤིས་ལ་གནས་པ་དང་། ངོ་བོའི་ཡི་གེ་མཚན་ཉིད་ལྔ་ལྡན་དུ་གནས་པ་དང་། ཐབས་ཤེས་རབ་དབྱེར་མེད་ཀྱི་ཡི་གེ་ཨཱ་ལི་བཅུ་དྲུག་དང་། ཀཱ་ལི་སུམ་བཅུ་སོ་གཉིས་རུ་གནས་previous hit ་སྟེ། དེ་ལ་དཔལ་རྡོ་རྗེ་འཆང་གི་དགོངས next hit་པས། ཕྱི་ནང་གི་ཆོས་ཐམས་ཅད་ཡི་གེར་ངོ་སྤྲོད་ཅིང་། ཡི་གེར་བྱིན་གྱིས་བརླབས་ནས། ཡི་གེའི་བྱེ་བྲག་གྲངས་ཅན་དང་གྲངས་མེད་དུ་བརྩི་བ་སྟེ། ཕྱི་ལྟར། བརྩི་བ་དང་། ནང་ལྟར། བརྩི་བ་དང་། གསང་བ་ལྟར། བརྩི་བ་དང་། དེ་ཁོ་ན་ཉིད་ལྟར་དབྱིངས་དང་ཡེ་ཤེས་སུ་རྟོགས་པར་བཞེད་པའོ། །དེའི་ཕྱིར་ན། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་ཨཱ་ལི་ཀཱ་ལིར་ངོ་སྤྲོད་པ་དང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཨཱ་ལི་ཀཱ་ལིར་ངོ་སྤྲོད་པ་དང་། ནམ་མཁའ་བཞི་འབྱུང་བ་ལྔ་

(༤༥༡)གཟའ་སྐར་ཉི་ཟླ་འཇིག་རྟེན་ལྷ་ཆེན་མཐུ་སྟོབས་ཅན་ཀྱང་། ཨཱ་ལི་ཀཱ་ལིའི་རྣམ་པ་རང་གི་ལུས་ངག་ཡིད་གསུམ་ལ་གནས་པར་ངོ་སྤྲོད་པ་དང་། ཉིན་ཞག་ཕྲུག་ཅིག་ལ་ཐུན་བརྒྱད་ལོ་སྐོར་བཅུ་གཉིས། ཟླ་བ་བཅུ་གཉིས། འབྱུང་བ་ལྔ། ཞག་གསུམ་བརྒྱ་དྲུག་བཅུ། ཟ་མ་བདུན་བརྒྱ་ཉི་ཤུ་ལ་སོགས་པ་རྒྱུན་ཆད་མེད་པར་དུས་ཀྱི་འཁོར་ལོར་འཁོར་བ་ལས། བགེགས་རིགས་སུམ་བརྒྱ་དྲུག་བཅུ། སྨན་གྱི་རིགས་ཀྱང་སུམ་བརྒྱ་དྲུག་བཅུ་བགེགས་རིགས་སྟོང་ཕྲག་བརྒྱད་བཅུ་རྩ་བཞི་བསྲུང་བར་བྱེད་པའི་ལྷ་ཡང་སྟོང་ཕྲག་བརྒྱད་བཅུ་རྩ་བཞི། དེ་རྣམས་ཀྱང་དུས་ཀྱི་འཁོར་ལོའི་བཞེད་ཀྱིས། ཨཱ་ལི་ཀཱ་ལིར་ངོ་སྤྲོད་ཅིང་གཏན་ལ་འབེབས་པའོ། །འབྱུང་བ་ལྔ་ལས་ཉི་ཤུ་རྩ་ལྔར་དབྱེ་བ་དང་བྱང་ཆུབ་ཀྱི་སེམས་གཉིས་ཀྱང་ཉི་ཤུ་རྩ་ལྔ་བ་གཉིས་ཏེ། ལྔ་བཅུར་ཐབས་དང་ཤེས་རབ་ཀྱི་ཨཱ་ལི་ཀཱ་ལིར་ངོ་སྤྲོད་ཅིང་། རྩ་སྟོང་ཕྲག་བརྒྱད་བཅུ་རྩ་བཞི་ཡང་ཨཱ་ལི་ཀཱ་ལིར་གནས་ཤིང་ངོ་སྤྲོད་པ་དང་། རྩ་བའི་རླུང་ལྔ་ལས་རླུང་ཉི་ཤུ་རྩ་ལྔར་འཕྲོས་པ་སྟེ། དེ་ལ་དཀྱིལ་འཁོར་གཅིག་གི་རླུང་ཞག་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ཡང་། ཨཱ་ལི་ཀ་ལིར་ངོ་སྤྲོད་པ་དང་། བྱང་ཆུབ་སེམས་དཔའ་དང་། སྤྲུལ་སྐུ་དང་ལོངས་སྐུ་དང་། ངོ་བོ་ཉིད་ཀྱི་སྐུ་དང་། རང་བཞིན་གྱི་སྐུ་དང་སྟེ་

(༤༥༢)རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀྱང་། གདོད་མ་ནས་རང་ཉིད་སྐུ་ལྔ་ཡོངས་སུ་རྫོགས་པའི་ཨཱ་ལི་ཀཱ་ལི་རང་བྱུང་ཡི་གེ་ཡེ་ཤེས་སུ་རྟོགས་པ་རབ་འབྱམ་ལྷུན་གྱིས་གྲུབ་པ་ནི། དུས་ཀྱི་འཁོར་ལོའི་འབྲས་བུ་མཐར་ཐུག་པའོ། །དེའི་ཕྱིར་ན་དངོས་པོ་གཤིས་ཀྱི་གནས་ལུགས་ཀྱི་ཨཱ་ལི་ཀཱ་ལི་དང་། ལམ་བསྒྲོད་བྱའི་ཨཱ་ལི་ཀཱ་ལི་དང་། སྐུ་ལྔའི་སངས་རྒྱས་རང་ལ་རྫོགས་པའི་ཨཱ་ལི་ཀཱ་ལི་སྟེ། ཨཱ་ལི་ཀཱ་ལི་ཡིས་མ་ཁྱབ་པ་གང་ཡང་མེད་པའོ། ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། བདག་སོགས་སེམས་ཐམས་ཅད་ཀྱིས། དུས་གསུམ་བསགས་དང་རྟོགས་པ་ཡིས། །འགྲོ་དྲུག་སེམས་ཅན་མ་ལུས་པ། །སྐུ་ལྔ་ཡོངས་རྫོགས་སངས་རྒྱས་ཉིད་དུ་ཤོག །རྣལ་འབྱོར་ཆེན་པོ་བླ་ན་མེད་པ་གསར་མ་ལ་ཡང་བཞིར་དབྱེ་བ་སྟེ། རྣལ་འབྱོར་ཆེན་པོའི་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོའི་བླ་མེད་དང་། རྣལ་འབྱོར་ཆེན་པོའི་ཨ་ནུ་ཡོ་ག་སྟེ། དཔལ་དུས་ཀྱི་འཁོར་ལོ་འདི། རྣལ་འབྱོར་ཆེན་པོའི་ཨ་ནུ་ཡོ་གའི་ཐེག་པ་ཙམ་དུ་བཞེད་པའོ། །དབང་གིས་ས་མཚམས་སུ་བྱས་ན། ཤེས་རབ་ཡེ་ཤེས་ཀྱི། བུམ་པའི་དབང་ཙམ་དུ་སླེབ་པའོ། །དེའི་ཕྱིར་ན། གསར་མའི་ཡང་རྩེ་དུས་ཀྱི་འཁོར་ལོར་བཞེད་པ་ཡང་ཡོད། དེ་ཅིའི་ཕྱིར་ཞེ་ན། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད། ཡི་གེ་གསུམ་མམ། ཡི་གེ་བཞི་བཅུ་རྩ་དགུ་ཡིས་གཞི་ལམ་འབྲས་བུར་ངོ་སྤྲོད་ཅིང་། ས་ལམ་ཐམས་ཅད་ཡི་གེར་རྫོགས་པའོ། །

(༤༥༣)དེའི་ཕྱིར་ན། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སར། ཞེས་གསུངས་པ་ཡང་འདི་ལྟར་དུ་previous hit དགོངས་པའོ། །སྟོན་ next hit་ལྔའི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། རྒྱ་གར་སྐད་དུ། མ་ཧཱ་ཡོ་ག་སྟེ། བོད་སྐད་དུ། རྣལ་འབྱོར་ཆེན་པོའི་བསྟན་པ་རྒྱ་མཚོ་མཐའ་ཡས་ཀྱི་previous hit དགོངས next hit་དང་འགྲེལ་པ། ལུང་དང་མན་ངག་རྟོགས་པ་རབ་འབྱམ་རྒྱ་མཚོ་མཐའ་ཡས་ལས། ཨཱ་ལི་དང་ཀཱ་ལི། རྣལ་འབྱོར་རང་བྱུང་རྡོ་རྗེས་མཛད་པ་རྫོགས་སོ། ། གཅིག་ཞུས།།

(༤༥༤)

(༤༥༥)མཁའ་འགྲོ་ཡིད་བཞིན་ནོར་བུའི་གཞུང་བཞུགས་སོ། །

(༤༥༦)ཡེ་ཤེས་རྒྱ་མཚོའི་སྤྱོད་ཡུལ་ཡིན་པའི་ཕྱིར་ན། ཡེ་ཤེས་མཁའ་འགྲོ་སྡེ་ལྔ་རང་ཉིད་ལ་རང་རིག་པ་སྟེ། སྐད་ཅིག་ཙམ་གྱིས་ཡེ་ཤེས་མཁའ་འགྲོ་འཇིག་རྟེན་མཁའ་འགྲོའི་བྱེ་བྲག་ཕྱེད་པའི་ཕྱིར་ན། ནང་འཛིན་པའི་སེམས། ཕྱི་གཟུང་བའི་ཡུལ། དཔའ་བོ་སྡེ་ལྔ་མཁའ་འགྲོ་སྡེ་ལྔར་རྒྱས་ཤིང་། རྣམ་རྟོག་གྲངས་ཅན་དང་གྲངས་མེད་རྣམས་རང་བྱུང་ཡེ་ཤེས་རྒྱ་མཚོར་ཀུན་མཁྱེན་ཀུན་རིག་པའི་ཕྱིར་ན། གཟུང་འཛིན་རྣམ་རྟོག་གསུམ་རིག་ཅིང་རྟོགས་པ་ནི། གདོད་ནས་སྐུ་གསུམ་ལྷུན་གྱིས་གྲུབ་པའི་མཁའ་འགྲོ་སྡེ་ལྔ། གཤིས་ལྔ་རིག་པ་ཡེ་ཤེས་ལྔ། མཁའ་འགྲོ་སྡེ་ལྔ། གཞན་ན་མེད་ཅིང་རང་ལ་རྫོགས་པ་ཡི། ངོ་སྤྲོད་བྱིན་བརླབས་ཁྱད་པར་འཕགས་པའོ། །དེ་

(༤༥༧)ལ་ཐོག་མར་སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་ཤིང་། རྒྱུད་ལུང་མན་ངག་དང་འབྲེལ་ཞིང་། བླ་མ་བརྒྱུད་པ་དཔའ་བོ་མཁའ་འགྲོ་རྒྱ་མཚོས་བྱིན་གྱིས་བརླབས་ཤིང་། ཡོན་ཏན་དངོས་གྲུབ་ཕྲིན་ལས་སངས་རྒྱས་དང་མཉམ་ཞིང་། གྲུབ་རྟགས་རྣམ་འཕྲུལ་ཕྱོགས་མེད་མཁའ་ལ་ཆར་རྒྱུན་འབབ་པའི་དཔེ་དང་མཐུན་པ་རྒྱུན་མ་ཆད་པའོ། དེ་ལ་གསང་སྔགས་རྙིང་མའི་སྐད་དུ། གསང་བ་མཆོག་གི་ཀུན་དགའ་རྒྱལ་པོ་ཞེས་ཀྱང་བྱ། མན་ངག་ཟབ་མོ་གསར་མའི་རྒྱུད་ཀྱི་སྐད་དུ། གསང་བ་མཆོག་གི་དགྱེས་པ་ན། ཐམས་ཅད་བདག་ཉིད་རྟགས་སུ་བཞུགས་ཤེས་གསུངས་པ་གཉིས། ཚིག་ལ་ཐ་དད་ཡོད་ན་ཡང་། དོན་ངོ་བོ་གཅིག་པས་ཏེ། གནས་ལུགས་ཞེས་ཀྱང་བྱ། ཀུན་གཞིར་མིང་འདོགས་པ་འདི་གཉིས་ལ་ཐ་དད་ཡོད་ན་ཡང་། དོན་ལ་གཅིག་ཡིན་པའི་ཕྱིར་ན་གནས་ལུགས་རང་སར་རང་རིག་པའི་ཀུན་ཏུ་བཟང་པོ་ཡབ་ཡུམ་ཞེས་ཀྱང་བྱ། རྡོ་རྗེ་ཡིད་དང་རྡོ་རྗེ་ཆོས་སུ་མིང་འདོགས་ཀྱང་། ཚིག་ལ་བྱེ་བྲག་ཡོད་ཀྱང་། དོན་གཅིག་ཏུ་རྣམ་པར་འཕྲུལ་པའི་སྒྲུབ་པ་བཀའ་བརྒྱད། རྒྱུད་སྡེ་བཅོ་བརྒྱད་ཀྱི་འབྲེལ་ཚུལ་དུ་བྱིན་གྱིས་བརླབས་ཤིང་། རིགས་ལྔ་ཡབ་ཡུམ་བཅུ་གཉིས་དང་སྲས་མོའི་ཚུལ་དུ་རྣམ་པར་འཕྲུལ་པ་ཡང་། དཔའ་བོ་སྡེ་ལྔ། མཁའ་འགྲོ་སྡེ་ལྔར་འདུས་པ་

(༤༥༨)པ་ནི། སངས་རྒྱས་སེམས་ཅན་གཅིག་ཏུ་འདུས་ཤིང་། རྒྱུད་དང་རྒྱུད་ཀྱི་འབྲེལ་པ་རྒྱུན་མ་ཆད་པའི་ཕྱིར་ན། རྒྱུད་དང་ཆེན་པོ་ཞེས་མིང་འདོགས་པའོ། །རིགས་ལྔ་ཡབ་ཡུམ་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་གཅིག་ཏུ་འདུས་པ་ནི། རིགས་ལྔ་ལ་ནི་ཀུན་སྤྱོད་པའོ། །རིགས་གཅིག་ཏུ་ནི་རྣམ་པར་བརྟགས་གསུངས་པའི་ཕྱིར་ན། རྡོ་རྗེ་འཆང་ཡབ་ཡུམ་འདུས་ཤིང་། སྲས་དང་སྲས་མོའི་ཚུལ་དུ་འདུས། དཔའ་བོ་སྡེ་ལྔ་མཁའ་འགྲོ་མ་སྡེ་ལྔར་རྣམ་པར་འཕྲུལ་ཞིང་། སྤྲུལ་པའི་སྐུ་དང་། རང་རྒྱུད་པའི་རྣལ་འབྱོར་དང་། རྣལ་འབྱོར་མའི་ཚོགས་ཆོས་ཀྱི་དབྱིངས་རབ་འབྱམས་དང་མཉམ་ཞིང་། གད་པའི་འཁོར་གྱིས་བསྐོར་བ་ནི། འཁོར་ཕུན་སུམ་ཚོགས་པ་སྟེ། གདུགས་དཀར་གྱི་ནང་ནས་སངས་རྒྱས་རྣལ་འབྱོར་དུ་བྱའོ་གསུངས་པ་དང་། ཨུཥྞིཥའི་རྒྱུད་ལས། ཚེ་འདི་བསྒྲུབ་པའི་གང་ཟག་ལ། རྣལ་འབྱོར་ཆེན་པོ་བརྒྱད་དུ་སྤྲུལ། གསུངས་པ་ཡང་། རྣལ་འབྱོར་སྒྲུབ་ཆེན་བརྒྱད། རྡོ་རྗེ་འཆང་གི་རྣམ་པར་ཤེས་པའི་ཚོགས་བརྒྱད་ལས། སྤྲུལ་ཞིང་གྲུབ་པ་ཐོབ་ཚུལ་བསྟན་པ་སྟེ། དེའི་ཕྱིར་ན། དཔའ་བོ་མཁའ་འགྲོ་བྱས་ཀྱང་། རྣལ་འབྱོར་དང་རྣལ་འབྱོར་མའི་ཆ་བྱད་དང་ལྡན་པའི་ཆོས་རྣམས་ལ། ཐིག་ལེ་ཉི་ཤུ་རྩ་ལྔའི་མན་ངག་དང་ཟབ་མོའི་རྒྱུད། གསང་བ་བཞི་བཅུའི་མན་ངག་ཟབ་མོའི་རྒྱུད། དཔལ་རྡོ་རྗེ་འཆང་གིས་རང་གི་རང་ཉིད་ལ་འཕྲུལ་ཞིང་། རང་གིས་རང་ཉིད་ལ་གསུངས་ཤིང་། བྱིན་གྱིས་རློབ་ཚུལ་སྟོན་པའི་གྲངས་མེད་པའི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེའི་བྱེ་བྲག་གསུངས་ན་ཡང་། དོན་འདོར་བསྡུས་ན། རིགས་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་བཞི་གདོད་མ་ནས་ཡིན་ཅིང་། རང་རང་གི་གཤིས་ལྔ་

(༤༥༩)མ་རིག་ན་ནི། རིགས་དྲུག་གི་ལུས་ངག་ཡིད་གསུམ་སྣང་བ་གཞིར་འདི་འཁྲུལ་ཚུལ་བསྟན་པ་དང་། གང་དང་གང་གིས་རང་གི་གཤིས་ལྔ་རིག་པ་ནི། སངས་རྒྱས་སྐུ་བཞི་གདོད་ནས་ཡིན་ཅིང་། རང་སར་རང་ངོ་འཕྲོད་པའི་ཕྱིར་ན། རིག་མ་རིག་གཉིས་སངས་རྒྱས་སེམས་ཅན་དུ་ས་མཚམས་འབྱེད་པ་སྟེ། ཚིག་བཞི་པའམ་བརྒྱད་དུ་འདུས་པའོ། །དེ་ནི་མན་ངག་ཟབ་མོའི་རྒྱུད་དང་། རྒྱུད་ཀྱི་འབྲེལ་པ་བར་མ་ཆད་པའི་ཕྱིར་ན། གང་ཟག་དང་སེམས་ཅན་སྤྱི་ཁྱབ་ཀྱི། རྡོ་རྗེ་རིགས་ཀྱི་གནས་ལུགས་ལྔ། རིག་པ་རྣམས་ནི་སྐུ་ལྔ། ཡོངས་སུ་རྫོགས་པའི་སངས་རྒྱས་རང་ཉིད་ལ་རྡེག་པ་དང་། གང་དང་གང་གིས་རྡོ་རྗེའི་རིགས་ཀྱི་གནས་ལུགས་ལྔ་མ་རིག་ན་ནི། དུག་ལྔ་ཡོངས་སུ་རྫོགས་པ་ཡི། འགྲོ་བ་རིགས་ལྔས་བཏགས་པའི་ཕྱིར་ན། རྒྱུད་མང་ན་ཡང་རིག་པ་རྣམས་སངས་རྒྱས། དཔའ་བོ་མཁའ་འགྲོ་སྡེ་ལྔར་བཏགས་པ་དང་། མ་རིག་ན་ནི། སེམས་ཅན་འཕྲོ་བ་རིགས་ལྔར་བཏགས་པ་ནི། previous hit དགོངས next hit་དང་previous hit དགོངས་གཞི་གཉིས་གཉིས་སུ་འདུས་ next hit་ཡིན་པ། ཀུན་གྱིས་མཁྱེན་པར་མཛོད། དེའི་ཕྱིར་ན། བླ་མ་བརྒྱུད་པར་འབྲེལ་ཞིང་། གྲུབ་རྟགས་ཡོན་ཏན་སངས་རྒྱས་དང་མཉམ་ཞིང་། སངས་རྒྱས་ཉིད་ལས་སངས་རྒྱས་ཉིད་དུ་རྣམ་པར་འཕྲུལ་ཞིང་། དཔའ་བོ་མཁའ་འགྲོ་ཞེས་ཀྱང་བྱ། རྣལ་འབྱོར་དང་རྣལ་འབྱོར་མའི་ཚུལ་དུ། དངོས་གྲུབ་ཐོབ་ཚུལ་བསྟན་པ་ནི། གདུལ་བྱ་རབ་འབྲིང་ཐ་རྣམས་སྐད་ཅིག་ཙམ་གྱིས། སྨིན་ཅིང་གྲོལ་བར་མཛད་པའི་བླ་མ་བརྒྱུད་པ་དུས་གསུམ་དུ་གཤེགས་པ་དང་། བྱོན་པ་དང་། བཞུགས་པའི་ཚུལ་བསྟན་པ། གནམ་གྱི་སྐར་མ་ཙམ་དུ་རྒྱུན་ཆད་མེད་པར་འབྱོན་པར་འགྱུར་པ་

(༤༦༠)རྣམས་ཀྱང་དཔའ་བོ་སྡེ་ལྔ་དང་། མཁའ་འགྲོ་སྡེ་ལྔའི་རྣམ་པར་འཕྲུལ་པ་རྒྱུན་ཆད་མེད་པར་བྱོན་ཞིང་། བྱིན་གྱིས་བརླབས་པ་ཙམ་གྱིས་གནས་ལུགས་ཀྱི་དོན་ལ་མ་བཅོས་གཉུག་མར་སྣལ་ཅིང་གདུལ་བྱ་རྣམས་ལ་སྐུ་བཞི་རང་ཉིད་ལ་འབྱོར་ཞིང་། ངོ་སྤྲོད་པར་ནུས་པའི་རྣལ་འབྱོར་དབང་ཕྱུག་བླ་ན་མེད་པའི་བླ་མ་བརྒྱུད་པ་རྣམས་ནི་འདི་ལྟར་ཏེ། རྡོ་རྗེ་འཆང་གི་གསུང་ལས་ཀྱང་། རྫོགས་པའི་སངས་རྒྱས་སྔར་ཡང་བྱོན། རྫོགས་པའི་སངས་རྒྱས་ད་ལྟར་བཞུགས། རྫོགས་པའི་སངས་རྒྱས་ཕྱིས་ཀྱང་བྱོན། རྒྱུན་ཆད་མེད་པར་ཆུ་རྒྱུན་ལྟར། ཐམས་ཅད་ང་ཡི་རྣམས་འཕྲུལ་ཏེ། །ངས་ནི་རྩེད་མོ་བྱས་པ་ལ། །བྱིས་པ་རྣམས་ནི་ཨ་ཐང་ཆད། ཐེག་གསུམ་ཐེག་དྲུག་འབྲས་བུའི་བྱེ་བྲག་ལ། །སངས་རྒྱས་ཡིན་ཀྱང་བླ་མེད་རྣལ་འབྱོར་མིན་གསུངས་པའི་ཕྱིར་ན། །དཔའ་བོ་ལྔ་དང་མཁའ་འགྲོ་ལྔ། རྣལ་འབྱོར་ཕོ་མོའི་ཚོགས་དང་ཐ་དད་མེད། གསུངས་པ་རྣམས་ཀྱང་། བཀའ་རྒྱུད་པའི་རྣལ་འབྱོར་གྲངས་ཅན་དང་གྲངས་མེད་བྱོན་པ་རྣམས། མཁའ་འགྲོ་སྡེ་ལྔའི་རྣམ་འཕྲུལ་ཏེ། གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་ལྔ་དང་། བརྒྱད་བཅུ་རྩ་བཞིའི་རྣལ་འབྱོར་དབང་ཕྱུག་རྣམས། །དཔའ་བོ་སྡེ་ལྔ་མཁའ་འགྲོ་སྡེ་ལྔ་ཡི། རྣམ་པར་འཕྲུལ་ཞིང་བྱིན་གྱིས་བརླབས་པ་སྟེ། སྙན་རྒྱུད་ཡིད་བཞིན་ནོར་བུ་དང་། དངོས་གྲུབ་སྣ་ཚོགས་དཔའ་བོ་མཁའ་འགྲོའི་ཚོགས་ལ་ཡོད་གསུངས་པའི་ཕྱིར་ན། འཛམ་གླིང་སྤྱོད་ཡུལ་དུ་ཡང་། རྒྱུད་ལུང་མན་ངག་སྣ་ཚོགས་ལ་སྒྲུབ་པ་བརྙེས་ཚུལ་བསྟན་པ་ཡི། ཞི་ཁྲོ་རབ་འབྱམ་དཔའ་བོ་མཁའ་

(༤༦༡)འགྲོའི་རྣམ་འཕྲུལ་མི་དང་ཆ་ལུགས་མཐུན་པར་ཡང་། རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་དུས་གསུམ་རྒྱུན་ཆད་མེད་པར་བྱོན་གཤེགས་མཛད་པ་ཡང་། རིགས་ལྔ་ཡབ་ཡུམ་བཅུའི་རྣམ་པར་འཕྲུལ། དཔའ་བོ་སྡེ་ལྔའི་རྫུ་འཕྲུལ་ཆོ་འཕྲུལ། དངོས་སུ་རྣམ་འཕྲུལ་རྒྱུན་ཆད་མེད་པར་གསུངས་པ་ཡིན། རྒྱུད་པ་འདིའི་དབང་དུ་བགྱིས་ན་ཡང་། འཁོར་ལོ་བདེ་མཆོག་ཏཻ་ལོ་པ། ཞི་ཁྲོ་རབ་འབྱམ་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱང་། རྣལ་འབྱོར་དབང་ཕྱུག་ཏཻ་ལོ་པ་ཡི་སྐུ་གསུང་ཐུགས་ལ་རྣམ་པར་འཕྲུལ། དེ་ཡང་མཁའ་འགྲོ་རྒྱ་མཚོའི་རྣམ་འཕྲུལ་ཡིན། ནཱ་རོ་མཻ་ཏྲི་ཐར་ལམ་གསུམ་རྒྱ་གར་རྣལ་འབྱོར་གྲུབ་ཐོབ་བརྒྱུད་པའི་བླ་མ་ཡང་། ཡི་གེ་བཞི་དང་མཁའ་འགྲོ་བཞི། ཨེ་བམ་མཱ་ཡ་བཞི་ལ་འཕྲོས་པ་ཡིས། ཨ་ལི་ཀ་ལི་མཉམ་སྦྱོར་ཅིང་། ཡི་གེ་འཁོར་ལོ་རྫོགས་ཆེན་པར། མི་བརྗེད་གཟུངས་ཐོབ་ནཱ་རོ་པ། ཡི་གེ་བཞི་པོ་ཆོས་རྣམས་ཀྱི་རྩ་བ་སྟེ། མཁའ་འགྲོའི་བརྡ་སྐད་མི་ཟད་རྒྱན་གྱི་འཁོར་ལོ་ལ། དབང་བསྒྱུར་བདེ་གཤེགས་བཀའ་ལས་ལུང་ཆེན་ཐོབ་རྣལ་འབྱོར་དབང་ཕྱུག་པན་ཆེན་ནཱ་རོ་པ། མཁའ་འགྲོའི་རྣམ་འཕྲུལ་ཡི་གེ་ལྔ། །ཡི་གེ་དངོས་གྲུབ་མངའ་བརྙེས་པའོ། །གཞན་ཡང་རྒྱ་གར་ཤར་ནུབ་ཆུ་བཞི་ན། །སངས་རྒྱས་པ་ཡི་བསྟན་པ་ལ་ཞུགས་ཤིང་། །གྲུབ་མཐའ་རང་བློས་བསྒྱུར་བ་མང་ན་ཡང་། །གནས་ལུགས་གཤིས་ལྔ་མ་རིག་ཅིང་། །མ་གཏོགས་ནས་བཤད་པ་ཁ་མཚར། །ཐ་སྙད་ཚིག་ལ་གཙོ་བོར་བྱེད་ཅིང་། པཎྜི་ཏ་མིང་ཐོགས་པ་མང་ན་ཡང་། །རང་གིས་དེ་ཉིད་རྟོགས་པ་གཅིག་ཀྱང་མེད་པ་དང་། མ་རིག་པའི་དབང་གིས། དམིགས་པ་སྣ་ཚོགས་ཡིད་བྱེད་ཡིད་སྨོན། སྒོམ་པ་ཁ་འཁྱིལ་ལ། ཐུན་མོང་གི་ཡོན་ཏན་ཆ་རེ་ཆ་རེ་ཡོད་ན་ཡང་།

(༤༦༢)རྣམ་པར་རྟོག་པ་རབ་འབྲིང་ཐ་མ་ལ་མཐུ་བལྟས་པ་ཙམ་ཡིན་པ་མ་གཏོགས། རང་གིས་རང་གི་སེམས་ཉིད་ངོ་ཤེས་ཤིང་རྟོགས་པ་གཅིག་ཀྱང་མེད་པའི་ཕྱིར་ན། ཡིད་ལ་བྱེད་པ་ལྟུང་བ་འབྱུང་བའི་རྒྱུར་གསུངས་པའི་དོན་ཏེ། མ་རིག་པ་བསྒོམ་པ་ཁ་འཁྱིལ་བ་རྣམས། འགྲོ་བ་རིགས་དྲུག་མིན་ལྟུང་བ་མེད་པ་ཀུན་གྱིས་མཁྱེན་པར་མཛོད། དེའི་ཕྱིར་རྒྱ་གར་ཡུལ་གྱིས་ཆ་ན། །བཤད་དང་སྒོམ་པ་མང་ན་ཡང་། །སྐུ་བཞིའི་སངས་རྒྱས་རང་ལ་རྫོགས་པར་མཛོད། རྒྱ་གར་པུཥྤ་ཧ་རིའི་དགོན་པ་ན། ཏཻ་ལོ་པས་ནཱ་རོ་པ་ལ་previous hit དགོངས next hit་ལུང་བསྟན་པ། །ཁ་བ་ཅན་གྱི་བྱང་ཕྱོགས་ན། མར་པ་བྷུ་ཏི་མ་རིག་པ་ཅེས་བྱ་བ་འོང་གི་དེའི་མ་རིག་རབ་རིབ་ལིང་ཐོག་སོལ་གསུངས་པ་སྟེ། མར་པ་ལོ་ཙ་དཔའ་བོ་བློ་གྲོས་རིན་ཆེན་ཡིན་ཞིང་། རྡོ་རྗེ་འཆང་གི་རྣམ་པར་འཕྲུལ་པ། །བོད་ཀྱི་གདུལ་བྱ་རྣམས་ལྷན་ཅིག །སྐྱེས་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་སྐུ་བཞི་ངོ་སྤྲོད། སྐད་ཅིག་ཙམ་གྱིས་མ་རིག་པ། རིག་པ་ཡེ་ཤེས་སུ་ངོ་ཕྲོད་ཅི། བྱིན་གྱིས་བརླབས་པའི་དོན་དུ། །སྔགས་པ་རྣལ་འབྱོར་པའི་ཆ་ལུགས་བྱོན་ཅིང་། དུས་གསུམ་གྱི་བོད་ཀྱི་གདུལ་བྱ་ཐམས་ཅད་སྐུ་ལྔའི་སངས་རྒྱས་རང་ལ་རྫོགས་པ་ཡང་། གཤིས་ལྔ་རྟོགས་ཤིང་། ཡེ་ཤེས་ལྔ་དཔའ་བོ་སྡེ་ལྔ་དང་། མཁའ་འགྲོ་སྡེ་ལྔ་ཐ་དད་མེད་ཅིང་། རྡོ་རྗེ་འཆང་ཆེན་མི་གཟུགས་ཅན་དུ་བྱོན་ཞིང་བཞུགས་ནས། བོད་ཁམས་ཀྱི་ཕྱི་སྣོད་ནང་བཅུད་རྣམས་གཉིས་སུ་མེད་པར་ཡེ་ཤེས་ངོ་སྤྲོད་བྱིན་གྱིས་བརླབས་ཤིང་། རྗེ་བཙུན་མི་ལ་རས་པ། འཇམ་དཔལ་བཤེས་གཉེན་གྱི་རྣམ་པར་འཕྲུལ་པ། རྣལ་འབྱོར་པའི་

(༤༦༣)ཚུལ་དུ་བྱོན་ཞིང་། གནས་ལུགས་གཤིས་ལྔ་དུག་ལྔར་འཁྲུལ་པ་ཡེ་ཤེས་ལྔར་རིག་ཅིང་། ཡེ་ཤེས་ལྔ་མཁའ་འགྲོ་ལྔ། དཔའ་བོ་སྡེ་ལྔ་རང་ཉིད་ལ། རིག་ཅིང་རྟོགས་ནས་རྩལ་རྫོགས་པ་ཡིས། ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱིས། དཔའ་བོ་མཁའ་འགྲོའི་ཚོགས་ལ་མངའ་བརྙེས་ཤིང་དབང་བསྐུར་པའི་ཕྱིར་ན། རྣལ་འབྱོར་དབང་ཕྱུག་མི་ལ་རས་པ་ཡི། དུས་གསུམ་དུས་མིན་གདུལ་བྱ་རྣམས་ཀྱི། ལུས་ངག་ཡིད་གསུམ་སྣང་བ་དང་བཞི། སྐུ་བཞི་འདུ་འབྲལ་མེད་པར་བྱིན་གྱིས་བརླབས་པའི་ཕྱིར་ན། རི་ཁྲོད་དགོན་པར་རྒྱུན་ཆད་མེད་པར་རླུང་སེམས་གཉིས་ལ་རྩལ་སྦྱངས་ཤིང་། དུས་གསུམ་བྱིན་གྱིས་བརླབས་པའོ། །དགས་པོ་ལྷ་རྗེ་མཚན་མཆོག་ཡོངས་སུ་གྲགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཟླ་ལོ་གཞོན་ནུར་ལུང་བསྟན་ནས། སྙིགས་མའི་དུས་སུ། མ་རིག་པའི་གདུལ་བྱ་རྣམས་ལྷན་ཅིག་སྐྱེས་པའི་མ་རིག་པ་རྣམས་གཉིས་སུ་མེད་པའི་ཡེ་ཤེས་རང་བྱུང་ཕྱག་རྒྱ་ཆེན་པོར་ངོ་སྤྲོད་ཅིང་། ཅེས་ལུང་བསྟན་པ་ལགས་ཤིང་། བྱིན་གྱིས་བརླབས་པ་ལས་གནས་ལུགས་སྣང་སེམས་གཉིས་ཀྱི་ཆ་རེ་ཙམ་རྟོགས་པའི་གྲུབ་ཐོབ་སྒོམ་ཆེན་པ་མང་ན་ཡང་། རྗེ་དུས་གསུམ་མཁྱེན་པ། སངས་རྒྱས་སེང་གེ་སྒྲའི་རྣམ་འཕྲུལ། སྒོམ་ཆེན་རྣལ་འབྱོར་པའི་ཆ་ལུགས་སུ་བསམ་བཞིན་དུ་སྲིད་པ་ཉེ་བར་བླངས་པའི་ཕྱིར་ན། རྫོགས་པའི་སངས་རྒྱས་སྔར་ཡང་སངས་རྒྱས། སྤྲུལ་པ་པོ་གཅིག་འདིར་སངས་རྒྱས་གསུངས་པའི་ཚུལ་དུ། གནས་ལུགས་གཤིས་ལྔ། ཡེ་ཤེས་ལྔར་རྟོགས་ཤིང་། གཤིས་ལྔ་དཔའ་བོ་

(༤༦༤)སྡེ་ལྔ། མཁའ་འགྲོ་སྡེ་ལྔ། རྡོ་རྗེ་རིགས་ཀྱི་གནས་ལུགས་སུ། ལུགས་ལྔ་སྐུ་ཡོངས་སུ་རྫོགས་པའི་རྣལ་འབྱོར་བླ་ན་མེད་པར་རྩལ་རྫོགས་ཚུལ་བསྟན་ཅིང་། ཁམས་གསུམ་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབས་པའོ། །རྗེ་དུས་གསུམ་མཁྱེན་པ་ལ། བུ་སློབ་ཟག་བཅས་ཟག་མེད་ཟུང་འཇུག་རྟོགས་པ་ཙམ་གྲངས་མཐའ་ཡས་ན་ཡང་། བཀའ་རྒྱུད་ཀྱི་རྒྱལ་ས་ཟིན་ཞིང་སྨིན་གྲོལ་དབང་གི་རྒྱལ་མཚན་འཕྱར་བར་སྨོན་ལམ་བཏབ་ཅིང་། ཕྲིན་ལས་རྣམ་པ་བཞི་ལ་ཕྱོགས་མེད་དུ་ཧེ་རུ་ཀའི་སྟོབས་དང་ལྡན་པས་ཐམས་ཅད་ཟིལ་གྱིས་མནན་ཞིང་། བྱིན་གྱིས་བརླབས་པའི་ཕྱིར་ན། རྗེ་འགྲོ་བའི་མགོན་པོ་རས་ཆེན་པ། བུ་སློབ་མང་ན་ཡང་། གཤིས་ལྔ་མ་རིག་པ་ཆོས་ཀྱི་དབྱིངས་རབ་འབྱམས། རང་བྱུང་ཡེ་ཤེས་སུ་རྟོགས་ཤིང་རྩལ་རྫོགས་པ་སངས་རྒྱས་སྤྲུལ་པ་སངས་རྒྱས་མཛད་པ། གྲུབ་པའི་ཚུལ་བཞིན་དུ། རྡོ་རྗེ་འཆང་མན་ཆོད་བླ་མ་བརྒྱུད་པ་ཐམས་ཅད་ཀྱི་previous hit དགོངས next hit་སྐུ་བཞི་ངོ་སྤྲོད་དུ་རྫོགས་ཤིང་། ལྷན་ཅིག་སྐྱེས་པ་ཕྱག་རྒྱ་ཆེན་པོའི་ཉི་མ་ཕྱོགས་མེད་དུ་ཤར་བའི་དཔེ་འདྲ་ཞིང་། རང་བྱུང་ཡེ་ཤེས་ཀྱི་བརྒྱུད་པ་ཆུ་བོའི་རྒྱུན་བཞིན་ནམ། མར་མེ་གཅིག་གིས་གཅིག་བལྟམས་ཀྱི་དཔེ་བཞིན་དུ། རིན་པོ་ཆེ་སྤོམ་བྲག་པར་མཚན་གསོལ་བ་ཡང་། སྐུ་གསུམ་ལྷུན་གྱིས་གྲུབ་པ། སྐུ་བཞི་འདུ་འབྲལ་མེད། སྐུ་ལྔ་སངས་རྒྱས་རང་ལ་རྫོགས་པའི་དོན་ཡང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་། ཇི་ལྟར་ཆུ་ལ་ཆུ་གཞག་དང་། ཇི་ལྟར་མར་ལ་མར་གཞག་པ་བཞིན། རང་གིས་རང་རིག་ཡེ་ཤེས་ནི་ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན་

(༤༦༥)གསུངས་པ་བཞིན་དུ། ཆོས་དབྱིངས་རབ་འབྱམས་བླ་མ་བརྒྱུད་པ་ཐམས་ཅད་གཅིག་ཏུ་འདུས་ཤིང་རྫོགས་པ། དཔེར་ན་ཆུ་ཐམས་ཅད་རྒྱ་མཚོར་འདུ་བ་བཞིན་དུ། རྩ་བ་རྒྱུད་པར་སངས་རྒྱས་སེམས་ཅན་གང་གིས་ཀྱང་བྱེ་བྲག་མེད་ཅིང་། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཡེ་ཤེས་ལྷུན་གྱིས་གྲུབ་པ། སྤོམ་བྲག་པ་ཞེས་བྱ་བ་ཙམ་དུ་ཐ་སྙད་འདོགས་པའོ། །རྩ་བ་རྒྱུད་པའི་བླ་མ་དེ་རྣམས་ཀྱང་སོ་སོ་མ་ཡིན་ཐ་མི་དད་ཅིང་། བླ་མ་བླ་མེད་རིན་པོ་ཆེ། རྒྱལ་བ་སྲས་བཅུས་བཅུད་འདུས་པ་ཡིན་པའི་ཕྱིར། རྟོགས་པ་རབ་འབྱམ་རང་བྱུང་རྡོ་རྗེ་ཡང་། །གྲངས་མེད་བསྐལ་པའི་སྔོན་རོལ་ནས། །མ་རིག་རང་གི་ཀུན་མཁྱེན་ཀུན་རིག་རང་བྱུང་ཡེ་ཤེས་རྫོགས། །སྤྲུལ་སྐུ་བདུན་གྱི་བསྟན་པ་ལས། དཔེར་ན་ཆུ་ལ་མེ་ལོང་གཟུགས་བརྙན་བཞིན། །གདུལ་བྱ་རྣམས་ཀྱི་སྣང་བ་ལ། སྣ་ཚོགས་གཟུགས་སུ་རྣམ་འཕྲུལ་ཞིང་། །སྐད་ཅིག་ཙམ་གྱིས་སྨིན་གྲོལ་མཛད། །ཁ་བ་ཅན་ལྗོངས་བྱང་ཕྱོགས་འདིར། །ད་ལྟར་སྐྱེ་ཞིང་གནས་ཚུལ་བསྟན་པ་ཡང་། །མ་རིག་འཁྲུལ་པའི་དབང་གིས་སྐྱེས་པ་མིན། །འཛམ་གླིང་རྒྱལ་པོ་མན་ཆོད་དང་། །གདུལ་བྱ་རབ་འབྲིང་ཐ་མ་རྣམས། །རབ་རིབ་མ་རིག་འཁྲུལ་པའི་ལིང་ཐོག་རྣམས། །འཁྲུལ་ཚོགས་ཡེ་ཤེས་སྤྱན་ལྡན་ཞིང་། །སངས་རྒྱས་བསྟན་པའི་ཆེ་བ་འདོན། །དོན་དམ་ཀུན་རྫོབ་གཉིས་མེད་པ། །ཡི་གེ་ལྔ་དང་མཁའ་འགྲོ་སྡེ་ལྔའི་ཚོགས། །ཕྱི་མའི་མུ་མཐར་ཐུག་གི་བར། །སྐུ་བཞིའི་ཕྲིན་ལས་རྒྱུན་མི་ཆད། རང་བྱུང་དཔའ་བོ་མཁའ་འགྲོ་སྡེ་ལྔ། །རང་བྱུང་རྡོ་རྗེ་ཐ་དད་མེད། །རྨོངས་པ་རྣམས་ཀྱིས་མི་ཤེས་སོ། རིགས་ལྔ་སྤྲུལ་

(༤༦༦)པ་བྲམ་ཟེ་ལྔ། །བྲམ་ཟེ་སྤུན་ལྔའི་ཐ་ཆུང་ས་ར་ཧ། །མཁའ་འགྲོ་སྡེ་ལྔས་བྱིན་བརླབས། ཅིག་ཅར་རྟོགས། དེའི་རྣམ་འཕྲུལ་བོད་ལ་བྱོན། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་དང་ངོ་བོ་གཅིག །གཤིས་ལྔ་རང་བྱུང་ཡེ་ཤེས་ལྔ། །ཡི་གེ་ལྔ་དང་མཁའ་འགྲོ་ལྔར། །རིག་ཅིང་རྩལ་ཆེན་རྫོགས་པའི་ཕྱིར། །དུས་གསུམ་བྱིན་བརླབས་དམ་ཆོས་ནུབ་མི་འགྱུར། །ཞི་ཁྲོ་རབ་འབྱམ་ཚོགས་དང་ཐ་དད་མེད། །ཡི་གེ་ལྔ་དང་དཔའ་བོ་མཁའ་འགྲོ་ལྔ། །མཐུ་རྩལ་རྨད་དུ་བྱུང་བ་ཡིས། །ཚེ་འདིའི་བསྒྲུབ་པ་མངོན་བྱས་ཤིང་། དུས་གསུམ་དུས་མེད་ཐམས་ཅད་དུ། འཇིག་རྟེན་ཁམས་ཀྱི་གདུག་པ་ཅན་རྣམས་འདུལ་ཚུལ་བསྟན་པ། རྒྱ་གར་གྲུབ་ཐོབ་དེ་ཉིད་དང་། རང་བྱུང་ཐ་དད་མེད། མཁའ་འགྲོའི་བྱིན་བརླབས་བསམ་མི་ཁྱབ། དུས་ངན་སྐྱེ་བོས་དེ་མི་ཤེས། དེ་ཡན་ཆད་དུ་སྟེ། བླ་མའི་དཀྱིལ་འཁོར་བྱས་ཀྱང་། །སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ། །གྲུབ་ཐོབ་བརྒྱུད་པའི་བླ་མ་དང་། རང་བྱུང་དཔའ་བོ་ལྔ་དང་། དཔའ་མོ་ལྔས་མ་ཁྱབ་པ་ནི་སྤུ་ཙམ་མེད་པའི་ཕྱིར་ན། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའི་བླ་མ་ལ། དད་དང་མོས་གུས་ལྷན་སྐྱེས་བདེ་བ་ཆེན་པོ་མ་ཡེངས་རྒྱུན་ཆད་མེད་པར་གསོལ་བ་གདབ་ན་གསོལ་བ་འདེབས་པའི་སྔ་ལྟས་སུ། ཕྲིན་ལས་བཞི་དང་། གྲུབ་ཆེན་བརྒྱད། བདེ་བར་གཤེགས་པའི་བཀའ་ལུང་ཆེན་ཐོབ་ཅིང་སྨིན་གྲོལ་དབང་གི་རྒྱལ་མཚན་འཕྱར་ཞིང་། ཞི་ཁྲོ་རབ་འབྱམ་དང་ཐ་དད་མེད་ཅིང་། ཕྲིན་ལས་མཉམ་པ་ལྟར་འབྱུང་བ་སྟེ། གྲུབ་ཐོབ་བརྒྱུད་པའི་བླ་མ་ལ་གསོལ་བ། ཐེབས་ཤིང་། སྐུ་བཞི་སྐུ་ལྔ་

(༤༦༧)རང་ཉིད་ལ་རྫོགས་པའི་རྟགས་མངོན་སུམ་ཚང་མ་ཡིན། འཛམ་བུ་གླིང་གི་མི་རྣམས་རང་གི་ཀུན་གཞི་མ་རིག་ཅིང་། ཀུན་གཞི་འབྱུང་བའི་ཆོས་ཅན་ལས། མ་རིག་འཁྲུལ་པའི་འཁོར་ལོ་བསྐོར་ཞིང་། སྒོམ་པ་ཁ་འཁྱིལ། བཤད་པ་ལ་འཕྱར། བསྐལ་པ་གྲངས་མེད་བརྒྱ་འམ། སྟོང་གི་བར་དུ་རྒྱུན་ཆད་མེད་པར་བཤད་སྒོམ་བྱས་ན་ཡང་། རིགས་དྲུག་གི་སྐྱེ་གནས་སུ་ལྷུང་བ་མ་གཏོགས་པ། སངས་རྒྱས་པའི་དུས་མཐའ་མེད་པའི་ཕྱིར་ན། ངལ་བ་དོན་མེད་སྡུག་བསྔལ་སྣ་ཚོགས་ཀྱི་རྒྱུ་ཡིན་པ་སྟེ། མ་རིག་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད། གསུངས་པ་ཡང་། རིག་མ་རིག་པ་གཉིས་ཀྱི་མཚམས་འབྱེད་པ་སྡེ་previous hit དགོངས next hit་སྟེ། རང་གིས་རང་རིག་པའི་ཡེ་ཤེས་ནི་ཉི་མ་ཤར་པའི་དཔེ་དང་འདྲ་ཞིང་། རང་གིས་རང་གི་གནས་ལུགས་མ་རིག་ཅིང་ངོ་མ་ཤེས་པ་ཡི། ཐོས་བསམ་སྒོམ་གསུམ་ཇི་ལྟར་བྱས་ཀྱང་། མ་རིག་འཁྲུལ་འཁོར་ཡིན་པ་ཁ་འཕྱར་ཁ་འཁྱིལ་ཚོགས་ཀྱིས་མཁྱེན་པར་མཛོད། དེ་ལྟར་མ་རིག་པའི་བླ་མ་སློབ་དཔོན་བརྒྱུད་པ་རྣམས་ཀྱང་། མ་རིག་པ་འཁྲུལ་པ་ཡིན་པས། མངོན་སུམ་ཚད་མ། མ་རིག་འཁྲུལ་རྒྱུད། རིགས་དྲུག་ཏུ་སྐྱེ་བའི་རྒྱུ་ཡིན་པས། ཁྱེད་རྣམས་ཀྱིས་མཁྱེན་མི་མཁྱེན་སུ་ཡིས་ཤེས། དེའི་ཕྱིར་རྨོངས་པ་རྣམས། མགོ་བསྐོར་མ་བྱེད་ཅིག་འདི་ཡན་ཆོད་དུ་ཡེ་ཤེས་དབྱིངས་ཀྱི་བརྒྱུད་པ། མ་རིག་འཁྲུལ་པའི་དཔོན་སློབ་བརྒྱུད་པའི་ས་མཚམས་འབྱེད། འདི་ངོ་སྤྲོད་ཅིང་ས་མཚམས་སོ་སོར་འབྱེད་པ་བསྟན་པ་ཡིན། གསང་སྔགས་རྡོ་རྗེ་ཐེག་པའི་

(༤༦༨)རྒྱུད་ལུང་མན་ངག་གི་previous hit དགོངས next hit་དཀྱིལ་འཁོར་གསུམ་ཡིན་ཏེ། འདི་མན་ཆོད་དུ། ཡི་དམ་ཞི་ཁྲོ་རབ་འབྱམ་མཁའ་འགྲོ་གཤིས་ལྔ། རྟོགས་པ་ཡེ་ཤེས་རང་བྱུང་། ཡི་གེ་ལྔ་དཔའ་བོ་སྡེ་ལྔ། ཞི་ཁྲོ་རབ་འབྱམ་གཉིས་སུ་མེད་ཅིང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་མ་རིག་ན་ནི་ཐམས་ཅད་ལུས་ངག་ཡིད་གསུམ་སྣང་བ་བཞིར་འཁྲུལ་པ་སྟེ། སྐུ་བཞི་ངོ་སྤྲོད་ཀྱི་གནད་ཀྱིས། ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཞི་ཁྲོ་རབ་འབྱམ་དཔའ་བོ་མཁའ་འགྲོ་རང་བྱུང་ཡེ་ཤེས་ཡི་གེ་ལྔ་ལེགས་པར་ངོ་སྤྲོད་ཅིང་དོན་རྟོགས་ནས་དབང་ཕྱུག་ཆེན་པོ་འབྱིན་པ་དང་། རྩལ་ཆེན་རྫོགས་པ་དང་། ལུང་ཆེན་པོ་ཐོབ་པའི་གནད་གདམ་ངག་རྨད་དུ་བྱུང་བའི་བྱིན་བརླབས་ཁྱད་པར་དུ་འཕགས་པའི་རིམ་པ་འདི་ལྟ་སྟེ། ཐོག་མ་ཐ་མ་མེད་པའི་དུས་སུ། ཐམས་ཅད་ཀུན་གཞི་ལ་ཀུན་འཁོད་པའི་དུས་ན། སངས་རྒྱས་སེམས་ཅན་དགེ་བ་སྡིག་པ་གང་དང་གང་ཡང་ཡེ་གདོད་མ་ནས་མ་གྲུབ་ཅིང་། ཐམས་ཅད་ཀྱི་སེམས་ཉིད་ཀྱི་གཤིས་འཕོ་དང་འགྱུར་བ་མེད་པ་ལས། ཀུན་གཞིའི་དབྱིབས་ཀྱིས་ཀུན་ལ་མ་ཁྱབ་པ་མེད་པ། གནས་ལུགས་ཀྱི་རང་བཞིན་འགྲིབ་པ་མེད་པར་གསལ་བ་གནས་ལུགས་ཀྱི་ངོ་བོ་གདོད་མ་ནས། སྟོང་ཞིང་བེམ་པོར་མ་གྱུར་པ་སེམས་བྱུང་རྣལ་འབྱོར་རྟོགས་པ་རང་བྱུང་དུ་སྣ་ཚོགས་འགག་པ་དང་། བསྒྲུབ་པ་མེད། རང་བྱུང་རང་ཡན་དུ་འགྲོ་འོང་མེད་པར་ཀུན་ལ་ཁྱབ་ཅིང་འཇུག་པ་ནི་མཚན་ཉིད་དགག་སྒྲུབ་མེད་པ་སྟེ། དཔེར་ན་སྤྲིན་མེད་ནམ་མཁའ། ཆུ་གཙང་མ་མ་རྟོགས་པར་རང་སར་གནས་པ་བཞིན་དུ། གནས་ལུགས་གཤིས་འགྱུར་བ་མེད་པའི་ངོ་བོ། རང་བཞིན་མཚན་ཉིད་

(༤༦༩)ལྔ། གདོད་མ་ནས་མ་འདྲེས་པ། གནས་ལུགས་ཡང་ཡོངས་སུ་རྫོགས་ཤིང་། རང་བཞིན་ཉིད་ལ་རང་ཐང་གནས་པའི་དུས་སུ་འགྱུར་བ་མེད་པ་ཞེས་ཀྱང་བྱ་སྟེ། སྐྱེ་བ་མེད་ཅིང་འགག་པ་མེད་པའི་རང་བྱུང་ཨ། །ངོ་བོ་རང་བཞིན་མཚན་ཉིད་ལྔའི་ཡི་གེ་ཙམ་དུ། ཀུན་གཞི་རང་སར་རང་གནས་པའི་དུས་སུ། ཀུན་གཞི་ཀུན་འབྱུང་བའི་ཆོས་ལས་ཨ། རང་བྱུང་ཡི་གེ་ལྔར་རིག་ན་ནི། སྐུ་ལྔ་ཡོངས་སུ་རྫོགས་པའི་སངས་རྒྱས་བརྟགས། ཨ་ཀུན་གཞི་ལྔ་མ་རིག་ན་ནི་དུག་ལྔར་འཁྲུལ་གཞི་ལས་སྣ་ཚོགས་སུ་བཏགས་པའི་ཕྱིར་ན། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཁོང་ནས་འབྱུང་བ་སྐྱེ་བ་མེད་གསུངས་པ་ཡང་། ཨ་གཤིས་འགྱུར་བ་མེད་པར་རིག་ན་ནི། སངས་རྒྱས་ཀྱི་ཁོངས་སུ་ཆུད་ལ། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རང་བྱུང་དུ་འབྱུང་བ་སྟེ། གཤིས་འགྱུར་བ་མེད་པའི་རང་འབྱུང་ཨ། མ་རིག་ན་ནི་དུག་ལྔ། ཕུང་པོ་ལྔ་ལ་སོགས་པ། ལྔ་ལྔ་པོ་ཉི་ཤུ་རྩ་ལྔར་འཁྲུལ་ནས། སེམས་ཅན་ཐམས་ཅད་ཀྱི་མ་རིག་འཁྲུལ་འཁོར་དུ་འཁོར་བའི་ཕྱིར་ན། རང་བྱུང་གི་ཨ་ལས་རང་བྱུང་རང་གནས། ཧ་རི་ནི་ས་བཞི་འཕྲོས་ཤིང་། རང་བྱུང་ཡི་གེ། ཨ་དང་ལྔ་ལས། ཀུན་གཞི་རང་བྱུང་རང་གནས། ཨེ་བམ་མ་ཡ་བཞི་རང་གནས་སུ་ཀུན་ལ་ཁྱབ་ཅིང་། རང་བྱུང་ཨེ་བམ་མ་ཡ་བཞི་ལས། རང་བྱུང་ཡི་གེའི་ཚོགས་ཐམས་ཅད་རང་བྱུང་དུ་ཁྱབ་པ་ནི། མེ་ལོང་གཟུགས་བརྙན་བཞིན་དུ་གཅིག་གིས་གཅིག་མི་སྒྲིབ་པར། གནས་ལུགས་ལ་གནས་པ་ནི། གང་དང་གང་གི་གཤིས་འགྱུར་བ་མེད་པའི་

(༤༧༠)དབྱིངས་ངོ་བོ་རང་བཞིན་མཚན་ཉིད་ལྔ། མ་རིག་པ་རང་སར་རང་རིག་པའི་ཡེ་ཤེས་སུ་རིག་ཅིང་རྟོགས་པ་ནི། རང་བྱུང་ཡེ་ཤེས་ཡི་གེ་འཁོར་ལོ་རྫོགས་ཅན། ཆོས་ཀྱི་དབྱིངས་རབ་འབྱམ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་མིང་གཉིས་པ་དོན་གཅིག་པ་ནི། སངས་རྒྱས་རྣམས་ཀྱི་ཐོག་མ་ཞེས་མ་རིག་པའི་གདུལ་བྱ་རྣམས་ཀྱི་འདོགས་ཀྱང་། གནས་ལུགས་ལ་ཐོག་མཐའ་བར་གསུམ་གདོད་ནས་མ་གྲུབ་པའི་ཕྱིར་ན། སངས་རྒྱས་ལ་ཡང་ཐོག་མཐར་དང་ཐ་མ་མེད་པའི་ཕྱིར་ན། དང་པོའི་སངས་རྒྱས་རྒྱུ་མེད་པ། །སངས་རྒྱས་ཐོག་མ་མཐའ་མ་མེད། །གསུངས་previous hit ་ཡང་སྐབས་འདིར་དགོངས next hit་པའོ། །ཀུན་གཞི་གནས་ལུགས་གཉིས། སྒྲ་མི་མཐུན་ཡང་དོན་གཅིག་པའི་ཕྱིར་ན། ཀུན་གཞི་གནས་ལུགས་མ་རིག་པ་ལས། གཤིས་འགྱུར་བ་མེད་པའི་ངོ་བོ་རང་བཞིན་མཚན་ཉིད་ལྔ། ཨ་ལ་སོགས་པ་དང་རང་བྱུང་ཡི་གེ་མ་རིག་ནས། དུག་ལྔ་ཡུལ་ཅན་དུ་འཁྲུལ་ཞིང་། དུག་ལྔའི་རྟོག་པ་བརྒྱད་ཁྲི་བཞི་སྟོང་དུ་རང་བཞིན་ཉིད་ལས་རང་ཐང་འཁྲུལ་བ་ནི། མི་ལ་སོགས་པའི་སེམས་ཅན་གཅིག་ལ་ཡང་ཡོད་ཅིང་། སེམས་ཅན་ཐམས་ཅད་ལ་ཡང་མ་ཁྱབ་པ་མེད་པ་སྟེ། རྟོག་པ་བརྒྱད་ཁྲི་བཞི་སྟོང་གི་རྒྱུ་རྐྱེན་གྱིས་བསྐྱེད་པ། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་འགྲོ་བ་རིགས་དྲུག་གི་སྐྱེ་རྒྱུད་སྐྱེད་པ་བྱེད་པ་ཡིན་ཏེ། ཞེ་སྡང་གི་རྟོག་པ། ཉོན་མོངས་ཀྱི་ཚོགས་ཉི་ཁྲི་ཆིག་སྟོང་དང་། གཏི་མུག་གི་ཚོགས་རྟོག་པས་བསྐྱེད་པའི་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་སེམས་ཅན་ཀུན་ལ་ཁྱབ་པ་དང་། འདོད་ཆགས་ཀྱི་རྟོག་པ་ཉི་ཁྲི་ཆིག་སྟོང་དང་། དེའི་རྒྱུ་རྐྱེན་བྱས་པའི་ཉོན་མོངས་པ་ཉི་ཁྲི་ཆིག་སྟོང་

