Nitartha Digital Library
Tibetan
དབུ་མ་ལ་འཇུག་པའི་རྣམ་བཤད་དཔལ་ལྡན་དུས་གསུམ་མཁྱེན་པའི་ཞལ་ལུང་


  collapse section
   
   
   
   
   
   
   
   
   
  expand section
   
   
   
   
   
   
འབྲས་བུ་སངས་རྒྱས་ཀྱི་ས་བཤད་པ།
   
   


 
previousའབྲས་བུ་སངས་རྒྱས་ཀྱི་ས་བཤད་པ།next

འབྲས་བུ་སངས་རྒྱས་ཀྱི་ས་བཤད་པ།


K800_Page_735
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ། གནས་གང་དུ་བྱང་ཆུབ་བརྙེས་པ་དང༌། ཚུལ་ཇི་ལྟར་བྱང་ཆུབ་པ་དང༌། བྱང་ཆུབ་པའི་ངོ་བོ་སྐུའི་རྣམ་གཞག་དང༌། བྱང་ཆུབ་གཅིག་ལ་གསུམ་དུ་བསྟན་པ་དགོངས་པ་ཅན་དུ་བཤད་པ་དང༌། བྱང་ཆུབ་པ་དང་(༣༥༨བ)


K800_Page_736
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པའི་དུས་བསྟན་པ་དང་ལྔ། དང་པོ་ནི། གང་ཕྱིར་ནམ་མཁའ་དྲི་མ་མེད་ལ་ཟླ་སྣང་གསལ་བར་འགྱུར་བའི་ཕྱིར། །སྔོན་ཚེ་སྟོབས་བཅུ་བསྐྱེད་པའི་ས་ལ་ཁྱོད་ཀྱིས་སླར་ཡང་འབད་གྱུར་ཞིང༌།།འོག་མིན་དུ་ནི་གང་གི་དོན་དུ་འབད་གྱུར་གོ་འཕང་མཆོག་ཞི་བ། །ཡོན་ཏན་མཐའ་དག་མཐར་ཐུག་མཚུངས་པ་མེད་དེ་ཁྱོད་ཀྱིས་བརྙེས། །གང་གི་ཕྱིར་ནམ་མཁའ་དྲི་མ་མེད་པ་ལ་ཟླ་བ་ཉ་གང་བ་སྣང་བས་མུན་པ་སེལ་བས་འགྲོ་བ་མ་ལུས་པ་གསལ་བར་འགྱུར་བའི་ཕྱིར་སྣང་བར་བྱེད་ནུས་པ་དེ་བཞིན་དུ་སྔོན་སངས་རྒྱས་ཀྱི་ཆོས་འཐོབ་བྱེད་ལ་གེགས་བྱེད་ཀྱི་མུན་པ་སྦྱང་བར་མཛད་པས་ས་བཅུ་བརྙེས་པའི་ཚེ། བདག་ཉིད་སངས་རྒྱས་ཀྱི་ཆོས་མངོན་དུ་བྱ་ནུས་པར་མཁྱེན་ནས་སྟོབས་བཅུ་བསྐྱེད་པའི་སངས་རྒྱས་ཀྱི་ས་ལ་བཅོམ་ལྡན་འདས་ཁྱོད་ཀྱིས་སླར་ཡང་འབད་པར་གྱུར་ཅིང༌། གང་གི་་དོན་དུ་འབད་པར་གྱུར་པའི་གོ་འཕང་མཆོག་བླ་མེད་ཀྱི་ཡེ་ཤེས་དེ་ཡང་འོག་མིན་དུ་ནི་བཅོམ་ལྡན་འདས་ཁྱོད་ཀྱིས་བརྙེས་ལ། ཡེ་ཤེས་དེ་ནི་སྤྲོས་པ་མ་ལུས་པ་ཞི་བ་དང་སྟོབས་སོགས་ཡོན་ཏན་མཐའ་དག་མཐར་ཐུག་ཅིང༌། དེའི་གོང་ན་གོ་འཕང་གཞན་མེད་པའི་ཕྱིར་མཚུངས་པ་མེད་པའོ། །འདིའི་འོག་མིན་ལ་མདོ་སྡགས་ཀྱི་གསུང་རབ་དང་དེའི་དགོངས་འགྲེལ་རྣམས་སུ་མི་མཐུན་པ་མང་པོ་འབྱུང་བས་ཁོ་བོས་དགོངས་གཅིག་འགྲེལ་པར་དཔྱད་ཟིན་ལ། ཁྱད་པར་ལང་གཤེགས་ལས་འོག་མིན་འདི་གནས་གཙང་གི་འོག་མིན་དེ་ཡིན་པ་བཀག་སྟེ། དེར༑ གཙང་མའི་གནས་དག་རྣམ་སྤངས་པའི། །འོག་མིན་གནས་ནི་ཉམས་དགའ་བར། །ཡང་དག་རྫོགས་སངས་དེར་སངས་རྒྱས། །སྤྲུལ་པ་པོ་ཞིག་འདིར་འཚང་རྒྱ། །ཞེས་འབྱུང་ལ། ཡང་གཙང་མའི་གནས་མ་ཡིན་པའི་འོག་མིན་དུ་སངས་རྒྱས་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། དེར༑ འདོད་པའི་ཁམས་དང་གཟུགས་མེད་དུ། །སངས་རྒྱས་རྣམ་པར་འཚང་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱོད་འཚང་རྒྱའོ། །ཞེས་འབྱུང་བ་(༣༥༩ན)


K800_Page_737
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས། ལོ་ཆེན་སྐྱབས་མཆོག་བཟང་པོ་ན་རེ། ལང་གཤེགས་ཀྱི་ལུང་དེ་དག་ལ་དཔགས་ན་གཙང་མའི་གནས་མ་ཡིན་པའི་གཟུགས་ཁམས་ཀྱི་འོག་མིན་གཞན་ཞིག་ཡོད་པར་གསལ་བ་ལས་འོས་མེད། ཅེས་གསུངས་པ་ལ། གཟུགས་ཁམས་ན་གཙང་གནས་ཀྱི་འོག་མིན་དེ་མ་ཡིན་པའི་འོག་མིན་ཇི་ལྟར་ཡོད་ཅེས་གསུང་རབ་ཀྱི་ཁུངས་རྒྱ་ཆེར་བཙལ་བར་བྱའོ། །གཉིས་པ་ལ། དངོས་དང༌། རྩོད་པ་སྤང་བ་གཉིས། དང་པོ་ནི། ཇི་ལྟར་སྣོད་ཀྱི་དབྱེ་བས་མཁའ་ལ་དབྱེ་བ་མེད་དེ་ལྟར། །དངོས་བྱས་དབྱེ་བ་འགའ་ཡང་དེ་ཉིད་ལ་མེད་དེ་ཡི་ཕྱིར། །རོ་མཉམ་ཉིད་དུ་ཡང་དག་ཐུགས་སུ་ཆུད་པར་མཛད་གྱུར་ན། །མཁྱེན་བཟང་ཁྱོད་ཀྱིས་སྐད་ཅིག་གིས་ནི་ཤེས་བྱ་ཐུགས་སུ་ཆུད། །ཇི་ལྟར་བུམ་པ་དང་གཞོང་པ་སོགས་སྣོད་ཀྱི་དབྱེ་བ་ཐ་དད་མི་སྒྲིབ་པར་འདྲ་བས་དེའི་ནང་གི་ནམ་མཁའ་ལ་དབྱེ་བ་ཐ་དད་པ་མེད་པ་དེ་ལྟར་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་དངོས་པོ་འཇིག་རྟེན་པ་དང༌། གྲུབ་མཐའ་སྨྲ་བ་རྣམས་ཀྱིས་ངོ་བོ་ཉིད་དང༌། ཁྱད་པར་སྣ་ཚོགས་སུ་སྒྲོ་བཏགས་པས་བྱས་པའི་དབྱེ་བ་ཐ་དད་རྣམས་སུ་བཏགས་ཀྱང༌། དེ་ཁོ་ན་ཉིད་སྐྱེ་མེད་ལ་ནི་ཐ་དད་འགའ་ཡང་མེད་པ་དེའི་ཕྱིར་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་བྱིས་པ་རྣམས་ཀྱི་ངོ་ཁྱད་དུ་སྒྲོ་བཏགས་ཀྱི་སྤྲོས་པས་དབེན་པར་རོ་མཉམ་ཉིད་དུ་ཡང་དག་པར་ཐུགས་སུ་ཆུད་པར་མཛད་གྱུར་ནས། དེའང་མཁྱེན་བཟང་ཁྱོད་ཀྱི་མཁྱེན་པ་སྐད་ཅིག་གཅིག་གིས་ནི་ཤེས་བྱ་མ་ལུས་ཐུགས་སུ་ཆུད་དེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་སོ། །སངས་རྒྱས་ཀྱི་ཡེ་ཤེས་འདི་ལྟར་འཇོག་པ་ནི་འཇིག་རྟེན་ཀུན་རྫོབ་རྟེན་འབྲེལ་དང་མཐུན་པར་སྨྲ་བ་དག་གིས་མ་དཔྱད་པའི་ངོར་ཇི་ལྟར་འཇོག་ལུགས་འཁྲུལ་པ་མེད་པ་ཡིན་ཏེ། རྟེན་འབྲེལ་སྨྲ་བའི་གཞན་གྲགས་ལ་སྒྲོ་སྐུར་ཅུང་ཟད་ཀྱང་མེད་པར་སྨྲས་པའི་ཕྱིར། དེ་ལྟར་ནའང་ཕྱི་རོལ་པ་དང༌། རང་སྡེ་བྱེ་སྨྲ་ནས་རང་རྒྱུད་པའི་བར་འདོད་པའི་ཐམས་ཅད་མཁྱེན་(༣༥༩བ)


K800_Page_738
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཤེས་བྱ་ཐམས་ཅད་མཁྱེན་ཚུལ་དང་མཐུན་པའི་གནས་སྐབས་ནི་ཡེ་མེད་དེ། དེ་དག་གི་ཤེས་བྱ་ཐམས་ཅད་མཁྱེན་ཚུལ་ནི་འཇིག་རྟེན་ཀུན་རྫོབ་རྟེན་འབྲེལ་དང་མཐུན་པར་མ་དཔྱད་པའི་ཐ་སྙད་དུའང་མི་འགྲུབ་ལ། དེ་མི་འགྲུབ་པས་དེ་འདྲ་མཁྱེན་ཚུལ་དེ་རྟེན་འབྲེལ་སྨྲ་བའི་གཞན་གྲགས་ཀྱི་རིགས་པས་དཔྱད་པ་ན་འགར་ཡང་བསྒྲུབ་མི་ནུས་པའི་ཕྱིར་རོ། །འོ་ན་ཐལ་འགྱུར་བས་རང་ལུགས་ཀྱི་ཤེས་བྱ་མཁྱེན་ཚུལ་མི་འཇོག་ཅིང༌། གཞན་ངོར་མཁྱེན་ནོ་ཞེས་གཞན་གྲགས་ཀྱི་མཁྱེན་པར་བརྗོད་ཚེ་ཇི་ལྟར་རྗེས་བརྗོད་དུ་བྱེད་སྙམ་ན། འཇིག་རྟེན་ཀུན་རྫོབ་རྟེན་འབྲེལ་དང་མཐུན་པར་སྨྲ་བའི་མ་དཔྱད་གྲགས་ངོའི་རྗེས་བརྗོད་ཐུན་མོང་མིན་པ་ཞིག་དང༌། འཇིག་རྟེན་ཀུན་རྫོབ་རྟེན་འབྲེལ་དང་མི་མཐུན་པར་སྨྲ་བའི་མ་དཔྱད་གྲགས་ངོའི་རྗེས་བརྗོད་ཐུན་མོང་བ་ཞིག་སྟེ་གཉིས་ཀའང་གདུལ་བྱའི་ངོར་བརྗོད་པའམ་འདོན་པར་བྱེད་དེ། དང་པོ་ལྟར་ན། བཅོམ་ལྡན་འདས་ཀྱི་ཆོས་ཐམས་ཅད་ཀྱི་གནས་ལུགས་དང༌། སྤྲོས་པ་དང༌། མཚན་མ་ཐམས་ཅད་གདོད་ནས་ཉེ་བར་ཞི་བ་དེ་ལ། དེ་ལྟར་ཡང་ཡང་གོམས་པས་ཆོས་ཐམས་ཅད་ལ་སྤྲོས་པའི་མཚན་མ་མངོན་གྱུར་ས་བོན་བག་ཆགས་བག་ཉལ་ཐ་སྙད་དུའང་ཉེ་བར་ཞི་བའི་དུས་དེ་ཉིད་ལ་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པ་དང་བྱང་ཆུབ་པའི་ཡེ་ཤེས་བརྙེས་ཞེས་བརྗོད་པ་ཡིན་ཏེ། དེར་ཤེས་བྱ་ཐམས་ཅད་ལ་མ་རྟོགས་པ་དང༌། ལོག་པར་རྟོག་པ་དང༌། ཐེ་ཚོམ་ཐམས་ཅད་སྤངས་པའི་ཕྱིར་དང༌། ཆོས་ཐམས་ཅད་ཀྱི་ཡིན་ལུགས་དང༌། ཡེ་ཤེས་ཀྱི་རྟོགས་ཚུལ་གཉིས་གཉིས་སུ་མེད་ཅིང་དབྱེ་བར་མི་ནུས་པའི་ཕྱིར་དང༌། དེ་ལས་རྟོགས་པ་གོང་དུ་(༣༦༠ན)


K800_Page_739
[མ་དཔེ་གཟིགས་ན་འདིར་གནོན།]

བོགས་དབྱུང་དུ་མེད་པའི་ཕྱིར། དེ་ལྟར་ན་སངས་རྒྱས་ལ་དེ་འདྲའི་ཡེ་ཤེས་དང་བློ་ནི་ཡོད་ལ། དེ་ལྟའི་མཁྱེན་པ་བརྙེས་པ་དེས་རིག་བྱ་དང་རིག་བྱེད་རིག་པ་ལ་སོགས་པ་འཁོར་གསུམ་གྱི་སྒོ་ནས་མཁྱེན་རིག་ཤེས་པ་ནི་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བའི་གཞན་གྲགས་བརྗོད་པ་པས་ཀྱང་མི་འདོད་ལ། དེ་ལྟར་ཡང་དགོས་པའི་དབང་གིས་རྗེས་རྗོད་བྱེད་དེ། ཕྱི་ནང་གི་རྟོག་གེ་དང༌། རང་རྒྱུད་པ་དག་གི་ཀུན་མཁྱེན་གྱིས་མཁྱེན་ཚུལ་ལ་ལོག་རྟོག་འགོག་པ་ན་ཐ་སྙད་དུ་དེ་ཙམ་ལས་གཞན་སྨྲ་ཐབས་མེད་པའི་ཕྱིར། དབུ་མ་རང་ལུགས་ཀྱི་ཐུན་མོང་མིན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཤིག་ནི་ཡོད་མེད་གང་དུའང་བརྗོད་བྱར་མ་དམིགས་ལ། དཔྱད་ན་གཞན་ལུགས་ཀྱི་ཤེས་བྱ་མཁྱེན་ཚུལ་ནི་བདེན་པ་གཉིས་ཀར་མི་འགྲུབ་པས་འགོག་པའི་སྐབས་འདིར་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བའི་མཁྱེན་ཚུལ་ཐ་སྙད་དུ་མ་དཔྱད་པར་བརྗོད་པའི་རྗེས་ཟློས་སུ་བྱས་པ་དེ་ཙམ་ཞིག་ལས་གཞན་དུ་སྨྲ་ཐབས་མ་རྙེད་པའི་ཕྱིར། གཉིས་པ་ལྟར་ན། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཟག་པ་དང་བཅས་མ་བཅས་འདུས་བྱས་མ་བྱས་ཀྱི་ཤེས་བྱ་དངོས་པོ་རྫས་བཏགས་ཀྱི་ངོ་བོར་གྲུབ་པ་ལ་ཇི་ལྟ་བ་བདག་མེད་གཉིས་དང༌། ཇི་སྙེད་པ་བདེན་གཉིས་ཀྱི་ཆོས་དེ་སྙེད་ཀྱི་ངོ་བོ་དབྱེ་བ་སོགས་ལ་སྒྲིབ་བྱེད་ཀྱི་སྒྲིབ་པ་ལས་གྲོལ་བ་ན་དེར་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱ་བའམ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ཞེས་བརྗོད་དེ། དེར་ཐམས་ཅད་མཁྱེན་པ་ལ་སྒྲིབ་བྱེད་ཀྱི་མ་རིག་པའི་གཉིད་སངས་ཤིང་ཤེས་བྱ་ཐམས་ཅད་ཁོང་དུ་ཆུད་པའི་བློ་རྒྱས་བྱེད་ཀྱི་ཚོགས་གཉིས་ཀྱི་བྱེད་པ་ཡོངས་སུ་རྫོགས་(༣༦༠བ)


K800_Page_740
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ཞེས་རང་གི་སྡེ་པ་ལ་གྲགས་ཤིང༌། དེའང་རྣམ་རྫུན་པ་ཡུལ་ཡུལ་ཅན་ཐ་དད་པའི་མཁྱེན་པ་ཡོད་པ་མིན་ཀྱང་གཉིས་མེད་ཀྱི་ཡེ་ཤེས་རང་ཉིད་ཀྱིས་རང་ཉིད་མཁྱེན་པར་འདོད་པ་དང༌། རང་རྒྱུད་པའི་སློབ་དཔོན་ཁ་ཅིག་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་དང༌། འཁོར་གསུམ་དུ་དམིགས་པའི་རྟོག་མེད་དང་རྟོག་པའི་མཁྱེན་པ་ཡོད་ཅིང༌། དེ་ལྟར་ཡོད་ཀྱང་དེ་ལྟར་བཟུང་བ་དང་འཛིན་པ་ལྟར་བདེན་པའི་སྤྲོས་པ་དང་བཅས་པའི་གཟུང་འཛིན་གྱི་སྣང་ཞེན་དང་བྲལ་ཞིང༌། དེ་ལྟར་སྣང་ཞེན་གྱི་ཆ་ཐམས་ཅད་འཁྲུལ་པར་ཡང་རྟོགས་པའི་ཕྱིར། ཀུན་མཁྱེན་ཡེ་ཤེས་འཁྲུལ་པ་དང་སྒྲིབ་པར་ཡང་མི་འགྱུར་རོ་ཞེས་པ་དང༌། ཡང་རང་རྒྱུད་པའི་སློབ་དཔོན་ཁ་ཅིག་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་ལྟ་ག་ལ་ཞིག ཡུལ་ཡུལ་ཅན་དང་དེ་རིག་པའི་མཁྱེན་པ་འཁོར་གསུམ་དུ་དམིགས་པའི་རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་མེད་ཀྱང་ཐ་སྙད་ཙམ་དུ་དངོས་པོའི་ཆོས་ཉིད་ཀྱིས་བཞག་པའི་ཡུལ་ཙམ་ཡུལ་ཅན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་མཁྱེན་བྱ་བ་ཙམ་ཞིག་གི་ཐ་སྙད་བྱེད་ཅིང༌། དེའི་ཡུལ་དང་ཡུལ་ཅན་ཡང་གཅིག་ཐ་དད་གང་དུ་གྲུབ་ཅེས་དོན་དམ་པར་དཔྱད་ན་གཉིས་ཀར་མི་འགྲུབ་ཀྱང་ཐ་སྙད་དུ་ཐ་དད་པར་ཡོད་ལ། དེར་ཡོད་ཀྱང་མཁྱེན་པ་དེ་ལ་ནི་གཅིག་ཐ་དད་གང་གི་འང་སྣང་ཞེན་གྱི་སྒོ་ནས་ཡུལ་ཡུལ་ཅན་དུ་བཞག་པ་མིན་ཏེ། བཞག་ན་ཀུན་མཁྱེན་ཡེ་ཤེས་གཅིག་དང་ཐ་དད་ཀྱི་སྤྲོས་པ་དང་མ་བྲལ་བའི་ཕྱིར་ཞེས་ཤེས་བྱ་འཇིག་རྟེན་ཀུན་རྫོབ་བདེན་པ་རྟེན་འབྲེལ་སྒྲ་ཇི་བཞིན་པར་སྨྲ་བ་དང་མི་མཐུན་པར་བརྗོད་པ་དེ་དག་རེ་ཞིག་རྗེས་སུ་བཟུང་བའི་སླད་དུ་དེ་དག་གི་རྗེས་ཟློས་ཀྱང་བྱེད་དེ། ཕྱི་རོལ་(༣༦༡ན)


K800_Page_741
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། རང་སྡེ་བྱེ་སྨྲ་སོགས་ཀྱི་ཀུན་མཁྱེན་གྱི་མཁྱེན་ཚུལ་ལ་ལོག་རྟོག་བཀག་ནས་ཐ་སྙད་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀུན་མཁྱེན་དུ་སྒྲུབ་པ་ན་དེ་ཙམ་ལས་གཞན་དུ་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བའི་འཇིག་རྟེན་གྱི་གཞན་གྲགས་བརྗོད་པ་ན་ཚུལ་དེ་ལ་བློ་ཕྱིན་ཅི་ལོག་གིས་ལོག་ལྟ་ཆེས་ཆེ་བ་དག་དེ་ལྟར་ན་དངོས་པོ་ཐམས་ཅད་ལ་སྐུར་པ་བཏབ་བོ་ཞེས་འཇིགས་ནས་ཟབ་མོའི་དོན་འདི་འདོར་བར་འགྱུར་བས་ཟབ་མོའི་གནས་འདིར་གཞུག་ཆེད་དེ་ཙམ་དུ་སྨྲ་བ་ལས་འོས་མེད་པའི་ཕྱིར་ཏེ། དབུ་མ་པ་རང་ལུགས་ཀྱིས་གྲུབ་པའི་ཀུན་མཁྱེན་དང༌། དེ་སྒྲུབ་བྱེད་ཀྱི་རིགས་པ་ནི་འགར་ཡང་མེད་ལ། གཞན་གྲགས་ཀྱི་དེར་བརྗོད་ན་འཇིག་རྟེན་རྟེན་འབྲེལ་དང་མཐུན་པར་སྨྲ་བའི་གཞན་གྲགས་དང༌། འཇིག་རྟེན་རྟེན་འབྲེལ་དང་མི་མཐུན་པར་སྨྲ་བའི་གཞན་གྲགས་ཀྱི་རིགས་པ་གཉིས་ཀྱིས་དེར་བརྗོད་པ་ལས་གཞན་གྲགས་མེད་ཅིང༌། གཞན་གྲགས་སྔ་མས་དེར་བརྗོད་ན་ནི་གདུལ་བྱ་དེ་ཡང་དག་པའི་དབུ་མའི་བསྟན་པ་འདི་ལ་མི་འཇུག་པའི་ཉེན་ཡོད་ལ། དེ་ལྟའི་ཚེ་གཞན་གྲགས་ཕྱི་མ་ལ་གནས་ནས་བརྗོད་པ་ལས་ཐབས་གཞན་མ་རྙེད་པས་དེར་བརྗོད་པ་ཡིན་ལ། དེ་ལས་གཞན་དུ་རང་རྒྱུད་པ་སོགས་ཀྱི་ལུགས་དེ་དཔྱད་པས་དག་པར་མཐོང་ནས་སྐབས་དེར་རྗེས་ཟློས་བྱས་པ་མ་ཡིན་པའི་ཕྱིར། ཚུལ་འདིས་ཕྱི་རོལ་པ་སོགས་གདུལ་བྱ་འགའ་ཞིག་གི་ངོར་རང་སྡེ་བྱེ་སྨྲའི་ལུགས་ཇི་ཙམ་གྱི་ཀུན་མཁྱེན་མཁྱེན་ཚུལ་ཙམ་ཞིག་གི་རྗེས་བརྗོད་བྱས་ནས་ཕྱི་རོལ་པས་ཀུན་མཁྱེན་མེད་པར་འདོད་པ་དང༌། ཡོད་པར་འདོད་ཀྱང་སྲིན་བུ་ཕྲ་མོ་གྲངས་མེད་མཁྱེན་པས་ཤེས་བྱ་ཀུན་(༣༦༡བ)


K800_Page_742
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པར་སྨྲ་བ་འགོག་པའི་ཚུལ་ཀྱང་འདི་ཁོ་ན་ལྟར་ཁས་བླངས་ཏེ་བརྗོད་པར་བྱའོ། །འོ་ན་དབུ་མ་པ་རང་ལུགས་ཀྱི་རིགས་པས་དཔྱད་ནས་རྫོགས་སངས་ལ་ཡེ་ཤེས་ཡོད་མེད་ཇི་ལྟར་སྙམ་ན། ཡེ་ཤེས་ཡོད་མེད་གང་དུའང་བརྗོད་པར་བྱ་བ་མ་ཡིན་ཏེ། དེ་ལྟར་ཡོད་མེད་གང་དུ་དཔྱད་ནས་འཇོག་ཀྱང་དེར་མི་འགྲུབ་པའི་ཕྱིར་དང༌། ཡེ་ཤེས་ཡོད་མེད་གང་ལའང་རང་ཉིད་ཞེ་འདོད་མེད་པའི་ཕྱིར་དང༌། ཡེ་ཤེས་ཡོད་མེད་གང་ཡང་བདེན་པ་གཉིས་ཀར་ཡུལ་གྱི་གནས་ཚུལ་དུ་མ་གྲུབ་པའི་ཕྱིར་ཏེ། ཤེས་བྱ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་སུམ་པ་ཡོད་ན་འགྲོ་བ་རིགས་དྲུག་པོ་ལས་ངན་སོ་སོར་བསགས་པའི་དབང་གིས་དམིགས་ཡུལ་གྱི་གཞི་ཁབ་རྩེ་ལྟ་བུ་གཅིག་ཏུའང་ཐུན་མོང་མིན་པར་གཞལ་བྱའི་འཁྲུལ་པ་དམྱལ་བ་ལ་ལྕགས་སྲེག་དང༌། ཡི་དྭགས་ལ་མེ་ཚན་གྱི་རེག་བྱ་དང༌། ལྷ་ལ་རྣམ་རྒྱལ་གྱི་ཁང་བཟང་ལ་སོགས་པ་འཆར་ཞིང༌། དེ་ལྟར་འཆར་བའི་ལས་མ་བསགས་པ་གཞན་ལ་འཁྲུལ་སྣང་དེ་ལྟ་བུ་མི་འཆར་བའི་འཁྲུལ་ཆོས་ཀྱི་སྣང་བ་ཐུན་མོང་མིན་པ་དེ་མ་འཁྲུལ་བའི་སྣང་གཞི་ཐུན་མོང་བར་ཐལ། ཀུན་མཁྱེན་ཡེ་ཤེས་ཀྱིས་དམིགས་ཡུལ་གྱི་གཞི་གཅིག་ཏུ་སེམས་ཅན་དེ་དག་གི་གཞལ་བྱ་སོ་སོར་སྣང་བ་དང་མཐུན་པར་འཁྲུལ་མེད་དུ་མངོན་སུམ་གྱིས་གཟིགས་པའི་ཕྱིར། འདོད་ན། ཁབ་རྩེའི་དམིགས་ཡུལ་གཅིག་ཏུ་དམྱལ་བ་ལྕགས་སྲེག་གི་ཁང་པ་དཔག་ཚད་འབུམ་པ་དང་ལྷའི་ཁང་བཟང་དཔག་ཚད་འབུམ་པ་གཉིས་ཀ་ཡོད་པར་འགལ་བ་ལ་མི་འཁྲུལ་བའི་ཚད་མ་ཡོད་པར་འགྱུར་བ་དང༌། འགྲོ་བ་རིགས་དྲུག་གི་འཁྲུལ་སྣང་ཡང་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་གཟིགས་པ་མི་བསླུ་བས་སོ་(༣༦༢ན)


K800_Page_743
[མ་དཔེ་གཟིགས་ན་འདིར་གནོན།]

