Nitartha Digital Library
Tibetan
དབུ་མ་ལ་འཇུག་པའི་རྣམ་བཤད་དཔལ་ལྡན་དུས་གསུམ་མཁྱེན་པའི་ཞལ་ལུང་


  collapse section
   
   
   
   
   
   
   
   
   
  expand section
   
   
   
སེམས་བསྐྱེད་དགུ་པ་ལེགས་པའི་བློ་གྲོས།
   
   
   
   
   


 
previousསེམས་བསྐྱེད་དགུ་པ་ལེགས་པའི་བློ་གྲོས།next

སེམས་བསྐྱེད་དགུ་པ་ལེགས་པའི་བློ་གྲོས།


K800_Page_728
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་པ་ནི། དགུ་པ་ལ་ནི་དེའི་སྟོབས་ལྟ་ཞིག་མཐའ་དག་རྫོགས་པར་དག་འགྱུར་ཞིང༌།།དེ་བཞིན་ཡང་དག་རིག་ཆོས་རང་གི་ཡོན་ཏན་ཡོངས་སུ་དག་པའང་འཐོབ། །བྱང་སེམས་ས་དགུ་པ་འདི་ལ་ནི་སེམས་དཔའ་དེའི་སྟོབས་ཀྱི་ཕར་ཕྱིན་ལ་ལྟ་ཞིག་བརྟགས་པ་དང་སྒོམ་པས་མཐའ་དག་རྫོགས་པར་ཆེས་ཡོངས་སུ་དག་པར་འགྱུར་ཞིང༌། དེ་བཞིན་དུ་སོ་སོ་ཡང་དག་པར་རིག་པའི་ཆོས་རང་གི་ཡོན་ཏན་ཡོངས་སུ་དག་པ་བཞི་ཡང་ཐོབ་སྟེ། ཆོས་དང༌། དོན་དང༌། ངེས་པའི་ཚིག་དང༌། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །དང་པོས་ནི་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་རབ་ཏུ་ཤེས་སོ། །གཉིས་པས་ནི་ཆོས་ཐམས་ཅད་ཀྱི་རྣམ་པ་དབྱེ་བ་རབ་ཏུ་ཤེས་སོ། །གསུམ་པས་ནི་ཆོས་རྣམས་མ་འདྲེས་པར་སྟོན་པ་རབ་ཏུ་ཤེས་སོ། །བཞི་པས་ནི་ཆོས་རྣམས་ཀྱི་མཐུན་པའི་རྒྱུ་མཚན་དྲི་བ་ལ་ལན་འདེབས་པ་ཆད་པ་མེད་པ་ཉིད་རབ་ཏུ་ཤེས་སོ། །དབུ་མ་ལ་འཇུག་པ་ལས། སེམས་བསྐྱེད་པ་དགུ་པའོ། །དབུ་མ་ལ་འཇུག་པ་ལས། ལེགས་པའི་བློ་གྲོས་ཞེས་བྱ་བ་སེམས་བསྐྱེད་པ་དགུ་པའི་བཤད་པའོ།། །།


previousསེམས་བསྐྱེད་དགུ་པ་ལེགས་པའི་བློ་གྲོས།next