(༤༧༡)སེམས་ཅན་གཅིག་དང་ཀུན་ལ་ཁྱབ་པ་ནི། གཤིས་འགྱུར་བ་མེད་པ། རང་བཞིན་གསལ་བ། དབྱིབས་ཀུན་ལ་ཁྱབ་པ་གསུམ་རིག་པའི་དྲུག་གསུམ་དུ་འཁྲུལ་པའི་ཕྱིར་ན། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ཆ་མཉམ་པ་ལས། ངོ་བོ་སྟོང་པ་རང་བཞིན་གསལ་བ་མ་རིག་ནས་རང་བཞིན་ཉིད་ལ་དར་ཐང་འཁྲུལ་པ་ལས། ང་རྒྱལ་ཕྲག་དོག་གི་ཉོན་མོངས་པ་ཉི་ཁྲི་ཆིག་སྟོང་ཆ་གཉིས་སུ་འཁྲུལ་པ་སྟེ། དུག་ལྔའི་རྣམ་རྟོག་བརྒྱད་ཁྲི་བཞི་སྟོང་། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གྲངས་ཅན་རྣམས། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་སྲོག་ཡིན་པ་སྟེ། ཐམས་ཅད་ཀྱིས་རང་སར་རང་མ་རིག་ནས། རྡོ་རྗེ་འཆང་གི་གསུང་ལས་ཀྱང་། །ངས་ནི་རྩེད་མོ་བྱས་པ་ལ། །བྱིས་པ་རྣམས་ནི་ཨ་ཐང་ཆད། །གསུངས་ནས། །ཤཱཀྱ་ཐུབ་པ་ལ་སོགས་པ་སྤྲུལ་པའི་སྐུ་རང་རྒྱུད་པ་བྱེ་བ་ཕྲག་བརྒྱར་སྤྲུལ་ཞིང་། འདོད་ཆགས་ཀྱི་རྣམ་རྟོག་ཉོན་མོངས་ཀྱི་གཉེན་པོར། འདུལ་བ་ཉན་ཐོས་ཀྱི་ཐེག་པ་དགག་སྒྲུབ་བསྲུང་སྡོམ། ཉི་ཁྲི་ཆིག་སྟོང་གསུངས་པ་ཡང་། བསྐལ་པ་གྲངས་མེད་ཉི་ཤུ་མན་ཚེ་ཐར་པ་མི་ཐོབ་པས། ལམ་ཐག་རིང་འོང་། ཞེ་སྡང་གི་རྟོག་ཚོགས་དང་། ཉོན་མོངས་ཚོགས་ཀྱི་གཉེན་པོར། མདོ་སྡེ་དྲང་དོན་ངེས་དོན། བྱང་ཆུབ་སེམས་དཔའི་ཐེག་པ་ཉི་ཁྲི་ཆིག་སྟོང་གསུངས་པ་ཡང་། རྒྱུ་རྐྱེན་རྒྱུ་འབྲས་སྟོང་ཉིད་བཅོ་བརྒྱད་སེམས་རྩམ། དབུ་མ། རབ་མི་གནས་སུ་བློ་སྦྱོང་ཞིང་། ས་བཅུ་པ་ལྔར་ས་ལམ་བསྒྲོད་ཚུལ་སྟོན་པ་ཡང་། ལམ་ཐག་ཉེ་ལ་རིང་བར་སྟོན་པ་སྟེ། དབང་པོ་རབ་ཀྱི་བསྐལ་པ་གྲངས་མེད་

(༤༧༢)གསུམ། དབང་པོ་འབྲིང་གིས་བསྐལ་པ་གྲངས་མེད་དྲུག །ཐ་མས་ཤེས་བྱའི་སྒྲིབ་པ་ལ་ཡང་བསྐལ་པ་གྲངས་མེད་གཅིག་དང་། བསྐལ་པ་གྲངས་མེད་བདུན་གྱིས་ས་བཅུ་གཅིག་ཀུན་ཏུ་འོད་ཀྱི་སར་སངས་རྒྱས་སྤྲུལ་སྐུ་ཐོབ་པར་འདོད་པ་སྟེ། མདོ་ལུགས་བར་ལ་སྤྱོད་ཀྱི་ཐེག་པ་ལས། མངོན་པ་མ་མོར་མིང་འདོགས་པའི་རང་སངས་རྒྱས་ཐེག་པ་ཉི་ཁྲི་གཅིག །གཏི་མུག་གི་ཉོན་མོངས་ཚོགས་དང་། རྣམ་རྟོག་གི་ཚོགས་ཀྱི་གཉེན་པོར་སངས་རྒྱས་ཀྱང་། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་། ལུགས་ལས་བཟློག་ཅིང་རང་སངས་རྒྱས་ཀྱི་ཡེ་ཤེས་ནི། སློབ་དཔོན་མེད་པར་རང་གིས་རང་ལ་རིག་བྱ་བ་སྟེ། སངས་རྒྱས་རྣམས་ཀྱང་མི་བཞུགས་ཤིང་། ཉོན་མོངས་པ་རྣམས་ཀྱང་མེད་པས་ན། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལ་རིག་པ་སྣ་ཚོགས་ཀྱི་གང་ཟག་གིས། བདག་མེད་སྔོན་ནས་རྟོགས་ཤིང་། སྣང་བ་ཡུལ་གྱི། ཕྱེད་རྟོགས་པའི་ཐབས་སུ། ཆོས་སྤྱི་དང་རང་གི་མཚན་ཉིད་རང་རིག་པས་སྲོང་པ་ཉིད་བཅུ་དྲུག་ཏུ། རྟོག་སྤྱོད་རྟགས་ཀྱིས་གཏན་ལ་ཕབ་པ་ནི། སྟོང་ཉིད་བཅུ་དྲུག་ཆ་གྲངས་རབ་ཞི་བ། ཡིད་བཞིན་བདེ་བ་མཆོག་གི་གོལ་པ་ཕྱེད་དང་དྲུག །རང་སངས་རྒྱས་ཀྱང་བསྐལ་པ་གྲངས་མེད་བཅོ་བརྒྱད་ཀྱིས་སྤྲུལ་སྐུའི་སངས་རྒྱས་ཐོབ་པར་གསུངས་པའི་ཕྱིར་ན། ཉོན་མོངས་ཚོགས་དང་རྣམ་རྟོག་ལ། དུག་སྦྲུལ་ལ་མི་གཙང་བའི་རླུབས་དང་མེའི་ཕུང་པོ་བཞིན་དུ། སྐྱོན་སྣ་ཚོགས་སུ་གོ་ནས་ཕར་སྤངས་ཤིང་། །དགེ་བ་ཡོན་ཏན་ཚུར་ལེན་པར་འདོད་པའི་ཕྱིར་ན། སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ་ལ་ཐག་ཤིན་དུ་རིང་ཞིང་མྱ་ངན་འདའ་ཞིང་

(༤༧༣)འཁོར་བ་ལས་འདའ་བར་དཀའ་བའོ། །སྡེ་སྣོད་གསུམ་དུ་བློ་སྦྱངས་ནས་ང་རྒྱལ་ཕྲག་དོག་གི་རྣམ་རྟོག་ཉོན་མོངས་ཚོགས་ཀྱི་གཉེན་པོར། སྤྲུལ་སྐུ་ཆེན་པོ་ཀུན་རིག་རྒྱལ་པོ་ཡིས། །བྱ་རྒྱུད་སྤྱོད་རྒྱུད་རྣལ་འབྱོར་གྱི་རྒྱུད་ཉི་ཁྲི་ཆིག་སྟོང་གསུངས་པ་ཡང་། བྱ་བའི་རྒྱུད་ཀྱིས་དག་ཅིང་བཤགས་པ་དང་སྦྱོང་བར་བྱེད་པ་དང་། རྣལ་འབྱོར་རྒྱུད་ཀྱིས་རྣམ་རྟོག་ཚོགས་དང་། ཉོན་མོངས་སེམས་དཔའ་སེམས་མའི་ཚོགས་སུ་བསྒྱུར་བར་འདོད་ཅིང་བྱ་བ་རྣལ་འབྱོར་གྱི་རྒྱུད་གཉིས་ཀྱི་བར་ན། བར་མ་སྤྱོད་ཀྱི་ཐེག་པ་བྱ་རྒྱུད་སྤྱོད་རྒྱུད། ཡོ་ག་བསྒྲུབ་པར་འདོད་དེ། ལུས་ལྷར་སྤྱོད། ངག་སྔགས་སུ་སྤྱོད། སེམས་ཏིང་ངེ་འཛིན་ཏུ་སྤྱོད་ཟས་དང་ལོངས་སྤྱོད་བདུད་རྩིར་སྤྱོད་ཅིང་། དག་སྤྱོད་བསྒྱུར་བ་མང་པོ་སྤྱོད་པ་ལ་ཡང་། ལམ་ཐག་ཉེ་ལ་རིང་བ་སྟེ། མི་ཚེ་གྲངས་ཅན་གྲངས་མེད་མང་པ་ཡི། ཀྲྀ་ཡ་རིགས་གསུམ། རྡོ་རྗེ་འཛིན་པའི་ས་དབུ་མ་རིགས་བཞི་རྣམ་པར་འབྱེད་པའི་ས་ཐོབ་པར་འདོད་པ་ཡང་སངས་རྒྱས་མཚན་ཉིད་ལྡན་པ་མིན་པའི་ཕྱིར་ན། ཐབས་ཤེས་རབ་དབྱེར་མེད། ཡེ་ཤེས་རྒྱ་མཚོ་ཀྱཻ་རྡོ་རྗེའི་རྒྱུད་ལས་ཀྱང་། ཐེག་པ་འོག་མ་དྲུག་གི་སངས་རྒྱས་རྣམས། སངས་རྒྱས་ཡིན་ཡང་། བླ་ན་མེད་པའི་རྣལ་འབྱོར་མིན་གསུངས་པའི་ཕྱིར་ན། ཐེག་པ་འོག་མ་དྲུག་གི་རྒྱལ་བ་སྲས་བཅས་རྣམས། ཆོས་ཀྱི་སྐུའི་བསྟན་པ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དཀྱིལ་འཁོར་དུ་དབང་ཕྱུག་ཆེན་པོ་འབྱིན་དགོས་པའོ། དེའི་ཕྱིར་ན། རྡོ་རྗེ་འཆང་གི་previous hit དགོངས next hit་ལུང་བསྟན་པ་ཕྱག་རྒྱ་ཆེན་པོ་ཐིག་ལེ་ཉི་ཤུ་རྩ་ལྔ་པ་ལ་སོགས་པ། མ་རྒྱུད་ལ་གཏོགས་ཚད་གྲངས་མང་ན་ཡང་། སེམས་ཅན་རྣམས་ཀྱིས་རང་གི་རང་མ་རིག་ནས་ལུས་འཁྲུལ་སེམས་འཁྲུལ། ས་བོན་ཐིག་ལེ་

(༤༧༤)འཁྲུལ་ཞིང་རིགས་དྲུག་སོ་སོའི་ལུས་ཅན། སེམས་ཅན་རྣམས་ཀྱི་འཁྲུལ་གཞི་ལས་འཁྲུལ་པའི་ལུགས་ངོ་སྤྲོད་དང་། དཔལ་ཀུན་ཏུ་བཟང་པོའི་ལུང་དུར་ཁྲོད་གསང་བ་ནི། ཁྱུ་བྱུག་རོལ་པའི་རྒྱུད་ལས་ཕྲོས་པས་གསང་བའི་མཚན་ཅན་བཞི་བཅུ་ལ་སོགས་པ་ཕ་རྒྱུད་ལ་གཏོགས་ཚད་རྣམས་ཀྱིས་འགྲོ་བ་རིགས་དྲུག་གིས་རང་གི་གནས་ལུགས་མ་རིག་ནས། རྣམ་རྟོག་བརྒྱད་ཁྲི་བཞི་སྟོང་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དུ་འཁྲུལ་པའི་ལུགས་དང་། འགྲོ་བ་ཐམས་ཅད་ཀྱི་སྣ་ཁུང་གི་དབུགས་མ་རིག་ཅིང་འཁྲུལ་བའི་ལུགས་སོ་སོར་གཏན་ལ་འབེབས་པ་སྟེ། ཕ་རྒྱུད་མ་རྒྱུད་ཐམས་ཅད་དུ་གཅིག་ཏུ་སྦྱོར་བ་ལས། ཐབས་ཤེས་རབ་དབྱེར་མེད་ཀྱི་རྒྱུད་རྣམས་ཀྱི་སེམས་ཅན་གཅིག་དང་འགྲོ་བ་ཐམས་ཅད་ཀྱི་མ་རིག་པའི་སེམས་དང་། རླུང་དང་། ལུས་དང་། རྩ་དང་། ཐིག་ལེ་ལྔ། སེམས་ཅན་རྣམས་ཀྱི་སྐྱེ་རྒྱུད་འཆི་རྒྱུད་དུ་སོ་སོར་སྟོན་ཅིང་། སྐུ་བཞི་ངོ་སྤྲོད་ཀྱི་གནད་ཀྱི་ལུགས་རྟོགས་པས། རྡོ་རྗེ་རིགས་ཀྱི་གནས་ལུགས། རིག་མ་རིག་ས་མཚམས་མཛད་པར་ངོ་སྤྲོད་པ་ནི། སེམས་ཡེ་ཤེས་ཀྱི་སེམས། ལུས་ཡེ་ཤེས་ཀྱི་སྐུ། རྩ་ཡེ་ཤེས་ཀྱི་རྩ། ཐིག་ལེ་ཡེ་ཤེས་ཀྱི་ཐིག་ལེ། རླུང་ཡེ་ཤེས་ཀྱི་རླུང་། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ན། སྦྱོར་དྲུག་རྣལ་འབྱོར་བླ་ན་མེད་པའི་རྒྱུད་གསུངས་པའི་ཕྱིར་ན། རིགས་ལྔ་ཡབ་ཡུམ་བཅུ་གཅིག་ཏུ་འདུས་པ་རྡོ་རྗེ་འཆང་ཡབ་ཡུམ་ཐབས་ཤེས་དབྱེར་མེད་ཡེ་ཤེས་རྒྱ་མཚོ་ཀྱཻ་རྡོ་རྗེའི་མིང་འདོགས་ཀྱང་། ཡེ་ཤེས་དབྱིངས་གཅིག་དྲི་མ་མེད། སྐུ་བཞི་ངོ་སྤྲོད་དུ་ཆོས་ཐམས་ཅད་འདུས་ཤིང་། གནད་བཞི་ཆོས་ཉིད་འཁོར་ལོའི་བཅུད་ལ་བོར་ནས་རིག་ན། ལུས་ངག་ཡིད་གསུམ་སྣང་བ་བཞི་སྐུ་བཞིར་རྟོགས་ཤིང་། ཡེ་ཤེས་ལྷུན་གྱིས་གྲུབ་པ་དང་།

(༤༧༥)མ་རིག་ན་སེམས་ཅན་གྱི་ལུས་ངག་ཡིད་གསུམ་སྣང་བ་བཞིར་འཁྲུལ་བ་སྟེ། རྣལ་འབྱོར་བླ་ན་མེད་པའི་རྒྱུད། གདམ་ངག་མང་ན་ཡང་། རིག་པ་དང་མ་རིག་པ་གཉིས་ཀྱི་ས་མཚམས་འབྱེད་ན། ཚིག་བརྒྱད་དུ་འདུས་པ་སྟེ། དེའི་རྒྱས་པ་རུ་སྐུ་བཞི་དང་། ལུས་ངག་ཡིད་གསུམ་སྣང་བ་བཞི་དང་། དུག་ལྔ་དང་། ཡི་གེ་ལྔ་དང་། མཁའ་འགྲོ་ལྔ་དང་། རིགས་ལྔ་ཡབ་ཡུམ་ལྔ་དང་། ཕུང་པོ་ལྔ་དང་། འབྱུང་བ་ལྔ་ལ་སོགས་པ། ལྔ་ལྔ་པོ་ཉི་ཤུ་རྩ་ལྔ་སྐུ་བཞི་ངོ་སྤྲོད་ཀྱི་གནད་ཀྱིས་རིག་ན་ནི་སྐུ་ལྔ་ཡོངས་སུ་རྫོགས་པར་སངས་རྒྱས། མ་རིག་ན་ནི་འགྲོ་བ་རིགས་ལྔར་འཁྲུལ་པའི་སོ་སོར་འབྱེད་ཅིང་རྒྱས་པར་ངོ་སྤྲོད་པ་ནི་འདི་ལྟ་སྟེ། སེམས་ཅན་སྤྱི་ཁྱབ་དང་། གང་ཟག་དགོས་ཚན་ལ་སྐུ་བཞི་ངོ་སྤྲོད་ཀྱི་གནད་ཀྱིས་ཟིན་ཅིང་། རང་གིས་རང་རིག་ན་ནི། དཔེར་ན་ཆབ་རོམ་ཆུར་ཞུ་བའི་དཔེ་བཞིན་དུ། ཀུན་གྱི་རྩ་བ་ཀུན་གཞི་གཤིས་འགྱུར་བ་མེད་པ་མ་རིག་པའི་ཨ་རང་སར་རང་རིག་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དབྱིངས་ཀུན་ལ་ཁྱབ། མ་རིག་པ་གཏི་མུག་མུན་པ་ལྟར་གཏིབས་པ་ནི། རང་གིས་རང་ཉིད་རྟོགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རང་བཞིན་གདོད་ནས་གསལ་འགྲིབ་མེད་པ། རང་བཞིན་ཉིད་ལ་རང་ཐང་འདོད་ཆགས་སུ་འཁྲུལ་བ་སྟེ། རང་གིས་རང་ངོ་ཤེས་པ་སྟེ་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་གཉིས་ཅན། གཉིས་མེད་རང་རིག་པ་དང་། མ་རིག་པ་གཉིས་སུ་འཆང་བ་དང་། ངོ་བོ་སྟོང་པ་རང་གིས་མ་རིག་ནས་ང་རྒྱལ་དུ་འཁྲུལ་བ་སྟེ། མཐོ་དམན་མེད་ཅིང་རང་གིས་རང་ངོ་ཤེས་པ་ནི། མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་རྟོགས་པ་སྟེ། སེམས་བྱུང་མཚན་

(༤༧༦)ཉིད་དགག་སྒྲུབ་མེད་པ། ཕྲག་དོག་ཏུ་འཁྲུལ་བ་སྟེ། བྱ་བ་གྲུབ་པའི་ཡེ་ཤེས་སུ། གཤིས་དབྱིངས་ངོ་བོ་རང་བཞིན་མཚན་ཉིད་ལྔ་ཀུན་རིག་པ་ནི། དུག་ལྔ་རྟོགས་པ་ཡེ་ཤེས་ལྔ་ཡིན། མ་རིག་ན་དུག་ལྔ་ལས་འཁྲུལ་པའི་རྟོག་པ་འཕྲོས་པ་རྣམ་རྟོག་བརྒྱད་ཁྲི་བཞི་སྟོང་རང་གནས་སུ་རང་རིག་པ་ནི། ཡེ་ཤེས་ལྔ་མ་རིག་ཅིང་འཁྲུལ་པའི་ཡི་གེ་བརྒྱད་ཁྲི་བཞི་སྟོང་དུ་རང་གིས་རང་རིག་པ་དང་། ཡང་ན་གཤིས་ལ་གནས་པའི་ཨ་ཧ་རི་ནི་ས་ཡི་གེ་ལྔ་མ་རིག་ཅིང་འཁྲུལ་པའི་ཡི་གེ་བརྒྱད་ཁྲི་བཞི་སྟོང་དེ་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་སྲོག་ཡིན་པའི་ཕྱིར་ན། རང་སར་རང་རིག་པ་ན་རང་བྱུང་ཡེ་ཤེས་ཀྱི་ཡི་གེ་འཁོར་ལོ་རྫོགས་ཆེན། རང་བྱུང་རང་སར་རྟོགས་པ་ནི། ཡེ་ཤེས་ཀྱི་ཡི་གེ་རྒྱ་མཚོ་མཐའ་ཡས་ཡིན་པའོ། རང་གིས་རང་མ་རིག་པའི་དབང་གིས། དུག་ལྔའི་འཁྲུལ་པ་རྟོགས་པ་དང་། མ་རིག་པའི་ཡི་གེའི་ཚོགས་ཀྱིས་རྒྱུ་རྐྱེན་རང་བཞིན་ཉིད་ལས་རང་ཐང་འཁྲུལ་པ་ལས། དུག་ལྔ་སོ་སོར་ཡུལ་དང་ཡུལ་ཅན་དུ་སྐྱེས་པ་ལས། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་དུ་འགྲོ་བ་རིགས་དྲུག་ཏུ་འཁོར་ཞིང་། སྡུག་བསྔལ་ཉོན་མོངས་ཀྱི་ཚོགས་སུ་རྒྱུན་ཆད་མེད་པར་མྱོང་ཞིང་འཁོར་བ་རྣམས། མ་རིག་འཁྲུལ་པའི་ཚོགས་རྣམས་རང་བྱུང་ཡེ་ཤེས་ཀྱི་རིགས་ཀྱི་ཡབ་ཡུམ་ལྔ་མཁའ་འགྲོ་སྡེ་ལྔར་རང་གི་རང་ཉིད་རིག་ཅིང་རྟོགས་པ་ལས་ཆོས་ཅན་ཆོས་ཉིད་གང་ཡང་གདོད་ནས་མ་གྲུབ་པའོ། །བདག་གཞན་གཉིས་ཀ་མ་རིག་པའི་དབང་གིས་གཤིས་ལྔ་དུག་ལྔར་འཁྲུལ། རྣམ་རྟོག་ཚོགས་དང་ཉོན་མོངས་ཚོགས་ཀྱི་གཉེན་པོར། རྡོ་རྗེ་འཆང་གི་རྣམ་པར་འཕྲུལ་པ་སྤྲུལ་པའི་སྐུ་རྣམས་ཀྱི་སྡེ་སྣོད་གསུམ་དང་ཕྱི་རྒྱུད་གསུམ་གཉེན་པོར་

(༤༧༧)འདུས་བྱས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུ་གསུངས་པ་སྟེ། སྐུ་བཞི་ངོ་སྤྲོད་ཀྱི་གནད་ཀྱིས་རང་བཞིན་ལྷུན་གྱིས་གྲུབ་པའི་རིགས་ལྔ་མ་འདྲེས་པ་ཡོངས་སུ་རྫོགས་པའི་དཔའ་བོ་བརྒྱད་ཁྲི་བཞི་སྟོང་དུ་རང་སར་རང་རིག་རང་བྱུང་རང་ལ་ཤར་བའི་ཕྱིར་ན། ཐེག་པ་དྲུག་གིས་བསྡུས་པའི་ཆོས་ཀྱི་ཕུང་པོ་རྣམས་ལ་རིག་པའི་དབང་གིས་ལུས་ངག་ཡིད་གསུམ་སྣང་བ་བཞིར་འདུས་པ་ལས། འདུས་བྱས་ཡིད་བྱེད་ཀྱི་ཕུང་པོ་ཡིན་པར་གསུངས་པའི་ཕྱིར་ན། འདུས་བྱས་ཀྱི་ཕུང་པོ་རྣམས་མ་རིག་པའི་དབང་གིས་ཆོས་ཐེག་པ་དྲུག་གདོད་ནས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་སྟེ། རྣལ་འབྱོར་བླ་ན་མེད་པའི་ཐེག་པ་གཅིག་ཏུ་འདུས་ཤིང་བརྟོགས་པ་ནི། མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། སྨྲ་བསམ་བརྗོད་མེད་ཆོས་དབྱིངས་རབ་འབྱམས་རྟོགས། སོ་སོ་རིག་ཅིང་རང་གིས་རང་རིག་ཡེ་ཤེས་སྤྱོད་ཡུལ་བ་གསུངས་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ། རྟོགས་པ་ལས་ལུས་ངག་ཡིད་གསུམ་གྱི་བྱ་བ་དང་། རྩོལ་བ་སྤུ་ཙམ་ཡང་མེད་ཅིང་། དུས་གསུམ་དུས་མིན་ཐམས་ཅད་དུ་ཆོས་ཐམས་ཅད་མཉམ་པ་ཉིད་སྣ་ཚོགས་སུ་དུ་མ་རོ་གཅིག་ཏུ་རང་མལ་དུ་རང་ཉིད་རང་གནས་པ་ལ། མི་ཡེངས་མི་འཁྲུལ་བ་ནི། སྐུ་བཞི་འདུ་འབྲལ་མེད་པའི་ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བྱ། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་པ་རབ་འབྱམ་ཞེས་ཀྱང་བྱ། ཐ་སྙད་ཀྱི་སྒྲོ་འདོགས་ལུགས་མང་ན་ཡང་། དོན་དམ་པར་ནི་མིང་སྣ་ཚོགས་ཐ་སྙད་སྣ་ཚོགས་ཀྱི་འདོགས་ཤིང་བརྗོད་དུ་མེད་པ་སྟེ། དེ་རིག་དེ་རྟོགས་རང་ཉིད་རང་བྱུང་གི་ངོ་བོ་ཉིད་གསུངས་པའོ། ཆོས་ཀྱི་སྐུའི་བསྟན་པ་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་ལུང་མཐའ་ཡས་པ་

(༤༧༨)རྣམས་བྱིན་གྱིས་བརླབས་ཀྱི་རང་སར་ངོ་སྤྲོད་པ་ལས། དབང་པོ་རབ་ཀྱི་གདུལ་བྱ་རབ་འབྲིང་ཐ་གསུམ་གྱིས་གོ་ཞིང་རྟོགས་གསུམ་དུ་འཆར་བའི་ཕྱིར་ན། དབང་པོ་རབ་ཀྱི་ཐ་མས་སྐྱེད་རིམ་ལྷ་ཚོགས་གྲངས་ཅན་གྲངས་མེད་ཞལ་ཕྱག་དཀྱིལ་འཁོར་རྒྱས་པ་དང་བསྡུས་པ། ས་བོན་ཡིག་འབྲུ་ཁ་དོག་སྣ་ཚོགས་ལས་ཡི་དམ་ལྷ་ཚོགས་བསྐྱེད་ཅིང་། ཡེ་ཤེས་སེམས་དཔའ་སྣ་ཚོགས་ཀྱི་རང་གིས་རྟོགས་པས་རང་ལ་གཞག་པ་སྟེ། སྔགས་སྙིང་པོ་དང་ཉེ་བའི་སྙིང་པོ་དང་། ཤམ་བུ་ལ་སོགས་པ་རྒྱུད་གདམ་ངག་སོ་སོའི་ལུགས་བཞིན་རྩོལ་བས་བཟླས་པ་ལ་སོགས་རྣམས་དང་། གཏོར་མ་ཕྱག་རྒྱ་འདུས་བྱས་སྣ་ཚོགས་ཀྱི་སྒོ་ནས་རྩོལ་ཅིང་བསྒྲུབ་པ་རྣམས། གྲངས་མེད་པ་ཐམས་ཅད་ཀྱང་། རྣལ་འབྱོར་བླ་ན་མེད་པའི་བློ་སྦྱོང་ཡིད་བྱེད། ལ་སོགས་པ་ཡིད་སྨོན་ཀུན་བཏགས་ཡིན་པའི་ཕྱིར་ན། ཐེག་པ་འོག་མ་དྲུག་བས་ཁྱད་པར་དུ་འཕགས་ཀྱང་། ཆོས་སྐུ་དྲི་མ་མེད་པ་མིན་ཞིང་། དཀར་པོའི་མ་རིག་བག་ཆགས་འཁྲུལ་འཁོར་ཡིན་པའི་ཕྱིར་ན། བག་ཆགས་དཀར་པོའི་སྒྲིབ་པ་ཡོད་པའོ། རྣལ་འབྱོར་བླ་ན་མེད་པའི་གྲུབ་མཐར་ཞུགས་པའི་གདུལ་བྱ་རབ་འབྲིང་རྣམས་ཀྱིས་སྐྱེད་རིམ་དང་པོ་སྒོམ་དུས་སུ། སྭ་བྷཱ་བས་སྟོང་པ་ཉིད་དུ་བཤིག་པ་དང་། སྐྱེད་རིམ་བསྒོམ་པའི་རྗེས་སུ། རྫོགས་རིམ་ཡིན་ཞེས་ཟེར་ཞིང་། ཐམས་ཅད་ཚུར་བསྡུས་ཤིང་ལྷ་སྐུ་ས་བོན་དང་བཅས་པ་ཐིག་ལེ་ནཱ་ད་ལ་བསྡུ་ཞིང་ཐམས་ཅད་སྟོང་པ་ཉིད་ཕྱལ་ཆད་ལ་བཏང་བ་ནི། དབང་པོ་འབྲིང་གི་མཐར་ཐུག་ཡིན་ན་ཡང་། ཆོས་སྐུ་དྲི་མ་མེད་ཅིང་སྐུ་གསུམ་སྐུ་བཞི་འདུ་བ་དང་འབྲལ་བ་མེད་པ་མ་ཡིན་པའི་ཕྱིར་ན། །རྡོ་རྗེ་འཆང་གི་རྒྱུད་ལས་ལ་དགུ་ལམ་དགུ། ལུང་དགུ་བསྒྲོད་པའི་ཐེག་པ་ཡང་ཡང་བྱེད་ཡང་བཤིག །ཡང་སྤང་ལེན། ཡང་ཀག །ཡང་སྒྲུབ་བྱེད་པའི་ཕྱིར་ན། མུ་སྟེགས་

(༤༧༩)རྟག་ཆད་གསང་བ་པོ་ལས་མ་འདས་སོ། གསུངས་པ་སྟེ། རྣལ་འབྱོར་བླ་ན་མེད་པའི་གདུལ་བྱ་འདུལ་བྱེད་ཀྱི་སྟོན་པ་དབང་པོ་རབ་ཀྱི་རྟོགས་ཚུལ་ནི། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་འཁོར་བ་དང་མྱ་ངན་ལས་འདས་པའི་ཕྱི་ནང་གི་གྲུབ་མཐའ་དང་ཆོས་ཐམས་ཅད་དངོས་པོ་གཤིས་ཀྱི་གནས་ལུགས་གཤིས་འགྱུར་བ་མེད་པའི་གནས་ལུགས། དབྱིངས་ངོ་བོ་རང་བཞིན་མཚན་ཉིད་ལྔ། རང་ས་རང་མལ་དུ་རང་རིག་པ་ལས་མ་རིག་འཁྲུལ་འཁོར། ལོག་རྟོག མུ་སྟེགས་ཀྱི་ལྟ་ལོག་སུམ་བརྒྱ་དྲུག་བཅུ། ལོ་བདུན་བརྒྱ་ཉི་ཤུ། ནང་པ་སངས་རྒྱས་པའི་ལམ་ཐེག་པ་དགུ། དེ་རྣམས་ཀྱི་བློས་བྱས་ཡིད་བྱེད་གྲུབ་མཐའ་གདོད་མ་ནས་ཡོད་མ་མྱོང་ཞིང་། འདུས་བྱས་སྣ་ཚོགས་དྲི་མས་མ་གོས་པ་ནི། ཆོས་ཀྱི་སྐུ་དྲི་མ་མེད་པ། ཆོས་ཀྱི་དབྱིངས་རབ་འབྱམ། རྟོགས་པ་རབ་འབྱམ་ཞེས་མིང་འདོགས་ཀྱང་། དོན་དམ་པར་ནི། ཐ་སྙད་གང་དང་གང་ལ་ཡང་འདོགས་སུ་མ་བཏུབ་པའི་ཕྱིར་ན། དེ་ལྟར་དུ་གང་དང་གང་གིས་རིག་ཅིང་རྟོགས་པ་ནི། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། གསུངས་པའི་ཕྱིར་ན། ཆོས་སྐུ་རང་བྱུང་རྡོ་རྗེ་འཆང་གི་དགོངས་གཞི་ལས་previous hit དགོངས next hit། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་གསར་རྙིང་གཉིས་ཀྱིས་རྟོགས་པ་ཆོས་སྐུ་དྲི་མ་མེད་པ་ཐུགས་ལ་རིག་མ་རིག་གཉིས། དཔེར་ན་ཉི་མ་དང་གྲིབ་མའི་མཚམས། མིག་ཕྱེ་བ་དང་བཙུམ་པ་ཙམ་ཅིག་ལས་མེད་པའི་ཕྱིར་ན། སངས་རྒྱས་སེམས་ཅན་གཉིས་ཀྱི་བར་ན། དྷ་ཌ་འགྲེ་གང་ཡང་མེད་པས་སྟེ། གང་དང་གང་གིས་རང་རིག་པ་ནི་སངས་རྒྱས། རང་གིས་རང་མ་རིག་པ་རྣམས་སེམས་ཅན་རྣམས་ཡིན་པའི་ཕྱིར་ན། ཆོས་སྐུ་དྲི་མེད་རང་བྱུང་རྣལ་འབྱོར་བླ་ན་མེད་རྡོ་རྗེའི་བུ་སློབ་རྣམས་ཀྱིས་མཁྱེན་ཅིང་རྟོགས་པར་མཛོད། དེ་ལྟར་

(༤༨༠)བྱར་མེད་ལྷུན་གྱིས་གྲུབ་པ་ལས་རྟོགས་པ། འཁྲུལ་པ་ཡེ་ཤེས་རབ་འབྱམས་སུ་འཆར་བའི་བླ་མ་དང་། རང་བྱུང་སྐུ་བཞི་ངོ་སྤྲོད་ཀྱི་གནད་དང་། རང་བྱུང་ཡེ་ཤེས་ཀྱི་བྱིན་བརླབས་མེད་ན། ནམ་ཡང་རིག་ཅིང་རྟོགས་པར་མི་འགྱུར་རོ། དེའི་ཕྱིར་ན་དཔལ་ཀུན་ཏུ་བཟང་པོའི་བསྟན་པ། གསང་སྔགས་རྙིང་མའི་ཞི་ཁྲོ་རབ་འབྱམ་ཀྱི་རྒྱུད་ཆེན་པོ་དང་། དཔལ་རྡོ་རྗེ་འཆང་གི་མན་ངག་ཟབ་མོའི་རྒྱུད་གཉིས། ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་ལུང་མན་ངག་རྣམས་ཀྱི་ཞི་ཁྲོ་རབ་འབྱམ། གཙོ་བོ་གང་དང་གང་གིས་བྱེད་པ་རྣམས་སྟོན་པ་ལས། གདམ་ངག་ངོ་སྤྲོད་འདིའི་དབང་དུ་བྱས་ན། རྩ་བ་རིགས་ལྔ་ཡབ་ཡུམ་ལས། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རང་བྱུང་དཔའ་བོ་སྡེ་ལྔ། མཁའ་འགྲོ་སྡེ་ལྔ། རང་བྱུང་རང་རིག་ལྷན་ཅིག་སྐྱེས་པར་ཐམས་ཅད་གཅིག་ཏུ་ངོ་སྤྲོད་པ་སྟེ། དཔའ་བོ་རྒྱ་མཚོ་ཨ་ཧ་རི་ནི་ས་ལས་རང་བྱུང་དུ་འཕྲོས་པ། ཡི་གེ་རྒྱ་མཚོ་མཐས་གདོད་ནས་ཡིན་པ་ལ། གཙོ་ཆེར་རྡོ་རྗེ་མཁའ་འགྲོའི་རྒྱུད། རྡོ་རྗེ་གདན་བཞིའི་རྒྱུད་ལ་སོགས་པར། ཞི་ཁྲོ་རབ་འབྱམ་ཀྱི་རྒྱུད་མན་ངག་ཐམས་ཅད་ཀྱི་ངོ་སྤྲོད་པ་ལས། སྐུ་བཞི་འདུ་འབྲལ་མེད་པའི་དོན་རྟོགས་རྩལ་ཆེན་རྫོགས་པ་ནི་རྣལ་འབྱོར་ཆེན་པོ་བླ་ན་མེད་པ་རང་ཉིད་དཀྱིལ་འཁོར་ཐམས་ཅད་གཙོ་བོ་རང་བྱུང་ཡིན་ཞིང་། རང་ཉིད་ལ་རྫོགས་ནས་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་རང་ཉིད་ལས་ཕར་འཕྲོས་ཤིང་། ཚུར་ལ་འདུས་པ་ཡིན་ཏེ། མཆོག་ཐུན་མོང་གི་དངོས་གྲུབ་རྒྱ་མཚོ་མཐས་པ་ཡང་། རང་ཉིད་ལས་ལྷུན་གྱིས་གྲུབ་ཅིང་ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི། དཔའ་བོ་མཁའ་འགྲོ་རང་བྱུང་གི་ཡི་གེའི་ཚོགས་རྣམས་ཀྱི་རྩོལ་སྒྲུབ་མེད་པར་མི་

(༤༨༡)སྒྲུབ་རང་དབང་མེད་པར་རང་ལ་རང་ཉིད་འདུ་བ་སྟེ། དཔལ་དུས་ཀྱི་ཐིག་ལེ་ཞེས་ཀྱང་བྱ། དུས་ཀྱི་འཁོར་ལོ་ལ་ཡང་ཐ་སྙད་འདོགས་པ་དང་། ལུང་ཆེན་པོ་ཨ་ནུ་ཡོ་ག་མདོ་ཆེན་པོ་previous hit དགོངས next hit་འདུས་པ་མདོ་ཆེན་ལྔའི་ཁྲི་ལ་མགྱོགས་པ་ཡིས། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལམ་མ་རིག་པ་གསུམ་དུ་འདུས་པ་ཡི་གེ་རྩ་བའི་ཡི་གེ་ལྔ་རང་བྱུང་ལས་རང་འཕྲོས་པས་ཨེ་བམ་མ་ཡ་བཞི། དེ་ལས་ཨ་ལི་བཅུ་དྲུག །ཀ་ལི་སུམ་བཅུ་རྩ་གཉིས་རང་བྱུང་ཐབས་དང་ཤེས་རབ་དབྱེར་མེད་ཀྱི་ཡི་གེའི་ཚོགས་གྲངས་མཐའ་ཡས་པ་རང་བྱུང་། ཡི་གེ་འཁོར་ལོ་རྫོགས་ཆེན་ཞེས་བྱ་བར་ཐ་སྙད་འདོགས་པ་སྟེ། སྐུ་བཞི་ངོ་སྤྲོད་ཀྱི་གནད་ཀྱིས་རིག་ན་ནི་ཡེ་ཤེས། ཡི་གེ་འཁོར་ལོ་རྫོགས་པ་ཆེན་པོ་ཡིན་པ་སྟེ། ཕག་མོའི་རྒྱུད་ན་ཡང་རྣལ་འབྱོར་དཔའ་བོ་མཁའ་འགྲོའི་ཚོགས། སྔགས་དང་ཡི་གེའི་ཚོགས་སུ་གནས། རྣལ་འབྱོར་མ་ཡང་སྔགས་དང་ཡི་གེར་གནས། དེའི་ཕྱིར་ན་ལུང་ཆེན་པོ་ཨ་ནུ་ཡོ་ག་ལས། སྟོན་པས་སྐུ་དང་གསུང་དོར་ཏེ། ཐམས་ཅད་རང་བྱུང་ཡི་གེའི་ཚོགས་སུ་གནས་པའི་ཕྱིར་ན། རང་བྱུང་སྐུ་བཞི་ངོ་སྤྲོད་ཀྱི་གནད་ཀྱིས་ཐེག་པ་བརྒྱད་མན་ཆད་ནས་རང་བྱུང་ཡི་གེའི་འཛིན་པ་ཙམ་ཡོད་པ་སྟེ། ཤེས་བྱའི་སྒྲིབ་པ་ཐ་མ་ཡིན་པ་ཡང་། དབྱིངས་དང་ཡེ་ཤེས་རོ་མཉམ་པ་རིག་ཅིང་རྩལ་ཆེན་རྫོགས་པར། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རང་རིག་རང་ལ་རིག་པའི་ལུང་ཆེན་པོ་ཐོབ་པ་སྟེ། མི་བརྗེད་པའི་གཟུངས་གྲངས་ཅན་གཟུངས་ཀྱི་སྒོ་ལྔ་བརྒྱད། གྲངས་མེད་ཆོས་ཀྱི་དབྱིངས་རབ་འབྱམ་ཐམས་ཅད་མཁྱེན་ཞིང་ཐམས་ཅད་གཟིགས་པ་སྐུ་བཞི་འདུ་འབྲལ་མེད་པའི་ངོ་བོ་

(༤༨༢)ཉིད་ཀྱི། སྐུ་དང་མཁྱེན་པའི་ཡོན་ཏན་མཉམ་པའི་ཕྱིར་ན། ལུང་ཆེན་པོ་ཨ་ནུ་ཡོ་ག །ངོ་བོ་ཉིད་ཀྱི་སྐུའི་previous hit དགོངས next hit་མཐར་ཐུག་འདི་ལྟ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། ཕར་བལྟས་ཀུན་ཏུ་བཟང་པོ་ཉིད། ཚུར་བལྟས་རང་ཉིད་རང་བྱུང་ཀུན་ཏུ་བཟང་པོ་སྟེ། བར་ན་རྒྱལ་བའི་དཀྱིལ་འཁོར་གསལ། །རྒྱ་མཚོར་ཉི་ཟླ་ཤར་བ་འདྲ། །ཤར་བ་ཉིད་ན་ནུབ་པ་མེད། གསུངས་པ་ཡང་། ལུང་ཨ་ནུ་ཡོ་ག་མཐར་ཐུག་ངོ་བོ་ཉིད་ཀྱི་སྐུར་ཐ་སྙད་འདོགས་པ་ལས། དབྱིངས་ཡེ་ཤེས་སུ་འཛིན་པ་ཙམ་ཆ་ཕྲ་འུ་ཨེ་ཡོད། །མ་ཚོར་བར་ཡོད་པའི་ཕྱིར་ན། ཤེས་བྱའི་སྒྲིབ་པ་ཐ་མ་ལས་ཀྱང་ཐ་མ་ཙམ་ཡོད་པ་སྟེ། སྐུ་བཞི་སྐུ་ལྔ་ངོ་སྤྲོད་ཀྱི་གནད་ཀྱིས་གདོད་ནས་རང་བྱུང་རང་ལ་རྫོགས་པའི་ཆོས་ཀྱི་རབ་འབྱམ་མཐའ་ཡས་མུ་མེད་བསམ་མི་ཁྱབ། ཡེ་ནས་རང་བྱུང་ཡེ་ཤེས་སུ་རྫོགས་པས་དེ་ལ་གང་དང་གང་གིས། རྫོགས་དང་མ་རྫོགས་ས་མཚམས་མེད་པར་ཆོས་དབྱིངས་རབ་འབྱམ་ཡེ་ཤེས་ལྷུན་གྱིས་གྲུབ་པ་ལ་གང་དང་གང་གིས་ཐ་སྙད་འདོགས་མཁན་སུ་ཞིག་ཡོད། དེའི་ཕྱིར་ན་ཀུན་གཞི་ཀུན་ཁྱབ་རང་བྱུང་དུ་རྫོགས་པའོ། །འདི་མན་ཆད་གང་དང་གང་གིས་ཤེས་ཤིང་རྟོགས་ནས་རང་བྱུང་སྐུ་ལྔ་སྐུ་གཅིག་རང་བྱུང་ཡེ་ཤེས་ལྔ་ཡེ་ཤེས་གཅིག་ཏུ་ཆོས་ཀྱི་རབ་འབྱམ་ཤེས་དང་མི་ཤེས་ས་མཚམས་མེད་པར་ཐམས་ཅད་རང་ལ་རྫོགས་པའི་ཕྱིར་ན། གསང་བ་མཆོག་གི་ཀུན་དགའ་རྒྱལ་པོ་མ་གཏོགས་པ་གང་དང་གང་གིས་ཀྱང་སྨྲ་བརྗོད་ཚད་གཞལ་བྱ་བར་ག་ལ་ནུས། སྐུ་བཞི་ངོ་སྤྲོད་ཀྱི་གནད་ཀྱི། གང་གིས་སྐུ་ལྔ་རང་ལ་རྫོགས་པ་ཡི། ཆོས་ཀྱི་དབྱིངས་རབ་འབྱམ་རང་རིག་པའི་ཡེ་ཤེས་རྟོགས་པའི་ཚུལ་རབ་འབྲིང་ཐ་མ་གང་དང་

(༤༨༣)གང་ལ་ཡོད་པ་རྣམས་ཀྱིས་སྐྱེ་བ་མེད་པའི་དོན་རྟོགས་ནས། འགག་མེད་རྩལ་སྦྱང་གསུང་བའི་ཕྱིར་ན། བདག་གཞན་ཐམས་ཅད་སྐུ་ལྔའི་སངས་རྒྱས་རང་ཉིད་ལ་རྫོགས་པ་དང་། མཆོག་ཐུན་མོང་ལོགས་པ་འཕྲིན་ལས་བཞི། རྒྱ་མཚོ་མཐའ་ཡས། སངས་རྒྱས་རྒྱལ་བ་སྲས་དང་བཅས་པ་ལས་དབང་བསྐུར་བ་དང་འགྲོ་བ་རིགས་དྲུག་བར་དོ་དང་བཅས་པ་ལ་དབང་བསྐུར་བ་ནི་སྒོམ་དུ་མེད་པ་ཆོས་སྐུ་དྲི་མ་མེད་པའི་དབྱིངས་སུ་ཐམས་ཅད་དྲན་བས་དབང་བསྒྱུར་ཞིང་དབུར་འགྲོ་འོང་གནས། གསུམ་གྱི་ཐམས་ཅད་ཚུར་བསྡུ་བ་དང་། ཕྱིར་གཏོང་ཞིང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྩོལ་བ་དང་སྒྲུབ་པ་མེད་པར་ཐམས་ཅད་བྱིན་གྱིས་རློབ་པའི་གདམ་ངག་དང་གནད། དོན་གང་དང་གང་གཙོ་ཆེར་སྒྲུབ་པ་དེའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་གནད་དུ་བསྣུན་ཞིང་། ཐམས་ཅད་སྐད་ཅིག་ཙམ་གྱིས་མྱུར་དུ་སྒྲུབ་པའི་མཆོག། བླ་ན་མེད་པའི་གདམ་ངག་འདི་ལྟ་སྟེ། ཐམས་ཅད་ཀུན་གཞི་ལ་ཀུན་འཁོད་པའི་དུས་སུ། གནས་ལུགས་གཤིས་ལྔ་རང་གིས་རང་ལ་རིག་པའི་སེམས་ཅན་ཐམས་ཅད་ཀྱི་ཀུན་གཞི་མ་རིག་པ་བྱས་ནས་དཀར་པོའི་རྐྱེན་དགེ་བའི་ཚོགས་ཀྱིས་བྱས་ཤིང་། མཐོ་རིས་གནས་གསུམ་དུ་སྐྱེས་པ་དང་མ་རིག་པའི་དབང་གིས་དུག་ལྔ་ལ་སོགས་པ་མི་དགེ་བའི་རྟོག་པ་སྣ་ཚོགས་ཀྱིས་ལས་མི་དགེ་བའི་ཚོགས་རབ་འབྲིང་ཐ་མ་སྣ་ཚོགས་སྤྱད་པའི་ངན་སོང་གསུམ་གྱི་སྐྱེ་གནས་སུ་སྐྱེས་ཤིང་། མ་རིག་པས་སེམས་ཅན་ཀུན་ལ་ཁྱབ་པའི་ཕྱིར་ན། དགེ་མི་དགེ་དེ་དག་ལ་ཡུན་རིང་ཏུ་ཅི་ལྟ་བུ་སྤྱོད་ཀྱང་། ཁམས་གསུམ་འཁོར་བར་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་ན། གནས་ལུགས་གཤིས་ལྔ་མ་རིག་པའི་སངས་རྒྱས་ནམ་ཡང་མི་སྲིད་པ་དང་། ཀུན་གཞི་གཤིས་ལྔ་རིག་ཅིང་། ཆོས་ཐམས་ཅད་ཡེ་ཤེས་ལྷུན་གྱིས་གྲུབ་པ་རྣམས་སེམས་ཅན་རྣམས་ཀྱི་དོན་དུ་བསམ་བཞིན་དུ་སྲིད་པ་ཉེ་བར་

(༤༨༤)ལེན་ན་མ་རྟོགས་པ་རང་དབང་མེད་པར་འཁྲུལ་ཞིང་། སེམས་ཅན་རྣམས་ཀྱི་སྐྱེ་གནས་སུ་འཇུག་པའི་སྲིད་པ་དེ་ཀུན་རྫོབ་འདུས་བྱས་འགྱུར་བའི་ཆོས་ཅན་ཡིན་པའི་ཕྱིར་ན། དགེ་བའི་ཚོགས་རྣམས་སྡིག་པ་མི་དགེ་བའི་ཚོགས་སུ་འགྱུར་ཡང་ཤེས་སོ། །སྡིག་པ་མི་དགེ་བའི་ཚོགས་དགེ་བར་འགྱུར་བའི་ཕྱིར་ན། རྡོ་རྗེ་འཆང་གིས། རྣལ་འབྱོར་བླ་མེད་ལས་ཀྱང་། གྲངས་མེད་བསྐལ་པར་འཕགས་པ་མཆོད་ཅིང་སེམས་ཅན་སྦྱིན། ཁོང་ཁྲོ་ཆོད་ཅིག་འཇོམས་པར་འགྱུར་གསུངས་པའི་ཕྱིར་ན། མ་རིག་པའི་དབང་གིས། བསོད་ནམས་ཚོགས་བསགས་ཚད་རྣམས་མཚམས་སྦྱོར་ངན་ན་དགེ་བ་སྡིག་པར་འགྱུར་འདི་སྡིག་ཅན་རྣམས་འཆི་བ་ལོགས་པའི་མཚམས་སྦྱོར་བཟང་ཞིང་ལས་ངན་བྱས་པ་ལ་འགྱོད་པ་སྐྱེས་ན་མི་དགེ་བ་དགེ་བར་འགྱུར་ཞིང་། མཐོ་རིས་སུ་སྐྱེ་བར་གསུངས་པའོ། །སེམས་ཅན་གྱིས་རིག་མ་རིག་གང་དག་ཡིན་ན་ཡང་། སྐུ་བཞི་ངོ་སྤྲོད་ཀྱི་གནད། རང་བྱུང་བྱིན་བརླབས་ཀྱིས་ཟིན་ཅིང་། གཤིས་ལྔ་རང་བྱུང་ཡི་གེ་ལྔར་རྟོགས་ཤིང་། རང་བྱུང་ཨེ་བམ་མ་ཡ་བཞི། ཨ་ལི་ཀ་ལི་ལ་སོགས་པ་རང་བྱུང་ཡི་གེའི་ཡང་ཚོགས་གྲངས་མཐའ་ཡས་པ་རྣམས་ཡི་གེ་འཁོར་ལོ་རྫོགས་ཆེན་དུ་མ་རིག་པ་དང་རང་རིག་པའི་ཡེ་ཤེས་སུ་རྟོགས་པ་ཐམས་ཅད་མཁའ་འགྲོ་སྡེ་ལྔ་གདོད་མ་ནས་ཡིན་པ་ལ། ཡིན་པར་ངོ་ཤེས་ཤིང་རྟོགས་ན། ཐམས་ཅད་ཀྱི་རྩ་རིགས་ལྔ་ཡབ་ཡུམ་བཅུ་ལས་ཞི་ཁྲོ་རབ་འབྱམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་མ་བྱུང་བ་དང་། མ་ཕྲོས་པ་དང་མ་ཁྱབ་པ་གང་ཡང་མེད་པ་སྟེ། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་སྟོན་པ་བསྟན་པའི་དབང་གིས་བླ་མ་ཡི་དམ་མཁའ་འགྲོ་གསུམ་གཙོ་ཆེར་ངོ་སྤྲོད་ཅིང་བྱིན་

(༤༨༥)གྱིས་བརླབས་ཤིང་། སྨིན་ཅིང་གྲོལ་བར་སྟོན་པ་སྟེ། དེ་ཡི་སེམས་ཅན་སྤྱི་ཁྱབ་ལ་ཡང་མ་ཁྱབ་པ་མེད་ཅིང་ཁྱད་པར་དུ་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་གདུལ་བྱར་གྱུར་ཞིང་། སྐུ་བཞི་ངོ་སྤྲོད་ཀྱི་གནད་ཀྱིས་ཟིན་ནས། གནད་བཞི་ཆོས་ཉིད་ཀྱི་འཁོར་ལོ་བཅུད་ལ་བོར་ཞིང་སྐུ་བཞི་འདུ་བ་དང་འབྲལ་བ་མེད་པ། རང་གིས་རང་ཉིད་ལ་རྟོགས་པ་རྣམས་ཀྱིས། རང་གི་གཤིས་འགྱུར་བ་མེད་པ་ལ་སོགས་པ་ལྔ། རང་བྱུང་ཧ་རི་ནི་ས་བཞི་རྟོགས་ཤིང་། རང་གི་རྣམ་རྟོག་ཚོགས་དང་ཉོན་མོངས་ཚོགས་རྣམས་དཔའ་བོ་སྡེ་ལྔ། རང་བྱུང་དཔའ་བོ་རྒྱ་མཚོ་དང་། མཁའ་འགྲོ་རྒྱ་མཚོ་དང་། རང་བྱུང་རང་རིག་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་རབ་འབྱམ་རང་ཉིད་ལ་རྫོགས་པ་ལས། དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱང་། གཞི་ངོ་སྤྲོད་ཅིང་ས་བཅད་པ་ལས། ཕྱི་དཔའ་བོ་མཁའ་འགྲོ་རང་བྱུང་སྡེ་ལྔའི་ཚོགས་དང་། དཔའ་བོ་མཁའ་འགྲོའི་ཚོགས་དང་། གསང་བ་དཔའ་བོའི་ཚོགས་དང་། དེ་ཁོ་ན་ཉིད་དཔའ་བོ་མཁའ་འགྲོའི་ཚོགས་གདོད་ནས་རང་བྱུང་རང་གནས་པ་ཡིན་པ་ལ། ཡིན་པར་ངོ་སྤྲོད་ཅིང་རླུང་སེམས་གནད་ཀྱི་འཁོར་ལོ་བསྐོར་བ་སྟེ། ཕྱི་དཔའ་བོ་སྡེ་ལྔ་མཁའ་འགྲོ་སྡེ་ལྔ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས། འབྱུང་བ་ལྔ་ལས། ཆགས་འཇིག་འཛིན་པའི་རྟེན་ས་རྡོ་རྩི་ཤིང་ནགས་ཚལ་གྱིས་མ་ཁྱབ་པ་མེད་ཅིང་། ཀུན་ལ་ཁྱབ་པ་རྣམས་ལ་གནས་པར་འདོད་པའི་ས་བླ་ས་སྟེངས། ས་འོག་གི་གནས་ཉི་ཤུ་རྩ་བཞི། ཉེ་བའི་གནས་དང་། དུར་ཁྲོད་ཉེ་བའི་དུར་ཁྲོད་དང་། ཚནྡྷོ་དང་ཉེ་བའི་ཚནྡྷོ་ལ་སོགས་པ་རྣམས་ལ། ཡི་གེ་ལྔ། དཔའ་བོ་སྡེ་ལྔ། མཁའ་འགྲོ་སྡེ་ལྔ། དངོས་གྲུབ་སྣ་ཚོགས་བསྒྲུབ་པར་འདོད་པ་དང་། མ་

(༤༨༦)རིག་པའི་དབང་གིས་འགྲོ་བ་རིགས་དྲུག་ཕྱི་སྣོད་ལ་ནང་བཅུད་དུ་གནས་པའི་ཚུལ་གྱིས་རྟེན་ནས་སྐྱེ་འཆི་འཕོ་འགྱུར་རིགས་དྲུག་ན། ལས་དགེ་མི་དགེ་ཡིས་འཁྲུལ་ཞིང་འཁོར་བ་རྣམས། སྐུ་བཞི་ངོ་སྤྲོད་ཀྱི་གནད་ཀྱིས་མ་རིག་པ་རང་རིག་པ་རང་སར་རིག་ཅིང་རང་ངོ་ཤེས་ན། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་པ་ནི། རང་འབྱུང་ཡི་གེ་ལྔ། ཡེ་ཤེས་རྒྱ་མཚོ་མཐའ་ཡས། དཔའ་བོ་རྒྱ་མཚོ་མཐའ་ཡས། མཁའ་འགྲོ་རྒྱ་མཚོ་མཐའ་ཡས། དངོས་གྲུབ་རྒྱ་མཚོ་མཐའ་ཡས། རང་བྱུང་དུ་རང་རིག་ཅིང་རྟོགས་ནས་རྩལ་རྫོགས་པར་གྱུར་ན། ཕྱིའི་དཔའ་བོ་མཁའ་འགྲོའི་ཚོགས་རླུང་སེམས་ཀྱིས་དབང་དུ་བསྡུ་ཞིང་ཡི་གེ་ལྔ་ལ་ཕྱི་སྤྲོ་བསྡུའི་བཟླས་པ་སྒོམ་མེད་ཀྱི་ངང་དུ། རྒྱུན་ཆད་མེད་པར་བྱས་ན། ཕྱི་ཁམས་གསུམ་ལ་གཏོགས་ཚད་རྣམས་དང་། ཞི་ཁྲོ་རབ་འབྱམ་བླ་མ་ཡི་དམ་མཁའ་འགྲོ་གསུམ་དུ་འདུས་པ་རྣམས་ལ་རང་དབང་མེད་པར་ཐམས་ཅད་ལ་དབང་བསྐུར་ཞིང་། འཁོར་འདས་གཉིས་ཀྱི་བདག་ཉིད་ཆེན་པོར་འགྱུར་བ་སྟེ། སྔགས་འཆང་རང་བྱུང་རྡོ་རྗེའི་ཁྱད་ཆོས་ཁྱད་པར་འཕགས་པ་ཡིན། རྣལ་འབྱོར་པ་རང་ཉིད་ཀྱི་འབྱུང་བ་ལྔའི་ལུས་འདི་ཉིད། སྐུ་བཞི་ངོ་སྤྲོད་ཀྱི་གནད་ཀྱིས་མ་ཟིན་ན། སེམས་ཅན་གྱི་ལུས་ངག་ཡིད་གསུམ་སྣང་བ་བཞིར་འཁྲུལ་ཞིང་། མ་རིག་པའི་འཁྲུལ་འཁོར་ཆེན་པོར་རྒྱུན་མི་ཆད་པ་སྟེ། རང་བྱུང་རང་རིག་ཕྱག་རྒྱ་ཆེན་པོར་རྟོགས་ནས་རང་ལུས་ཡེ་ཤེས་ཀྱི་ལུས། སེམས་ཡེ་ཤེས་ཀྱི་སེམས། སྣང་བ་ཡེ་ཤེས་ཀྱི་སྣང་བ། ངག་ཡེ་ཤེས་ཀྱི་ངག །རྣམ་རྟོག་ཡེ་ཤེས་ཀྱི་རྣམ་རྟོག །རང་བྱུང་ཡེ་ཤེས་ཀྱི་རྒྱ་མཚོ་གདོད་མ་ནས་ཡིན་པའི་ཕྱིར་ན། །འདི་ཐམས་ཅད་ཀུན་རིག་ཀུན་རྟོགས་པ་ལས། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ལུས་ཀྱི་མཐའ་ནི་རྟོགས་པའོ། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །

(༤༨༧)གསུངས་པའི་ཕྱིར་ན། རང་གི་ལུས་ལ་གནས་དང་ཉེ་བའི་གནས། དུར་ཁྲོད་དང་ཉེ་བའི་དུར་ཁྲོད། །ཚནྡྷོ་དང་ཉེ་བའི་ཚནྡྷོ་ལ་སོགས་པ་ལྔའི་སྒྲ་དོན་གོ་ཞིང་། སྐུ་བཞི་ངོ་སྤྲོད་གནད་ཀྱིས་རྟོགས་ན། རང་བྱུང་ཡི་གེ་ལྔ་ལ་སོགས་པ་ཡེ་ཤེས་ཀྱི་ཡི་གེ་རྒྱ་མཚོ་མཐའ་ཡས་པ་དང་། མི་བརྗེད་པའི་གཟུངས་དཔའ་བོ་སྡེ་ལྔ། མཁའ་འགྲོ་སྡེ་ལྔ། རྒྱལ་བ་རིགས་ལྔ་ཐམས་ཅད་རང་ཉིད་ལ་བཞུགས་ཤིང་རང་ཉིད་ཡིན་པ་ལ་ཕྱི་དང་ནང་གི་དཔའ་བོ་མཁའ་འགྲོའི་ཚོགས་ལ་འགྲན་པས། དབང་བསྐུར་ཞིང་སྲོག་རྩོལ་ཡེ་ཤེས་འཕྲོ་འདུ་ཡིས། ཕྱིར་སྤྲོ་ཞིང་ཚུར་བསྡུ་ཞིང་རླུང་བཟུང་ཞིང་། ཡི་གེ་བཞི་འམ་ལྔ་ལ་སོགས་པ་དཔའ་བོ་མཁའ་འགྲོའི་སྙིང་པོ་གང་ཡང་རུང་བ་ལ། ཡིད་ཀྱི་ལྕེ་རྩ་གཡོ་བ་ཙམ་དུ་སྒོམ་མེད་ལ་ལ་ཡེངས་པར་རྒྱུན་དུ་བཟླས་པ་ནི། གསང་བ་ཡེ་ཤེས་དངོས་གྲུབ་རྒྱ་མཚོའི་བཟླས་པ་ཡིན་པའི་ཕྱིར་ན། དེ་ལ་བརྟན་ཅིང་མཐར་ཕྱིན་ན། ཕྱི་ནང་གི་དཔའ་བོ་མཁའ་འགྲོ་སྤྲིན་ལྟར་དུ་འདུ་ཞིང་། ཕྲིན་ལས་སྣ་ཚོགས་དྲན་པ་ཙམ་གྱིས་མི་འགྲུབ་པ་གང་ཡང་མེད་པའི་ཕྱིར་ན། རང་གི་ལུས་ལ་འབྱུང་བ་ལྔ་གནས་པ་ལ་དབང་པོ་རབ་ཀྱིས་རང་བྱུང་དཔའ་བོ་མཁའ་འགྲོར་རྟོགས་ཤིང་དབང་ཐོབ་ན། འབྱུང་བ་ལྔའི་རྐྱེན་གྱིས་རང་ལ་མི་གནས་ཅིང་། ནམ་མཁའི་བྱ་ལྟར་འཕུར་བ་དང་། ཆུ་ལ་ཉ་ལྟར་འཕྱོ་བ་དང་། ས་ལ་བྱི་བ་ལྟར་འཛུལ་བ་དང་། བར་སྣང་ལ་རླུང་ལྟར་རྒྱུ་བ་དང་། མེ་ཆེན་པོ་ལ་ཆགས་ཐོགས་མེད་པར་གནས་ཤིང་འབྱུང་བ་ལྔ་ལ་རང་དབང་ཐོབ་པ་དང་། ཡང་ན་རླུང་སེམས་ཀྱི་གནད་ཀྱིས་དྲན་པ་ཙམ་གྱིས་འབྱུང་བ་ལྔ་རང་ཉིད་དུ་གཞན་གྱི་ནམ་མཁའ་ལ་སོགས་པར་མཐོང་

(༤༨༨)བའི་ཟད་པར་དང་། ཟིལ་གནོན་སྤྲུལ་བསྒྱུར་སྣ་ཚོགས་རང་སྣང་གཞན་སྣང་གཉིས་ཀ་སྟོན་ནུས་པ་དང་། རང་གི་ལུས་ལ་ནད་རིགས་སུམ་བརྒྱ་དྲུག་བཅུ། བགེགས་རིགས་སྟོང་ཕྲག་བརྒྱད་བཅུ། རྩ་བཞི་རྐྱེན་ཉི་ཁྲི་ཆིག་སྟོང་། སེམས་ཅན་གྱི་ལུས་ལའང་གནས་ལ། རང་གཅིག་པུའི་ལུས་ལ་གནས་པ་རྣམས་ལ། རང་བྱུང་ཡེ་ཤེས་ཡི་གེ་ལྔ། མཁའ་འགྲོ་སྡེ་ལྔ། རླུང་སེམས་ལ་དབང་ཐོབ་ཅིང་། དེ་རྣམས་ལ་རང་དབང་རང་རིག་ཐོབ་ཅིང་། རྟོགས་ན་མི་སོགས་གཞན་རྣམས་ཀྱིས་ཀྱང་། ནད་གདོན་རྐྱེན་ངན་པ་སྡུག་བསྔལ་ཉོན་མོངས་ཀྱི་ཚོགས་རྣམས་ཀྱི་ལས་མཐོང་བས་ཐོས་པའམ། དྲན་པའམ། བལྟས་པའམ། བྱིན་བརླབས་བྱས་པའི་ནུས་པ་བརྗོད་པ་ཙམ་གྱིས་ཀྱང་སྡུག་བསྔལ་ནད་ཀྱིས་གཟིར་བ་རྣམས་སྐད་ཅིག་ལ་ཞི་ཞིང་གནས་པར་འགྱུར་བ་ནི། ནང་གི་དཔའ་བོ་སྡེ་ལྔ་རང་ཉིད་ལ་རིག་ཅིང་རྟོགས་པ་རྣམས་ཕྲིན་ལས་བྱིན་བརླབས་རང་བྱུང་དུ་འབྱུང་བ་སྟེ། རྟོགས་ལྡན་རང་བྱུང་རྡོ་རྗེ་ཡི། །བུ་སློབ་རྣམས་ཀྱིས་མཁྱེན་པར་མཛོད། །གསང་བའི་ཡི་གེ་སྡེ་ལྔ། དཔའ་བོ་སྡེ་ལྔ། མཁའ་འགྲོ་སྡེ་ལྔ། རིག་མ་རིག་གཉིས་ཀྱི་སོ་མཚམས་འབྱེད་པ་ནི་འདི་ལྟ་སྟེ། མངལ་སྐྱེས་ཀྱི་སེམས་ཅན་སྤྱི་ཁྱབ་དང་། རང་ཉིད་ལ་རྩ་གསུམ་རྩའི་ངོ་བོ་སུམ་བཅུ་སོ་བདུན། སྦྱོར་དྲུག་རྣལ་འབྱོར་མའི་རྒྱུད་གསུངས་པའི་ཕྱིར་ན། འཁོར་ལོ་ལྔ་བྱས་ཀྱང་། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ཀྱི་previous hit དགོངས next hit་ལས། འཁོར་ལོ་དྲུག་ཏུ་གསུངས་ཤིང་། རྩ་སྟོང་ཕྲག་བདུན་བཅུ་རྩ་བདུན་ན། ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ཡང་། རྩ་རླུང་བེམ་པོ་མཚན་བཅས་གདོད་མ་ནས་ཡིད་ཀྱི་ཡུལ་དུ་མ་གྲུབ་ཅིང་། མིང་དང་ཐ་སྙད་ཙམ་དུ་

(༤༨༩)སྒྲོ་འདོགས་ཀྱང་། ཀུན་རྫོབ་ཙམ་དུ་སོ་སོར་བརྗོད་ཅིང་སྣང་བ་ཡང་། དོན་དམ་པར་མ་གྲུབ་ཀྱང་མ་རིག་པའི་དབང་གིས་སེམས་ཅན་རྣམས་ཀྱང་། སྐྱེ་རྒྱུད་འབྱུང་བ་ལྔའི་ཐིག་ལེ་ལ་གྲངས་ཅན་གྲངས་མེད་རྩ་རླུང་གཉིས་ལ་ཁྱབ་ཅིང་གནས་པ་སྟེ། ཀུན་གཞི་གཤིས་འགྱུར་བ་མེད་པའི་དབྱིངས་སོ། །རང་བཞིན་མཚན་ཉིད་ལྔ། རང་རིག་དང་མ་རིག་ཅིང་། །རང་ས་མ་ཟིན་རང་ངོ་མ་ཤེས་ན། གཤིས་ལྔ་ཡི་གེ་ལྔ་དང་ཐ་དད་མེད་པར་དུག་ལྔར་འཁྲུལ། དེའི་དབང་གིས། ཕུང་པོ་ལྔ། འབྱུང་བ་ལྔ། རྩ་ལྔ། ཐིག་ལེ་ཡུལ་དང་ཡུལ་ཅན་བཅུ། །ཁམས་སྐྱེད་མཆེད། དཔའ་བོ་ལྔ་ལ་སོགས་པ། གྲངས་ཅན་ཉི་ཤུ་རྩ་ལྔར་འཁྲུལ་ཞིང་། ཁམས་གསུམ་རིགས་དྲུག་ཏུ་སྐྱེ་ཞིང་འཇིག་ལ། མ་རིག་པའི་འཁྲུལ་འཁོར་རྒྱུན་མི་ཆད་པའོ། །རང་བྱུང་སྐུ་བཞི་ངོ་སྤྲོད་ཀྱི་གནད་ཀྱིས་ཟིན་ཅིང་གནད་གཞི་ཆོས་ཉིད་ཀྱི་འཁོར་ལོ་ཐབས་དང་ཤེས་རབ་དབྱེར་མེད་ཀྱིས་ངོ་སྤྲོད་ཅིང་། བྱིན་བརླབས་ཉམས་སུ་མྱོང་ན། རྩ་གསུམ་དཔའ་བོ་མཁའ་འགྲོ་སྐུ་གསུང་ཐུགས་གདོད་མ་ནས་ཡིན་ཅིང་། འདིར་རང་གིས་རང་ངོ་ཤེས་པ་ལས། འཁོར་ལོ་ལྔའམ་དྲུག་གཤིས་ལྔ་ཡི་གེ་ལྔ་དང་ཐ་དད་མེད་པར་རང་གིས་རང་རིག་པར་ནི་ཡེ་ཤེས་ལྔ། རིགས་ལྔ། ཡུམ་ལྔ། དཔའ་བོ་སྡེ་ལྔ། མཁའ་འགྲོ་སྡེ་ལྔ། །རྩ་སྟོང་ཕྲག་བདུན་བཅུ་རྩ་བདུན། ཡེ་ཤེས་ཀྱི་དཔའ་བོ་མཁའ་འགྲོ་སྟོང་ཕྲག་བདུན་བཅུ་རྩ་བདུན་གྱིས། རང་བྱུང་རང་གནས། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རིག་ཅིང་རྟོགས་ནས་ལོངས་སྐུའི་སྐུ་གསུང་ཐུགས་ཀྱི་དཔའ་བོ་མཁའ་འགྲོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རང་

(༤༩༠)གནས་རང་རྒྱུ་ཞིང་། དེ་ལྟར་རིག་ཅིང་རྩལ་ཆེན་རྫོགས་ན། །སྤྱན་ལྔ་མངོན་པར་ཤེས་པ་དྲུག །གང་དང་གང་ཡང་སྒྲིབ་པ་མེད་པར་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་ཞིང་ཐིག་ལེ་ཡེ་ཤེས་ཀྱི་ཐིག་ལེ་གཟུགས་སྐུ་རྣམ་གཉིས་འཁྲུང་ཞིང་། གཟུགས་སྐུ་འགྲོ་དོན་མཛད་པའི་རྒྱུ་ཡིན་ཞིང་། དེ་རྣམས་ཆ་མཉམ་པར་མ་འདྲེས་པར་ཡོངས་སུ་རྫོགས་པར་ཡེ་ཤེས་རང་བྱུང་ལྷུན་གྱིས་གྲུབ་པ། སྤྱི་བོར་བདེ་ཆེན་གྱི་འཁོར་ལོ་ཕུན་སུམ་ཚོགས་པ་ལྔའི་རླུང་སེམས་ཡེ་ཤེས་སུ་འདུས་ནས་ཞི་ཁྲོ་རབ་འབྱམས་ཀྱི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོས་ཀུན་ལ་ཁྱབ་ཅིང་སྐུའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་རང་ཤུགས་ཀྱིས་འབྱུང་བ་སྟེ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རང་བྱུང་ཧྲི་ལ་སོགས་པ། ཡེ་ཤེས་ཀྱི་ཕུན་སུམ་ཚོགས་པ་ལྔའི་རླུང་སེམས་འདུས་ན་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་རབ་འབྱམ་བཀའ་ལ་ལུང་ཆེན་ཐོབ་པའི་ཕྱིར་ན། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རུ་རང་བྱུང་ཡི་གེ་ལྔ་ཉིད་དང་། ཨ་ལི་ཀ་ལི་མཉམ་སྦྱོར་ཅིང་། ངག་མཁའ་འགྲོས་བྱིན་གྱིས་བརླབས་པ་ཡིས། །རབ་འབྱམ་བཀའ་ལ་ལུང་ཆེན་ཐོབ། ད་ལྟ་ཀུན་མཁྱེན་རང་བྱུང་རྡོ་རྗེ་ཡིན་པས་མངོན་སུམ་ཚད་མའོ། །སྙིང་ག་ཆོས་ཀྱི་འཁོར་ལོ་རུ། གཤིས་འགྱུར་བ་མེད་པ་དང་། རང་བྱུང་ཧཱུྃ་གཉིས་ཐ་དད་མེད་པ་ལས། མི་འགྱུར་ཐུགས་ཀྱི་ཕུན་སུམ་ཚོགས་པ་ལྔར། འཕོ་འགྱུར་མེད་པར་རྟོགས་པ་ཡི། འཕོ་འགྱུར་མེད་པ་ཡེ་ཤེས་ཀྱི་རླུང་སེམས་འདུས་ནས། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཕྲིན་ལས་ཁམས་གསུམ་ཁྱབ་པ་འབྱུང་བ་སྟེ། ལྟེ་བ་སྤྲུལ་པའི་འཁོར་ལོ་རུ། རང་བྱུང་ཡི་གེ་ལྔ་།།།།།གཉིས་སུ་མེད་པ་ཡོན་ཏན་རང་བྱུང་ཏྲཾ། ཕུན་སུམ་ཚོགས་པ་ལྔར་

(༤༩༡)རླུང་སེམས་རང་བྱུང་རང་སར་འདུས་ན་ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡིས་འཁོར་འདས་ཡོངས་ལ་ཁྱབ་ཅིང་། གསང་གནས་མི་འགྱུར་རྡོ་རྗེའི་འཁོར་ལོ་མཚན་ཉིད་དགག་སྒྲུབ་མེད་པ། རང་བྱུང་ཡི་གེ་ལྔ། རང་གནས་སུ་རང་འགྱུར་ཨོཾ། ཕུན་སུམ་ཚོགས་པ་ལྔར་དགག་སྒྲུབ་ཆགས་ཐོགས་མེད་པ་བྱ་བ་སྒྲུབ་པའི་ཡེ་ཤེས་སུ་རླུང་འདུས་ན། ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡིས། འཁོར་འདས་ཆོས་ཀྱི་དབྱིངས་དང་མཉམ་པར་ཁྱབ་པ་ལས། སུམ་མདོ་ཀུན་ཏུ་རྡོ་རྗེ་འཆང་གི་རང་བྱུང་རང་གནས་སུ། རིགས་ལྔ་ཡབ་ཡུམ་བཅུ། བཀའ་གསར་རྙིང་ཞི་ཁྲོ་རབ་འབྱམས་གྱི་ལྷ་ཚོགས་རྣམས་དང་། དཔའ་བོ་སྡེ་ལྔ། མཁའ་འགྲོ་སྡེ་ལྔ། རང་བྱུང་ཡི་གེ་ལྔ། ཨེ་བམ་མ་ཡ། ཨ་ལི་ཀ་ལི་ཀུན་ཁྱབ་ཡི་གེའི་ཚོགས་རྣམས་དང་། སྐུ་བཞི་འདུ་འབྲལ་མེད་པ་ཕུན་སུམ་ཚོགས་པ་ལྔ་ལྔ་རྣམས་ཆོས་སྐུ་རྡོ་རྗེ་འཆང་དུ་ཐམས་ཅད་གཅིག་ཏུ་འདུས་ཤིང་། ཆོས་དབྱིངས་རབ་འབྱམས། རྟོགས་པ་རབ་འབྱམ་ཐམས་ཅད་མ་འདྲེས་པ་སོ་སོར་རང་ཉིད་རྫོགས་པའི་ཕྱིར། མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས་ཀྱང་རིགས་ལྔ་ལ་ནི། ཀུན་སྤྱོད་པ་རིགས་གཅིག་ཏུ་ནི་རྣམ་པར་བཏགས་གསུངས་པའི་ཕྱིར་ན། གཤིས་འགྱུར་བ་མེད་པའི་དབྱིངས་ངོ་བོ་རང་བཞིན་མཚན་ཉིད་ལྔ་དང་། རང་བྱུང་ཡི་གེ་ལྔ་གཉིས་ཚོགས་ཐ་དད་ཡོད་ན་ཡང་། དོན་ངོ་བོ་གཅིག་པ་ཡིན། དེའི་ཕྱིར་ན་ཀུན་གཞི་གནས་ལུགས་མ་རིག་ན། གཤིས་ལྔ་ཡི་གེ་ལྔ་ཡི་གེ་ལྔ་ཡང་ཀུན་གཞིའི་ཀུན་འབྱུང་བའི་ཆོས་ཅན་དུ་འཁྲུལ་ནས་འགྲོ་དྲུག་བར་དོ་དང་བཅས་པའི་སྐྱེ་རྒྱུད་དང་སྲོག་ཡིན་པའི་ཕྱིར་ན། རང་གིས་རང་རིག་ནས། རང་ཉིད་ལ་རང་ཐང་འཁྲུལ་པ་ལ་སངས་རྒྱས་

(༤༩༢)ནམ་ཡང་མི་སྲིད་དོ། ཀུན་གཞི་གནས་ལུགས་རང་སར་རང་རིག་ཅིང་། རང་བྱུང་ཡེ་ཤེས་མཐའ་ཡས་སུ་རིག་ཅིང་རྩལ་རྫོགས་ན་རྡོ་རྗེ་འཆང་ཆེན་རང་ཉིད་ཡིན་པའི་ཕྱིར་ན། ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་དཔའ་བོ་མཁའ་འགྲོ། ཞི་ཁྲོ་རབ་འབྱམ་རིགས་ལྔ་ཐ་སྙད་དུ་མར་སྒྲོ་འདོགས་ཤིང་བརྗོད་ན་ཡང་། སོ་སོ་མ་ཡིན་ཐ་མ་དད་ཅིང་། ཐེག་པ་གོང་མ་གསུམ་གྱིས་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། བླ་མ་ཡི་དམ་མཁའ་འགྲོ་གསུམ་གདོད་མ་ནས་ཡིན་ཅིང་། ཡིན་པར་ངོ་སྤྲོད་ཅིང་། རང་བྱུང་ཡེ་ཤེས་སུ་བྱིན་གྱིས་བརླབས་ནས། སྐུ་བཞི་འདུ་འབྲལ་མེད་ཅིང་། སྐུ་ལྔ་རང་ལ་ཡོངས་སུ་རྫོགས་པ་དང་མ་རྫོགས་པའི་ས་མཚམས་རིག་མ་རིག་གཉིས་ཀྱིས་འབྱེད་ཅིང་། སྐད་ཅིག་གཅིག་གིས་བྱེ་ཕྲག་ཕྱེད། སྐད་ཅིག་ཅིག་གིས་རྫོགས་སངས་རྒྱས། ཡེ་ཤེས་མིག་གཅིག་དྲི་མ་མེད། །གསུངས་པའི་དོན། གང་དང་གང་གིས་རྟོགས་ན། མཐར་ཐུག་འདི་ལས་མེད་དོ། དུར་ཁྲོད་གསང་བ་ཁྱུ་བྱུག་རོལ་པའི་མདོ་ལས་འཕྲོས་པ། གསང་བའི་མཚན་ཅན་རྒྱུད་སྡེ་བཞི་བཅུའི་འགྲེལ་པ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། རླུང་སེམས་གཉིས་སུ་ངོ་སྤྲོད་ཅིང་རྟོགས་པ་སྟེ། གསང་བ་ཐམས་ཅད་ཀྱི་སྒྲ་དོན་གཅིག་ཏུ་བསྡུས་པ་གསང་བ་འདུས་པའི་རྒྱུད་ལས། རིགས་ལྔ་ཡབ་ཡུམ་སྲས་དང་བཅས་པ་རྣམས། བུད་མེད་ཀྱི་ཚུལ་དུ་སྤྲུལ་ཞིང་གསུངས་པ་ཡང་དཔའ་བོ་རྒྱ་མཚོ། མཁའ་འགྲོ་རྒྱ་མཚོ་གདོད་མ་ནས་རང་ཉིད་ལ་རྫོགས་ཅིང་གྲུབ་ཐག་ཉེ། བྱིན་བརླབས་རྨད་དུ་འབྱུང་བའི་ཕྱིར་ན། །དུག་ལྔ་མ་བཅོས་རང་སར་རིག་ཅིང་རྟོགས་པ་ལས། ཞེ་སྡང་རྡོ་རྗེ། འདོད་ཆགས་རྡོ་རྗེ། ང་རྒྱལ་རྡོ་རྗེ། ཕྲག་དོག་རྡོ་རྗེ། རྡོ་རྗེའི་དོན་ནི་མ་

(༤༩༣)རིག་པ། །ད་ནི་མ་རིག་པ་དང་རིག་པའི་ཡེ་ཤེས་རྒྱུན་མི་འགྱུར་འགྱུར་བ་མེད་པའི་རིགས་རྣམས་རང་བཞིན་ལྷུན་གྱིས་གྲུབ་པའི་རིགས་ལྔ་ཡབ་ཡུམ་ཡུལ་དང་ཡུལ་ཅན། ལྷན་ཅིག་སྐྱེས་པར་གང་གིས་རིག་ཅིང་རྟོགས་པ་ནི། རིགས་ལྔ་ཡབ་ཡུམ་བཅུ་ཡིན་པར་གསུངས་ཤིང་ངོ་སྤྲོད་པ་དང་། རླུང་ཞེས་བྱ་བ་ལས་ཀུན་བྱེད། དེ་བཞིན་གཤེགས་པའི་ཚོགས་བསྲེགས་ནས། །དངོས་གྲུབ་དམ་པ་ཐོབ་པར་འགྱུར། གསུངས་པའི་དོན་ཡང་སངས་རྒྱས་རྣམས་ཀྱི་བྱ་བ་སྒྲུབ་པའི་ཡེ་ཤེས་དང་། མ་རིག་པའི་དབང་གིས་སྲོག་རྩོལ་རླུང་ལ་དབང་མ་ཐོབ་ན། སེམས་ཅན་རྣམས་ཀྱི་རྟེན་འབྲེལ་བཅུ་གཉིས། འདུ་བྱེད་ཕུང་པོ་སྣ་ཚོགས་པའི་ལས་རྣམས་གྲུབ་པ་སྟེ། སེམས་ཉིད་ལས་སེམས་བྱུང་གདོད་མ་ནས་རང་གིས་རང་རིག་ན་དེ་བཞིན་གཤེགས་པའི་ཚོགས་ཡིན་པ་ལས། མ་རིག་པའི་དབང་གིས། རང་བྱུང་རྣམ་པར་རྟོག་པའི་ཚོགས་རྣམས་འགྲོ་བ་རིགས་དྲུག་གི་སྲོག་ཏུ་གྱུར་པ་སྟེ། །མ་རིག་པ་དང་རིག་ན་རང་བྱུང་ཡེ་ཤེས་དང་། །དེ་བཞིན་གཤེགས་པའི་ཚོགས་ཡིན་པའི་ཕྱིར་ན། །རྣམ་རྟོག་མི་བཀག་ཡེ་ཤེས་རྒྱ་མཚོ་དང་། །སྐུ་གཟུགས་སྣ་ཚོགས་ཡིན་པས་སྒོམ་ཆེན་རྣམས་ཀྱིས་མཁྱེན་པར་མཛོད། སྲོག་རྩོལ་རླུང་ལ་དབང་མ་ཐོབ་ཀྱི་བར་དུ། མཆོག་ ཐུན་མོང་གི་དངོས་གྲུབ་སྐུ་ལྔའི་སངས་རྒྱས་རང་ལ་རྫོགས་པར་མ་རེ་མཛོད། དེའི་ཕྱིར་ན་ལོངས་སྐུ་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་གདོད་མ་ནས་བེམ་པོར་མ་གྲུབ་ཅིང་དཔེར་ན་སྤྲིན་མེད་ནམ་མཁའ། ཉི་ཟླ་འམ། འོད་དམ། འཇའ་ཚོན་ལེགས་པའི་དཔེ་བཞིན་དུ། མཐོང་རྒྱུད་ཡོད་ལ། བཟུང་རྒྱུ་མེད་ལ། རྣལ་འབྱོར་བླ་ན་མེད་པ་སྐུ་བཞི་ངོ་སྤྲོད་ཀྱི་གནད་ལ་རྩལ་རྫོགས་ན་ཕྲིན་ལས་སྣ་ཚོགས་

(༤༩༤)རང་དབང་མེད་པར་དྲན་ཙམ་མམ་རླུང་འགྲོ་འོང་གནས་ཙམ་གྱིས་ཕྲིན་ལས་ཐམས་ཅད། ལོངས་སྐུའི་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྒྲུབ་པའི་ཕྱིར་ན། ཐམས་ཅད་ལ་དབང་བསྒྱུར་ཞིང་། དབང་བསྡུད་རྣམས་ཀྱི་མཆོག་ཏུ་གྱུར་པའོ། །རྒྱལ་བ་སྲས་དང་བཅས་པ་རྣམས་གང་ལ་གང་འདུལ་དེ་ལ་དེར་སྟོན། སེམས་ཅན་རྣམས་ཀྱི་དོན་དུ་འཕྲུལ་པ་ནི་འགྲོ་བ་རིགས་དྲུག་དང་ཆ་ལུགས་མཐུན་པར་བེམ་པོར་གྱུར་ཅིང་སྐྱེ་འཇིག་ཅན། སེམས་ཅན་རྣམས་དང་སྤྱོད་པ་མཐུན་པར་སྟེ། སྐུ་བཞི་ངོ་སྤྲོད་འདིའི་གནད་ཀྱིས་གཟུགས་སྐུ་སྤྲུལ་སྐུ། འགྲོ་བ་རིགས་དྲུག་བར་དོ་དང་བཅས་པའི། རང་དང་མཐུན་པར་རྫུ་འཕྲུལ་ཆོ་འཕྲུལ་པས་ཀུན་ལ་ཁྱབ་ཅིང་སྨིན་ཅིང་གྲོལ་བའོ། །དེའི་ཕྱིར་ན་སྐད་ཅིག་ཙམ་གྱིས་མ་རིག་པ་རང་རིག་པར་ངོ་སྤྲོད་ཅིང་བྱིན་གྱིས་བརླབས་པ་ནི། ཆོས་རང་བྱུང་བླ་མེད་རྡོ་རྗེ་ཡིན་པ་མངོན་སུམ་ཚད་མ་སྟེ་མ་འོངས་གདུལ་བྱ་རྣམས་ཀྱིས་མཁྱེན་པར་མཛོད་ཅིག་ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་དུ་རྟོག་པ་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། གསུངས་པའི་ཕྱིར་ན། དཔའ་བོ་མཁའ་འགྲོའི་ཚོགས་རྣམས་རྣམ་རྟོག་ཉོན་མོངས་ཀྱི་ཚོགས་དང་ལྡན་པའི་སེམས་ཅན་རྣམས་ཀྱི་དོན་དུ་སྐྱེས་པ་དང་བུད་མེད་ཀྱི་ཚོགས་རྣམ་པར་སྦྲུམ་ཞིང་། །འཇིག་རྟེན་གྱི་བྱ་བ་སྣ་ཚོགས་ལ་སྤྱོད་ཅིང་འཇུག་ན། གདུལ་བྱ་རྣམས་དང་མཐུན་པར་གདུལ་བྱར་གྱུར་ཚད་རྣམས་སྨིན་ཅིང་གྲོལ་བ་སྟེ་དཔའ་བོ་མཁའ་འགྲོའི་རྣམ་པར་འཕྲུལ་པས་མ་ཁྱབ་པ་མེད་ཅིང་ཀུན་ལ་ཁྱབ་པའོ། །འཇིག་རྟེན་གྱི་དཔའ་བོ་མཁའ་འགྲོ་ཞེས་བྱ་བ་ནི། མ་རིག་པའི་དབང་གིས་ལས་དགེ་སྡིག་སྣ་ཚོགས་ཀྱི་རིགས་དྲུག་གི་ཕོ་མོ་སྣ་ཚོགས་སུ་སྐྱེ་

(༤༩༥)ཞིང་། སྐྱིད་སྡུག་སྣ་ཚོགས་ཀྱི་རྒྱུ་ལས་བྱུང་ཞིང་གྲུབ་པ་རྣམས་ཀྱི་སྐུ་བཞི་ངོ་སྤྲོད་ཀྱི་གནད་ཀྱིས་རླུང་སེམས་ལ་དབང་ཐོབ་པའི་སྒོམ་ཆེན་རྣལ་འབྱོར་པ་རྣམས་ཀྱིས་རང་དབང་མེད་པར་དབང་དུ་འདུས་ཤིང་ཐམས་ཅད་ལ་དབང་བསྒྱུར་ནས། ཁམས་གསུམ་ཡོངས་ཀྱི་བདག་པོར་མི་འགྱུར་ཁ་མེད་པའོ། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལ་སོགས་པ་ཐིག་ལེ་ཉི་ཤུ་རྩ་ལྔའི་རྒྱུད་ཀྱི་previous hit དགོངས next hit་གཅིག་ཏུ་བསྡུས་པ་ཡིས་ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་རང་བྱུང་གི་ཡི་གེ་ལྔ། དཔའ་བོ་སྡེ་ལྔ། མཁའ་འགྲོ་སྡེ་ལྔར་སྟོན་ཅིང་ངོ་སྤྲོད་པ་ལས། གང་དང་གང་གིས་གྲུབ་ན། དངོས་གྲུབ་སྣ་ཚོགས་ཆོས་ཀྱི་དབྱིངས་དང་མཉམ་པར་རྩོལ་སྒྲུབ་མེད་པར་འབྱུང་བ་སྟེ། མཁའ་འགྲོ་མའི་འཁོར་ལོ་བསྒྱུར། མཁའ་འགྲོ་མའི་དྲ་བ་སྡོམ། གསུངས་པ་ཡང་། རང་འབྱུང་ཡི་གེ་ལྔ་དང་རླུང་སེམས་གཉིས་ཐ་དད་མེད་པ་ལ། དབང་གིས་ཐོབ་ཅིང་གྲུབ་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་ན། ཤིང་ཁྱད་པར་དུ་འཕགས་པ་སྣ་ཚོགས་དང་ནང་བཅུད་ཀྱི་སེམས་ཅན་གྱི་ལུས་ངག་ཡིད་གསུམ་ལ་སོགས་པ་རྣལ་འབྱོར་བླ་ན་མེད་པའི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མ་རིག །གཅིག་གི་དབྱིངས་སུ་གཙོ་ཆེར་གང་དང་གང་ཡིན་པ་ལ་སོགས་པ་ཚུར་བསྡུ། ཕྱིར་གཏོང་བས་དབང་བསྒྱུར་བ་ལ་སོགས་པ་རླུང་འགྲོ་འོང་གནས་གསུམ་བསྲེ་བའི་ལུགས་བཞིན། ཟབ་ཆོས་རྒྱ་མཚོ་མཐའ་ཡས་པ་ལྟར་བྱས་ན། ཐམས་ཅད་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་རང་དབང་མེད་པར་བསྡུ་ཞིང་ཆོས་དང་། ལོངས་སྤྱོད་རྫོགས་པར་ལྡན་ན། ཐམས་ཅད་སྨིན་ཅིང་གྲོལ་བར་དང་། སངས་རྒྱས་སེམས་ཅན་གཉིས་ལ་དབང་བསྒྱུར་ཞིང་། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས་ཀྱང་། སྐུའི་གནད་ལ་རྩལ་རྫོགས་ཤིང་རླུང་སེམས་གཉིས་ཁ་དབང་ཐོབ་ནས། དེ་ཉིད་རྟོགས་པའི་རྣལ་འབྱོར་པས། །རང་གནས་བྱིན་བརླབས་བྱས་པ་ནི། །བསྐལ་པ་གཅིག་གམ་བསྐལ་པ་གསུམ། །ཡལ་ཞིང་འཇིག་པར་མི་འགྱུར་རོ། །གསུངས་པའི་ཕྱིར་ན། དེ་ལྟར་རང་བྱུང་ཡི་གེ་ལྔ་

(༤༩༦)དང་། རླུང་སེམས་ལ་རྩལ་ཆེན་པོ་རྫོགས་པ་གང་དང་གང་ན་འདུག་ཀྱང་། འོག་མིན་གྱི་གནས་དང་ཐ་དད་མེད་ཅིང་། ཁ་རླངས་ཀྱང་འཇའ་དང་འོད་དུ་འབྱུང་ཞིང་། ཡེ་ཤེས་ལྷུན་གྱིས་གྲུབ་པའི་རང་བྱུང་ཏིང་ངེ་འཛིན་གར་གཏད་དུ་རྟེན་ལ་སོགས་པ་ཞི་ཁྲོ་རབ་འབྱམ་དཔའ་བོ་མཁའ་འགྲོས་བྱིན་གྱིས་བརླབས་པའི་རྟགས་སུ་འཇའ་དང་། འོད་དང་། མི་དང་གདུལ་བྱར་གྱུར་པ་རྣམས། སྣང་བ་བསྒྱུར་བ། བྱིན་གྱིས་བརླབ་པ། བསམ་གྱིས་མི་ཁྱབ་པ་འབྱུང་བ་སྟེ། དེ་ལྟར་དུ་རབ་ཏུ་གནས་ཤིང་བྱིན་བརླབས་ཞུགས་པའི་རྟེན་རྣམས་ཕྱི་མའི་མུ་མཐར་ཐུག་གི་བར་དུ་བྱིན་བརླབས་ཀྱི་དངོས་གྲུབ་རྒྱུན་ཆད་མེད་པར་འབྱུང་བ་སྟེ། ད་ལྟར་གྱི་ཁ་འཕྱར་ཁ་འཁྱིལ་ཁྲིའམ་འབུམ་ལ་སོགས་པ་ལྷན་དུ་གཞག་པས་ཀྱང་། ཡོན་ཏན་ཕྲིན་ལས་ཆེ་བར་འབྱུང་བའི་ཕྱིར་ན་དབང་མཆོག་དབང་བསྒྱུར་བ་ཅུང་ཟད་ཙམ། མིང་ཡོངས་སུ་གྲགས་པ་ཀརྨ་པ་ལ་ད་ལྟར་སྣང་ཞིང་། །འབྱུང་བ་མངོན་སུམ་ཚད་མ་སྟེ། །རྨོངས་པ་རྣམས་ཀྱིས་མི་ཤེས་སོ། དངོས་གྲུབ་རང་བྱུང་སྔགས་འཆང་རང་བྱུང་རྡོ་རྗེས་ཕྱི་སྣོད་ནང་བཅུད་ཐམས་ཅད་ལ་བྱིན་གྱིས་བརླབས་ཤིང་། ལྷན་སྐྱེས་བདེ་བ་ཆེན་པོར་རབ་ཏུ་མི་གནས་པ་མེད་པའི་ཕྱིར་ན་སྒོམ་ཆེན་རང་བྱུང་རྡོ་རྗེས་རབ་ཏུ་གནས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་དང་། ཆོས་དང་གདམ་ངག་རྣམས་དང་། སྨིན་ཅིང་གྲོལ་བའི་བུ་སློབ་རྣམས་ཀྱིས་སྐུ་བཞི་ངོ་སྤྲོད་ཀྱི་བརྒྱུད་པ་ནམ་ཡང་ཆད་པར་མི་འགྱུར་རོ། །དེ་འདྲ་བའི་དངོས་གྲུབ་འབྱུང་བར་འདོད་པ་རྣམས་ཀྱིས་རང་དོན་འདི་ལྟ་བུ་བྱ། རང་བྱུང་ཡི་གེ་ལྔ་ཞི་ཁྲོ་རབ་འབྱམ་ཐམས་ཅད་ཀྱི་སྙིང་པོ་དང་ས་བོན་ཡིན་པ་སྟེ། རྒྱུད་ལུང་མན་ངག་

(༤༩༧)གང་དང་གང་འབྱོར་བ་ཡང་ཀུན་ལ་མ་ཁྱབ་པ་མེད་པ་ལས། ཐ་མལ་པ་སྐྱེ་བོ་རྣམས་ཀྱིས་མི་ལོབས་མི་ཤེས་པའི་ཕྱིར། ཐུགས་རྗེ་ཆེན་པོའི་ཡི་གེ་དྲུག་མ་ཐམས་ཅད་ཀྱིས་ཤེས་ཤིང་། ཨོཾ་མ་ཎི་པདྨེ་ཧཱུྃ། གང་དང་གང་ལ་ཡང་བསླབ་མི་དགོས་པ་སྟེ། རང་བྱུང་ཡི་གེ་ལྔ་འམ་བཞི། མ་ནི་པདྨེ་དང་སྦྱོར་ཞིང་། རང་ག་མ་དང་བཟླས་པའམ། དཀྲུགས་ཏེ་བཟླས་ཤིང་རྒྱལ་བ་རྒྱ་མཚོ་དང་། རྗེ་བཙུན་མ་ཞལ་གཅིག་མའི་ལུགས་བཞིན་དུ་དབང་བསྐུར་ཚོགས་མཆོད་ལས་ཁ་ཚར་དེ་ན་ཇི་ལྟར་གསུངས་པ་བཞིན་དུ་མེ་མཆོད་ལ་སོགས་པ་བསྒྲུབ་པར་བྱའོ། །གདོད་ནས་སྐུ་བཞི་ངོ་སྤྲོད་ཀྱི་རྩ་བ་རང་བྱུང་ཨོཾ་ཨཱཧཱུྃ་ཧྲཱིཡིན་པ་སྟེ། ཧཱུྃ་ཆོས་ཀྱི་སྐུ། ཨཱལོངས་སྤྱོད་རྫོགས་པའི་སྐུ། ཨོཾ་སྤྲུལ་པའི་སྐུ། ཧྲཱིསྐུ་བཞི་འདུ་འབྲལ་མེད་པ། རང་བྱུང་རང་གནས་ཡིན་པའི་ཕྱིར་ན། སྣོད་དུ་རུང་མི་རུང་མེད་ཅིང་། གྲུབ་མཐས་བློ་བསྒྱུར་བ་དང་། མ་སྒྱུར་བ་མེད་པ་ཐམས་ཅད་ལ་སྐུ་བཞི་ངོ་སྤྲོད་ཀྱི་ཁྲིད་དང་། བྱིན་བརླབས་མ་བྱས་པར་ཟབ་ཆོས་ཁྱད་ཆོས་འདི་རྣམས་བཤད་ཅིང་བསྟན་པར་མི་བྱ་སྟེ། ཅིའི་ཕྱིར་ན། རང་གིས་རང་རིག་པར་རང་བྱུང་ཡི་གེ་ལྔ་རླུང་སེམས་གནད་ཀྱི་འཁོར་ལོ་བསྐོར་ན། གཟུང་འཛིན་མ་རིག་འཁྲུལ་འཁོར་ཡིན་པའི་ཕྱིར་ན། སྐྱོན་དང་ཡོན་ཏན་སྣ་ཚོགས་འབྱུང་ཞིང་འཁོར་བའི་རྒྱུ་འབྲས་ཡིན་པ་སྟེ། མ་རིག་པ་རིག་པའི་ཡེ་ཤེས་ཡིད་ལ་བྱར་མེད། སྒོམ་མེད་ཀྱི་དབྱིངས་སུ་རང་བྱུང་ཡི་གེ་ལྔ་དང་། རླུང་སེམས་གནད་ཀྱི་འཁོར་ལོ་གྲུབ་རྟགས་སྣ་ཚོགས་རང་སྣང་གཞན་སྣང་དུ་སྟོན་མི་ནུས་ཀྱི་བར་དུ། རླུང་སེམས་རང་བྱུང་

(༤༩༨)ཡི་གེ་ལྔ་གཉིས་སུ་མེད་ཅིང་ཐ་དད་མེད་པ་ལ་དར་དྲག་ལ་ཡུན་རིང་དུ་བསྒོམ་པ་མན་ངག་ཡིན། གང་ན་འདུག་ཀྱང་གཞལ་ཡས་ཁང་། སུ་དང་ཐུག་ཀྱང་དཔའ་བོ་མཁའ་འགྲོ་སྟེ། ཇི་ལྟར་བྱས་ཀྱང་ཆོས་ཀྱི་སྐུ་གསུངས་པའི་ཕྱིར་ན། སྒྲུབ་པའི་གནས་ལ་ཁྱད་པར་གསུངས་ཀྱང་། ཁྱད་པར་སྒྲུབ་ཐབ་ཉེ་བའི་གནས། སྐམ་པོ་གནས་ན། སྦུང་རི། སྤོམ་བྲག །རྒོད་ཚང་འདྲ་བའམ། ཙཱ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོ་ཤ་བུ་སྟག་སྒོམ་མམ། ཏི་རང་། རི་བོ་ཏ་ལའམ། དེ་ལ་སོགས་པའི་སྒྲུབ་གནས་རྣམས་སུ། ཆོས་འདི་རྣམས་གོ་ཞིང་། སྐུ་བཞི་ངོ་སྤྲོད་ཀྱི་གནད་ལ། མ་རིག་པ་རང་རིག་པའི་རྣལ་འབྱོར་སྒོམ་ཆེན་རྣམས་དར་དྲག་ལ་ཡུན་རིང་དང་། ཐུང་བ་ལ་སོགས་གྲུབ་རྟགས་སྣ་ཚོགས་མ་ཐོན་གྱི་བར་དུ། སྒྲུབ་ཅིང་བསྒོམས་ནས། རྩལ་ཆེན་རྫོགས་པ་རྣམས་དཔའ་བོ་མཁའ་འགྲོའི་ལུང་བསྟན་སྣ་ཚོགས་འབྱུང་ཞིང་། ཡུལ་ཁམས་སྣ་ཚོགས་སུ་འགྲོ་བ་སྟེ། ཐམས་ཅད་བྱིན་གྱིས་བརླབས་ཤིང་སེམས་ཅན་གྱི་དོན་དུ་གནས་དགོན་མང་དུ་འཛུགས་པ་དང་། ཐམས་ཅད་ལ་སྐུ་བཞི་ངོ་སྤྲོད་དབང་བཞིས་སྨིན་པ་དང་གྲོལ་བའི་རྒྱལ་མཚན་ཕྱོགས་མེད་དུ་འཕྱར་བར་བྱ་ཞིང་། རྒྱལ་ཁམས་ཐམས་ཅད་དུ་གྲུབ་རྟགས་སྣ་ཚོགས་སྟོན་ནུས་པ་ནི། ད་ལྟར་མངོན་སུམ་ཚད་མར་མཁའ་འགྲོའི་དབང་ཕྱུག་རྣལ་འབྱོར་རང་བྱུང་རྡོ་རྗེའི་ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི་སྐད་རིགས་མི་ཅིག་པ་སུམ་བརྒྱ་དྲུག་བཅུ་ཡིས་མཐོང་ཞིང་ཐོས་ནས་ཐམས་ཅད་ཀྱི་མངོན་དུ་གྱུར་པ་ཉིད། མ་དང་ཟླ་བ་དང་། སྤྲིན་མེད་ནམ་མཁའ་ལ་ཤར་བ་བཞིན་དུ་གང་དང་གང་གིས་ཀྱང་སྦ་ཞིང་སྐུང་དུ་མེད་པ་ལྟར། སྐལ་ལྡན་སློབ་མ་རྣམས་ཀྱིས་ཀྱང་། སྐུ་བཞི་ངོ་སྤྲོད་གནད་དང་ལྡན་ཞིང་། ལྟ་

(༤༩༩)སྒོམ་སྤྱོད་པ་འབྲས་བུ་བཞི་ལ་རྩལ་རྫོགས་ཤིང་རང་བྱུང་རང་དབང་དུ་ཐམས་ཅད་ཀུན་ལ་དབང་བསྒྱུར་ཞིང་འཛམ་གླིང་འཇིག་རྟེན་ཁམས་རྣམས་སུ་གྲུབ་རྟགས་སྣ་ཚོགས་རྩོལ་བ་མེད་པར་སྟོན་ཅིང་བསྟན་པར་བགྱིའོ། །ཀུན་བཟང་དྲུག་པ་རྡོ་རྗེ་འཆང་། previous hit དགོངས next hit་ལུང་བསྟན་མན་ངག་འདི། འབྲས་བུ་མངོན་སུམ་ཚད་མའོ། །ཆོས་བཞི་གནད་ཀྱི་འཁོར་ལོ་དང་། དཔའ་བོ་མཁའ་འགྲོའི་སྲོག་སྙིང་མན་ངག་འདི། སྒྲ་མི་མཐུན་ཀྱང་དོན་མཐུན་སྟོན་པ་ཡིན་པ་ཀུན་གྱིས་མཁྱེན་པར་མཛོད། རང་བྱུང་ལྷུན་གྲུབ་ཐུགས་རྗེ་ཆེན་པོ། རྒྱལ་བ་རྒྱ་མཚོ། དབང་མཆོག་དབང་བསྒྱུར་དབང་གི་དཀྱིལ་འཁོར་ན་གསུངས་པ་བཞིན་དུ་སྟེ། གྲུབ་ཐོབ་བླ་མ་བརྒྱུད་པའི་དཀྱིལ་འཁོར། བར་དཔའ་བོ་མཁའ་འགྲོ་ཡི་དམ། འོག་ཡེ་ཤེས་འཇིག་རྟེན་མ་མགོན་དམ་ཅན་རྒྱ་མཚོའི་དཀྱིལ་འཁོར། རྣལ་འབྱོར་སྒོམ་ཆེན་གང་དང་གང་ཡིན་ན་ཡང་། གཤིས་ལྔ། རྟོགས་པ་རང་བྱུང་ཡི་གེ་ལྔ། རླུང་སེམས་གཉིས་དང་ཐ་དད་མེད་པར། དཀྱིལ་འཁོར་དེ་གསུམ་གྱི་ཐམས་ཅད་གྱི་རྒྱུད་བསྐུལ་ཞིང་། སྐུ་བཞི་ངོ་སྤྲོད་རང་ལ་རྫོགས་པར་རྒྱུན་ཆད་མེད་པར་རང་ལ་བསྡུ་ཞིང་། འཕྲོ་ཞིང་བསྡུས་ནས། སྐུ་ལྔ་ཡོངས་སུ་རྫོགས་པ། སྐུ་བཞི་འདུ་འབྲལ་མེད་པ། མཆོག་དང་ཐུན་མོང་གི་དངོས་གྲུབ་འཕྲིན་ལས་རྣམ་བཞི་ལ་སོགས་པ་ཆོས་ཀྱི་དབྱིངས་རབ་འབྱམ་དང་མཉམ་པ། རྩོལ་སྒྲུབ་མེད་པར་རང་བྱུང་ཤུགས་ལས་འབྱུང་བའི་ཕྱིར་ན། གོང་དུ་གསུངས་པའི་ཁྱད་ཆོས་ཁྱད་པར་འཕགས་པ་འདི་རྣམས་དཀྱིལ་འཁོར་བཞི་འམ། ཚིག་བཞིར་འདུས་ཤིང་། དོན་འབྲས་བུ་གཅིག་སྟོན་ཅིང་། ངོ་སྤྲོད་པ་ཀུན་གྱིས་ཤེས་པར་མཛོད། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་གདོད་མ་ནས་གཤིས་ལྔ། རིག་

(༥༠༠)པ་རང་བྱུང་ཡི་གེ་ལྔ། རང་བྱུང་རིགས་ལྔ་ཡབ་ཡུམ་བཅུར་མ་འདུས་ཤིང་མ་ཁྱབ་པ་མེད་པ་ལ། རིགས་ཀྱི་ཡབ་ཡུམ་ལྔ། རྗེ་བཙུན་མ་ལྔ། རང་བྱུང་ཧ་རི་ནི་ས་ལྔའི་གཟུགས་སྐུར་སྤྲུལ་ཞིང་རྟོགས་པ་སྟེ། ནག་པོ་ ཐུགས་ཀྱི་ལྷ་ཚོགས། རང་བྱུང་ཨ་ལས་རྣམ་པར་འཕྲུལ། དཀར་པོ་སྐུ་ཡི་ལྷ་ཚོགས་རང་བྱུང་ཧ་ལས་རྣམ་པར་འཕྲུལ། དམར་མོ་གསུང་གི་ལྷ་ཚོགས་རང་བྱུང་ནི་ལས་རྣམ་པར་འཕྲུལ། སེར་མོ་ཡོན་ཏན་ལྷ་ཚོགས་རིང་རི་ལས་རྣམ་པར་འཕྲུལ། ལྗང་ཁུ་ཕྲིན་ལས་ལྷ་ཚོགས་རང་བྱུང་པ་ལས་རྣམ་པར་འཕྲུལ། མཁའ་འགྲོ་སྡེ་ལྔ་ཞེས་མིང་ཀྱང་འདོགས། རྣལ་འབྱོར་མ་ལྔ་ལ་སོགས་མིང་སྣ་ཚོགས་སུ་འདོགས་ཀྱང་། དོན་གཅིག་ཡིན་ཞིང་། རང་བྱུང་ཨོཾ་ཧྲི༚་ཧཱུྃ་ཏྲཾ་ཨཾ་རང་བྱུང་ཡི་གེ་ལྔ་ལས་རྣམ་པར་འཕྲུལ་པ་རང་བཞིན་ལྷུན་གྱིས་གྲུབ་པའི་རིགས་ལྔ་ཕྱོགས་མེད་དུ་རྣམ་པར་འཕྲུལ་ཞིང་། དེ་ལས་བདེ་མཆོག །ཀྱཻ་རྡོ་རྗེ་ལ་སོགས་པའི་རང་བྱུང་དཔའ་བོ་སྡེ་ལྔ་རྣམ་པར་འཕྲུལ་ཞིང་། གསང་སྔགས་རྙིང་མའི་སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་གྲངས་ཅན་གྲངས་མེད་གསུངས་ཀྱང་། དཔའ་བོ་རང་བྱུང་ཞི་ཁྲོ་མཐའ་ཡས་པ་རྣམས་ཀྱང་རིགས་ལྔའི་ས་བོན་རང་བྱུང་ཡི་གེ་ལས་མ་འཕྲོས་པ་དང་། མ་བྱུང་བ་གང་ཡང་མེད་པའི་ཕྱིར་ན། དེ་རྣམས་གཅིག་ཏུ་བསྡོམས་པ་ལས། ཐབས་དང་ཤེས་རབ་དབྱེར་མེད་ཀྱི་ས་རང་བྱུང་ཡི་གེ་ལྔ་དང་། འབྱུང་བ་ལྔའི་སྣང་ཁུང་གི་ཕུག་གཤིས་ལྔ། རྟོགས་པ་ཡེ་ཤེས་ལྔ་ཡིན་པ་དེ་གསུམ་ཐ་དད་མེད་པར་གནས་པ་ལ་གང་དང་གང་གིས་མ་རིག་པ་རང་རིག་ནས་ཡི་གེ་དང་རླུང་གཉིས་གཅིག་ཏུ་ཡིན་པ་ལས། བསྙེན་པ་དང་སྒྲུབ་པའི་ཚུལ་དུ་རྩལ་རྫོགས་ཤིང་དབང་མ་ཐོབ་ཀྱི་བར་དུ་བསྒྲུབས་ན། དཀྱིལ་འཁོར་གསུམ་ལ་དབང་བསྒྱུར་

(༥༠༡)ཞིང་ཐམས་ཅད་གྲུབ་པ་ཡིན་པས་ཤེས་པར་མཛོད། དེ་ཤཱཀྱ་ཐུབ་པའི་བསྟན་པ་སྡེ་སྣོད་གསུམ། སྤྲུལ་སྐུ་ཀུན་རིག་རྒྱལ་པོའི་བསྟན་པ། ཕྱི་རྒྱུད་གསུམ། ཐེག་པ་འོག་མ་དྲུག་གི་བསྲུང་སྡོམ་ཡང་ཐོབ། དགག་སྒྲུབ་རྣམས་ཡེ་ཐོག་བསྟན་པ་དང་པོའི་དུས་སུ་འབྱུང་ཞིང་། ལུས་ངག་ཡིད་གསུམ་བསྲུང་ཞིང་བསྡོམ་པའི་དུས་ལ་བབ་པ་ཡིན་ཏེ། བརྟན་ཞིང་རྫོགས་ཐོན་པའོ། །ད་ལྟར་རྩོད་ལྡན་བསྟན་པའི་སྙིགས་མ། སྡེ་སྣོད་ཆོས་ཀྱི་སྙིགས་མ། གདུལ་བྱའི་སྙིགས་མ་ལྔ་བདོ་བ་འདིར། སྡོམ་མེད་བསླབ་འཆལ་རྣམས་ཀྱིས་མཁན་ཆེན་བསླབ་བྱ་བྱེད། སྲོག་གཅོད་བཤན་པ་རྣམས་ཀྱིས་སེམས་སྐྱེད་འབོགས་དོམ་ཉམས་བཟའ་འདོད་མཆུ་གཙོང་རྣམས་ཀྱིས་དབང་བསྐུར་བྱེད། མ་རིག་འཁྲུལ་འཁོར་ཡིད་ཀྱི་ཡིད་སྨོན་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་བྱེད། ལོག་པ་བཞི་བྱེད་ཅིང་ཉེས་པ་བཞིའི་དྲི་མས་གོས་པའི་དུས་འདིར། སྡེ་སྣོད་གསུམ་དང་ཕྱི་རྒྱུད་གསུམ་གྱིས་འདུལ་ཞིང་བསྲུང་སྡོམ་བྱེད་པར་ག་ལ་འགྱུར། ཐིག་ལེ་ཉི་ཤུ་རྩ་ལྔ། གསང་བ་བཞི་བཅུའི་རྒྱུད་ཀྱི་previous hit དགོངས next hit་གཅིག་ཏུ་འདུས་པ་ཐབས་དང་ཤེས་རབ་དབྱེར་མེད། བདེ་དང་དགྱེས་པ་ཡེ་ཤེས་རྒྱ་མཚོ། ཀྱཻ་རྡོ་རྗེ་ལས། ལེགས་སྐྱེས་བཅོམ་ལྡན་འདས་མས་ཞུས་པ། སྙིགས་མའི་དུས་སུ་ལྷན་ཅིག་སྐྱེས་པ་ཕྱག་རྒྱ་ཆེན་པོ་བཞི་ངོ་སྤྲོད་ཀྱི་གནད་འདི་གང་དང་གང་གིས་འཛམ་བུའི་གླིང་དུ་དར་ཅིང་རྒྱས་པ་བྱེད་པར་ཞུས་པ་ལས། ཀྱཻ་རྡོ་རྗེ་རྡོ་རྗེ་འཆང་གིས་བཀའ་བསྩལ་ཞིང་ལུང་བསྟན་པ་ལས། མ་འོངས་པའི་དུས་སུ་ཨིནྟྲ་བྷུ་ཏི་ཕྱག་ན་རྡོ་རྗེ་གཉིས་སུ་མེད་པའི་ཐམས་ཅད་བསྟན་པའམ། ངོ་སྤྲོད་དམ། བྱིན་གྱིས་བརླབས་པ་ཙམ་

(༥༠༢)གྱིས་རང་གིས་རང་རིག་ན་སྨིན་ཅིང་གྲོལ་བར་གྱུར་པ་ལས། སེམས་ཡོད་པས་དེ་རྟོགས་འགྱུར། སེམས་མེད་པས་མི་རྟོགས་གསུངས་པའི་ཕྱིར་ན། སྣ་བུག་ནས་དབུགས་འགྱུ་ཚད། སེམས་ཡོད་ཚད། ཉོན་མོངས་པ་དུག་ལྔ་ཡོད་ཚད་ཀྱི་མ་རིག་པ་དང་། རང་རིག་པར་གྱུར་ཞིང་། འཁོར་བ་དོང་སྤྲུགས་པར་འགྱུར་བ་སྟེ། ཨིནྟྲ་བྷུ་ཏིའི་རྣམ་འཕྲུལ་དུས་གསུམ་རྒྱུན་ཆད་མེད་པར་ཉི་ཟེར་གྱི་རྡུལ་ཙམ་འབྱོན་ཞིང་། སེམས་ཅན་ཐམས་ཅད་ཀྱང་མ་རིག་པ་རང་རིག་པར་previous hit དགོངས next hit་ལུང་བསྟན་པ་སྟེ། དེའི་ཕྱིར་ན། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པར་འབྱུང་བའི་རྒྱུད་ལས་ཀྱང་། ཨེ་མ་ཧོ རྫོགས་པའི་སངས་རྒྱས་ཀུན་གྱི་གསངས་སྐྱེ་བ་མེད་ལས་ཐམས་ཅད་སྐྱེ། སྐྱེས་པ་ཉིད་ནས་སྐྱེ་བ་མེད། གསུངས་པ་བཞིན་དུ། ཆོས་སྐུ་དྲི་མེད་རང་བྱུང་རྡོ་རྗེ་ཡང་། ལྷན་སྐྱེས་ཡེ་ཤེས་སྐུ་བཞིའི་ལུང་བསྟན་དུས་ལ་བབ་ནས་ཀྱང་འཛམ་གླིང་འདི་ཉིད་དུ་སྐྱེ་བ་མེད་ལས་སྐྱེས་ཚུལ་བསྟན་པའི་ཕྱིར། སེམས་ཅན་མ་ལུས་པ་ཐམས་ཅད་ལ། ཨིནྟྲ་བྷཱུ་ཏཱི་ཕྱག་ན་རྡོ་རྗེ་ཐ་དད་མེད་པ་ལ་ལྷ་འབྱོན་པ་བཞིན། ཆོས་མ་བྱས་པར་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་ཤིང་ངོ་སྤྲོད་དུས་གསུམ་དུས་མིན་རྒྱུན་ཆད་མེད་པར་སྟོན། དེའི་ཕྱིར་ན། སྐུ་བཞི་ངོ་སྤྲོད་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཐམས་ཅད་སྨིན་ཞིང་གྲོལ་བའི་དུས་ལ་བབ་པ་སྟེ། རྣལ་འབྱོར་ཡང་གཉིས་སུ་དབྱེར་བ་ནི། ཐུན་མོང་གི་རྣལ་འབྱོར་དང་རྣལ་འབྱོར་བླ་ན་མེད་པའི་ཁྱད་པར་འཕགས་པའི་རྣལ་འབྱོར། དེ་ལ་ཐུན་མོང་གི་རྣལ་འབྱོར་ནི། གྲུབ་མཐའ་བློ་མ་བསྒྱུར་བའི་ཐ་མལ་བའི་མི་སྐྱ་ཕོ་མོ་རྣམས་དང་། གྲུབ་ཐ་བློས་བསྒྱུར་ཡང་ལོག་པ་མི་དགེ་བའི་ལམ་ལ་

(༥༠༣)ཞུགས་པའི་མུ་སྟེགས་དམ་ཉམས་བསླབ་འཆལ་ལ་སོགས་པ་རྣམས་ཀྱང་སྐུ་བཞི་ངོ་སྤྲོད་ཀྱི་རྣལ་འབྱོར་ལ་ཞུགས་ན། ཡུན་རིང་པོ་མི་ཐོགས་པར་མ་རིག་པ་རང་རིག་ནས་སངས་རྒྱས་པར་འགྱུར། ཐུན་མོང་ཟེར་བ་ནི་རྒད་པོ་ཅོ་འབོལ། རྒན་མོ་ཤིག་ཟན། བུ་ཕྲུགས་དུ་ཙི་ཅན། མུ་སྟེགས་རྣམས་ཀྱང་། སངས་རྒྱས་ཀྱི་བསྟན་པ་ལ་བློ་མ་བསྒྱུར་བར་རང་ས་རིག་ནས། ཆོས་དྲི་མ་མེད་པ་རྟོགས་ཉན་ཅིང་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་ཕྱིར་ན། ཐུན་མོང་གི་རྣལ་འབྱོར་པ་ཞེས་རྒྱས་པར་མིང་འདོགས་སོ། །བླ་ན་མེད་པའི་རྣལ་འབྱོར་པ་ཆེན་པོ་ནི། ཚངས་པར་སྤྱོད་པའི་རྣལ་འབྱོར་གྱི་སྡོམ་པ་གསུམ་གྱི་སྤྱོད་པ་དང་ལྡན་ཞིང་། ནང་རང་བྱུང་ཡི་གེ་རླུང་སེམས་ལ་དབང་ཐོབ་ནས། གསང་སྔགས་ཉམས་རྟོགས་རྒྱུད་ལ་ཤར་ཅིང་ཉམས་སུ་མྱོང་ནས་སྣང་བ་བདེ་བར་ཤར་བའི་རྣལ་འབྱོར་དང་། དེ་ཁོ་ན་ཉིད་ཡེ་ཤེས་ལྷུན་གྱིས་གྲུབ་ཅིང་། མཐོང་ཐོས་དྲན་པ་རྣམས་བྱིན་གྱིས་བརླབས་པའི་ཕྱིར་ན། རྣལ་འབྱོར་རང་བྱུང་རྡོ་རྗེའི་བུ་སློབ། རྣལ་འབྱོར་ཐ་མ་རྣམས་ཀྱིས་ཐམས་ཅད་ལ་ཐུན་མོང་གི་རྣལ་འབྱོར་གྱི་སྡོམ་པ། ཁྱད་པར་གྱི་རྣལ་འབྱོར་གྱི་སྡོམ་པ་ཀུན་ལ་ཕོག་ཅིང་། ཀུན་གཞིའི་གདམ་ངག་ཀུན་ལ་སྟོན། བླ་མ་ཡི་དམ་མཁའ་འགྲོ་ལ་དད་པ་མོས་གུས་ཀྱི་སྟོབས་ཀྱིས་གསོལ་བ་བཏབ་ཅིང་། མ་ནི་པདྨེའི་དབྱངས་ལེགས་པར་བླངས་ནས་རྒྱུན་ཆད་མེད་པར་ཡུལ་ཁམས་སུ་དབྱངས་བླངས་ན་དཔའ་བོ་མཁའ་འགྲོ་རྒྱ་མཚོ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ནས་རབ་ཏུ་གནས་ནས་སྐུ་བཞི་འདུ་འབྲལ་མེད་པའི་དོན་རྟོགས་ཤིང་། སྐུའི་སངས་རྒྱས་རང་ཉིད་ལ་རྫོགས་པར་འགྱུར་རོ། །དེའི་ཕྱིར་ན་གསང་བ་སྙིང་པོའི་རྒྱུད་ལས་ཀྱང་། ཨེ་མ་ཧོ རྫོགས་