སོར་སྣང་བ་ལྟར་ཡོད་པར་གཞལ་བས་སྣང་བ་དེ་དག་འཁྲུལ་མེད་ཡང་དག་པའི་བདེན་པ་ཉིད་དུ་འགྱུར་བའམ། (དེ་ལྟར་ན་མ་རིག་པའི་གཉིད་སངས་རྗེས་ཀྱང་འཁྲུལ་པའི་རྨི་ལམ་ཡང་དག་ཏུ་བདེན་པར་ཇི་ལྟར་ཡོད་དུ་བཏུབ། མཆན།( ཡང་ན། གཞལ་བྱ་དེ་ཐམས་ཅད་འཁྲུལ་སྣང་ཡིན་པས་སངས་རྒྱས་ཀྱིས་ཀྱང་དེ་ལྟར་མཁྱེན་ན་མཁྱེན་པ་དེ་འཁྲུལ་པར་འགྱུར་བ་གང་རུང་ལས་མ་འདས་པའི་ཕྱིར། དེ་ལྟར་ཡང་མི་རིགས་སོ། །ཡེ་ཤེས་མེད་ནའང་རྫོགས་སངས་རྒྱས་ཀྱིས་ཤེས་བྱ་ཐམས་ཅད་མངོན་སུ་མཁྱེན་པའི་ཆེད་དུ་ཤེས་སྒྲིབ་སྤངས་པ་དོན་མེད་དུ་འགྱུར་ཏེ། ཤེས་སྒྲིབ་སྤངས་ཀྱང་སངས་རྒྱས་ལ་ཤེས་བྱ་མཁྱེན་པའི་ཡེ་ཤེས་མེད་པའི་ཕྱིར། དེ་ལྟར་འདོད་ནའང་ཐ་སྙད་དུ་ཀུན་མཁྱེན་ཡེ་ཤེས་ལ་སྐུར་འདེབས་སུ་འགྲོ་བས་མི་རིགས་སོ། །འོན་ཏེ་མ་དཔྱད་པར་གཞན་གྲགས་དང་བསྟུན་ཏེ་ཐ་སྙད་བྱེད་པ་ན་སངས་རྒྱས་ལ་ཡེ་ཤེས་ཡོད་པར་འདོད་དམ་མེད་པར་འདོད་ཅེ་ན། འཇིག་རྟེན་ཀུན་རྫོབ་རྟེན་འབྲེལ་དང་མཐུན་པར་མི་སྨྲ་བའི་གཞན་གྲགས་ཀྱི་བརྗོད་པའི་ཀུན་མཁྱེན་ཚུལ་གྱི་མཁྱེན་པ་དེ་ལྟ་བུ་ནི་ཐ་སྙད་མ་དཔྱད་པའི་ངོར་ཡང་ཡོད་པར་མི་སྨྲ་ལ། འཇིག་རྟེན་ཀུན་རྫོབ་རྟེན་འབྲེལ་དང་མཐུན་པར་སྨྲ་བའི་གཞན་གྲགས་ཀྱི་ཀུན་མཁྱེན་ཚུལ་གྱིས་མཁྱེན་པ་དེ་ལྟ་བུ་ནི་ཐ་སྙད་མ་དཔྱད་པའི་ངོར་ཡོད་པར་སྨྲ་སྟེ། རྒྱལ་བའི་སློབ་ལམ་གྱི་སྨོན་ལམ་གྱི་མཐུས་གདུལ་བྱ་བློ་ཡི་མེ་ལོང་དག་ངོར་སྟོབས་སོགས་ཀྱི་ཡེ་ཤེས་ཀྱིས་གདུལ་བྱ་ལ་ཆོས་སྟོན་པ་གཞན་སྣང་ལ་བལྟོས་ནས་འབྱུང་བ་ཐ་སྙད་དུ་དགག་པ་མེད་པའི་ཕྱིར། ཡུལ་ཤེས་བྱ་རང་བཞིན་དང་བྲལ་བ་སྒྱུ་མ་ལྟ་བུ་ལ་ཤེས་བྱེད་རང་བཞིན་མེད་པ་སྒྱུ་(༣༦༢བ)


K800_Page_744
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལྟ་བུ་ཞིག་གིས་ཤེས་སོ་ཁོང་དུ་ཆུབ་བོ་ཞེས་བརྗོད་པ་ལ་འགལ་བ་ཡོད་པ་མ་ཡིན་ཏེ། མ་མཐོང་བའི་དོན་མཐོང་བ་དེ་ཉིད་ལ་ཡང་དག་པའི་དོན་མཐོང་ཞེས་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བ་དག་མ་དཔྱད་པར་བཀག་པ་མེད་པར་ཐ་སྙད་དཔྱད་པའི་ཕྱིར། དཔེར་ན། མེ་ལོང་དུ་ལྷས་བྱིན་གྱི་བྱད་ཀྱི་གཟུགས་བརྙན་མཐོང་བ་ན་མེ་ལོང་དུ་ལྷས་བྱིན་གྱི་བྱད་མཐོང་ངོ་ཞེས་འཇིག་རྟེན་ན་ཐ་སྙད་བྱེད་པ་བཀག་ཏུ་མེད་པ་བཞིན་ནོ། །འོ་ན་སངས་རྒྱས་ལ་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བའི་མ་དཔྱད་པའི་ངོར་ཡེ་ཤེས་ཡོད་དོ། །ཞེས་བརྗོད་པ་དེ་ཤེས་བྱ་རྟེན་འབྲེལ་དང་མཐུན་པའི་གཞན་གྲགས་ཀྱིས་དཔྱད་པ་ན་ཡེ་ཤེས་ཡོད་པ་དེ་ལྟར་དཔྱད་བཟོད་པར་འགྱུར་རམ་ཞེ་ན། དེ་ནི་མ་ཡིན་ཏེ། ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བའི་མ་དཔྱད་པའི་ངོར་ཡེ་ཤེས་ཡོད་པར་ཐ་སྙད་དུ་སྨྲས་པ་དེ་དཔྱད་པ་ན་ཤེས་བྱ་རྟེན་འབྲེལ་དང་མཐུན་པའི་གཞན་གྲགས་ཀྱི་རིགས་པས་དེ་ཐ་སྙད་དུའང་ཡོད་པ་དང་མེད་པ་ཐམས་ཅད་འགོག་ཅིང་འགོག་ནུས་པའི་ཕྱིར་ཏེ། ཡོད་མེད་ལ་སོགས་སྤྲོས་པའི་མཐའ་ཡིན་པའི་ཕྱིར། འོ་ན་དབུ་མ་པ་ཁྱོད་གཞན་གྲགས་ཀྱིས་དཔྱད་པ་ཙམ་ལས་རང་ལུགས་ཀྱིས་ཤིན་ཏུ་དཔྱད་པ་ན་ཇི་ལྟར་འདོད་ཅེ་ན། ཁོ་བོ་དབུ་མ་པ་ནི་བདེན་གཉིས་ཀྱི་ཆོས་ལ་གཞན་དང་གཞན་གྱི་འདོད་པ་གཞན་དང་གཞན་ལ་གྲགས་པའི་རིགས་པ་དང་མི་རིགས་པར་སྨྲ་བའི་སྒོ་ནས་གཞན་གྱིས་བདེན་གཉིས་ལོག་པར་རྟོག་པ་མི་རིགས་པར་སྨྲ་བ་དག་རིགས་པར་སྨྲ་བས་དཔྱད་ནས་འགོག་པ་ཡིན་ལ། དེ་ལས་གཞན་དུ་དབུ་མ་པ་ལ་རང་ལུགས་ཀྱིས་ཤིན་ཏུ་དཔྱད་པ་ན་ཡེ་ཤེས་ཡོད་པ་དང་མེད་པ་འདི་ལྟ་བུའོ་(༣༦༣ན)


K800_Page_745
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འཇོག་བྱང་མེད་དེ། དབུ་མ་པ་ལ་རང་ལུགས་སུ་གྲུབ་པའི་ཆོས་སྨྲ་བསམ་བརྗོད་བྲལ་ཡིན་པས་ཁོ་བོ་ནི་ཡེ་ཤེས་ཡོད་མེད་ཅི་ཡང་མི་སྨྲ་བས་རང་ལུགས་ལ་ཡེ་ཤེས་ཡོད་མེད་ཅི་ཡང་མི་སྨྲ་ཞེས་ཀྱང་མི་སྨྲ་བའི་ཕྱིར། དེས་ན་ཡོད་མེད་གང་དུ་ཡང་སྨྲ་བསམ་མེད་པར་འདོད་པ་དེ་ཁྱོད་དབུ་མ་པའི་རང་ལུགས་སུ་ཐལ་ལོ་ཞེས་དངོས་སྨྲ་བས་འཕུལ་འདོད་བྱེད་པའི་ཀླན་ཀའི་སྐྱོན་ཡང་འཇུག་པ་མ་ཡིན་ནོ། །དེ་ལྟར་ན་དབུ་མ་པ་ཁྱོད་ཅག་ལ་རང་ལུགས་མེད་པའི་ཚུལ་ཐུག་པ་མེད་པར་འགྱུར་ཞིང༌། དེ་ལྟར་ན་ནི་ཁྱོད་ཀྱི་དགག་སྒྲུབ་དང་བླང་དོར་མཐའ་ཡས་པས་ཚོགས་གཉིས་བསགས། སྒྲིབ་གཉིས་སྦྱང་བར་བྱས་སོ་ཅོག་དེ་ཐམས་ཅད་ལ་བློའི་གཏད་རའམ་གཏད་སོ་ཅུང་ཟད་ཙམ་ཡང་ཡོད་པར་མ་སོང་ངོ་ཞེ་ན། ཁོ་བོ་དབུ་མ་པའི་ཕྱོགས་ལ་ཐུག་མེད་དུ་ཡང་མི་འགྱུར་ཏེ། ཁོ་བོ་ཐུག་ཡོད་ལ་འདོད་པ་ཅུང་ཟད་ཙམ་མེད་པས་ཐུག་ཡོད་ཁས་མ་བླངས་པའི་ཕྱིར། ཐུག་མེད་དུ་སྨྲས་པའི་ཉེས་པ་ནི་གང་ཐུག་ཡོད་མཆོག་ཏུ་མཛེས་པར་འདོད་ནས་ཁས་བླངས་པ་དེ་ལ་འགྱུར་གྱི། ཁོ་བོ་ལ་ནི་ཉེས་པ་ཕྲ་རབ་ཙམ་ཡང་ག་ལ་ཡོད། ཁོ་བོ་ཅག་བསགས་སྦྱངས་རབ་ཀྱི་མཐར་ཕྱིན་པ་ན་བདེན་གཉིས་ཀྱི་ཆོས་ལ་ཡིད་ལ་གཏད་སོར་གྱུར་པ་ཅུང་ཟད་ཀྱང་མེད་པ་འདི་ནི་རང་ལུགས་ཀྱི་འདོད་བྱ་མིན་ཀྱང་བལྟོས་བཞག་གི་རྟེན་འབྲེལ་གྱི་ཤེས་བྱའི་གཤིས་ལ་དེ་ལྟར་འབྱུང་ཞིང༌། ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བ་དག་གིས་ཀྱང་ཐ་སྙད་རླུང་ལྟར་གཞན་གྲགས་སུ་བརྗོད་ཀྱིན་སྣང་བ་ཡིན་ཏེ། དཔལ་ཏཻ་ལོ་པ་ཆེན་པོས། ཡིད་ལ་གཏད་སོ་མེད་ན་ཕྱག་རྒྱ་ཆེན་པོ་ཡིན། །དེ་ལ་གོམས་ཤིང་འདྲིས་ན་བླ་མེད་བྱང་ཆུབ་ཐོབ། །(༣༦༣བ)


K800_Page_746
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་དང༌། རྒྱལ་བ་རྒོད་ཚང་པས། དང་པོ་མ་ཡེངས་དྲན་པ་བསྟེན། །བར་དུ་རྩོལ་མེད་ངང་ལ་བཞག །ད་ལྟ་བློ་འདས་དབྱིངས་ལ་འཕྱོ། །ཟད་སར་སྐྱོལ་བའི་རྣལ་འབྱོར་སྐྱིད། །ཅེས་དང༌། འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་གུང་པའི་ཞལ་ནས། རང་སེམས་མངོན་དུ་གྱུར་ཙ་ན། །གྲངས་མེད་གསུམ་ཡང་བརྫུན་པར་གདའ། །དྲང་དོན་ཐེག་པའི་མགོ་སྐོར་ལ། །ཀྭ་བློ་གཏད་འདུག་གམ་མི་འདུག་སོམས། །ཞེས་སོགས་མཐའ་ཡས་པར་འབྱུང་བའི་ཕྱིར། དེས་ན་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བའི་གཞན་གྲགས་དང་བསྟུན་ནས་མ་དཔྱད་ཐ་སྙད་དུ་བྱིས་པ་དང་འཕགས་པ་སློབ་པའི་རྗེས་ཐོབ་ཀྱི་ངོར་ཆོས་ཉིད་དང་སྟོང་ཉིད་དམ་རང་བཞིན་ལ་ཡུལ་དང་མི་རྟོག་པའི་བློ་ལ་དེ་འཇལ་བྱེད་ཀྱི་ཚད་མའི་ཡེ་ཤེས་སུ་སྒྲོ་བཏགས་ནས་སེམས་ཀྱིས་ཤེས་སོ་རྟོགས་སོ་ཞེས་བརྗོད་པ་ཡིན་གྱི། དེའི་ཚེའང་ཤེས་བྱ་རང་བདེན་པ་ཞིག་ཤེས་བྱེད་རང་བདེན་པ་ཞིག་གིས་ཤེས་རྒྱུར་ནི་བྱུང་བ་མ་ཡིན་ཏེ། ཇི་སྐད་དུ། འདིར་ནི་མྱ་ངན་འདས་ཉིད་དང༌། །དྲི་མ་མེད་པར་སེམས་གྱུར་པ། །ཞེས་དང༌། གང་གིས་མཐོང་བར་འགྱུར་ཞེ་ན། །ཐ་སྙད་དུ་ནི་སེམས་ལ་བརྗོད། །ཅེས་འབྱུང་བས་ཤེས་བྱ་དང་ཤེས་བྱེད་ཐམས་ཅད་ཀྱང་རང་བཞིན་གྱིས་མྱ་ངན་ལས་འདས་པ་རང་བཞིན་སྟོང་པ་ཉིད་ལས་གཞན་དུ་འགར་ཡང་མ་གྲུབ་པའི་ཕྱིར། ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བ་དག་མ་དཔྱད་པ་ན་སངས་རྒྱས་ལ་ཡེ་ཤེས་ཡོད་པར་བཞེད་པ་དེ་ལྟའི་སྐབས་སུ་གདུལ་བྱ་གཞན་སྣང་གི་ངོར་སངས་རྒྱས་ལ་སྒྲ་དོན་འདྲེས་འཛིན་གྱི་རྗེས་དཔག་ཚད་མ་ཡང་ཡོད་པར་ཡང་བཞག་སྟེ། སངས་རྒྱས་ཀྱི་མ་འདྲེས་པའི་ཆོས་ལས། ཡེ་ཤེས་ཀྱིས་བསྡུས་པའི་དུས་གསུམ་མ་འདྲེས་(༣༦༤ན)


K800_Page_747
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཁྱེན་པའི་མ་འོངས་པ་ལ་འཇུག་པའི་མཁྱེན་པ་འཆད་པ་ན། གཟུངས་དབང་གི་མདོར། སེམས་གང་གི་འོག་ཏུ་སེམས་གང་འབྱུང་བ་དེ་ཐམས་ཅད་ཀྱང་བགྲང་བའི་ཚུལ་གྱིས་རབ་ཏུ་ཤེས་ཏེ། དེ་ཡང་མངོན་སུམ་གྱིས་ཤེས་པ་དང་རྗེས་སུ་འགྲོ་བའི་ཤེས་པའོ། །དེ་ཡང་དེ་བཞིན་གཤེགས་པའི་སེམས་ཀྱི་རྒྱུད་འདས་པ་བཏང་བ་རྣམས་ཀྱང་དམིགས་སོ། །ཞེས་སོགས་ཀྱི་ལུང་འཇུག་འགྲེལ་དུ་དྲངས་ནས་མ་དཔྱད་གདུལ་བྱ་གཞན་ངོར་སངས་རྒྱས་ལ་མངོན་རྗེས་དང༌། གཟུང་འཛིན་ཅན་གྱི་མཁྱེན་པ་ཡོད་པ་ལྟར་སྣང་ན་ཡང་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་དངོས་པོའི་ཆོས་འགའ་ཡང་ཐ་སྙད་དུ་ཡང་མ་གཟིགས་པ་ལ་གཟིགས་པའི་ཡེ་ཤེས་སུ་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བས་མ་དཔྱད་ཐ་སྙད་དུ་བརྗོད་པ་དེ་ལ་ནི་མངོན་རྗེས་ཀྱི་ཚད་མ་དང་གཟུང་འཛིན་གྱི་ཡུལ་དང་ཡུལ་ཅན་ཐམས་ཅད་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་བརྗོད་པ་ན་ཐ་སྙད་མ་དཔྱད་པར་ཡང་ཡོད་པ་མ་ཡིན་ཞེས་སློབ་དཔོན་ཟླ་བས་མ་འདྲེས་པའི་ཆོས་བཅོ་བརྒྱད་འཆད་པའི་མཇུག་སྡོམ་དུ། འཇུག་འགྲེལ་ལས། དེ་ལ་ནི་གཉིས་ཀྱི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་མེད་ཅིང་གཉིས་སུ་མེད་པ་ལ་འཛུད་པའི་ཕྱིར་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཏོ། །ཞེས་འབྱུང་བའི་ཕྱིར། འོ་ན་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བ་དག་གིས་མ་དཔྱད་ཐ་སྙད་དུ་སངས་རྒྱས་ཀྱི་སར་ཡེ་ཤེས་ཡོད་པར་འདོད་པ་དེའི་རྗེས་བརྗོད་ཁྱོད་དབུ་མ་པས་བྱས་ན་དབུ་མ་པ་ཁྱོད་ཀྱི་རང་ལུགས་ལ་ཡེ་ཤེས་ཡོད་པར་འགྱུར་ཏེ། བདེན་གཉིས་ཀྱི་ཆོས་ཐམས་ཅད་རྟོག་བཞག་གི་རྟེན་འབྱུང་དུ་ནི་དངོས་སྨྲ་བས་མི་འདོད་ལ། ཆོས་ཐམས་(༣༦༤བ)


K800_Page_748
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བལྟོས་ནས་འབྱུང་བའོ་ཞེས་པ་དེ་ཁྱེད་ཅག་དབུ་མ་པས་བསྔགས་པ་ཆེན་པོ་དང་བཅས་ཏེ་རྗོད་པར་བྱེད་པ་ཉིད་ཀྱི་རྟེན་འབྲེལ་ནི་རང་ལུགས་ཀྱིས་གྲུབ་པའི་ཕྱིར་རོ་སྙམ་ན། ཅི་ཀྭ་ནམ་མཁའ་ལ་བྱུགས་ཀྱང་འགོ་མ་ཉན་པ་ཞིག་ཁོ་བོ་དབུ་མ་ལ་བྱུགས་ཀྱང་ག་ལ་འགོ་སྟེ། དངོས་སྨྲ་བས་དངོས་ཆོས་ཀྱི་བདེན་གཉིས་དཔྱད་ནས་ཤེས་བྱ་ལ་གྲུབ་པར་སྨྲ་བ་ན་དེ་འདྲའི་བདེན་གཉིས་ཤེས་བྱ་ལ་ཐ་སྙད་དུའང་དཔྱད་པ་ན་མ་གྲུབ་པས་ཤེས་བྱ་ན་རྟེན་འབྲེལ་དང་མཐུན་པའི་ཤེས་བྱ་བདེན་གཉིས་ཙམ་ནི་ཐ་སྙད་དུ་མ་དཔྱད་པར་བལྟོས་ནས་འབྱུང་བ་ལ་འཐད་དོ་ཞེས་དངོས་སྨྲ་བའི་ལོག་རྟོག་བཟློག་ཆེད་ཤེས་བྱ་རྟེན་འབྲེལ་དང་མཐུན་པའི་བདེན་གཉིས་གཞན་གྲགས་ལྟར་རྗེས་བརྗོད་བྱས་ལ། དེ་དངོས་པོ་གྱུར་པའི་བདེན་གཉིས་འགོག་ནུས་པ་ལ་དགོངས་ནས་རྫོགས་པའི་སངས་རྒྱས་སོགས་དབུ་མ་པ་རྣམས་ཀྱིས་བསྔགས་པ་བདེན་མོད། དེ་ལྟར་ནའང་དེ་འདྲའི་རྟེན་འབྱུང་དང་སྟོང་ཉིད་སོགས་ནི་རང་ལུགས་ཀྱིས་གྲུབ་པར་འགར་ཡང་བཞག་པ་མེད་དེ། རྟེན་འབྲེལ་གྱི་ཆོས་ཉིད་དང་ཆོས་ཅན་གྱི་བདེན་པ་གཉིས་ཀ་ལ་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བའི་གཞན་གྲགས་ཀྱི་རིགས་པས་དཔྱད་ན་སྟོང་པ་དང་རྟེན་འབྱུང་ཞེས་དཔྱད་བཟོད་དུ་གྲུབ་པའང་རང་གཞན་གྱི་ལུགས་འགར་ཡང་སྙེད་པ་དང་གྲུབ་པར་མི་འཇོག་པའི་ཕྱིར། རྟེན་འབྱུང་གི་ཆོས་ཀྱང་འཇིག་རྟེན་གྲགས་པའི་ཐ་སྙད་ཀྱི་རྒྱུན་ཁས་ལེན་པ་ཇི་ཙམ་པ་དེ་སྲིད་དུ་མ་དཔྱད་པའི་བློ་ངོ་ནས་བརྗོད་ཀྱི། འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་ངོ་ན་ནི་བལྟོས་ནས་དང་བརྟེན་ནས་འབྱུང་མི་འབྱུང་དང་རང་བཞིན་གྱིས་ཡོད་མེད་དང༌། སྟོང་(༣༦༥ན)


K800_Page_749
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡིན་པ་དང་མིན་པ་ལ་སོགས་པ་གང་གིའང་འཇུག་པ་ཞི་བའི་ཕྱིར། སྟོང་དང་རྟེན་འབྱུང་སུ་ཞིག་གིས་སྒྲུབ་པར་བྱེད་ལེགས་པར་སོམས་ཤིག ཡང་བློ་གྲོས་ཀྱི་ནོར་མེད་པ་ཁ་ཅིག མ་དཔྱད་ཐ་སྙད་དུ་ཤེས་བྱ་རྟེན་འབྲེལ་ཙམ་དུ་འཇོག་པ་ཆོས་ཅན། དབུ་མ་པ་ཁྱོད་རང་གིས་བརྗོད་པའི་རང་ལུགས་ལས་གཞན་གྲགས་སུ་འཕུལ་ནས་དབུ་མ་པ་རང་ལས་གཞན་གྱིས་སྨྲས་པར་གྲགས་བརྗོད་ཀྱི་རྗེས་ཟློས་བྱས་སོ་ཞེས་སྨྲ་བ་དེ་མི་འཐད་པར་ཐལ། འཇིག་རྟེན་ལྷན་སྐྱེས་ཀྱི་བློས་དངོས་པོར་འཛིན་པ་དང་ཕྱི་ནང་གི་དངོས་སྨྲ་བ་དག་གིས་ནི་ཤེས་བྱ་རྟེན་འབྱུང་དུ་མི་སྨྲ་ལ། དེ་མི་སྨྲ་ན་དབུ་མ་པ་རང་གི་སྨྲ་བ་ལས་འོས་མེད་པའི་ཕྱིར་ཏེ། འཇིག་རྟེན་ན་དབུ་མ་པ་དང་དངོས་སྨྲ་བའི་འཇིག་རྟེན་པ་གཉིས་ལས་མེད་པའི་ཕྱིར་དང༌། གཞན་གྱིས་མི་སྨྲ་བར་རང་ཁོ་ནས་སྨྲ་ན་རང་གི་ཞེ་འདོད་ལས་འོས་མེད་དུ་འགྱུར་བའི་ཕྱིར་ཏེ། གཞན་དུ་ན་དེ་ལྟར་སྨྲ་བ་ལ་དགོས་པ་མེད་པའི་ཕྱིར་ཞེས་ཟེར་རོ། །ཐལ་བ་དེར་ཡང་མི་འགྱུར་ཏེ། རྟགས་དེ་དག་མི་འགྲུབ་པའི་ཕྱིར་ཏེ། འཇིག་རྟེན་ན་ཤེས་བྱ་རྟེན་འབྲེལ་ཙམ་དུ་སྨྲ་བ་དེ་དངོས་པོར་སྨྲ་བ་དང་དབུ་མར་སྨྲ་བའི་འཇིག་རྟེན་པ་གཉིས་ཀ་མིན་ཏེ། དེ་འདྲ་བའི་འཇིག་རྟེན་པ་དེ་གྲུབ་མཐའ་ལ་ཞུགས་མ་ཞུགས་ཅི་ཡིན་ཀྱང་སྐྱེས་ཐོབ་བམ་སྦྱོར་བྱུང་གི་ཤེས་རབ་ཀྱི་མཐུས་ཤེས་བྱ་རྟེན་འབྲེལ་མ་ཡིན་ན་ཤེས་བྱ་རྟག་ཆད་ཅན་དུ་འགྱུར་ལ། ཤེས་བྱ་རྟག་ཆད་ཅན་ཡིན་ན་ཐ་སྙད་རྒྱུན་ཆད་པར་འགྱུར་བས། ཤེས་བྱ་རྟག་ཆད་ཅན་མ་ཡིན་པ་འདི་ནི་ཤེས་བྱ་རྟེན་འབྲེལ་གྱི་ཕྱོགས་ལ་རུང་གི། ཤེས་བྱ་དངོས་པོ་རང་བདེན་པའི་ཕྱོགས་ལ་མི་རུང་བར་(༣༦༥བ)


K800_Page_750
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ནས་ཤེས་བྱ་ལའང་བླང་དོར་བྱེད་ཅིང༌། དེ་ད་དུང་རྟེན་འབྲེལ་སྟོང་ཉིད་དུ་མ་རྟོགས་པའི་འཇིག་རྟེན་པ་གང་ཞིག དབུ་མ་པའི་འཇིག་རྟེན་པ་ལས་གཞན་དུ་ཡོད་པའི་ཕྱིར། རྟེན་འབྲེལ་སྟོང་ཉིད་དུ་མ་རྟོགས་པ་དེ་ནི་དབུ་མ་པར་ཡང་མི་འཐད་པའི་ཕྱིར། ཡང་རྟེན་འབྲེལ་གྱི་རྟགས་ལས་ཤེས་བྱ་སྟོང་ཉིད་དུ་གོ་བ་ཙམ་ལའང་དབུ་མ་པའི་དོན་གྲུབ་ཀྱང་ཐ་སྙད་མ་གྲུབ་སྟེ། དེས་ཀུན་རྫོབ་རྟེན་འབྲེལ་དང་དོན་དམ་སྟོང་ཉིད་སྟོན་པའི་གསུང་རབ་ལ་ཐོས་བསམ་སྒོམ་པས་སྦྱངས་ནས་རང་གཞན་གྱི་ལྟ་བ་ངན་པ་བཟློག་པའི་རྩོད་པའི་ཁྱུ་མཆོག་ཏུ་མ་གྱུར་པའི་ཕྱིར། རང་ཁོ་ནས་སྨྲ་ན་རང་གི་ཞེ་འདོད་དུ་འགྱུར་བ་དང༌། རང་ཁོ་ནས་སྨྲ་ན་དགོས་མེད་དུ་མི་སྨྲ་བའི་རྟགས་ཁྱབ་ཐམས་ཅད་ཀྱང་ཆེས་འཁྲུལ་བ་ཡིན་ཏེ། དེ་ལྟར་ན་སོ་སོ་སྐྱེ་བོ་ཕལ་པ་རང་ཁོ་ནས་རང་གཞན་གང་ལའང་ཕན་གནོད་ཀྱི་དགོས་པ་མེད་པའི་ཚིག་མི་སྨྲ་བར་འགྱུར་བ་དང༌། རང་ཁོ་ནས་སྨྲས་ན་དགོས་པ་མེད་པའི་རྫུན་ཚིག་གཏན་མིན་པར་ཐལ་བ་དང༌། རང་གི་ཞེ་འདོད་ནི་རང་གི་བསམ་པའི་རྗེས་སུ་འགྲོ་ལྡོག་བྱེད་པ་ལས་རང་ཚིག་གི་རྗེས་སུ་འགྲོ་ལྡོག་མི་བྱེད་པའི་ཕྱིར་རོ། །དབུ་མ་པས་ཤེས་བྱ་རྟེན་འབྲེལ་སྟོང་ཉིད་དུ་རྟོགས་ན་རྟེན་འབྲེལ་དང་སྟོང་ཉིད་གཞན་ངོར་བརྗོད་པའི་ཚེའང་རང་ལུགས་ཀྱི་ཤེས་བྱ་རྟེན་འབྲེལ་དང་སྟོང་ཉིད་དུ་རང་ལུགས་ཀྱིས་གྲུབ་ནས་དེར་བརྗོད་པ་མིན་གྱི། གདུལ་བྱ་འདུལ་བྱེད་དུ་རྟེན་འབྲེལ་དང་སྟོང་ཉིད་གཞན་གྲགས་ཙམ་གྱིས་དེར་བརྗོད་ཀྱི། རང་ལུགས་ཀྱི་རྟེན་འབྲེལ་དང་སྟོང་ཉིད་དེ་དེར་གྲུབ་བདེན་ཅན་ཞིག་ཡོད་ནས་དེར་བརྗོད་ན། རྟེན་འབྲེལ་དང་སྟོང་པ་ཉིད་ཀྱི་ཆོས་ཚུལ་གྱིས་ནི་ཆོས་(༣༦༦ན)


K800_Page_751
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་དེ་དེར་བདེན་གྲུབ་པ་འགོག་པར་བྱེད། རྟེན་འབྲེལ་དང་སྟོང་ཉིད་དེ་དེ་ལྟར་གྲུབ་བདེན་དུ་ཡོད་ན་བདེན་གྲུབ་ཀྱི་ཆོས་རིགས་པ་གང་གིས་འགོག་པར་བྱེད་ལེགས་པར་སོམས་ཤིག ཞར་ལ་འདིའང་ཤེས་པར་བྱ་སྟེ། ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བའི་མ་དཔྱད་ཐ་སྙད་དུ་སངས་རྒྱས་ལ་ཡེ་ཤེས་ཡོད་པར་སྨྲ་བའི་དབུ་མ་པ་ལའང་མདོ་ལུགས་སུ་སྨྲ་བ་དང༌། སྔགས་ལུགས་སུ་སྨྲ་བ་གཉིས་ལས། དང་པོ་ནི། འཇུག་པ་རྩ་འགྲེལ་སོགས་ཐལ་འགྱུར་བའི་ལུགས་ནས་འབྱུང་བ་འདི་ཉིད་སྒྲ་ཇི་བཞིན་པར་སྨྲ་བ་རྣམས་ཡིན་ལ། གཉིས་པ་ལྟར་སྨྲ་བའི་ཚེ་སངས་རྒྱས་ཀྱི་ཡེ་ཤེས་བཞིའམ་ལྔ་ལ་སོགས་པའི་བལྟོས་འཇོག་གི་རྒྱུ་ནི། སེམས་ཙམ་པའི་སློབ་དཔོན་རྣམས་ཀྱིས་མདོ་འདི་དགོངས་པ་སྒྲ་ཇི་བཞིན་པ་མིན་པར་བླངས་ན་མདོ་དོན་དུ་འགྱུར་བ་ལས་སྒྲ་ཇི་བཞིན་པར་བླངས་པས། མདོ་དོན་གྱི་དགོངས་པ་དཔྱིས་ཕྱིན་པར་མ་ལོན་པའི་དབང་གིས་ཡེ་ཤེས་ལྔའམ་བཞིའི་རྒྱུ་རྣམ་ཤེས་ཚོགས་བརྒྱད་དུ་འཇོག་ལ། དེ་མདོའི་དགོངས་པ་ཡིན་ན་མདོ་དོན་ལ་དངོས་ཀྱི་གནོད་བྱེད་འཇུག་སྟེ། སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཀྱི་རྒྱུར་རྣམ་ཤེས་ཚོགས་བརྒྱད་ལས་གཞན་དུ་བདེར་གཤེགས་སྙིང་པོ་འཇོག་པ་དོན་མེད་པར་འགྱུར་བའི་ཕྱིར་དང༌། རྣམ་ཤེས་ཚོགས་བརྒྱད་སོགས་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་སྡུག་བདེན་དང་མྱ་ངན་མཐའ་དག་མངོན་པར་རྫོགས་པར་སངས་རྒྱས་པ་ན། ལྷག་མ་མེད་པར་རྒྱུན་ཆད་དེ་ཡོངས་སུ་འདའ་བར་བཤད་པའི་ཕྱིར་རྣམ་ཤེས་དྲི་མ་གློ་བུར་བའི་རྒྱུའི་རྒྱུན་ལས་ཡེ་ཤེས་དྲི་མེད་ཀྱི་འབྲས་བུ་འབྱུང་ན་(༣༦༦བ)


K800_Page_752
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་སྙད་དུ་རྒྱུ་འབྲས་ལ་ཡིད་རྟོན་པར་ཡང་མི་འགྱུར་བའི་ཕྱིར་ཞེས་མི་འཐད་པར་བཀག་ནས། འོ་ན་སངས་རྒྱས་ཀྱི་ཡེ་ཤེས་བཞི་དང་ལྔའི་རྒྱུ་ནི་མ་དཔྱད་ཐ་སྙད་པར་འཇོག་ན་སེམས་ཅན་གྱི་རྒྱུད་ཀྱི་བདེར་གཤེགས་སྙིང་པོར་རང་བཞིན་དྲི་མེད་དེ་ཉིད་ལ་འཇོག་དགོས་སོ་ཞེས་གསང་ཆེན་རྡོ་རྗེ་ཐེག་པ་རྣལ་འབྱོར་ཆེན་པོའི་སྔགས་གཞུང་དྲི་མ་མེད་པ་ཐམས་ཅད་ལས་འབྱུང་ལ། དོན་འདི་ངེས་དོན་གྱི་མདོ་རྣམས་སུ་ཡང་ཡོངས་སུ་སྦས་ནས་ཤུགས་ལ་བསྟན་པ་ནི་ཆེས་མང་སྟེ། མ་འདྲེས་པའི་ཆོས་བཅོ་བརྒྱད་ལས་སྒོ་གསུམ་གྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང༌། རྗེས་སུ་འཇུག་པ་འཆད་པ་ན་འཕགས་པ་གཟུངས་དབང་གི་མདོར་སེམས་ཡིད་རྣམ་ཤེས་ཀྱི་ངོ་བོ་དྲི་མའི་གནས་ངན་ལེན་ལས་མ་གྲོལ་བའི་ཤེས་པ་དེ་ཡེ་ཤེས་སྔོན་འགྲོ་དང་རྗེས་འཇུག་གི་མ་འདྲེས་པའི་ཆོས་ཀྱི་ཡེ་ཤེས་དེར་མི་རུང་བར་བསྟན་པས་ཀྱང་དོན་དེ་ཆེས་གསལ་བར་བྱས་པའི་ཕྱིར་ཏེ། གཟུངས་དབང་གི་ལུང་དེ་སློབ་དཔོན་ཟླ་བས་འཇུག་འགྲེལ་དུའང་དྲང་བར་མཛད་དེ། ཇི་སྐད་དུ། གཞན་ཡང་དེ་བཞིན་གཤེགས་པའི་ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འགྲང་བའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་སེམས་ཀྱིས་བརྗོད་པར་བྱ་བ་མ་ཡིན། ཡིད་ཀྱིས་མ་ཡིན། རྣམ་པར་ཤེས་པས་མ་ཡིན་གྱི་ཡེ་ཤེས་ཀྱིས་རབ་ཏུ་ཕྱེ་བ་སྟེ་ཡེ་ཤེས་ཀྱི་བདག་པོར་གྱུར་པའོ། །དེ་བཞིན་གཤེགས་པའི་ཡེ་ཤེས་དེ་ནི་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་སོང་བའོ། །ཞེས་སོགས་འབྱུང་བའི་ཕྱིར། ཞར་བྱུང་སྟེ་སྤྲོས་པ་ཆོག་གོ། །འོ་ན་ཤེས་བྱ་དབུ་མ་པ་ཞིག་ཡོད་དམ་ཞེ་ན། དེ་ལྟར་འཇིག་རྟེན་གཞན་གྲགས་ཀྱིས་བརྗོད་ཀྱིན་(༣༦༧ན)


K800_Page_753
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པ་ལས། དབུ་མ་པ་ཞེས་དབུ་མ་པ་རང་གིས་མི་འགྲུབ་སྟེ། མཐའ་མར་གར་ཡང་འཇོག་རྒྱུ་མི་རྙེད་པའི་ཕྱིར། འོ་ན་ཁྱེད་རང་དབུ་མ་པ་ཞེས་ཡང་ཡང་བརྗོད་པ་ཅི་ཞེ་ན། འོ་ན་བརྗོད་བྲལ་ལའང་འཇིག་རྟེན་པ་ཐམས་ཅད་བརྗོད་ཀྱིན་འདུག་པ་ཇི་ལྟར་ངས་ཤེས་སུ་ཡོད། འདིར་འདི་ཤེས་པར་བྱ་སྟེ། ཡུལ་ཀུན་རྫོབ་བརྫུན་པ་འཛིན་པའི་ཤེས་པ་ཐམས་ཅད་བསླུ་བས་ཡུལ་ཅན་ཀུན་རྫོབ་ཤེས་པའི་བློ་དེ་ཐམས་ཅད་འཁྲུལ་པ་ཉིད་ཀྱིས་སངས་རྒྱས་ཀྱི་སར་ཀུན་རྫོབ་གཟིགས་པའི་མཁྱེན་པ་ནི་དཔྱད་ན་འགར་ཡང་མི་འགྲུབ་བོ་ཞེས་ཐེག་པ་ཆེན་པོའི་བཀའ་མཐའ་དག་ཏུ་ཞུགས་ཀྱང༌། ཐེག་པ་ཆེན་པོའི་དགོངས་འགྲེལ་མཁན་གཞན་དག དེ་ལྟར་སྒྲ་ཇི་བཞིན་དུ་སྨྲས་ན་ཐ་སྙད་དུ་ཐམས་ཅད་མཁྱེན་པ་མེད་དོ་ཞེས་ཡ་ང་བ་ལ་འཛེམས་ནས་སྒྲ་ཇི་བཞིན་དུ་སྨྲ་མ་ནུས་པ་ལས། སློབ་དཔོན་ཟླ་བ་གྲགས་པས་འཇིགས་པ་མེད་པའི་དབྱངས་ཀྱིས་སངས་རྒྱས་ལ་ཀུན་རྫོབ་འཁྲུལ་པའི་ཆོས་ཡུལ་དུ་བྱེད་པའི་ཡེ་ཤེས་དང་བློ་མེད་དེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་གཏན་སྤངས་ཟིན་པའི་ཕྱིར། དེ་ལྟར་ན་ཐམས་ཅད་མཁྱེན་པ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་མེད་དོ་ཞེས་སྐུར་འདེབས་སུའང་མི་འགྲོ་སྟེ། དཔྱད་པ་ན་སངས་རྒྱས་ལ་ཐམས་ཅད་མཁྱེན་པ་དང་མི་མཁྱེན་པ་གཉིས་ཀའང་སྤྲོས་པ་ཡིན་པས་སངས་རྒྱས་ལ་ཐམས་ཅད་མཁྱེན་པའི་བློ་ཡོད་ཅེས་སྨྲས་ན་དེས་ཀྱང་སྐུར་འདེབས་སུ་འགྲོ་སྟེ། ཐམས་ཅད་མཁྱེན་པ་ལ་སྤྲོས་ཆོས་ཡོད་པར་སྨྲས་པའི་ཕྱིར་རོ་ཞེས་འཆད་པ་ཡིན་ལ། གནད་འདི་ལྟ་བུ་ཆོས་ཀྱི་རྒྱ་མཚོ་ཆེན་པོ་སྲོག་ཆགས་ཕྲ་མོའི་མགྲིན་པར་མི་འོང་བ་བཞིན་རྟ་(༣༦༧བ)


K800_Page_754
[མ་དཔེ་གཟིགས་ན་འདིར་གནོན།]

ནག་གོ་ཆེན་རབ་འབྱམས་པའི་དབུ་མའི་ཡི་གེར། སངས་རྒྱས་ལ་ཡེ་ཤེས་མེད་ན་རྒྱུན་མཐའི་ཡེ་ཤེས་ལ་རྒྱུན་མེད་པར་འགྱུར་བ་དང༌། རྒྱུན་མེད་པར་འདོད་ན་རྒྱུན་དེ་གཅོད་བྱེད་ཀྱི་གཉེན་པོའི་ཡེ་ཤེས་དེ་ཁོ་རང་ཡིན་ནམ་གཞན་ཞིག་ཡིན་ཅེས་དཔྱོད་པ་དང༌། ཡང་དེར། སངས་རྒྱས་ལ་ཆོས་ཅན་ཀུན་རྫོབ་པ་ཇི་སྙེད་པ་སྣང་ཡང་སྐྱེ་འགག་ཏུ་མི་སྣང་བ་ནི་སངས་རྒྱས་འཕགས་པའི་ཀུན་རྫོབ་མཁྱེན་པའི་མཁྱེན་ཚུལ་འཕགས་པ་འོག་མ་གསུམ་ལས་ཁྱད་པར་འཕགས་ཆོས་བླ་ན་མེད་པ་ཡིན་པ་དང༌། ཀུན་རྫོབ་ཇི་སྙེད་པའི་ཆོས་དེ་སྐྱེ་འགག་མེད་པར་གཟིགས་པའི་ཚེ་དེ་འཛིན་བྱེད་ཀྱི་ཡེ་ཤེས་བདག་དང་རྟག་པའོ། །ཞེས་སྨྲ་བ་ལ་སོགས་ལུང་དང་རིགས་པ་གང་གིས་ཀྱང་བསྐལ་པར་ཡང་མི་འགྲུབ་པ་ཆེས་མང་བ་དག་བྲིས་སོ། །ཀྱེ་ས་བཅུ་རྒྱུན་མཐའི་ཡེ་ཤེས་རང་གིས་གཉིས་སྣང་འཁྲུལ་པའི་བག་ཆགས་ཐམས་ཅད་བཅོམ་པའི་བྱ་བ་བྱས་ནས་ཁོ་རང་སྐད་ཅིག་གི་ངོ་བོར་མི་གནས་པ་ཞིག་སྟེ། མེད་པར་གྱུར་པ་དེ་ནི་རྟེན་འབྲེལ་གྱིས་ཆོས་ཉིད་ཀྱི་མཚན་ཉིད་ཡིན་པ་མ་གཏོགས་རྒྱུན་མཐའི་ཡེ་ཤེས་འགོག་བྱེད་ཀྱི་གཉེན་པོ་ཞིག་ཟུར་ནས་འཚོལ་ཅི་དགོས་ཏེ། དཔེར་ན། ཤེས་པ་ཉིད་གསལ་རིག་གི་ངོ་བོར་སྐྱེས་ཏེ་ཡུལ་འཛིན་པའི་བྱ་བ་བྱས་ནས་ཁོ་རང་སྐད་ཅིག་གི་ངོ་བོར་མི་གནས་པར་ཞིག་སོང་བ་ལ་ཤེས་པ་སྐད་ཅིག་མ་དེ་འཇིག་བྱེད་གཞན་ནས་འཚོལ་མི་དགོས་པ་ཇི་ལྟ་བ་བཞིན་གྱི་ཕྱིར་དང༌། ཀུན་རྫོབ་ཇི་སྙེད་པ་ལ་སྐྱེ་འགག་མེད་པའི་དོན་ཁོང་དུ་ཆུད་པའི་ཡེ་ཤེས་ནི་དོན་དམ་ཇི་ལྟ་བ་རྟོགས་པའི་མཁྱེན་པ་ཡིན་གྱི། ཀུན་རྫོབ་ཇི་སྙེད་པ་མཁྱེན་པའི་མཁྱེན་པ་མ་ཡིན་ལ། གལ་ཏེ་ཡིན་ན་ཀུན་རྫོབ་ཇི་སྙེད་པའི་ཆོས་དེ་(༣༦༨ན)


K800_Page_755
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་རྐྱེན་ལས་སྐྱེ་འཇིག་བྱེད་པ་ཅན་གྱི་མཚན་ཉིད་དེ་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་གཟིགས་པ་ན་སྐྱེ་འགག་མེད་པར་མཁྱེན་པའི་ཕྱིར། སངས་རྒྱས་ཀྱི་ཡེ་ཤེས་འཁྲུལ་པར་འགྱུར་རོ། །ཡང་ཡེ་ཤེས་འཁྲུལ་པར་ཐལ། ཆོས་ཅན་ཀུན་རྫོབ་ཇི་སྙེད་པའི་ཆ་གཟིགས་པ་ན་དེའི་མཚན་ཉིད་ཅན་དུ་མ་གཟིགས་པའི་ཕྱིར། རྐྱེན་ལས་སྐྱེས་པའི་སྐྱེ་འགག་ཅན་གྱི་ཀུན་རྫོབ་མ་གཏོགས་རྐྱེན་ལས་མ་སྐྱེས་པ་སྐྱེ་འགག་མེད་པའི་ཀུན་རྫོབ་བདེན་པ་ཤེས་བྱ་ལ་ཡོད་པར་སྨྲ་བའི་གང་ཟག་ནི་གོ་ཆེན་པ་ཉིད་མ་གཏོགས་སངས་རྒྱས་ཀྱི་བསྟན་པ་འདི་ལ་མ་བྱུང་ཞིང༌། སྐྱེ་འགག་མེད་པའི་ཀུན་རྫོབ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཡུལ་ཅན་རྟག་པ་དེ་ནི་ཡུལ་ཤེས་པའི་བློར་ག་ལ་འགྱུར་ཏེ། རྟགས་པ་དོན་བྱེད་པ་སྟོང་པའི་ཕྱིར་དང༌། རྒྱུན་མཐའི་ཡེ་ཤེས་མི་རྟག་པའི་ཉེར་ལེན་ལས་ཀུན་མཁྱེན་ཡེ་ཤེས་རྟག་པའི་འབྲས་བུ་སྐྱེ་བར་འགྱུར་བ་དང༌། ཡང་ན། ཀུན་མཁྱེན་ཡེ་ཤེས་རྒྱུ་མེད་པར་འབྱུང་བའམ། རྒྱུ་ལས་སྐྱེ་ན་དེ་ལྟའི་ཡེ་ཤེས་རྟག་པ་ཡིན་པར་འགལ་བ་དང༌། སྐྱེ་འགག་མེད་པའི་ཀུན་རྫོབ་ཇི་སྙེད་པའི་ཡེ་ཤེས་རྟག་པས་ཡུལ་དུ་བྱེད་ན་ཡུལ་དེ་རང་སྤྱི་གང་དུ་འགྱུར། ཕྱི་མ་ལྟར་ན་ཡེ་ཤེས་རྟོག་པར་འགྱུར་ཞིང༌། སྔ་མ་ལྟར་ན་མངོན་སུམ་དུ་འགྱུར་བས་མངོན་སུམ་དང་རྟག་པའི་གཞི་མཐུན་འགལ་བ་དང༌། ཡེ་ཤེས་རྟག་བདག་ཏུ་འདོད་ན་མུ་སྟེགས་གྲངས་ཅན་པས་ཡུལ་ལོངས་སྤྱོད་པ་པོའི་ཤེས་པ་རྟག་བདག་ཏུ་འདོད་པ་འཁྲུལ་པ་མེད་པའི་ལུགས་སུ་འགྱུར་རོ།།ད་ནི་ཁྱེད་ཅག་འཆད་རྩོད་རྩོམ་པའི་བགྱི་བ་དེ་དག་གོང་དུ་གང་འཆད་པར་བྱེད་པའི་གཞུང་དེ་དག་ལ་བློ་ཁ་ཅུང་ཟད་ཕྱོགས་པ་རེ་ཅིས་(༣༦༨བ)


K800_Page_756
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དགོས་པར་སྣང་ངོ༌། ། སངས་རྒྱས་ལ་ཡེ་ཤེས་ཡོད་མེད་ཀྱི་མཐའ་དཔྱད་ནི་དགོངས་གཅིག་ལེའུ་བདུན་པ་དང༌། དགོངས་གཅིག་ལེའུ་དང་པོ་ལ་གཞན་འགྲེལ་དུ་བྱས་པ་དང་རང་རྐང་དུ་འགྲེལ་བ་གཉིས་ལས། རང་རྐང་དུ་བཀྲལ་བ་དེར་རྒྱ་ཆེར་བཤད་ཟིན་པས་དེར་བལྟ་བར་གྱིས་ཤིག གཉིས་པ་ལ། རྩོད་པ་དང༌། ལན་གཉིས། དང་པོ་ནི། གང་ཚེ་ཞི་བ་དེ་ཉིད་ཡིན་ན་དེ་ལ་བློ་གྲོས་འཇུག་མི་འགྱུར། །བློ་མ་ཞུགས་པར་ཤེས་བྱའི་ཡུལ་ཅན་ངེས་པར་རིགས་པའང་མ་ཡིན་ལ། །ཀུན་ནས་ཤེས་མེད་པ་ནི་ཤེས་པར་ཇི་ལྟར་འགྱུར་ཏེ་འགལ་བར་འགྱུར། །མཁྱེན་པོ་མེད་པར་ཁྱེད་ཀྱིས་གཞན་ལ་འདི་ལྟ་འོ་ཞེས་སུ་ཞིག་སྟོན། །སྐྱེ་མེད་གཟུགས་སོགས་ཀྱི་དེ་ཉིད་ཡིན་ཅིང༌། དེའང་ཡེ་ཤེས་ཀྱིས་ཤེས་པ་ཡིན་ན། གང་གི་ཚེ་སྤྲོས་པ་མ་ལུས་པ་ཞི་བ་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཡིན་ན། དེའི་ཚེ་དེ་ལ་རྣམ་པ་ཐམས་ཅད་དུ་བློ་གྲོས་འཇུག་པར་མི་འགྱུར་ཏེ། ཤེས་པ་ཡུལ་གྱི་རྣམ་ལྡན་དུ་སྐྱེས་པ་ལ་ཡུལ་རྟོགས་པའི་ཐ་སྙད་བྱེད་ན། དེ་ཁོ་ན་ཉིད་སྐྱེ་མེད་རྟོགས་པའི་བློ་ནི་གང་གིའང་རྣམ་ལྡན་དུ་མི་འབྱུང་བའི་ཕྱིར་ཏེ། སྟོང་པ་ཉིད་ལ་རྣམ་པ་མེད་པས་སྟོང་ཉིད་རྟོགས་པའི་བློ་ཡུལ་གྱི་རྣམ་ལྡན་དུ་མི་འགྱུར་བའི་ཕྱིར། གོང་དུ་འདོད་ན་བློ་མ་ཞུགས་པར་ནི་ཤེས་བྱ་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་གྱི་ངེས་པ་སྐྱེ་བར་རིགས་པའང་མ་ཡིན་ལ། དེ་ལྟར་ན་ནི་སྟོང་ཉིད་འདི་ཇི་ལྟར་ཤེས་པར་འོས། ཡང་སྟོང་པ་ཉིད་ཡོངས་སུ་ཤེས་པ་མེད་པ་ཉིད་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པའོ་སྙམ་ན། མི་རིགས་ཏེ། ཀུན་ནས་ཤེས་པ་མེད་པ་ནི་ཤེས་པར་ཇི་ལྟར་འགྱུར་ཏེ། འགལ་བར་འགྱུར་བའི་ཕྱིར་ཏེ། མི་ཤེས་པ་དང་ཤེས་པ་གཅིག་པར་འགལ་བའི་ཕྱིར་དང༌། ཡང་དེར་སེམས་མེད་ན་མཁྱེན་པ་པོ་མེད་པར་དབུ་མ་པ་ཁྱོད་ཀྱིས་གཞན་ལ་འདི་ལྟ་བུའི་དོན་ཁོང་དུ་ཆུབ་བོ་ཞེས་སུ་ཞིག་གིས་སྟོན་པར་བྱེད་པ་དེ་ཡང་མི་རིགས་སོ། །གཉིས་པ་ལ། དེ་ཁོ་ན་ཉིད་རྟོགས་པ་མི་འཐད་པ་སྤང་བ་དང༌། འཇིག་རྟེན་ལ་དེ་ཉིད་སྟོན་པ་མི་(༣༦༩ན)


K800_Page_757
[མ་དཔེ་གཟིགས་ན་འདིར་གནོན།]

འཐད་པ་སྤང་བ་གཉིས། དང་པོ་ནི། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། །དེ་ཚེ་དེ་རྣམས་སྟེན་ལས་དེ་ཡིས་དེ་ཉིད་རྟོགས་པ་ལྟ་བུ་སྟེ། །ཇི་ལྟར་སེམས་ནི་གང་གི་རྣམ་པ་ཅན་དུ་འགྱུར་བ་དེ་ཡིས་ཡུལ། །དེ་ཡོངས་ཤེས་པ་དེ་བཞིན་ཐ་སྙད་ཉེ་བར་བརྟེན་ནས་རིག་པ་ཡིན། །ཇི་ལྟར་སེམས་ནི་སྔོན་པོ་སོགས་ཀྱི་ཡུལ་གང་གི་རྣམ་པ་ཅན་དུ་འགྱུར་བའི་སེམས་དེ་ཡིས་ཡུལ་སྔོ་སོགས་དེ་ཡོངས་སུ་ཤེས་པར་མདོ་སྡེ་པ་སོགས་བརྗོད་པ་དེ་བཞིན་དུ་གང་ཚེ་ཐམས་ཅད་སྐྱེ་མེད་ཡིན་ཅིང༌། ཡུལ་ཅན་རྣལ་འབྱོར་པའི་བློ་ཡང་སྐྱེ་བ་དང་བྲལ་བར་གྱུར་པ་དེ་ཚེ་ཡེ་ཤེས་དེ་ཡུལ་སྐྱེ་མེད་དེའི་རྣམ་པ་དེ་སྐྱེ་བ་མེད་པར་བསྟན་པ་ལས་མཁྱེན་པ་དེ་ཡིས་ཡུལ་གྱི་དེ་ཉིད་རྟོགས་པ་ལྟ་བུར་བཞག་སྟེ། དེ་ཡང་གཞན་གྲགས་ཐ་སྙད་ལ་བརྟེན་ནས་དེ་ཉིད་རིག་པ་ཡིན་པར་བཞག་གི། དངོས་སུ་ན་ཡུལ་འགའ་ཞིག་ཡུལ་ཅན་འགའ་ཞིག་གིས་བཅད་པ་ནི་མིན་ཏེ། གཉིས་ཀ་ཡང་སྐྱེ་བ་མེད་པའི་ཕྱིར། འདི་དག་གི་དོན་ནི་དབུ་མ་རང་ལུགས་ལ་སངས་རྒྱས་ལ་ཡེ་ཤེས་ཡོད་མེད་གང་དུའང་མི་སྨྲ་ལ། དེ་ལྟར་ནའང་འཇིག་རྟེན་གྱི་ངོར་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བའི་རྗེས་སུ་ཟློས་ན་མ་དཔྱད་ཐ་སྙད་དུ་སེམས་ཅན་གྱི་སེམས་དང་ཤེས་པ་ལ་ནི་མ་རིག་ལ་སོགས་ཀྱི་འཁྲུལ་པའི་རྒྱུ་ཚོགས་གྲངས་ཚང་བས་སྐྱེ་འགག་སོགས་ཀྱི་རྒྱུ་བ་ཡོད་ལ། སངས་རྒྱས་ལ་དེ་མེད་པས་སངས་རྒྱས་རང་ངོར་ཡེ་ཤེས་ཀྱི་སྐྱེ་འགག་གི་རྒྱུ་བ་མེད་དོ། ། དེ་ལྟར་ནའང་གདུལ་བྱ་གཞན་ངོར་སངས་རྒྱས་ལ་སྟོབས་སོགས་ཀྱི་ཡེ་ཤེས་ནི་ཡོད་པ་ལྟར་སྣང་སྟེ། དེའི་རྒྱུ་ཡེ་ཤེས་ཀྱི་ཚོགས་ཉེ་བར་བསགས་པའི་འབྲས་བུ་རྟེན་འབྱུང་ཙམ་དུ་བསླུ་བ་མེད་པར་འབྱུང་བའི་ཕྱིར། འོ་ན་གཞན་ངོར་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུ་ལས་དྲི་བྲལ་གྱི་ཡེ་ཤེས་འབྲས་བུར་འབྱུང་ན་ཡེ་ཤེས་དངོས་པོའི་རང་མཚན་ཅན་དུ་ཐལ་ཅེ་ན། མི་འགྱུར་ཏེ། དེ་ལྟའི་རྒྱུ་འབྲས་ཐམས་ཅད་ཀྱང་བཏགས་ནས་བཞག་པའི་(༣༦༩བ)