(༥༠༤)པའི་སངས་རྒྱས་ཀུན་གྱིས་གསུངས། །གནས་པ་མེད་ལས་ཐམས་ཅད་གནས། གནས་པ་མེད་ནའང་གནས་མེད་གསུངས་པ་བཞིན་དུ། མིང་ཡོངས་སུ་གྲགས་པ་ཀརྨ་པ་ཡང་འཛམ་གླིང་འཇིག་རྟེན་འདི་ན་གནས་ཤིང་འདུག་པ་ཡང་དོན་མེད་འཁྲུལ་པར་གནས་པ་མིན། འཛམ་གླིང་རྒྱལ་པོ་འཁོར་བཅས་རྣམས། །མུ་སྟེགས་གྲུབ་མཐར་ཞུགས་པ་ཀུན། སངས་རྒྱས་བསྟན་ལ་ཞུགས་ཤིང་ཐམས་ཅད་སྨིན་གྲོལ་མཛད། སངས་རྒྱས་བསྟན་པའི་ཆེ་བ་འདོན། གྲུབ་རྟགས་འཛམ་གླིང་ཡོངས་ལ་ཐོས་ཤིང་ཁྱབ་ཏུ་བཅུག །གསང་བ་སྙིང་པོའི་རྒྱུད་ལས་ཀྱང་། །མ་རྟོགས་པ་དང་ལོག་པར་རྟོགས། །previous hit དགོངས next hit་འདུས་པ་གསང་བ་དང་། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །དོན་དམ་འདི་ལ་ཐེ་ཚོམ་ཟ། །གསུངས་པ་བཞིན་དུ། །ལས་ངན་བདུད་ཀྱི་སྤྲུལ་པ་ཡིན། །ལོག་ལྟ་སྐྱེ་བོའི་ཚོགས་རྣམས་ཀྱིས། ཡང་དག་དོན་ལ་རབ་ཏུ་སྨད། དམ་ཆོས་འདྲར་སྣང་སྟོན་པ་དང་། །རང་དགའ་ཕོ་ཚོད་ཡིད་ལ་བྱེད། །ཡིད་སྨོན་རྟོག་སྤྱོད་སྣ་ཚོགས་ཀྱིས། །ཉོན་མོངས་བག་ཆགས་འཁྲུལ་པ་དང་། །རྒྱུ་རྐྱེན་རྒྱུ་འབྲས་འདུས་བྱས་ཚོགས་རྣམས་ལ་འདུས་མ་བྱས་ཀྱི་སངས་རྒྱས་རེ་ཞིང་རྟོགས་པའི་དུས་འདི་རུ་ལུང་བསྟན་དུས་ལ་བབ་ནས་སུ། མ་རིག་རང་རིག་རང་བྱུང་ཡེ་ཤེས་ཀྱི་སྐུ་བཞི་ངོ་སྤྲོད་སྤྲིན་མེད་ནམ་མཁའ་ལ་ཁྲི་གདུགས་ཤར་བ་ལྟར། ཀུན་ལ་ཁྱབ་ཅིང་རྟགས་དང་འབྲས་བུ་མངོན་སུམ་བཏོན་པའི་ཕྱིར་ན། འཕོ་འགྱུར་མེད་པའི་རྣལ་འབྱོར་རང་བྱུང་རྡོ་རྗེ་ཡང་། མི་འཆི་མི་ན་མི་རྒས་ཤིང་། ཡུན་རིངས་འཛམ་གླིང་འདིར་གནས་ནས། རྣལ་འབྱོར་བླ་མེད་རྡོ་རྗེ་འཆང་གི་previous hit དགོངས next hit་ལུང་བསྟན་གྱིས་ཁམས་གསུམ་

(༥༠༥)སྨིན་ཅིང་གྲོལ་བ་སྟེ། མ་རིག་འཁྲུལ་པས་གནས་ཤིང་འདུག་པ་མེད། གསང་བ་སྙིང་པོའི་རྒྱུད་ལས་ཀྱང་། ཨེ་མ་ཧོ། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགག་པ་མེད་ལས་ཐམས་ཅད་འགག །འགག་པ་ཉིད་ནའང་འགག་པ་མེད། །གསུངས་པ་བཞིན་དུ། སྒོམ་ཆེན་རང་བྱུང་རྡོ་རྗེ་ཡང་འཛམ་གླིང་འདིའི་སྨིན་གྲོལ་བྱ་བ་རྫོགས་ནས་ཀྱང་ཤིང་ཟད་པའི་མེ་བཞིན་དུ་འཆི་བ་མེད་ཀྱང་འཆི་ཚུལ་སྟོན། མ་རིག་འཁྲུལ་པ་འཆི་བ་མིན། །ལས་མཐུན་གདུལ་བྱ་ཐམས་ཅད་ལ། །སྐུ་བཞི་ཡི་ནི་རྣམ་པར་འཕྲུལ། །མཐོང་སྣང་ངོ་སྤྲོད་བསམ་མི་ཁྱབ། །ལུས་ཀྱི་ལྷག་མ་ལུས་པ་ཡང་། །མེར་བསྲེགས་རུས་པ་ཐལ་གོས་སྟན་འདུག་མལ་སོགས་ཀུན་ལ་ཁྱབ་ཅིང་བྱིན་ཞིང་བཀྱེ་ན་ཡང་གང་དང་གང་གིས་ཐོས་པ་རྣམས། མཆོད་རྟེན་སྐུ་གཟུགས་ནང་དུ་གཞུག་བྱ་ཞིང་། གསོལ་འདེབས་མཆོད་པ་མེ་ཏོག་ཐོགས་ནས་ཀྱང་། ཞི་ཁྲོ་རབ་འབྱམ་དཔའ་བོ་མཁའ་འགྲོའི་ཚོགས། །རྣམ་པར་བཞུགས་པ་དྲང་གནས་ཤིང་། །བྱོན་རྟགས་འཇའ་དང་འོད་ལ་སོགས་པའི་མཐོང་སྣང་བྱིན་བརླབས་སྣ་ཚོགས་འབྱུང་ཞིང་། ཕྱིའི་མུ་མཐར་ཐུག་གི་བར་དུ་སེམས་ཅན་རྣམས་ཀྱི་ཡིད་འཇུག་རྟེན་དུ་འགྱུར། ཐུགས་རྗེ་ཆེན་པོའི་མཚན་ལས་ཀྱང་། བ་སྤུ་ཉག་ལ་རེ་རེ་ཡང་། སེམས་ཅན་རྣམས་ཀྱི་གསོས་སུ་འགྱུར། གསུངས་པའི་ཕྱིར་ན། མ་རིག་འཁྲུལ་པ་གཞན་གྱི་དབང་དུ་མ་སོང་ཞིང་། རང་དབང་ཐོབ་པའི་རྣལ་འབྱོར་བླ་ན་མེད་པ་ནི། དུས་གསུམ་དུས་མིན་མཛད་པ་ཕྲིན་ལས་བསམ་གྱིས་མི་ཁྱབ་རྒྱུན་ཆད་མེད་པ་སྟེ། ཁར་སང་ཉི་མ་ཐལ་ན་ཡང་། དི་རིང་

(༥༠༦)འཆར་བའི་དཔེ་དང་མཐུན་པའི་ཕྱིར། མཛད་པ་ཕྲིན་ལས་འདི་རྣམས་རྒྱུན་ཆད་མེད་ཅིང་ཀུན་ལ་ཁྱབ་པ་སྟེ། རང་བྱུང་སྐུ་བཞི་ངོ་སྤྲོད། སངས་རྒྱས་སེམས་ཅན། དཔའ་བོ་མཁའ་འགྲོ་ཀུན་གྱི་སྲོག་སྙིང་། དབང་ཕྱུག་དབང་བསྒྱུར་གདམ་ངག་འདིའི་ལམ་རྟགས། ཡོན་ཏན་འབྲས་བུ་ལྷུན་གྱིས་གྲུབ་པ། རང་རང་གི་རྟོགས་པ་ཀུན་ལ་འབྱུང་། གདུལ་བྱ་རབ་འབྲིང་ཐ་མ་ཀུན་གྱིས་མཁྱེན་པར་མཛོད། དེའི་ཕྱིར་ན། སངས་རྒྱས་མྱ་ངན་ཡོངས་མི་འདའ། །གཟུགས་སྐུའི་ཕྲིན་ལས་རྒྱུན་མི་ཆད། །དམ་པའི་ཆོས་ཀྱང་ནུབ་མི་འགྱུར། གསུངས་པའི་ཕྱིར་ན། སེམས་དཔའ་རང་བྱུང་རྡོ་རྗེ་ཡང་། ཁམས་གསུམ་སྟོང་གསུམ་སྲིད་གསུམ་འཛམ་གླིང་འདི་ཉིད་ན། རྡོ་རྗེ་འཆང་ཆེན་previous hit དགོངས next hit་ལུང་བསྟན། སྐུ་བཞི་ངོ་སྤྲོད་སྨིན་གྲོལ་ཀུན་ཁྱབ་རྒྱུན་ཆད་མེད་པར་སྟོན་ཅིང་བཞུགས། དེ་ལྟར་རྩལ་ཆེན་པོ་རྫོགས་པའི་རྣལ་འབྱོར་རྣམས་ཀྱིས་རྒྱུད་ལུང་མན་ངག་གཞན་དང་གཞན་གྱི་ལུགས་བཞིན་དུ་རྫས་དང་སྔགས་དང་དཀྱིལ་འཁོར་སྐྱེད་རྫོགས་དཀྱིལ་འཁོར་ལས་ཁ་ཚར། མཆོད་སྦྱིན་སྦྱིན་སྲེག་མི་དགོས་པར། །ཕྱི་སྣོད་རྩི་ཤིང་ནགས་རྡོ་རི་བྲག །གོས་དར་ཟ་བའི་བྱེ་བྲག །འབྲས་བུའི་རིགས། རིན་པོ་ཆེ་ལ་སོགས་པ་ཐམས་ཅད་ལ་བྱིན་གྱིས་བརླབས་ཤིང་། རང་བྱུང་ཡི་གེ་ལྔའི་སྔགས་བཏབ་ན། གང་དང་གང་གིས་ཐོས་མཐོང་ངོ་། རེག་པའམ་ལུས་ལ་བཏབ་པ་ཙམ་གྱིས་ཀྱང་སྐྱོན་དང་ནད་གདོན་ཐམས་ཅད་འདག་ཅིང་། ཡོན་ཏན་ཐམས་ཅད་རྫོགས་པ་ནི་བྱིན་བརླབས་རྨད་དུ་བྱུང་བ་ཡིན་པས། ཀུན་གྱིས་དེ་ལྟར་གྱིས་ཤིག་མཁྱེན་པར་མཛོད། ནང་བཅུད་ཀྱི་འགྲོ་བ་སེམས་ཅན་རྣམས། ཁྱད་པར་བུ་སློབ་གྭྲ་ཚོགས་རྣམས་ལ་ཡང་སྐུ་བཞི་

(༥༠༧)ངོ་སྤྲོད་ཀྱི་གཏོར་དབང་དང་། ཕྱག་དབང་དང་། དཔའ་བོ་མཁའ་འགྲོའི་ཚོགས་བསྟིམ་ཞིང་། ཆོས་གདམ་ངག་རྣམས་ཀྱི་ལུང་བྱིན་བརླབས་རང་བྱུང་ཡི་གེ་ལྔ་ལ་སོགས་པ། སྔགས་ལུགས་བྱིན་གྱིས་བརླབས་པ་ཙམ་གྱིས་ཀྱང་སྒོམ་སྒྲུབ་མང་པོ་ལ་བྱས་ཀྱང་། བྱིན་བརླབས་ནུས་པ་འཕྲིན་ལས་སྣ་ཚོགས་འབྱུང་བ་འདི་ལས། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ལས་སྐུ་བཞི་ངོ་སྤྲོད་ཀྱི་གནད་ཀྱིས་དད་པ་མོས་གུས་རྒྱུན་ཆད་མེད་པར་རླུང་སེམས་ཀྱི་འཕྲོ་འདུ་བདག་གཞན་ཀུན་ལ་བསྟིམ་ན། ཡོན་ཏན་དངོས་གྲུབ་ཞི་ཁྲོ་རབ་འབྱམས་དཔའ་བོ་མཁའ་འགྲོའི་ཚོགས་མཉམ་པར་འགྱུར་རོ། །དེའི་ཕྱིར་ན། ཕྱད་ཆོས་ཁྱད་པར་འཕག་པ་འཁོར་འདས་གཉིས་ཀྱི་སྲོག་སྙིང་གདམ་ངག་ཟབ་མོ་འདི། མིང་ཡོངས་སུ་གྲགས་པ་ཀརྨ་པའི་བླ་མ་བརྒྱུད་པ་མི་འཛིན་ཞིང་། སྐུ་བཞི་ངོ་སྤྲོད་ཀྱི་གནད་དང་མི་ལྡན་པ་རྣམས་ཀྱི་ཉན་ཞིང་བཤད་ན་ཐོས་ཤིང་བསྒྲུབས་ཀྱང་། དངོས་གྲུབ་མི་ཐོབ་ཅིང་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བར་ཆད་སྣ་ཚོགས་བྱེད་ཅིང་སྐྱོན་སྣ་ཚོགས་འབྱུང་བའི་ཕྱིར་ན། གཞན་པ་གང་དང་གང་གིས་ཀྱང་། ཟས་འཚོལ་ནོར་འཚོལ་ལ་སོགས་ཆ་མ་ཡིན་ཞིང་། རྒྱུད་པ་མི་འཛིན་པ་རྣམས་ལ་ནམ་ཡང་བསྟན་པར་མི་བྱ་ཏེ། མ་རིག་པ་རང་རིག་ཅིང་རྒྱུད་པ་འཛིན་ཞིང་། ངེས་ཤེས་གཏིང་ནས་བསྐྱེད་པ་རྣམས་ལ་ནི། ཐམས་ཅད་ལ་ངོ་སྤྲོད་བསྟན་པར་བྱ་སྟེ། སྣོད་དུ་རུང་བ་དང་། མི་རུང་བ་གང་ཡང་མེད་པ་སྟེ། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། གཤང་ལྕིའི་སྲིན་བུ་ལ་སོགས་པ། །ངོ་བོ་ཉིད་ཀྱི་རྟག་བདེ་

(༥༠༨)ཅན། །གསུངས་པའི་ཕྱིར་ན། གནས་ལུགས་གཤིས་ལྔ། སྔར་མ་རིག་པ་རང་གིས་རང་རིག་ན། འབུ་སྲིན་ལ་སོགས་པ་སངས་རྒྱས་པར་གསུངས་པ་དང་། ཉིན་བཞིན་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་པོ་བྱེད་པ་ཡང་། །བླ་མ་ལ་གུས་ཡོད་གྱུར་ཞིང་། །རྒྱུད་འདི་ལ་ནི་ཞུགས་གྱུར་ན། །རྟོགས་འགྱུར་འདི་ལ་ཐེ་ཚོམ་མེད། །གསུངས་པ་ཡང་། རྒྱུད་གཞན་དང་གཞན་གྱིས་མི་རྟོགས་ཕྱག་རྒྱ་ཆེན་པོ་ཐིག་ལེ་ཉི་ཤུ་རྩ་ལྔ་གསང་བ་བཞི་བཅུའི་རྒྱུད་ཀྱི་previous hit དགོངས next hit་སྐུ་བཞི་ངོ་སྤྲོད་ཀྱི་གནད་དུ་འདུས་པ་ལ་ཡིད་ཆེས་ཤིང་། བླ་མ་ཡང་གནས་ཀྱི་ལི་ཕན། མིང་ཡོངས་སུ་གྲགས་པ་ཀརྨ་པ་ལྟ་བུས་ངོ་སྤྲོད་ཅིང་བྱིན་གྱིས་བརླབས་ན། མནར་མེད་ན་སྐྱེ་རྒྱུ། སྐུ་བཞི་འདུ་འབྲལ་མེད་པ་རང་ཉིད་ལ་རྟོགས་ཤིང་རྫོགས་པར་འགྱུར་བའི་ཕྱིར་ན། ཐམས་ཅད་ལ་ངོ་སྤྲོད་ཅིང་ཁྱབ་ཏུ་ཅུག །དེ་ལྟར་ནུས་པ་བྱིན་བརླབས་མཐའ་ཡས་པ་བྱུང་ན་ཡང་། ཐེག་དམན་སྐྱེ་བོ་ལོག་པའི་རྟོག་པ་ཅན་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར་དང་། ཟས་ནོར་ལོངས་སྤྱོད་རྫོགས་པར་བྱ་བའི་ཕྱིར་དུ། གདམ་ངག་སྒྲུབ་ཐབས་ལས་ཁ་ཚར་ཐམས་ཅད་ཀྱི་ལུགས་བཞིན་བྱས་ཀྱང་མི་སྐྱོན། གཞན་དོན་ཕྲིན་ལས་ལོངས་སྤྱོད་རྒྱ་ཆེན་པོ་གཞན་སྣང་དུ་འབྱུང་བའི་ཕྱིར་ན། །ཐམས་ཅད་དགག་སྒྲུབ་མེད་པར་བྱའོ། །སྒྲུབ་གནས་གོང་དུ་བཤད་པ་རྣམས་དང་། རི་ཁྲོད་དབེན་པའི་གནས་རྣམས་སུ། ཆ་རྐྱེན་ལོངས་སྤྱོད་རྒྱ་ཆེན་པོ། འཚོགས་པར་བྱ་ཞིང་རླུང་སེམས་གནད་ཀྱི་འཁོར་ལོ་ལ་དབང་ཐོབ་ཅིང་། རང་བྱུང་ཡི་གེ་ལྔ་ལ་ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་བཟླས་པ་མ་ཡེངས་མ་འཁྲུལ་བར་འབུམ་ཚོ་

(༥༠༩)བརྒྱ་བྱས་ན་ནི། མཆོག་ཐུན་མོང་ཡོན་ཏན་བྱིན་བརླབས་རང་སྣང་གཞན་སྣང་དུ་བསམ་གྱིས་མི་ཁྱབ་པ་འབྱུང་བར། འགྱུར་བའི་ཕྱིར་ན། དད་དང་མོས་གུས་དམ་ཚིག་དང་། མ་རིག་རང་རིག་རྟོགས་པ་ཡེ་ཤེས་ཀྱི་གནད་ཀྱིས་རྒྱུན་ཆད་མེད་པར་བསྒོམས་ཞིང་བསྒྲུབས་ན། མྱུར་དུ་གྲུབ་རྟགས་སྣ་ཚོགས་འབྱུང་བ་ལས། ང་རྒྱལ་རློམ་སེམས་དགག་སྒྲུབ་སྤང་རླང་ཅི་ཡང་མི་བྱ་ཞིང་། ཐམས་ཅད་རང་བྱུང་རང་ཡན་རང་གྲོལ་རང་ར་གནས་ཤིང་རྟོགས་པས་མན་ངག་ཡིན། ལུས་སྦྱོང་རྒྱུན་ཆད་མེད་པར་བྱ་ཞིང་རླུང་སེམས་གནད་ཀྱི་འཁོར་ལོ་བསྐོར་བའོ། །གར་བདེ་གང་དགར་བསྡད་ཅིང་སྐུ་བཞི་ངོ་སྤྲོད་ཀྱི་གནད་དང་། དོན་རྟོགས་ནས་རང་བྱུང་ཡི་གེ་ལྔ། ཨོཾ་མ་ཎི་པདྨེ་ཧཱུྃ། ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་གནད་དང་མ་བྲལ་ཅི་ནུས་སུ་བཟླས་ཤིང་སྲོག་རྩོལ་རྒྱུན་ཆད་མེད་པར་བསྒོམས་ན། གང་དང་གང་ཡིན་ན་ཡང་བྱིན་བརླབས་ངག་ནུས་འཕྲིན་ལས་ལོངས་སྤྱོད་སྒོམ་སྒྲུབ་ཇི་ལྟར་བྱས་པ་བཞིན་དུ་རྟགས་རབ་འབྲིང་ཐ་མ་མི་འབྱུང་མི་སྲིད་པའི་ཕྱིར་ན། ལག་ལེན་ཐམས་ཅད་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་དང་། རྗེ་བཙུན་མ་ཞལ་གཅིག་མ་ལྷ་ལྔ། རང་བྱུང་ཡི་གེ་ལྔའི་གཟུགས་སྐུའི་གདམ་ངག་རྣམས་ལག་ལེན་བསྙེན་སྒྲུབ་བྱ་ཞིང་། བདེ་མཆོག །རྗེ་བཙུན་མའི་བསྟོད་འབུམ། དཀྱིལ་ཆོག་རྣམས་དང་། རྒྱལ་བ་རྒྱ་མཚོའི་ལས་བྱང་རྣམས་གཅིག་ཡིན་པའི་ཕྱིར་ན། ཚོགས་མཆོད་དབང་བསྐུར་གང་བྱེད་ཀྱང་། སྔགས་དང་ལེགས་པར་བསླབས་ཤིང་རྒྱས་བསྡུས་ཅི་རིགས་པར་བྱ་སྟེ། ལག་ལེན་གྱི་ཆ་ལག །ཌ་མ་རུ། རྔ་གླིང་བུ། རྦ་དུ། རྐང་དུང་ལ་སོགས་པ་ཐམས་ཅད་འཚོགས་པར་

(༥༡༠)བྱ་ཞིང་། ཆོས་སྤྱོད་བྱེད་འགོ་ཆོག །ཉིན་མེད་མཚན་མེད་དཔོན་སློབ་རྣམས་ཀྱིས་བཀྲོལ་ཞིང་མོས་གུས་གསོལ་བ་འདེབས། མ་ཎི་པདྨེའི་དབྱངས་རྒྱུན་ཆད་མེད་པར་བྱ་ཞིང་། བདག་གཞན་ཐམས་ཅད་ལ་བྱིན་གྱིས་བརླབས་པ་དང་ཡོད་པ་རྒྱུན་ཆད་མེད་པར་བྱས་ན། སྣང་སྲིད་བྱིན་གྱིས་བརློབ་ཅིང་། ཁམས་གསུམ་དབང་དུ་འདུ་པར་འགྱུར་རོ། །སྐུ་བཞི་ངོ་སྤྲོད་ཤོག་དྲིལ་བཞི་པ་མེད་ཀ་མེད་ཅིང་ཀུན་གྱི་རྩ་བ་འདི་ཡིན་པ་ཀུན་གྱིས་ཤེས་པར་གྱིས། རྟོགས་ཤིང་གྲུབ་ནས་བརྟུལ་ཞུགས་ཀྱི་སྤྱོད་པ་གདུལ་བྱ་རྣམས་མཐོང་དུ་བཅུག་ལ། རང་བྱུང་ཡི་གེ་ལྔ། དྲག་ཏུ་བཟླས་ཤིང་ལྟ་སྟངས་བྱས་པ་ཙམ་གྱིས་ཐམས་ཅད་རེངས་པར་ནུས་པ་དང་། གསོལ་བ་བསད་པར་ནུས་པ་དང་། བསད་པ་འཆི་བ་བསད་ཅིང་ལངས་པར་ནུས་པ་དང་། དབུ་བསྡེབས་ཕྱག་བསྡེགས་ཞལ་བསྡེགས་དྲག་ཏུ་བྱས་ནར། དབུ་བསྡེགས་ཀྱི་བྲག་ལ་སོགས་པའི་བེམ་པོ་རྣམས་འཇིག་པར་ནུས་ཤིང་། ལག་པ་གང་དང་གང་ལ་འཕྱར་ཞིང་། བསྡབས་པ་ཙམ་གྱིས་ཐམས་ཅད་སྐྲག་ཅིང་དངངས་ལ། ས་རྡོ་རྩི་ཤིང་གསུམ་ལ་སོགས་གས་ཤིང་འཇིག་པ་གཡོ་ནུས་པ་དང་། རང་བྱུང་ཡི་གེ་དཔའ་བོ་མཁའ་འགྲོ་སྡེ་ལྔའི་སྟོབས་དང་ལྡན་ཞིང་རྩལ་རྫོགས་པ་དྲག་ཏུ། ཁྲོས་ནས། རྐང་པ་ས་ལ་བརྡབས་པ་ཙམ་གྱིས་ས་གཡོ་ཞིང་རྡོ་དང་བྲག་རི་རྣམས་ལ་ཡང་ཞབས་རྗེས་དང་སྐུ་གཟུགས་སྣ་ཚོགས་འབྱོན་པར་ནུས་པ་དང་། དེ་ཡིས་ཀྱང་ཕྱི་མའི་མུ་མཐར་མ་ཐུག་གི་བར་དུ་འགྲོ་དོན་རྒྱུན་ཆད་མེད་པར་འབྱུང་ཞིང་། རླུང་སེམས་རྩལ་རྫོགས་ཤིང་དུས་ཀྱི་གནད་དང་ལྡན་པ་ཡིས་

(༥༡༡)རིག་པ་ངར་དང་ལྡན་པས་སྡིགས་མཛུབ་དང་ལྟ་སྟངས་དྲག་ཏུ་བྱས་པས་ཆུ་བོ་གྱེན་ལ་བཟློག་ནུས་པ་སྟེ། ད་ལྟར་མངོན་སུམ་ཚད་མ། འཕྲུལ་སྣང་བྲིས་ནས་ཀུན་གྱི་ལྟ་རུ་ཡོད་པ་ཡིན། དེ་ལ་སོགས་པ་མཆོག་ཐུན་མོང་གི་དངོས་གྲུབ་སྣ་ཚོགས་དངོས་སུ་སྟོན་ནུས་པ་ནི། འཁོར་འདས་ཀུན་གྱི་སྲོག་སྙིང་གདམ་ངག་འདི་ལ་དབང་ཐོབ་ནས། གྲུབ་རྟགས་སྣ་ཚོགས་ཁམས་གསུམ་ལ་ཁྱབ་པར་སྟོན་ནུས་པའི་ཕྱིར་ན། ད་ལྟར་མངོན་སུམ་ཚད་མར་གྲུབ་རྟགས་ཅུང་ཟད་ཙམ་འཛམ་གླིང་ཁྱབ་པར་མིང་ཡོངས་སུ་ཁྱབ་པར་ཀརྨ་པས་བསྟན་པ་སྟེ། རྨོངས་པ་རྣམས་ཀྱིས་ཐོས་སམ་མ་ཐོས་མཐོང་ངམ་མ་མཐོང་དེ་རྣམས་ཡིད་ཆེས་ན། གདུལ་བྱ་རྣམས་ཀྱིས་གྲུབ་རྟགས་མ་ཐོན་གྱི་བར་དུ་སྒོམ་ཞིང་སྒྲུབ་པ་དང་། རྟོགས་ནས་རྩལ་ཆེན་རྫོགས་པར་མཛོད། གདམ་ངག་འདིའི་མཐར་ཐུག་གི་འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ་ཅིང་། སྐུ་བཞི་འདུ་འབྲལ་མེད་ན་སྐུ་ལྔའི་སངས་རྒྱས་རང་ཉིད་ལ་རྫོགས་པ་སྟེ། སྐུ་བཞི་ངོ་སྤྲོད་སངས་རྒྱས་སེམས་ཅན་ཀུན་གྱི་སྲོག་སྙིང་རང་བྱུང་ཡི་གེ་ལྔ། དཔའ་བོ་སྡེ་ལྔ། མཁའ་འགྲོ་སྡེ་ལྔ། ཡིད་བཞིན་ནོར་བུའི་གདམ་ངག་ཆོས་ཁྱད་པར་འཕགས་པ་འདི་མཐོང་ངམ་མཐོས་སམ་དྲན་པ་ཙམ་གྱིས་ཀྱང་། དཔའ་བོ་མཁའ་འགྲོའི་ལུས་ངག་ཡིད་གསུམ་དུ་བྱིན་གྱིས་བརླབས་ཤིང་། ད་ལྟར་གྱི་དུས་སུ་གྲུབ་ཐག་ཉེ་ཞིང་བྱིན་བརླབས་དངོས་གྲུབ་བསམ་གྱིས་མི་ཁྱབ་པའོ། །མིང་ཡོངས་སུ་གྲགས་པ་ཀརྨ་པའི་བུ་སློབ་གདུལ་བྱ་ཐམས་ཅད་ཀྱིས་ཡིད་བཞིན་ནོར་བུ་ལྟ་བུའི་གདམ་ངག་འདི་ཐམས་ཅད་ཀྱིས་བྲིས་ཤིང་། སྐུ་

(༥༡༢)བཞི་ངོ་སྤྲོད་ཀྱི་གདམ་ངག་གི་གནད་ཀྱིས་གོ་ཞིང་རྟོགས་ནས། འཇིག་རྟེན་གྱི་བྱ་བ་ཐམས་ཅད་སྤངས་ནས་སྒོམ་ཞིང་སྒྲུབ་ཅིང་གྲུབ་རྟགས་ཐོན་ནས་ཕྱོགས་མེད་དུ་གཞན་དོན་རྒྱ་ཆེན་པོ་མཛོད་ཅིག །དུག་ལྔར་འཁྲུལ་ཞིང་འགྲོ་བ་རིགས་དྲུག་ཏུ་འཁོར་ཅིང་མ་རིག་འཁྲུལ་འཁོར་རྒྱུན་ཆད་མེད་པར་འཁོར་བ་རྣམས་གདོད་ནས། དཔའ་བོ་སྡེ་ལྔ། མཁའ་འགྲོ་སྡེ་ལྔ། རང་བྱུང་ཡི་གེ་ལྔ། ཡེ་ཤེས་ཡི་གེ་འཁོར་ལོ་རྫོགས་ཆེན་གདོད་ནས་ཡིན་པ་རྣམས། མ་རིག་པ་རང་སར་རིག་ཅིང་། དཔའ་བོ་མཁའ་འགྲོ་ཞི་ཁྲོ་རབ་འབྱམ་རང་ཉིད་ལ་རྫོགས་པར་ངོ་སྤྲོད་པའི་གདམ་ངག་རྒྱས་བསྡུས་རྣམས་གོང་སུ་ངོ་སྤྲོད་པ་ལ། དེ་ལ་གསང་བ་སྐུ་བཞི་ངོ་སྤྲོད་ཀྱི་གནད་ཀྱིས། གཞུང་བཞིན་དུ་དར་དྲག་ལ་ཡུན་རིང་དུ་བསྒྲུབས་ཤིང་། རླུང་སེམས་ཡི་གེ་མཁའ་འགྲོའི་ཚོགས་ལ་དབང་ཐོབ་ཅིང་རྩལ་རྫོགས་ནས། ད་ལྟ་ཉིད་དུ་གྲུབ་རྟགས་སྣ་ཚོགས་མཐའ་ཡས་བས་གྱིས་མི་ཁྱབ་པ་ནི་འདི་ལྟ་སྟེ། གདོད་མ་ནས་ཕྱི་སྣོད་ཀྱི་འཇིག་རྟེན་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་གདོད་མ་ནས་མ་རིག་པའི་དབང་གིས་དུག་ལྔ་ལ་འབྱུང་བ་ལྔ་ལས་གྲུབ་ཅིང་། ནང་བཅུད་ཀྱི་འགྲོ་བ་རིགས་དྲུག །ཁམས་གསུམ་གྱིས་བསྡུས་པའི་སེམས་ཅན་རྣམས་ཀྱང་། མ་རིག་འཁྲུལ་པའི་དབང་གིས། ཡི་གེ་ལྔ་དུག་ལྔ་འབྱུང་བ་ལྔ་ལས་གྲུབ་ཅིང་། ལྔ་ལྔ་པོ་ཉི་ཤུ་རྩ་ལྔ་མ་རིག་མ་འཁྲུལ་བའི་ཕྱི་སྣོད་ནང་བཅུད་ཀྱི་སེམས་ཅན་གཅིག་ཀྱང་མེད་པའི་ཕྱིར་ན། དེ་ལ་གསང་བ་སྐུ་བཞི་ངོ་སྤྲོད་མཁའ་འགྲོ་ཡིད་བཞིན་འཁོར་ལོའི་གདམ་ངག་གི་རྩལ་རྫོགས་ནས་ཐམས་ཅད་རང་དབང་མེད་པར་དབང་ཐོབ་ཅིང་དབང་བསྒྱུར་ནས་ཐམས་ཅད་

(༥༡༣)ཀུན་ཀྱི་དཀྱིལ་འཁོར་གཙོ་བོའི་རྒྱལ་པོ་དང་འདྲ་བར་འབྱུང་བ་ལས་མཆོག་གི་དངོས་གྲུབ་སངས་རྒྱས་སྐུ་བཞི་འདུ་འབྲལ་མེད་ཅིང་སྐུ་ལྔའི་སངས་རྒྱས་རང་ཉིད་ལ་རྫོགས་པའི་སྐུ་གསུང་ཐུགས་མཛད་པ་འཕྲིན་ལས་ཐམས་ཅད་རང་ཉིད་ལ་རྫོགས་ཤིང་སངས་རྒྱས་ཞི་ཁྲོ་རབ་འབྱམ་ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་དཔའ་བོ་མཁའ་འགྲོ། ཡེ་ཤེས་འཇིག་རྟེན་གྱི་ཚོགས་ཐམས་ཅད་རང་གི་ལུས་ངག་ཡིད་གསུམ་སྣང་བ་བཞི་ལ་རྫོགས་ཤིང་། རང་ཉིད་ལས་མ་གཏོགས་པ་གཞན་གཅིག་ཀྱང་མེད་པའི་ཕྱིར་ན། མཐོ་སངས་རྒྱས། དམའ་སེམས་ཅན་དམྱལ་བ་ཡན་ཆད་ལ་དབང་བསྒྱུར་ཞིང་། ཐམས་ཅད་མཐོ་རིས་ཐར་པ་སྨིན་པ་དང་གྲོལ་བ་ལ་ད་ལྟ་ཉིད་དུ་འགོད་ནུས་པའི་དབང་མཆོག་དབང་གི་རྒྱལ་པོ་འབྱུང་པའོ། །དེའི་ཕྱིར་ན་ད་ལྟར་དུ་གྲུབ་ཅིང་དབང་ཐོབ་པའི་སྒོམ་ཆེན་རྣལ་འབྱོར། མ་ཇོ་ལ་སོགས་གང་དང་གང་ཡིན་ན་ཡང་། ཡུལ་ཁམས་ས་ཕྱོགས་གང་ན་འདུག་འགྲོ་ན་ཡང་། གདུལ་བྱ་སྤྲིན་ལྟར་འདུ། ལོངས་སྤྱོད་ཆར་ལྟར་འབབ། །ཡོན་ཏན་ཕྲིན་ལས་སངས་རྒྱས་དང་མཉམ་པ་འབྱུང་ཞིང་། ཕྲིན་ལས་རྣམ་པ་བཞི་ལ་མངའ་བརྙེས་ཤིང་། འཇིག་རྟེན་གྱི་ཁམས་ཁྱབ་པ་དང་འབྱུང་བ་སྟོན་ནུས་ཤིང་། དེའི་སྐུ་གཟུགས་སམ། ཆོས་དང་གདམ་ངག་ལ་སོགས་པ་བུ་སློབ་གདུལ་བྱ་བསམ་གྱིས་མི་ཁྱབ་པ་འབྱུང་ཞིང་། ཕྱི་མའི་མུ་མཐར་ཐུག་གི་བར་དུ་ཕྱོགས་རིས་མེད་ཅིང་རྒྱུན་ཆད་མེད་པར་སེམས་ཅན་རྣམས་ཀྱི་ཡིད་ལ་འཇུག །སེམས་ཅན་རྣམས་ཀྱི་ཡིད་འཕྲོག་པ། གསུངས་པ་བཞིན་དུ། ཐམས་ཅད་ལ་དབང་བསྒྱུར་དབང་གི་རྒྱལ་པོར་འགྱུར་བ་སྟེ། འདི་རྣམས་ཀྱི་གྲུབ་རྟགས་འབྱུང་གཞུང་ན་ཡོད་པ་བཞིན་དུ་མ་

(༥༡༤)བསྒྲུབས་ཤིང་རླུང་སེམས་ལ་དབང་མ་ཐོབ་ན། ཡི་གེ་ཡོད་པས་མི་ཕན། ཐམས་ཅད་སྡིག་རྐྱེན་བྱེད་ཅིང་། ངན་སོང་གསུམ་ན་ལྟུང་དོགས་ཡོད་པའི་ཕྱིར་ན། གྲུབ་རྟགས་མ་ཐོན་གྱི་བར་དུ་བསྒྲུབ་ཅིང་ཚད་འབོར་བ་ལས། དབུགས་འགྲོ་འོང་གནས་གསུམ་གྱི་ཁ་རླངས་ལ་ཡང་། ནམ་མཁའ་བར་སྣང་ས་གཞི་ཁྱབ་པར་འཇའ་དང་འོད་དུ་འཁྱིལ་ནུས་ཤིང་། སེམས་ཅན་གྱི་གར་ཁྱབ་ཏུ་ཏིང་ངེ་འཛིན་གར་གཏད་དུ་རབ་ཏུ་གནས་པར་ནུས་ཤིང་། གྲུབ་རྟགས་འཇའ་ལ་སོགས་པ་སྣ་ཚོགས་སྟོན་ནུས་ཤིང་། རྟེན་རྣམས་ལ་ཡང་དཔའ་བོ་མཁའ་འགྲོས་མཆོད་པ་འབུལ། བསྐོར་བ་བྱེད་པ་དངོས་སུ་ཐིམ་མི་རྣམས་ཀྱིས་ཀྱང་མཐོང་ཞིང་སྟོན་ནུས་ཤིང་སྣ་ཚོགས་འབྱུང་བ་ནི། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་མཁའ་འགྲོ་ཡིད་བཞིན་གྱི་ནོར་བུའི། སྒྲུབ་རྟགས་ཀྱི་ཚད་བོར་བའོ། །གོང་གི་གྲུབ་རྟགས་དེ་རྣམས་འབྱུང་བ་ལ་གནད་གསུམ་ཡིན་པ་སྟེ། ཞི་ཁྲོ་རབ་འབྱམ་གྱི་ཚོགས་རྣམས། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་སུ་བསྡུ་ཞིང་དུས་རྒྱུན་དུ་མོས་གུས་གནད་ཀྱིས་བདག་གཞན་ཀུན་ལ་བསྟིམ་པ་ནི་བྱིན་བརླབས་ཆེན་པོས་འཛམ་གླིང་ཁྱབ་པ་མི་འབྱུང་ཁ་མེད་པའོ། །རང་དང་གཞན་རྣམས་ལ་ལོངས་སྤྱོད་ཟ་མ་ཡོད་ཚད་བསྡུ་ཞིང་། ཡུལ་ཁམས་གྲོང་ཁྱེར་གྱི་མཐའ་ན་མར། ཚོགས་དང་གཏོར་མ་རྒྱ་ཆེན་པོ་བཤམ་ཞིང་། མི་ཐམས་ཅད་དཔའ་བོ་མཁའ་འགྲོར་བསྒོམ། བྱིན་གྱིས་བརླབ་ཅིང་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་བསྟིམ་ཞིང་བྱིན་བརླབས་ཕབ། ལྷ་ཆ་ཡོད་ཚད་བཀྲོལ་ཞིང་འཚམ་གསོལ་བ་བཏབ། མ་ཎི་པདྨེ་དབྱངས་སུ་གྱེར་བ། ཞག་འགའ་རེའམ་

(༥༡༥)ཅི་ནུས་ནུས་སུ་བྱས་ན། ཐམས་ཅད་འོག་མིན་གྱི་གནས་དང་འདྲ་བར་བྱིན་གྱིས་བརླབ་ཅིང་། ཡུལ་ཁམས་སུ་བཀྲ་ཤིས་པར་འགྱུར་རོ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། གསུངས་པའི་དོན་འདི་ལ་ཡིན་པ་ཀུན་གྱིས་མཁྱེན་པར་མཛོད། འབྲས་བུ་མཐར་ཐུག་གཞན་དོན་དང་འབྲེལ་བ་གསུངས་པའི་ཕྱིར་ན། སེམས་ཅན་ཐམས་ཅད་བསྡུ་བའི་དངོས་པོ་རྣམ་པ་བཞི། བྱང་ཆུབ་སེམས་ཀྱིས་ཐམས་ཅད་བསྡུ་ཞིང་ཐམས་ཅད་ལ་སྐུ་བཞི་ངོ་སྤྲོད་ཀྱི་ཁྲིད་སྣོད་དུ་མི་རུང་མེད་པ་ལ་བྱ་ཞིང་། གདན་འདི་གསུམ་ལ་ཚད་རྡོ་བོར་ཞིང་རྩལ་རྫོགས་ན། འཛམ་གླིང་ཁྱབ་པ་ཙམ་གྱིས་སྨིན་པ་དང་གྲོལ་བ་འབྱུང་བ་སྟེ། དེ་ལྟར་མངོན་སུམ་ཚད་མར་གོང་ན་གསུངས་པ་བཞིན་དུ། གྲུབ་རྟགས་སྣ་ཚོགས་ཀྱི་ཚད་རྡོ་བོར་བ། མཁའ་འགྲོའི་དབང་ཕྱུག་སྔགས་འཆང་རང་བྱུང་རྡོ་རྗེ་ལས་རྣམས་གྲུབ་པའི་ཀརྨ་པ་ཡིན་པ་གདུལ་བྱ་རྣམས་ཡིད་ཆེས་སམ་མི་ཆེས། མཐོང་ངམ་མ་མཐོང་། ཐོས་སམ་མ་ཐོས། དེའི་ཕྱིར་ན། ཐམས་ཅད་ཀྱིས་བསྒྲུབས་ལ་གྲུབ་རྟགས་ཐོན་པར་མཛོད་ཅིག །ཚད་རྡོ་བོར་བའོ། །འཛམ་གླིང་ཁྱབ་པའི་འགྲོ་དོན་མཛོད། བཀྲ་ཤིས་དཔལ་འབར། མཁའ་འགྲོ་སྡེ་ལྔའི་དངོས་གྲུབ་རྒྱ་མཚོ་ཀུན་གྱིས་ཐོབ་ཅིང་འཛམ་གླིང་རྒྱན་དུ་ཤོག །སྡོམ་པ་གསུམ་དང་ལྡན་ཞིང་། ཐེག་པ་དགུ་དང་མཐུན་པར་ཉེས་ལྟུང་ན་རིག་རྒྱུ་འབྲས་སྤང་ཞིང་། ལེགས་པའི་ཚོགས་ཐམས་ཅད་ཀྱིས་བསྲུང་སྡོམ་གཞན་ལས་ཁྱད་པར་དུ་འཕགས་པ་བྱེད་པ་ནི། སྟོན་པ་ལྔའི་བསྟན་པ་བསྲུང་ཞིང་བཀའ་ཐེག་པ་དགུ་དང་མི་འགལ་བར་བསྲུང་སྡོམ་ཉམས་ལེན་བྱས་ན། དཔའ་བོ་མཁའ་འགྲོ་སྤྲིན་ལྟར་འདུ་བའི་

(༥༡༦)དམ་ཚིག་ཡིན་པས་ཀུན་གྱིས་ཤེས་པར་མཛོད། དམ་ཚིག་ས་མ་ཡ་འབུམ་སྡེ་བསྲུང་བའི་བཀྲ་ཤིས་ཤོག །རྟོགས་ལྡན་རྣལ་འབྱོར་གཡག་ལོག་བས་བལ་པོ་ན་མུ་སྟེགས་ཀྱི་ལྡ་རྟེན་རྣམས་བཤིག་པ་ལ་སོགས་ཕྱོགས་ཐམས་ཅད་དུ་བརྟུལ་ཞུགས་ཀྱི་གྲུབ་རྟགས་སྣ་ཚོགས་བསྟན་པ་ཡང་། མཁའ་འགྲོ་ཡིད་བཞིན་གྱི་ནོར་བུའི་གདམ་ངག་འདི་གྲུབ་ཅིང་། རླུང་སེམས་གཉིས་ལ་རྩལ་རྫོགས་པའི་རྟགས་ཅུང་ཟད་ཙམ་ཡིན་པ་ཀུན། ལུང་ཐོབ་ཅིང་ཀློག་ཅིང་ཐོས་སུ་བཅུག་པ་མ་གཏོགས་པ་བཤད་མི་དགོས་བར་དུ། གང་གིས་ཚིག་ལྷད་མ་བཅུག་ཅིང་འདི་བས་ཀྱང་རྒྱས་པ་དང་གོ་བར་བྱེད་མི་དགོས། སྒོམ་སྒྲུབ་རྟགས་སྣ་ཚོགས་འདོན་པའི་གདམ་ངག་ཡིན་པ་མ་གཏོགས་པ་ཁ་ཚར་ཚིག་གི་ཐ་སྙད་མེད་པ་ཀུན་གྱིས་ཤེས་པར་མཛོད། གང་དང་གང་གིས་རྟོགས་ཤིང་བསྒྲུབས་ནས་གྲུབ་རྟགས་རབ་འབྲིང་ཐ་མ་རང་སྣང་གཞན་སྣང་གཉིས་ཀར་སྟོན་ནུས་ན། ཡུལ་ཁམས་དང་འཛམ་བུའི་གླིང་ལྡེག་ལྡེག་བྱེད་ནུས་པའི་གདམ་ངག་འདི་ཡིན་པའི་ཕྱིར་ན། ཐམས་ཅད་ཀྱིས་བསྒྲུབས་ཤིག །རང་བྱུང་ཡི་གེ་བརྒྱའོ། །མཁའ་འགྲོ་རྒྱ་མཚོ་དངོས་གྲུབ་རྒྱ་མཚོ་མཁའ་འགྲོ་ཡིད་བཞིན་ནོར་བུའི་གདམ་ངག་རྫོགས་སོ། །གང་དང་གང་གིས་ཀྱང་ནག་འདེད་ནག་པོ་ཁ་འབྱམ་གྱི་ངན་རྒྱུད་བཞིན་དུ་དྲན། རང་བཟོ། བྲི་བ་དང་། བསྣན་པ་ཤད་ཙམ་ཡང་མ་བྱེད་ཅིག །འཇིག་རྟེན་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་ཆད་པ་སྣ་ཚོགས་ཀྱིས་ཚར་གཅོད་པ་ཀུན་གྱིས་ཤེས་པར་མཛོད། བཀྲ་ཤིས་དཔལ་འབར་རང་བྱུང་ཡི་གེ་ལྔ། དཔའ་བོ་མཁའ་འགྲོའི་དངོས་གྲུབ་རབ་འབར་ཁམས་གསུམ་རྒྱན་མཆོག་

(༥༡༧)རྒྱལ་བ་ཉིད་དུ་ཤོག །ཨོཾ་སརྦ་སྭ་སྟི་སིདྡྷི་ཧཱུྃ། མཁའ་འགྲོ་སྡེ་ལྔའི་ལུང་བསྟན་གསང་བ་མཛོད་མི་ཡོངས་སུ་གྲགས་པ་ཀརྨ་པའི་བཟླས་པ་ཙམ་གྱི་མཆོག་ཐུན་མོང་གི་དངོས་གྲུབ་འཛམ་གླིང་ཁྱབ་པའི་ཡོན་ཏན་ཕྲིན་ལས། དངོས་གྲུབ་རང་ཉིད་ཐོབ་ཚུལ་སྟོན་པ་ནི་འདི་ལྟ་སྟེ། ཐམས་ཅད་ཀུན་གཞི་ལ་ཀུན་འདུས་པའི་དུས་སུ་སེམས་ཅན་རྣམས་ཀྱི་སེམས་ཉིད་གཤིས་འགྱུར་བ་མེད་པའི་དབྱིངས་ངོ་བོ་རང་བཞིན་མཚན་ཉིད་ལྔའི་ཆོས་ཀྱི་དབྱིངས་རབ་འབྱམ་དུ་གདོད་ནས་ལྷུན་གྱིས་གྲུབ་པ་མ་ཁྱབ་པ་མེད་པའི་དུས་སུ་སངས་རྒྱས་རྣམས་ཀྱི་གཤིས་ལྔ་རང་གིས་རང་རིག་ནས། སྐུ་ཡོངས་སུ་རྫོགས་པར་སངས་རྒྱས་པ་སྟེ། གཤིས་ལྔ་རང་གིས་རང་མ་རིག་པ་རྣམས་ཀྱིས་ཤེས་ཤིང་ཐོས་པར་འདོད་ན་འཛམ་གླིང་ཁྱབ་པ་ཙམ་གྱི་རྟགས་མ་ཐོན་གྱི་བར་དུ་བསྒྲུབས་ཤིག་བསྒོམས་ཤིག །གདམ་ངག་འདི་གཅིག་བུས་ཆོག་པ་ཡིན་པས་ཀུན་གྱིས་བསྒྲུབས་ཤིག །ཁ་འཕྱར་ཁ་འཁྱིལ་མང་པོས་ཅི་ཞིག་བྱ། ཁྱེད་རྣམས་རྨོངས་པ་བདག་གཞན་མགོ་བསྐོར་བ་ཡིན་པ་ཤེས་པར་མཛོད། ཨོཾ་སརྦ་སྭ་སྟི་སིདྡྷི་ཧཱུྃ། མཁའ་འགྲོའི་དབང་ཕྱུག་དབང་བསྒྱུར་ཀརྨ་པ་ཡིས། མཁའ་འགྲོས་བྱིན་གྱིས་བརླབས་པའི་གདུལ་བྱ་རྣམས་ལ་གདམས་པ། ཀུན་ཏུ་བཟང་རྡོ་རྗེ་འཆང་གིས། previous hit དགོངས next hit་ལུང་བསྟན། དུར་ཁྲོད་གསང་བ་ཁྱུ་བྱུག་རོལ་པའི་རྒྱུད་ལས་འཕྲོས་པའི་གསང་བ་བཞི་བཅུའི་རྒྱུད། ཕྱག་རྒྱ་ཆེན་པོ་ཐིག་ལེ་ཉི་ཤུ་རྩ་ལྔ་ལ་སོགས་པའི་མ་རྒྱུད་ལ་གཏོགས་ཚད་རྣམས་དང་། ཐབས་ཤེས་རབ་གཉིས་མེད་ཡེ་ཤེས་རྒྱ་མཚོ། ཀྱཻ་རྡོ་རྗེ་

(༥༡༨)དང་རྡོར་དབྱིངས་དང་མཉམ་པར། སྐུ་བཞི་འདུ་འབྲལ་མེད། སྐུ་ལྔ་རང་ཉིད་ལ་རྫོགས་པའི་ངོ་སྤྲོད་ཀྱི་གནད་ཀྱིས་ཀུན་གཞི་ཞེས་ཀྱང་བྱ། གནས་ལུགས་ཞེས་ཀྱང་བྱ། མིང་འདོགས་ལུགས་མང་ན་ཡང་དོན་གཅིག་ཡིན་ཞིང་། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་ལས། དེ་ལ་ངོ་སྤྲོད་ཅིང་བྱིན་གྱིས་བརླབས་ནས། མ་རིག་པ་རང་རིག་པའི་ཡེ་ཤེས་སུ་གཤིས་འགྱུར་བ་མེད་པའི་དབྱིངས་རང་བཞིན་ལྔ་རང་བྱུང་ཡི་གེ་ལྔ། ཧ་རི་ནི་སར་རིག་ཅིང་རྟོགས་ནས་དེ་ལས་རང་བྱུང་ཨེ་བམ་མ་ཡ་བཞི་འཕྲོས་ཤིང་། ཨེ་བམ་མ་ཡ་བཞི་ལས་རང་བྱུང་ཨ་ལི་བཅུ་དྲུ །ཀ་ལི་སུམ་བཅུ་རྩ་གཉིས་རང་བྱུང་ཡེ་ཤེས་སུ་ཞི་ཁྲོ་རབ་འབྱམ་གྱི་སྙིང་པོ་དང་སྔགས་ཀྱི་འཁོར་ལོ་ལ་སོགས་པ། ཆོས་ཀྱི་དབྱིངས་རབ་འབྱམ་དང་མཉམ་པར། རང་བྱུང་ཡི་གེ་འཁོར་ལོ་རྫོགས་ཆེན་གྱིས་མ་ཁྱབ་པ་མེད་པ་ཡང་རང་བྱུང་ཡི་གེ་ལྔ། དཔའ་བོ་མཁའ་འགྲོ་སྡེ་ལྔས་མ་ལུས་པ་དང་མ་ཁྱབ་པ་མེད་པ་ལས། གདམ་ངག་གཞུང་ན་གསུངས་པ་བཞིན་དུ་གྲུབ་ཅིང་བརྟན་པ་ཐོབ་རྩལ་རྫོགས་ན། རྣལ་འབྱོར་བླ་ན་མེད་པའི་སྒོམ་ཆེན་དང་གང་ཡིན་ན་ཡང་གྲུབ་རྟགས་སྣ་ཚོགས་ཕྱོགས་མེད་དུ་རྩོལ་སྒྲུབ་མེད་པར་འབྱུང་ཞིང་། ཤུགས་ལས་འབྱུང་བའི་བརྟུལ་ཞུགས་ཀྱི་སྤྱོད་པ་སྣ་ཚོགས་ཀྱིས་འཛམ་གླིང་ཁྱབ་པ་ཙམ་དུ། རྩོལ་བ་དང་སྒྲུབ་པ་མེད་པར་སྟོན་ནུས་པ་ནི། དཔེར་ན་ཉི་མ་ནམ་མཁའ་ལ་ཤར་བ་ན། གཟུགས་བརྙན་ཚད་ཀྱི་ནང་ན་ཉི་མའི་གཟུགས་རེ་རེ་ཡོད་པ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་དང་མཐུན་པར། རྣལ་འབྱོར་བླ་ན་མེད་པ་ཡིན་ཀྱང་། ཤུགས་འབྱུང་གི་སྤྱོད་པ་

(༥༡༩)གདུལ་བྱ་སེམས་ཅན་ཐམས་ཅད་ཀྱི་སྣང་བ་ལ་ཕྱོགས་མེད་དུ་སྟོན་ནུས་པ་ལས། གཤིས་ལྔ་རང་བྱུང་ཡི་གེ་ལྔར་དཔའ་བོ་མཁའ་འགྲོའི་ཚོགས་སུ་རྟོགས་ཤིང་། རང་གི་སེམས་དང་ཡེ་ཤེས་ལས་བྱུང་ལ་དབང་ཐོབ་པ་དང་། སྲོག་རྩོལ་རླུང་གི་འཕྲོ་འདུ་དང་། རླུང་སེམས་གཉིས་ལ་རང་དབང་གིས་ཐོབ་པའོ། །སློབ་དཔོན་གྱིས་ཀྱང་གདུལ་བྱ་རབ་འབྲིང་ཐ་མ་རྣམས་ལ་དེ་ལྟར་དུ་ངོ་སྤྲོད་ཅིང་། ཤུགས་འབྱུང་སྤྱོད་པ་སྣ་ཚོགས་སྟོན་ནུས་པར་དབང་བསྐུར་བྱིན་གྱིས་བརླབས་ནས། སློབ་མ་རྣམས་ཀྱིས་ཀྱིས་ཀྱང་གྲུབ་རྟགས་སྣ་ཚོགས་གཞུང་བཞིན་དུ་མ་ཐོན་གྱི་བར་དུ་བསྒྲུབས་ན། སྣ་ཚོགས་སྤྱོད་པ་ཕྱིར་ཡང་ཤུགས་ལས་འབྱུང་ངོ་། །གཞན་སྣང་དག་པར་སྟོན་ནུས་པ་སྟེ། རྣལ་འབྱོར་བླ་མེད་རང་བྱུང་རྡོ་རྗེ་ཡིས་འཛམ་གླིང་ཁྱབ་པར་ཅུང་ཟད་ཙམ་དུ་ཤུགས་འབྱུང་སྤྱོད་པས་ཀུན་ལ་དབང་བསྒྱུར་ཅིང་། མ་འོངས་པའི་དུས་སུ་ཡང་རྒྱུན་ཆད་མེད་པར་འབྱུང་བ་མངོན་སུམ་ཚད་མ་སྟེ། དེའི་རང་སྣང་གཞན་སྣང་གཉིས་ཀར་ཡང་ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི། གྲུབ་རྟགས་སྣ་ཚོགས་ཤུགས་འབྱུང་སྤྱོད་དུ་མེད་པ་འདི་ལྟར་འབྱུང་། ཕྱག་རྒྱ་ཆེན་པོ་ཐིག་ལེ་ཉི་ཤུ་རྩ་ལྔའི་རྒྱུད་ལས་འདི་ལྟར་འབྱུང་བར་ལུང་བསྟན་ནས། སྣ་ཚོགས་གཟུགས་ཀྱིས་ཁམས་གསུམ་ཁྱབ་པར་སྤྱོད། གདུལ་བྱ་ཇི་ལྟར་སྣང་བ་བཞིན། ཤུགས་འབྱུང་སྤྱོད་པ་གྲུབ་རྟགས་དེ་དང་། མཐུན་པར་སྟོན། ལ་ལར་འདོད་ཆགས་སྤྱོད་པར་སྟོན། ལ་ལར་འདོད་ཆགས་བྲལ་བར་སྟོན། ལ་ལར་ཞི་བའི་གཟུགས་ཀྱིས་འགྲོ་དོན་མཛད། ལ་ལར་ང་རྒྱལ་པོས་ཐམས་ཅད་ཟིལ་གྱིས་གནོན་པར་