K800_Page_758
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་བཞག་གི་ཆོས་ཡིན་པའི་ཕྱིར། དེ་ལ་དངོས་སྨྲ་བ་རོ་ལངས་འདྲ་བ་ཁ་ཅིག་ན་རེ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྒྱུ་འབྲས་ཀྱང་བཏགས་ཙམ་གྱི་གཞན་ངོར་འབྱུང་བར་འདོད་པ་ནི་ཤིན་ཏུ་ཐ་ཆད་པ་སྟེ། དེ་ལྟར་ན་བུམ་པ་དང་རེ་ལྡེ་སོགས་ལའང་ཀུན་མཁྱེན་ཡེ་ཤེས་ཀྱི་རྒྱུ་འབྲས་སུ་བཏགས་ནའང་གཞན་ངོར་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བྱ་བ་བྱེད་པར་འགྱུར་རོ་ཞེ་ན། གངས་ཅན་གྱི་སྐྱེ་བོ་དམུས་ལོང་ལྟ་བུ་ཁྱེད་ཅག་བདེན་མོད། ཆོས་ཚུལ་འདི་ནི་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་དག་གི་བློ་གྲོས་ཀྱི་ནམ་མཁའ་ཡངས་པར་ཡང་མ་ཆུད་པ་ཡིན་ཏེ། གང་བཏགས་བཞག་ལའང་ཤེས་བྱ་རྟེན་འབྲེལ་གྱི་ཆོས་སུ་འབྱུང་དུ་མི་རུང་བ་ཞིག་བློ་ཉི་ཚེ་བ་ཀུན་བརྟགས་ཀྱི་བཏགས་པ་ལ་ནི་དེ་ལྟར་འབྱུང་དུ་མི་རུང་བ་བདེན་ཞིང༌། ཤེས་བྱ་རྟེན་འབྲེལ་གྱི་ཆོས་སུ་འབྱུང་དུ་རུང་བའི་ཆོས་ཤིག་བློ་ལྷན་སྐྱེས་ཀྱི་ལས་རྒྱུ་འབྲས་འཁོར་འདས་སོགས་སུ་གང་བཏགས་པ་དེ་ཐ་སྙད་དུའང་མི་འཁྲུལ་བར་འགྱུར་གྱི། དེ་ལྟར་མིན་པར་ཀུན་བརྟགས་ཀྱི་རྟོག་པས་བཏགས་ཙམ་དེར་འགྱུར་ན་ནི་རི་བོང་གི་རྭ་ཡང་ཡོད་པར་འགྱུར་ལ། དེས་ན་ཀུན་བརྟགས་ཀྱི་རྟོག་པས་བཏགས་པའི་ཆོས་ནི་འཇིག་རྟེན་ཀུན་རྫོབ་བདེན་པར་ཡང་ཡོད་པ་མ་ཡིན་ནོ། །ཞེས་པ་འདི་ནི་ཐལ་འགྱུར་སྨྲ་བའི་གཙུག་ལག་ལས་བྱུང་བ་ཡབ་རྗེ་ཆེན་པོ་སངས་རྒྱས་མཉན་པ་རས་ཆེན་གྱི་གསང་ཚིག་བླ་ན་མེད་པའོ། །གཞུང་འདི་ལ་རྟ་ནག་གོ་ཆེན་པས་ཡུལ་སྐྱེ་བ་མེད་པའི་རྣམ་ལྡན་གྱི་ཡུལ་ཅན་ཡེ་ཤེས་སྐྱེ་བ་ཡོད་པར་འབད་ནས་བསྒྲུབས་ཏེ། ཤིན་ཏུ་ཟབ་པའི་གནད་འདི་དག་ནི་གཞན་གྱི་བློ་ཡུལ་དུ་འཆར་དཀའ་ན་ཡང་རང་ཉིད་དྲན་པ་གསོ་ཕྱིར་བྲིས་པའོ་ཞེས་སྤར་(༣༧༠ན)


K800_Page_759
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བརྐོས་མོད། ཀྱེ་མ། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཅིང་བློ་ཡང་སྐྱེ་བ་དང་བྲལ་བ། ཞེས་པའི་གཞུང་འགྲེལ་བ་ན་བློ་ཡང་སྐྱེ་བ་དང་བཅས་པ་ཞེས་པའི་འབྲུུ་གནོན་རྒྱག་པའི་རང་དྲན་གསོ་དགོས་པའི་གལ་འགག་ཅི་འདྲ་ཞིག་ལ་ཁྱེད་ཅག་ཐུག སྟོང་ཉིད་སྐྱེ་མེད་ཀྱི་རྣམ་པ་བསྲེལ་བའི་ཡེ་ཤེས་སྐྱེ་བ་ཅན་ལ་དེའི་རྣམ་པ་དེ་ཇི་འདྲ་བར་སྣང་ཁྱོད་ཅག་གིས་ངོམ་ཐུབ་པ་ཞིག་སྨྲོས་ཤིག གཉིས་པ་ལ། ཞི་ཡང་འགྲོ་ལ་དེ་ཁོ་ན་ཉིད་སྟོན་པའི་ཚུལ། ཞི་ཡང་གཞན་དོན་ལྷུན་གྲུབ་འབྱུང་བ་དཔེའི་སྒོ་ནས་བསྟན་པ་གཉིས། དང་པོ་ནི། དེ་ཡི་ལོངས་སྤྱོད་རྫོགས་སྐུ་བསོད་ནམས་ཀྱིས། །ཟིན་དང་3ལ་པ་མཁའ་གཞན་ལས་དེའི་མཐུས། །སྒྲ་གང་ཆོས་ཀྱི་དེ་ཉིད་སྟོན་འབྱུང་བ། །དེ་ལས་འཇིག་རྟེན་གྱིས་ཀྱང་དེ་ཉིད་རིག །མཁྱེན་པོ་མེད་པར་ཇི་ལྟར་སྟོན་ཅེས་པ་དེའི་ལན་དུ། ཆོས་སྐུ་མངོན་དུ་བྱས་པ་ན་སེམས་དང་སེམས་བྱུང་ཉེ་བར་ཞི་བ་བདེན་མོད། དེ་ལྟར་ནའང་འཇིག་རྟེན་ན་དེ་ཉིད་སྟོན་པ་མི་སྲིད་པ་མིན་ཏེ། སངས་རྒྱས་རྣམས་ནི་གཟུགས་སྐུ་གང་ལ་བཞུགས་ནས་ཆོས་སྐུ་མངོན་དུ་མཛད་པ་དེའི་ལོངས་སྤྱོད་རྫོགས་སྐུ་བསོད་ནམས་ཀྱི་ཚོགས་བརྒྱས་ཟིན་པ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམ་པའི་ཆོས་ལོངས་སྤྱོད་པའི་རྒྱུར་འགྱུར་ཏེ། ལོངས་སྐུ་དེ་ལས་སངས་རྒྱས་ཀྱི་བྱིན་རླབས་ཀྱིས་ཆོས་ཀྱི་སྒྲ་གང་འབྱུང་བ་དེ་སྟོན་པའི་སྣོད་དེས་ཀྱང་ངེས་བཔ་འགྱུར་བ་དང༌། དེར་མ་ཟད་སངས་རྒྱས་ཀྱི་བྱིན་རླབས་ཀྱིས་སྤྲུལ་པའི་སྐུ་ལས་ཀྱང་དམ་ཆོས་བསྟན་པ་འབྱུང་ཞིང༌། དེ་ལས་ཀྱང་གདུལ་བྱས་དེ་ཉིད་རྟོགས་པར་འགྱུར་ལ། དེ་བཞིན་དུ་སེམས་ཀྱི་རྒྱུ་བ་མེད་པའི་མཁའ་དང་གཞན་རྩ་ཤིང་སོགས་ལས་སངས་རྒྱས་དེའི་མཐུས་སྒྲ་གང་ཞིག་ཆོས་ཀྱི་དེ་ཉིད་སྟོན་པར་འབྱུང་བ་དེ་ལས་ཀྱང་འཇིག་རྟེན་གྱིས་ཀྱང་དེ་ཉིད་རིག་པ་ཡིན་ནོ། །གཉིས་པ་ནི། ཇི་ལྟར་རྫ་མཁན་སྟོབས་ཆེན་ལྡན་པས་འདིར། །ཡུན་རིང་ཆེས་འབད་པས་བསྐོར་འཁོར་ལོ་ནི། །དེའི་རྩོལ་ད་ལྟར་སྐྱེས་པ་མེད་བཞིན་དུའང༌། །འཁོར་ཞིང་བུམ་པ་ལ་སོགས་རྒྱུར་མཐོང་ལྟར། །དེ་བཞིན་ད་ལྟ་སྐྱེས་རྩོལ་མེད་བཞིན་དུ། །ཆོས་ཀྱི་བདག་ཅན་སྐུ་ཉིད་ལ་བཞུགས་དེའི། །འཇུག་པ་སྐྱེ་བོའི་དགེ་དང་སྨོན་ལམ་གྱི། །ཁྱད་པར་གྱིས་འཕངས་ལས་ཆེས་བསམ་མི་ཁྱབ། །ཇི་ལྟར་རྫ་(༣༧༠བ)


K800_Page_760
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་སྟོབས་ཆེར་ལྡན་པས་རྫ་བྱེད་པ་འདིར་དང་པོར་ཡུན་རིང་པོར་ཆེས་འབད་པས་དབྱུག་པ་ལ་སོགས་པས་བསྐོར་བའི་འཁོར་ལོ་ནི་སྔོན་བཟོ་བོ་མཁས་པས་ལེགས་པར་བཟོ་བྱས་པ་དང་འབད་པའི་ཤུགས་ཀྱིས་དེ་བསྐོར་བའི་རྩོལ་བ་ད་ལྟ་སྐྱེས་པ་མེད་བཞིན་དུའང་རང་གི་ངང་གིས་འཁོར་ཞིང་བུམ་པ་ལ་སོགས་པ་སྣོད་དུ་མའི་རྒྱུར་མཐོང་བ་ལྟར། དེ་བཞིན་དུ་སངས་རྒྱས་རྣམས་ཀྱང་ད་ལྟ་རྣམ་རྟོག་ལས་སྐྱེས་པའི་སྒོ་གསུམ་གྱི་རྩོལ་བ་མེད་བཞིན་དུའང་ཆོས་ཀྱི་སྐུའི་བདག་ཉིད་ཅན་གྱི་སྐུ་ཉིད་ལ་ཞུགས་པ་དེའི་ཕྲིན་ལས་མཁའ་མཉམ་དུ་འཇུག་པ་ནི་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་སངས་རྒྱས་ལ་ཆོས་ཉན་པ་སོགས་ཀྱི་དགེ་ལས་སྨིན་པ་དང༌། སྔོན་སེམས་དཔའ་སྤྱད་པ་སྤྱོད་ཚེ་ཡིད་བཞིན་ནོར་བུ་སོགས་རྟོག་པ་མེད་པར་འགྲོ་དོན་བྱེད་པ་བཞིན། ཆོས་དབྱིངས་ཡེ་ཤེས་ལ་མི་གཡོ་བཞིན་སེམས་ཅན་གདུལ་བའི་དུས་ལས་མི་ཡོལ་བར་དགོས་འདོད་སྐོང་ནུས་པའི་སྨོན་ལམ་གྱི་ཁྱད་པར་གྱིས་འཕངས་པའི་ལས་ཀྱི་འབྲས་བུ་དེ་ནི་རྫོགས་སངས་ཀྱི་རྒྱུ་འབྲས་ཏེ་ཆེས་བསམ་གྱིས་མི་ཁྱབ་བོ། །ཁ་ཅིག་སངས་རྒྱས་ཀྱི་སར་ཡེ་ཤེས་མེད་ཀྱང་སྔོན་གྱི་ཐུགས་བསྐྱེད་དང་བསགས་པའི་རྒྱུས་སངས་རྒྱས་ཀྱི་མཛད་པ་ལས་འབད་མེད་དུ་ཆོས་སྟོན་པ་སོགས་གཞན་དོན་བྱེད་པའི་འབྲས་བུ་འབྱུང་བ་མི་འཐད་དེ། སངས་རྒྱས་ལ་ད་ལྟ་སེམས་སེམས་བྱུང་གི་རྒྱུ་བ་དང་བཅས་པའི་ཐུགས་མེད་པའི་ཕྱིར་ཞེས་པ་དེ་ནི་མི་རིགས་ཏེ། སངས་རྒྱས་ལ་སྐུ་གསུང་ཐུགས་མེད་པར་ནམ་ཡང་ཕྱོགས་འདིར་མ་སྨྲ། རྒྱུ་འབྲས་ཡིན་ན་དུས་མཉམ་དགོས་པའང་རིགས་ཚུལ་ལས་འདས་ཤིང༌། ཡུན་རིང་དུ་སོང་བའི་ལས་(༣༧༡ན)


K800_Page_761
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་སྔར་སོང་བ་ལས་ཐ་སྙད་དུ་འབྲས་བུ་ཕྱིས་འབྱུང་བ་མི་འགལ་བ་བཤད་ཟིན་པའི་ཕྱིར་དང༌། དགེ་མི་དགེའི་རྣམ་སྨིན་གྱི་རྒྱུ་འགགས་ནས་ཀྱང་ཡུན་རིང་པོར་སོང་བ་ན་ངན་སོང་དང་བདེ་འགྲོའི་རྣམ་སྨིན་གྱི་འབྲས་བུ་འཕྲལ་གྱི་ཀུན་སློང་ལ་བལྟོས་མེད་དུ་ཕྱི་མར་འབྱུང་བ་ཆེས་འཐད་པའི་ཕྱིར་རོ། །དེས་ན་ལས་ཀྱི་རྒྱུ་ཆུང་ངུ་ལས་ཀྱང་འབྲས་བུ་བསྐྱེད་ཚུལ་དེ་ལྟར་ན། སངས་རྒྱས་བཅོམ་ལྡན་འདས་ནི་སེམས་ཅན་མཐའ་ཡས་པའི་དོན་དུ་བསྐལ་པ་མཐའ་ཡས་པར་ཚོགས་གཉིས་སྔར་བསགས་ཀྱི་རྒྱུ་ལས་འབྲས་བུ་ཕྱི་དུས་སུ་གཞན་དོན་མཁའ་མཉམ་འཁོར་བ་མ་སྟོང་གི་བར་འབྱུང་བ་འདི་ལ་མི་འཐད་པར་དོགས་པ་དེ་ལས་བླུན་པ་འཇིག་རྟེན་གྱི་ཁམས་འདིར་སུ་ཞིག་ཡོད། ཁ་ཅིག་སངས་རྒྱས་ཀྱི་ཆོས་ཐམས་ཅད་སེམས་དཔའི་སྨོན་ལམ་དང་ཚོགས་གཉིས་ཀྱི་འབྲས་བུ་ཡིན་ན། སངས་རྒྱས་ཀྱི་ཕྲིན་ལས་སུ་མི་རིགས་པ་ནི་བསོད་ནམས་ཆེས་ཟད་བྱེད་ཀྱི་སྨྲ་བ་ཡིན་ཏེ། སངས་རྒྱས་ཉིད་ཀྱང་སེམས་དཔའི་གནས་སྐབས་དང་ཕྲིན་ལས་ལས་བྱུང་བ་སྔར་སྒྲུབས་ན། དེ་ལས་གཞན་མངོན་མཐོ་ངེས་ལེགས་ཐམས་ཅད་བྱང་ཆུབ་སེམས་དཔའི་ཕྲིན་ལས་ཡིན་པར་བདེ་བླག་ཏུ་འགྲུབ་པའི་ཕྱིར། བྱང་ཆུབ་སེམས་དཔའི་སྨོན་ལམ་ལས་བྱུང་བས་སངས་རྒྱས་ཀྱི་ཕྲིན་ལས་ཡིན་པར་འགལ་ན། སྨོན་ལམ་ལས་མ་བྱུང་བའི་ཕྲིན་ལས་ནི་མི་སྲིད་པས་ཕྲིན་ལས་གཏན་མི་སྲིད་པར་འགྱུར་བའི་ཕྱིར། གསུམ་པ་ལ། རང་དོན་ཕུན་ཚོགས་ཀྱི་ཆོས་སྐུ་དང༌། གཞན་དོན་ཕུན་ཚོགས་ཀྱི་གཟུགས་སྐུ་བཤད་པ་གཉིས། དང་པོ་ནི། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགགས་པས་དེ་སྐུ་ཡིས་མངོན་སུམ་མཛད། །གཟུགས་(༣༧༡བ)


K800_Page_762
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྣམ་མཁྱེན་གྱི་བར་གྱི་ཤེས་བྱ་ཡུན་རིང་པོ་ནས་ཞེན་པའི་བརླན་དང་བྲལ་བའི་བུད་ཤིང་སྐམ་པོ་མ་ལུས་པ་ཡེ་ཤེས་ཀྱི་མེས་བསྲེགས་པས་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་ཤེས་བྱ་སྐྱེ་བ་མེད་པས་ཤེས་པ་ཡང་སྐྱེ་བ་མེད་པའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་དེ་ནི་རྒྱལ་བ་རྣམས་ཀྱི་ཆོས་སྐུ་ཡིན་ཏེ། ཇི་སྐད་དུ། སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་བྱའང་མ་ཡིན་ཏེ། །དེ་ནི་ཤེས་པར་ནུས་མ་ཡིན། །ཞེས་བྱུང་བའི་ཕྱིར། ཆོས་སྐུ་མངོན་དུ་མཛད་པ་དེའི་ཚེ། ཆོས་སྐུ་འདི་ནི་སྔར་མེད་གསར་དུ་སྐྱེ་བ་མེད་ཅིང་སྔར་ཡོད་འགག་པ་ཡང་མེད་པ་ཡིན་ཏེ། ཆོས་ཐམས་ཅད་གདོད་མ་ནས་སྐྱེ་འགག་མེད་པ་ལ་སྐྱེ་འགག་མེད་པར་རྟོགས་པ་མཐར་ཐུག་པ་རྣམ་པར་ཆད་པའི་འཆི་འཕོ་བ་དང༌། སྐྱེ་བ་དེར་བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་བ་དང༌། སྐྱེ་བ་ཐམས་ཅད་ལས་གྲོལ་བའི་ཕྱིར། མདོ་ལས། འཇམ་དཔལ་སྐྱེ་བ་མེད་ཅིང་འགག་པ་མེད་པ་ཞེས་བྱ་བ་འདི་ནི་དེའི་ཚིག་བླ་དྭགས་སོ། །ཞེས་གསུངས་སོ། །དེས་ན་ཡེ་ཤེས་ཀྱི་ཡུལ་དེ་ཁོ་ན་ཉིད་ལ་རྣམ་པ་ཐམས་ཅད་དུ་དེའི་ཡུལ་ཅན་སེམས་སེམས་བྱུང་མི་འཇུག་པར་འགག་པ་ན་ཆོས་སྐུ་དེ་ལོངས་སྐུ་ཁོ་ན་ཡིན་པས་མངོན་སུམ་དུ་མཛད་པར་ཐ་སྙད་དུ་རྣམ་པར་བཞག་གོ། །སེམས་སེམས་བྱུང་འགག་ཅེས་པ་འདིའང་སྔར་ས་བཅུ་རྒྱུན་མཐའ་མན་དུ་ཡོད་པ་ཞིག་འདིར་མེད་པར་སོང་བ་ནི་མིན་ཏེ། དེ་ལྟར་ན་རྟག་ཆད་ཀྱི་མཐར་འགྱུར་ཞིང་སྔར་ཡོད་ན་ཕྱིས་མེད་པར་འགྱུར་མི་སྲིད་པའི་ཕྱིར། གདོད་མ་ནས་ཡོད་པ་མིན་པ་ལ་ཕྱིས་མེད་པའང་མི་འཐད་པའི་ཕྱིར། དེས་ན་འདིར་སེམས་དང་སེམས་ལས་(༣༧༢ན)


K800_Page_763
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་འཛིན་པ་མཐའ་དག་ཞིག་པའམ་མ་རིག་པའི་འཁྲུལ་སྣང་ཡལ་བ་ལ་འགག་ཅེས་ཐ་སྙད་བཏགས་པར་ཟད་དོ། །དེ་ཡང་གངས་ཅན་གྱི་ཁྲོད་འདིར། ཁ་ཅིག་རྒྱུན་མཐའི་བར་དུ་དཔྱད་པས་དག་པའི་ཡེ་ཤེས་ཡོད་ལ། སངས་རྒྱས་ཀྱིས་སར་མེད་པ་ཐལ་འགྱུར་བའི་རང་ལུགས་ཐུན་མོང་མིན་པའོ་ཞེས་ཟེར་བ་དང༌། ཁ་ཅིག་ཐལ་འགྱུར་བ་གཞིར་བྱས་ཀྱི་རང་ལུགས་ལ་སངས་རྒྱས་སར་ཡང་སེམས་དང་སེམས་ལས་བྱུང་བའི་མིང་ལ་མི་རྩོད་ཀྱི། དོན་གྱི་ངོ་ཁྱད་མཐོང་བའི་ཡེ་ཤེས་ནི་ཡོད་དེ། སློབ་དཔོན་ཟླ་གྲགས་ཀྱིས་སངས་རྒྱས་ཀྱི་སར་སྟོབས་སོགས་ཡོན་ཏན་མཐའ་ཡས་པ་ཡོད་པར་བཤད་པའི་ཕྱིར་དང༌། ཇི་སྐད་དུ། མངོན་སུམ་ནི་གཅིག་ཉིད་ཁོ་ནར་ཟད་དེ། གང་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །ཞེས་དང༌། འོག་མིན་དུ་ནི་གང་གི་དོན་དུ་འབད་འགྱུར། ཞེས་སོགས་ཚིགས་བཅད་གཉིས་རྩ་འགྲེལ་དང༌། འདིར་ཡང་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་ཞེས་དང༌། ཡེ་ཤེས་ཀྱི་ཡུལ་དེ་ཁོ་ན་ཉིད་ལ་ཞེས་སོགས་མང་དུ་གསུངས་པའི་ཕྱིར། ཞེས་སྨྲའོ། །ལུགས་དེ་དག་ནི་མི་འཐད་དེ། ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བ་དག་གི་མ་དཔྱད་པའི་འཇོག་ལུགས་ནི་གོང་དུ་བཤད་པ་ལྟར་ཡིན་ལ། ཁྱེད་ལྟར་དཔྱད་ནས་དབུ་མ་པས་ཡེ་ཤེས་ཡོད་མེད་དེ་ལྟར་རང་ལུགས་སུ་འཇོག་པའི་སྐབས་འགར་ཡང་མེད་པའི་ཕྱིར། ཁྱོད་འདོད་པ་དེ་ནི་སྤྱིར་ཤེས་བྱའི་གནས་ལུགས་དང༌། བྱེ་བྲག་ཏུ་སངས་རྒྱས་ཀྱི་ཡིན་ལུགས་མ་ཤེས་ཤིང་སངས་རྒྱས་ཀྱི་ཡེ་ཤེས་ངོས་མ་ཟིན་པར་རང་གི་རྣམ་པར་རྟོག་པས་བཏགས་པའི་མ་རིག་པའི་མུན་པ་འབའ་(༣༧༢བ)


K800_Page_764
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ལ་དགག་སྒྲུབ་བྱེད་པར་ཟད་དེ། སྤྱིར་ཤེས་བྱ་ཐམས་ཅད་གདོད་མ་ནས་ཡོད་མེད་སོགས་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་པ་ལ་དེ་ལྟར་མ་ཤེས་པར་སངས་རྒྱས་ཀྱི་ཡེ་ཤེས་འབའ་ཞིག་ལ་ཡོད་མེད་དུ་རྩོད་པའི་ཕྱིར་དང༌། ཡོད་མེད་གཉིས་ཀ་གསུང་རབ་ཐམས་ཅད་དང་ཀླུ་སྒྲུབ་ཡབ་སྲས་ཀྱི་བསྟན་བཅོས་ཐམས་ཅད་ནས་བཀག་པ་དང༌། ཡོད་མེད་དེ་བཞིན་གཤེགས་པས་ཀྱང་རྣམ་པ་ཐམས་ཅད་དུ་མ་གཟིགས་པར་གསུངས་པ་མ་དྲན་པའི་ཕྱིར་དང༌། སྒྲིབ་པ་རང་བཞིན་གྱིས་ཡོད་ན་འབད་ཀྱང་སྤོང་བར་མི་ནུས་པས་ཐར་པ་མི་ཐོབ་པའི་ཕྱིར་ལམ་ལ་འབད་པ་དོན་མེད་པར་ཐལ་བ་དང༌། སྔར་རང་གི་ངོ་བོར་གྱུར་པ་ཕྱིས་རང་བཞིན་གྱིས་མེད་ན་ཐམས་ཅད་འབད་མེད་དུ་གྲོལ་བར་འགྱུར་བ་དང༌། ཡེ་ཤེས་རང་གི་ངོ་བོར་གྱུར་པ་རང་བཞིན་གྱིས་ཡོད་ན་སེམས་ཅན་དང་འཁོར་བ་ཐ་སྙད་དུའང་མི་འཐད་པ་དང༌། སངས་རྒྱས་ལ་ཡེ་ཤེས་ཐ་སྙད་དུའང་མེད་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་མེད་པར་འགྱུར་བའི་ཕྱིར་རྒྱུན་མཐའི་བར་ཡོད་ལ། དེ་ནས་མེད་ན་རྟག་ཆད་གཉིས་ཀའི་མཐར་འགྱུར་ཞིང་སེམས་ཅན་ལ་སྒྲིབ་གཉིས་དང་མ་དག་པའི་ཕུང་ཁམས་སྐྱེ་མཆེད་སོགས་ཡོད་ནས། སངས་རྒྱས་ལ་ཡེ་ཤེས་དང་གནས་གྱུར་གྱི་ཡོན་ཏན་མཐའ་དག་མེད་པའང་མི་འཐད་པའི་ཕྱིར་དང༌། ཡེ་ཤེས་མེད་ན་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ཡོན་ཏན་མཐའ་དག་མེད་པར་འགྱུར་ཏེ། མདོ་ལས། དཔེར་ན་མ་དྲོས་གནས་པའི་ཀླུ་བདག་མེད་གྱུར་ན། །འཛམ་བུའི་གླིང་འདིར་ཆུ་ཀླུང་འབབ་པར་ག་ལ་འགྱུར། །ཆུ་ཀླུང་མེད་ན་མེ་ཏོག་འབྲས་(༣༧༣ན)


K800_Page_765
[མ་དཔེ་གཟིགས་ན་འདིར་གནོན།]

བུ་འབྱུང་མི་འགྱུར། །རྒྱ་མཚོ་ལ་ཡང་རིན་ཆེན་གཟུགས་མང་མེད་པར་འགྱུར། །དེ་བཞིན་འདིར་ཡང་བྱང་ཆུབ་སེམས་མེད་བདེར་གཤེགས་ཀྱི། །ཡེ་ཤེས་འཇིག་རྟེན་འདི་དག་ཀུན་ཏུ་ག་ལ་འབྱུང༌། །ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་མེད། །རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་མེད་པར་འགྱུར། །སངས་རྒྱས་སྲས་དང་ཉན་ཐོས་རང་རྒྱལ་ལྷ་རྣམས་དང༌། །འགྲོ་བ་ཀུན་གྱི་བདེ་སྐྱིད་ཆོས་རྣམས་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང༌། །ཤེས་རབ་ནམ་ཡང་ཟད་པ་མེད་ཅིང་འཕེལ་བ་མེད། །ཅེས་དང༌། ཡེ་ཤེས་ཚུལ་སྒོ་ཐབས་དང་རྩ་བ་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང༌། །ཞེས་དང༌། གཞན་ཡང་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཤེར་ཕྱིན་མེད་ན་མི་འབྱུང་བར་རྒྱལ་བའི་ཡུམ་དེ་དང་དེ་ལས་ཡང་དང་ཡང་དུ་གསུངས་པའི་ཕྱིར། སངས་རྒྱས་ཀྱི་ས་ན་སྐད་ཅིག་གིས་སྐྱེ་འགག་བྱེད་པའི་རིག་པའི་ཕྲེང་བ་དང་འཁྲུལ་སྣང་སྒྱུ་མ་ལྟ་བུ་ཡོད་པའང་མི་འཐད་དེ། སྔར་ཆོས་ཐམས་ཅད་སྐྱེ་འགག་སོགས་མཐའ་ཐམས་ཅད་དང་བྲལ་བར་ཡང་ཡང་བསྟན་པའི་ཕྱིར་དང༌། འཁྲུལ་སྣང་ཡོད་ན་མ་རིག་པ་ཡོད་པར་འགྱུར་བའི་ཕྱིར་དང༌། ཆོས་ཐམས་ཅད་སྐྱེ་མེད་དུ་རྟོགས་ནས་རང་སྐྱེ་མེད་དུ་མ་རྟོགས་པ་མི་འཐད་པའི་ཕྱིར་དང༌། སྤྲོས་པ་དང་བྲལ་བའི་སངས་རྒྱས་ཀྱི་ཡེ་ཤེས་སྐྱེ་འགག་དང་བཅས་པ་ཡིན་ན། སྐྱེ་འཇིག་སོགས་སྤྲོས་པའི་དྲ་བ་མཐའ་ཡས་པས་བཅིངས་པའི་འཇིག་རྟེན་པ་རྣམས་ཀྱིས་དེ་ཁོ་ན་ཉིད་མཐོང་བར་འགྱུར་ཞིང༌། དེ་དག་ལ་འཕགས་པ་རྣམས་ཀྱིས་སྐྱེ་(༣༧༣བ)


K800_Page_766
[མ་དཔེ་གཟིགས་ན་འདིར་གནོན།]

བ་མེད་པ་སོགས་སུ་གསུངས་པའང་མི་རིགས་པའི་ཕྱིར། དེས་ན་ཡོད་མེད་དུ་རྩོད་པ་དེ་དག་གིས་ནི་སངས་རྒྱས་ཀྱི་ཡེ་ཤེས་ངོས་མ་ཟིན་ཏེ། དེ་དག་གིས་ནི་སེམས་དང་སེམས་ལས་བྱུང་བ་སྐད་ཅིག་གིས་སྐྱེ་འགག་བྱེད་པ་དང༌། སྒྱུ་མ་ལྟ་བུའི་འཁྲུལ་སྣང་སྣང་ལ་ཡེ་ཤེས་སུ་ངོས་བཟུང་ནས་རྩོད་པར་སྣང་ལ། ཡེ་ཤེས་ནི་སྔར་ཤེར་ཕྱིན་གྱི་སྐབས་སུ་བཤད་པ་ལྟར་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བ་ལ་བློ་ཡང་སྤྲོས་པ་ཐམས་ཅད་དང་བྲལ་བར་སོང་བ་ཡིན་ཞིང༌། བྱེ་བྲག་ཏུ་སངས་རྒྱས་ཀྱི་ཡེ་ཤེས་ནི་བཤད་མ་ཐག་པ་ལྟར་དེ་ཁོ་ན་ཉིད་ལ་སྤྲོས་པ་བག་ཆགས་དང་བཅས་པ་རྣམ་པ་ཐམས་ཅད་དུ་ཞི་བས་དབྱིངས་དང་ཡེ་ཤེས་དབྱེར་མེད་པ། གཅིག་དང་ཐ་དད་སྤངས་པ། ཆོས་ཅན་དང་ཆོས་ཉིད་དང༌། སྤངས་པ་དང་རྟོགས་པ་དང༌། ཡུལ་དང་ཡུལ་ཅན་ལ་སོགས་པ་ཐམས་ཅད་གཉིས་སུ་མེད་པ་དང༌། དེར་མ་ཟད་འཁོར་འདས་དང་སྐྱོན་ཡོན་སོགས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མཉམ་ཉིད་དུ་གྱུར་པ་ལ་བཞག་གི། དོན་འདི་ལ་དགོངས་ནས་ཀྱང་དཔལ་ལྡན་དྭགས་པོ་བཀའ་བརྒྱུད་ཀྱི་ཞལ་ནས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་རྣམ་པར་དག་པ་ཆོས་དབྱིངས་དང༌། ཡེ་ཤེས་དབྱེར་མེད་ནི་འཁོར་བ་ངན་སོང་གསུམ་གྱི་ཐ་མལ་གྱི་ཤེས་པ་རྣམ་རྟོག་མ་རིག་ཆེན་པོ་གྲ་མ་ཆག་ཟུར་ལོག་གེ་བ་འདི་ཉིད་ཡིན་པར་གསུངས་ལ། དེའི་ཡུལ་དང་ཡུལ་ཅན་དག་ཀྱང་འཁོར་འདས་དགག་སྒྲུབ་བཟང་ངན་མཉམ་པའི་རང་སྟོང་ཉིད་ལས་བརྩམས་ཏེ། རྗེས་བཙུན་སྒམ་པོ་པས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད་ཟེར་དེ་ཉི་མ་དང་(༣༧༤ན)


K800_Page_767
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་འོད་ཟེར་ལྟར་ཐ་དད་མེད་དོ། །ཞེས་ཀྱང་གསུངས་སོ། །གནད་འདི་ལྟ་བུ་མ་རྟོགས་པ་ཁ་ཅིག་ངོ་བོ་ཉིད་སྐུ་སངས་རྒྱས་མིན་ཟེར་བ་དང༌། དེས་ཤེས་བྱ་མ་རྟོགས་ཟེར་བ་ནི་ཤིན་ཏུ་འཁྲུལ་ཏེ། ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བ་ལ་བློ་ཡང་སྤྲོས་པའི་བག་ཆགས་དང་བཅས་པ་རྣམ་པ་ཐམས་ཅད་དང་བྲལ་བ་དེ་ལ། སྟོན་པ་བཅོམ་ལྡན་འདས་དང་འཕགས་པ་བྱམས་པ་དང་མགོན་པོ་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱིས་ལན་གཅིག་མིན་པར་ཡང་ཡང་དུ་སངས་རྒྱས་སུ་གསུངས་པའི་ཕྱིར་དང༌། ཁོ་བོ་དབུ་མ་པ་ནི་མ་དཔྱད་པ་ན་ཤེས་བྱ་གཞན་རྣམས་ཡོད་པར་བཞག་པ་ན། སངས་རྒྱས་ཀྱི་ཡེ་ཤེས་ཁོ་ན་ཡོད་མེད་ཅེས་དམིགས་ཕུག་ཏུ་རྩོད་པར་ཡང་མི་བྱེད་དེ། འཇིག་རྟེན་གྱི་འཁྲུལ་ངོར་གཟུགས་སོགས་ཀུན་རྫོབ་པའི་ཆོས་རྣམས་ཡོད་པར་བཞག་པ་བཞིན་སངས་རྒྱས་ཀྱི་ཡེ་ཤེས་ཀྱང་ཡོད་ལ། དཔྱད་པ་ན་ནི་དེ་བཞིན་གཤེགས་པའི་གཟིགས་ངོར་སངས་རྒྱས་ཀྱི་ཡེ་ཤེས་ཡོད་མེད་སྤྲོས་པ་ཐམས་ཅད་དང་བྲལ་བ་ལྟར་ཆོས་ཐམས་ཅད་ཀྱང་སྤྲོས་པ་དང་བྲལ་བའི་ཕྱིར། འདི་ནི་ལན་གཅིག་མིན་པར་གལ་ཆེ་བས་ཡང་ཡང་བཤད་ཟིན་ཅིང་འཆད་པར་ཡང་འགྱུར་ལ། སངས་རྒྱས་ལ་ཡེ་ཤེས་ཡོད་མེད་ཀྱི་རྣམ་པར་དཔྱད་པ་འདི་ནི་གངས་ཅན་གྱི་ཁྲོད་འདིར་སྔོན་ཁུ་ལོ་ཙཱ་བའི་དབུ་མ་ཐལ་འགྱུར་གྱི་ཡིག་ཚང་བླ་ན་མེད་པ་ནས་བྱུང་བ་དེ་ཉིད་འཐད་པར་མཐོང་ནས་དེ་ལྟར་བརྗོད་པའོ། །གཉིས་པ་ལ། ལོངས་སྤྱོད་རྫོགས་པའི་སྐུ་དང༌། རྒྱུ་མཐུན་པའི་སྐུ་དང༌། སྤྲུལ་པའི་སྐུ་བཤད་པ་གསུམ། དང་པོ་ནི། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཞིང༌། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བར་འགྱུར། །སྐུ་གང་གིས་ཆོས་སྐུ་མངོན་དུ་མཛད་པའི་ལོངས་སྐུ་དེ་ནི་ཞི་བའི་རང་བཞིན་ཅན་ཡིན་ཏེ། སེམས་སེམས་(༣༧༤བ)


K800_Page_768
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་དང་བྲལ་བའི་ཕྱིར་ཞི་བའི་རང་བཞིན་ཡིན་ཀྱང༌། དཔག་བསམ་གྱི་ཤིང་ལྟར་སེམས་ཅན་གྱི་དོན་མཛད་པར་སྤྱོད་པ་གསལ་བར་གྱུར་ཅིང༌། ཡིད་བཞིན་ནོར་བུ་ཇི་བཞིན་དུ་རྣམ་པར་མི་རྟོག་ཏུ་ཟིན་ཀྱང་གདུལ་བྱའི་འདོད་དོན་སྒྲུབ་པར་བྱེད་དོ། །སྐུ་འདི་ནི་འགྲོ་བ་མ་གྲོལ་བ་སྟེ་འཁོར་བ་མ་སྟོང་གི་བར་དུ་འཇིག་རྟེན་དག་གི་མངོན་མཐོ་དང་ངེས་ལེགས་ཀྱི་འབྱོར་པ་ཐོབ་སླད་དུ་ཡུན་རིང་པོ་ནམ་མཁའ་གནས་པ་ཇི་སྲིད་དེ་སྲིད་དུ་རྟག་པར་བཞུགས་སོ། །ལོངས་སྐུ་འདི་ནི་བྱང་སེམས་ས་བཅུ་པ་སྤྲོས་པ་དང་བྲལ་བ་ཚོགས་གཉིས་བསགས་པས་ཤེས་རབ་དྲི་མེད་ཀྱི་མེ་ལོང་ཐོབ་པ་རྣམས་ཁོ་ན་ལ་སྣང་བར་འགྱུར་རོ། །ལོངས་སྐུ་ནི་ངེས་པ་ལྔ་དང་ལྡན་པ་སྟེ། གནས་ངེས་པ་འོག་མིན། ངོ་བོ་ངེས་པ་མཚན་དཔེས་བརྒྱན་པ། འཁོར་ངེས་པ་ས་བཅུ་པའི་སེམས་དཔའ། དུས་ངེས་པ་རྒྱུན་མི་འཆད་པ། ལོངས་སྤྱོད་ངེས་པ་ཐེག་ཆེན་གྱི་ཆོས་འབའ་ཞིག་ལ་ལོངས་སྤྱོད་པ་སྟེ། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་ནི། མཚན་དང་དཔེ་བྱད་རབ་འབར་ཞིང༌། །སྐྱེ་བོ་རྣམས་ལ་སྣ་ཚོགས་གཟུགས། །རང་མོས་དབང་གིས་འཛིན་པར་བྱེད། །བསོད་ནམས་ཚོགས་ནི་དཔག་མེད་ལས། །བྱུང་བ་དེ་ནི་རྒྱལ་བའི་སྲས། །ས་བཅུ་ལ་ནི་གནས་རྣམས་ཀྱིས། །དེ་ལྟ་བུ་ཡི་སྐུར་གཟིགས་སོ། །འདི་དེ་ཆོས་རྫོགས་ལོངས་སྤྱོད་པས། །རྒྱལ་སྲས་རྣམས་ཀྱི་སྤྱད་བྱའོ། །ཆོས་རྣམས་རང་བཞིན་ཁོ་ན་ལ། །གནས་པའི་བློ་ལས་སངས་རྒྱས་བརྗོད། །འོག་མིན་གཞལ་ཡས་ཁང་དུ་ནི། །དེ་ཉིད་མངོན་སུམ་བྱ་བར་བཞེད། །ཅེས་ཏེ། བསོད་ནམས་ཚོགས་ནི་དཔག་མེད་ལས། །བྱུང་བ་ཞེས་པས་དུས་ངེས་པ་བསྟན་(༣༧༥ན)


K800_Page_769
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །གཞན་གོ་སླའོ། །འདིར་ཟི་ལུང་མཆོག་ལྡན་པ་ཆེན་པོ་སོགས་བོད་སྔ་ཕྱི་མང་པོ་ན་རེ། རྒྱུད་བླ་མ་ལས། ཇི་ལྟར་ཚོན་ནི་སྣ་ཚོགས་ཀྱིས། །ནོར་བུ་དེ་དངོས་མིན་སྣང་ལྟར། །དེ་བཞིན་འགྲོ་རྐྱེན་སྣ་ཚོགས་པས། །ཁྱབ་བདག་དེ་དངོས་མིན་པར་སྣང༌། །ཞེས་དང༌། དྲང་སྲོང་རྣམས་ཀྱི་བརྡ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པའི་གནས། །ཞེས་དང༌། ཇི་ལྟར་སྤྲིན་མེད་ནམ་མཁའི་ཟླ་བའི་གཟུགས། །སྟོན་ཀའི་ཆུ་སྔོན་མཚོར་ནི་མཐོང་བ་ལྟར། །དེ་བཞིན་རྒྱལ་སྲས་ཚོགས་ཀྱིས་ཁྱབ་བདག་གཟུགས། །རྫོགས་སངས་དཀྱིལ་འཁོར་ནང་དུ་མཐོང་བར་འགྱུར། །ཞེས་དང༌།ཇི་ལྟར་བཻ་ཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཞེས་དང༌། འདི་ནི་རང་སེམས་སྣང་བ་ཞེས། །སོ་སོ་སྐྱེ་བོས་མི་ཤེས་མོད། །ཅེས་དང༌། དགེ་བ་སྐྱེ་དང་འཇིག་པས་ན། །སངས་རྒྱས་གཟུགས་ནི་སྐྱེ་དང་འཇིག །བརྒྱ་བྱིན་བཞིན་དུ་ཐུབ་པ་ནི། །ཆོས་ཀྱི་སྐུ་ཡི་སྐྱེ་འཇིག་མེད། །ཅེས་སོགས་མང་དུ་གསུངས་པ་དང༌། བརྒྱད་སྟོང་འགྲེལ་ཆེན་སོགས་སུའང་གཟུགས་སྐུ་སངས་རྒྱས་མིན་པར་གསུངས་པ་དང༌། ཁྱད་པར་གཟུགས་སྐུ་བེམ་འཛོང་ནི་གཏན་མེད་ཡིན་ལ། གཟུགས་སྐུ་ཡང་དག་པ་དེ་ཤེས་པའི་ལུས་ལ་འཇོག་དགོས་སོ་ཞེས་ཟེར་རོ། །དེ་ལྟར་སྨྲ་བ་དེ་ནི་ཕྱོགས་ཙམ་ཡང་ཁོང་དུ་མ་ཆུད་པར་ཟད་དེ། ལུང་དེ་དག་གི་དོན་མ་གོ་བར་སྣང་བའི་ཕྱིར་དང༌། འདོད་པ་དེ་ལྟར་ན་གསུང་རབས་ཀྱི་དགོངས་པ་ལས་ཕྱིན་ཅི་ལོག་ཏུ་འགྱུར་བའི་(༣༧༥བ)


K800_Page_770
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཏེ། ལུང་དེ་དག་གིས་ནི་བརྟེན་པ་ཆོས་ཀྱི་སྐུ་སྤྲོས་པ་དང་བྲལ་བ་དེ་རྫོགས་པའི་སངས་རྒྱས་རང་ཉིད་ཀྱིས་སོ་སོར་རང་རིག་གི་ཡེ་ཤེས་ཀྱི་མྱོང་བྱའམ་མཐོང་བྱའམ་རིག་བྱ་སྟེ་ཁོང་དུ་ཆུབ་བྱ་ཡིན་ལ། རྟེན་སངས་རྒྱས་གཟུགས་ཀྱི་སྐུ་མཛད་པ་ཕྲིན་ལས་ཡོན་ཏན་དང་བཅས་པའི་སྤྲོས་པ་རྣམས་གདུལ་བྱ་བསགས་སྦྱང་གི་བློའི་མེ་ལོང་དག་པ་རྣམས་ཀྱིས་ཀྱང་མཐོང་བ་དང༌། དེའི་གསུང་ཐོས་པ་དང༌། དེའི་དགོངས་པའི་དམ་ཆོས་ཀྱི་རོ་ཐོས་བསམ་སྒོམ་པའི་ཤེས་པའི་ཡུལ་དུ་ཉམས་སུ་བླང་བྱར་འགྱུར་གྱི། ཆོས་སྐུ་ལ་ནི་དེ་ལྟར་མ་ཡིན་ཏེ། སངས་རྒྱས་རང་ཉིད་ཀྱིས་ཀྱང་ཆོས་སྐུ་ཁོང་དུ་ཆུད་ནས་གཟིགས་པ་ན་འགར་ཡང་གཟིགས་པ་མེད་པའི་ཚུལ་གྱིས་གཟིགས་ན་དེ་གཞན་སེམས་ཅན་དག་གིས་མཐོང་བྱ་མཐོང་བྱེད་དུ་ཇི་ལྟར་ཡང་རིག་མི་ནུས་པའི་ཕྱིར་ཞེས་སྟོན་པ་ཡིན་གྱི། ལུང་དེས་གདུལ་བྱ་ལ་སྣང་བའི་གཟུགས་སྐུ་སངས་རྒྱས་མ་ཡིན་པར་སྟོན་པ་གཏན་མ་ཡིན་ལ། དེ་སངས་རྒྱས་མ་ཡིན་ན་དེས་གསུངས་པའི་དམ་པའི་ཆོས་དེ་སངས་རྒྱས་ཀྱི་གསུང་མ་ཡིན་པ་དང༌། དེ་མ་ཡིན་ན་གསུང་དེ་ཉམས་སུ་ལེན་པའི་སངས་རྒྱས་ཀྱི་བསྟན་པ་དེ་བསྟན་པ་མ་ཡིན་པ་དང༌། སངས་རྒྱས་དེའི་རྗེས་སུ་ཞུགས་པའི་དགེ་འདུན་ཟུང་བཞི་ཡ་བརྒྱད་དང་དགེ་འདུན་ཉི་ཤུ་ལ་སོགས་པའི་དགེ་འདུན་དཀོན་མཆོག་རྣམས་ཀྱང་དགེ་འདུན་མ་ཡིན་པར་འགྱུར་རོ། །ཁྱོད་འདོད་པ་དེ་ལྟར་ན་གསུང་རབ་ཀྱི་དགོངས་པའི་རྣམ་གཞག་ཐམས་ཅད་ཕྱིན་ཅི་ལོག་ནང་འགལ་འབའ་ཞིག་ཏུ་འགྱུར་ཏེ། མེ་ཚ་བ་ཡིན་ཅིང་གཟུགས་གཟུགས་སུ་རུང་བ་ཡིན་ན་གཟུགས་སྐུ་སངས་རྒྱས་མིན་པར་འགལ་བའི་ཕྱིར་དང༌། གདུལ་བྱ་སེམས་ཅན་གྱིས་དངོས་སུ་བསྟེན་བྱའི་སངས་རྒྱས་ཀྱི་གཟུགས་སྐུ་སངས་རྒྱས་མ་ཡིན་ན། སྔོན་བྱང་སེམས་ཀྱི་གནས་སྐབས་(༣༧༦ན)


K800_Page_771
[མ་དཔེ་གཟིགས་ན་འདིར་གནོན།]

ན། བདག་སེམས་ཅན་སྡིག་པོ་ཆེ་སྒྲིབ་པ་ཅུང་ཟད་ཙམ་བསྲབས་པར་མ་བྱས་པས་ཀྱང་མཐོང་བར་ནུས་པའི་སྐུ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ཅིང༌། དེ་ལྟར་སྒྲུབ་པའི་ལས་ཀྱི་འབྲས་བུ་ཆུད་ཟོས་པར་འགྱུར་བའི་ཕྱིར་དང༌། གཟུགས་སྐུ་ཡང་དག་པ་དེ་གཟུགས་མིན་པར་ཤེས་པ་ཡིན་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་བསྟན་བཅོས་རབ་འབྱམས་ནས་སངས་རྒྱས་ཀྱི་གཞན་དོན་གྱི་སྐུ་དེ་སེམས་ཅན་གྱི་མིག་ཤེས་ཀྱི་ཡུལ་གྱི་གཟུགས་སྐུ་ལ་བཤད་པ་མ་གཏོགས་དེ་ལྟ་བུའི་སྐུ་དེ་ཤེས་སྐུ་ཞེས་ཡི་གེ་ན་གཅིག་ཀྱང་མི་འབྱུང་ལ། མཚན་དཔེ་སོགས་ཤེས་པའི་ཁྱད་ཆོས་སུ་འདོད་ན། ཤེས་པར་གྱུར་པའི་དབུ་སྐྲ་བུང་བ་ལྟར་གནག་དང༌། སེན་མོ་ཟངས་མདོག་སོགས་ཁས་ལེན་དགོས་པས་ཤེས་པ་ལ་ཁ་དོག་དང་དབྱིབས་ཀྱི་ངོ་བོར་ཡང་འདོད་རིགས་པར་འགྱུར་ལ། དེ་ལྟར་ན་ནི་ཤེས་པ་ལ་ཚོགས་བརྒྱད་ལས་ཀྱང་རྒྱ་ཆེར་དབྱེ་བར་རིགས་ཏེ་གཟུགས་ཀྱི་ཁྱད་པར་གྱི་དབྱེ་བ་དེ་སྙེད་ཤེས་པ་ལ་བྱེད་རིགས་པར་འགྱུར་རོ། །དེ་ལྟར་ན་ཇི་སྐད་དུ། ཤེས་རྣམ་གཉིས་དང་རྣམ་ཉི་ཤུ། །ཞེས་མདོ་མངོན་གྱི་གཞུང་རྣམས་ཀྱང་བསྒྱུར་ཏེ་འདོན་རིགས་པའི་ཕྱིར། གཞན་ཡང་གཟུགས་སྐུ་སངས་རྒྱས་སུ་འགྱུར་ཏེ། ཀུན་རྫོབ་ཏུ་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཡིན་ཅིང༌། དེ་སེམས་ཅན་གྱི་སྐུ་དང་ཡེ་ཤེས་མ་ཡིན་པའི་ཕྱིར་དང༌། གདུལ་བྱ་ལའང་དེ་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ལས་མ་གཏོགས་སེམས་ཅན་གྱི་སྐུ་དང་ཡེ་ཤེས་སུ་མི་སྣང་བའི་ཕྱིར། ཡང་ཁྱེད་ཅག་བསྙོན་ཧོམ་ཆེ་བས་གཟུགས་སྐུ་དེ་གདུལ་བྱ་སེམས་ཅན་དེའི་ཤེས་པ་ཡིན་ནོ་ཞེས་ཟེར་ན་ནི། འོ་ན་ཁྱོད་རང་གི་ལྷུང་བཟེད་ནང་གི་རྒྱ་རི་ཁྱོད་རང་གི་ཟས་བྱན་པོ་དེའི་མིག་གི་ཤེས་པར་(༣༧༦བ)


K800_Page_772
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བས་ཁྱོད་ཅག་གི་དགུང་ཚིགས་ཀྱི་དུས་ཟན་བྱན་པོ་དེའི་མིག་ཤེས་དེ་སྤག་དང་སྦྱར་ལ་ཁཱ་ཧི་ཁཱ་ཧི། གལ་ཏེ་གསུང་རབ་འགའ་འགར་གཟུགས་སྐུ་སངས་རྒྱས་མིན་པར་གསུངས་པ་ཡོད་ན་མེའི་རང་བཞིན་སྟོང་ཉིད་དུ་གསུངས་པ་ལྟར་དོན་དམ་དཔྱད་པའི་རྣམ་གཞག་ཡིན་ཅིང༌། གཟུགས་ཀྱི་སྐུ་སངས་རྒྱས་ཡིན་པར་གསུངས་པ་ནི་མེའི་རང་བཞིན་ཚ་བ་ཡིན་པ་ལྟར་ཀུན་རྫོབ་མ་དཔྱད་པའི་རྣམ་གཞག་ཡིན་ནོ། །དེས་ན་ཆོས་སྐུ་དང་ངོ་བོ་ཉིད་སྐུ་སྐྱེ་འགག་མེད་པའི་སྤྲོས་བྲལ་དང་གཟུགས་སྐུ་སྐྱེ་འགག་སོགས་ཀྱི་སྤྲོས་པ་སྟེ་བདེན་པ་གཉིས་སུ་གདུལ་བྱའི་བློ་ལ་བལྟོས་ནས་བཞག་གི། སངས་རྒྱས་ཀྱི་གཟིགས་ངོར་གཟུགས་སྐུ་དང་ཆོས་སྐུ་དང་ངོ་བོ་ཉིད་སྐུ་དག་ལས་གཅིག་དོན་དམ་བདེན་པ་དང་གཅིག་ཤོས་ཀུན་རྫོབ་བདེན་པ་དང་སངས་རྒྱས་ཡིན་མིན་སོགས་ཀྱི་ཁྱད་པར་ཅུང་ཟད་ཀྱང་མེད་དོ། །འོ་ན་རྒྱུད་བླ་མར། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་གཉིས་ཏེ། །ཞེས་སངས་རྒྱས་ཀྱི་སྐུ་ལ་བདེན་པ་གཉིས་སུ་ཕྱེ་བ་མ་ཡིན་ནམ་སྙམ་ན། སངས་རྒྱས་ཀྱི་སྐུ་ལ་ཆོས་ཅན་དང་ཆོས་ཉིད་གཉིས་སུ་ཐ་སྙད་གཞན་གྲགས་དང་བསྟུན་ནས་ཆོས་སྐུ་ལ་ཆོས་ཉིད་དོན་དམ་བདེན་པར་བརྗོད་པ་དང༌། གཟུགས་སྐུ་ལ་ཆོས་ཅན་ཀུན་རྫོབ་བདེན་པར་བརྗོད་པར་མཛད་ཀྱང་མཐའ་གཅིག་ཏུ་ཆོས་སྐུ་དེ་ཉིད་སྐྱེ་འགག་དང་བྲལ་བའི་དོན་དམ་བདེན་པར་ཡང་བརྗོད་པར་བྱ་བ་མ་ཡིན་ཏེ། ཆོས་སྐུ་རྣམ་མཁྱེན་ལ་བཤད་ནས་ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་གི་སྟོབས་སོགས་སྐྱེ་འགག་གི་བདག་ཉིད་ཅན་གྱི་ཀུན་རྫོབ་བདེན་པ་ལ་བཤད་པ་ཡང་ཡོད་པའི་ཕྱིར་དང༌། གཟུགས་སྐུ་ལ་ཡང་དོན་དམ་བདེན་པར་བཞག་པའི་སྐབས་ཀྱང་ཡོད་དེ། སྔགས་ཀྱི་(༣༧༧ན)