(༥༢༠)སྤྱོད། །ལ་ལར་ང་རྒྱལ་བྲལ་བར་སྟོན། ལ་ལར་གཏི་མུག་གཉིད་ཀྱིས་མྱོས་པར་སྤྱོད། ལ་ལར་གཏི་མུག་མི་ཤེས་རྨོངས་པ་མེད་པར་སྟོན། ལ་ལར་ཞེ་སྡང་དྲག་ཏུ་རྔམ་པར་ཕྱེད། ལ་ལར་བདེ་ཞིང་ཐམས་ཅད་ཀུན་གྱི་སྲོག་འབྱིན་བྱེད། ལ་ལར་སློངས་མོ་བྱེད་ཅིང་མ་སྦྱིན་པར་སྤྱོད། ལ་ལར་རྒྱལ་པོ་ཆེན་པོའི་ཆ་ལུགས་སྤྱོད་ཅིང་ཀུན་ལ་དབང་བསྒྱུར་ཚུལ། ལ་ལར་གཅེར་བུ་དྲི་མ་ཅན་ཡུལ་ཁམས་ཀུན་དུ་རྒྱུ་ཞིང་ཉམས་ང་མེད་པར་སྤྱོད། ལ་ལར་དག་པ་གཙང་སྦྲ་ཅན། དགེ་སློང་དགེ་ཚུལ་ཉན་རང་ཚུལ་དུ་སྤྱོད། ལ་ལར་ཅུང་ཟད་ཙམ་གྱི་ཟས་སྐོམ་ཚོགས་རྣམས་དགག་པར་སྟོན། ལ་ལར་མང་པོ་ཟོས་ཀྱང་འགྲངས་པ་མེད། །ས་རྡོ་རི་བྲག་མེ་ལ་སོགས་པ་རྣམས། །ཐམས་ཅད་དགག་སྒྲུབ་མེད་པར་ཟ་བར་བྱེད། །ལ་ལར་ངོ་ཚ་བག་མེད་སྤང་ཞིང་གཙང་སྦྲའི་ཚུལ་འཁྲིམས་བསྲུང་བར་སྤྱོད། ལ་ལར་ངོ་ཚ་བག་མེད་སྣ་ཚོགས་ཅིར་ཡང་འཇིག་རྟེན་པ་དང་མི་མཐུན་པར་སྤྱོད་པ་བྱེད། ལ་ལར་ཤོ་དང་རྒྱན་ལ་སོགས་པ་འགྱེད་ཅིང་འཁྲུག་རྩོད་འཐབ་མོ་བྱེད་ཚུལ་སྟོན། ལ་ལར་ལྐུགས་པ་སྨྲ་བརྗོད་སྣང་ལ་ལར་ཅ་ཅོ་སྣ་ཚོགས་སྒྲོག་ཅིང་འཕྱོང་རྒྱུག་སྣ་ཚོགས་བྱེད་པར་འགྱུར། ལ་ལར་གཙང་ཙོག་མེད་ཅིང་དྲི་ཆེན་དྲི་ཆུ་མི་གཙང་སྣ་ཚོགས་རྣམས་ཟ་བར་བྱེད། ལ་ལར་བྲམ་ཟེའི་སྤྱོད་པ་གཙང་སྦྲ་སྟོན་ལ་ལར་འོ་མ་འཐུང་ཟས་གཅིག་དཀར་གསུམ་ཀྲྀ་ཡའི་སྤྱོད་པ་བྱེད། ལ་ལར་ལོངས་སྤྱོད་ཆེན་པོའི་ཚོགས་ལྡན་ཅིང་། ཚོགས་བསགས་སྦྱིན་པ་སྣ་ཚོགས་གཏོང་ཚུལ་སྟོན། ལ་ལར་ཆོམས་རྐུན་ཚོགས་དང་བཅའ་ཞིང་

(༥༢༡)ཐམས་ཅད་འཕྲོག་ཅིང་རུང་བར་སྤྱོད། ལ་ལར་ངུ་ཞིང་ཆོ་ངེས་སྣ་ཚོགས་འདེབས་པར་སྟོན། ལ་ལར་རྒོད་ཅིང་གར་དང་རོལ་མོ་སྣ་ཚོགས་བྱེད་ཅིང་ཐམས་ཅད་དགའ་བར་སྤྱོད། ལ་ལར་ཆང་བཞིན་ར་རོ་ཞིང་། །ཐམས་ཅད་འགྲོ་བ་འདུལ་བར་སྟོན། ལ་ལར་ཐོད་པ་ཁ་ཊྭཱཾ་དུར་ཁྲོད་ཆས་ཀྱིས་བརྒྱན་ཞིང་གྲོང་ཁྱེར་ཀུན་དུ་རྒྱུ་ཞིང་རང་དབང་མེད་པར་ཐམས་ཅད་གཡོ་ཞིང་འགུལ་བར་སྟོན། ལ་ལར་གཏུམ་ཞིང་སྟོབས་ཆེན་གཟུགས་སུ་སྟོན། ལ་ལར་ཆོས་ཉན་པ་དང་ཆོས་འཆད་ཅིང་། ཡུལ་ཁམས་ཐར་པ་འདྲེན་ཚུལ་སྟོན། ལ་ལར་ཐམས་ཅད་སྒྱུ་མ་ལྟ་བུར་སྟོན་ཅིང་སྒྱུ་བྲལ་ཆས་དངོས་པོ་ཨ་མཐས་ཞེན་པར་སྟོན། ལ་ལར་བྱིས་པའི་གཟུགས་སུ་སྟོན། ལ་ལར་རྒན་པོ་མོ་མང་འཆི་མེད་དང་། ལ་ལར་སྨད་འཚོང་མའི་གཟུགས་འདོད་པ་སྣ་ཚོགས་སྤྱོད་ཅིང་འདོད་པ་མེད་པའི་ཚུལ་དུ་སྤྱོད། སེར་སྣ་མེད་ཅིང་སྦྱིན་པ་སྣ་ཚོགས་གཏོང་ཚུལ་སྟོན། ལ་ལར་བྱོལ་སོང་ལ་སོགས་ངན་སོང་གསུམ་གྱི་གཟུགས་སུ་སྟོན་ཅིང་སྤྱོད། ལ་ལར་ལྷའི་བུ་དང་བུ་མོར་འཁོར་བསྒྱུར་རྒྱལ་པོ་སྣ་ཚོགས་གཟུགས་སུ་སྟོན་ཅིང་སྤྱོད་པ་དང་། །གདུལ་བྱ་དག་པའི་སྣང་བ་ལ། ཞི་ཁྲོ་རབ་འབྱམ་རྣམ་འཕྲུལ་གཟུགས་སྐུ་སྣ་ཚོགས་སྟོན་ཅིང་སྐད་ཅིག་ཙམ་གྱིས་སྨིན་གྲོལ་མཛད། དེ་ལྟ་བུའི་ཤུགས་འབྱུང་གི་སྤྱོད་པ་ལ་རང་དབང་ཐོབ་ཅིང་། རྩོལ་སྒྲུབ་མེད་པ་ནི། སྐུ་བཞི་ངོ་སྤྲོད་ཀྱི་དོན་རྟོགས་ཤིང་། རང་བྱུང་ཡི་གེ་ལྔ་དང་། ཡི་གེ་འཁོར་ལོ་རྫོགས་ཆེན་དཔའ་བོ་མཁའ་འགྲོའི་ཚོགས་དང་ཐ་དད་མེད་པའི་རླུང་སེམས་གཉིས་ལ་རྩལ་

(༥༢༢)རྫོགས་པ་ལ། རྣལ་འབྱོར་བླ་མེད་རང་བྱུང་རྡོ་རྗེའི་སྤྱོད་དུ་མེད་པའི་ཤུགས་འབྱུང་ལ་སྤྱོད། སྤྱོད་པས་འཇིག་རྟེན་ཀུན་ཁྱབ་ཅིང་། སྐུ་བཞི་ངོ་སྤྲོད་རང་བྱུང་ཡི་གེ་རྩལ་རྫོགས་ཁྱད་ཆོས་འབྲས་བུ་ཏེ། ཕྱག་རྒྱ་ཆེན་པོ་ཐིག་ལེ་previous hit དགོངས next hit་ལུང་བསྟན་པ་ལས། དེའི་རྣལ་འབྱོར་དབང་ཕྱུག་ནི། རང་དབང་གིས་ནི་ཀུན་དུ་སྤྱོད། །གཞན་དབང་གང་དང་གང་གིས་སྤྱོད། དགག་ཅིང་འགོགས་སུ་མེད་པ་ཡིན། གསུངས་པའི་ཕྱིར་ན། ད་ལྟ་སེམས་ལ་དབང་ཐོབ་ཀརྨ་པ། རླུང་སེམས་རྩལ་རྫོགས་ཀརྨ་པ། སྣ་ཚོགས་ཅིར་ཡང་སྟོན་ཞིང་ཐམས་ཅད་བྱིན་གྱིས་བརླབས། ངོ་སྤྲོད་ཤུགས་འབྱུང་སྤྱོད་པ་སྣ་ཚོགས་པ། ཡུལ་ཁམས་ཀུན་དུ་ཁྱབ་པར་འབྱུང་བའི་གནད་དང་གདམ་ངག་འདི་རྣམས་ཡིན་པ་སྐལ་ལྡན་གདུལ་བྱ་རྣམས་ཀྱི། གདམ་ངག་གཞུང་བཞིན་དུ་སྟོན་ཅིང་དམ་བཅའ་བཞག་ནས། རྟགས་ཤུགས་འབྱུང་སྤྱད་པ་འདི་རྣམས་ལ་རབ་འབྲིང་མཐའ་མ་མ་བྱུང་གི་བར་དུ་སྒྲུབ་ཏུ་ཆུག་དང་། ཕྱི་ནང་གསང་གསུང་དེ་ཁོ་ན་ཉིད་ཀྱི་རང་བྱུང་དཔའ་བོ་མཁའ་འགྲོ་ལ་དབང་ཐོབ་པའི་མ་ཧཱ་མུ་ཏྲ་ཀརྨ་པ་ཡིས་བྱིན་གྱིས་བརླབ་ཅིང་གྲུབ་རྟགས་སྣ་ཚོགས་ཐོན་པར་དག་བསྐུར་བ་སྟེ། ཁྱེད་རྣམས་བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་གསོལ་བ་འདེབས་ཤིང་དབང་རླུང་སེམས་ལ་དབང་ཐོབ་ཤུགས་འབྱུང་སྤྱོད་པ་འདི་རྣམས་ཀུན་ལ་འབྱུང་བར་འགྱུར་རོ། །ཤུགས་འབྱུང་སྤྱོད་པ་འདི་རྣམས་མ་བྱུང་བར་དུ། ཐོ་ཆོ་མུ་ཆོ་ཚུལ་ཆོས་སྤྱོད་པ་བྱས་ན། བདག་གཞན་གྱི་ཕུང་འདྲེར་འགྱུར་ཞིང་། སེམས་ཅན་རྣམས་ཀྱི་སྡིག་རྟེན་གྱུར་ན། དམ་ཅན་རྒྱ་མཚོས་སྲོག་གཅོད་ཅིང་ངན་སོང་གསུམ་དུ་ལྟུང་བར་ཀུན་གྱིས་

(༥༢༣)མཁྱེན་པར་མཛོད། ཤུ་འབྱུང་སྤྱོད་པ་འདི་རྣམས་ལ་ཐོས་སུ་ཆུག །མཐོང་དུ་ཆུག །བྲིར་ཆུག །ཐམས་ཅད་ཀྱིས་བསྒྲུབས་ལ་གྲུབ་རྟགས་ཐོན་དུ་ཆུག །གོ་ཞིང་ཤེས་པ་རྣམས་ཀྱིས་ཐམས་ཅད་ལ་རྒྱས་པར་སྟོན། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རང་བྱུང་ཡི་གེ་ལྔར་མ་འདུས་པ་དང་། མ་རྫོགས་པ་དང་། མི་གནས་པ་གང་ཡང་མེད་པ། སྐུ་བཞི་ངོ་སྤྲོད། རང་བྱུང་ཡི་གེའི་དོན་རྟོགས་ཤིང་། །རྩལ་ཆེན་པོ་རྫོགས་ཤིང་། རླུང་སེམས་གཉིས་སངས་རྒྱས་སེམས་ཅན་ཐམས་ཅད་ཀྱི་སྲོག་ཡིན་པ་ལ། དབང་ཆེན་པོ་རང་དབང་རང་གིས་ཐོབ་ནས་གྲུབ་རྟགས་འདི་མི་འབྱུང་ཁ་མེད་ཅིང་ཐམས་ཅད་དབང་དུ་བསྡུས་ཤིང་ཀུན་ལ་དབང་བསྒྱུར་བའི་ཕྱིར་ན། བྱང་ཆུབ་སེམས་ཀྱི་དབང་བསྡུད་རང་བྱུང་ཡི་གེ་ལྔ། ཡེ་ཤེས་ཡི་གེ་འཁོར་ལོ་རྫོགས་ཆེན་རང་ཉིད་ལ་རྫོགས་པ་ཡིན་པས་ཐམས་ཅད་ཀྱི་གོ་ཞིང་རྟོགས་ནས། གྲུབ་རྟགས་སྣ་ཚོགས་གོང་ན་ཡོད་པ་བཞིན་དུ་མ་བྱུང་གི་བར་དུ་བསྒྲུབས་ཤིག །གྲུབ་ནས་ཀྱང་ཐམས་ཅད་རང་དབང་མེད་པར་དབང་དུ་བསྡུ་ཞིང་། མ་རིག་པ་རང་རིག་པའི་ཡེ་ཤེས་སུ་རྟོགས་ཤིང་སྨིན་ཅིང་གྲོལ་བར་བྱ། བཀྲ་ཤིས་དཔལ་འབར་དངོས་གྲུབ་རྒྱ་མཚོ་ཀུན་འབར་འཛམ་གླིང་རྒྱན་དུ་ཤོག །ཐམས་ཅད་མ་ལུས་པར་ཕྱོགས་གཅིག་ཏུ་འདུས་ཤིང་རྫོགས་སོ། །རྡོ་རྗེ་འཆང་གི་གསུང་ལས་ཀྱང་། །སེམས་ཡོད་པས་ནི་དེ་རྟོགས་འགྱུར། སེམས་མེད་པས་ནི་དེ་མི་རྟོགས། གསུངས་པའི་ཕྱིར་ན། སེམས་ཡོད་ཚད། ལུས་ཡོད་ཚད། སྣ་བུག་ནས་དབུགས་རྒྱུ་ཚད། ཉོན་མོངས་པ་དུག་ལྔ་ཡོད་ཚད་རྣམས་ཀྱིས། གདམ་ངག་གནད་དང་ལྡན་ཞིང་དར་དྲག་ལ་ཡུན་རིང་དུ་རིག་པ་རྒྱུན་

(༥༢༤)མེད་པར་བསྒྲུབས་ན། གྲུབ་རྟགས་སྣ་ཚོགས་མི་འབྱུང་མི་སྲིད་ཅིང་། སྣོད་དུ་རླུང་དང་མི་རླུང་གི་བྱེ་བྲག་གང་དང་གང་ཡང་མེད་པའི་ཕྱིར་ན། ཐམས་ཅད་སྟོན་ཅིང་བསྒྲུབས་ནས་རྟོགས་སུ་ཆུག །དེ་ལྟར་དུ་མ་བྱས་ན༴ ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས་ཀྱི་ཚད་མེད་པའི་ཐུགས་རྗེའི་དམ་ཚིག་དང་འགལ་ཞིང་དམ་ཚིག་ཉམས་པར་འགྱུར་རོ། །ཀུན་རྫོབ་དེར་རྫོགས། ལྷག་ཆད་མེད་ཅིང་མ་ཚང་བར་མེད་པར་རྫོགས་སོ། །ཁམས་གསུམ་སེམས་ཅན་ཐམས་ཅད་སྐུ་བཞིའི་དོན་རྟོགས་ཤིང་བླ་མེད་མྱུར་ཐོབ་ཤོག ། དགེའོ།། གཉིས་ཞུས་སོ།།

(༤༦༡)འགྲོའི་རྣམ་འཕྲུལ་མི་དང་ཆ་ལུགས་མཐུན་པར་ཡང་། རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་དུས་གསུམ་རྒྱུན་ཆད་མེད་པར་བྱོན་གཤེགས་མཛད་པ་ཡང་། རིགས་ལྔ་ཡབ་ཡུམ་བཅུའི་རྣམ་པར་འཕྲུལ། དཔའ་བོ་སྡེ་ལྔའི་རྫུ་འཕྲུལ་ཆོ་འཕྲུལ། དངོས་སུ་རྣམ་འཕྲུལ་རྒྱུན་ཆད་མེད་པར་གསུངས་པ་ཡིན། རྒྱུད་པ་འདིའི་དབང་དུ་བགྱིས་ན་ཡང་། འཁོར་ལོ་བདེ་མཆོག་ཏཻ་ལོ་པ། ཞི་ཁྲོ་རབ་འབྱམ་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱང་། རྣལ་འབྱོར་དབང་ཕྱུག་ཏཻ་ལོ་པ་ཡི་སྐུ་གསུང་ཐུགས་ལ་རྣམ་པར་འཕྲུལ། དེ་ཡང་མཁའ་འགྲོ་རྒྱ་མཚོའི་རྣམ་འཕྲུལ་ཡིན། ནཱ་རོ་མཻ་ཏྲི་ཐར་ལམ་གསུམ་རྒྱ་གར་རྣལ་འབྱོར་གྲུབ་ཐོབ་བརྒྱུད་པའི་བླ་མ་ཡང་། ཡི་གེ་བཞི་དང་མཁའ་འགྲོ་བཞི། ཨེ་བམ་མཱ་ཡ་བཞི་ལ་འཕྲོས་པ་ཡིས། ཨ་ལི་ཀ་ལི་མཉམ་སྦྱོར་ཅིང་། ཡི་གེ་འཁོར་ལོ་རྫོགས་ཆེན་པར། མི་བརྗེད་གཟུངས་ཐོབ་ནཱ་རོ་པ། ཡི་གེ་བཞི་པོ་ཆོས་རྣམས་ཀྱི་རྩ་བ་སྟེ། མཁའ་འགྲོའི་བརྡ་སྐད་མི་ཟད་རྒྱན་གྱི་འཁོར་ལོ་ལ། དབང་བསྒྱུར་བདེ་གཤེགས་བཀའ་ལས་ལུང་ཆེན་ཐོབ་རྣལ་འབྱོར་དབང་ཕྱུག་པན་ཆེན་ནཱ་རོ་པ། མཁའ་འགྲོའི་རྣམ་འཕྲུལ་ཡི་གེ་ལྔ། །ཡི་གེ་དངོས་གྲུབ་མངའ་བརྙེས་པའོ། །གཞན་ཡང་རྒྱ་གར་ཤར་ནུབ་ཆུ་བཞི་ན། །སངས་རྒྱས་པ་ཡི་བསྟན་པ་ལ་ཞུགས་ཤིང་། །གྲུབ་མཐའ་རང་བློས་བསྒྱུར་བ་མང་ན་ཡང་། །གནས་ལུགས་གཤིས་ལྔ་མ་རིག་ཅིང་། །མ་གཏོགས་ནས་བཤད་པ་ཁ་མཚར། །ཐ་སྙད་ཚིག་ལ་གཙོ་བོར་བྱེད་ཅིང་། པཎྜི་ཏ་མིང་ཐོགས་པ་མང་ན་ཡང་། །རང་གིས་དེ་ཉིད་རྟོགས་པ་གཅིག་ཀྱང་མེད་པ་དང་། མ་རིག་པའི་དབང་གིས། དམིགས་པ་སྣ་ཚོགས་ཡིད་བྱེད་ཡིད་སྨོན། སྒོམ་པ་ཁ་འཁྱིལ་ལ། ཐུན་མོང་གི་ཡོན་ཏན་ཆ་རེ་ཆ་རེ་ཡོད་ན་ཡང་།

(༤༦༢)རྣམ་པར་རྟོག་པ་རབ་འབྲིང་ཐ་མ་ལ་མཐུ་བལྟས་པ་ཙམ་ཡིན་པ་མ་གཏོགས། རང་གིས་རང་གི་སེམས་ཉིད་ངོ་ཤེས་ཤིང་རྟོགས་པ་གཅིག་ཀྱང་མེད་པའི་ཕྱིར་ན། ཡིད་ལ་བྱེད་པ་ལྟུང་བ་འབྱུང་བའི་རྒྱུར་གསུངས་པའི་དོན་ཏེ། མ་རིག་པ་བསྒོམ་པ་ཁ་འཁྱིལ་བ་རྣམས། འགྲོ་བ་རིགས་དྲུག་མིན་ལྟུང་བ་མེད་པ་ཀུན་གྱིས་མཁྱེན་པར་མཛོད། དེའི་ཕྱིར་རྒྱ་གར་ཡུལ་གྱིས་ཆ་ན། །བཤད་དང་སྒོམ་པ་མང་ན་ཡང་། །སྐུ་བཞིའི་སངས་རྒྱས་རང་ལ་རྫོགས་པར་མཛོད། རྒྱ་གར་པུཥྤ་ཧ་རིའི་དགོན་པ་ན། ཏཻ་ལོ་པས་ནཱ་རོ་པ་ལ་previous hit དགོངས next hit་ལུང་བསྟན་པ། །ཁ་བ་ཅན་གྱི་བྱང་ཕྱོགས་ན། མར་པ་བྷུ་ཏི་མ་རིག་པ་ཅེས་བྱ་བ་འོང་གི་དེའི་མ་རིག་རབ་རིབ་ལིང་ཐོག་སོལ་གསུངས་པ་སྟེ། མར་པ་ལོ་ཙ་དཔའ་བོ་བློ་གྲོས་རིན་ཆེན་ཡིན་ཞིང་། རྡོ་རྗེ་འཆང་གི་རྣམ་པར་འཕྲུལ་པ། །བོད་ཀྱི་གདུལ་བྱ་རྣམས་ལྷན་ཅིག །སྐྱེས་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་སྐུ་བཞི་ངོ་སྤྲོད། སྐད་ཅིག་ཙམ་གྱིས་མ་རིག་པ། རིག་པ་ཡེ་ཤེས་སུ་ངོ་ཕྲོད་ཅི། བྱིན་གྱིས་བརླབས་པའི་དོན་དུ། །སྔགས་པ་རྣལ་འབྱོར་པའི་ཆ་ལུགས་བྱོན་ཅིང་། དུས་གསུམ་གྱི་བོད་ཀྱི་གདུལ་བྱ་ཐམས་ཅད་སྐུ་ལྔའི་སངས་རྒྱས་རང་ལ་རྫོགས་པ་ཡང་། གཤིས་ལྔ་རྟོགས་ཤིང་། ཡེ་ཤེས་ལྔ་དཔའ་བོ་སྡེ་ལྔ་དང་། མཁའ་འགྲོ་སྡེ་ལྔ་ཐ་དད་མེད་ཅིང་། རྡོ་རྗེ་འཆང་ཆེན་མི་གཟུགས་ཅན་དུ་བྱོན་ཞིང་བཞུགས་ནས། བོད་ཁམས་ཀྱི་ཕྱི་སྣོད་ནང་བཅུད་རྣམས་གཉིས་སུ་མེད་པར་ཡེ་ཤེས་ངོ་སྤྲོད་བྱིན་གྱིས་བརླབས་ཤིང་། རྗེ་བཙུན་མི་ལ་རས་པ། འཇམ་དཔལ་བཤེས་གཉེན་གྱི་རྣམ་པར་འཕྲུལ་པ། རྣལ་འབྱོར་པའི་

(༤༦༣)ཚུལ་དུ་བྱོན་ཞིང་། གནས་ལུགས་གཤིས་ལྔ་དུག་ལྔར་འཁྲུལ་པ་ཡེ་ཤེས་ལྔར་རིག་ཅིང་། ཡེ་ཤེས་ལྔ་མཁའ་འགྲོ་ལྔ། དཔའ་བོ་སྡེ་ལྔ་རང་ཉིད་ལ། རིག་ཅིང་རྟོགས་ནས་རྩལ་རྫོགས་པ་ཡིས། ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱིས། དཔའ་བོ་མཁའ་འགྲོའི་ཚོགས་ལ་མངའ་བརྙེས་ཤིང་དབང་བསྐུར་པའི་ཕྱིར་ན། རྣལ་འབྱོར་དབང་ཕྱུག་མི་ལ་རས་པ་ཡི། དུས་གསུམ་དུས་མིན་གདུལ་བྱ་རྣམས་ཀྱི། ལུས་ངག་ཡིད་གསུམ་སྣང་བ་དང་བཞི། སྐུ་བཞི་འདུ་འབྲལ་མེད་པར་བྱིན་གྱིས་བརླབས་པའི་ཕྱིར་ན། རི་ཁྲོད་དགོན་པར་རྒྱུན་ཆད་མེད་པར་རླུང་སེམས་གཉིས་ལ་རྩལ་སྦྱངས་ཤིང་། དུས་གསུམ་བྱིན་གྱིས་བརླབས་པའོ། །དགས་པོ་ལྷ་རྗེ་མཚན་མཆོག་ཡོངས་སུ་གྲགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཟླ་ལོ་གཞོན་ནུར་ལུང་བསྟན་ནས། སྙིགས་མའི་དུས་སུ། མ་རིག་པའི་གདུལ་བྱ་རྣམས་ལྷན་ཅིག་སྐྱེས་པའི་མ་རིག་པ་རྣམས་གཉིས་སུ་མེད་པའི་ཡེ་ཤེས་རང་བྱུང་ཕྱག་རྒྱ་ཆེན་པོར་ངོ་སྤྲོད་ཅིང་། ཅེས་ལུང་བསྟན་པ་ལགས་ཤིང་། བྱིན་གྱིས་བརླབས་པ་ལས་གནས་ལུགས་སྣང་སེམས་གཉིས་ཀྱི་ཆ་རེ་ཙམ་རྟོགས་པའི་གྲུབ་ཐོབ་སྒོམ་ཆེན་པ་མང་ན་ཡང་། རྗེ་དུས་གསུམ་མཁྱེན་པ། སངས་རྒྱས་སེང་གེ་སྒྲའི་རྣམ་འཕྲུལ། སྒོམ་ཆེན་རྣལ་འབྱོར་པའི་ཆ་ལུགས་སུ་བསམ་བཞིན་དུ་སྲིད་པ་ཉེ་བར་བླངས་པའི་ཕྱིར་ན། རྫོགས་པའི་སངས་རྒྱས་སྔར་ཡང་སངས་རྒྱས། སྤྲུལ་པ་པོ་གཅིག་འདིར་སངས་རྒྱས་གསུངས་པའི་ཚུལ་དུ། གནས་ལུགས་གཤིས་ལྔ། ཡེ་ཤེས་ལྔར་རྟོགས་ཤིང་། གཤིས་ལྔ་དཔའ་བོ་

(༤༦༤)སྡེ་ལྔ། མཁའ་འགྲོ་སྡེ་ལྔ། རྡོ་རྗེ་རིགས་ཀྱི་གནས་ལུགས་སུ། ལུགས་ལྔ་སྐུ་ཡོངས་སུ་རྫོགས་པའི་རྣལ་འབྱོར་བླ་ན་མེད་པར་རྩལ་རྫོགས་ཚུལ་བསྟན་ཅིང་། ཁམས་གསུམ་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབས་པའོ། །རྗེ་དུས་གསུམ་མཁྱེན་པ་ལ། བུ་སློབ་ཟག་བཅས་ཟག་མེད་ཟུང་འཇུག་རྟོགས་པ་ཙམ་གྲངས་མཐའ་ཡས་ན་ཡང་། བཀའ་རྒྱུད་ཀྱི་རྒྱལ་ས་ཟིན་ཞིང་སྨིན་གྲོལ་དབང་གི་རྒྱལ་མཚན་འཕྱར་བར་སྨོན་ལམ་བཏབ་ཅིང་། ཕྲིན་ལས་རྣམ་པ་བཞི་ལ་ཕྱོགས་མེད་དུ་ཧེ་རུ་ཀའི་སྟོབས་དང་ལྡན་པས་ཐམས་ཅད་ཟིལ་གྱིས་མནན་ཞིང་། བྱིན་གྱིས་བརླབས་པའི་ཕྱིར་ན། རྗེ་འགྲོ་བའི་མགོན་པོ་རས་ཆེན་པ། བུ་སློབ་མང་ན་ཡང་། གཤིས་ལྔ་མ་རིག་པ་ཆོས་ཀྱི་དབྱིངས་རབ་འབྱམས། རང་བྱུང་ཡེ་ཤེས་སུ་རྟོགས་ཤིང་རྩལ་རྫོགས་པ་སངས་རྒྱས་སྤྲུལ་པ་སངས་རྒྱས་མཛད་པ། གྲུབ་པའི་ཚུལ་བཞིན་དུ། རྡོ་རྗེ་འཆང་མན་ཆོད་བླ་མ་བརྒྱུད་པ་ཐམས་ཅད་ཀྱི་previous hit དགོངས next hit་སྐུ་བཞི་ངོ་སྤྲོད་དུ་རྫོགས་ཤིང་། ལྷན་ཅིག་སྐྱེས་པ་ཕྱག་རྒྱ་ཆེན་པོའི་ཉི་མ་ཕྱོགས་མེད་དུ་ཤར་བའི་དཔེ་འདྲ་ཞིང་། རང་བྱུང་ཡེ་ཤེས་ཀྱི་བརྒྱུད་པ་ཆུ་བོའི་རྒྱུན་བཞིན་ནམ། མར་མེ་གཅིག་གིས་གཅིག་བལྟམས་ཀྱི་དཔེ་བཞིན་དུ། རིན་པོ་ཆེ་སྤོམ་བྲག་པར་མཚན་གསོལ་བ་ཡང་། སྐུ་གསུམ་ལྷུན་གྱིས་གྲུབ་པ། སྐུ་བཞི་འདུ་འབྲལ་མེད། སྐུ་ལྔ་སངས་རྒྱས་རང་ལ་རྫོགས་པའི་དོན་ཡང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་། ཇི་ལྟར་ཆུ་ལ་ཆུ་གཞག་དང་། ཇི་ལྟར་མར་ལ་མར་གཞག་པ་བཞིན། རང་གིས་རང་རིག་ཡེ་ཤེས་ནི་ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན་

(༤༦༥)གསུངས་པ་བཞིན་དུ། ཆོས་དབྱིངས་རབ་འབྱམས་བླ་མ་བརྒྱུད་པ་ཐམས་ཅད་གཅིག་ཏུ་འདུས་ཤིང་རྫོགས་པ། དཔེར་ན་ཆུ་ཐམས་ཅད་རྒྱ་མཚོར་འདུ་བ་བཞིན་དུ། རྩ་བ་རྒྱུད་པར་སངས་རྒྱས་སེམས་ཅན་གང་གིས་ཀྱང་བྱེ་བྲག་མེད་ཅིང་། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཡེ་ཤེས་ལྷུན་གྱིས་གྲུབ་པ། སྤོམ་བྲག་པ་ཞེས་བྱ་བ་ཙམ་དུ་ཐ་སྙད་འདོགས་པའོ། །རྩ་བ་རྒྱུད་པའི་བླ་མ་དེ་རྣམས་ཀྱང་སོ་སོ་མ་ཡིན་ཐ་མི་དད་ཅིང་། བླ་མ་བླ་མེད་རིན་པོ་ཆེ། རྒྱལ་བ་སྲས་བཅུས་བཅུད་འདུས་པ་ཡིན་པའི་ཕྱིར། རྟོགས་པ་རབ་འབྱམ་རང་བྱུང་རྡོ་རྗེ་ཡང་། །གྲངས་མེད་བསྐལ་པའི་སྔོན་རོལ་ནས། །མ་རིག་རང་གི་ཀུན་མཁྱེན་ཀུན་རིག་རང་བྱུང་ཡེ་ཤེས་རྫོགས། །སྤྲུལ་སྐུ་བདུན་གྱི་བསྟན་པ་ལས། དཔེར་ན་ཆུ་ལ་མེ་ལོང་གཟུགས་བརྙན་བཞིན། །གདུལ་བྱ་རྣམས་ཀྱི་སྣང་བ་ལ། སྣ་ཚོགས་གཟུགས་སུ་རྣམ་འཕྲུལ་ཞིང་། །སྐད་ཅིག་ཙམ་གྱིས་སྨིན་གྲོལ་མཛད། །ཁ་བ་ཅན་ལྗོངས་བྱང་ཕྱོགས་འདིར། །ད་ལྟར་སྐྱེ་ཞིང་གནས་ཚུལ་བསྟན་པ་ཡང་། །མ་རིག་འཁྲུལ་པའི་དབང་གིས་སྐྱེས་པ་མིན། །འཛམ་གླིང་རྒྱལ་པོ་མན་ཆོད་དང་། །གདུལ་བྱ་རབ་འབྲིང་ཐ་མ་རྣམས། །རབ་རིབ་མ་རིག་འཁྲུལ་པའི་ལིང་ཐོག་རྣམས། །འཁྲུལ་ཚོགས་ཡེ་ཤེས་སྤྱན་ལྡན་ཞིང་། །སངས་རྒྱས་བསྟན་པའི་ཆེ་བ་འདོན། །དོན་དམ་ཀུན་རྫོབ་གཉིས་མེད་པ། །ཡི་གེ་ལྔ་དང་མཁའ་འགྲོ་སྡེ་ལྔའི་ཚོགས། །ཕྱི་མའི་མུ་མཐར་ཐུག་གི་བར། །སྐུ་བཞིའི་ཕྲིན་ལས་རྒྱུན་མི་ཆད། རང་བྱུང་དཔའ་བོ་མཁའ་འགྲོ་སྡེ་ལྔ། །རང་བྱུང་རྡོ་རྗེ་ཐ་དད་མེད། །རྨོངས་པ་རྣམས་ཀྱིས་མི་ཤེས་སོ། རིགས་ལྔ་སྤྲུལ་

(༤༦༦)པ་བྲམ་ཟེ་ལྔ། །བྲམ་ཟེ་དཔུན་ལྔའི་ཐ་ཆུང་ས་ར་ཧ། །མཁའ་འགྲོ་སྡེ་ལྔས་བྱིན་བརླབས། ཅིག་ཅར་རྟོགས། དེའི་རྣམ་འཕྲུལ་བོད་ལ་བྱོན། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་དང་ངོ་བོ་གཅིག །གཤིས་ལྔ་རང་བྱུང་ཡེ་ཤེས་ལྔ། །ཡི་གེ་ལྔ་དང་མཁའ་འགྲོ་ལྔར། །རིག་ཅིང་རྩལ་ཆེན་རྫོགས་པའི་ཕྱིར། །དུས་གསུམ་བྱིན་བརླབས་དམ་ཆོས་ནུབ་མི་འགྱུར། །ཞི་ཁྲོ་རབ་འབྱམ་ཚོགས་དང་ཐ་དད་མེད། །ཡི་གེ་ལྔ་དང་དཔའ་བོ་མཁའ་འགྲོ་ལྔ། །མཐུ་རྩལ་རྨད་དུ་བྱུང་བ་ཡིས། །ཚེ་འདིའི་བསྒྲུབ་པ་མངོན་བྱས་ཤིང་། དུས་གསུམ་དུས་མེད་ཐམས་ཅད་དུ། འཇིག་རྟེན་ཁམས་ཀྱི་གདུག་པ་ཅན་རྣམས་འདུལ་ཚུལ་བསྟན་པ། རྒྱ་གར་གྲུབ་ཐོབ་དེ་ཉིད་དང་། རང་བྱུང་ཐ་དད་མེད། མཁའ་འགྲོའི་བྱིན་བརླབས་བསམ་མི་ཁྱབ། དུས་ངན་སྐྱེ་བོས་དེ་མི་ཤེས། དེ་ཡན་ཆད་དུ་སྟེ། བླ་མའི་དཀྱིལ་འཁོར་བྱས་ཀྱང་། །སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ། །གྲུབ་ཐོབ་བརྒྱུད་པའི་བླ་མ་དང་། རང་བྱུང་དཔའ་བོ་ལྔ་དང་། དཔའ་མོ་ལྔས་མ་ཁྱབ་པ་ནི་སྤུ་ཙམ་མེད་པའི་ཕྱིར་ན། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའི་བླ་མ་ལ། དད་དང་མོས་གུས་ལྷན་སྐྱེས་བདེ་བ་ཆེན་པོ་མ་ཡེངས་རྒྱུན་ཆད་མེད་པར་གསོལ་བ་གདབ་ན་གསོལ་བ་འདེབས་པའི་སྔ་ལྟས་སུ། ཕྲིན་ལས་བཞི་དང་། གྲུབ་ཆེན་བརྒྱད། བདེ་བར་གཤེགས་པའི་བཀའ་ལུང་ཆེན་ཐོབ་ཅིང་སྨིན་གྲོལ་དབང་གི་རྒྱལ་མཚན་འཕྱར་ཞིང་། ཞི་ཁྲོ་རབ་འབྱམ་དང་ཐ་དད་མེད་ཅིང་། ཕྲིན་ལས་མཉམ་པ་ལྟར་འབྱུང་བ་སྟེ། གྲུབ་ཐོབ་བརྒྱུད་པའི་བླ་མ་ལ་གསོལ་བ། ཐེབས་ཤིང་། སྐུ་བཞི་སྐུ་ལྔ་

(༤༦༧)རང་ཉིད་ལ་རྫོགས་པའི་རྟགས་མངོན་སུམ་ཚང་མ་ཡིན། འཛམ་བུ་གླིང་གི་མི་རྣམས་རང་གི་ཀུན་གཞི་མ་རིག་ཅིང་། ཀུན་གཞི་འབྱུང་བའི་ཆོས་ཅན་ལས། མ་རིག་འཁྲུལ་པའི་འཁོར་ལོ་བསྐོར་ཞིང་། སྒོམ་པ་ཁ་འཁྱིལ། བཤད་པ་ལ་འཕྱར། བསྐལ་པ་གྲངས་མེད་བརྒྱ་འམ། སྟོང་གི་བར་དུ་རྒྱུན་ཆད་མེད་པར་བཤད་སྒོམ་བྱས་ན་ཡང་། རིགས་དྲུག་གི་སྐྱེ་གནས་སུ་ལྷུང་བ་མ་གཏོགས་པ། སངས་རྒྱས་པའི་དུས་མཐའ་མེད་པའི་ཕྱིར་ན། ངལ་བ་དོན་མེད་སྡུག་བསྔལ་སྣ་ཚོགས་ཀྱི་རྒྱུ་ཡིན་པ་སྟེ། མ་རིག་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད། གསུངས་པ་ཡང་། རིག་མ་རིག་པ་གཉིས་ཀྱི་མཚམས་འབྱེད་པ་སྡེ་previous hit དགོངས next hit་སྟེ། རང་གིས་རང་རིག་པའི་ཡེ་ཤེས་ནི་ཉི་མ་ཤར་པའི་དཔེ་དང་འདྲ་ཞིང་། རང་གིས་རང་གི་གནས་ལུགས་མ་རིག་ཅིང་ངོ་མ་ཤེས་པ་ཡི། ཐོས་བསམ་སྒོམ་གསུམ་ཇི་ལྟར་བྱས་ཀྱང་། མ་རིག་འཁྲུལ་འཁོར་ཡིན་པ་ཁ་འཕྱར་ཁ་འཁྱིལ་ཚོགས་ཀྱིས་མཁྱེན་པར་མཛོད། དེ་ལྟར་མ་རིག་པའི་བླ་མ་སློབ་དཔོན་བརྒྱུད་པ་རྣམས་ཀྱང་། མ་རིག་པ་འཁྲུལ་པ་ཡིན་པས། མངོན་སུམ་ཚད་མ། མ་རིག་འཁྲུལ་རྒྱུད། རིགས་དྲུག་ཏུ་སྐྱེ་བའི་རྒྱུ་ཡིན་པས། ཁྱེད་རྣམས་ཀྱིས་མཁྱེན་མི་མཁྱེན་སུ་ཡིས་ཤེས། དེའི་ཕྱིར་རྨོངས་པ་རྣམས། མགོ་བསྐོར་མ་བྱེད་ཅིག་འདི་ཡན་ཆོད་དུ་ཡེ་ཤེས་དབྱིངས་ཀྱི་བརྒྱུད་པ། མ་རིག་འཁྲུལ་པའི་དཔོན་སློབ་བརྒྱུད་པའི་ས་མཚམས་འབྱེད། འདི་ངོ་སྤྲོད་ཅིང་ས་མཚམས་སོ་སོར་འབྱེད་པ་བསྟན་པ་ཡིན། གསང་སྔགས་རྡོ་རྗེ་ཐེག་པའི་

(༤༦༨)རྒྱུད་ལུང་མན་ངག་གི་previous hit དགོངས next hit་དཀྱིལ་འཁོར་གསུམ་ཡིན་ཏེ། འདི་མན་ཆོད་དུ། ཡི་དམ་ཞི་ཁྲོ་རབ་འབྱམ་མཁའ་འགྲོ་གཤིས་ལྔ། རྟོགས་པ་ཡེ་ཤེས་རང་བྱུང་། ཡི་གེ་ལྔ་དཔའ་བོ་སྡེ་ལྔ། ཞི་ཁྲོ་རབ་འབྱམ་གཉིས་སུ་མེད་ཅིང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་མ་རིག་ན་ནི་ཐམས་ཅད་ལུས་ངག་ཡིད་གསུམ་སྣང་བ་བཞིར་འཁྲུལ་པ་སྟེ། སྐུ་བཞི་ངོ་སྤྲོད་ཀྱི་གནད་ཀྱིས། ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཞི་ཁྲོ་རབ་འབྱམ་དཔའ་བོ་མཁའ་འགྲོ་རང་བྱུང་ཡེ་ཤེས་ཡི་གེ་ལྔ་ལེགས་པར་ངོ་སྤྲོད་ཅིང་དོན་རྟོགས་ནས་དབང་ཕྱུག་ཆེན་པོ་འབྱིན་པ་དང་། རྩལ་ཆེན་རྫོགས་པ་དང་། ལུང་ཆེན་པོ་ཐོབ་པའི་གནད་གདམ་ངག་རྨད་དུ་བྱུང་བའི་བྱིན་བརླབས་ཁྱད་པར་དུ་འཕགས་པའི་རིམ་པ་འདི་ལྟ་སྟེ། ཐོག་མ་ཐ་མ་མེད་པའི་དུས་སུ། ཐམས་ཅད་ཀུན་གཞི་ལ་ཀུན་འཁོད་པའི་དུས་ན། སངས་རྒྱས་སེམས་ཅན་དགེ་བ་སྡིག་པ་གང་དང་གང་ཡང་ཡེ་གདོད་མ་ནས་མ་གྲུབ་ཅིང་། ཐམས་ཅད་ཀྱི་སེམས་ཉིད་ཀྱི་གཤིས་འཕོ་དང་འགྱུར་བ་མེད་པ་ལས། ཀུན་གཞིའི་དབྱིབས་ཀྱིས་ཀུན་ལ་མ་ཁྱབ་པ་མེད་པ། གནས་ལུགས་ཀྱི་རང་བཞིན་འགྲིབ་པ་མེད་པར་གསལ་བ་གནས་ལུགས་ཀྱི་ངོ་བོ་གདོད་མ་ནས། སྟོང་ཞིང་བེམ་པོར་མ་གྱུར་པ་སེམས་བྱུང་རྣལ་འབྱོར་རྟོགས་པ་རང་བྱུང་དུ་སྣ་ཚོགས་འགག་པ་དང་། བསྒྲུབ་པ་མེད། རང་བྱུང་རང་ཡན་དུ་འགྲོ་འོང་མེད་པར་ཀུན་ལ་ཁྱབ་ཅིང་འཇུག་པ་ནི་མཚན་ཉིད་དགག་སྒྲུབ་མེད་པ་སྟེ། དཔེར་ན་སྤྲིན་མེད་ནམ་མཁའ། ཆུ་གཙང་མ་མ་རྟོགས་པར་རང་སར་གནས་པ་བཞིན་དུ། གནས་ལུགས་གཤིས་འགྱུར་བ་མེད་པའི་ངོ་བོ། རང་བཞིན་མཚན་ཉིད་

(༤༦༩)ལྔ། གདོད་མ་ནས་མ་འདྲེས་པ། གནས་ལུགས་ཡང་ཡོངས་སུ་རྫོགས་ཤིང་། རང་བཞིན་ཉིད་ལ་རང་ཐང་གནས་པའི་དུས་སུ་འགྱུར་བ་མེད་པ་ཞེས་ཀྱང་བྱ་སྟེ། སྐྱེ་བ་མེད་ཅིང་འགག་པ་མེད་པའི་རང་བྱུང་ཨ། །ངོ་བོ་རང་བཞིན་མཚན་ཉིད་ལྔའི་ཡི་གེ་ཙམ་དུ། ཀུན་གཞི་རང་སར་རང་གནས་པའི་དུས་སུ། ཀུན་གཞི་ཀུན་འབྱུང་བའི་ཆོས་ལས་ཨ། རང་བྱུང་ཡི་གེ་ལྔར་རིག་ན་ནི། སྐུ་ལྔ་ཡོངས་སུ་རྫོགས་པའི་སངས་རྒྱས་བརྟགས། ཨ་ཀུན་གཞི་ལྔ་མ་རིག་ན་ནི་དུག་ལྔར་འཁྲུལ་གཞི་ལས་སྣ་ཚོགས་སུ་བཏགས་པའི་ཕྱིར་ན། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཁོང་ནས་འབྱུང་བ་སྐྱེ་བ་མེད་གསུངས་པ་ཡང་། ཨ་གཤིས་འགྱུར་བ་མེད་པར་རིག་ན་ནི། སངས་རྒྱས་ཀྱི་ཁོངས་སུ་ཆུད་ལ། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རང་བྱུང་དུ་འབྱུང་བ་སྟེ། གཤིས་འགྱུར་བ་མེད་པའི་རང་འབྱུང་ཨ། མ་རིག་ན་ནི་དུག་ལྔ། ཕུང་པོ་ལྔ་ལ་སོགས་པ། ལྔ་ལྔ་པོ་ཉི་ཤུ་རྩ་ལྔར་འཁྲུལ་ནས། སེམས་ཅན་ཐམས་ཅད་ཀྱི་མ་རིག་འཁྲུལ་འཁོར་དུ་འཁོར་བའི་ཕྱིར་ན། རང་བྱུང་གི་ཨ་ལས་རང་བྱུང་རང་གནས། ཧ་རི་ནི་ས་བཞི་འཕྲོས་ཤིང་། རང་བྱུང་ཡི་གེ། ཨ་དང་ལྔ་ལས། ཀུན་གཞི་རང་བྱུང་རང་གནས། ཨེ་བམ་མ་ཡ་བཞི་རང་གནས་སུ་ཀུན་ལ་ཁྱབ་ཅིང་། རང་བྱུང་ཨེ་བམ་མ་ཡ་བཞི་ལས། རང་བྱུང་ཡི་གེའི་ཚོགས་ཐམས་ཅད་རང་བྱུང་དུ་ཁྱབ་པ་ནི། མེ་ལོང་གཟུགས་བརྙན་བཞིན་དུ་གཅིག་གིས་གཅིག་མི་སྒྲིབ་པར། གནས་ལུགས་ལ་གནས་པ་ནི། གང་དང་གང་གི་གཤིས་འགྱུར་བ་མེད་པའི་

(༤༧༠)དབྱིངས་ངོ་བོ་རང་བཞིན་མཚན་ཉིད་ལྔ། མ་རིག་པ་རང་སར་རང་རིག་པའི་ཡེ་ཤེས་སུ་རིག་ཅིང་རྟོགས་པ་ནི། རང་བྱུང་ཡེ་ཤེས་ཡི་གེ་འཁོར་ལོ་རྫོགས་ཅན། ཆོས་ཀྱི་དབྱིངས་རབ་འབྱམ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་མིང་གཉིས་པ་དོན་གཅིག་པ་ནི། སངས་རྒྱས་རྣམས་ཀྱི་ཐོག་མ་ཞེས་མ་རིག་པའི་གདུལ་བྱ་རྣམས་ཀྱི་འདོགས་ཀྱང་། གནས་ལུགས་ལ་ཐོག་མཐའ་བར་གསུམ་གདོད་ནས་མ་གྲུབ་པའི་ཕྱིར་ན། སངས་རྒྱས་ལ་ཡང་ཐོག་མཁར་དང་ཐ་མ་མེད་པའི་ཕྱིར་ན། དང་པོའི་སངས་རྒྱས་རྒྱུ་མེད་པ། །སངས་རྒྱས་ཐོག་མ་མཐའ་མ་མེད། །གསུངས་previous hit ་ཡང་སྐབས་འདིར་དགོངས next hit་པའོ། །ཀུན་གཞི་གནས་ལུགས་གཉིས། སྒྲ་མི་མཐུན་ཡང་དོན་གཅིག་པའི་ཕྱིར་ན། ཀུན་གཞི་གནས་ལུགས་མ་རིག་པ་ལས། གཤིས་འགྱུར་བ་མེད་པའི་ངོ་བོ་རང་བཞིན་མཚན་ཉིད་ལྔ། ཨ་ལ་སོགས་པ་དང་རང་བྱུང་ཡི་གེ་མ་རིག་ནས། དུག་ལྔ་ཡུལ་ཅན་དུ་འཁྲུལ་ཞིང་། དུག་ལྔའི་རྟོག་པ་བརྒྱད་ཁྲི་བཞི་སྟོང་དུ་རང་བཞིན་ཉིད་ལས་རང་ཐང་འཁྲུལ་བ་ནི། མི་ལ་སོགས་པའི་སེམས་ཅན་གཅིག་ལ་ཡང་ཡོད་ཅིང་། སེམས་ཅན་ཐམས་ཅད་ལ་ཡང་མ་ཁྱབ་པ་མེད་པ་སྟེ། རྟོག་པ་བརྒྱད་ཁྲི་བཞི་སྟོང་གི་རྒྱུ་རྐྱེན་གྱིས་བསྐྱེད་པ། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་འགྲོ་བ་རིགས་དྲུག་གི་སྐྱེ་རྒྱུད་སྐྱེད་པ་བྱེད་པ་ཡིན་ཏེ། ཞེ་སྡང་གི་རྟོག་པ། ཉོན་མོངས་ཀྱི་ཚོགས་ཉི་ཁྲི་ཆིག་སྟོང་དང་། གཏི་མུག་གི་ཚོགས་རྟོག་པས་བསྐྱེད་པའི་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་སེམས་ཅན་ཀུན་ལ་ཁྱབ་པ་དང་། འདོད་ཆགས་ཀྱི་རྟོག་པ་ཉི་ཁྲི་ཆིག་སྟོང་དང་། དེའི་རྒྱུ་རྐྱེན་བྱས་པའི་ཉོན་མོངས་པ་ཉི་ཁྲི་ཆིག་སྟོང་

(༤༧༡)སེམས་ཅན་གཅིག་དང་ཀུན་ལ་ཁྱབ་པ་ནི། གཤིས་འགྱུར་བ་མེད་པ། རང་བཞིན་གསལ་བ། དབྱིབས་ཀུན་ལ་ཁྱབ་པ་གསུམ་རིག་པའི་དྲུག་གསུམ་དུ་འཁྲུལ་པའི་ཕྱིར་ན། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ཆ་མཉམ་པ་ལས། ངོ་བོ་སྟོང་པ་རང་བཞིན་གསལ་བ་མ་རིག་ནས་རང་བཞིན་ཉིད་ལ་དར་ཐང་འཁྲུལ་པ་ལས། ང་རྒྱལ་ཕྲག་དོག་གི་ཉོན་མོངས་པ་ཉི་ཁྲི་ཆིག་སྟོང་ཆ་གཉིས་སུ་འཁྲུལ་པ་སྟེ། དུག་ལྔའི་རྣམ་རྟོག་བརྒྱད་ཁྲི་བཞི་སྟོང་། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གྲངས་ཅན་རྣམས། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་སྲོག་ཡིན་པ་སྟེ། ཐམས་ཅད་ཀྱིས་རང་སར་རང་མ་རིག་ནས། རྡོ་རྗེ་འཆང་གི་གསུང་ལས་ཀྱང་། །ངས་ནི་རྩེད་མོ་བྱས་པ་ལ། །བྱིས་པ་རྣམས་ནི་ཨ་ཐང་ཆད། །གསུངས་ནས། །ཤཱཀྱ་ཐུབ་པ་ལ་སོགས་པ་སྤྲུལ་པའི་སྐུ་རང་རྒྱུད་པ་བྱེ་བ་ཕྲག་བརྒྱར་སྤྲུལ་ཞིང་། འདོད་ཆགས་ཀྱི་རྣམ་རྟོག་ཉོན་མོངས་ཀྱི་གཉེན་པོར། འདུལ་བ་ཉན་ཐོས་ཀྱི་ཐེག་པ་དགག་སྒྲུབ་བསྲུང་སྡོམ། ཉི་ཁྲི་ཆིག་སྟོང་གསུངས་པ་ཡང་། བསྐལ་པ་གྲངས་མེད་ཉི་ཤུ་མན་ཚེ་ཐར་པ་མི་ཐོབ་པས། ལམ་ཐག་རིང་འོང་། ཞེ་སྡང་གི་རྟོག་ཚོགས་དང་། ཉོན་མོངས་ཚོགས་ཀྱི་གཉེན་པོར། མདོ་སྡེ་དྲང་དོན་ངེས་དོན། བྱང་ཆུབ་སེམས་དཔའི་ཐེག་པ་ཉི་ཁྲི་ཆིག་སྟོང་གསུངས་པ་ཡང་། རྒྱུ་རྐྱེན་རྒྱུ་འབྲས་སྟོང་ཉིད་བཅོ་བརྒྱད་སེམས་རྩམ། དབུ་མ། རབ་མི་གནས་སུ་བློ་སྦྱོང་ཞིང་། ས་བཅུ་པ་ལྔར་ས་ལམ་བསྒྲོད་ཚུལ་སྟོན་པ་ཡང་། ལམ་ཐག་ཉེ་ལ་རིང་བར་སྟོན་པ་སྟེ། དབང་པོ་རབ་ཀྱི་བསྐལ་པ་གྲངས་མེད་

(༤༧༢)གསུམ། དབང་པོ་འབྲིང་གིས་བསྐལ་པ་གྲངས་མེད་དྲུག །ཐ་མས་ཤེས་བྱའི་སྒྲིབ་པ་ལ་ཡང་བསྐལ་པ་གྲངས་མེད་གཅིག་དང་། བསྐལ་པ་གྲངས་མེད་བདུན་གྱིས་ས་བཅུ་གཅིག་ཀུན་ཏུ་འོད་ཀྱི་སར་སངས་རྒྱས་སྤྲུལ་སྐུ་ཐོབ་པར་འདོད་པ་སྟེ། མདོ་ལུགས་བར་ལ་སྤྱོད་ཀྱི་ཐེག་པ་ལས། མངོན་པ་མ་མོར་མིང་འདོགས་པའི་རང་སངས་རྒྱས་ཐེག་པ་ཉི་ཁྲི་གཅིག །གཏི་མུག་གི་ཉོན་མོངས་ཚོགས་དང་། རྣམ་རྟོག་གི་ཚོགས་ཀྱི་གཉེན་པོར་སངས་རྒྱས་ཀྱང་། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་། ལུགས་ལས་བཟློག་ཅིང་རང་སངས་རྒྱས་ཀྱི་ཡེ་ཤེས་ནི། སློབ་དཔོན་མེད་པར་རང་གིས་རང་ལ་རིག་བྱ་བ་སྟེ། སངས་རྒྱས་རྣམས་ཀྱང་མི་བཞུགས་ཤིང་། ཉོན་མོངས་པ་རྣམས་ཀྱང་མེད་པས་ན། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལ་རིག་པ་སྣ་ཚོགས་ཀྱི་གང་ཟག་གིས། བདག་མེད་སྔོན་ནས་རྟོགས་ཤིང་། སྣང་བ་ཡུལ་གྱི། ཕྱེད་རྟོགས་པའི་ཐབས་སུ། ཆོས་སྤྱི་དང་རང་གི་མཚན་ཉིད་རང་རིག་པས་སྲོང་པ་ཉིད་བཅུ་དྲུག་ཏུ། རྟོག་སྤྱོད་རྟགས་ཀྱིས་གཏན་ལ་ཕབ་པ་ནི། སྟོང་ཉིད་བཅུ་དྲུག་ཆ་གྲངས་རབ་ཞི་བ། ཡིད་བཞིན་བདེ་བ་མཆོག་གི་གོལ་པ་ཕྱེད་དང་དྲུག །རང་སངས་རྒྱས་ཀྱང་བསྐལ་པ་གྲངས་མེད་བཅོ་བརྒྱད་ཀྱིས་སྤྲུལ་སྐུའི་སངས་རྒྱས་ཐོབ་པར་གསུངས་པའི་ཕྱིར་ན། ཉོན་མོངས་ཚོགས་དང་རྣམ་རྟོག་ལ། དུག་སྦྲུལ་ལ་མི་གཙང་བའི་རླུབས་དང་མེའི་ཕུང་པོ་བཞིན་དུ། སྐྱོན་སྣ་ཚོགས་སུ་གོ་ནས་ཕར་སྤངས་ཤིང་། །དགེ་བ་ཡོན་ཏན་ཚུར་ལེན་པར་འདོད་པའི་ཕྱིར་ན། སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ་ལ་ཐག་ཤིན་དུ་རིང་ཞིང་མྱ་ངན་འདའ་ཞིང་

(༤༧༣)འཁོར་བ་ལས་འདའ་བར་དཀའ་བའོ། །སྡེ་སྣོད་གསུམ་དུ་བློ་སྦྱངས་ནས་ང་རྒྱལ་ཕྲག་དོག་གི་རྣམ་རྟོག་ཉོན་མོངས་ཚོགས་ཀྱི་གཉེན་པོར། སྤྲུལ་སྐུ་ཆེན་པོ་ཀུན་རིག་རྒྱལ་པོ་ཡིས། །བྱ་རྒྱུད་སྤྱོད་རྒྱུད་རྣལ་འབྱོར་གྱི་རྒྱུད་ཉི་ཁྲི་ཆིག་སྟོང་གསུངས་པ་ཡང་། བྱ་བའི་རྒྱུད་ཀྱིས་དག་ཅིང་བཤགས་པ་དང་སྦྱོང་བར་བྱེད་པ་དང་། རྣལ་འབྱོར་རྒྱུད་ཀྱིས་རྣམ་རྟོག་ཚོགས་དང་། ཉོན་མོངས་སེམས་དཔའ་སེམས་མའི་ཚོགས་སུ་བསྒྱུར་བར་འདོད་ཅིང་བྱ་བ་རྣལ་འབྱོར་གྱི་རྒྱུད་གཉིས་ཀྱི་བར་ན། བར་མ་སྤྱོད་ཀྱི་ཐེག་པ་བྱ་རྒྱུད་སྤྱོད་རྒྱུད། ཡོ་ག་བསྒྲུབ་པར་འདོད་དེ། ལུས་ལྷར་སྤྱོད། ངག་སྔགས་སུ་སྤྱོད། སེམས་ཏིང་ངེ་འཛིན་ཏུ་སྤྱོད་ཟས་དང་ལོངས་སྤྱོད་བདུད་རྩིར་སྤྱོད་ཅིང་། དག་སྤྱོད་བསྒྱུར་བ་མང་པོ་སྤྱོད་པ་ལ་ཡང་། ལམ་ཐག་ཉེ་ལ་རིང་བ་སྟེ། མི་ཚེ་གྲངས་ཅན་གྲངས་མེད་མང་པ་ཡི། ཀྲྀ་ཡ་རིགས་གསུམ། རྡོ་རྗེ་འཛིན་པའི་ས་དབུ་མ་རིགས་བཞི་རྣམ་པར་འབྱེད་པའི་ས་ཐོབ་པར་འདོད་པ་ཡང་སངས་རྒྱས་མཚན་ཉིད་ལྡན་པ་མིན་པའི་ཕྱིར་ན། ཐབས་ཤེས་རབ་དབྱེར་མེད། ཡེ་ཤེས་རྒྱ་མཚོ་ཀྱཻ་རྡོ་རྗེའི་རྒྱུད་ལས་ཀྱང་། ཐེག་པ་འོག་མ་དྲུག་གི་སངས་རྒྱས་རྣམས། སངས་རྒྱས་ཡིན་ཡང་། བླ་ན་མེད་པའི་རྣལ་འབྱོར་མིན་གསུངས་པའི་ཕྱིར་ན། ཐེག་པ་འོག་མ་དྲུག་གི་རྒྱལ་བ་སྲས་བཅས་རྣམས། ཆོས་ཀྱི་སྐུའི་བསྟན་པ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དཀྱིལ་འཁོར་དུ་དབང་ཕྱུག་ཆེན་པོ་འབྱིན་དགོས་པའོ། དེའི་ཕྱིར་ན། རྡོ་རྗེ་འཆང་གི་previous hit དགོངས next hit་ལུང་བསྟན་པ་ཕྱག་རྒྱ་ཆེན་པོ་ཐིག་ལེ་ཉི་ཤུ་རྩ་ལྔ་པ་ལ་སོགས་པ། མ་རྒྱུད་ལ་གཏོགས་ཚད་གྲངས་མང་ན་ཡང་། སེམས་ཅན་རྣམས་ཀྱིས་རང་གི་རང་མ་རིག་ནས་ལུས་འཁྲུལ་སེམས་འཁྲུལ། ས་བོན་ཐིག་ལེ་