K800_Page_773
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པར་ངེས་དོན་དོན་དམ་པའི་གཟུགས་སྐུ་ཟུང་འཇུག་རྡོ་རྗེ་འཆང་ཉིད་ལ་བཤད་པའི་གནས་སྐབས་ཆེས་མང་བའི་ཕྱིར། སྐབས་སྟོབས་ཀྱི་ཁྱད་པར་ལས་ཤེས་དགོས་པ་ལས་ཕྱོགས་རེ་ལ་མངོན་པར་ཞེན་པར་མི་བྱའོ། །དེས་ན་ཁ་ཅིག་གི་ལུགས་ལྟར་གཟུགས་སྐུ་ལས་གཞན་ན་ངོ་བོ་ཉིད་སྐུ་ཡོད་པར་སྨྲ་བ་དང༌། གཟུགས་སྐུ་ཉིད་སངས་རྒྱས་ཀྱི་ཡེ་ཤེས་སུ་འདོད་པ་དེ་ལྟར་ན་བདེན་པ་གཉིས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་གསུངས་པའི་གནད་མ་དྲན་པར་བྱུང་རྒྱལ་དུ་ཁ་ནས་ཤོར་བའི་ཅོལ་གཏམ་མོ། །གཉིས་པ་ལ། སྐུ་ཕུན་སུམ་ཚོགས་པ་དང༌། བཞེད་པ་ལ་མངའ་བསྒྱུར་བ་ཕུན་སུམ་ཚོགས་པ་དང༌། ཡོན་ཏན་ཕུན་སུམ་ཚོགས་པ་བཤད་པ་གསུམ། དང་པོ་ལ། སྐྱེ་བའི་གནས་སྐབས་སྟོན་པའི་མཐུ་ཕུལ་དུ་བྱུང་བ་དང༌། སྤྱོད་པའི་གནས་སྐབས་སྟོན་པའི་མཐུ་ཕུལ་དུ་བྱུང་བ་གཉིས། དང་པོ་ནི། ཐུབ་དབང་དུས་གཅིག་ཁོ་ནར་དེའི་རྒྱུ་མཐུན། །གཟུགས་སྐུ་གཅིག་ལ་རང་གི་སྐྱེ་གནས་སྐབས། །སྔར་འགགས་གསལ་དང་མ་འཆོལ་བྱུང་ཚུལ་ནི། །མ་ལུས་ཀྱིས་བཀྲ་མཐའ་དག་སྟོན་པར་མཛད། །སངས་རྒྱས་ཀྱི་ཆོས་གཟུགས་ཀྱི་སྐུ་དེ་དག་བསྐྱེད་པ་དང་རྒྱུ་མཐུན་པའི་སྐུ་གཞན་ཡང་ཆོས་གཟུགས་ཀྱི་སྐུའི་མཐུ་ལས་གདུལ་བྱའི་དོན་དུ་འབྱུང་བ་ནི་ཐུབ་པའི་དབང་པོས་དུས་གཅིག་ཁོ་ནར་སྐུ་གཉིས་པོ་དེའི་རྒྱུ་མཐུན་གཟུགས་སྐུ་གཅིག་ལ་སངས་མ་རྒྱས་པའི་སྔ་རོལ་འཁོར་བ་ཐོག་མ་མེད་པ་རང་གི་སྐྱེ་བའི་གནས་སྐབས་སྔར་འགགས་ཟིན་པའི་བྱུང་མཐའ་མ་ལུས་པ་གསལ་བ་དང་མ་འདྲེས་པ་མ་འཆོལ་བར་བྱུང་ཚུལ་ནི་མ་ལུས་ཀྱིས་བཀྲ་མཐའ་དག་མེ་ལོང་ལ་བྱད་བཞིན་སྟོན་པ་ལྟར་མཛད་དོ། །གཉིས་པ་ལ། སྐུ་གཅིག་ལ་སྟོན་པ་དང༌། བ་སྤུའི་ཁུང་བུ་གཅིག་ཏུ་སྤྱོད་པ་མཐའ་དག་སྟོན་པའི་མཐུ་གཉིས། དང་པོ་ལ། སྦྱིན་པ་དང༌། ཕར་ཕྱིན་གཞན་ལྔ་ལ་སྤྱོད་པའི་འབྱུང་མཐའ་སྟོན་པ་གཉིས། དང་པོ་ནི། སངས་རྒྱས་ཞིང་ཇི་འདྲར་ཐུབ་དབང་དེ་དང༌། །དེ་དག་སྐུ་སྤྱོད་མཐུ་སྟོབས་ཇི་འདྲ་དང༌། །ཉན་ཐོས་དགེ་འདུན་ཇི་སྙེད་ཇི་ལྟ་དང༌། །བྱང་ཆུབ་སེམས་རྣམས་དེར་གཟུགས་ཇི་འདྲ་དང༌། །ཇི་འདྲའི་ཆོས་དང་དེར་བདག་ཇི་འདྲ་དང༌། །ཆོས་ཐོས་སྤྱོད་པ་གང་ལ་སྤྱད་པ་དང༌། །སྦྱིན་གང་ཇི་ཙམ་དེ་དག་ལ་ཕུལ་བ། །དེ་ནི་མ་ལུས་སྐུ་གཅིག་ལ་སྟོན་མཛད། །སྟོན་པ་སྔོན་(༣༧༧བ)


K800_Page_774
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པའི་ཕར་ཕྱིན་སྤྱོད་པ་ན་སངས་རྒྱས་ཀྱི་ཞིང་བཻ་ཌཱུརྱ་དང་པདྨ་རཱ་ག་སོགས་ཀྱི་ལྗོན་ཤིང་སེམས་ཅན་གྱི་མཛེས་པ་ཇི་འདྲ་བ་ཞིག་ན་ཐུབ་དབང་དེ་རྣམས་བལྟམས་པ་དང༌། སངས་རྒྱས་དེ་དག་སྐུ་སྤྱོད་མཐུ་སྟོབས་ཕུལ་དུ་གྱུར་བ་ཅི་འདྲ་བ་དང༌། དེ་དག་གི་ཉན་ཐོས་དགེ་འདུན་གྱི་གྲངས་ཇི་སྙེད་པ་དང༌། རང་གི་ཐར་པ་ལ་ནན་ཏན་ཇི་ལྟར་སྤྱོད་པ་དང༌། སངས་རྒྱས་དེ་དག་གི་ཞིང་ན་བྱང་ཆུབ་སེམས་དཔའ་རྣམས་དེར་གཟུགས་ཀྱི་ཁྱད་པར་མཚན་དཔེ་དང་ཆོས་གོས་ཟས་གནས་ཉེར་སྤྱོད་ཇི་འདྲ་བར་དང༌། ཐེག་པ་གཅིག་དང་གསུམ་གྱི་རྟེན་ཅན་ཆོས་ཇི་འདྲ་བ་བསྟན་པའི་ཆོས་དང༌། ཞིང་དེར་བདག་ཉིད་བྲམ་ཟེའི་རིགས་སོགས་སུ་སྐྱེས་པ་དང༌། ཁྱིམ་པའམ་རབ་བྱུང་ཅི་འདྲར་གྱུར་པ་དང༌། ཆོས་ཐོས་ན་བསླབ་པ་ལྷག་མ་དང་བཅས་པ་བསྡུས་པ་དགེ་ཚུལ་གྱི་སྡོམ་པ་ལྟ་བུ་དང༌། ལྷག་མ་མེད་པ་རྒྱས་པ་དགེ་སློང་གི་སྡོམ་པ་ལྟ་བུ་ཁས་བླངས་ནས་སྤྱོད་པ་གང་ལ་སྤྱད་པ་དང༌། སངས་རྒྱས་སེམས་དཔའ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་བཟའ་གོས་རིན་པོ་ཆེའི་རྒྱན་སོགས་སྦྱིན་པ་གང་ཇི་ཙམ་དེ་དག་ལ་ཕུལ་བ་དེ་ནི་མ་ལུས་པར་སྐུར་གཅིག་ལ་སྟོན་པར་མཛད་དོ། །གཉིས་པ་ནི། དེ་བཞིན་ཚུལ་ཁྲིམས་བཟོད་བརྩོན་ཏིང་འཛིན་དང༌། །ཤེས་རབ་སྤྱོད་ཚེ་སྔར་གྱི་གནས་སྐབས་གང༌། །མ་ཚང་མེད་དེ་དག་ཉིད་སྤྱོད་པ་ཀུན། །སྔོན་སྦྱིན་པའི་སྤྱད་པ་སྤྱོད་པའི་བྱུང་བ་སྟོན་པ་དེ་བཞིན་དུ་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕར་ཕྱིན་ལ་སྤྱོད་ཚེ་སྔར་གྱི་གནས་སྐབས་གང་ཡིན་པ་མ་ཚང་བ་མེད་པ་དེ་དག་མ་ལུས་པ་སྐུ་གཅིག་ལ་སྟོན་པར་མཛད་དོ། །གཉིས་པ་ལ། ཉིད་ཀྱི་སྤྱོད་པ་དང༌། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་པ་དང༌། གཞན་དུས་གསུམ་གྱི་སྐྱེ་འཕགས་ཀུན་གྱི་སྤྱོད་པ་བ་སྤུའི་ཁུང་བུ་གཅིག་ཏུ་སྟོན་པ་གསུམ། དང་པོ་ནི། སྐུ་ཡི་བ་%འི་ཁུང་བུརའང་གསལ་བར་སྟོན། །སྐུ་གཅིག་ལ་དེ་ལྟའི་སྤྱོད་པ་སྟོན་པར་མ་(༣༧༨ན)


K800_Page_775
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་ཉིད་ཀྱི་ཕྱིན་དྲུག་གི་སྤྱོད་པ་མ་ཚང་བ་མེད་པ་ཀུན་བ་སྤུའི་ཁུང་བུར་གསལ་བར་སྟོན་ཏོ། །གཉིས་པ་ནི། སངས་རྒྱས་གང་དག་འདས་དང་འབྱུང་འགྱུར་གང༌། །གང་དག་ད་ལྟར་ནམ་མཁའི་མཐར་ཐུག་པར། །གདངས་མཐོན་ཆོས་སྟོན་#ག་བསྔལ་གྱིས་བཟུང་བའི། །འགྲོ་དབུགས་འབྱིན་ཞིང་འཇིག་རྟེན་བཞུགས་པ་དང༌། །དང་པོའི་ཐུགས་བཟུང་བྱང་ཆུབ་སྙིང་པོའི་བར། །དེ་དག་སྤྱོད་ཀུན་དངོས་རྣམས་མིག་འཕྲུལ་གྱི། །རང་བཞིན་མཁྱེན་ནས་བདག་བཞིན་བ་%་ཡི། །ཁུང་བུར་དུས་གཅིག་ལ་ནི་གསལ་བར་སྟོན། །གཞན་ཡང་སངས་རྒྱས་གང་དག་འདས་དང་མ་བྱོན་པ་འབྱུང་འགྱུར་གང་དང་གང་དག་ད་ལྟ་ནམ་མཁའི་མཐར་ཐུག་པར་གསུང་གི་གདངས་མཐོན་པོ་ཚངས་དབྱངས་སོགས་ཀྱིས་ཆོས་སྟོན་ཅིང་སྡུག་བསྔལ་གྱིས་བཟུང་བའི་འགྲོ་བ་རྣམས་དབུགས་འབྱིན་ཅིང་འཇིག་རྟེན་ན་བཞུགས་པ་དང་བཞུགས་པ་དེ་དག་དང་པོ་ཐུགས་བསྐྱེད་པ་ནས་བཟུང་བྱང་ཆུབ་སྙིང་པོའི་བར་གཤེགས་པ་དེ་དག་གི་སྤྱོད་པ་ཀུན་གྱི་དངོས་པོ་རྣམས་མིག་འཕྲུལ་གྱི་རང་བཞིན་ལྟར་མཁྱེན་ནས་བདག་ཉིད་ཀྱི་སྤྱོད་པ་སྟོན་པ་བཞིན་སྐུའི་བ་སྤུའི་ཁུང་བུར་དུས་གཅིག་ལ་ནི་གསལ་བར་སྟོན་ཏེ། བཅོམ་ལྡན་འདས་ཆོས་ཐམས་ཅད་མིག་འཕྲུལ་ལྟར་མཁྱེན་པས་ཆོས་ཐམས་ཅད་མིག་འཕྲུལ་དུ་སྟོན་པར་སྤྱོད་པ་ལ་མངའ་བརྙེས་པའི་ཕྱིར། གསུམ་པ་ནི། དེ་བཞིན་དུས་གསུམ་བྱང་ཆུབ་སེམས་དཔའ་དང༌། །རང་རྒྱལ་འཕགས་པ་ཉན་ཐོས་མ་ལུས་ཀྱི། །སྤྱོད་དང་དེ་ལྷག་སྐྱེ་བོའི་གནས་སྐབས་ནི། །ཐམས་ཅད་བ་%འི་ཁུང་བུར་གཅིག་ཚེ་སྟོན། །དེ་བཞིན་གཤེགས་པ་རང་གཞན་གྱི་སྤྱོད་པ་བ་སྤུའི་ཁུང་བུ་གཅིག་ཏུ་སྟོན་པ་དེ་བཞིན་དུ་དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་དང་རང་རྒྱལ་འཕགས་པ་ཉན་ཐོས་མ་ལུས་ཀྱི་སྤྱོད་པ་ཐམས་ཅད་དང༌། དེ་ལྷག་སོ་སོ་སྐྱེ་བོའི་གནས་སྐབས་ཀྱི་ནི་སྤྱོད་པ་ཐམས་ཅད་བ་སྤུའི་ཁུང་བུར་དུས་གཅིག་གི་ཚེ་སྟོན་ཏོ། །གཉིས་པ་ལ། ཡུལ་དང༌། དུས་ལ་བལྟོས་ནས་བཞེད་པ་ལ་མངའ་དབང་བསྒྱུར་བ་གཉིས། དང་པོ་ནི། དག་པ་འདི་ནི་བཞེད་པ་འཇུག་པ་ཡིས། །རྡུལ་གཅིག་ཡུལ་ལ་མཁའ་གཏུགས་འཇིག་རྟེན་དང༌། །འཇིག་རྟེ་མཐའ་ཡས་ཕྱོགས་ཁྱབ་རྡུལ་སྟོན་མོད། །རྡུལ་རགས་མི་འགྱུར་འཇིག་རྟེན་ཕྲ་མི་འགྱུར། །སྤངས་རྟོགས་ཕྲིན་ལས་ཡོངས་སུ་དག་པའི་སངས་རྒྱས་འདི་ནི་བཞེད་པ་ཙམ་གྱིས་འཇུག་པ་ཡིས་རྡུལ་ཕྲ་རབ་གཅིག་གི་ཡུལ་ལ་ནམ་མཁའི་མཐས་གཏུགས་པའི་འཇིག་རྟེན་སྟོན་པ་དང་འཇིག་རྟེན་མཐའ་ཡས་པའི་ཕྱོགས་རྡུལ་ཕྲ་རབ་གཅིག་གིས་ཁྱབ་པར་སྟོན་མོད་ཀྱི། དེ་ལྟར་ནའང་རྡུལ་རགས་པར་མི་འགྱུར་ཞིང་འཇིག་རྟེན་ཕྲ་བར་ཡང་མི་འགྱུར་རོ། །གཉིས་པ་ནི། རྣམ་རྟོག་མི་མངའ་ཁྱོད་ཀྱིས་སྲིད་མཐའི་བར། །སྐད་ཅིག་དེ་རེ་རེ་ལ་སྤྱོད་སྣ་ཚོགས། །ཇི་སྙེད་སྟོན་པ་དེ་སྙེད་འཛམ་བུ་གླིང༌། །མ་ལུས་རྡུལ་གང་དེ་སྙེད་ལ་གྲངས་མེད། །སྟོན་པ་རྣམ་རྟོག་མི་(༣༧༨བ)


K800_Page_776
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་བ་ཁྱོད་ཀྱིས་སྲིད་མཐའི་བར་དུ་སྐད་ཅིག་དང་སྐད་ཅིག་དེ་རེ་རེ་ལ་མཛད་པ་བཅུ་གཉིས་ལྟ་བུ་སེམས་ཅན་འདུལ་ཐབས་ཀྱི་སྤྱོད་པ་སྣ་ཚོགས་ཇི་སྙེད་སྟོན་པ་དེ་སྙེད་འཛམ་བུའི་གླིང་མ་ལུས་པའི་རྡུལ་ཕྲ་རབ་གང་དེ་སྙེད་ལ་སྔ་མའི་གྲངས་ཀྱི་ཆ་ཙམ་ཡང་མེད་དོ། །གསུམ་པ་ལ། ཡོན་ཏན་གྱི་གཙོ་བོ་སྟོབས་བཅུ་བཤད་པ་དང༌། ཡོན་ཏན་མཐའ་ཡས་ཤིང་སངས་རྒྱས་ལས་གཞན་གྱིས་བསམ་མི་ཁྱབ་པར་བསྟན་པ་དང༌། ཡོན་ཏན་ཐམས་ཅད་ཟབ་པ་དང་རྒྱ་ཆེ་བ་གཉིས་སུ་བསྡུ་བ་གསུམ། དང་པོ་ལ། བསྟན། བཤད་གཉིས། དང་པོ་ནི། གནས་དང་གནས་མིན་མཁྱེན་སྟོབས་དང༌། །དེ་བཞིན་ལས་རྣམ་སྨིན་བློ་དང༌། །མོས་པ་སྣ་ཚོགས་ཐུགས་ཆུད་དང༌། །སྣ་ཚོགས་ཁམས་ནི་མཁྱེན་སྟོབས་དང༌། །དེ་བཞིན་དབང་མཆོག་མཆོག་མ་ཡིན། །མཁྱེན་དང་ཐམས་ཅད་དུ་འགྲོ་དང༌། །བསམ་གཏན་རྣམ་ཐར་ཏིང་འཛིན་དང༌། །སྙོམས་པར་འཇུག་སོགས་བློ་སྟོབས་དང༌། །སྔོན་གནས་དྲན་པ་མཁྱེན་པ་དང༌། །དེ་བཞིན་འཆི་འཕོ་སྐྱེ་བློ་དང༌། །ཟག་རྣམས་ཟད་པ་མཁྱེན་སྟོབས་ཏེ། །སྟོབས་ནི་བཅུ་པོ་འདི་དག་གོ། །འདིར་འགྲེལ་བཤད་དུ། སྟོབས་རེ་རེ་ཞིང་ཏིང་ངེ་འཛིན་དང་ཤེས་རབ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་མངོན་པ་ནས་འབྱུང་བ་བཞིན་བཤད་པ་ནི་གོང་དུ་སེམས་སེམས་བྱུང་གི་འཇུག་པ་ཐམས་ཅད་ཞི་བར་བཤད་པ་དང་འགལ་ཞིང༌། གཞན་སྣང་ཡིན་ན་ཡང་མ་དཔྱད་པར་འཇོག་པས་མཚུངས་ལྡན་སྦྱར་མི་དགོས་སོ། །གཉིས་པ་ལ། མདོར་བསྟན་ལྟར་བཅུའི། དང་པོ་ནི། རྒྱུ་གང་ཞིག་ལས་གང་ཞིག་ངེས་པར་སྐྱེ་འགྱུར་པ། །དེ་ནི་དེ་ཡི་གནས་སུ་དེ་མཁྱེན་རྣམས་ཀྱིས་གསུངས། །བཤད་པ་ལས་བཟློག་གནས་མིན་ཤེས་བྱ་མཐའ་ཡས་པ། །མཁྱེན་པ་ཐོགས་པ་སྤངས་པ་དེ་ནི་སྟོབས་སུ་བཤད། །རྒྱུ་གང་ཞིག་ལས་རང་གི་འབྲས་བུ་གང་ཞིག་ངེས་པར་སྐྱེ་བར་འགྱུར་བ་དེ་ནི་སྐྱེ་བ་ཅན་འབྲས་བུ་དེའི་གནས་སུ་གནས་དེ་མཁྱེན་པ་སངས་རྒྱས་རྣམས་ཀྱིས་གསུངས་ཏེ། རྒྱུ་དགེ་མི་དགེ་ལས་རྣམ་སྨིན་ཡིད་(༣༧༩ན)


K800_Page_777
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འོང་མི་འོང་སོགས་འབྱུང་བ་འདི་ལྟར་བསླུ་བ་མེད་པར་གནས་པའི་ཕྱིར་རོ། །ཇི་སྐད་བཤད་པ་ལས་བཟློག་པ་རྒྱུ་མིན་ལས་འབྲས་བུ་འབྱུང་བ་དེ་གནས་མིན་ཏེ། དཔེར་ན། དགེ་བ་ལས་འབྲས་བུ་ཡིད་དུ་མི་འོང་བ་འབྱུང་བའི་གནས་མེད་པ་ལྟ་བུའོ། །དེའི་གནས་ཡིན་མིན་གྱིས་བསྡུས་པའི་ཤེས་བྱ་མཐའ་ཡས་པ་མཁྱེན་པ་ལ་ཆགས་ཐོགས་སྤངས་པ་དེ་ནི་སྟོན་པའི་གནས་དང་གནས་མིན་མཁྱེན་པའི་སྟོབས་སུ་བཤད་དོ། །གཉིས་པ་ནི། འདོད་དང་མི་འདོད་དེ་ལས་བཟློག་དང་ཟད་དངོས་ཀྱི། །ལས་དང་དེ་ཡི་རྣམ་སྨིན་ཤིན་ཏུ་སྣ་ཚོགས་ལའང༌། །མཁྱེན་པ་ནུས་མཐུ་ཐོགས་མེད་སོ་སོར་འཇུག་འགྱུར་པ། །དུས་གསུམ་ཤེས་བྱ་ཁྱབ་མཛད་དེ་ནི་སྟོབས་སུ་འདོད། །འདོད་པའི་ལས་རྣམ་སྨིན་ཡིད་དུ་འོང་བ་དང༌། མི་འདོད་པའི་ལས་རྣམ་སྨིན་ཡིད་དུ་མི་འོང་བ་དང༌། དེ་ལས་བཟློག་པ་མཐའ་གཅིག་ཏུ་དགེ་མི་དགེ་མ་ཡིན་པའི་འདྲེས་མ་དང༌། ལས་ཟད་པའི་རྒྱུའི་དངོས་པོ་ཟག་མེད་ཀྱི་ལས་དང་སྟེ། མདོ་ལས། ལས་གཅིག་ཏུ་དཀར་བ་དང༌། གཅིག་ཏུ་གནག་པ་དང༌། དཀར་ནག་འདྲེས་མ་དང༌། ལས་ཟད་པར་བྱེད་པའི་རྒྱུ་ཟག་མེད་ཀྱི་ལས་བཞི་གསུངས་པས་འདིར་ཡང་དེའི་དབང་དུ་བྱས་སོ། །འདིར་འགྲེལ་བཤད་དུ། མི་ཟད་དངོས་ལས་དང༌། ཞེས་བཏོན་ནས་ཟད་པ་མེད་པ་མ་བྱས་པ་ཐོབ་པའི་རྒྱུ་ཡིན་པས་ཞེས་ཟེར་བ་ནི་རང་སྡེ་འོག་མའི་མྱང་འདས་རྫས་ཡོད་ཀྱི་དབང་དུ་བྱས་ནས་བརྗོད་ཀྱི། མདོ་དང་ཐེག་ཆེན་གྱི་ཆོས་མངོན་པ་དང་འགལ་བའི་ཟད་པའི་རྒྱུ་ཟག་པ་མེད་པ་དང་ཞེས་པ་ཉིད་ལེགས་སོ། །ལས་དེ་བཞི་ལས་ཟག་མེད་ལ་རྣམ་སྨིན་མེད་པས་གཞན་གསུམ་པོ་དེའི་རྣམ་སྨིན་ཤིན་ཏུ་སྣ་ཚོགས་དུས་གསུམ་གྱིས་བསྡུས་པ་ལའང་རང་གི་ངོ་བོ་བར་དབྱེ་སོགས་མཁྱེན་པའི་ནུས་མཐུ་ཐོགས་མེད་གདུལ་བྱའི་ཡུལ་དུས་སོ་སོར་འཇུག་པར་འགྱུར་བའི་ཡུལ་ཅན་དུས་གསུམ་གྱི་ཤེས་བྱ་ལ་ཁྱབ་པར་མཛད་པ་དེ་ནི་སྟོན་(༣༧༩བ)


K800_Page_778
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལས་དང་རྣམ་སྨིན་མཁྱེན་པའི་སྟོབས་སུ་འདོད་དོ། །གསུམ་པ་ནི། འདོད་ཆགས་སོགས་ཀྱིས་འབྱུང་བའི་སྟོབས་ཀྱིས་འདོད་པ་ནི། །ཤིན་ཏུ་སྣ་ཚོགས་དམན་འབྲིང་གང་ཡང་ཁྱད་འཕགས་འདོད། །དེ་ལས་གཞན་རྣམས་ཀྱིས་གཡོགས་མོས་ལ་མཁྱེན་པ་ནི། །དུས་གསུམ་འགྲོ་བ་མ་ལུས་ཁྱབ་པ་སྟོབས་ཞེས་བྱ། །འདོད་ཆགས་ཞེ་སྡང་སོགས་ཉོན་མོངས་པ་དང་སོགས་ཀྱིས་དད་སོགས་དགེ་ཆོས་གང་ལས་བྱུང་བའི་ས་བོན་གྱི་སྟོབས་ཀྱིས་ཡོངས་སུ་བཟུང་བའི་ལྷག་པར་མོས་བསམ་གྱི་འདོད་པ་དེ་ནི་ཤིན་ཏུ་སྣ་ཚོགས་པ་དམན་པ་དང་འབྲིང་དང༌། གང་ཡང་ཁྱད་འཕགས་འདོད་པ་དང་འདོད་པ་དེ་ནི་ཡང་མོས་པ་དེ་ལས་གཞན་ཆགས་སོགས་མངོན་འགྱུར་སྤྱོད་པ་རྣམས་ཀྱིས་གཡོགས་ཤིང་སྒྲིབ་པའི་མོས་པ་དེ་ལའང་རང་གི་ངོ་བོ་དང་དབྱེ་བ་སོགས་མཁྱེན་པ་དེ་ནི། དུས་གསུམ་གྱི་འགྲོ་བ་མ་ལུས་ལ་ཁྱབ་པས་སངས་རྒྱས་དག་གི་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཞེས་བྱའོ། །བཞི་པ་ནི། སངས་རྒྱས་ཁམས་ཀྱི་རྣམ་པར་དབྱེ་ལ་མཁས་རྣམས་ཀྱིས། །མིག་སོགས་རྣམས་ཀྱི་རང་བཞིན་གང་དེ་ཁམས་སུ་གསུངས། །རྫོགས་པའི་སངས་རྒྱས་རྣམས་ཀྱི་མཁྱེན་པ་མཐའ་ཡས་ཤིང༌། །རྣམ་ཀུན་ཁམས་ཀྱི་ཁྱད་པར་ལ་འཇུག་སྟོབས་སུ་འདོད། །སངས་རྒྱས་ཁམས་སྟོང་ཉིད་ཀྱི་རྣམ་པར་དབྱེ་བ་ལ་མཁས་པ་རྣམས་ཀྱིས་མིག་སོགས་ངག་གི་རང་བཞིན་ནམ་ངོ་བོའམ་སྟོང་ཉིད་གང་དེ་ཁམས་སུ་གསུངས་པས་རྫོགས་པའི་སངས་རྒྱས་རྣམས་ཀྱི་ནང་སྟོང་པ་ཉིད་སོགས་རབ་དབྱེ་ལ་མཁྱེན་པ་ཁམས་ཐམས་ཅད་ལ་ཁྱབ་པས་མཐའ་ཡས་ཤིང༌། རྣམ་པ་ཀུན་ཏུ་ཁམས་སྟོང་ཉིད་ཀྱི་ཁྱད་པར་ལ་ཐོགས་པ་མི་མངའ་བར་འཇུག་པ་དེ་ནི་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་སུ་འདོད་དོ། །ལྔ་པ་ནི། ཀུན་ཏུ་རྟོག་སོགས་ཆེས་རྣོ་ཉིད་ནི་མཆོག་བཞེད་ལ། །འབྲིང་གནས་སྐབས་དང་རྟུལ་ཉིད་མཆོག་མིན་པར་བཤད་དང༌། །མིག་ལ་སོགས་དང་ཕན་ཚུན་1བ་ནུས་ཆུབ་པ་ལ། །རྣམ་པ་ཐམས་ཅད་མཁྱེན་པ་ཆགས་མེད་སྟོབས་སུ་གསུངས། །ཀུན་ཏུ་རྟོག་པ་ནི་ཉོན་མོངས་པའི་དབང་པོ་ཡིན་ཏེ། འདོད་ཆགས་སོགས་བསྐྱེད་པའི་མངའ་བདག་ཉིད་དུ་གནས་པའི་ཕྱིར། སོགས་པའི་སྒྲས་དད་སོགས་ནི་རྣམ་བྱང་གི་དབང་པོ་ཡིན་ཏེ། དགེ་བའི་ཆོས་བསྐྱེད་པ་ལ་དབང་བསྒྱུར་བའི་ཕྱིར། དེ་དག་ལས་ཆེས་དབང་པོ་རྣོ་བ་ཉིད་ནི་མཆོག་ཕུལ་དུ་བྱུང་བར་བཞེད་ལ། འབྲིང་གི་གནས་སྐབས་དང་རྟུལ་པོ་ཆུང་ངུ་ཉིད་མཆོག་མིན་པར་བཤད་པ་དེ་དག་དང་མིག་ལ་སོགས་དབང་པོ་ཉེར་གཉིས་ཀྱི་ངོ་བོ་དང༌། མིག་གིས་ཉེར་ལེན་བྱས། (༣༨༠ན)


K800_Page_779
[མ་དཔེ་གཟིགས་ན་འདིར་གནོན།]

རྣ་བས་ལྷན་ཅིག་བྱེད་རྐྱེན་བྱས་ནས་མིག་གི་ཤེས་པ་བསྐྱེད་པ་ལྟ་བུ་ཕན་ཚུན་གཅིག་ལ་གཅིག་གིས་འབྲས་བུ་བསྒྲུབ་པའི་ནུས་པའི་རང་གི་ངོ་བོ་ཐུགས་སུ་བྱང་ཆུབ་པ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཆགས་ཐོགས་མེད་པར་འཇུག་པ་འདི་ནི་དབང་པོ་མཆོག་དང་མཆོག་མིན་པ་མཁྱེན་པའི་སྟོབས་སུ་གསུངས་སོ། །དྲུག་པ་ནི། ལམ་འགའ་རྒྱལ་བ་ཉིད་དང་འགའ་ཞིག་རང་རྒྱལ་གྱི། །བྱང་ཆུབ་དང་ནི་ཉན་ཐོས་བྱང་ཆུབ་ཡི་དྭགས་དང༌། །དུད་འགྲོ་ལྷ་མི་རྣམས་དང་དམྱལ་བ་སོགས་འགྲོ་བ། །དེ་ལ་མཁྱེན་པ་ཆགས་མེད་མཐའ་ཡས་སྟོབས་སུ་འདོད། །ལམ་འགའ་ཞིག་ནི་རྒྱལ་བ་ཉིད་དུ་འདོད་པ་དང༌། ལམ་འགའ་ཞིག་རང་རྒྱལ་གྱི་བྱང་ཆུབ་ཏུ་འདོད་པ་དང་ནི་ལ་ལ་ཉན་ཐོས་ཀྱི་བྱང་ཆུབ་ཏུ་འདོད་པ་དང༌། ལ་ལ་ཡི་དྭགས་དང༌། དུད་འགྲོ་ལྷ་མི་རྣམས་དང༌། དམྱལ་བ་དག་ཏུ་འགྲོ་བ་དང༌། ལ་སོགས་པས་རྣམ་པ་སྣ་ཚོགས་པར་འགྲོ་བ་དེ་ལ་དེ་དང་དེར་འགྲོ་བ་ཇི་ལྟ་བ་བཞིན་མཁྱེན་པ་ཡུལ་ཅན་ཆགས་ཐོགས་མེད་པ་མཐའ་ཡས་པར་འཇུག་པ་འདི་ནི་སྟོན་པའི་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་སུ་འདོད་དོ། །བདུན་པ་ནི། འཇིག་རྟེན་མཐའ་ཡས་རྣལ་འབྱོར་བྱེ་བྲག་ལ་ཐ་དད། །བསམ་གཏན་རྣམ་ཐར་བརྒྱད་གང་ཞི་གནས་གང་དག་དང༌། །སྙོམས་འཇུག་ཁྱད་པར་གང་དག་གཅིག་པར་བརྒྱད་གྱུར་པ། །དེ་ལ་མཁྱེན་པ་ཐོགས་མེད་འདི་ནི་སྟོབས་སུ་བཤད། །འཇིག་རྟེན་གྱི་ཁམས་མཐའ་ཡས་ན་གནས་པའི་རྣལ་འབྱོར་པའི་རྒྱུད་ཀྱི་བྱེ་བྲག་འཇིག་རྟེན་ལས་འདས་མ་འདས་དང༌། དབང་པོ་རྣོ་རྟུལ་མཐའ་ཡས་ལ་དབྱེ་བ་མང་པོ་ཐ་དད་པའི་བསམ་གཏན་བཞི་དང་རྣམ་ཐར་བརྒྱད་གང་ཡིན་དང༌། ཞི་གནས་སེམས་རྩེ་གཅིག་པ་གང་དག་དང༌། མཐར་གནས་ཀྱི་སྙོམས་འཇུག་ཁྱད་པར་ཅན་གང་དག་གཅིག་པར་བརྒྱད་དུ་གྱུར་པ་བསམ་གཏན་བཞི་གཟུགས་མེད་བཞི་ཚོར་འདུ་འགོག་པ་དགུའོ། ། དེ་དག་གི་ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་རྒྱུ་མཐའ་ཡས་པའི་བསམ་གཏན་ལ་སོགས་པ་དེ་ལ་མཁྱེན་པ་ཐོགས་མེད་འདི་ནི་བསམ་གཏན་སོགས་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་བྱང་མཁྱེན་པའི་སྟོབས་སུ་བཤད་དོ། །བརྒྱད་པ་ནི། ཇི་སྲིད་གཏི་མུག་དེ་སྲིད་སྲིད་གནས་འདས་བདག་དང༌། །སེམས་ཅན་གཞན་རེ་རེ་ཡི་སྲིད་པ་སེམས་ཅན་ནི། །ཇི་སྙེད་དེ་སྙེད་མཐའ་ཡས་གཞིར་བཅས་ཡུལ་ཕྱོགས་དང༌། །བཅས་རྣམས་ལ་བློ་གང་དང་གང་ཡིན་སྟོབས་སུ་བཤད། །ཇི་སྲིད་གཏི་མུག་ཐོགས་མེད་ཀྱི་དབང་གིས་(༣༨༠བ)


K800_Page_780
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་བརྒྱུད་པ་ཐོགས་མེད་དེ་སྲིད་ཀྱི་སྲིད་པར་གནས་པ་འདས་པའི་བདག་དང༌། སེམས་ཅན་གཞན་རེ་རེ་ཡི་སྲིད་པར་སེམས་ཅན་ནི་ཇི་སྙེད་དེ་སྙེད་མཐའ་ཡས་པ་དག་གི་སྔོན་འདས་པའི་སྲིད་པ་སྐྱེ་བ་གཞི་བཅས་ཡུལ་ཕྱོགས་དང་བཅས་པ་རྣམས་ལ་བཅོམ་ལྡན་འདས་ཀྱི་མཁྱེན་པའི་བློ་གང་དང་གང་ཡིན་པ་ནི་སྔོན་གནས་རྗེས་སུ་དྲན་པའི་སྟོབས་སུ་བཤད་དོ། །དགུ་པ་ནི། སེམས་ཅན་རྣམས་ཀྱི་སེམས་ཅན་རེ་རེའི་འཆི་འཕོ་དང༌། །སྐྱེ་གང་འཇིག་རྟེན་ལ་གནས་ནམ་མཁའ་མཐར་ཐུག་དང༌། །བཀྲ་མང་དེ་ལ་མཁྱེན་པ་དུས་དེར་འཇུག་པ་ཡིས། །མ་ཆགས་རྣམ་ཀུན་ཡོངས་དག་མཐའ་ཡས་སྟོབས་སུ་འདོད། །སེམས་ཅན་རྣམས་ཀྱི་སེམས་ཅན་རེ་རེ་འཆི་འཕོ་བ་ཕུང་པོ་འཇིག་པ་དང༌། སྐྱེ་བ་ཉིང་མཚམས་སྦྱོར་བ་གང་ཡིན་པ་འཇིག་རྟེན་ལ་གནས་པ་ནམ་མཁའི་མཐར་ཐུག་པ་དང་ལས་སྣ་ཚོགས་ཀྱི་བཟོ་བོས་སྦྱར་བ་ཆེས་བཀྲ་ཞིང་མང་བ་དེ་ལ་བཅོམ་ལྡན་འདས་ཀྱི་མཁྱེན་པ་དུས་དེར་འཇུག་པ་ཡིས་ཡུལ་ལ་མ་ཆགས་པར་རྣམ་ཀུན་ཡོངས་སུ་དག་པ་མཐའ་ཡས་འདི་ནི་སྟོན་པའི་འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་སུ་འདོད་དོ། །བཅུ་པ་ནི། རྣམ་ཀུན་མཁྱེན་པའི་སྟོབས་ཀྱིས་མྱུར་དུ་རྒྱལ་རྣམས་ཀྱི། །ཉོན་མོངས་དག་ནི་བག་ཆགས་དང་བཅས་འཇིག་འགྱུར་དང༌། །སློབ་མ་ལ་སོགས་ཉོན་མོངས་བློ་ཡིས་འགོག་པ་གང༌། །དེ་ལ་མཁྱེན་པ་ཆགས་མེད་མཐའ་ཡས་སྟོབས་སུ་འདོད། །ཤེས་བྱའི་རྣམ་པ་ཀུན་མཁྱེན་པའི་སྟོབས་ཀྱིས་མྱུར་དུ་རྒྱལ་བ་རྣམས་ཀྱིས་ཁམས་གསུམ་ན་མ་རིག་པ་སོགས་ཉོན་མོངས་པ་དག་དང་ནི་མ་རིག་པ་སོགས་ཀྱིས་སེམས་རྒྱུད་འགག་པ་བསྒོ་བར་རྗེས་སུ་བགྲོད་བྱེད་ཉོན་མོངས་མུ་མཐར་ཐུག་པ་གོམས་པ་དང༌། རྩ་བ་ཞེས་རྣམ་གྲངས་སུ་བརྗོད་པའི་བག་ཆགས་དང་བཅས་པ་འཇིག་ཅིང་འགོག་འགྱུར་དང༌། སློབ་མ་ཉན་ཐོས་ལ་སོགས་པའི་ཉོན་མོངས་སོ་སོར་བརྟགས་པའི་ཤེས་རབ་ཀྱི་བློ་ཡིས་འགོག་ཀྱང་བག་ཆགས་སྤང་མི་ནུས་ཏེ། བུམ་པ་ལ་མེ་ཏོག་དང་ཏིལ་མར་སོགས་བསལ་ཀྱང་དེའི་དྲི་དམིགས་པ་བཞིན། ཉོན་མོངས་སྤངས་ཀྱང་བག་ཆགས་ཡོད་པས་དགྲ་བཅོམ་པ་སྔོན་སྤྲེའུར་གྱུར་པ་མཆོང་ཞིང་འགྲོ་བ་དང༌། སྔོན་བྲམ་ཟེར་གྱུར་པ་དམངས་མོར་བརྗོད་པའི་ཀུན་སྤྱོད་བཅོམ་(༣༨༡ན)


K800_Page_781
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་ཀྱང་མ་བཟློག་པ་བཞིན་ནོ། །དེ་ལ་མ་རིག་པའི་བག་ཆགས་ནི་ཤེས་བྱ་ཡོངས་སུ་གཅོད་པའི་གེགས་ཡིན་ལ། དེ་ནི་པ་ཚབ་ལོ་ཙཱས་འཇུག་འགྲེལ་གྱི་མཆན་རྙིང་ལ་ལར་རི་ར་བ་ཁང་ཁྱིམ་ལ་སོགས་པར་སྣང་བ་དང་དེར་ཤེས་པ་ཞེས་པས་གཉིས་སྣང་ཅན་གྱི་ཤེས་པ་ཉིད་ལ་བཞག་སྣང་བས་ཤེས་སྒྲིབ་ཏུ་རྟོགས་པར་བྱའོ། །ཆགས་སོགས་ཀྱི་བག་ཆགས་ནི་ཉན་རང་དགྲ་བཅོམ་སོགས་ཀྱི་ལུས་ངག་གི་ཉེས་པ་དེ་ལྟར་བསྐྱེད་པའི་རྒྱུ་ཡང་ཡིན་ལ། བག་ཆགས་དེ་རྫོགས་སངས་ཁོ་ནས་བཟློག་གི་གཞན་གྱིས་ནི་མ་ཡིན་ནོ། །ཉོན་མོངས་པའི་བག་ཆགས་ཤེས་སྒྲིབ་ཡིན་པར་སློབ་དཔོན་ཟླ་གྲགས་ཀྱིས་འདིར་གསལ་བར་བཤད་སྣང་བས་བོད་གང་དག་ཐལ་འགྱུར་བས་ཉོན་སྒྲིབ་ཀྱི་བག་ཆགས་ཤེས་སྒྲིབ་ཏུ་མི་འཇོག་ཅེས་འབད་པ་ནི་རྩ་འགྲེལ་འདི་ཚར་གཅིག་བཀླག་པའི་ངལ་བ་ཡང་མ་བྱས་པར་ཟད་དོ། །དེས་ན་ཉོན་མོངས་ཀྱི་བག་ཆགས་དང་བག་ཆགས་དེས་མཚམས་སྦྱར་བའི་ཉོན་མོངས་སྤངས་པ་གང་དེ་ལ་སངས་རྒྱས་རྣམས་ཀྱི་མཁྱེན་པ་ཆགས་ཐོགས་མེད་པ་མཐའ་ཡས་པ་དེ་ནི་ཟག་ཟད་མཁྱེན་པའི་སྟོབས་སུ་བཤད་དོ། །གཉིས་པ་ལ། ཡོན་ཏན་མཐའ་དག་སངས་རྒྱས་ལས་གཞན་པའི་འཕགས་པའི་སྤྱོད་ཡུལ་མ་ཡིན་པར་བསྟན། བྱིས་པའི་སྤྱོད་ཡུལ་མ་ཡིན་ཀྱང་སློབ་དཔོན་ལ་བརྟེན་ནས་ཅུང་ཟད་བརྗོད་པ་གཉིས། དང་པོ་ནི། ནམ་མཁའ་མེད་པས་འདབ་ཆགས་ལྡོག་པར་མི་འགྱུར་གྱི། །འདི་ནི་རང་མཐུ་ཟད་པས་ལྡོག་པར་འགྱུར་དེ་བཞིན། །སློབ་མ་དང་བཅས་སངས་རྒྱས་སྲས་རྣམས་སངས་རྒྱས་ཀྱི། །ཡོན་ཏན་མཁའ་ལྟར་མཐའ་ཡས་མ་བརྗོད་ལྡོག་པར་འགྱུར། །སངས་རྒྱས་ཀྱི་ཡོན་ཏན་ནི་སངས་རྒྱས་ཉིད་ཀྱིས་བསྐལ་པ་གྲངས་མེད་བསམ་འདས་སུ་སྐུ་ཚེ་བྱིན་གྱིས་བརླབས་ནས་ཕྲིན་ལས་གཞན་མེད་པར་སྐྱེན་པ་སྐྱེན་པར་གསུངས་ཀྱང་ཡོན་ཏན་ཡོངས་སུ་མི་རྫོགས་ན་བྱང་སེམས་དང་ཉན་རང་རྣམས་ཀྱིས་ཇི་ལྟར་ཤེས་ནུས། དཔེར་ན། (༣༨༡བ)


K800_Page_782
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལྡིང་འདབ་གཤོག་གི་རྩལ་རྫོགས་ཀྱང་ནམ་མཁའ་མེད་པ་སྟེ་ཟད་པས་འདབ་ཆགས་ཀྱི་དབང་པོ་ལྡོག་པར་མི་འགྱུར་གྱི། འོན་ཀྱང་འདི་ནི་རང་གི་གཤོག་རྩལ་གྱི་མཐུ་ཅི་ཙམ་ཟད་པས་ལྡོག་པར་འགྱུར་བ་དེ་བཞིན་དུ་སངས་རྒྱས་ཀྱི་སྲས་ས་བཅུ་པ་རྣམས་ཀྱང་སངས་རྒྱས་ཀྱི་ཡོན་ཏན་བརྗོད་མི་ནུས་པས། ཡོན་ཏན་མཁའ་ལྟར་མཐའ་ཡས་པ་དག་མ་བརྗོད་པར་ལྡོག་པར་འགྱུར་བ་སྟེ་ཡོན་ཏན་ཡོངས་སུ་རྫོགས་པར་བརྗོད་མི་ནུས་ན་སློབ་མ་ཉན་ཐོས་དང་བཅས་པས་ཡོན་ཏན་མཐའ་དག་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར། གཉིས་པ་ནི། དེ་ཕྱིར་བདག་འདྲས་ཁྱོད་ཡོན་འདི་དག་ཅི། །ཤེས་པ་དང་ནི་བརྗོད་པར་ནུས་འགྱུར་རམ། །འོན་ཀྱང་དེ་དག་འཕགས་པ་ཀླུ་1བ་ཀྱིས། །བཤད་ཕྱིར་དོགས་སྤངས་ཅུང་ཞིག་ཙམ་ཞིག་སྨྲས། །སངས་རྒྱས་ཀྱི་ཡོན་ཏན་དམ་པ་དེ་དག་གིས་བརྗོད་མི་ནུས་པ་དེའི་ཕྱིར་བདག་འདྲ་མ་རིག་པས་མིག་ལྡོངས་པས་སངས་རྒྱས་ཀྱི་ཡོན་ཏན་ཡང་དག་པ་ལྐོག་གྱུར་གྱི་དབང་གིས་བཅོམ་ལྡན་འདས་ཁྱོད་ཀྱི་ཡོན་ཏན་འདི་དག་ཅི་ཤེས་པ་དང་ནི་བརྗོད་པར་ནུས་འགྱུར་རམ་སྟེ་ག་ལ་ནུས། འོན་ཀྱང་ཅུང་ཟད་སྨྲས་པ་དེ་དག་ནི་འཕགས་པ་ཀླུ་སྒྲུབ་ཀྱིས་བཤད་པའི་ཕྱིར། དེའི་རྗེས་སུ་འབྲངས་ནས་སངས་རྒྱས་ཀྱི་ཡོན་ཏན་མཐའ་དག་བརྗོད་སྤོབས་པའི་དོགས་པ་སྤངས་ཏེ་དད་པའི་ཤུགས་ཀྱིས་ཡོན་ཏན་གྱི་ཆ་ཤས་ཅུང་ཟད་ཙམ་ཞིག་སྨྲས་ཤིང་གླེངས་པ་ཡིན་ནོ། །གསུམ་པ་ནི། ཟབ་མོ་སྟོང་པ་ཉིད་ཡིན་ཏེ། །ཡོན་ཏན་གཞན་རྣམས་རྒྱ་ཆེ་བའོ། །ཟབ་དང་རྒྱ་ཆེའི་ཚུལ་ཤེས་པས། །ཡོན་ཏན་འདི་དག་འཐོབ་པར་འགྱུར། །མདོར་ན་བསྟན་བཅོས་འདིར་སངས་རྒྱས་ཀྱི་ཡོན་ཏན་ཟབ་རྒྱས་ཀྱི་ཚུལ་གཉིས་ལས། དེ་ལས་ཟབ་མོ་ནི་ཆོས་ཉིད་སྟོང་པ་ཉིད་ཡིན་ཏེ། གཏིང་དཔག་དཀའ་བའི་ཕྱིར། རྒྱུ་འབྲས་ཀྱི་ཡོན་ཏན་གཞན་རྣམས་ནི་མཐའ་རྟོགས་པར་དཀའ་བའི་ཕྱིར་རྒྱ་ཆེ་བའོ། །དེ་ལྟར་ཟབ་པ་དང་རྒྱ་ཆེ་བའི་ཚུལ་ཤེས་ནས་ཉམས་སུ་བླངས་པས་ཡོན་ཏན་འདི་དག་བདེ་བླག་ཏུ་འཐོབ་པར་འགྱུར་རོ། །གསུམ་པ་ནི། སླར་ཡང་མི་གཡོ་སྐུ་མངའ་ཁྱོད་ཀྱིས་སྲིད་གསུམ་བྱོན་ནས་3ལ་རྣམས་ཀྱིས།།གཤེགས་པ་དང་ནི་བལྟམས་དང་བྱང་ཆུབ་ཞི་བའི་འཁོར་ལོའང་སྟོན་པར་མཛད།།དེ་ལྟར་ཁྱོད་ཀྱིས་འཇིག་རྟེན་གཡོ་བག་སྤྱོད་ཅན་རེ་བའི་ཞགས་པ་ནི། །མང་པོས་བཅིངས་པ་མ་ལུས་ཐུགས་རྗེས་མྱ་ངན་འདས་པར་བཀྲི་བར་མཛད།།ལོངས་སྐུ་གདུལ་བྱ་དག་པའི་དོན་མཛད་ནས་སླར་ཡང་ཆོས་(༣༨༢ན)


K800_Page_783
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལས་མི་གཡོ་བའི་སྐུ་མངའ་བས་ཁམས་གསུམ་ལས་ལས་འདས་སུ་ཟིན་ཀྱང༌། ཁྱོད་ཀྱིས་སྲིད་གསུམ་དུ་གདུལ་བྱའི་སྣང་བ་དང་འཚམས་པར་བྱོན་ནས་སྤྲུལ་པ་རྣམས་ཀྱིས་ཡབ་ཡུམ་སོགས་དང་འབྲེལ་བ་བསྟན་ཏེ་དགའ་ལྡན་གྱི་གནས་ནས་ཡུམ་གྱི་ལྷུམས་སུ་གཤེགས་པ་དང་ནི་བལྟམས་པ་དང༌། རྡོ་རྗེའི་གདན་དུ་བྱང་ཆུབ་པ་དང༌། སྡུག་བསྔལ་ཐམས་ཅད་ཞི་བའི་ཆོས་ཀྱི་འཁོར་ལོའང་རིམ་པ་གསུམ་དུ་དབང་པོ་དང་འཚམས་པར་སྟོན་པར་མཛད་ནས་བཅོམ་ལྡན་འདས་ཀྱིས་ད་ལྟར་འཇིག་རྟེན་སྐྱེ་བོ་ཉོན་མོངས་པའི་གཡོ་བག་གི་སྤྱོད་པ་ཅན་ཡུལ་ལ་སྲེད་པའི་རེ་བའི་ཞགས་པ་ནི་མང་པོས་བཅིངས་པ་མ་ལུས་པ་རྣམས་གྲགས་པ་དང་ཕན་ལན་ལ་སོགས་པ་མི་འདོད་པར་ཐུགས་རྗེས་མྱ་ངན་ལས་འདས་པའི་སར་བཀྲི་བར་མཛད་དོ། །བཞི་པ་ལ། ཐེག་པ་གཅིག་ཏུ་གསུངས་པ་ངེས་དོན་དུ་བསྟན། གསུམ་དུ་བསྟན་པ་དྲང་དོན་དུ་བཤད་པ་གཉིས། དང་པོ་ནི། གང་ཕྱིར་འདི་ན་དེ་ཉིད་ཤེས་ལས་དྲི་མ་མཐའ་དག་སེལ་བ་ནི། །ལྷུར་བྱེད་གཞན་མེད་ཆོས་རྣམས་དེ་ཉིད་རྣམ་འགྱུར་དབྱེ་ལའང་བསྟེན་མིན་ཞིང༌།།དེ་ཉིད་ཡུལ་ཅན་བློ་གྲོས་འདི་ཡང་ཐ་དད་འགྱུར་བ་མ་ཡིན་ལ། །དེ་ཡི་ཕྱིར་ན་ཁྱོད་ཀྱིས་འགྲོ་ལ་ཐེག་པ་མི་མཉམ་དབྱེར་མེད་བསྟན། །བཅོམ་ལྡན་འདས་ཀྱི་ཐེག་པ་གཅིག་ལ་ཐེག་པ་གསུམ་དུ་བསྟན་པ་ནི་དགོངས་པ་ཅན་ཡིན་ཏེ། གང་གི་ཕྱིར་འཇིག་རྟེན་འདི་ན་ཆོས་རྣམས་ཀྱི་དེ་ཉིད་ཇི་ལྟ་བ་བཞིན་དུ་ཤེས་པ་ལས་སྒྲིབ་གཉིས་ཀྱི་དྲི་མ་མཐའ་དག་སེལ་བ་ནི་ལྷུར་བྱེད་པའི་གཉེན་པོ་གཞན་མེད་དེ། དེ་ཁོ་ན་ཉིད་མི་ཤེས་པ་དེས་ནི་སྒྲིབ་པ་རྣམས་མ་ལུས་པ་སྤང་བར་མི་ནུས་པའི་ཕྱིར། འདིས་ནི་ལམ་གྱི་ཐེག་པ་གཅིག་ཏུ་བསྟན་ཏོ། །དངོས་པོ་ལ་ཡོད་པའི་ཆོས་རྣམས་ཀྱི་དེ་ཉིད་སྐྱེ་མེད་དེ། དངོས་པོའི་རྣམ་འགྱུར་དབྱེ་བ་ཐ་དད་པ་ལའང་སོ་སོར་དབྱེ་བ་དང་བཅས་པར་བརྟེན་པ་མ་ཡིན་ཏེ། རང་བཞིན་གྱིས་སྐྱེ་བ་མེད་པར་མཚུངས་པའི་ཕྱིར། འདིས་ནི་ཤེས་བྱའི་ཡུལ་ལམ་གཞི་ཐེག་པ་གཅིག་(༣༨༢བ)