(༤༧༤)འཁྲུལ་ཞིང་རིགས་དྲུག་སོ་སོའི་ལུས་ཅན། སེམས་ཅན་རྣམས་ཀྱི་འཁྲུལ་གཞི་ལས་འཁྲུལ་པའི་ལུགས་ངོ་ཕྲོད་དང་། དཔལ་ཀུན་ཏུ་བཟང་པོའི་ལུང་དུར་ཁྲོད་གསང་བ་ནི། ཁྱུ་བྱུག་རོལ་པའི་རྒྱུད་ལས་ཕྲོས་པས་གསང་བའི་མཚན་ཅན་བཞི་བཅུ་ལ་སོགས་པ་ཕ་རྒྱུད་ལ་གཏོགས་ཚད་རྣམས་ཀྱིས་འགྲོ་བ་རིགས་དྲུག་གིས་རང་གི་གནས་ལུགས་མ་རིག་ནས། རྣམ་རྟོག་བརྒྱད་ཁྲི་བཞི་སྟོང་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དུ་འཁྲུལ་པའི་ལུགས་དང་། འགྲོ་བ་ཐམས་ཅད་ཀྱི་སྣ་ཁུང་གི་དབུགས་མ་རིག་ཅིང་འཁྲུལ་བའི་ལུགས་སོ་སོར་གཏན་ལ་འབེབས་པ་སྟེ། ཕ་རྒྱུད་མ་རྒྱུད་ཐམས་ཅད་དུ་གཅིག་ཏུ་སྦྱོར་བ་ལས། ཐབས་ཤེས་རབ་དབྱེར་མེད་ཀྱི་རྒྱུད་རྣམས་ཀྱི་སེམས་ཅན་གཅིག་དང་འགྲོ་བ་ཐམས་ཅད་ཀྱི་མ་རིག་པའི་སེམས་དང་། རླུང་དང་། ལུས་དང་། རྩ་དང་། ཐིག་ལེ་ལྔ། སེམས་ཅན་རྣམས་ཀྱི་སྐྱེ་རྒྱུད་འཆི་རྒྱུད་དུ་སོ་སོར་སྟོན་ཅིང་། སྐུ་བཞི་ངོ་སྤྲོད་ཀྱི་གནད་ཀྱི་ལུགས་རྟོགས་པས། རྡོ་རྗེ་རིགས་ཀྱི་གནས་ལུགས། རིག་མ་རིག་ས་མཚམས་མཛད་པར་ངོ་སྤྲོད་པ་ནི། སེམས་ཡེ་ཤེས་ཀྱི་སེམས། ལུས་ཡེ་ཤེས་ཀྱི་སྐུ། རྩ་ཡེ་ཤེས་ཀྱི་རྩ། ཐིག་ལེ་ཡེ་ཤེས་ཀྱི་ཐིག་ལེ། རླུང་ཡེ་ཤེས་ཀྱི་རླུང་། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ན། སྦྱོར་དྲུག་རྣལ་འབྱོར་བླ་ན་མེད་པའི་རྒྱུད་གསུངས་པའི་ཕྱིར་ན། རིགས་ལྔ་ཡབ་ཡུམ་བཅུ་གཅིག་ཏུ་འདུས་པ་རྡོ་རྗེ་འཆང་ཡབ་ཡུམ་ཐབས་ཤེས་དབྱེར་མེད་ཡེ་ཤེས་རྒྱ་མཚོ་ཀྱཻ་རྡོ་རྗེའི་མིང་འདོགས་ཀྱང་། ཡེ་ཤེས་དབྱིངས་གཅིག་དྲི་མ་མེད། སྐུ་བཞི་ངོ་སྤྲོད་དུ་ཆོས་ཐམས་ཅད་འདུས་ཤིང་། གནད་བཞི་ཆོས་ཉིད་འཁོར་ལོའི་བཅུད་ལ་བོར་ནས་རིག་ན། ལུས་ངག་ཡིད་གསུམ་སྣང་བ་བཞི་སྐུ་བཞིར་རྟོགས་ཤིང་། ཡེ་ཤེས་ལྷུན་གྱིས་གྲུབ་པ་དང་།

(༤༧༥)མ་རིག་ན་སེམས་ཅན་གྱི་ལུས་ངག་ཡིད་གསུམ་སྣང་བ་བཞིར་འཁྲུལ་བ་སྟེ། རྣལ་འབྱོར་བླ་ན་མེད་པའི་རྒྱུད། གདམ་ངག་མང་ན་ཡང་། རིག་པ་དང་མ་རིག་པ་གཉིས་ཀྱི་ས་མཚམས་འབྱེད་ན། ཚིག་བརྒྱད་དུ་འདུས་པ་སྟེ། དེའི་རྒྱས་པ་རུ་སྐུ་བཞི་དང་། ལུས་ངག་ཡིད་གསུམ་སྣང་བ་བཞི་དང་། དུག་ལྔ་དང་། ཡི་གེ་ལྔ་དང་། མཁའ་འགྲོ་ལྔ་དང་། རིགས་ལྔ་ཡབ་ཡུམ་ལྔ་དང་། ཕུང་པོ་ལྔ་དང་། འབྱུང་བ་ལྔ་ལ་སོགས་པ། ལྔ་ལྔ་པོ་ཉི་ཤུ་རྩ་ལྔ་སྐུ་བཞི་ངོ་སྤྲོད་ཀྱི་གནད་ཀྱིས་རིག་ན་ནི་སྐུ་ལྔ་ཡོངས་སུ་རྫོགས་པར་སངས་རྒྱས། མ་རིག་ན་ནི་འགྲོ་བ་རིགས་ལྔར་འཁྲུལ་པའི་སོ་སོར་འབྱེད་ཅིང་རྒྱས་པར་ངོ་སྤྲོད་པ་ནི་འདི་ལྟ་སྟེ། སེམས་ཅན་སྤྱི་ཁྱབ་དང་། གང་ཟག་དགོས་ཚན་ལ་སྐུ་བཞི་ངོ་སྤྲོད་ཀྱི་གནད་ཀྱིས་ཟིན་ཅིང་། རང་གིས་རང་རིག་ན་ནི། དཔེར་ན་ཆབ་རོམ་ཆུར་ཞུ་བའི་དཔེ་བཞིན་དུ། ཀུན་གྱི་རྩ་བ་ཀུན་གཞི་གཤིས་འགྱུར་བ་མེད་པ་མ་རིག་པའི་ཨ་རང་སར་རང་རིག་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དབྱིངས་ཀུན་ལ་ཁྱབ། མ་རིག་པ་གཏི་མུག་མུན་པ་ལྟར་གཏིབས་པ་ནི། རང་གིས་རང་ཉིད་རྟོགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རང་བཞིན་གདོད་ནས་གསལ་འགྲིབ་མེད་པ། རང་བཞིན་ཉིད་ལ་རང་ཐང་འདོད་ཆགས་སུ་འཁྲུལ་བ་སྟེ། རང་གིས་རང་ངོ་ཤེས་པ་སྟེ་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་གཉིས་ཅན། གཉིས་མེད་རང་རིག་པ་དང་། མ་རིག་པ་གཉིས་སུ་འཆང་བ་དང་། ངོ་བོ་སྟོང་པ་རང་གིས་མ་རིག་ནས་ང་རྒྱལ་དུ་འཁྲུལ་བ་སྟེ། མཐོ་དམན་མེད་ཅིང་རང་གིས་རང་ངོ་ཤེས་པ་ནི། མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་རྟོགས་པ་སྟེ། སེམས་བྱུང་མཚན་

(༤༧༦)ཉིད་དགག་སྒྲུབ་མེད་པ། ཕྲག་དོག་ཏུ་འཁྲུལ་བ་སྟེ། བྱ་བ་གྲུབ་པའི་ཡེ་ཤེས་སུ། གཤིས་དབྱིངས་ངོ་བོ་རང་བཞིན་མཚན་ཉིད་ལྔ་ཀུན་རིག་པ་ནི། དུག་ལྔ་རྟོགས་པ་ཡེ་ཤེས་ལྔ་ཡིན། མ་རིག་ན་དུག་ལྔ་ལས་འཁྲུལ་པའི་རྟོག་པ་འཕྲོས་པ་རྣམ་རྟོག་བརྒྱད་ཁྲི་བཞི་སྟོང་རང་གནས་སུ་རང་རིག་པ་ནི། ཡེ་ཤེས་ལྔ་མ་རིག་ཅིང་འཁྲུལ་པའི་ཡི་གེ་བརྒྱད་ཁྲི་བཞི་སྟོང་དུ་རང་གིས་རང་རིག་པ་དང་། ཡང་ན་གཤིས་ལ་གནས་པའི་ཨ་ཧ་རི་ནི་ས་ཡི་གེ་ལྔ་མ་རིག་ཅིང་འཁྲུལ་པའི་ཡི་གེ་བརྒྱད་ཁྲི་བཞི་སྟོང་དེ་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་སྲོག་ཡིན་པའི་ཕྱིར་ན། རང་སར་རང་རིག་པ་ན་རང་བྱུང་ཡེ་ཤེས་ཀྱི་ཡི་གེ་འཁོར་ལོ་རྫོགས་ཆེན། རང་བྱུང་རང་སར་རྟོགས་པ་ནི། ཡེ་ཤེས་ཀྱི་ཡི་གེ་རྒྱ་མཚོ་མཐའ་ཡས་ཡིན་པའོ། རང་གིས་རང་མ་རིག་པའི་དབང་གིས། དུག་ལྔའི་འཁྲུལ་པ་རྟོགས་པ་དང་། མ་རིག་པའི་ཡི་གེའི་ཚོགས་ཀྱིས་རྒྱུ་རྐྱེན་རང་བཞིན་ཉིད་ལས་རང་ཐང་འཁྲུལ་པ་ལས། དུག་ལྔ་སོ་སོར་ཡུལ་དང་ཡུལ་ཅན་དུ་སྐྱེས་པ་ལས། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་དུ་འགྲོ་བ་རིགས་དྲུག་ཏུ་འཁོར་ཞིང་། སྡུག་བསྔལ་ཉོན་མོངས་ཀྱི་ཚོགས་སུ་རྒྱུན་ཆད་མེད་པར་མྱོང་ཞིང་འཁོར་བ་རྣམས། མ་རིག་འཁྲུལ་པའི་ཚོགས་རྣམས་རང་བྱུང་ཡེ་ཤེས་ཀྱི་རིགས་ཀྱི་ཡབ་ཡུམ་ལྔ་མཁའ་འགྲོ་སྡེ་ལྔར་རང་གི་རང་ཉིད་རིག་ཅིང་རྟོགས་པ་ལས་ཆོས་ཅན་ཆོས་ཉིད་གང་ཡང་གདོད་ནས་མ་གྲུབ་པའོ། །བདག་གཞན་གཉིས་ཀ་མ་རིག་པའི་དབང་གིས་གཤིས་ལྔ་དུག་ལྔར་འཁྲུལ། རྣམ་རྟོག་ཚོགས་དང་ཉོན་མོངས་ཚོགས་ཀྱི་གཉེན་པོར། རྡོ་རྗེ་འཆང་གི་རྣམ་པར་འཕྲུལ་པ་སྤྲུལ་པའི་སྐུ་རྣམས་ཀྱི་སྡེ་སྣོད་གསུམ་དང་ཕྱི་རྒྱུད་གསུམ་གཉེན་པོར་

(༤༧༧)འདུས་བྱས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུ་གསུངས་པ་སྟེ། སྐུ་བཞི་ངོ་སྤྲོད་ཀྱི་གནད་ཀྱིས་རང་བཞིན་ལྷུན་གྱིས་གྲུབ་པའི་རིགས་ལྔ་མ་འདྲེས་པ་ཡོངས་སུ་རྫོགས་པའི་དཔའ་བོ་བརྒྱད་ཁྲི་བཞི་སྟོང་དུ་རང་སར་རང་རིག་རང་བྱུང་རང་ལ་ཤར་བའི་ཕྱིར་ན། ཐེག་པ་དྲུག་གིས་བསྡུས་པའི་ཆོས་ཀྱི་ཕུང་པོ་རྣམས་ལ་རིག་པའི་དབང་གིས་ལུས་ངག་ཡིད་གསུམ་སྣང་བ་བཞིར་འདུས་པ་ལས། འདུས་བྱས་ཡིད་བྱེད་ཀྱི་ཕུང་པོ་ཡིན་པར་གསུངས་པའི་ཕྱིར་ན། འདུས་བྱས་ཀྱི་ཕུང་པོ་རྣམས་མ་རིག་པའི་དབང་གིས་ཆོས་ཐེག་པ་དྲུག་གདོད་ནས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་སྟེ། རྣལ་འབྱོར་བླ་ན་མེད་པའི་ཐེག་པ་གཅིག་ཏུ་འདུས་ཤིང་བརྟོགས་པ་ནི། མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། སྨྲ་བསམ་བརྗོད་མེད་ཆོས་དབྱིངས་རབ་འབྱམས་རྟོགས། སོ་སོ་རིག་ཅིང་རང་གིས་རང་རིག་ཡེ་ཤེས་སྤྱོད་ཡུལ་བ་གསུངས་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ། རྟོགས་པ་ལས་ལུས་ངག་ཡིད་གསུམ་གྱི་བྱ་བ་དང་། རྩོལ་བ་སྤུ་ཙམ་ཡང་མེད་ཅིང་། དུས་གསུམ་དུས་མིན་ཐམས་ཅད་དུ་ཆོས་ཐམས་ཅད་མཉམ་པ་ཉིད་སྣ་ཚོགས་སུ་དུ་མ་རོ་གཅིག་ཏུ་རང་མལ་དུ་རང་ཉིད་རང་གནས་པ་ལ། མི་ཡེངས་མི་འཁྲུལ་བ་ནི། སྐུ་བཞི་འདུ་འབྲལ་མེད་པའི་ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བྱ། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་པ་རབ་འབྱམ་ཞེས་ཀྱང་བྱ། ཐ་སྙད་ཀྱི་སྒྲོ་འདོགས་ལུགས་མང་ན་ཡང་། དོན་དམ་པར་ནི་མིང་སྣ་ཚོགས་ཐ་སྙད་སྣ་ཚོགས་ཀྱི་འདོགས་ཤིང་བརྗོད་དུ་མེད་པ་སྟེ། དེ་རིག་དེ་རྟོགས་རང་ཉིད་རང་བྱུང་གི་ངོ་བོ་ཉིད་གསུངས་པའོ། ཆོས་ཀྱི་སྐུའི་བསྟན་པ་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་ལུང་མཐའ་ཡས་པ་

(༤༧༨)རྣམས་བྱིན་གྱིས་བརླབས་ཀྱི་རང་སར་ངོ་སྤྲོད་པ་ལས། དབང་པོ་རབ་ཀྱི་གདུལ་བྱ་རབ་འབྲིང་ཐ་གསུམ་གྱིས་གོ་ཞིང་རྟོགས་གསུམ་དུ་འཆར་བའི་ཕྱིར་ན། དབང་པོ་རབ་ཀྱི་ཐ་མས་སྐྱེད་རིམ་ལྷ་ཚོགས་གྲངས་ཅན་གྲངས་མེད་ཞལ་ཕྱག་དཀྱིལ་འཁོར་རྒྱས་པ་དང་བསྡུས་པ། ས་བོན་ཡིག་འབྲུ་ཁ་དོག་སྣ་ཚོགས་ལས་ཡི་དམ་ལྷ་ཚོགས་བསྐྱེད་ཅིང་། ཡེ་ཤེས་སེམས་དཔའ་སྣ་ཚོགས་ཀྱི་རང་གིས་རྟོགས་པས་རང་ལ་གཞག་པ་སྟེ། སྔགས་སྙིང་པོ་དང་ཉེ་བའི་སྙིང་པོ་དང་། ཤམ་བུ་ལ་སོགས་པ་རྒྱུད་གདམ་ངག་སོ་སོའི་ལུགས་བཞིན་རྩོལ་བས་བཟླས་པ་ལ་སོགས་རྣམས་དང་། གཏོར་མ་ཕྱག་རྒྱ་འདུས་བྱས་སྣ་ཚོགས་ཀྱི་སྒོ་ནས་རྩོལ་ཅིང་བསྒྲུབ་པ་རྣམས། གྲངས་མེད་པ་ཐམས་ཅད་ཀྱང་། རྣལ་འབྱོར་བླ་ན་མེད་པའི་བློ་སྦྱོང་ཡིད་བྱེད། ལ་སོགས་པ་ཡིད་སྨོན་ཀུན་བཏགས་ཡིན་པའི་ཕྱིར་ན། ཐེག་པ་འོག་མ་དྲུག་བས་ཁྱད་པར་དུ་འཕགས་ཀྱང་། ཆོས་སྐུ་དྲི་མ་མེད་པ་མིན་ཞིང་། དཀར་པོའི་མ་རིག་བག་ཆགས་འཁྲུལ་འཁོར་ཡིན་པའི་ཕྱིར་ན། བག་ཆགས་དཀར་པོའི་སྒྲིབ་པ་ཡོད་པའོ། རྣལ་འབྱོར་བླ་ན་མེད་པའི་གྲུབ་མཐར་ཞུགས་པའི་གདུལ་བྱ་རབ་འབྲིང་རྣམས་ཀྱིས་སྐྱེད་རིམ་དང་པོ་སྒོམ་དུས་སུ། སྭ་བྷཱ་བས་སྟོང་པ་ཉིད་དུ་བཤིག་པ་དང་། སྐྱེད་རིམ་བསྒོམ་པའི་རྗེས་སུ། རྫོགས་རིམ་ཡིན་ཞེས་ཟེར་ཞིང་། ཐམས་ཅད་ཚུར་བསྡུས་ཤིང་ལྷ་སྐུ་ས་བོན་དང་བཅས་པ་ཐིག་ལེ་ནཱ་ད་ལ་བསྡུ་ཞིང་ཐམས་ཅད་སྟོང་པ་ཉིད་ཕྱལ་ཆད་ལ་བཏང་བ་ནི། དབང་པོ་འབྲིང་གི་མཐར་ཐུག་ཡིན་ན་ཡང་། ཆོས་སྐུ་དྲི་མ་མེད་ཅིང་སྐུ་གསུམ་སྐུ་བཞི་འདུ་བ་དང་འབྲལ་བ་མེད་པ་མ་ཡིན་པའི་ཕྱིར་ན། །རྡོ་རྗེ་འཆང་གི་རྒྱུད་ལས་ལ་དགུ་ལམ་དགུ། ལུང་དགུ་བསྒྲོད་པའི་ཐེག་པ་ཡང་ཡང་བྱེད་ཡང་བཤིག །ཡང་སྤང་ལེན། ཡང་ཀག །ཡང་སྒྲུབ་བྱེད་པའི་ཕྱིར་ན། མུ་སྟེགས་

(༤༧༩)རྟག་ཆད་གསང་བ་པོ་ལས་མ་འདས་སོ། གསུངས་པ་སྟེ། རྣལ་འབྱོར་བླ་ན་མེད་པའི་གདུལ་བྱ་འདུལ་བྱེད་ཀྱི་སྟོན་པ་དབང་པོ་རབ་ཀྱི་རྟོགས་ཚུལ་ནི། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་འཁོར་བ་དང་མྱ་ངན་ལས་འདས་པའི་ཕྱི་ནང་གི་གྲུབ་མཐའ་དང་ཆོས་ཐམས་ཅད་དངོས་པོ་གཤིས་ཀྱི་གནས་ལུགས་གཤིས་འགྱུར་བ་མེད་པའི་གནས་ལུགས། དབྱིངས་ངོ་བོ་རང་བཞིན་མཚན་ཉིད་ལྔ། རང་ས་རང་མལ་དུ་རང་རིག་པ་ལས་མ་རིག་འཁྲུལ་འཁོར། ལོག་རྟོག མུ་སྟེགས་ཀྱི་ལྟ་ལོག་སུམ་བརྒྱ་དྲུག་བཅུ། ལོ་བདུན་བརྒྱ་ཉི་ཤུ། ནང་པ་སངས་རྒྱས་པའི་ལམ་ཐེག་པ་དགུ། དེ་རྣམས་ཀྱི་བློས་བྱས་ཡིད་བྱེད་གྲུབ་མཐའ་གདོད་མ་ནས་ཡོད་མ་མྱོང་ཞིང་། འདུས་བྱས་སྣ་ཚོགས་དྲི་མས་མ་གོས་པ་ནི། ཆོས་ཀྱི་སྐུ་དྲི་མ་མེད་པ། ཆོས་ཀྱི་དབྱིངས་རབ་འབྱམ། རྟོགས་པ་རབ་འབྱམ་ཞེས་མིང་འདོགས་ཀྱང་། དོན་དམ་པར་ནི། ཐ་སྙད་གང་དང་གང་ལ་ཡང་འདོགས་སུ་མ་བཏུབ་པའི་ཕྱིར་ན། དེ་ལྟར་དུ་གང་དང་གང་གིས་རིག་ཅིང་རྟོགས་པ་ནི། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། གསུངས་པའི་ཕྱིར་ན། ཆོས་སྐུ་རང་བྱུང་རྡོ་རྗེ་འཆང་གི་དགོངས་གཞི་ལས་previous hit དགོངས next hit། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་གསར་རྙིང་གཉིས་ཀྱིས་རྟོགས་པ་ཆོས་སྐུ་དྲི་མ་མེད་པ་ཐུགས་ལ་རིག་མ་རིག་གཉིས། དཔེར་ན་ཉི་མ་དང་གྲིབ་མའི་མཚམས། མིག་ཕྱེ་བ་དང་བཙུམ་པ་ཙམ་ཅིག་ལས་མེད་པའི་ཕྱིར་ན། སངས་རྒྱས་སེམས་ཅན་གཉིས་ཀྱི་བར་ན། དྷ་ཌ་འགྲེ་གང་ཡང་མེད་པས་སྟེ། གང་དང་གང་གིས་རང་རིག་པ་ནི་སངས་རྒྱས། རང་གིས་རང་མ་རིག་པ་རྣམས་སེམས་ཅན་རྣམས་ཡིན་པའི་ཕྱིར་ན། ཆོས་སྐུ་དྲི་མེད་རང་བྱུང་རྣལ་འབྱོར་བླ་ན་མེད་རྡོ་རྗེའི་བུ་སློབ་རྣམས་ཀྱིས་མཁྱེན་ཅིང་རྟོགས་པར་མཛོད། དེ་ལྟར་

(༤༨༠)བྱར་མེད་ལྷུན་གྱིས་གྲུབ་པ་ལས་རྟོགས་པ། འཁྲུལ་པ་ཡེ་ཤེས་རབ་འབྱམ་སུ་འཆར་བའི་བླ་མ་དང་། རང་བྱུང་སྐུ་བཞི་ངོ་སྤྲོད་ཀྱི་གནད་དང་། རང་བྱུང་ཡེ་ཤེས་ཀྱི་བྱིན་བརླབས་མེད་ན། ནམ་ཡང་རིག་ཅིང་རྟོགས་པར་མི་འགྱུར་རོ། དེའི་ཕྱིར་ན་དཔལ་ཀུན་ཏུ་བཟང་པོའི་བསྟན་པ། གསང་སྔགས་རྙིང་མའི་ཞི་ཁྲོ་རབ་འབྱམ་ཀྱི་རྒྱུད་ཆེན་པོ་དང་། དཔལ་རྡོ་རྗེ་འཆང་གི་མན་ངག་ཟབ་མོའི་རྒྱུད་གཉིས། ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་ལུང་མན་ངག་རྣམས་ཀྱི་ཞི་ཁྲོ་རབ་འབྱམ། གཙོ་བོ་གང་དང་གང་གིས་བྱེད་པ་རྣམས་སྟོན་པ་ལས། གདམ་ངག་ངོ་སྤྲོད་འདིའི་དབང་དུ་བྱས་ན། རྩ་བ་རིགས་ལྔ་ཡབ་ཡུམ་ལས། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རང་བྱུང་དཔའ་བོ་སྡེ་ལྔ། མཁའ་འགྲོ་སྡེ་ལྔ། རང་བྱུང་རང་རིག་ལྷན་ཅིག་སྐྱེས་པར་ཐམས་ཅད་གཅིག་ཏུ་ངོ་སྤྲོད་པ་སྟེ། དཔའ་བོ་རྒྱ་མཚོ་ཨ་ཧ་རི་ནི་ས་ལས་རང་བྱུང་དུ་འཕྲོས་པ། ཡི་གེ་རྒྱ་མཚོ་མཐས་གདོད་ནས་ཡིན་པ་ལ། གཙོ་ཆེར་རྡོ་རྗེ་མཁའ་འགྲོའི་རྒྱུད། རྡོ་རྗེ་གདན་བཞིའི་རྒྱུད་ལ་སོགས་པར། ཞི་ཁྲོ་རབ་འབྱམ་ཀྱི་རྒྱུད་མན་ངག་ཐམས་ཅད་ཀྱི་ངོ་སྤྲོད་པ་ལས། སྐུ་བཞི་འདུ་འབྲལ་མེད་པའི་དོན་རྟོགས་རྩལ་ཆེན་རྫོགས་པ་ནི་རྣལ་འབྱོར་ཆེན་པོ་བླ་ན་མེད་པ་རང་ཉིད་དཀྱིལ་འཁོར་ཐམས་ཅད་གཙོ་བོ་རང་བྱུང་ཡིན་ཞིང་། རང་ཉིད་ལ་རྫོགས་ནས་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་རང་ཉིད་ལས་ཕར་འཕྲོས་ཤིང་། ཚུར་ལ་འདུས་པ་ཡིན་ཏེ། མཆོག་ཐུན་མོང་གི་དངོས་གྲུབ་རྒྱ་མཚོ་མཐས་པ་ཡང་། རང་ཉིད་ལས་ལྷུན་གྱིས་གྲུབ་ཅིང་ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི། དཔའ་བོ་མཁའ་འགྲོ་རང་བྱུང་གི་ཡི་གེའི་ཚོགས་རྣམས་ཀྱི་རྩོལ་སྒྲུབ་མེད་པར་མི་

(༤༨༡)སྒྲུབ་རང་དབང་མེད་པར་རང་ལ་རང་ཉིད་འདུ་བ་སྟེ། དཔལ་དུས་ཀྱི་ཐིག་ལེ་ཞེས་ཀྱང་བྱ། དུས་ཀྱི་འཁོར་ལོ་ལ་ཡང་ཐ་སྙད་འདོགས་པ་དང་། ལུང་ཆེན་པོ་ཨ་ནུ་ཡོ་ག་མདོ་ཆེན་པོ་previous hit དགོངས next hit་འདུས་པ་མདོ་ཆེན་ལྔའི་ཁྲི་ལ་མགྱོགས་པ་ཡིས། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལམ་མ་རིག་པ་གསུམ་དུ་འདུས་པ་ཡི་གེ་རྩ་བའི་ཡི་གེ་ལྔ་རང་བྱུང་ལས་རང་འཕྲོས་པས་ཨེ་བམ་མ་ཡ་བཞི། དེ་ལས་ཨ་ལི་བཅུ་དྲུག །ཀ་ལི་སུམ་བཅུ་རྩ་གཉིས་རང་བྱུང་ཐབས་དང་ཤེས་རབ་དབྱེར་མེད་ཀྱི་ཡི་གེའི་ཚོགས་གྲངས་མཐའ་ཡས་པ་རང་བྱུང་། ཡི་གེ་འཁོར་ལོ་རྫོགས་ཆེན་ཞེས་བྱ་བར་ཐ་སྙད་འདོགས་པ་སྟེ། སྐུ་བཞི་ངོ་སྤྲོད་ཀྱི་གནད་ཀྱིས་རིག་ན་ནི་ཡེ་ཤེས། ཡི་གེ་འཁོར་ལོ་རྫོགས་པ་ཆེན་པོ་ཡིན་པ་སྟེ། ཕག་མོའི་རྒྱུད་ན་ཡང་རྣལ་འབྱོར་དཔའ་བོ་མཁའ་འགྲོའི་ཚོགས། སྔགས་དང་ཡི་གེའི་ཚོགས་སུ་གནས། རྣལ་འབྱོར་མ་ཡང་སྔགས་དང་ཡི་གེར་གནས། དེའི་ཕྱིར་ན་ལུང་ཆེན་པོ་ཨ་ནུ་ཡོ་ག་ལས། སྟོན་པས་སྐུ་དང་གསུང་དོར་ཏེ། ཐམས་ཅད་རང་བྱུང་ཡི་གེའི་ཚོགས་སུ་གནས་པའི་ཕྱིར་ན། རང་བྱུང་སྐུ་བཞི་ངོ་སྤྲོད་ཀྱི་གནད་ཀྱིས་ཐེག་པ་བརྒྱད་མན་ཆད་ནས་རང་བྱུང་ཡི་གེའི་འཛིན་པ་ཙམ་ཡོད་པ་སྟེ། ཤེས་བྱའི་སྒྲིབ་པ་ཐ་མ་ཡིན་པ་ཡང་། དབྱིངས་དང་ཡེ་ཤེས་རོ་མཉམ་པ་རིག་ཅིང་རྩལ་ཆེན་རྫོགས་པར། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རང་རིག་རང་ལ་རིག་པའི་ལུང་ཆེན་པོ་ཐོབ་པ་སྟེ། མི་བརྗེད་པའི་གཟུངས་གྲངས་ཅན་གཟུངས་ཀྱི་སྒོ་ལྔ་བརྒྱད། གྲངས་མེད་ཆོས་ཀྱི་དབྱིངས་རབ་འབྱམ་ཐམས་ཅད་མཁྱེན་ཞིང་ཐམས་ཅད་གཟིགས་པ་སྐུ་བཞི་འདུ་འབྲལ་མེད་པའི་ངོ་བོ་

(༤༨༢)ཉིད་ཀྱི། སྐུ་དང་མཁྱེན་པའི་ཡོན་ཏན་མཉམ་པའི་ཕྱིར་ན། ལུང་ཆེན་པོ་ཨ་ནུ་ཡོ་ག །ངོ་བོ་ཉིད་ཀྱི་སྐུའི་previous hit དགོངས next hit་མཐར་ཐུག་འདི་ལྟ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། ཕར་བལྟས་ཀུན་ཏུ་བཟང་པོ་ཉིད། ཚུར་བལྟས་རང་ཉིད་རང་བྱུང་ཀུན་ཏུ་བཟང་པོ་སྟེ། བར་ན་རྒྱལ་བའི་དཀྱིལ་འཁོར་གསལ། །རྒྱ་མཚོར་ཉི་ཟླ་ཤར་བ་འདྲ། །ཤར་བ་ཉིད་ན་ནུབ་པ་མེད། གསུངས་པ་ཡང་། ལུང་ཨ་ནུ་ཡོ་ག་མཐར་ཐུག་ངོ་བོ་ཉིད་ཀྱི་སྐུར་ཐ་སྙད་འདོགས་པ་ལས། དབྱིངས་ཡེ་ཤེས་སུ་འཛིན་པ་ཙམ་ཆ་ཕྲ་འུ་ཨེ་ཡོད། །མ་ཚོར་བར་ཡོད་པའི་ཕྱིར་ན། ཤེས་བྱའི་སྒྲིབ་པ་ཐ་མ་ལས་ཀྱང་ཐ་མ་ཙམ་ཡོད་པ་སྟེ། སྐུ་བཞི་སྐུ་ལྔ་ངོ་སྤྲོད་ཀྱི་གནད་ཀྱིས་གདོད་ནས་རང་བྱུང་རང་ལ་རྫོགས་པའི་ཆོས་ཀྱི་རབ་འབྱམ་མཐའ་ཡས་མུ་མེད་བསམ་མི་ཁྱབ། ཡེ་ནས་རང་བྱུང་ཡེ་ཤེས་སུ་རྫོགས་པས་དེ་ལ་གང་དང་གང་གིས། རྫོགས་དང་མ་རྫོགས་ས་མཚམས་མེད་པར་ཆོས་དབྱིངས་རབ་འབྱམ་ཡེ་ཤེས་ལྷུན་གྱིས་གྲུབ་པ་ལ་གང་དང་གང་གིས་ཐ་སྙད་འདོགས་མཁན་སུ་ཞིག་ཡོད། དེའི་ཕྱིར་ན་ཀུན་གཞི་ཀུན་ཁྱབ་རང་བྱུང་དུ་རྫོགས་པའོ། །འདི་མན་ཆད་གང་དང་གང་གིས་ཤེས་ཤིང་རྟོགས་ནས་རང་བྱུང་སྐུ་ལྔ་སྐུ་གཅིག་རང་བྱུང་ཡེ་ཤེས་ལྔ་ཡེ་ཤེས་གཅིག་ཏུ་ཆོས་ཀྱི་རབ་འབྱམ་ཤེས་དང་མི་ཤེས་ས་མཚམས་མེད་པར་ཐམས་ཅད་རང་ལ་རྫོགས་པའི་ཕྱིར་ན། གསང་བ་མཆོག་གི་ཀུན་དགའ་རྒྱལ་པོ་མ་གཏོགས་པ་གང་དང་གང་གིས་ཀྱང་སྨྲ་བརྗོད་ཚད་གཞལ་བྱ་བར་ག་ལ་ནུས། སྐུ་བཞི་ངོ་སྤྲོད་ཀྱི་གནད་ཀྱི། གང་གིས་སྐུ་ལྔ་རང་ལ་རྫོགས་པ་ཡི། ཆོས་ཀྱི་དབྱིངས་རབ་འབྱམ་རང་རིག་པའི་ཡེ་ཤེས་རྟོགས་པའི་ཚུལ་རབ་འབྲིང་ཐ་མ་གང་དང་

(༤༨༣)གང་ལ་ཡོད་པ་རྣམས་ཀྱིས་སྐྱེ་བ་མེད་པའི་དོན་རྟོགས་ནས། འགག་མེད་རྩལ་སྦྱང་གསུང་བའི་ཕྱིར་ན། བདག་གཞན་ཐམས་ཅད་སྐུ་ལྔའི་སངས་རྒྱས་རང་ཉིད་ལ་རྫོགས་པ་དང་། མཆོག་ཐུན་མོང་ལོགས་པ་འཕྲིན་ལས་བཞི། རྒྱ་མཚོ་མཐའ་ཡས། སངས་རྒྱས་རྒྱལ་བ་སྲས་དང་བཅས་པ་ལས་དབང་བསྐུར་བ་དང་འགྲོ་བ་རིགས་དྲུག་བར་དོ་དང་བཅས་པ་ལ་དབང་བསྐུར་བ་ནི་སྒོམ་དུ་མེད་པ་ཆོས་སྐུ་དྲི་མ་མེད་པའི་དབྱིངས་སུ་ཐམས་ཅད་དྲན་བས་དབང་བསྒྱུར་ཞིང་དབུར་འགྲོ་འོང་གནས། གསུམ་གྱི་ཐམས་ཅད་ཚུར་བསྡུ་བ་དང་། ཕྱིར་གཏོང་ཞིང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྩོལ་བ་དང་སྒྲུབ་པ་མེད་པར་ཐམས་ཅད་བྱིན་གྱིས་རློབ་པའི་གདམ་ངག་དང་གནད། དོན་གང་དང་གང་གཙོ་ཆེར་སྒྲུབ་པ་དེའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་གནད་དུ་བསྣུན་ཞིང་། ཐམས་ཅད་སྐད་ཅིག་ཙམ་གྱིས་མྱུར་དུ་སྒྲུབ་པའི་མཆོག། བླ་ན་མེད་པའི་གདམ་ངག་འདི་ལྟ་སྟེ། ཐམས་ཅད་ཀུན་གཞི་ལ་ཀུན་འཁོད་པའི་དུས་སུ། གནས་ལུགས་གཤིས་ལྔ་རང་གིས་རང་ལ་རིག་པའི་སེམས་ཅན་ཐམས་ཅད་ཀྱི་ཀུན་གཞི་མ་རིག་པ་བྱས་ནས་དཀར་པོའི་རྐྱེན་དགེ་བའི་ཚོགས་ཀྱིས་བྱས་ཤིང་། མཐོ་རིས་གནས་གསུམ་དུ་སྐྱེས་པ་དང་མ་རིག་པའི་དབང་གིས་དུག་ལྔ་ལ་སོགས་པ་མི་དགེ་བའི་རྟོག་པ་སྣ་ཚོགས་ཀྱིས་ལས་མི་དགེ་བའི་ཚོགས་རབ་འབྲིང་ཐ་མ་སྣ་ཚོགས་སྤྱད་པའི་ངན་སོང་གསུམ་གྱི་སྐྱེ་གནས་སུ་སྐྱེས་ཤིང་། མ་རིག་པས་སེམས་ཅན་ཀུན་ལ་ཁྱབ་པའི་ཕྱིར་ན། དགེ་མི་དགེ་དེ་དག་ལ་ཡུན་རིང་ཏུ་ཅི་ལྟ་བུ་སྤྱོད་ཀྱང་། ཁམས་གསུམ་འཁོར་བར་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་ན། གནས་ལུགས་གཤིས་ལྔ་མ་རིག་པའི་སངས་རྒྱས་ནམ་ཡང་མི་སྲིད་པ་དང་། ཀུན་གཞི་གཤིས་ལྔ་རིག་ཅིང་། ཆོས་ཐམས་ཅད་ཡེ་ཤེས་ལྷུན་གྱིས་གྲུབ་པ་རྣམས་སེམས་ཅན་རྣམས་ཀྱི་དོན་དུ་བསམ་བཞིན་དུ་སྲིད་པ་ཉེ་བར་

(༤༨༤)ལེན་ན་མ་རྟོགས་པ་རང་དབང་མེད་པར་འཁྲུལ་ཞིང་། སེམས་ཅན་རྣམས་ཀྱི་སྐྱེ་གནས་སུ་འཇུག་པའི་སྲིད་པ་དེ་ཀུན་རྫོབ་འདུས་བྱས་འགྱུར་བའི་ཆོས་ཅན་ཡིན་པའི་ཕྱིར་ན། དགེ་བའི་ཚོགས་རྣམས་སྡིག་པ་མི་དགེ་བའི་ཚོགས་སུ་འགྱུར་ཡང་ཤེས་སོ། །སྡིག་པ་མི་དགེ་བའི་ཚོགས་དགེ་བར་འགྱུར་བའི་ཕྱིར་ན། རྡོ་རྗེ་འཆང་གིས། རྣལ་འབྱོར་བླ་མེད་ལས་ཀྱང་། གྲངས་མེད་བསྐལ་པར་འཕགས་པ་མཆོད་ཅིང་སེམས་ཅན་སྦྱིན། ཁོང་ཁྲོ་ཆོད་ཅིག་འཇོམས་པར་འགྱུར་གསུངས་པའི་ཕྱིར་ན། མ་རིག་པའི་དབང་གིས། བསོད་ནམས་ཚོགས་བསགས་ཚད་རྣམས་མཚམས་སྦྱོར་ངན་ན་དགེ་བ་སྡིག་པར་འགྱུར་འདི་སྡིག་ཅན་རྣམས་འཆི་བ་ལོགས་པའི་མཚམས་སྦྱོར་བཟང་ཞིང་ལས་ངན་བྱས་པ་ལ་འགྱོད་པ་སྐྱེས་ན་མི་དགེ་བ་དགེ་བར་འགྱུར་ཞིང་། མཐོ་རིས་སུ་སྐྱེ་བར་གསུངས་པའོ། །སེམས་ཅན་གྱིས་རིག་མ་རིག་གང་དག་ཡིན་ན་ཡང་། སྐུ་བཞི་ངོ་སྤྲོད་ཀྱི་གནད། རང་བྱུང་བྱིན་བརླབས་ཀྱིས་ཟིན་ཅིང་། གཤིས་ལྔ་རང་བྱུང་ཡི་གེ་ལྔར་རྟོགས་ཤིང་། རང་བྱུང་ཨེ་བམ་མ་ཡ་བཞི། ཨ་ལི་ཀ་ལི་ལ་སོགས་པ་རང་བྱུང་ཡི་གེའི་ཡང་ཚོགས་གྲངས་མཐའ་ཡས་པ་རྣམས་ཡི་གེ་འཁོར་ལོ་རྫོགས་ཆེན་དུ་མ་རིག་པ་དང་རང་རིག་པའི་ཡེ་ཤེས་སུ་རྟོགས་པ་ཐམས་ཅད་མཁའ་འགྲོ་སྡེ་ལྔ་གདོད་མ་ནས་ཡིན་པ་ལ། ཡིན་པར་ངོ་ཤེས་ཤིང་རྟོགས་ན། ཐམས་ཅད་ཀྱི་རྩ་རིགས་ལྔ་ཡབ་ཡུམ་བཅུ་ལས་ཞི་ཁྲོ་རབ་འབྱམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་མ་བྱུང་བ་དང་། མ་ཕྲོས་པ་དང་མ་ཁྱབ་པ་གང་ཡང་མེད་པ་སྟེ། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་སྟོན་པ་བསྟན་པའི་དབང་གིས་བླ་མ་ཡི་དམ་མཁའ་འགྲོ་གསུམ་གཙོ་ཆེར་ངོ་སྤྲོད་ཅིང་བྱིན་

(༤༨༥)གྱིས་བརླབས་ཤིང་། སྨིན་ཅིང་གྲོལ་བར་སྟོན་པ་སྟེ། དེ་ཡི་སེམས་ཅན་སྤྱི་ཁྱབ་ལ་ཡང་མ་ཁྱབ་པ་མེད་ཅིང་ཁྱད་པར་དུ་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་གདུལ་བྱར་གྱུར་ཞིང་། སྐུ་བཞི་ངོ་སྤྲོད་ཀྱི་གནད་ཀྱིས་ཟིན་ནས། གནད་བཞི་ཆོས་ཉིད་ཀྱི་འཁོར་ལོ་བཅུད་ལ་བོར་ཞིང་སྐུ་བཞི་འདུ་བ་དང་འབྲལ་བ་མེད་པ། རང་གིས་རང་ཉིད་ལ་རྟོགས་པ་རྣམས་ཀྱིས། རང་གི་གཤིས་འགྱུར་བ་མེད་པ་ལ་སོགས་པ་ལྔ། རང་བྱུང་ཧ་རི་ནི་ས་བཞི་རྟོགས་ཤིང་། རང་གི་རྣམ་རྟོག་ཚོགས་དང་ཉོན་མོངས་ཚོགས་རྣམས་དཔའ་བོ་སྡེ་ལྔ། རང་བྱུང་དཔའ་བོ་རྒྱ་མཚོ་དང་། མཁའ་འགྲོ་རྒྱ་མཚོ་དང་། རང་བྱུང་རང་རིག་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་རབ་འབྱམ་རང་ཉིད་ལ་རྫོགས་པ་ལས། དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱང་། གཞི་ངོ་སྤྲོད་ཅིང་ས་བཅད་པ་ལས། ཕྱི་དཔའ་བོ་མཁའ་འགྲོ་རང་བྱུང་སྡེ་ལྔའི་ཚོགས་དང་། དཔའ་བོ་མཁའ་འགྲོའི་ཚོགས་དང་། གསང་བ་དཔའ་བོའི་ཚོགས་དང་། དེ་ཁོ་ན་ཉིད་དཔའ་བོ་མཁའ་འགྲོའི་ཚོགས་གདོད་ནས་རང་བྱུང་རང་གནས་པ་ཡིན་པ་ལ། ཡིན་པར་ངོ་སྤྲོད་ཅིང་རླུང་སེམས་གནད་ཀྱི་འཁོར་ལོ་བསྐོར་བ་སྟེ། ཕྱི་དཔའ་བོ་སྡེ་ལྔ་མཁའ་འགྲོ་སྡེ་ལྔ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས། འབྱུང་བ་ལྔ་ལས། ཆགས་འཇིག་འཛིན་པའི་རྟེན་ས་རྡོ་རྩི་ཤིང་ནགས་ཚལ་གྱིས་མ་ཁྱབ་པ་མེད་ཅིང་། ཀུན་ལ་ཁྱབ་པ་རྣམས་ལ་གནས་པར་འདོད་པའི་ས་བླ་ས་སྟེངས། ས་འོག་གི་གནས་ཉི་ཤུ་རྩ་བཞི། ཉེ་བའི་གནས་དང་། དུར་ཁྲོད་ཉེ་བའི་དུར་ཁྲོད་དང་། ཚནྡྷོ་དང་ཉེ་བའི་ཚནྡྷོ་ལ་སོགས་པ་རྣམས་ལ། ཡི་གེ་ལྔ། དཔའ་བོ་སྡེ་ལྔ། མཁའ་འགྲོ་སྡེ་ལྔ། དངོས་གྲུབ་སྣ་ཚོགས་བསྒྲུབ་པར་འདོད་པ་དང་། མ་

(༤༨༦)རིག་པའི་དབང་གིས་འགྲོ་བ་རིགས་དྲུག་ཕྱི་སྣོད་ལ་ནང་བཅུད་དུ་གནས་པའི་ཚུལ་གྱིས་རྟེན་ནས་སྐྱེ་འཆི་འཕོ་འགྱུར་རིགས་དྲུག་ན། ལས་དགེ་མི་དགེ་ཡིས་འཁྲུལ་ཞིང་འཁོར་བ་རྣམས། སྐུ་བཞི་ངོ་སྤྲོད་ཀྱི་གནད་ཀྱིས་མ་རིག་པ་རང་རིག་པ་རང་སར་རིག་ཅིང་རང་ངོ་ཤེས་ན། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་པ་ནི། རང་འབྱུང་ཡི་གེ་ལྔ། ཡེ་ཤེས་རྒྱ་མཚོ་མཐའ་ཡས། དཔའ་བོ་རྒྱ་མཚོ་མཐའ་ཡས། མཁའ་འགྲོ་རྒྱ་མཚོ་མཐའ་ཡས། དངོས་གྲུབ་རྒྱ་མཚོ་མཐའ་ཡས། རང་བྱུང་དུ་རང་རིག་ཅིང་རྟོགས་ནས་རྩལ་རྫོགས་པར་གྱུར་ན། ཕྱིའི་དཔའ་བོ་མཁའ་འགྲོའི་ཚོགས་རླུང་སེམས་ཀྱིས་དབང་དུ་བསྡུ་ཞིང་ཡི་གེ་ལྔ་ལ་ཕྱི་སྤྲོ་བསྡུའི་བཟླས་པ་སྒོམ་མེད་ཀྱི་ངང་དུ། རྒྱུན་ཆད་མེད་པར་བྱས་ན། ཕྱི་ཁམས་གསུམ་ལ་གཏོགས་ཚད་རྣམས་དང་། ཞི་ཁྲོ་རབ་འབྱམ་བླ་མ་ཡི་དམ་མཁའ་འགྲོ་གསུམ་དུ་འདུས་པ་རྣམས་ལ་རང་དབང་མེད་པར་ཐམས་ཅད་ལ་དབང་བསྐུར་ཞིང་། འཁོར་འདས་གཉིས་ཀྱི་བདག་ཉིད་ཆེན་པོར་འགྱུར་བ་སྟེ། སྔགས་འཆང་རང་བྱུང་རྡོ་རྗེའི་ཁྱད་ཆོས་ཁྱད་པར་འཕགས་པ་ཡིན། རྣལ་འབྱོར་པ་རང་ཉིད་ཀྱི་འབྱུང་བ་ལྔའི་ལུས་འདི་ཉིད། སྐུ་བཞི་ངོ་སྤྲོད་ཀྱི་གནད་ཀྱིས་མ་ཟིན་ན། སེམས་ཅན་གྱི་ལུས་ངག་ཡིད་གསུམ་སྣང་བ་བཞིར་འཁྲུལ་ཞིང་། མ་རིག་པའི་འཁྲུལ་འཁོར་ཆེན་པོར་རྒྱུན་མི་ཆད་པ་སྟེ། རང་བྱུང་རང་རིག་ཕྱག་རྒྱ་ཆེན་པོར་རྟོགས་ནས་རང་ལུས་ཡེ་ཤེས་ཀྱི་ལུས། སེམས་ཡེ་ཤེས་ཀྱི་སེམས། སྣང་བ་ཡེ་ཤེས་ཀྱི་སྣང་བ། ངག་ཡེ་ཤེས་ཀྱི་ངག །རྣམ་རྟོག་ཡེ་ཤེས་ཀྱི་རྣམ་རྟོག །རང་བྱུང་ཡེ་ཤེས་ཀྱི་རྒྱ་མཚོ་གདོད་མ་ནས་ཡིན་པའི་ཕྱིར་ན། །འདི་ཐམས་ཅད་ཀུན་རིག་ཀུན་རྟོགས་པ་ལས། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ལུས་ཀྱི་མཐའ་ནི་རྟོགས་པའོ། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །

(༤༨༧)གསུངས་པའི་ཕྱིར་ན། རང་གི་ལུས་ལ་གནས་དང་ཉེ་བའི་གནས། དུར་ཁྲོད་དང་ཉེ་བའི་དུར་ཁྲོད། །ཚནྡྷོ་དང་ཉེ་བའི་ཚནྡྷོ་ལ་སོགས་པ་ལྔའི་སྒྲ་དོན་གོ་ཞིང་། སྐུ་བཞི་ངོ་སྤྲོད་གནད་ཀྱིས་རྟོགས་ན། རང་བྱུང་ཡི་གེ་ལྔ་ལ་སོགས་པ་ཡེ་ཤེས་ཀྱི་ཡི་གེ་རྒྱ་མཚོ་མཐའ་ཡས་པ་དང་། མི་བརྗེད་པའི་གཟུངས་དཔའ་བོ་སྡེ་ལྔ། མཁའ་འགྲོ་སྡེ་ལྔ། རྒྱལ་བ་རིགས་ལྔ་ཐམས་ཅད་རང་ཉིད་ལ་བཞུགས་ཤིང་རང་ཉིད་ཡིན་པ་ལ་ཕྱི་དང་ནང་གི་དཔའ་བོ་མཁའ་འགྲོའི་ཚོགས་ལ་འགྲན་པས། དབང་བསྐུར་ཞིང་སྲོག་རྩོལ་ཡེ་ཤེས་འཕྲོ་འདུ་ཡིས། ཕྱིར་སྤྲོ་ཞིང་ཚུར་བསྡུ་ཞིང་རླུང་བཟུང་ཞིང་། ཡི་གེ་བཞི་འམ་ལྔ་ལ་སོགས་པ་དཔའ་བོ་མཁའ་འགྲོའི་སྙིང་པོ་གང་ཡང་རུང་བ་ལ། ཡིད་ཀྱི་ལྕེ་རྩ་གཡོ་བ་ཙམ་དུ་སྒོམ་མེད་ལ་ལ་ཡེངས་པར་རྒྱུན་དུ་བཟླས་པ་ནི། གསང་བ་ཡེ་ཤེས་དངོས་གྲུབ་རྒྱ་མཚོའི་བཟླས་པ་ཡིན་པའི་ཕྱིར་ན། དེ་ལ་བརྟན་ཅིང་མཐར་ཕྱིན་ན། ཕྱི་ནང་གི་དཔའ་བོ་མཁའ་འགྲོ་སྤྲིན་ལྟར་དུ་འདུ་ཞིང་། ཕྲིན་ལས་སྣ་ཚོགས་དྲན་པ་ཙམ་གྱིས་མི་འགྲུབ་པ་གང་ཡང་མེད་པའི་ཕྱིར་ན། རང་གི་ལུས་ལ་འབྱུང་བ་ལྔ་གནས་པ་ལ་དབང་པོ་རབ་ཀྱིས་རང་བྱུང་དཔའ་བོ་མཁའ་འགྲོར་རྟོགས་ཤིང་དབང་ཐོབ་ན། འབྱུང་བ་ལྔའི་རྐྱེན་གྱིས་རང་ལ་མི་གནས་ཅིང་། ནམ་མཁའི་བྱ་ལྟར་འཕུར་བ་དང་། ཆུ་ལ་ཉ་ལྟར་འཕྱོ་བ་དང་། ས་ལ་བྱི་བ་ལྟར་འཛུལ་བ་དང་། བར་སྣང་ལ་རླུང་ལྟར་རྒྱུ་བ་དང་། མེ་ཆེན་པོ་ལ་ཆགས་ཐོགས་མེད་པར་གནས་ཤིང་འབྱུང་བ་ལྔ་ལ་རང་དབང་ཐོབ་པ་དང་། ཡང་ན་རླུང་སེམས་ཀྱི་གནད་ཀྱིས་དྲན་པ་ཙམ་གྱིས་འབྱུང་བ་ལྔ་རང་ཉིད་དུ་གཞན་གྱི་ནམ་མཁའ་ལ་སོགས་པར་མཐོང་

(༤༨༨)བའི་ཟད་པར་དང་། ཟིལ་གནོན་སྤྲུལ་བསྒྱུར་སྣ་ཚོགས་རང་སྣང་གཞན་སྣང་གཉིས་ཀ་སྟོན་ནུས་པ་དང་། རང་གི་ལུས་ལ་ནད་རིགས་སུམ་བརྒྱ་དྲུག་བཅུ། བགེགས་རིགས་སྟོང་ཕྲག་བརྒྱད་བཅུ། རྩ་བཞི་རྐྱེན་ཉི་ཁྲི་ཆིག་སྟོང་། སེམས་ཅན་གྱི་ལུས་ལའང་གནས་ལ། རང་གཅིག་པུའི་ལུས་ལ་གནས་པ་རྣམས་ལ། རང་བྱུང་ཡེ་ཤེས་ཡི་གེ་ལྔ། མཁའ་འགྲོ་སྡེ་ལྔ། རླུང་སེམས་ལ་དབང་ཐོབ་ཅིང་། དེ་རྣམས་ལ་རང་དབང་རང་རིག་ཐོབ་ཅིང་། རྟོགས་ན་མི་སོགས་གཞན་རྣམས་ཀྱིས་ཀྱང་། ནད་གདོན་རྐྱེན་ངན་པ་སྡུག་བསྔལ་ཉོན་མོངས་ཀྱི་ཚོགས་རྣམས་ཀྱི་ལས་མཐོང་བས་ཐོས་པའམ། དྲན་པའམ། བལྟས་པའམ། བྱིན་བརླབས་བྱས་པའི་ནུས་པ་བརྗོད་པ་ཙམ་གྱིས་ཀྱང་སྡུག་བསྔལ་ནད་ཀྱིས་གཟིར་བ་རྣམས་སྐད་ཅིག་ལ་ཞི་ཞིང་གནས་པར་འགྱུར་བ་ནི། ནང་གི་དཔའ་བོ་སྡེ་ལྔ་རང་ཉིད་ལ་རིག་ཅིང་རྟོགས་པ་རྣམས་ཕྲིན་ལས་བྱིན་བརླབས་རང་བྱུང་དུ་འབྱུང་བ་སྟེ། རྟོགས་ལྡན་རང་བྱུང་རྡོ་རྗེ་ཡི། །བུ་སློབ་རྣམས་ཀྱིས་མཁྱེན་པར་མཛོད། །གསང་བའི་ཡི་གེ་སྡེ་ལྔ། དཔའ་བོ་སྡེ་ལྔ། མཁའ་འགྲོ་སྡེ་ལྔ། རིག་མ་རིག་གཉིས་ཀྱི་སོ་མཚམས་འབྱེད་པ་ནི་འདི་ལྟ་སྟེ། མངལ་སྐྱེས་ཀྱི་སེམས་ཅན་སྤྱི་ཁྱབ་དང་། རང་ཉིད་ལ་རྩ་གསུམ་རྩའི་ངོ་བོ་སུམ་བཅུ་སོ་བདུན། སྦྱོར་དྲུག་རྣལ་འབྱོར་མའི་རྒྱུད་གསུངས་པའི་ཕྱིར་ན། འཁོར་ལོ་ལྔ་བྱས་ཀྱང་། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ཀྱི་previous hit དགོངས next hit་ལས། འཁོར་ལོ་དྲུག་ཏུ་གསུངས་ཤིང་། རྩ་སྟོང་ཕྲག་བདུན་བཅུ་རྩ་བདུན་ན། ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ཡང་། རྩ་རླུང་བེམ་པོ་མཚན་བཅས་གདོད་མ་ནས་ཡིད་ཀྱི་ཡུལ་དུ་མ་གྲུབ་ཅིང་། མིང་དང་ཐ་སྙད་ཙམ་དུ་

(༤༨༩)སྒྲོ་འདོགས་ཀྱང་། ཀུན་རྫོབ་ཙམ་དུ་སོ་སོར་བརྗོད་ཅིང་སྣང་བ་ཡང་། དོན་དམ་པར་མ་གྲུབ་ཀྱང་མ་རིག་པའི་དབང་གིས་སེམས་ཅན་རྣམས་ཀྱང་། སྐྱེ་རྒྱུད་འབྱུང་བ་ལྔའི་ཐིག་ལེ་ལ་གྲངས་ཅན་གྲངས་མེད་རྩ་རླུང་གཉིས་ལ་ཁྱབ་ཅིང་གནས་པ་སྟེ། ཀུན་གཞི་གཤིས་འགྱུར་བ་མེད་པའི་དབྱིངས་སོ། །རང་བཞིན་མཚན་ཉིད་ལྔ། རང་རིག་དང་མ་རིག་ཅིང་། །རང་ས་མ་ཟིན་རང་ངོ་མ་ཤེས་ན། གཤིས་ལྔ་ཡི་གེ་ལྔ་དང་ཐ་དད་མེད་པར་དུག་ལྔར་འཁྲུལ། དེའི་དབང་གིས། ཕུང་པོ་ལྔ། འབྱུང་བ་ལྔ། རྩ་ལྔ། ཐིག་ལེ་ཡུལ་དང་ཡུལ་ཅན་བཅུ། །ཁམས་སྐྱེད་མཆེད། དཔའ་བོ་ལྔ་ལ་སོགས་པ། གྲངས་ཅན་ཉི་ཤུ་རྩ་ལྔར་འཁྲུལ་ཞིང་། ཁམས་གསུམ་རིགས་དྲུག་ཏུ་སྐྱེ་ཞིང་འཇིག་ལ། མ་རིག་པའི་འཁྲུལ་འཁོར་རྒྱུན་མི་ཆད་པའོ། །རང་བྱུང་སྐུ་བཞི་ངོ་སྤྲོད་ཀྱི་གནད་ཀྱིས་ཟིན་ཅིང་གནད་གཞི་ཆོས་ཉིད་ཀྱི་འཁོར་ལོ་ཐབས་དང་ཤེས་རབ་དབྱེར་མེད་ཀྱིས་ངོ་སྤྲོད་ཅིང་། བྱིན་བརླབས་ཉམས་སུ་མྱོང་ན། རྩ་གསུམ་དཔའ་བོ་མཁའ་འགྲོ་སྐུ་གསུང་ཐུགས་གདོད་མ་ནས་ཡིན་ཅིང་། འདིར་རང་གིས་རང་ངོ་ཤེས་པ་ལས། འཁོར་ལོ་ལྔའམ་དྲུག་གཤིས་ལྔ་ཡི་གེ་ལྔ་དང་ཐ་དད་མེད་པར་རང་གིས་རང་རིག་པར་ནི་ཡེ་ཤེས་ལྔ། རིགས་ལྔ། ཡུམ་ལྔ། དཔའ་བོ་སྡེ་ལྔ། མཁའ་འགྲོ་སྡེ་ལྔ། །རྩ་སྟོང་ཕྲག་བདུན་བཅུ་རྩ་བདུན། ཡེ་ཤེས་ཀྱི་དཔའ་བོ་མཁའ་འགྲོ་སྟོང་ཕྲག་བདུན་བཅུ་རྩ་བདུན་གྱིས། རང་བྱུང་རང་གནས། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རིག་ཅིང་རྟོགས་ནས་ལོངས་སྐུའི་སྐུ་གསུང་ཐུགས་ཀྱི་དཔའ་བོ་མཁའ་འགྲོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རང་

(༤༩༠)གནས་རང་རྒྱུ་ཞིང་། དེ་ལྟར་རིག་ཅིང་རྩལ་ཆེན་རྫོགས་ན། །སྤྱན་ལྔ་མངོན་པར་ཤེས་པ་དྲུག །གང་དང་གང་ཡང་སྒྲིབ་པ་མེད་པར་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་ཞིང་ཐིག་ལེ་ཡེ་ཤེས་ཀྱི་ཐིག་ལེ་གཟུགས་སྐུ་རྣམ་གཉིས་འཁྲུང་ཞིང་། གཟུགས་སྐུ་འགྲོ་དོན་མཛད་པའི་རྒྱུ་ཡིན་ཞིང་། དེ་རྣམས་ཆ་མཉམ་པར་མ་འདྲེས་པར་ཡོངས་སུ་རྫོགས་པར་ཡེ་ཤེས་རང་བྱུང་ལྷུན་གྱིས་གྲུབ་པ། སྤྱི་བོར་བདེ་ཆེན་གྱི་འཁོར་ལོ་ཕུན་སུམ་ཚོགས་པ་ལྔའི་རླུང་སེམས་ཡེ་ཤེས་སུ་འདུས་ནས་ཞི་ཁྲོ་རབ་འབྱམས་ཀྱི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོས་ཀུན་ལ་ཁྱབ་ཅིང་སྐུའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་རང་ཤུགས་ཀྱིས་འབྱུང་བ་སྟེ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རང་བྱུང་ཧྲི་ལ་སོགས་པ། ཡེ་ཤེས་ཀྱི་ཕུན་སུམ་ཚོགས་པ་ལྔའི་རླུང་སེམས་འདུས་ན་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་རབ་འབྱམ་བཀའ་ལ་ལུང་ཆེན་ཐོབ་པའི་ཕྱིར་ན། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རུ་རང་བྱུང་ཡི་གེ་ལྔ་ཉིད་དང་། ཨ་ལི་ཀ་ལི་མཉམ་སྦྱོར་ཅིང་། ངག་མཁའ་འགྲོས་བྱིན་གྱིས་བརླབས་པ་ཡིས། །རབ་འབྱམ་བཀའ་ལ་ལུང་ཆེན་ཐོབ། ད་ལྟ་ཀུན་མཁྱེན་རང་བྱུང་རྡོ་རྗེ་ཡིན་པས་མངོན་སུམ་ཚད་མའོ། །སྙིང་ག་ཆོས་ཀྱི་འཁོར་ལོ་རུ། གཤིས་འགྱུར་བ་མེད་པ་དང་། རང་བྱུང་ཧཱུྃ་གཉིས་ཐ་དད་མེད་པ་ལས། མི་འགྱུར་ཐུགས་ཀྱི་ཕུན་སུམ་ཚོགས་པ་ལྔར། འཕོ་འགྱུར་མེད་པར་རྟོགས་པ་ཡི། འཕོ་འགྱུར་མེད་པ་ཡེ་ཤེས་ཀྱི་རླུང་སེམས་འདུས་ནས། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཕྲིན་ལས་ཁམས་གསུམ་ཁྱབ་པ་འབྱུང་བ་སྟེ། ལྟེ་བ་སྤྲུལ་པའི་འཁོར་ལོ་རུ། རང་བྱུང་ཡི་གེ་ལྔ་།།།།།གཉིས་སུ་མེད་པ་ཡོན་ཏན་རང་བྱུང་ཏྲཾ། ཕུན་སུམ་ཚོགས་པ་ལྔར་

(༤༩༡)རླུང་སེམས་རང་བྱུང་རང་སར་འདུས་ན་ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡིས་འཁོར་འདས་ཡོངས་ལ་ཁྱབ་ཅིང་། གསང་གནས་མི་འགྱུར་རྡོ་རྗེའི་འཁོར་ལོ་མཚན་ཉིད་དགག་སྒྲུབ་མེད་པ། རང་བྱུང་ཡི་གེ་ལྔ། རང་གནས་སུ་རང་འགྱུར་ཨོཾ། ཕུན་སུམ་ཚོགས་པ་ལྔར་དགག་སྒྲུབ་ཆགས་ཐོགས་མེད་པ་བྱ་བ་སྒྲུབ་པའི་ཡེ་ཤེས་སུ་རླུང་འདུས་ན། ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡིས། འཁོར་འདས་ཆོས་ཀྱི་དབྱིངས་དང་མཉམ་པར་ཁྱབ་པ་ལས། སུམ་མདོ་ཀུན་ཏུ་རྡོ་རྗེ་འཆང་གི་རང་བྱུང་རང་གནས་སུ། རིགས་ལྔ་ཡབ་ཡུམ་བཅུ། བཀའ་གསར་རྙིང་ཞི་ཁྲོ་རབ་འབྱམས་གྱི་ལྷ་ཚོགས་རྣམས་དང་། དཔའ་བོ་སྡེ་ལྔ། མཁའ་འགྲོ་སྡེ་ལྔ། རང་བྱུང་ཡི་གེ་ལྔ། ཨེ་བམ་མ་ཡ། ཨ་ལི་ཀ་ལི་ཀུན་ཁྱབ་ཡི་གེའི་ཚོགས་རྣམས་དང་། སྐུ་བཞི་འདུ་འབྲལ་མེད་པ་ཕུན་སུམ་ཚོགས་པ་ལྔ་ལྔ་རྣམས་ཆོས་སྐུ་རྡོ་རྗེ་འཆང་དུ་ཐམས་ཅད་གཅིག་ཏུ་འདུས་ཤིང་། ཆོས་དབྱིངས་རབ་འབྱམས། རྟོགས་པ་རབ་འབྱམ་ཐམས་ཅད་མ་འདྲེས་པ་སོ་སོར་རང་ཉིད་རྫོགས་པའི་ཕྱིར། མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས་ཀྱང་རིགས་ལྔ་ལ་ནི། ཀུན་སྤྱོད་པ་རིགས་གཅིག་ཏུ་ནི་རྣམ་པར་བཏགས་གསུངས་པའི་ཕྱིར་ན། གཤིས་འགྱུར་བ་མེད་པའི་དབྱིངས་ངོ་བོ་རང་བཞིན་མཚན་ཉིད་ལྔ་དང་། རང་བྱུང་ཡི་གེ་ལྔ་གཉིས་ཚོགས་ཐ་དད་ཡོད་ན་ཡང་། དོན་ངོ་བོ་གཅིག་པ་ཡིན། དེའི་ཕྱིར་ན་ཀུན་གཞི་གནས་ལུགས་མ་རིག་ན། གཤིས་ལྔ་ཡི་གེ་ལྔ་ཡི་གེ་ལྔ་ཡང་ཀུན་གཞིའི་ཀུན་འབྱུང་བའི་ཆོས་ཅན་དུ་འཁྲུལ་ནས་འགྲོ་དྲུག་བར་དོ་དང་བཅས་པའི་སྐྱེ་རྒྱུད་དང་སྲོག་ཡིན་པའི་ཕྱིར་ན། རང་གིས་རང་རིག་ནས། རང་ཉིད་ལ་རང་ཐང་འཁྲུལ་པ་ལ་སངས་རྒྱས་

(༤༩༢)ནམ་ཡང་མི་སྲིད་དོ། ཀུན་གཞི་གནས་ལུགས་རང་སར་རང་རིག་ཅིང་། རང་བྱུང་ཡེ་ཤེས་མཐའ་ཡས་སུ་རིག་ཅིང་རྩལ་རྫོགས་ན་རྡོ་རྗེ་འཆང་ཆེན་རང་ཉིད་ཡིན་པའི་ཕྱིར་ན། ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་དཔའ་བོ་མཁའ་འགྲོ། ཞི་ཁྲོ་རབ་འབྱམ་རིགས་ལྔ་ཐ་སྙད་དུ་མར་སྒྲོ་འདོགས་ཤིང་བརྗོད་ན་ཡང་། སོ་སོ་མ་ཡིན་ཐ་མ་དད་ཅིང་། ཐེག་པ་གོང་མ་གསུམ་གྱིས་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། བླ་མ་ཡི་དམ་མཁའ་འགྲོ་གསུམ་གདོད་མ་ནས་ཡིན་ཅིང་། ཡིན་པར་ངོ་སྤྲོད་ཅིང་། རང་བྱུང་ཡེ་ཤེས་སུ་བྱིན་གྱིས་བརླབས་ནས། སྐུ་བཞི་འདུ་འབྲལ་མེད་ཅིང་། སྐུ་ལྔ་རང་ལ་ཡོངས་སུ་རྫོགས་པ་དང་མ་རྫོགས་པའི་ས་མཚམས་རིག་མ་རིག་གཉིས་ཀྱིས་འབྱེད་ཅིང་། སྐད་ཅིག་གཅིག་གིས་བྱེ་ཕྲག་ཕྱེད། སྐད་ཅིག་ཅིག་གིས་རྫོགས་སངས་རྒྱས། ཡེ་ཤེས་མིག་གཅིག་དྲི་མ་མེད། །གསུངས་པའི་དོན། གང་དང་གང་གིས་རྟོགས་ན། མཐར་ཐུག་འདི་ལས་མེད་དོ། དུར་ཁྲོད་གསང་བ་ཁྱུ་བྱུག་རོལ་པའི་མདོ་ལས་འཕྲོས་པ། གསང་བའི་མཚན་ཅན་རྒྱུད་སྡེ་བཞི་བཅུའི་འགྲེལ་པ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། རླུང་སེམས་གཉིས་སུ་ངོ་སྤྲོད་ཅིང་རྟོགས་པ་སྟེ། གསང་བ་ཐམས་ཅད་ཀྱི་སྒྲ་དོན་གཅིག་ཏུ་བསྡུས་པ་གསང་བ་འདུས་པའི་རྒྱུད་ལས། རིགས་ལྔ་ཡབ་ཡུམ་སྲས་དང་བཅས་པ་རྣམས། བུད་མེད་ཀྱི་ཚུལ་དུ་སྤྲུལ་ཞིང་གསུངས་པ་ཡང་དཔའ་བོ་རྒྱ་མཚོ། མཁའ་འགྲོ་རྒྱ་མཚོ་གདོད་མ་ནས་རང་ཉིད་ལ་རྫོགས་ཅིང་གྲུབ་ཐག་ཉེ། བྱིན་བརླབས་རྨད་དུ་འབྱུང་བའི་ཕྱིར་ན། །དུག་ལྔ་མ་བཅོས་རང་སར་རིག་ཅིང་རྟོགས་པ་ལས། ཞེ་སྡང་རྡོ་རྗེ། འདོད་ཆགས་རྡོ་རྗེ། ང་རྒྱལ་རྡོ་རྗེ། ཕྲག་དོག་རྡོ་རྗེ། རྡོ་རྗེའི་དོན་ནི་མ་

(༤༩༣)རིག་པ། །ད་ནི་མ་རིག་པ་དང་རིག་པའི་ཡེ་ཤེས་རྒྱུན་མི་འགྱུར་འགྱུར་བ་མེད་པའི་རིགས་རྣམས་རང་བཞིན་ལྷུན་གྱིས་གྲུབ་པའི་རིགས་ལྔ་ཡབ་ཡུམ་ཡུལ་དང་ཡུལ་ཅན། ལྷན་ཅིག་སྐྱེས་པར་གང་གིས་རིག་ཅིང་རྟོགས་པ་ནི། རིགས་ལྔ་ཡབ་ཡུམ་བཅུ་ཡིན་པར་གསུངས་ཤིང་ངོ་སྤྲོད་པ་དང་། རླུང་ཞེས་བྱ་བ་ལས་ཀུན་བྱེད། དེ་བཞིན་གཤེགས་པའི་ཚོགས་བསྲེགས་ནས། །དངོས་གྲུབ་དམ་པ་ཐོབ་པར་འགྱུར། གསུངས་པའི་དོན་ཡང་སངས་རྒྱས་རྣམས་ཀྱི་བྱ་བ་སྒྲུབ་པའི་ཡེ་ཤེས་དང་། མ་རིག་པའི་དབང་གིས་སྲོག་རྩོལ་རླུང་ལ་དབང་མ་ཐོབ་ན། སེམས་ཅན་རྣམས་ཀྱི་རྟེན་འབྲེལ་བཅུ་གཉིས། འདུ་བྱེད་ཕུང་པོ་སྣ་ཚོགས་པའི་ལས་རྣམས་གྲུབ་པ་སྟེ། སེམས་ཉིད་ལས་སེམས་བྱུང་གདོད་མ་ནས་རང་གིས་རང་རིག་ན་དེ་བཞིན་གཤེགས་པའི་ཚོགས་ཡིན་པ་ལས། མ་རིག་པའི་དབང་གིས། རང་བྱུང་རྣམ་པར་རྟོག་པའི་ཚོགས་རྣམས་འགྲོ་བ་རིགས་དྲུག་གི་སྲོག་ཏུ་གྱུར་པ་སྟེ། །མ་རིག་པ་དང་རིག་ན་རང་བྱུང་ཡེ་ཤེས་དང་། །དེ་བཞིན་གཤེགས་པའི་ཚོགས་ཡིན་པའི་ཕྱིར་ན། །རྣམ་རྟོག་མི་བཀག་ཡེ་ཤེས་རྒྱ་མཚོ་དང་། །སྐུ་གཟུགས་སྣ་ཚོགས་ཡིན་པས་སྒོམ་ཆེན་རྣམས་ཀྱིས་མཁྱེན་པར་མཛོད། སྲོག་རྩོལ་རླུང་ལ་དབང་མ་ཐོབ་ཀྱི་བར་དུ། མཆོག་ ཐུན་མོང་གི་དངོས་གྲུབ་སྐུ་ལྔའི་སངས་རྒྱས་རང་ལ་རྫོགས་པར་མ་རེ་མཛོད། དེའི་ཕྱིར་ན་ལོངས་སྐུ་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་གདོད་མ་ནས་བེམ་པོར་མ་གྲུབ་ཅིང་དཔེར་ན་སྤྲིན་མེད་ནམ་མཁའ། ཉི་ཟླ་འམ། འོད་དམ། འཇའ་ཚོན་ལེགས་པའི་དཔེ་བཞིན་དུ། མཐོང་རྒྱུད་ཡོད་ལ། བཟུང་རྒྱུ་མེད་ལ། རྣལ་འབྱོར་བླ་ན་མེད་པ་སྐུ་བཞི་ངོ་སྤྲོད་ཀྱི་གནད་ལ་རྩལ་རྫོགས་ན་ཕྲིན་ལས་སྣ་ཚོགས་

(༤༩༤)རང་དབང་མེད་པར་དྲན་ཙམ་མམ་རླུང་འགྲོ་འོང་གནས་ཙམ་གྱིས་ཕྲིན་ལས་ཐམས་ཅད། ལོངས་སྐུའི་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྒྲུབ་པའི་ཕྱིར་ན། ཐམས་ཅད་ལ་དབང་བསྒྱུར་ཞིང་། དབང་བསྡུད་རྣམས་ཀྱི་མཆོག་ཏུ་གྱུར་པའོ། །རྒྱལ་བ་སྲས་དང་བཅས་པ་རྣམས་གང་ལ་གང་འདུལ་དེ་ལ་དེར་སྟོན། སེམས་ཅན་རྣམས་ཀྱི་དོན་དུ་འཕྲུལ་པ་ནི་འགྲོ་བ་རིགས་དྲུག་དང་ཆ་ལུགས་མཐུན་པར་བེམ་པོར་གྱུར་ཅིང་སྐྱེ་འཇིག་ཅན། སེམས་ཅན་རྣམས་དང་སྤྱོད་པ་མཐུན་པར་སྟེ། སྐུ་བཞི་ངོ་སྤྲོད་འདིའི་གནད་ཀྱིས་གཟུགས་སྐུ་སྤྲུལ་སྐུ། འགྲོ་བ་རིགས་དྲུག་བར་དོ་དང་བཅས་པའི། རང་དང་མཐུན་པར་རྫུ་འཕྲུལ་ཆོ་འཕྲུལ་པས་ཀུན་ལ་ཁྱབ་ཅིང་སྨིན་ཅིང་གྲོལ་བའོ། །དེའི་ཕྱིར་ན་སྐད་ཅིག་ཙམ་གྱིས་མ་རིག་པ་རང་རིག་པར་ངོ་སྤྲོད་ཅིང་བྱིན་གྱིས་བརླབས་པ་ནི། ཆོས་རང་བྱུང་བླ་མེད་རྡོ་རྗེ་ཡིན་པ་མངོན་སུམ་ཚད་མ་སྟེ་མ་འོངས་གདུལ་བྱ་རྣམས་ཀྱིས་མཁྱེན་པར་མཛོད་ཅིག་ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་དུ་རྟོག་པ་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། གསུངས་པའི་ཕྱིར་ན། དཔའ་བོ་མཁའ་འགྲོའི་ཚོགས་རྣམས་རྣམ་རྟོག་ཉོན་མོངས་ཀྱི་ཚོགས་དང་ལྡན་པའི་སེམས་ཅན་རྣམས་ཀྱི་དོན་དུ་སྐྱེས་པ་དང་བུད་མེད་ཀྱི་ཚོགས་རྣམ་པར་སྦྲུམ་ཞིང་། །འཇིག་རྟེན་གྱི་བྱ་བ་སྣ་ཚོགས་ལ་སྤྱོད་ཅིང་འཇུག་ན། གདུལ་བྱ་རྣམས་དང་མཐུན་པར་གདུལ་བྱར་གྱུར་ཚད་རྣམས་སྨིན་ཅིང་གྲོལ་བ་སྟེ་དཔའ་བོ་མཁའ་འགྲོའི་རྣམ་པར་འཕྲུལ་པས་མ་ཁྱབ་པ་མེད་ཅིང་ཀུན་ལ་ཁྱབ་པའོ། །འཇིག་རྟེན་གྱི་དཔའ་བོ་མཁའ་འགྲོ་ཞེས་བྱ་བ་ནི། མ་རིག་པའི་དབང་གིས་ལས་དགེ་སྡིག་སྣ་ཚོགས་ཀྱི་རིགས་དྲུག་གི་ཕོ་མོ་སྣ་ཚོགས་སུ་སྐྱེ་

(༤༩༥)ཞིང་། སྐྱིད་སྡུག་སྣ་ཚོགས་ཀྱི་རྒྱུ་ལས་བྱུང་ཞིང་གྲུབ་པ་རྣམས་ཀྱི་སྐུ་བཞི་ངོ་སྤྲོད་ཀྱི་གནད་ཀྱིས་རླུང་སེམས་ལ་དབང་ཐོབ་པའི་སྒོམ་ཆེན་རྣལ་འབྱོར་པ་རྣམས་ཀྱིས་རང་དབང་མེད་པར་དབང་དུ་འདུས་ཤིང་ཐམས་ཅད་ལ་དབང་བསྒྱུར་ནས། ཁམས་གསུམ་ཡོངས་ཀྱི་བདག་པོར་མི་འགྱུར་ཁ་མེད་པའོ། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལ་སོགས་པ་ཐིག་ལེ་ཉི་ཤུ་རྩ་ལྔའི་རྒྱུད་ཀྱི་previous hit དགོངས next hit་གཅིག་ཏུ་བསྡུས་པ་ཡིས་ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་རང་བྱུང་གི་ཡི་གེ་ལྔ། དཔའ་བོ་སྡེ་ལྔ། མཁའ་འགྲོ་སྡེ་ལྔར་སྟོན་ཅིང་ངོ་སྤྲོད་པ་ལས། གང་དང་གང་གིས་གྲུབ་ན། དངོས་གྲུབ་སྣ་ཚོགས་ཆོས་ཀྱི་དབྱིངས་དང་མཉམ་པར་རྩོལ་སྒྲུབ་མེད་པར་འབྱུང་བ་སྟེ། མཁའ་འགྲོ་མའི་འཁོར་ལོ་བསྒྱུར། མཁའ་འགྲོ་མའི་དྲ་བ་སྡོམ། གསུངས་པ་ཡང་། རང་འབྱུང་ཡི་གེ་ལྔ་དང་རླུང་སེམས་གཉིས་ཐ་དད་མེད་པ་ལ། དབང་གིས་ཐོབ་ཅིང་གྲུབ་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་ན། ཤིང་ཁྱད་པར་དུ་འཕགས་པ་སྣ་ཚོགས་དང་ནང་བཅུད་ཀྱི་སེམས་ཅན་གྱི་ལུས་ངག་ཡིད་གསུམ་ལ་སོགས་པ་རྣལ་འབྱོར་བླ་ན་མེད་པའི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མ་རིག །གཅིག་གི་དབྱིངས་སུ་གཙོ་ཆེར་གང་དང་གང་ཡིན་པ་ལ་སོགས་པ་ཚུར་བསྡུ། ཕྱིར་གཏོང་བས་དབང་བསྒྱུར་བ་ལ་སོགས་པ་རླུང་འགྲོ་འོང་གནས་གསུམ་བསྲེ་བའི་ལུགས་བཞིན། ཟབ་ཆོས་རྒྱ་མཚོ་མཐའ་ཡས་པ་ལྟར་བྱས་ན། ཐམས་ཅད་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་རང་དབང་མེད་པར་བསྡུ་ཞིང་ཆོས་དང་། ལོངས་སྤྱོད་རྫོགས་པར་ལྡན་ན། ཐམས་ཅད་སྨིན་ཅིང་གྲོལ་བར་དང་། སངས་རྒྱས་སེམས་ཅན་གཉིས་ལ་དབང་བསྒྱུར་ཞིང་། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས་ཀྱང་། སྐུའི་གནད་ལ་རྩལ་རྫོགས་ཤིང་རླུང་སེམས་གཉིས་ཁ་དབང་ཐོབ་ནས། དེ་ཉིད་རྟོགས་པའི་རྣལ་འབྱོར་པས། །རང་གནས་བྱིན་བརླབས་བྱས་པ་ནི། །བསྐལ་པ་གཅིག་གམ་བསྐལ་པ་གསུམ། །ཡལ་ཞིང་འཇིག་པར་མི་འགྱུར་རོ། །གསུངས་པའི་ཕྱིར་ན། དེ་ལྟར་རང་བྱུང་ཡི་གེ་ལྔ་

(༤༩༦)དང་། རླུང་སེམས་ལ་རྩལ་ཆེན་པོ་རྫོགས་པ་གང་དང་གང་ན་འདུག་ཀྱང་། འོག་མིན་གྱི་གནས་དང་ཐ་དད་མེད་ཅིང་། ཁ་རླངས་ཀྱང་འཇའ་དང་འོད་དུ་འབྱུང་ཞིང་། ཡེ་ཤེས་ལྷུན་གྱིས་གྲུབ་པའི་རང་བྱུང་ཏིང་ངེ་འཛིན་གར་གཏད་དུ་རྟེན་ལ་སོགས་པ་ཞི་ཁྲོ་རབ་འབྱམ་དཔའ་བོ་མཁའ་འགྲོས་བྱིན་གྱིས་བརླབས་པའི་རྟགས་སུ་འཇའ་དང་། འོད་དང་། མི་དང་གདུལ་བྱར་གྱུར་པ་རྣམས། སྣང་བ་བསྒྱུར་བ། བྱིན་གྱིས་བརླབ་པ། བསམ་གྱིས་མི་ཁྱབ་པ་འབྱུང་བ་སྟེ། དེ་ལྟར་དུ་རབ་ཏུ་གནས་ཤིང་བྱིན་བརླབས་ཞུགས་པའི་རྟེན་རྣམས་ཕྱི་མའི་མུ་མཐར་ཐུག་གི་བར་དུ་བྱིན་བརླབས་ཀྱི་དངོས་གྲུབ་རྒྱུན་ཆད་མེད་པར་འབྱུང་བ་སྟེ། ད་ལྟར་གྱི་ཁ་འཕྱར་ཁ་འཁྱིལ་ཁྲིའམ་འབུམ་ལ་སོགས་པ་ལྷན་དུ་གཞག་པས་ཀྱང་། ཡོན་ཏན་ཕྲིན་ལས་ཆེ་བར་འབྱུང་བའི་ཕྱིར་ན་དབང་མཆོག་དབང་བསྒྱུར་བ་ཅུང་ཟད་ཙམ། མིང་ཡོངས་སུ་གྲགས་པ་ཀརྨ་པ་ལ་ད་ལྟར་སྣང་ཞིང་། །འབྱུང་བ་མངོན་སུམ་ཚད་མ་སྟེ། །རྨོངས་པ་རྣམས་ཀྱིས་མི་ཤེས་སོ། དངོས་གྲུབ་རང་བྱུང་སྔགས་འཆང་རང་བྱུང་རྡོ་རྗེས་ཕྱི་སྣོད་ནང་བཅུད་ཐམས་ཅད་ལ་བྱིན་གྱིས་བརླབས་ཤིང་། ལྷན་སྐྱེས་བདེ་བ་ཆེན་པོར་རབ་ཏུ་མི་གནས་པ་མེད་པའི་ཕྱིར་ན་སྒོམ་ཆེན་རང་བྱུང་རྡོ་རྗེས་རབ་ཏུ་གནས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་དང་། ཆོས་དང་གདམ་ངག་རྣམས་དང་། སྨིན་ཅིང་གྲོལ་བའི་བུ་སློབ་རྣམས་ཀྱིས་སྐུ་བཞི་ངོ་སྤྲོད་ཀྱི་བརྒྱུད་པ་ནམ་ཡང་ཆད་པར་མི་འགྱུར་རོ། །དེ་འདྲ་བའི་དངོས་གྲུབ་འབྱུང་བར་འདོད་པ་རྣམས་ཀྱིས་རང་དོན་འདི་ལྟ་བུ་བྱ། རང་བྱུང་ཡི་གེ་ལྔ་ཞི་ཁྲོ་རབ་འབྱམ་ཐམས་ཅད་ཀྱི་སྙིང་པོ་དང་ས་བོན་ཡིན་པ་སྟེ། རྒྱུད་ལུང་མན་ངག་

(༤༩༧)གང་དང་གང་འབྱོར་བ་ཡང་ཀུན་ལ་མ་ཁྱབ་པ་མེད་པ་ལས། ཐ་མལ་པ་སྐྱེ་བོ་རྣམས་ཀྱིས་མི་ལོབས་མི་ཤེས་པའི་ཕྱིར། ཐུགས་རྗེ་ཆེན་པོའི་ཡི་གེ་དྲུག་མ་ཐམས་ཅད་ཀྱིས་ཤེས་ཤིང་། ཨོཾ་མ་ཎི་པདྨེ་ཧཱུྃ། གང་དང་གང་ལ་ཡང་བསླབ་མི་དགོས་པ་སྟེ། རང་བྱུང་ཡི་གེ་ལྔ་འམ་བཞི། མ་ནི་པདྨེ་དང་སྦྱོར་ཞིང་། རང་ག་མ་དང་བཟླས་པའམ། དཀྲུགས་ཏེ་བཟླས་ཤིང་རྒྱལ་བ་རྒྱ་མཚོ་དང་། རྗེ་བཙུན་མ་ཞལ་གཅིག་མའི་ལུགས་བཞིན་དུ་དབང་བསྐུར་ཚོགས་མཆོད་ལས་ཁ་ཚར་དེ་ན་ཇི་ལྟར་གསུངས་པ་བཞིན་དུ་མེ་མཆོད་ལ་སོགས་པ་བསྒྲུབ་པར་བྱའོ། །གདོད་ནས་སྐུ་བཞི་ངོ་སྤྲོད་ཀྱི་རྩ་བ་རང་བྱུང་ཨོཾ་ཨཱཧཱུྃ་ཧྲཱིཡིན་པ་སྟེ། ཧཱུྃ་ཆོས་ཀྱི་སྐུ། ཨཱལོངས་སྤྱོད་རྫོགས་པའི་སྐུ། ཨོཾ་སྤྲུལ་པའི་སྐུ། ཧྲཱིསྐུ་བཞི་འདུ་འབྲལ་མེད་པ། རང་བྱུང་རང་གནས་ཡིན་པའི་ཕྱིར་ན། སྣོད་དུ་རུང་མི་རུང་མེད་ཅིང་། གྲུབ་མཐས་བློ་བསྒྱུར་བ་དང་། མ་སྒྱུར་བ་མེད་པ་ཐམས་ཅད་ལ་སྐུ་བཞི་ངོ་སྤྲོད་ཀྱི་ཁྲིད་དང་། བྱིན་བརླབས་མ་བྱས་པར་ཟབ་ཆོས་ཁྱད་ཆོས་འདི་རྣམས་བཤད་ཅིང་བསྟན་པར་མི་བྱ་སྟེ། ཅིའི་ཕྱིར་ན། རང་གིས་རང་རིག་པར་རང་བྱུང་ཡི་གེ་ལྔ་རླུང་སེམས་གནད་ཀྱི་འཁོར་ལོ་བསྐོར་ན། གཟུང་འཛིན་མ་རིག་འཁྲུལ་འཁོར་ཡིན་པའི་ཕྱིར་ན། སྐྱོན་དང་ཡོན་ཏན་སྣ་ཚོགས་འབྱུང་ཞིང་འཁོར་བའི་རྒྱུ་འབྲས་ཡིན་པ་སྟེ། མ་རིག་པ་རིག་པའི་ཡེ་ཤེས་ཡིད་ལ་བྱར་མེད། སྒོམ་མེད་ཀྱི་དབྱིངས་སུ་རང་བྱུང་ཡི་གེ་ལྔ་དང་། རླུང་སེམས་གནད་ཀྱི་འཁོར་ལོ་གྲུབ་རྟགས་སྣ་ཚོགས་རང་སྣང་གཞན་སྣང་དུ་སྟོན་མི་ནུས་ཀྱི་བར་དུ། རླུང་སེམས་རང་བྱུང་

(༤༩༨)ཡི་གེ་ལྔ་གཉིས་སུ་མེད་ཅིང་ཐ་དད་མེད་པ་ལ་དར་དྲག་ལ་ཡུན་རིང་དུ་བསྒོམ་པ་མན་ངག་ཡིན། གང་ན་འདུག་ཀྱང་གཞལ་ཡས་ཁང་། སུ་དང་ཐུག་ཀྱང་དཔའ་བོ་མཁའ་འགྲོ་སྟེ། ཇི་ལྟར་བྱས་ཀྱང་ཆོས་ཀྱི་སྐུ་གསུངས་པའི་ཕྱིར་ན། སྒྲུབ་པའི་གནས་ལ་ཁྱད་པར་གསུངས་ཀྱང་། ཁྱད་པར་སྒྲུབ་ཐབ་ཉེ་བའི་གནས། སྐམ་པོ་གནས་ན། སྦུང་རི། སྤོམ་བྲག །རྒོད་ཚང་འདྲ་བའམ། ཙཱ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོ་ཤ་བུ་སྟག་སྒོམ་མམ། ཏི་རང་། རི་བོ་ཏ་ལའམ། དེ་ལ་སོགས་པའི་སྒྲུབ་གནས་རྣམས་སུ། ཆོས་འདི་རྣམས་གོ་ཞིང་། སྐུ་བཞི་ངོ་སྤྲོད་ཀྱི་གནད་ལ། མ་རིག་པ་རང་རིག་པའི་རྣལ་འབྱོར་སྒོམ་ཆེན་རྣམས་དར་དྲག་ལ་ཡུན་རིང་དང་། ཐུང་བ་ལ་སོགས་གྲུབ་རྟགས་སྣ་ཚོགས་མ་ཐོན་གྱི་བར་དུ། སྒྲུབ་ཅིང་བསྒོམས་ནས། རྩལ་ཆེན་རྫོགས་པ་རྣམས་དཔའ་བོ་མཁའ་འགྲོའི་ལུང་བསྟན་སྣ་ཚོགས་འབྱུང་ཞིང་། ཡུལ་ཁམས་སྣ་ཚོགས་སུ་འགྲོ་བ་སྟེ། ཐམས་ཅད་བྱིན་གྱིས་བརླབས་ཤིང་སེམས་ཅན་གྱི་དོན་དུ་གནས་དགོན་མང་དུ་འཛུགས་པ་དང་། ཐམས་ཅད་ལ་སྐུ་བཞི་ངོ་སྤྲོད་དབང་བཞིས་སྨིན་པ་དང་གྲོལ་བའི་རྒྱལ་མཚན་ཕྱོགས་མེད་དུ་འཕྱར་བར་བྱ་ཞིང་། རྒྱལ་ཁམས་ཐམས་ཅད་དུ་གྲུབ་རྟགས་སྣ་ཚོགས་སྟོན་ནུས་པ་ནི། ད་ལྟར་མངོན་སུམ་ཚད་མར་མཁའ་འགྲོའི་དབང་ཕྱུག་རྣལ་འབྱོར་རང་བྱུང་རྡོ་རྗེའི་ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི་སྐད་རིགས་མི་ཅིག་པ་སུམ་བརྒྱ་དྲུག་བཅུ་ཡིས་མཐོང་ཞིང་ཐོས་ནས་ཐམས་ཅད་ཀྱི་མངོན་དུ་གྱུར་པ་ཉིད། མ་དང་ཟླ་བ་དང་། སྤྲིན་མེད་ནམ་མཁའ་ལ་ཤར་བ་བཞིན་དུ་གང་དང་གང་གིས་ཀྱང་སྦ་ཞིང་སྐུང་དུ་མེད་པ་ལྟར། སྐལ་ལྡན་སློབ་མ་རྣམས་ཀྱིས་ཀྱང་། སྐུ་བཞི་ངོ་སྤྲོད་གནད་དང་ལྡན་ཞིང་། ལྟ་

(༤༩༩)སྒོམ་སྤྱོད་པ་འབྲས་བུ་བཞི་ལ་རྩལ་རྫོགས་ཤིང་རང་བྱུང་རང་དབང་དུ་ཐམས་ཅད་ཀུན་ལ་དབང་བསྒྱུར་ཞིང་འཛམ་གླིང་འཇིག་རྟེན་ཁམས་རྣམས་སུ་གྲུབ་རྟགས་སྣ་ཚོགས་རྩོལ་བ་མེད་པར་སྟོན་ཅིང་བསྟན་པར་བགྱིའོ། །ཀུན་བཟང་དྲུག་པ་རྡོ་རྗེ་འཆང་། previous hit དགོངས next hit་ལུང་བསྟན་མན་ངག་འདི། འབྲས་བུ་མངོན་སུམ་ཚད་མའོ། །ཆོས་བཞི་གནད་ཀྱི་འཁོར་ལོ་དང་། དཔའ་བོ་མཁའ་འགྲོའི་སྲོག་སྙིང་མན་ངག་འདི། སྒྲ་ལི་མཐུན་ཀྱང་དོན་མཐུན་སྟོན་པ་ཡིན་པ་ཀུན་གྱིས་མཁྱེན་པར་མཛོད། རང་བྱུང་ལྷུན་གྲུབ་ཐུགས་རྗེ་ཆེན་པོ། རྒྱལ་བ་རྒྱ་མཚོ། དབང་མཆོག་དབང་བསྒྱུར་དབང་གི་དཀྱིལ་འཁོར་ན་གསུངས་པ་བཞིན་དུ་སྟེ། གྲུབ་ཐོབ་བླ་མ་བརྒྱུད་པའི་དཀྱིལ་འཁོར། བར་དཔའ་བོ་མཁའ་འགྲོ་ཡི་དམ། འོག་ཡེ་ཤེས་འཇིག་རྟེན་མ་མགོན་དམ་ཅན་རྒྱ་མཚོའི་དཀྱིལ་འཁོར། རྣལ་འབྱོར་སྒོམ་ཆེན་གང་དང་གང་ཡིན་ན་ཡང་། གཤིས་ལྔ། རྟོགས་པ་རང་བྱུང་ཡི་གེ་ལྔ། རླུང་སེམས་གཉིས་དང་ཐ་དད་མེད་པར། དཀྱིལ་འཁོར་དེ་གསུམ་གྱི་ཐམས་ཅད་གྱི་རྒྱུད་བསྐུལ་ཞིང་། སྐུ་བཞི་ངོ་སྤྲོད་རང་ལ་རྫོགས་པར་རྒྱུན་ཆད་མེད་པར་རང་ལ་བསྡུ་ཞིང་། འཕྲོ་ཞིང་བསྡུས་ནས། སྐུ་ལྔ་ཡོངས་སུ་རྫོགས་པ། སྐུ་བཞི་འདུ་འབྲལ་མེད་པ། མཆོག་དང་ཐུན་མོང་གི་དངོས་གྲུབ་འཕྲིན་ལས་རྣམ་བཞི་ལ་སོགས་པ་ཆོས་ཀྱི་དབྱིངས་རབ་འབྱམ་དང་མཉམ་པ། རྩོལ་སྒྲུབ་མེད་པར་རང་བྱུང་ཤུགས་ལས་འབྱུང་བའི་ཕྱིར་ན། གོང་དུ་གསུངས་པའི་ཁྱད་ཆོས་ཁྱད་པར་འཕགས་པ་འདི་རྣམས་དཀྱིལ་འཁོར་བཞི་འམ། ཚིག་བཞིར་འདུས་ཤིང་། དོན་འབྲས་བུ་གཅིག་སྟོན་ཅིང་། ངོ་སྤྲོད་པ་ཀུན་གྱིས་ཤེས་པར་མཛོད། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་གདོད་མ་ནས་གཤིས་ལྔ། རིག་

(༥༠༠)པ་རང་བྱུང་ཡི་གེ་ལྔ། རང་བྱུང་རིགས་ལྔ་ཡབ་ཡུམ་བཅུར་མ་འདུས་ཤིང་མ་ཁྱབ་པ་མེད་པ་ལ། རིགས་ཀྱི་ཡབ་ཡུམ་ལྔ། རྗེ་བཙུན་མ་ལྔ། རང་བྱུང་ཧ་རི་ནི་ས་ལྔའི་གཟུགས་སྐུར་སྤྲུལ་ཞིང་རྟོགས་པ་སྟེ། ནག་པོ་ ཐུགས་ཀྱི་ལྷ་ཚོགས། རང་བྱུང་ཨ་ལས་རྣམ་པར་འཕྲུལ། དཀར་པོ་སྐུ་ཡི་ལྷ་ཚོགས་རང་བྱུང་ཧ་ལས་རྣམ་པར་འཕྲུལ། དམར་མོ་གསུང་གི་ལྷ་ཚོགས་རང་བྱུང་ནི་ལས་རྣམ་པར་འཕྲུལ། སེར་མོ་ཡོན་ཏན་ལྷ་ཚོགས་རིང་རི་ལས་རྣམ་པར་འཕྲུལ། ལྗང་ཁུ་ཕྲིན་ལས་ལྷ་ཚོགས་རང་བྱུང་པ་ལས་རྣམ་པར་འཕྲུལ། མཁའ་འགྲོ་སྡེ་ལྔ་ཞེས་མིང་ཀྱང་འདོགས། རྣལ་འབྱོར་མ་ལྔ་ལ་སོགས་མིང་སྣ་ཚོགས་སུ་འདོགས་ཀྱང་། དོན་གཅིག་ཡིན་ཞིང་། རང་བྱུང་ཨོཾ་ཧྲི༚་ཧཱུྃ་ཏྲཾ་ཨཾ་རང་བྱུང་ཡི་གེ་ལྔ་ལས་རྣམ་པར་འཕྲུལ་པ་རང་བཞིན་ལྷུན་གྱིས་གྲུབ་པའི་རིགས་ལྔ་ཕྱོགས་མེད་དུ་རྣམ་པར་འཕྲུལ་ཞིང་། དེ་ལས་བདེ་མཆོག །ཀྱཻ་རྡོ་རྗེ་ལ་སོགས་པའི་རང་བྱུང་དཔའ་བོ་སྡེ་ལྔ་རྣམ་པར་འཕྲུལ་ཞིང་། གསང་སྔགས་རྙིང་མའི་སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་གྲངས་ཅན་གྲངས་མེད་གསུངས་ཀྱང་། དཔའ་བོ་རང་བྱུང་ཞི་ཁྲོ་མཐའ་ཡས་པ་རྣམས་ཀྱང་རིགས་ལྔའི་ས་བོན་རང་བྱུང་ཡི་གེ་ལས་མ་འཕྲོས་པ་དང་། མ་བྱུང་བ་གང་ཡང་མེད་པའི་ཕྱིར་ན། དེ་རྣམས་གཅིག་ཏུ་བསྡོམས་པ་ལས། ཐབས་དང་ཤེས་རབ་དབྱེར་མེད་ཀྱི་ས་རང་བྱུང་ཡི་གེ་ལྔ་དང་། འབྱུང་བ་ལྔའི་སྣང་ཁུང་གི་ཕུག་གཤིས་ལྔ། རྟོགས་པ་ཡེ་ཤེས་ལྔ་ཡིན་པ་དེ་གསུམ་ཐ་དད་མེད་པར་གནས་པ་ལ་གང་དང་གང་གིས་མ་རིག་པ་རང་རིག་ནས་ཡི་གེ་དང་རླུང་གཉིས་གཅིག་ཏུ་ཡིན་པ་ལས། བསྙེན་པ་དང་སྒྲུབ་པའི་ཚུལ་དུ་རྩལ་རྫོགས་ཤིང་དབང་མ་ཐོབ་ཀྱི་བར་དུ་བསྒྲུབས་ན། དཀྱིལ་འཁོར་གསུམ་ལ་དབང་བསྒྱུར་

(༥༠༡)ཞིང་ཐམས་ཅད་གྲུབ་པ་ཡིན་པས་ཤེས་པར་མཛོད། དེ་ཤཱཀྱ་ཐུབ་པའི་བསྟན་པ་སྡེ་སྣོད་གསུམ། སྤྲུལ་སྐུ་ཀུན་རིག་རྒྱལ་པོའི་བསྟན་པ། ཕྱི་རྒྱུད་གསུམ། ཐེག་པ་འོག་མ་དྲུག་གི་བསྲུང་སྡོམ་ཡང་ཐོབ། དགག་སྒྲུབ་རྣམས་ཡེ་ཐོག་བསྟན་པ་དང་པོའི་དུས་སུ་འབྱུང་ཞིང་། ལུས་ངག་ཡིད་གསུམ་བསྲུང་ཞིང་བསྡོམ་པའི་དུས་ལ་བབ་པ་ཡིན་ཏེ། བརྟན་ཞིང་རྫོགས་ཐོན་པའོ། །ད་ལྟར་རྩོད་ལྡན་བསྟན་པའི་སྙིགས་མ། སྡེ་སྣོད་ཆོས་ཀྱི་སྙིགས་མ། གདུལ་བྱའི་སྙིགས་མ་ལྔ་བདོ་བ་འདིར། སྡོམ་མེད་བསླབ་འཆལ་རྣམས་ཀྱིས་མཁན་ཆེན་བསླབ་བྱ་བྱེད། སྲོག་གཅོད་བཤན་པ་རྣམས་ཀྱིས་སེམས་སྐྱེད་འབོགས་དོམ་ཉམས་བཟའ་འདོད་མཆུ་གཙོང་རྣམས་ཀྱིས་དབང་བསྐུར་བྱེད། མ་རིག་འཁྲུལ་འཁོར་ཡིད་ཀྱི་ཡིད་སྨོན་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་བྱེད། ལོག་པ་བཞི་བྱེད་ཅིང་ཉེས་པ་བཞིའི་དྲི་མས་གོས་པའི་དུས་འདིར། སྡེ་སྣོད་གསུམ་དང་ཕྱི་རྒྱུད་གསུམ་གྱིས་འདུལ་ཞིང་བསྲུང་སྡོམ་བྱེད་པར་ག་ལ་འགྱུར། ཐིག་ལེ་ཉི་ཤུ་རྩ་ལྔ། གསང་བ་བཞི་བཅུའི་རྒྱུད་ཀྱི་previous hit དགོངས next hit་གཅིག་ཏུ་འདུས་པ་ཐབས་དང་ཤེས་རབ་དབྱེར་མེད། བདེ་དང་དགྱེས་པ་ཡེ་ཤེས་རྒྱ་མཚོ། ཀྱཻ་རྡོ་རྗེ་ལས། ལེགས་སྐྱེས་བཅོམ་ལྡན་འདས་མས་ཞུས་པ། སྙིགས་མའི་དུས་སུ་ལྷན་ཅིག་སྐྱེས་པ་ཕྱག་རྒྱ་ཆེན་པོ་བཞི་ངོ་སྤྲོད་ཀྱི་གནད་འདི་གང་དང་གང་གིས་འཛམ་བུའི་གླིང་དུ་དར་ཅིང་རྒྱས་པ་བྱེད་པར་ཞུས་པ་ལས། ཀྱཻ་རྡོ་རྗེ་རྡོ་རྗེ་འཆང་གིས་བཀའ་བསྩལ་ཞིང་ལུང་བསྟན་པ་ལས། མ་འོངས་པའི་དུས་སུ་ཨིནྟྲ་བྷུ་ཏི་ཕྱག་ན་རྡོ་རྗེ་གཉིས་སུ་མེད་པའི་ཐམས་ཅད་བསྟན་པའམ། ངོ་སྤྲོད་དམ། བྱིན་གྱིས་བརླབས་པ་ཙམ་

(༥༠༢)གྱིས་རང་གིས་རང་རིག་ན་སྨིན་ཅིང་གྲོལ་བར་གྱུར་པ་ལས། སེམས་ཡོད་པས་དེ་རྟོགས་འགྱུར། སེམས་མེད་པས་མི་རྟོགས་གསུངས་པའི་ཕྱིར་ན། སྣ་བུག་ནས་དབུགས་འགྱུ་ཚད། སེམས་ཡོད་ཚད། ཉོན་མོངས་པ་དུག་ལྔ་ཡོད་ཚད་ཀྱི་མ་རིག་པ་དང་། རང་རིག་པར་གྱུར་ཞིང་། འཁོར་བ་དོང་སྤྲུགས་པར་འགྱུར་བ་སྟེ། ཨིནྟྲ་བྷུ་ཏི་འི་རྣམ་འཕྲུལ་དུས་གསུམ་རྒྱུན་ཆད་མེད་པར་ཉི་ཟེར་གྱི་རྡུལ་ཙམ་འབྱོན་ཞིང་། སེམས་ཅན་ཐམས་ཅད་ཀྱང་མ་རིག་པ་རང་རིག་པར་previous hit དགོངས next hit་ལུང་བསྟན་པ་སྟེ། དེའི་ཕྱིར་ན། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པར་འབྱུང་བའི་རྒྱུད་ལས་ཀྱང་། ཨེ་མ་ཧོ རྫོགས་པའི་སངས་རྒྱས་ཀུན་གྱི་གསངས་སྐྱེ་བ་མེད་ལས་ཐམས་ཅད་སྐྱེ། སྐྱེས་པ་ཉིད་ནས་སྐྱེ་བ་མེད། གསུངས་པ་བཞིན་དུ། ཆོས་སྐུ་དྲི་མེད་རང་བྱུང་རྡོ་རྗེ་ཡང་། ལྷན་སྐྱེས་ཡེ་ཤེས་སྐུ་བཞིའི་ལུང་བསྟན་དུས་ལ་བབ་ནས་ཀྱང་འཛམ་གླིང་འདི་ཉིད་དུ་སྐྱེ་བ་མེད་ལས་སྐྱེས་ཚུལ་བསྟན་པའི་ཕྱིར། སེམས་ཅན་མ་ལུས་པ་ཐམས་ཅད་ལ། ཨིནྟྲ་བྷཱུ་ཏཱི་ཕྱག་ན་རྡོ་རྗེ་ཐ་དད་མེད་པ་ལ་ལྷ་འབྱོན་པ་བཞིན། ཆོས་མ་བྱས་པར་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་ཤིང་ངོ་སྤྲོད་དུས་གསུམ་དུས་མིན་རྒྱུན་ཆད་མེད་པར་སྟོན། དེའི་ཕྱིར་ན། སྐུ་བཞི་ངོ་སྤྲོད་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཐམས་ཅད་སྨིན་ཞིང་གྲོལ་བའི་དུས་ལ་བབ་པ་སྟེ། རྣལ་འབྱོར་ཡང་གཉིས་སུ་དབྱེར་བ་ནི། ཐུན་མོང་གི་རྣལ་འབྱོར་དང་རྣལ་འབྱོར་བླ་ན་མེད་པའི་ཁྱད་པར་འཕགས་པའི་རྣལ་འབྱོར། དེ་ལ་ཐུན་མོང་གི་རྣལ་འབྱོར་ནི། གྲུབ་མཐའ་བློ་མ་བསྒྱུར་བའི་ཐ་མལ་བའི་མི་སྐྱ་ཕོ་མོ་རྣམས་དང་། གྲུབ་ཐ་བློས་བསྒྱུར་ཡང་ལོག་པ་མི་དགེ་བའི་ལམ་ལ་

(༥༠༣)ཞུགས་པའི་མུ་སྟེགས་དམ་ཉམས་བསླབ་འཆལ་ལ་སོགས་པ་རྣམས་ཀྱང་སྐུ་བཞི་ངོ་སྤྲོད་ཀྱི་རྣལ་འབྱོར་ལ་ཞུགས་ན། ཡུན་རིང་པོ་མི་ཐོགས་པར་མ་རིག་པ་རང་རིག་ནས་སངས་རྒྱས་པར་འགྱུར། ཐུན་མོང་ཟེར་བ་ནི་རྒད་པོ་ཅོ་འབོལ། རྒན་མོ་ཤིག་ཟན། བུ་ཕྲུགས་དུ་ཙི་ཅན། མུ་སྟེགས་རྣམས་ཀྱང་། སངས་རྒྱས་ཀྱི་བསྟན་པ་ལ་བློ་མ་བསྒྱུར་བར་རང་ས་རིག་ནས། ཆོས་དྲི་མ་མེད་པ་རྟོགས་ཉན་ཅིང་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་ཕྱིར་ན། ཐུན་མོང་གི་རྣལ་འབྱོར་པ་ཞེས་རྒྱ་པར་མིང་འདོགས་སོ། །བླ་ན་མེད་པའི་རྣལ་འབྱོར་པ་ཆེན་པོ་ནི། ཚངས་པར་སྤྱོད་པའི་རྣལ་འབྱོར་གྱི་སྡོམ་པ་གསུམ་གྱི་སྤྱོད་པ་དང་ལྡན་ཞིང་། ནང་རང་བྱུང་ཡི་གེ་རླུང་སེམས་ལ་དབང་ཐོབ་ནས། གསང་སྔགས་ཉམས་རྟོགས་རྒྱུད་ལ་ཤར་ཅིང་ཉམས་སུ་མྱོང་ནས་སྣང་བ་བདེ་བར་ཤར་བའི་རྣལ་འབྱོར་དང་། དེ་ཁོ་ན་ཉིད་ཡེ་ཤེས་ལྷུན་གྱིས་གྲུབ་ཅིང་། མཐོང་ཐོས་དྲན་པ་རྣམས་བྱིན་གྱིས་བརླབས་པའི་ཕྱིར་ན། རྣལ་འབྱོར་རང་བྱུང་རྡོ་རྗེའི་བུ་སློབ། རྣལ་འབྱོར་ཐ་མ་རྣམས་ཀྱིས་ཐམས་ཅད་ལ་ཐུན་མོང་གི་རྣལ་འབྱོར་གྱི་སྡོམ་པ། ཁྱད་པར་གྱི་རྣལ་འབྱོར་གྱི་སྡོམ་པ་ཀུན་ལ་ཕོག་ཅིང་། ཀུན་གཞིའི་གདམ་ངག་ཀུན་ལ་སྟོན། བླ་མ་ཡི་དམ་མཁའ་འགྲོ་ལ་དད་པ་མོས་གུས་ཀྱི་སྟོབས་ཀྱིས་གསོལ་བ་བཏབ་ཅིང་། མ་ནི་པདྨེའི་དབྱངས་ལེགས་པར་བླངས་ནས་རྒྱུན་ཆད་མེད་པར་ཡུལ་ཁམས་སུ་དབྱངས་བླངས་ན་དཔའ་བོ་མཁའ་འགྲོ་རྒྱ་མཚོ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ནས་རབ་ཏུ་གནས་ནས་སྐུ་བཞི་འདུ་འབྲལ་མེད་པའི་དོན་རྟོགས་ཤིང་། སྐུའི་སངས་རྒྱས་རང་ཉིད་ལ་རྫོགས་པར་འགྱུར་རོ། །དེའི་ཕྱིར་ན་གསང་བ་སྙིང་པོའི་རྒྱུད་ལས་ཀྱང་། ཨེ་མ་ཧོ རྫོགས་

(༥༠༤)པའི་སངས་རྒྱས་ཀུན་གྱིས་གསུངས། །གནས་པ་མེད་ལས་ཐམས་ཅད་གནས། གནས་པ་མེད་ནའང་གནས་མེད་གསུངས་པ་བཞིན་དུ། མིང་ཡོངས་སུ་གྲགས་པ་ཀརྨ་པ་ཡང་འཛམ་གླིང་འཇིག་རྟེན་འདི་ན་གནས་ཤིང་འདུག་པ་ཡང་དོན་མེད་འཁྲུལ་པར་གནས་པ་མིན། འཛམ་གླིང་རྒྱལ་པོ་འཁོར་བཅས་རྣམས། །མུ་སྟེགས་གྲུབ་མཐར་ཞུགས་པ་ཀུན། སངས་རྒྱས་བསྟན་ལ་ཞུགས་ཤིང་ཐམས་ཅད་སྨིན་གྲོལ་མཛད། སངས་རྒྱས་བསྟན་པའི་ཆེ་བ་འདོན། གྲུབ་རྟགས་འཛམ་གླིང་ཡོངས་ལ་ཐོས་ཤིང་ཁྱབ་ཏུ་བཅུག །གསང་བ་སྙིང་པོའི་རྒྱུད་ལས་ཀྱང་། །མ་རྟོགས་པ་དང་ལོག་པར་རྟོགས། །previous hit དགོངས next hit་འདུས་པ་གསང་བ་དང་། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །དོན་དམ་འདི་ལ་ཐེ་ཚོམ་ཟ། །གསུངས་པ་བཞིན་དུ། །ལས་ངན་བདུད་ཀྱི་སྤྲུལ་པ་ཡིན། །ལོག་ལྟ་སྐྱེ་བོའི་ཚོགས་རྣམས་ཀྱིས། ཡང་དག་དོན་ལ་རབ་ཏུ་སྨད། དམ་ཆོས་འདྲར་སྣང་སྟོན་པ་དང་། །རང་དགའ་ཕོ་ཚོད་ཡིད་ལ་བྱེད། །ཡིད་སྨོན་རྟོག་སྤྱོད་སྣ་ཚོགས་ཀྱིས། །ཉོན་མོངས་བག་ཆགས་འཁྲུལ་པ་དང་། །རྒྱུ་རྐྱེན་རྒྱུ་འབྲས་འདུས་བྱས་ཚོགས་རྣམས་ལ་འདུས་མ་བྱས་ཀྱི་སངས་རྒྱས་རེ་ཞིང་རྟོགས་པའི་དུས་འདི་རུ་ལུང་བསྟན་དུས་ལ་བབ་ནས་སུ། མ་རིག་རང་རིག་རང་བྱུང་ཡེ་ཤེས་ཀྱི་སྐུ་བཞི་ངོ་སྤྲོད་སྤྲིན་མེད་ནམ་མཁའ་ལ་ཁྲི་གདུགས་ཤར་བ་ལྟར། ཀུན་ལ་ཁྱབ་ཅིང་རྟགས་དང་འབྲས་བུ་མངོན་སུམ་བཏོན་པའི་ཕྱིར་ན། འཕོ་འགྱུར་མེད་པའི་རྣལ་འབྱོར་རང་བྱུང་རྡོ་རྗེ་ཡང་། མི་འཆི་མི་ན་མི་རྒས་ཤིང་། ཡུན་རིངས་འཛམ་གླིང་འདིར་གནས་ནས། རྣལ་འབྱོར་བླ་མེད་རྡོ་རྗེ་འཆང་གི་previous hit དགོངས next hit་ལུང་བསྟན་གྱིས་ཁམས་གསུམ་

(༥༠༥)སྨིན་ཅིང་གྲོལ་བ་སྟེ། མ་རིག་འཁྲུལ་པས་གནས་ཤིང་འདུག་པ་མེད། གསང་བ་སྙིང་པོའི་རྒྱུད་ལས་ཀྱང་། ཨེ་མ་ཧོ། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགག་པ་མེད་ལས་ཐམས་ཅད་འགག །འགག་པ་ཉིད་ནའང་འགག་པ་མེད། །གསུངས་པ་བཞིན་དུ། སྒོམ་ཆེན་རང་བྱུང་རྡོ་རྗེ་ཡང་འཛམ་གླིང་འདིའི་སྨིན་གྲོལ་བྱ་བ་རྫོགས་ནས་ཀྱང་ཤིང་ཟད་པའི་མེ་བཞིན་དུ་འཆི་བ་མེད་ཀྱང་འཆི་ཚུལ་སྟོན། མ་རིག་འཁྲུལ་པ་འཆི་བ་མིན། །ལས་མཐུན་གདུལ་བྱ་ཐམས་ཅད་ལ། །སྐུ་བཞི་ཡི་ནི་རྣམ་པར་འཕྲུལ། །མཐོང་སྣང་ངོ་སྤྲོད་བསམ་མི་ཁྱབ། །ལུས་ཀྱི་ལྷག་མ་ལུས་པ་ཡང་། །མེར་བསྲེགས་རུས་པ་ཐལ་གོས་སྟན་འདུག་མལ་སོགས་ཀུན་ལ་ཁྱབ་ཅིང་བྱིན་ཞིང་བཀྱེ་ན་ཡང་གང་དང་གང་གིས་ཐོས་པ་རྣམས། མཆོད་རྟེན་སྐུ་གཟུགས་ནང་དུ་གཞུག་བྱ་ཞིང་། གསོལ་འདེབས་མཆོད་པ་མེ་ཏོག་ཐོགས་ནས་ཀྱང་། ཞི་ཁྲོ་རབ་འབྱམ་དཔའ་བོ་མཁའ་འགྲོའི་ཚོགས། །རྣམ་པར་བཞུགས་པ་དྲང་གནས་ཤིང་། །བྱོན་རྟགས་འཇའ་དང་འོད་ལ་སོགས་པའི་མཐོང་སྣང་བྱིན་བརླབས་སྣ་ཚོགས་འབྱུང་ཞིང་། ཕྱིའི་མུ་མཐར་ཐུག་གི་བར་དུ་སེམས་ཅན་རྣམས་ཀྱི་ཡིད་འཇུག་རྟེན་དུ་འགྱུར། ཐུགས་རྗེ་ཆེན་པོའི་མཚན་ལས་ཀྱང་། བ་སྤུ་ཉག་ལ་རེ་རེ་ཡང་། སེམས་ཅན་རྣམས་ཀྱི་གསོས་སུ་འགྱུར། གསུངས་པའི་ཕྱིར་ན། མ་རིག་འཁྲུལ་པ་གཞན་གྱི་དབང་དུ་མ་སོང་ཞིང་། རང་དབང་ཐོབ་པའི་རྣལ་འབྱོར་བླ་ན་མེད་པ་ནི། དུས་གསུམ་དུས་མིན་མཛད་པ་ཕྲིན་ལས་བསམ་གྱིས་མི་ཁྱབ་རྒྱུན་ཆད་མེད་པ་སྟེ། ཁར་སང་ཉི་མ་ཐལ་ན་ཡང་། དི་རིང་

(༥༠༦)འཆར་བའི་དཔེ་དང་མཐུན་པའི་ཕྱིར། མཛད་པ་ཕྲིན་ལས་འདི་རྣམས་རྒྱུན་ཆད་མེད་ཅིང་ཀུན་ལ་ཁྱབ་པ་སྟེ། རང་བྱུང་སྐུ་བཞི་ངོ་སྤྲོད། སངས་རྒྱས་སེམས་ཅན། དཔའ་བོ་མཁའ་འགྲོ་ཀུན་གྱི་སྲོག་སྙིང་། དབང་ཕྱུག་དབང་བསྒྱུར་གདམ་ངག་འདིའི་ལམ་རྟགས། ཡོན་ཏན་འབྲས་བུ་ལྷུན་གྱིས་གྲུབ་པ། རང་རང་གི་རྟོགས་པ་ཀུན་ལ་འབྱུང་། གདུལ་བྱ་རབ་འབྲིང་ཐ་མ་ཀུན་གྱིས་མཁྱེན་པར་མཛོད། དེའི་ཕྱིར་ན། སངས་རྒྱས་མྱ་ངན་ཡོངས་མི་འདའ། །གཟུགས་སྐུའི་ཕྲིན་ལས་རྒྱུན་མི་ཆད། །དམ་པའི་ཆོས་ཀྱང་ནུབ་མི་འགྱུར། གསུངས་པའི་ཕྱིར་ན། སེམས་དཔའ་རང་བྱུང་རྡོ་རྗེ་ཡང་། ཁམས་གསུམ་སྟོང་གསུམ་སྲིད་གསུམ་འཛམ་གླིང་འདི་ཉིད་ན། རྡོ་རྗེ་འཆང་ཆེན་previous hit དགོངས next hit་ལུང་བསྟན། སྐུ་བཞི་ངོ་སྤྲོད་སྨིན་གྲོལ་ཀུན་ཁྱབ་རྒྱུན་ཆད་མེད་པར་སྟོན་ཅིང་བཞུགས། དེ་ལྟར་རྩལ་ཆེན་པོ་རྫོགས་པའི་རྣལ་འབྱོར་རྣམས་ཀྱིས་རྒྱུད་ལུང་མན་ངག་གཞན་དང་གཞན་གྱི་ལུགས་བཞིན་དུ་རྫས་དང་སྔགས་དང་དཀྱིལ་འཁོར་སྐྱེད་རྫོགས་དཀྱིལ་འཁོར་ལས་ཁ་ཚར། མཆོད་སྦྱིན་སྦྱིན་སྲེག་མི་དགོས་པར། །ཕྱི་སྣོད་རྩི་ཤིང་ནགས་རྡོ་རི་བྲག །གོས་དར་ཟ་བའི་བྱེ་བྲག །འབྲས་བུའི་རིགས། རིན་པོ་ཆེ་ལ་སོགས་པ་ཐམས་ཅད་ལ་བྱིན་གྱིས་བརླབས་ཤིང་། རང་བྱུང་ཡི་གེ་ལྔའི་སྔགས་བཏབ་ན། གང་དང་གང་གིས་ཐོས་མཐོང་ངོ་། རེག་པའམ་ལུས་ལ་བཏབ་པ་ཙམ་གྱིས་ཀྱང་སྐྱོན་དང་ནད་གདོན་ཐམས་ཅད་འདག་ཅིང་། ཡོན་ཏན་ཐམས་ཅད་རྫོགས་པ་ནི་བྱིན་བརླབས་རྨད་དུ་བྱུང་བ་ཡིན་པས། ཀུན་གྱིས་དེ་ལྟར་གྱིས་ཤིག་མཁྱེན་པར་མཛོད། ནང་བཅུད་ཀྱི་འགྲོ་བ་སེམས་ཅན་རྣམས། ཁྱད་པར་བུ་སློབ་གྲ་ཚོགས་རྣམས་ལ་ཡང་སྐུ་བཞི་

(༥༠༧)ངོ་སྤྲོད་ཀྱི་གཏོར་དབང་དང་། ཕྱག་དབང་དང་། དཔའ་བོ་མཁའ་འགྲོའི་ཚོགས་བསྟིམ་ཞིང་། ཆོས་གདམ་ངག་རྣམས་ཀྱི་ལུང་བྱིན་བརླབས་རང་བྱུང་ཡི་གེ་ལྔ་ལ་སོགས་པ། སྔགས་ལུགས་བྱིན་གྱིས་བརླབས་པ་ཙམ་གྱིས་ཀྱང་སྒོམ་སྒྲུབ་མང་པོ་ལ་བྱས་ཀྱང་། བྱིན་བརླབས་ནུས་པ་འཕྲིན་ལས་སྣ་ཚོགས་འབྱུང་བ་འདི་ལས། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ལས་སྐུ་བཞི་ངོ་སྤྲོད་ཀྱི་གནད་ཀྱིས་དད་པ་མོས་གུས་རྒྱུན་ཆད་མེད་པར་རླུང་སེམས་ཀྱི་འཕྲོ་འདུ་བདག་གཞན་ཀུན་ལ་བསྟིམ་ན། ཡོན་ཏན་དངོས་གྲུབ་ཞི་ཁྲོ་རབ་འབྱམས་དཔའ་བོ་མཁའ་འགྲོའི་ཚོགས་མཉམ་པར་འགྱུར་རོ། །དེའི་ཕྱིར་ན། ཕྱད་ཆོས་ཁྱད་པར་འཕག་པ་འཁོར་འདས་གཉིས་ཀྱི་སྲོག་སྙིང་གདམ་ངག་ཟབ་མོ་འདི། མིང་ཡོངས་སུ་གྲགས་པ་ཀརྨ་པའི་བླ་མ་བརྒྱུད་པ་མི་འཛིན་ཞིང་། སྐུ་བཞི་ངོ་སྤྲོད་ཀྱི་གནད་དང་མི་ལྡན་པ་རྣམས་ཀྱི་ཉན་ཞིང་བཤད་ན་ཐོས་ཤིང་བསྒྲུབས་ཀྱང་། དངོས་གྲུབ་མི་ཐོབ་ཅིང་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བར་ཆད་སྣ་ཚོགས་བྱེད་ཅིང་སྐྱོན་སྣ་ཚོགས་འབྱུང་བའི་ཕྱིར་ན། གཞན་པ་གང་དང་གང་གིས་ཀྱང་། ཟས་འཚོལ་ནོར་འཚོལ་ལ་སོགས་ཆ་མ་ཡིན་ཞིང་། རྒྱུད་པ་མི་འཛིན་པ་རྣམས་ལ་ནམ་ཡང་བསྟན་པར་མི་བྱ་ཏེ། མ་རིག་པ་རང་རིག་ཅིང་རྒྱུད་པ་འཛིན་ཞིང་། ངེས་ཤེས་གཏིང་ནས་བསྐྱེད་པ་རྣམས་ལ་ནི། ཐམས་ཅད་ལ་ངོ་སྤྲོད་བསྟན་པར་བྱ་སྟེ། སྣོད་དུ་རུང་བ་དང་། མི་རུང་བ་གང་ཡང་མེད་པ་སྟེ། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། གཤང་ལྕིའི་སྲིན་བུ་ལ་སོགས་པ། །ངོ་བོ་ཉིད་ཀྱི་རྟག་བདེ་

(༥༠༨)ཅན། །གསུངས་པའི་ཕྱིར་ན། གནས་ལུགས་གཤིས་ལྔ། སྔར་མ་རིག་པ་རང་གིས་རང་རིག་ན། འབུ་སྲིན་ལ་སོགས་པ་སངས་རྒྱས་པར་གསུངས་པ་དང་། ཉིན་བཞིན་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་པོ་བྱེད་པ་ཡང་། །བླ་མ་ལ་གུས་ཡོད་གྱུར་ཞིང་། །རྒྱུད་འདི་ལ་ནི་ཞུགས་གྱུར་ན། །རྟོགས་འགྱུར་འདི་ལ་ཐེ་ཚོམ་མེད། །གསུངས་པ་ཡང་། རྒྱུད་གཞན་དང་གཞན་གྱིས་མི་རྟོགས་ཕྱག་རྒྱ་ཆེན་པོ་ཐིག་ལེ་ཉི་ཤུ་རྩ་ལྔ་གསང་བ་བཞི་བཅུའི་རྒྱུད་ཀྱི་previous hit དགོངས next hit་སྐུ་བཞི་ངོ་སྤྲོད་ཀྱི་གནད་དུ་འདུས་པ་ལ་ཡིད་ཆེས་ཤིང་། བླ་མ་ཡང་གནས་ཀྱི་ལི་ཕན། མིང་ཡོངས་སུ་གྲགས་པ་ཀརྨ་པ་ལྟ་བུས་ངོ་སྤྲོད་ཅིང་བྱིན་གྱིས་བརླབས་ན། མནར་མེད་ན་སྐྱེ་རྒྱུ། སྐུ་བཞི་འདུ་འབྲལ་མེད་པ་རང་ཉིད་ལ་རྟོགས་ཤིང་རྫོགས་པར་འགྱུར་བའི་ཕྱིར་ན། ཐམས་ཅད་ལ་ངོ་སྤྲོད་ཅིང་ཁྱབ་ཏུ་ཅུག །དེ་ལྟར་ནུས་པ་བྱིན་བརླབས་མཐའ་ཡས་པ་བྱུང་ན་ཡང་། ཐེག་དམན་སྐྱེ་བོ་ལོག་པའི་རྟོག་པ་ཅན་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར་དང་། ཟས་ནོར་ལོངས་སྤྱོད་རྫོགས་པར་བྱ་བའི་ཕྱིར་དུ། གདམ་ངག་སྒྲུབ་ཐབས་ལས་ཁ་ཚར་ཐམས་ཅད་ཀྱི་ལུགས་བཞིན་བྱས་ཀྱང་མི་སྐྱོན། གཞན་དོན་ཕྲིན་ལས་ལོངས་སྤྱོད་རྒྱ་ཆེན་པོ་གཞན་སྣང་དུ་འབྱུང་བའི་ཕྱིར་ན། །ཐམས་ཅད་དགག་སྒྲུབ་མེད་པར་བྱའོ། །སྒྲུབ་གནས་གོང་དུ་བཤད་པ་རྣམས་དང་། རི་ཁྲོད་དབེན་པའི་གནས་རྣམས་སུ། ཆ་རྐྱེན་ལོངས་སྤྱོད་རྒྱ་ཆེན་པོ། འཚོགས་པར་བྱ་ཞིང་རླུང་སེམས་གནད་ཀྱི་འཁོར་ལོ་ལ་དབང་ཐོབ་ཅིང་། རང་བྱུང་ཡི་གེ་ལྔ་ལ་ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་བཟླས་པ་མ་ཡེངས་མ་འཁྲུལ་བར་འབུམ་ཚོ་

(༥༠༩)བརྒྱ་བྱས་ན་ནི། མཆོག་ཐུན་མོང་ཡོན་ཏན་བྱིན་བརླབས་རང་སྣང་གཞན་སྣང་དུ་བསམ་གྱིས་མི་ཁྱབ་པ་འབྱུང་བར། འགྱུར་བའི་ཕྱིར་ན། དད་དང་མོས་གུས་དམ་ཚིག་དང་། མ་རིག་རང་རིག་རྟོགས་པ་ཡེ་ཤེས་ཀྱི་གནད་ཀྱིས་རྒྱུན་ཆད་མེད་པར་བསྒོམས་ཞིང་བསྒྲུབས་ན། མྱུར་དུ་གྲུབ་རྟགས་སྣ་ཚོགས་འབྱུང་བ་ལས། ང་རྒྱལ་རློམ་སེམས་དགག་སྒྲུབ་སྤང་རླང་ཅི་ཡང་མི་བྱ་ཞིང་། ཐམས་ཅད་རང་བྱུང་རང་ཡན་རང་གྲོལ་རང་ར་གནས་ཤིང་རྟོགས་པས་མན་ངག་ཡིན། ལུས་སྦྱོང་རྒྱུན་ཆད་མེད་པར་བྱ་ཞིང་རླུང་སེམས་གནད་ཀྱི་འཁོར་ལོ་བསྐོར་བའོ། །གར་བདེ་གང་དགར་བསྡད་ཅིང་སྐུ་བཞི་ངོ་སྤྲོད་ཀྱི་གནད་དང་། དོན་རྟོགས་ནས་རང་བྱུང་ཡི་གེ་ལྔ། ཨོཾ་མ་ཎི་པདྨེ་ཧཱུྃ། ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་གནད་དང་མ་བྲལ་ཅི་ནུས་སུ་བཟླས་ཤིང་སྲོག་རྩོལ་རྒྱུན་ཆད་མེད་པར་བསྒོམས་ན། གང་དང་གང་ཡིན་ན་ཡང་བྱིན་བརླབས་ངག་ནུས་འཕྲིན་ལས་ལོངས་སྤྱོད་སྒོམ་སྒྲུབ་ཇི་ལྟར་བྱས་པ་བཞིན་དུ་རྟགས་རབ་འབྲིང་ཐ་མ་མི་འབྱུང་མི་སྲིད་པའི་ཕྱིར་ན། ལག་ལེན་ཐམས་ཅད་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་དང་། རྗེ་བཙུན་མ་ཞལ་གཅིག་མ་ལྷ་ལྔ། རང་བྱུང་ཡི་གེ་ལྔའི་གཟུགས་སྐུའི་གདམ་ངག་རྣམས་ལག་ལེན་བསྙེན་སྒྲུབ་བྱ་ཞིང་། བདེ་མཆོག །རྗེ་བཙུན་མའི་བསྟོད་འབུམ། དཀྱིལ་ཆོག་རྣམས་དང་། རྒྱལ་བ་རྒྱ་མཚོའི་ལས་བྱང་རྣམས་གཅིག་ཡིན་པའི་ཕྱིར་ན། ཚོགས་མཆོད་དབང་བསྐུར་གང་བྱེད་ཀྱང་། སྔགས་དང་ལེགས་པར་བསླབས་ཤིང་རྒྱས་བསྡུས་ཅི་རིགས་པར་བྱ་སྟེ། ལག་ལེན་གྱི་ཆ་ལག །ཌ་མ་རུ། རྔ་གླིང་བུ། རྦ་དུ། རྐང་དུང་ལ་སོགས་པ་ཐམས་ཅད་འཚོགས་པར་

(༥༡༠)བྱ་ཞིང་། ཆོས་སྤྱོད་བྱེད་འགོ་ཆོག །ཉིན་མེད་མཚན་མེད་དཔོན་སློབ་རྣམས་ཀྱིས་བཀྲོལ་ཞིང་མོས་གུས་གསོལ་བ་འདེབས། མ་ཎི་པདྨེའི་དབྱངས་རྒྱུན་ཆད་མེད་པར་བྱ་ཞིང་། བདག་གཞན་ཐམས་ཅད་ལ་བྱིན་གྱིས་བརླབས་པ་དང་ཡོད་པ་རྒྱུན་ཆད་མེད་པར་བྱས་ན། སྣང་སྲིད་བྱིན་གྱིས་བརློབ་ཅིང་། ཁམས་གསུམ་དབང་དུ་འདུ་པར་འགྱུར་རོ། །སྐུ་བཞི་ངོ་སྤྲོད་ཤོག་དྲིལ་བཞི་པ་མེད་ཀ་མེད་ཅིང་ཀུན་གྱི་རྩ་བ་འདི་ཡིན་པ་ཀུན་གྱིས་ཤེས་པར་གྱིས། རྟོགས་ཤིང་གྲུབ་ནས་བརྟུལ་ཞུགས་ཀྱི་སྤྱོད་པ་གདུལ་བྱ་རྣམས་མཐོང་དུ་བཅུག་ལ། རང་བྱུང་ཡི་གེ་ལྔ། དྲག་ཏུ་བཟླས་ཤིང་ལྟ་སྟངས་བྱས་པ་ཙམ་གྱིས་ཐམས་ཅད་རེངས་པར་ནུས་པ་དང་། གསོལ་བ་བསད་པར་ནུས་པ་དང་། བསད་པ་འཆི་བ་བསད་ཅིང་ལངས་པར་ནུས་པ་དང་། དབུ་བསྡེབས་ཕྱག་བསྡེགས་ཞལ་བསྡེགས་དྲག་ཏུ་བྱས་ནར། དབུ་བསྡེགས་ཀྱི་བྲག་ལ་སོགས་པའི་བེམ་པོ་རྣམས་འཇིག་པར་ནུས་ཤིང་། ལག་པ་གང་དང་གང་ལ་འཕྱར་ཞིང་། བསྡབས་པ་ཙམ་གྱིས་ཐམས་ཅད་སྐྲག་ཅིང་དངངས་ལ། ས་རྡོ་རྩི་ཤིང་གསུམ་ལ་སོགས་གས་ཤིང་འཇིག་པ་གཡོ་ནུས་པ་དང་། རང་བྱུང་ཡི་གེ་དཔའ་བོ་མཁའ་འགྲོ་སྡེ་ལྔའི་སྟོབས་དང་ལྡན་ཞིང་རྩལ་རྫོགས་པ་དྲག་ཏུ། ཁྲོས་ནས། རྐང་པ་ས་ལ་བརྡབས་པ་ཙམ་གྱིས་ས་གཡོ་ཞིང་རྡོ་དང་བྲག་རི་རྣམས་ལ་ཡང་ཞབས་རྗེས་དང་སྐུ་གཟུགས་སྣ་ཚོགས་འབྱོན་པར་ནུས་པ་དང་། དེ་ཡིས་ཀྱང་ཕྱི་མའི་མུ་མཐར་མ་ཐུག་གི་བར་དུ་འགྲོ་དོན་རྒྱུན་ཆད་མེད་པར་འབྱུང་ཞིང་། རླུང་སེམས་རྩལ་རྫོགས་ཤིང་དུས་ཀྱི་གནད་དང་ལྡན་པ་ཡིས་

(༥༡༡)རིག་པ་ངར་དང་ལྡན་པས་སྡིགས་མཛུབ་དང་ལྟ་སྟངས་དྲག་ཏུ་བྱས་པས་ཆུ་བོ་གྱེན་ལ་བཟློག་ནུས་པ་སྟེ། ད་ལྟར་མངོན་སུམ་ཚད་མ། འཕྲུལ་སྣང་བྲིས་ནས་ཀུན་གྱི་ལྟ་རུ་ཡོད་པ་ཡིན། དེ་ལ་སོགས་པ་མཆོག་ཐུན་མོང་གི་དངོས་གྲུབ་སྣ་ཚོགས་དངོས་སུ་སྟོན་ནུས་པ་ནི། འཁོར་འདས་ཀུན་གྱི་སྲོག་སྙིང་གདམ་ངག་འདི་ལ་དབང་ཐོབ་ནས། གྲུབ་རྟགས་སྣ་ཚོགས་ཁམས་གསུམ་ལ་ཁྱབ་པར་སྟོན་ནུས་པའི་ཕྱིར་ན། ད་ལྟར་མངོན་སུམ་ཚད་མར་གྲུབ་རྟགས་ཅུང་ཟད་ཙམ་འཛམ་གླིང་ཁྱབ་པར་མིང་ཡོངས་སུ་ཁྱབ་པར་ཀརྨ་པས་བསྟན་པ་སྟེ། རྨོངས་པ་རྣམས་ཀྱིས་ཐོས་སམ་མ་ཐོས་མཐོང་ངམ་མ་མཐོང་དེ་རྣམས་ཡིད་ཆེས་ན། གདུལ་བྱ་རྣམས་ཀྱིས་གྲུབ་རྟགས་མ་ཐོན་གྱི་བར་དུ་སྒོམ་ཞིང་སྒྲུབ་པ་དང་། རྟོགས་ནས་རྩལ་ཆེན་རྫོགས་པར་མཛོད། གདམ་ངག་འདིའི་མཐར་ཐུག་གི་འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ་ཅིང་། སྐུ་བཞི་འདུ་འབྲལ་མེད་ན་སྐུ་ལྔའི་སངས་རྒྱས་རང་ཉིད་ལ་རྫོགས་པ་སྟེ། སྐུ་བཞི་ངོ་སྤྲོད་སངས་རྒྱས་སེམས་ཅན་ཀུན་གྱི་སྲོག་སྙིང་རང་བྱུང་ཡི་གེ་ལྔ། དཔའ་བོ་སྡེ་ལྔ། མཁའ་འགྲོ་སྡེ་ལྔ། ཡིད་བཞིན་ནོར་བུའི་གདམ་ངག་ཆོས་ཁྱད་པར་འཕགས་པ་འདི་མཐོང་ངམ་མཐོས་སམ་དྲན་པ་ཙམ་གྱིས་ཀྱང་། དཔའ་བོ་མཁའ་འགྲོའི་ལུས་ངག་ཡིད་གསུམ་དུ་བྱིན་གྱིས་བརླབས་ཤིང་། ད་ལྟར་གྱི་དུས་སུ་གྲུབ་ཐག་ཉེ་ཞིང་བྱིན་བརླབས་དངོས་གྲུབ་བསམ་གྱིས་མི་ཁྱབ་པའོ། །མིང་ཡོངས་སུ་གྲགས་པ་ཀརྨ་པའི་བུ་སློབ་གདུལ་བྱ་ཐམས་ཅད་ཀྱིས་ཡིད་བཞིན་ནོར་བུ་ལྟ་བུའི་གདམ་ངག་འདི་ཐམས་ཅད་ཀྱིས་བྲིས་ཤིང་། སྐུ་

(༥༡༢)བཞི་ངོ་སྤྲོད་ཀྱི་གདམ་ངག་གི་གནད་ཀྱིས་གོ་ཞིང་རྟོགས་ནས། འཇིག་རྟེན་གྱི་བྱ་བ་ཐམས་ཅད་སྤངས་ནས་སྒོམ་ཞིང་སྒྲུབ་ཅིང་གྲུབ་རྟགས་ཐོན་ནས་ཕྱོགས་མེད་དུ་གཞན་དོན་རྒྱ་ཆེན་པོ་མཛོད་ཅིག །དུག་ལྔར་འཁྲུལ་ཞིང་འགྲོ་བ་རིགས་དྲུག་ཏུ་འཁོར་ཅིང་མ་རིག་འཁྲུལ་འཁོར་རྒྱུན་ཆད་མེད་པར་འཁོར་བ་རྣམས་གདོད་ནས། དཔའ་བོ་སྡེ་ལྔ། མཁའ་འགྲོ་སྡེ་ལྔ། རང་བྱུང་ཡི་གེ་ལྔ། ཡེ་ཤེས་ཡི་གེ་འཁོར་ལོ་རྫོགས་ཆེན་གདོད་ནས་ཡིན་པ་རྣམས། མ་རིག་པ་རང་སར་རིག་ཅིང་། དཔའ་བོ་མཁའ་འགྲོ་ཞི་ཁྲོ་རབ་འབྱམ་རང་ཉིད་ལ་རྫོགས་པར་ངོ་སྤྲོད་པའི་གདམ་ངག་རྒྱས་བསྡུས་རྣམས་གོང་སུ་ངོ་སྤྲོད་པ་ལ། དེ་ལ་གསང་བ་སྐུ་བཞི་ངོ་སྤྲོད་ཀྱི་གནད་ཀྱིས། གཞུང་བཞིན་དུ་དར་དྲག་ལ་ཡུན་རིང་དུ་བསྒྲུབས་ཤིང་། རླུང་སེམས་ཡི་གེ་མཁའ་འགྲོའི་ཚོགས་ལ་དབང་ཐོབ་ཅིང་རྩལ་རྫོགས་ནས། ད་ལྟ་ཉིད་དུ་གྲུབ་རྟགས་སྣ་ཚོགས་མཐའ་ཡས་བས་གྱིས་མི་ཁྱབ་པ་ནི་འདི་ལྟ་སྟེ། གདོད་མ་ནས་ཕྱི་སྣོད་ཀྱི་འཇིག་རྟེན་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་གདོད་མ་ནས་མ་རིག་པའི་དབང་གིས་དུག་ལྔ་ལ་འབྱུང་བ་ལྔ་ལས་གྲུབ་ཅིང་། ནང་བཅུད་ཀྱི་འགྲོ་བ་རིགས་དྲུག །ཁམས་གསུམ་གྱིས་བསྡུས་པའི་སེམས་ཅན་རྣམས་ཀྱང་། མ་རིག་འཁྲུལ་པའི་དབང་གིས། ཡི་གེ་ལྔ་དུག་ལྔ་འབྱུང་བ་ལྔ་ལས་གྲུབ་ཅིང་། ལྔ་ལྔ་པོ་ཉི་ཤུ་རྩ་ལྔ་མ་རིག་མ་འཁྲུལ་བའི་ཕྱི་སྣོད་ནང་བཅུད་ཀྱི་སེམས་ཅན་གཅིག་ཀྱང་མེད་པའི་ཕྱིར་ན། དེ་ལ་གསང་བ་སྐུ་བཞི་ངོ་སྤྲོད་མཁའ་འགྲོ་ཡིད་བཞིན་འཁོར་ལོའི་གདམ་ངག་གི་རྩལ་རྫོགས་ནས་ཐམས་ཅད་རང་དབང་མེད་པར་དབང་ཐོབ་ཅིང་དབང་བསྒྱུར་ནས་ཐམས་ཅད་

(༥༡༣)ཀུན་ཀྱི་དཀྱིལ་འཁོར་གཙོ་བོའི་རྒྱལ་པོ་དང་འདྲ་བར་འབྱུང་བ་ལས་མཆོག་གི་དངོས་གྲུབ་སངས་རྒྱས་སྐུ་བཞི་འདུ་འབྲལ་མེད་ཅིང་སྐུ་ལྔའི་སངས་རྒྱས་རང་ཉིད་ལ་རྫོགས་པའི་སྐུ་གསུང་ཐུགས་མཛད་པ་འཕྲིན་ལས་ཐམས་ཅད་རང་ཉིད་ལ་རྫོགས་ཤིང་སངས་རྒྱས་ཞི་ཁྲོ་རབ་འབྱམ་ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་དཔའ་བོ་མཁའ་འགྲོ། ཡེ་ཤེས་འཇིག་རྟེན་གྱི་ཚོགས་ཐམས་ཅད་རང་གི་ལུས་ངག་ཡིད་གསུམ་སྣང་བ་བཞི་ལ་རྫོགས་ཤིང་། རང་ཉིད་ལས་མ་གཏོགས་པ་གཞན་གཅིག་ཀྱང་མེད་པའི་ཕྱིར་ན། མཐོ་སངས་རྒྱས། དམའ་སེམས་ཅན་དམྱལ་བ་ཡན་ཆད་ལ་དབང་བསྒྱུར་ཞིང་། ཐམས་ཅད་མཐོ་རིས་ཐར་པ་སྨིན་པ་དང་གྲོལ་བ་ལ་ད་ལྟ་ཉིད་དུ་འགོད་ནུས་པའི་དབང་མཆོག་དབང་གི་རྒྱལ་པོ་འབྱུང་པའོ། །དེའི་ཕྱིར་ན་ད་ལྟར་དུ་གྲུབ་ཅིང་དབང་ཐོབ་པའི་སྒོམ་ཆེན་རྣལ་འབྱོར། མ་ཇོ་ལ་སོགས་གང་དང་གང་ཡིན་ན་ཡང་། ཡུལ་ཁམས་ས་ཕྱོགས་གང་ན་འདུག་འགྲོ་ན་ཡང་། གདུལ་བྱ་སྤྲིན་ལྟར་འདུ། ལོངས་སྤྱོད་ཆར་ལྟར་འབབ། །ཡོན་ཏན་ཕྲིན་ལས་སངས་རྒྱས་དང་མཉམ་པ་འབྱུང་ཞིང་། ཕྲིན་ལས་རྣམ་པ་བཞི་ལ་མངའ་བརྙེས་ཤིང་། འཇིག་རྟེན་གྱི་ཁམས་ཁྱབ་པ་དང་འབྱུང་བ་སྟོན་ནུས་ཤིང་། དེའི་སྐུ་གཟུགས་སམ། ཆོས་དང་གདམ་ངག་ལ་སོགས་པ་བུ་སློབ་གདུལ་བྱ་བསམ་གྱིས་མི་ཁྱབ་པ་འབྱུང་ཞིང་། ཕྱི་མའི་མུ་མཐར་ཐུག་གི་བར་དུ་ཕྱོགས་རིས་མེད་ཅིང་རྒྱུན་ཆད་མེད་པར་སེམས་ཅན་རྣམས་ཀྱི་ཡིད་ལ་འཇུག །སེམས་ཅན་རྣམས་ཀྱི་ཡིད་འཕྲོག་པ། གསུངས་པ་བཞིན་དུ། ཐམས་ཅད་ལ་དབང་བསྒྱུར་དབང་གི་རྒྱལ་པོར་འགྱུར་བ་སྟེ། འདི་རྣམས་ཀྱི་གྲུབ་རྟགས་འབྱུང་གཞུང་ན་ཡོད་པ་བཞིན་དུ་མ་

(༥༡༤)བསྒྲུབས་ཤིང་རླུང་སེམས་ལ་དབང་མ་ཐོབ་ན། ཡི་གེ་ཡོད་པས་མི་ཕན། ཐམས་ཅད་སྡིག་རྐྱེན་བྱེད་ཅིང་། ངན་སོང་གསུམ་ན་ལྟུང་དོགས་ཡོད་པའི་ཕྱིར་ན། གྲུབ་རྟགས་མ་ཐོན་གྱི་བར་དུ་བསྒྲུབ་ཅིང་ཚད་འབོར་བ་ལས། དབུགས་འགྲོ་འོང་གནས་གསུམ་གྱི་ཁ་རླངས་ལ་ཡང་། ནམ་མཁའ་བར་སྣང་ས་གཞི་ཁྱབ་པར་འཇའ་དང་འོད་དུ་འཁྱིལ་ནུས་ཤིང་། སེམས་ཅན་གྱི་གར་ཁྱབ་ཏུ་ཏིང་ངེ་འཛིན་གར་གཏད་དུ་རབ་ཏུ་གནས་པར་ནུས་ཤིང་། གྲུབ་རྟགས་འཇའ་ལ་སོགས་པ་སྣ་ཚོགས་སྟོན་ནུས་ཤིང་། རྟེན་རྣམས་ལ་ཡང་དཔའ་བོ་མཁའ་འགྲོས་མཆོད་པ་འབུལ། བསྐོར་བ་བྱེད་པ་དངོས་སུ་ཐིམ་མི་རྣམས་ཀྱིས་ཀྱང་མཐོང་ཞིང་སྟོན་ནུས་ཤིང་སྣ་ཚོགས་འབྱུང་བ་ནི། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་མཁའ་འགྲོ་ཡིད་བཞིན་གྱི་ནོར་བུའི། སྒྲུབ་རྟགས་ཀྱི་ཚད་བོར་བའོ། །གོང་གི་གྲུབ་རྟགས་དེ་རྣམས་འབྱུང་བ་ལ་གནད་གསུམ་ཡིན་པ་སྟེ། ཞི་ཁྲོ་རབ་འབྱམ་གྱི་ཚོགས་རྣམས། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་སུ་བསྡུ་ཞིང་དུས་རྒྱུན་དུ་མོས་གུས་གནད་ཀྱིས་བདག་གཞན་ཀུན་ལ་བསྟིམ་པ་ནི་བྱིན་བརླབས་ཆེན་པོས་འཛམ་གླིང་ཁྱབ་པ་མི་འབྱུང་ཁ་མེད་པའོ། །རང་དང་གཞན་རྣམས་ལ་ལོངས་སྤྱོད་ཟ་མ་ཡོད་ཚད་བསྡུ་ཞིང་། ཡུལ་ཁམས་གྲོང་ཁྱེར་གྱི་མཐའ་ན་མར། ཚོགས་དང་གཏོར་མ་རྒྱ་ཆེན་པོ་བཤམ་ཞིང་། མི་ཐམས་ཅད་དཔའ་བོ་མཁའ་འགྲོར་བསྒོམ། བྱིན་གྱིས་བརླབ་ཅིང་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་བསྟིམ་ཞིང་བྱིན་བརླབས་ཕབ། ལྷ་ཆ་ཡོད་ཚད་བཀྲོལ་ཞིང་འཚམ་གསོལ་བ་བཏབ། མ་ཎི་པདྨེ་དབྱངས་སུ་གྱེར་བ། ཞག་འགའ་རེའམ་

(༥༡༥)ཅི་ནུས་ནུས་སུ་བྱས་ན། ཐམས་ཅད་འོག་མིན་གྱི་གནས་དང་འདྲ་བར་བྱིན་གྱིས་བརླབ་ཅིང་། ཡུལ་ཁམས་སུ་བཀྲ་ཤིས་པར་འགྱུར་རོ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། གསུངས་པའི་དོན་འདི་ལ་ཡིན་པ་ཀུན་གྱིས་མཁྱེན་པར་མཛོད། འབྲས་བུ་མཐར་ཐུག་གཞན་དོན་དང་འབྲེལ་བ་གསུངས་པའི་ཕྱིར་ན། སེམས་ཅན་ཐམས་ཅད་བསྡུ་བའི་དངོས་པོ་རྣམ་པ་བཞི། བྱང་ཆུབ་སེམས་ཀྱིས་ཐམས་ཅད་བསྡུ་ཞིང་ཐམས་ཅད་ལ་སྐུ་བཞི་ངོ་སྤྲོད་ཀྱི་ཁྲིད་སྣོད་དུ་མི་རུང་མེད་པ་ལ་བྱ་ཞིང་། གདན་འདི་གསུམ་ལ་ཚད་རྡོ་བོར་ཞིང་རྩལ་རྫོགས་ན། འཛམ་གླིང་ཁྱབ་པ་ཙམ་གྱིས་སྨིན་པ་དང་གྲོལ་བ་འབྱུང་བ་སྟེ། དེ་ལྟར་མངོན་སུམ་ཚད་མར་གོང་ན་གསུངས་པ་བཞིན་དུ། གྲུབ་རྟགས་སྣ་ཚོགས་ཀྱི་ཚད་རྡོ་བོར་བ། མཁའ་འགྲོའི་དབང་ཕྱུག་སྔགས་འཆང་རང་བྱུང་རྡོ་རྗེ་ལས་རྣམས་གྲུབ་པའི་ཀརྨ་པ་ཡིན་པ་གདུལ་བྱ་རྣམས་ཡིད་ཆེས་སམ་མི་ཆེས། མཐོང་ངམ་མ་མཐོང་། ཐོས་སམ་མ་ཐོས། དེའི་ཕྱིར་ན། ཐམས་ཅད་ཀྱིས་བསྒྲུབས་ལ་གྲུབ་རྟགས་ཐོན་པར་མཛོད་ཅིག །ཚད་རྡོ་བོར་བའོ། །འཛམ་གླིང་ཁྱབ་པའི་འགྲོ་དོན་མཛོད། བཀྲ་ཤིས་དཔལ་འབར། མཁའ་འགྲོ་སྡེ་ལྔའི་དངོས་གྲུབ་རྒྱ་མཚོ་ཀུན་གྱིས་ཐོབ་ཅིང་འཛམ་གླིང་རྒྱན་དུ་ཤོག །སྡོམ་པ་གསུམ་དང་ལྡན་ཞིང་། ཐེག་པ་དགུ་དང་མཐུན་པར་ཉེས་ལྟུང་ན་རིག་རྒྱུ་འབྲས་སྤང་ཞིང་། ལེགས་པའི་ཚོགས་ཐམས་ཅད་ཀྱིས་བསྲུང་སྡོམ་གཞན་ལས་ཁྱད་པར་དུ་འཕགས་པ་བྱེད་པ་ནི། སྟོན་པ་ལྔའི་བསྟན་པ་བསྲུང་ཞིང་བཀའ་ཐེག་པ་དགུ་དང་མི་འགལ་བར་བསྲུང་སྡོམ་ཉམས་ལེན་བྱས་ན། དཔའ་བོ་མཁའ་འགྲོ་སྤྲིན་ལྟར་འདུ་བའི་

(༥༡༦)དམ་ཚིག་ཡིན་པས་ཀུན་གྱིས་ཤེས་པར་མཛོད། དམ་ཚིག་ས་མ་ཡ་འབུམ་སྡེ་བསྲུང་བའི་བཀྲ་ཤིས་ཤོག །རྟོགས་ལྡན་རྣལ་འབྱོར་གཡག་ལོག་བས་བལ་པོ་ན་མུ་སྟེགས་ཀྱི་ལྡ་རྟེན་རྣམས་བཤིག་པ་ལ་སོགས་ཕྱོགས་ཐམས་ཅད་དུ་བརྟུལ་ཞུགས་ཀྱི་གྲུབ་རྟགས་སྣ་ཚོགས་བསྟན་པ་ཡང་། མཁའ་འགྲོ་ཡིད་བཞིན་གྱི་ནོར་བུའི་གདམ་ངག་འདི་གྲུབ་ཅིང་། རླུང་སེམས་གཉིས་ལ་རྩལ་རྫོགས་པའི་རྟགས་ཅུང་ཟད་ཙམ་ཡིན་པ་ཀུན། ལུང་ཐོབ་ཅིང་ཀློག་ཅིང་ཐོས་སུ་བཅུག་པ་མ་གཏོགས་པ་བཤད་མི་དགོས་བར་དུ། གང་གིས་ཚིག་ལྷད་མ་བཅུག་ཅིང་འདི་བས་ཀྱང་རྒྱས་པ་དང་གོ་བར་བྱེད་མི་དགོས། སྒོམ་སྒྲུབ་རྟགས་སྣ་ཚོགས་འདོན་པའི་གདམ་ངག་ཡིན་པ་མ་གཏོགས་པ་ཁ་ཚར་ཚིག་གི་ཐ་སྙད་མེད་པ་ཀུན་གྱིས་ཤེས་པར་མཛོད། གང་དང་གང་གིས་རྟོགས་ཤིང་བསྒྲུབས་ནས་གྲུབ་རྟགས་རབ་འབྲིང་ཐ་མ་རང་སྣང་གཞན་སྣང་གཉིས་ཀར་སྟོན་ནུས་ན། ཡུལ་ཁམས་དང་འཛམ་བུའི་གླིང་ལྡེག་ལྡེག་བྱེད་ནུས་པའི་གདམ་ངག་འདི་ཡིན་པའི་ཕྱིར་ན། ཐམས་ཅད་ཀྱིས་བསྒྲུབས་ཤིག །རང་བྱུང་ཡི་གེ་བརྒྱའོ། །མཁའ་འགྲོ་རྒྱ་མཚོ་དངོས་གྲུབ་རྒྱ་མཚོ་མཁའ་འགྲོ་ཡིད་བཞིན་ནོར་བུའི་གདམ་ངག་རྫོགས་སོ། །གང་དང་གང་གིས་ཀྱང་ནག་འདེད་ནག་པོ་ཁ་འབྱམ་གྱི་ངན་རྒྱུད་བཞིན་དུ་དྲན། རང་བཟོ། བྲི་བ་དང་། བསྣན་པ་ཤད་ཙམ་ཡང་མ་བྱེད་ཅིག །འཇིག་རྟེན་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་ཆད་པ་སྣ་ཚོགས་ཀྱིས་ཚར་གཅོད་པ་ཀུན་གྱིས་ཤེས་པར་མཛོད། བཀྲ་ཤིས་དཔལ་འབར་རང་བྱུང་ཡི་གེ་ལྔ། དཔའ་བོ་མཁའ་འགྲོའི་དངོས་གྲུབ་རབ་འབར་ཁམས་གསུམ་རྒྱན་མཆོག་

(༥༡༧)རྒྱལ་བ་ཉིད་དུ་ཤོག །ཨོཾ་སརྦ་སྭ་སྟི་སིདྡྷི་ཧཱུྃ། མཁའ་འགྲོ་སྡེ་ལྔའི་ལུང་བསྟན་གསང་བ་མཛོད་མི་ཡོངས་སུ་གྲགས་པ་ཀརྨ་པའི་བཟླས་པ་ཙམ་གྱི་མཆོག་ཐུན་མོང་གི་དངོས་གྲུབ་འཛམ་གླིང་ཁྱབ་པའི་ཡོན་ཏན་ཕྲིན་ལས། དངོས་གྲུབ་རང་ཉིད་ཐོབ་ཚུལ་སྟོན་པ་ནི་འདི་ལྟ་སྟེ། ཐམས་ཅད་ཀུན་གཞི་ལ་ཀུན་འདུས་པའི་དུས་སུ་སེམས་ཅན་རྣམས་ཀྱི་སེམས་ཉིད་གཤིས་འགྱུར་བ་མེད་པའི་དབྱིངས་ངོ་བོ་རང་བཞིན་མཚན་ཉིད་ལྔའི་ཆོས་ཀྱི་དབྱིངས་རབ་འབྱམ་དུ་གདོད་ནས་ལྷུན་གྱིས་གྲུབ་པ་མ་ཁྱབ་པ་མེད་པའི་དུས་སུ་སངས་རྒྱས་རྣམས་ཀྱི་གཤིས་ལྔ་རང་གིས་རང་རིག་ནས། སྐུ་ཡོངས་སུ་རྫོགས་པར་སངས་རྒྱས་པ་སྟེ། གཤིས་ལྔ་རང་གིས་རང་མ་རིག་པ་རྣམས་ཀྱིས་ཤེས་ཤིང་ཐོས་པར་འདོད་ན་འཛམ་གླིང་ཁྱབ་པ་ཙམ་གྱི་རྟགས་མ་ཐོན་གྱི་བར་དུ་བསྒྲུབས་ཤིག་བསྒོམས་ཤིག །གདམ་ངག་འདི་གཅིག་བུས་ཆོག་པ་ཡིན་པས་ཀུན་གྱིས་བསྒྲུབས་ཤིག །ཁ་འཕྱར་ཁ་འཁྱིལ་མང་པོས་ཅི་ཞིག་བྱ། ཁྱེད་རྣམས་རྨོངས་པ་བདག་གཞན་མགོ་བསྐོར་བ་ཡིན་པ་ཤེས་པར་མཛོད། ཨོཾ་སརྦ་སྭ་སྟི་སིདྡྷི་ཧཱུྃ། མཁའ་འགྲོའི་དབང་ཕྱུག་དབང་བསྒྱུར་ཀརྨ་པ་ཡིས། མཁའ་འགྲོས་བྱིན་གྱིས་བརླབས་པའི་གདུལ་བྱ་རྣམས་ལ་གདམས་པ། ཀུན་ཏུ་བཟང་རྡོ་རྗེ་འཆང་གིས། previous hit དགོངས next hit་ལུང་བསྟན། དུར་ཁྲོད་གསང་བ་ཁྱུ་བྱུག་རོལ་པའི་རྒྱུད་ལས་འཕྲོས་པའི་གསང་བ་བཞི་བཅུའི་རྒྱུད། ཕྱག་རྒྱ་ཆེན་པོ་ཐིག་ལེ་ཉི་ཤུ་རྩ་ལྔ་ལ་སོགས་པའི་མ་རྒྱུད་ལ་གཏོགས་ཚད་རྣམས་དང་། ཐབས་ཤེས་རབ་གཉིས་མེད་ཡེ་ཤེས་རྒྱ་མཚོ། ཀྱཻ་རྡོ་རྗེ་

(༥༡༨)དང་རྡོར་དབྱིངས་དང་མཉམ་པར། སྐུ་བཞི་འདུ་འབྲལ་མེད། སྐུ་ལྔ་རང་ཉིད་ལ་རྫོགས་པའི་ངོ་སྤྲོད་ཀྱི་གནད་ཀྱིས་ཀུན་གཞི་ཞེས་ཀྱང་བྱ། གནས་ལུགས་ཞེས་ཀྱང་བྱ། མིང་འདོགས་ལུགས་མང་ན་ཡང་དོན་གཅིག་ཡིན་ཞིང་། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་ལས། དེ་ལ་ངོ་སྤྲོད་ཅིང་བྱིན་གྱིས་བརླབས་ནས། མ་རིག་པ་རང་རིག་པའི་ཡེ་ཤེས་སུ་གཤིས་འགྱུར་བ་མེད་པའི་དབྱིངས་རང་བཞིན་ལྔ་རང་བྱུང་ཡི་གེ་ལྔ། ཧ་རི་ནི་སར་རིག་ཅིང་རྟོགས་ནས་དེ་ལས་རང་བྱུང་ཨེ་བམ་མ་ཡ་བཞི་འཕྲོས་ཤིང་། ཨེ་བམ་མ་ཡ་བཞི་ལས་རང་བྱུང་ཨ་ལི་བཅུ་དྲུ །ཀ་ལི་སུམ་བཅུ་རྩ་གཉིས་རང་བྱུང་ཡེ་ཤེས་སུ་ཞི་ཁྲོ་རབ་འབྱམ་གྱི་སྙིང་པོ་དང་སྔགས་ཀྱི་འཁོར་ལོ་ལ་སོགས་པ། ཆོས་ཀྱི་དབྱིངས་རབ་འབྱམ་དང་མཉམ་པར། རང་བྱུང་ཡི་གེ་འཁོར་ལོ་རྫོགས་ཆེན་གྱིས་མ་ཁྱབ་པ་མེད་པ་ཡང་རང་བྱུང་ཡི་གེ་ལྔ། དཔའ་བོ་མཁའ་འགྲོ་སྡེ་ལྔས་མ་ལུས་པ་དང་མ་ཁྱབ་པ་མེད་པ་ལས། གདམ་ངག་གཞུང་ན་གསུངས་པ་བཞིན་དུ་གྲུབ་ཅིང་བརྟན་པ་ཐོབ་རྩལ་རྫོགས་ན། རྣལ་འབྱོར་བླ་ན་མེད་པའི་སྒོམ་ཆེན་དང་གང་ཡིན་ན་ཡང་གྲུབ་རྟགས་སྣ་ཚོགས་ཕྱོགས་མེད་དུ་རྩོལ་སྒྲུབ་མེད་པར་འབྱུང་ཞིང་། ཤུགས་ལས་འབྱུང་བའི་བརྟུལ་ཞུགས་ཀྱི་སྤྱོད་པ་སྣ་ཚོགས་ཀྱིས་འཛམ་གླིང་ཁྱབ་པ་ཙམ་དུ། རྩོལ་བ་དང་སྒྲུབ་པ་མེད་པར་སྟོན་ནུས་པ་ནི། དཔེར་ན་ཉི་མ་ནམ་མཁའ་ལ་ཤར་བ་ན། གཟུགས་བརྙན་ཚད་ཀྱི་ནང་ན་ཉི་མའི་གཟུགས་རེ་རེ་ཡོད་པ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་དང་མཐུན་པར། རྣལ་འབྱོར་བླ་ན་མེད་པ་ཡིན་ཀྱང་། ཤུགས་འབྱུང་གི་སྤྱོད་པ་

(༥༡༩)གདུལ་བྱ་སེམས་ཅན་ཐམས་ཅད་ཀྱི་སྣང་བ་ལ་ཕྱོགས་མེད་དུ་སྟོན་ནུས་པ་ལས། གཤིས་ལྔ་རང་བྱུང་ཡི་གེ་ལྔར་དཔའ་བོ་མཁའ་འགྲོའི་ཚོགས་སུ་རྟོགས་ཤིང་། རང་གི་སེམས་དང་ཡེ་ཤེས་ལས་བྱུང་ལ་དབང་ཐོབ་པ་དང་། སྲོག་རྩོལ་རླུང་གི་འཕྲོ་འདུ་དང་། རླུང་སེམས་གཉིས་ལ་རང་དབང་གིས་ཐོབ་པའོ། །སློབ་དཔོན་གྱིས་ཀྱང་གདུལ་བྱ་རབ་འབྲིང་ཐ་མ་རྣམས་ལ་དེ་ལྟར་དུ་ངོ་སྤྲོད་ཅིང་། ཤུགས་འབྱུང་སྤྱོད་པ་སྣ་ཚོགས་སྟོན་ནུས་པར་དབང་བསྐུར་བྱིན་གྱིས་བརླབས་ནས། སློབ་མ་རྣམས་ཀྱིས་ཀྱིས་ཀྱང་གྲུབ་རྟགས་སྣ་ཚོགས་གཞུང་བཞིན་དུ་མ་ཐོན་གྱི་བར་དུ་བསྒྲུབས་ན། སྣ་ཚོགས་སྤྱོད་པ་ཕྱིར་ཡང་ཤུགས་ལས་འབྱུང་ངོ་། །གཞན་སྣང་དག་པར་སྟོན་ནུས་པ་སྟེ། རྣལ་འབྱོར་བླ་མེད་རང་བྱུང་རྡོ་རྗེ་ཡིས་འཛམ་གླིང་ཁྱབ་པར་ཅུང་ཟད་ཙམ་དུ་ཤུགས་འབྱུང་སྤྱོད་པས་ཀུན་ལ་དབང་བསྒྱུར་ཅིང་། མ་འོངས་པའི་དུས་སུ་ཡང་རྒྱུན་ཆད་མེད་པར་འབྱུང་བ་མངོན་སུམ་ཚད་མ་སྟེ། དེའི་རང་སྣང་གཞན་སྣང་གཉིས་ཀར་ཡང་ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི། གྲུབ་རྟགས་སྣ་ཚོགས་ཤུགས་འབྱུང་སྤྱོད་དུ་མེད་པ་འདི་ལྟར་འབྱུང་། ཕྱག་རྒྱ་ཆེན་པོ་ཐིག་ལེ་ཉི་ཤུ་རྩ་ལྔའི་རྒྱུད་ལས་འདི་ལྟར་འབྱུང་བར་ལུང་བསྟན་ནས། སྣ་ཚོགས་གཟུགས་ཀྱིས་ཁམས་གསུམ་ཁྱབ་པར་སྤྱོད། གདུལ་བྱ་ཇི་ལྟར་སྣང་བ་བཞིན། ཤུགས་འབྱུང་སྤྱོད་པ་གྲུབ་རྟགས་དེ་དང་། མཐུན་པར་སྟོན། ལ་ལར་འདོད་ཆགས་སྤྱོད་པར་སྟོན། ལ་ལར་འདོད་ཆགས་བྲལ་བར་སྟོན། ལ་ལར་ཞི་བའི་གཟུགས་ཀྱིས་འགྲོ་དོན་མཛད། ལ་ལར་ང་རྒྱལ་པོས་ཐམས་ཅད་ཟིལ་གྱིས་གནོན་པར་

(༥༢༠)སྤྱོད། །ལ་ལར་ང་རྒྱལ་བྲལ་བར་སྟོན། ལ་ལར་གཏི་མུག་གཉིད་ཀྱིས་མྱོས་པར་སྤྱོད། ལ་ལར་གཏི་མུག་མི་ཤེས་རྨོངས་པ་མེད་པར་སྟོན། ལ་ལར་ཞེ་སྡང་དྲག་ཏུ་རྔམ་པར་ཕྱེད། ལ་ལར་བདེ་ཞིང་ཐམས་ཅད་ཀུན་གྱི་སྲོག་འབྱིན་བྱེད། ལ་ལར་སློངས་མོ་བྱེད་ཅིང་མ་སྦྱིན་པར་སྤྱོད། ལ་ལར་རྒྱལ་པོ་ཆེན་པོའི་ཆ་ལུགས་སྤྱོད་ཅིང་ཀུན་ལ་དབང་བསྒྱུར་ཚུལ། ལ་ལར་གཅེར་བུ་དྲི་མ་ཅན་ཡུལ་ཁམས་ཀུན་དུ་རྒྱུ་ཞིང་ཉམས་ང་མེད་པར་སྤྱོད། ལ་ལར་དག་པ་གཙང་སྦྲ་ཅན། དགེ་སློང་དགེ་ཚུལ་ཉན་རང་ཚུལ་དུ་སྤྱོད། ལ་ལར་ཅུང་ཟད་ཙམ་གྱི་ཟས་སྐོམ་ཚོགས་རྣམས་དགག་པར་སྟོན། ལ་ལར་མང་པོ་ཟོས་ཀྱང་འགྲངས་པ་མེད། །ས་རྡོ་རི་བྲག་མེ་ལ་སོགས་པ་རྣམས། །ཐམས་ཅད་དགག་སྒྲུབ་མེད་པར་ཟ་བར་བྱེད། །ལ་ལར་ངོ་ཚ་བག་མེད་སྤང་ཞིང་གཙང་སྦྲའི་ཚུལ་འཁྲིམས་བསྲུང་བར་སྤྱོད། ལ་ལར་ངོ་ཚ་བག་མེད་སྣ་ཚོགས་ཅིར་ཡང་འཇིག་རྟེན་པ་དང་མི་མཐུན་པར་སྤྱོད་པ་བྱེད། ལ་ལར་ཤོ་དང་རྒྱན་ལ་སོགས་པ་འགྱེད་ཅིང་འཁྲུག་རྩོད་འཐབ་མོ་བྱེད་ཚུལ་སྟོན། ལ་ལར་ལྐུགས་པ་སྨྲ་བརྗོད་སྣང་ལ་ལར་ཅ་ཅོ་སྣ་ཚོགས་སྒྲོག་ཅིང་འཕྱོང་རྒྱུག་སྣ་ཚོགས་བྱེད་པར་འགྱུར། ལ་ལར་གཙང་ཙོག་མེད་ཅིང་དྲི་ཆེན་དྲི་ཆུ་མི་གཙང་སྣ་ཚོགས་རྣམས་ཟ་བར་བྱེད། ལ་ལར་བྲམ་ཟེའི་སྤྱོད་པ་གཙང་སྦྲ་སྟོན་ལ་ལར་འོ་མ་འཐུང་ཟས་གཅིག་དཀར་གསུམ་ཀྲྀ་ཡའི་སྤྱོད་པ་བྱེད། ལ་ལར་ལོངས་སྤྱོད་ཆེན་པོའི་ཚོགས་ལྡན་ཅིང་། ཚོགས་བསགས་སྦྱིན་པ་སྣ་ཚོགས་གཏོང་ཚུལ་སྟོན། ལ་ལར་ཆོམས་རྐུན་ཚོགས་དང་བཅའ་ཞིང་

(༥༢༡)ཐམས་ཅད་འཕྲོག་ཅིང་རུང་བར་སྤྱོད། ལ་ལར་ངུ་ཞིང་ཆོ་ངེས་སྣ་ཚོགས་འདེབས་པར་སྟོན། ལ་ལར་རྒོད་ཅིང་གར་དང་རོལ་མོ་སྣ་ཚོགས་བྱེད་ཅིང་ཐམས་ཅད་དགའ་བར་སྤྱོད། ལ་ལར་ཆང་བཞིན་ར་རོ་ཞིང་། །ཐམས་ཅད་འགྲོ་བ་འདུལ་བར་སྟོན། ལ་ལར་ཐོད་པ་ཁ་ཊྭཱཾ་དུར་ཁྲོད་ཆས་ཀྱིས་བརྒྱན་ཞིང་གྲོང་ཁྱེར་ཀུན་དུ་རྒྱུ་ཞིང་རང་དབང་མེད་པར་ཐམས་ཅད་གཡོ་ཞིང་འགུལ་བར་སྟོན། ལ་ལར་གཏུམ་ཞིང་སྟོབས་ཆེན་གཟུགས་སུ་སྟོན། ལ་ལར་ཆོས་ཉན་པ་དང་ཆོས་འཆད་ཅིང་། ཡུལ་ཁམས་ཐར་པ་འདྲེན་ཚུལ་སྟོན། ལ་ལར་ཐམས་ཅད་སྒྱུ་མ་ལྟ་བུར་སྟོན་ཅིང་སྒྱུ་བྲལ་ཆས་དངོས་པོ་ཨ་མཐས་ཞེན་པར་སྟོན། ལ་ལར་བྱིས་པའི་གཟུགས་སུ་སྟོན། ལ་ལར་རྒན་པོ་མོ་མང་འཆི་མེད་དང་། ལ་ལར་སྨད་འཚོང་མའི་གཟུགས་འདོད་པ་སྣ་ཚོགས་སྤྱོད་ཅིང་འདོད་པ་མེད་པའི་ཚུལ་དུ་སྤྱོད། སེར་སྣ་མེད་ཅིང་སྦྱིན་པ་སྣ་ཚོགས་གཏོང་ཚུལ་སྟོན། ལ་ལར་བྱོལ་སོང་ལ་སོགས་ངན་སོང་གསུམ་གྱི་གཟུགས་སུ་སྟོན་ཅིང་སྤྱོད། ལ་ལར་ལྷའི་བུ་དང་བུ་མོར་འཁོར་བསྒྱུར་རྒྱལ་པོ་སྣ་ཚོགས་གཟུགས་སུ་སྟོན་ཅིང་སྤྱོད་པ་དང་། །གདུལ་བྱ་དག་པའི་སྣང་བ་ལ། ཞི་ཁྲོ་རབ་འབྱམ་རྣམ་འཕྲུལ་གཟུགས་སྐུ་སྣ་ཚོགས་སྟོན་ཅིང་སྐད་ཅིག་ཙམ་གྱིས་སྨིན་གྲོལ་མཛད། དེ་ལྟ་བུའི་ཤུགས་འབྱུང་གི་སྤྱོད་པ་ལ་རང་དབང་ཐོབ་ཅིང་། རྩོལ་སྒྲུབ་མེད་པ་ནི། སྐུ་བཞི་ངོ་སྤྲོད་ཀྱི་དོན་རྟོགས་ཤིང་། རང་བྱུང་ཡི་གེ་ལྔ་དང་། ཡི་གེ་འཁོར་ལོ་རྫོགས་ཆེན་དཔའ་བོ་མཁའ་འགྲོའི་ཚོགས་དང་ཐ་དད་མེད་པའི་རླུང་སེམས་གཉིས་ལ་རྩལ་

(༥༢༢)རྫོགས་པ་ལ། རྣལ་འབྱོར་བླ་མེད་རང་བྱུང་རྡོ་རྗེའི་སྤྱོད་དུ་མེད་པའི་ཤུགས་འབྱུང་ལ་སྤྱོད། སྤྱོད་པས་འཇིག་རྟེན་ཀུན་ཁྱབ་ཅིང་། སྐུ་བཞི་ངོ་སྤྲོད་རང་བྱུང་ཡི་གེ་རྩལ་རྫོགས་ཁྱད་ཆོས་འབྲས་བུ་ཏེ། ཕྱག་རྒྱ་ཆེན་པོ་ཐིག་ལེ་previous hit དགོངས ་ལུང་བསྟན་པ་ལས། དེའི་རྣལ་འབྱོར་དབང་ཕྱུག་ནི། རང་དབང་གིས་ནི་ཀུན་དུ་སྤྱོད། །གཞན་དབང་གང་དང་གང་གིས་སྤྱོད། དགག་ཅིང་འགོགས་སུ་མེད་པ་ཡིན། གསུངས་པའི་ཕྱིར་ན། ད་ལྟ་སེམས་ལ་དབང་ཐོབ་ཀརྨ་པ། རླུང་སེམས་རྩལ་རྫོགས་ཀརྨ་པ། སྣ་ཚོགས་ཅིར་ཡང་སྟོན་ཞིང་ཐམས་ཅད་བྱིན་གྱིས་བརླབས། ངོ་སྤྲོད་ཤུགས་འབྱུང་སྤྱོད་པ་སྣ་ཚོགས་པ། ཡུལ་ཁམས་ཀུན་དུ་ཁྱབ་པར་འབྱུང་བའི་གནད་དང་གདམ་ངག་འདི་རྣམས་ཡིན་པ་སྐལ་ལྡན་གདུལ་བྱ་རྣམས་ཀྱི། གདམ་ངག་གཞུང་བཞིན་དུ་སྟོན་ཅིང་དམ་བཅའ་བཞག་ནས། རྟགས་ཤུགས་འབྱུང་སྤྱད་པ་འདི་རྣམས་ལ་རབ་འབྲིང་མཐའ་མ་མ་བྱུང་གི་བར་དུ་སྒྲུབ་ཏུ་ཆུག་དང་། ཕྱི་ནང་གསང་གསུང་དེ་ཁོ་ན་ཉིད་ཀྱི་རང་བྱུང་དཔའ་བོ་མཁའ་འགྲོ་ལ་དབང་ཐོབ་པའི་མ་ཧཱ་མུ་ཏྲ་ཀརྨ་པ་ཡིས་བྱིན་གྱིས་བརླབ་ཅིང་གྲུབ་རྟགས་སྣ་ཚོགས་ཐོན་པར་དག་བསྐུར་བ་སྟེ། ཁྱེད་རྣམས་བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་གསོལ་བ་འདེབས་ཤིང་དབང་རླུང་སེམས་ལ་དབང་ཐོབ་ཤུགས་འབྱུང་སྤྱོད་པ་འདི་རྣམས་ཀུན་ལ་འབྱུང་བར་འགྱུར་རོ། །ཤུགས་འབྱུང་སྤྱོད་པ་འདི་རྣམས་མ་བྱུང་བར་དུ། ཐོ་ཆོ་མུ་ཆོ་ཚུལ་ཆོས་སྤྱོད་པ་བྱས་ན། བདག་གཞན་གྱི་ཕུང་འདྲེར་འགྱུར་ཞིང་། སེམས་ཅན་རྣམས་ཀྱི་སྡིག་རྟེན་གྱུར་ན། དམ་ཅན་རྒྱ་མཚོས་སྲོག་གཅོད་ཅིང་ངན་སོང་གསུམ་དུ་ལྟུང་བར་ཀུན་གྱིས་