K800_Page_784
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བསྟན་ཏོ། །ཐོས་བསམ་སྒོམ་པས་མཐོང་བ་ཐ་དད་ཀྱང་དེ་ལ་དབྱེ་བ་དང་རྣམ་འགྱུར་མེད་པ་དེའི་ཕྱིར་དེ་ཉིད་རྟོགས་པའི་ཡུལ་ཅན་ཡེ་ཤེས་ཀྱི་བློ་གྲོས་འདི་ཡང་ཐ་དད་དུ་འགྱུར་བ་མ་ཡིན་ཅིང༌། རང་བཞིན་གཅིག་ཡིན་ལ། ཡེ་ཤེས་རང་བཞིན་དུ་མ་ཡིན་ན་ནི། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་མི་འགྱུར་རོ། །རང་བཞིན་ཇི་ལྟར་གནས་པ་བཞིན་མ་རྟོགས་པའི་ཕྱིར། འདིས་ནི་རྟོགས་པ་འབྲས་བུའི་ཐེག་པ་གཅིག་ཏུ་བསྟན་ཏོ། །ཡུལ་དེ་ཁོ་ན་ཉིད་གཅིག་ཡིན་པས་ཡུལ་ཅན་ཡེ་ཤེས་ཐ་མི་དད་པ་དེའི་ཕྱིར་ན་བཅོམ་ལྡན་འདས་ཁྱོད་ཀྱིས་འགྲོ་བ་ཐེག་པ་མི་མཉམ་པ་དང་མཚུངས་པ་ལྟར། ཐེག་པ་གཞན་མེད་པས་སངས་རྒྱས་ཀྱི་ཐེག་པ་དང་དབྱེར་མེད་དུ་བསྟན་གྱི། ཐེག་པ་གསུམ་ཡོད་པ་མ་ཡིན་ཏེ། མདོ་ལས། འོད་སྲུང་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་ན་མྱ་ངན་ལས་འདའ་པ་ཡིན་ལ། དེའང་གཅིག་ཡིན་གྱི། གཉིས་དང་གསུམ་ནི་མ་ཡིན་ནོ། །ཞེས་འབྱུང་བའི་ཕྱིར། ངག་དོན་རྟོགས་བྱའི་ཡུལ་དེ་ཁོ་ན་ཉིད་ལ་དབྱེ་བ་མེད་ཅིང༌། དེ་རྟོགས་བྱེད་ལམ་གྱིས་དེ་མ་རྟོགས་པར་དྲི་མ་སེལ་མི་ནུས་ལ། རྟོགས་ན་དེ་ལའང་དབྱེ་བ་མེད་པས་བགྲོད་བྱེད་ལམ་དང་བགྲོད་བྱ་འབྲས་བུའི་ཐེག་པ་དག་ཀྱང་གཅིག་ཡིན་ནོ། ། འདིར་ཐེག་པ་གཅིག་ངེས་དོན་དུ་འདོད་པ་ཐམས་ཅད་ཀྱང་ཉན་རང་རྣམས་མཐར་ཐུག་ཐེག་ཆེན་དུ་འཚང་རྒྱ་བར་མཐུན་ལ། འོན་ཀྱང་ཉན་རང་གིས་ཆོས་ཀྱི་བདག་མེད་མ་རྟོགས་པར་འདོད་པ་རྣམས་གནས་སྐབས་ཐེག་པ་གསུམ་དུ་ངེས་ཀྱང་མཐར་ཐུག་ཐམས་ཅད་ཐེག་ཆེན་གྱི་ལམ་དུ་འཇུག་དགོས་པར་འདོད་ལ། ཆོས་ཀྱི་བདག་མེད་རྟོགས་པར་འདོད་པ་རྣམས་ཉན་རང་གི་ཡེ་ཤེས་དེའི་ཡུལ་དེ་ཁོ་ན་ཉིད་རྟོགས་པའི་ཡེ་ཤེས་ལ་དབྱེ་བ་མེད་ཅིང༌། (༣༨༣ན)


K800_Page_785
[མ་དཔེ་གཟིགས་ན་འདིར་གནོན།]

དེས་དྲི་མ་མཐའ་དག་སེལ་བ་དེ་ཉིད་ཐེག་པ་གཅིག་དང་སངས་རྒྱས་ཀྱི་ཐེག་པ་ཡིན་ཅིང༌། དེ་ལ་གསུམ་དུ་གསུངས་པ་དྲང་དོན་དུ་བཞེད་དེ། འདུས་པ་ཆེན་པོའི་ལེའུ་ལས། ཐེག་པ་གཅིག་ཏུ་ཡང་དག་པར་འདུ་བ་ནི། ཐེག་པ་ཐམས་ཅད་ཐེག་པ་གཅིག་ཏུ་མཉམ་པ་ཉིད་དུ་ཡང་དག་པར་འདུ་སྟེ། ཆོས་ཀྱི་དབྱིངས་དབྱེར་མེད་པ་ལ་འཇུག་པར་ཚུལ་གཅིག་གོ། །ཞེས་དང༌། དཔེ་མེད་པར་བསྟོད་པར། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོའི་ཐེག་དབྱེར་མ་མཆིས་ཀྱང༌། །ཁྱོད་ཀྱིས་སེམས་ཅན་གཞུག་ཕྱིར་དུ། །ཐེག་པ་གསུམ་དུ་གསུངས་པའོ། །ཞེས་པ་ལྟར་རོ། །ཉན་རང་གི་ཡེ་ཤེས་དག་དང་ཡུལ་དེ་ཁོ་ན་ཉིད་ལ་དབྱེ་བ་མེད་པས་ཐེག་པ་གཅིག་ཡིན་དུ་ཆུག་ཀྱང་སངས་རྒྱས་ཀྱི་ཐེག་པར་ཇི་ལྟར་རིགས་ཞེ་ན། སངས་རྒྱས་ཞེས་བྱ་བ་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པར་སྤངས་པ་ལ་བརྗོད་པ་ཡིན་ཅིང༌། དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པ་ལས་གཞན་པའི་སྒྲིབ་གཉིས་སྤོང་བའི་གཉེན་པོ་མེད་ལ། ཉན་རང་དག་གིས་ཀྱང་དེ་ཁོ་ན་ཉིད་རྟོགས་པའི་ཕྱིར། འོན་ཀྱང་དབང་པོ་དང་ཐབས་ཀྱི་བྱེ་བྲག་ལས་མྱུར་བུལ་གྱི་ཁྱད་པར་ནི་ཡོད་དོ། །འོ་ན་ཉན་རང་གི་ལམ་དག་བྱང་ཆུབ་ཀྱི་གེགས་སུ་བཤད་པ་དང་འགལ་ཞེ་ན། དབང་པོ་དམན་པ་དག་ཐེག་དམན་གྱི་ལམ་སྔོན་དུ་མ་སོང་བར་བྱང་ཆུབ་ཐོབ་པར་མི་ནུས་པའི་ཕྱིར། དེ་དག་ཉན་རང་གི་ལམ་ནས་རིམ་གྱིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པས་ཐབས་ཀྱི་བྱེ་བྲག་མ་ཚང་བ་དང༌། དབང་པོ་དམན་པ་ལ་བལྟོས་ཏེ་ཐེག་དམན་གྱི་ལམ་དུ་བཞག་ལ། དེ་ཉིད་གོམས་པ་ལས་དྲི་མ་མཐའ་དག་སེལ་ནུས་པའི་ཕྱིར་སངས་རྒྱས་ཀྱི་ཐེག་པར་གསུངས་པ་ཡིན་(༣༨༣བ)


K800_Page_786
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཟབ་ཅིང་རྒྱ་ཆེ་བ་ལ་མོས་པའི་དབང་པོ་རྣོན་པོ་དག་གིས་ཐེག་དམན་གྱི་ལམ་མངོན་དུ་བྱས་ན་བྱང་ཆུབ་ཐོབ་པ་ལ་ཡུན་རིང་དུ་འགོར་བའི་ཕྱིར་གེགས་སུ་བཤད་པ་ཡིན་ནོ། །གཉིས་པ་ལ། མཐར་ཐུག་ཐེག་པ་གསུམ་དུ་བསྟན་པ་དགོངས་པ་ཅན་དུ་བཤད་པ། དོན་དེ་ཉིད་དཔེའི་སྒོ་ནས་གསལ་བར་བསྟན་པ་གཉིས། དང་པོ་ནི། གང་ཕྱིར་འགྲོ་ལ་ཉེས་པ་སྐྱེད་བྱེད་སྙིགས་མ་འདི་དག་ཡོད་གྱུར་པ། །དེ་ཕྱིར་འཇིག་རྟེན་སངས་རྒྱས་སྤྱོད་ཡུལ་གཏིང་ཟབ་ལ་འཇུག་མི་འགྱུར་ཞིང༌།།བདེ་གཤེགས་གང་ཕྱིར་ཁྱོད་ལ་མཁྱེན་རབ་ཐུགས་རྗེ་ཐབས་དང་ལྷན་ཅིག་པ།།མངའ་དང་གང་ཕྱིར་བདག་གིས་སེམས་ཅན་དགྲོལ་ཞེས་ཁྱོད་ཀྱིས་ཞལ་བཞེས་ཏེ། །འོ་ན་མྱ་ངན་ལས་འདས་པ་གཅིག་ཁོ་ན་ཡིན་ན་ཇི་ལྟར་ཉན་རང་གི་ཐེག་པས་ཀྱང་མྱ་ངན་ལས་འདའ་བར་བསྟན་ཅེ་ན། འདི་ནི་དགོངས་པ་ཅན་ཡིན་ཏེ། གང་གི་ཕྱིར་འགྲོ་བ་རྣམས་ལ་ལུས་སེམས་ལས་སུ་མི་རུང་བའི་ཉེས་པ་སྐྱེད་བྱེད་སེམས་ཅན་དང༌། བསྐལ་བ་དང༌། ཉོན་མོངས་པ་དང༌། ལྟ་བ་དང༌། ཚེའི་སྙིགས་མ་ལྔ་པོ་འདི་དག་ཡོད་ཅིང་ཉོན་མོངས་པ་ཤས་ཆེ་བའི་རྒྱུར་གྱུར་པ་དེ་དག་ནི་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་འདོད་ཀྱང་རེ་ཞིག་གེགས་བྱེད་ཡོད་པ་དེའི་ཕྱིར་འཇིག་རྟེན་དག་སངས་རྒྱས་ཀྱི་སྤྱོད་ཡུལ་གཏིང་ཟབ་ལ་འཇུག་པར་མི་འགྱུར་ཞིང༌། བདེར་གཤེགས་རྣམས་ཀྱང་གདུལ་བྱ་སྣོད་མ་ཡིན་པ་ཉིད་ཀྱིས་ན་ལྷག་པར་སྒྲོལ་བ་ལ་གཡེལ་བར་མི་མཛད་དེ། གང་ཕྱིར་བཅོམ་ལྡན་འདས་ཁྱོད་ལ་གདུལ་བྱ་འདུལ་བའི་མཁྱེན་རབ་ཐུགས་རྗེ་ཐབས་དང་ལྷན་ཅིག་ཏུ་གྱུར་པ་མངའ་བའི་ཕྱིར་དང༌། གང་ཕྱིར་སྔོན་བྱང་སེམས་ཀྱི་སྤྱོད་པ་སྤྱོད་ཚེ་བདག་གིས་སེམས་ཅན་ཐམས་ཅད་བསྒྲལ་བར་བྱའོ་ཞེས་ཁྱོད་ཀྱི་ཞལ་གྱིས་བཞེས་ཏེ། སྔར་གྱི་སྨོན་ལམ་གསལ་བས་དེ་དག་སྒྲོལ་བའི་ཐབས་འཚོལ་ཞིང་སྙོམས་ལས་མི་མཛད་དེ། ཞལ་བཞེས་རྣམས་གདོན་མི་ཟ་བར་བསྒྲུབ་དགོས་པའི་ཕྱིར། གཉིས་པ་ནི། དེ་ཕྱིར་མཁས་པ་རིན་པོ་ཆེ་ཡི་གླིང་དུ་ཆས་པའི་སྐྱེ་ཚོགས་ཀྱི། །ངལ་བ་ཉེར་སེལ་གྲོང་ཁྱེར་ཡིད་འོང་བར་དུ་རྣམ་པར་བཀོད་པ་ལྟར། །ཁྱོད་ཀྱིས་ཐེག་པ་འདི་ནི་སློབ་མ་ཉེ་བར་ཞི་བའི་ཚུལ་ལ་ཡིད། །སྦྱར་ཞིང་རྣམ་པར་དབེན་ལའང་བློ་སྦྱངས་རྣམས་ལ་ལོགས་སུ་གསུངས། །འགྲོ་བ་ཐེག་ཆེན་ལ་འཇུག་པ་ལ་གེགས་མང་ཞིང༌། དེ་དག་ཀྱང་མྱང་འདས་ལ་འགོད་དགོས་པ་དེའི་ཕྱིར། དཔེར་ན། དེད་(༣༨༤ན)


K800_Page_787
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཐབས་ལ་མཁས་པས་རིན་པོ་ཆེའི་གླིང་དུ་ཆས་པའི་སྐྱེ་བོའི་ཚོགས་ལམ་གྱིས་དུབ་པ་རྣམས་ཀྱི་ངལ་བ་ཉེ་བར་སེལ་ནས་བསྟི་བའི་ཆེད་དུ་གྲོང་ཁྱེར་ཡིད་འོང་རིན་ཆེན་གླིང་གི་བར་དུ་རྣམ་པར་བཀོད་ཅིང་སྤྲུལ་ནས་དེར་དབུགས་ཕྱུང་སྟེ་སླར་རིན་ཆེན་གླིང་དུ་འཁྲིད་པ་ལྟར། སངས་རྒྱས་བཅོམ་ལྡན་འདས་ཁྱོད་ཀྱིས་འཁོར་བའི་ལམ་གྱིས་དུབ་པའི་འགྲོ་བ་རྣམས་སངས་རྒྱས་ཀྱི་སར་བཀྲི་ཆེད་ཐབས་མཁས་ཀྱིས་ཉན་རང་གི་ཐེག་པ་འདི་ནི་གསུངས་ནས་སློབ་མ་ཉན་རང་གི་རིགས་ཅན་རྣམས་དང་པོར་ཉེ་བར་ཞི་བའི་ཚུལ་ལ་ཡིད་སྦྱར་ཞིང་ཕྱི་ནས་རྣམ་པར་དབེན་པ་མི་གནས་པའི་མྱང་འདས་ལའང་སྦྱོར་ཏེ། འཁོར་བའི་ཉོན་མོངས་སྤངས་པས་བློ་སྦྱངས་པའི་ཉན་རང་རྣམས་ལ་ཕྱི་ནས་ཐེག་ཆེན་ལོགས་སུ་གསུངས་ནས། དེ་དག་གིས་ཀྱང་བསགས་སྦྱངས་ལ་བརྩོན་ཏེ་བླ་མེད་ཀྱི་བྱང་ཆུབ་ཐོབ་པར་བྱེད་དོ། །འདིར་བྱེ་སྨྲ་ནི་ཉན་རང་དགྲ་བཅོམ་པ་ལྷག་མ་མེད་པའི་དབྱིངས་སུ་ཞུགས་པ་ནའང་མཐོང་བ་དང་སྒོམ་པས་སྤང་བའི་ཉོན་མོངས་པ་ནི་ཐོབ་པའི་ཐག་པ་བཅད་དེ་སྤངས་ཀྱང་ཆོས་དེ་དག་མ་འོངས་པའི་རང་སར་མི་སྐྱེ་བའི་ཆོས་ཅན་གྱི་རྫས་སུ་ནི་ཡོད་པར་སྨྲ་ལ། རྣམ་རིག་པས་ནི་ཉན་རང་ལྷག་བཅས་ཀྱི་རྒྱུད་ལ་སྒྲིབ་པ་ཡོད་ཅིང༌། ལྷག་མེད་ལ་འདུས་བྱས་ཀྱི་འཇུག་པ་ཆད་པས་སྒྲིབ་པ་མེད་ལ། ཉན་རང་གི་མྱང་འདས་དང་རྫོགས་སངས་རྒྱས་ཀྱི་མྱང་འདས་གཉིས་ཀའང་འཁོར་བ་ལས་རྣམ་པར་གྲོལ་བའི་སྐུ་བརྙེས་པ་ལ་ཁྱད་མེད་ཀྱང་ཉན་རང་གི་མྱང་འདས་དང་དགྲ་བཅོམ་ལ་ཆོས་སྐུ་མེད་པར་བཞེད་ཅིང༌། དབུ་མ་པས་ཉན་རང་གི་དགྲ་བཅོམ་པ་ལ་མཐར་ཐུག་གི་མྱང་འདས་མཚན་ཉིད་པ་མེད་པར་འདོད་དེ། ཆོས་ཀྱི་བདག་མེད་རྟོགས་པར་འདོད་པ་རྣམས་(༣༨༤བ)


K800_Page_788
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལྟར་ན། ཤེས་སྒྲིབ་མ་སྤངས་པའི་ཕྱིར་དང༌། ཆོས་ཀྱི་བདག་མེད་མ་རྟོགས་པར་འདོད་པ་རྣམས་ཀྱི་ལྟར་ན། རང་བཞིན་གྱིས་ཟད་མི་སྐྱེ་ཤེས་པ་དང༌། བྱང་ཆུབ་དང་མྱང་འདས་སོགས་དོན་གྱིས་རྟོགས་ཀྱང་སྒོམ་པ་ཡོངས་སུ་མ་རྫོགས་པས་སྒྲིབ་གཉིས་བག་ཉལ་གནས་ངན་ལེན་མ་ལུས་པ་མ་སྤངས་པའི་ཕྱིར། གཉིས་ཀ་ལྟར་ན་གཙུག་ན་རིན་ཆེན་གྱི་མདོ་ལས། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་མ་བསྒོམས་པར་རྣམ་པ་ཐམས་ཅད་མཁྱེན་པ་ལ་སོགས་པའི་ཡོན་ཏན་མི་འགྲུབ་ལ། དེ་མ་གྲུབ་ན་མྱང་འདས་མཚན་ཉིད་པ་མེད་ཅིང༌། དཔལ་ཕྲེང་གི་མདོ་ལས་མ་རིག་བག་ཆགས་ཀྱིས་མ་སྤངས་པར་གསུངས་པའི་ཕྱིར་དང༌། དམ་ཆོས་པད་དཀར་ཤེར་ཕྱིན་ལང་གཤེགས་སོགས་ལས་ཉན་རང་ཐ་སྙད་དུ་སྐྱེ་བ་ལེན་པ་ཡོད་ཅིང༌། མཐར་ཐུག་གི་མྱང་འདས་མེད་པར་བཤད་པའི་ཕྱིར། རྒྱུད་བླ་ལས། དེས་ན་སངས་རྒྱས་མ་ཐོབ་བར། །མྱ་ངན་འདས་པ་མི་ཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་བལྟ་བར་མི་ནུས་བཞིན། །ཞེས་འབྱུང་ངོ༌། །ལྔ་པ་ལ། མངོན་པར་བྱང་ཆུབ་པའི་དུས་དང༌། བཞུགས་པའི་དུས་བསྟན་པ་གཉིས། དང་པོ་ནི། བདེ་བར་གཤེགས་པ་མ་ལུས་ཕྱོགས་ཞིང་སངས་རྒྱས་ཡུལ་དག་ན། །ཕྲ་རབ་རྡུལ་གྱི་རྡུལ་རྣམས་བདོག་པར་གྱུར་པ་ཇི་སྙེད་པ། །བྱང་ཆུབ་མཆོག་རབ་དམ་པར་གཤེགས་པའི་བསྐལ་པ་དེ་སྙེད་དེ། །འོན་ཀྱང་ཁྱོད་ཀྱི་གསང་བ་འདི་ནི་བསྙད་བགྱི་མ་ལགས་སོ། །སངས་རྒྱས་གཟུགས་སྐུ་འབྱུང་བའི་ཆོས་ཀྱི་སྐུ་མངོན་པར་བྱང་ཆུབ་པའི་དུས་ཇི་ཙམ་པ་དེའི་ཚད་བརྗོད་པ་ནི། སངས་རྒྱས་ཀྱི་ཡུལ་དུ་གྱུར་པ་ཕྱོགས་བཅུའི་ཞིང་མ་ལུས་པ་དག་ན་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་བདོག་པར་གྱུར་པ་ཇི་སྙེད་པའི་གྲངས་ནི་བདེར་གཤེགས་ཁྱོད་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་མཆོག་རབ་ཏུ་གཤེགས་པའི་བསྐལ་པའི་གྲངས་ཀྱང་དེ་སྙེད་ཡིན་ཏེ། འོན་ཀྱང་འདི་ན་སྔོན་དགེ་རྩ་མ་བསགས་པ་རྣམས་ཀྱིས་ལྷག་པར་མོས་པ་བྱ་དཀའ་བའི་ཕྱིར། ཁྱོད་(༣༨༥ན)


K800_Page_789
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གསང་བ་འདི་ནི་དབང་རྟུལ་རྣམས་ལ་བསྙད་པར་བགྱི་བ་མ་ལགས་སོ། །ཚུལ་འདི་ལ་ལྷག་པར་མོས་པ་རྣམས་ལ་གཞལ་མེད་ཀྱི་བསོད་ནམས་བསགས་ཆེད་དུ་བཤད་པར་བྱའོ། །དེས་ན་ཆོས་སྐུའམ་གཞི་ལམ་འབྲས་བུའི་ཆོས་ཀྱི་དབྱིངས་སམ་འཕགས་པའི་མཉམ་གཞག་ཡེ་ཤེས་སམ། རྣམ་གྲངས་མིན་པའི་དོན་དམ་བདེན་པ་ཞེས་པའི་བླ་དྭགས་ཅན་དེ་ལ་ནི་ཆ་ཤས་ཐ་དད་པའི་དབྱེ་བ་འགར་ཡང་མེད་ཅིང༌། དེའི་ཐོག་མའི་ཚད་སུས་ཀྱང་གཟུང་བར་མི་ནུས་པས་དེ་ལྟར་གསུངས་པ་ཡིན་ཅིང༌། དེ་ལྟར་ན་ཡང་བློ་དམན་རྣམས་ཀྱིས་སངས་རྒྱས་སྤྲོས་བྲལ་གྱི་རང་བཞིན་གཅིག་ལས་མེད་ན་སེམས་ཅན་གྲངས་མེད་པ་གཞན་རྣམས་ཀྱིས་བསོད་ནམས་བསགས་པ་དོན་མེད་སྙམ་པའམ། ཡང་ན་གསང་སྔགས་རྙིང་མ་པས་དང་པོའི་མགོན་པོ་སངས་རྒྱས་འོད་མི་འགྱུར་བསགས་སྦྱངས་མ་བྱས་པ་ཡེ་སངས་རྒྱས་པ་རྟག་པ་རང་གྲོལ་དུ་འདོད་པ་ལྟ་བུ་དང༌། ཇོ་ནང་པས་རྟག་པ་འདུས་མ་བྱས་པའི་སངས་རྒྱས་ཡེ་ཐོབ་ཡིན་ཀྱང་གསར་ཐོབ་གདུལ་བྱ་གཞན་ངོར་ཀུན་རྫོབ་དྲང་དོན་ཙམ་དུའོ་ཞེས་སྨྲ་བ་ལྟ་བུ་དང༌། མུ་སྟེགས་ཁ་ཅིག་བདག་རྟག་པ་གཅིག་པུར་ཁས་ལེན་པ་ལྟར་སངས་རྒྱས་ཀྱི་ཆོས་སྐུའང་རྟག་པ་གཅིག་པུས་བདག་ཉིད་ཐམས་ཅད་ལ་ཁྱབ་པར་ལོག་རྟོག་སྐྱེ་བར་འགྱུར་དུ་དྭོགས་པས་བློ་དམན་ལ་བསྙད་པར་བགྱི་བ་མ་ཡིན་ཅེས་པ་སྟེ། དམ་ཆོས་པད་དཀར་ལས། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ། །དེ་ཡི་ཚད་ནི་ནམ་ཡང་མེད་པ་ནས། །བྱང་ཆུབ་མཆོག་རབ་འདི་ནི་ངས་ཐོབ་སྟེ། །ང་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། །ཞེས་གསུངས་པ་ལྟར་རོ། །གཞུང་འདི་ལ་བཀའ་གདམས་ཀྱི་ལམ་རིམ་ཁ་ཅིག་ཏུ་འཚང་རྒྱ་ཚུལ་ཁོ་ན་ལ་མི་སྦྱར་བར་སངས་(༣༨༥བ)


K800_Page_790
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པའི་ཚོགས་བསྐལ་པ་གྲངས་མེད་སོ་བདུན་སོགས་ཉི་ཚེ་བས་སངས་རྒྱས་བསྒྲུབས་ན། འབྲས་བུ་སངས་རྒྱས་ཀྱང་བསྐལ་པའི་གྲངས་ཚད་ཅན་གྱི་བར་བཞུགས་ནས་མྱ་ངན་ལས་འདའ་བར་འགྱུར་བས་སངས་རྒྱས་ཀྱི་རྒྱུ་བསྒྲུབ་པ་ལ་བསྐལ་པ་གཞལ་མེད་དུ་བསྒྲུབ་དགོས་པ་གཞུང་འདིས་བསྟན་ཏེ། རྒྱུ་མཚན་དེས་ན་སངས་རྒྱས་ཀྱང་མྱ་ངན་ལས་མི་འདའ་བར་བསྐལ་པ་གཞལ་མེད་དུ་བཞུགས་པའི་དོན་ཡིན་ནོ་ཞེས་ཀྱང་བྲིས་གདའོ། །གཉིས་པ་ལ། ཤེས་རབ་དང་ཐུགས་རྗེས་འཁོར་བ་ཇི་སྲིད་པར་བཞུགས་པར་བསྟན། ཐུགས་རྗེའི་རང་བཞིན་ཕུན་སུམ་ཚོགས་པས་མྱ་ངན་ལས་མི་འདའ་བ་དང༌། འཇིག་རྟེན་མཐའ་དག་ཐུགས་རྗེའི་ཡུལ་ཡིན་པས་མྱ་ངན་ལས་མི་འདའ་བ་གསུམ། དང་པོ་ནི། རྒྱལ་བ་ཇི་སྲིད་འཇིག་རྟེན་མཐའ་དག་མཆོག་ཏུ་རབ་ཞི་བར། །འགྲོ་བ་མིན་ཞིང་ནམ་མཁའ་རྣམ་འཇིག་འགྱུར་མིན་དེ་སྲིད་དུ། །ཤེས་རབ་ཡུམ་གྱིས་བསྐྱེད་པ་ཁྱོད་ལ་ཐུགས་བརྩེ་མ་མ་ཡིས། །ཚུལ་ལུགས་བྱེད་པས་རབ་ཏུ་ཞི་བར་འགྱུར་བ་གང་ལ་མངའ། །རྒྱལ་བའི་སྐུ་ཚེའི་ཚད་ནི་ཇི་སྲིད་འཇིག་རྟེན་མཐའ་དག་མཆོག་ཏུ་རབ་ཏུ་ཞི་བ་ཆོས་སྐུར་འགྲོ་བ་མིན་པ་སྟེ་སངས་རྒྱས་མ་ཐོབ་པར་མ་གྱུར་ཅིང༌། ཇི་སྲིད་ནམ་མཁའ་རྣམ་པར་འཇིག་འགྱུར་མིན་པ་སྟེ་མ་ཞིག་པ་དེ་སྲིད་དུ་ཤེས་རབ་ཀྱི་ཕར་ཕྱིན་གྱི་ཡུམ་གྱིས་བསྐྱེད་པ་བཅོམ་ལྡན་འདས་ཁྱོད་ལ་ཐུགས་བརྩེའི་མ་མས་འཁོར་བ་ཇི་སྲིད་དུ་བཞུགས་པའི་ཚུལ་ལུགས་བྱེད་པས་རབ་ཏུ་ཞི་བར་འགྱུར་བ་ག་ལ་མངའ་སྟེ། བཅོམ་ལྡན་འདས་ནི་ཡུམ་ཤེར་ཕྱིན་གྱིས་བསྐྲུན་ནས་སྙིང་རྗེའི་མ་མ་ལ་གཏད་པའི་ཕྱིར། གཉིས་པ་ནི། གཏི་མུག་སྐྱོན་གྱིས་འཇིག་རྟེན་ཁ་ཟས་དུག་བཅས་ཟ་བ་ཡི། །སྐྱེ་བོ་ཉིད་ཀྱི་ནང་མི་དེ་ལ་ཁྱོད་བརྩེ་ཇི་ལྟ་བ། །དེ་ལྟར་དུག་ཟོས་ཉེན་པའི་བུ་ལ་མ་ཡི་#ག་བསྔལ་མིན། །དེས་ན་མགོན་པོ་མཆོག་ཏུ་རབ་ཞིར་གཤེགས་པར་འགྱུར་མ་ལགས། །དུས་མེད་པར་སེམས་ཅན་གྱི་དོན་བྱེད་པའི་སངས་རྒྱས་ཀྱི་ཐུགས་རྗེ་དེ་ནི་གཏི་མུག་སྐྱོན་གྱི་སྒྲིབ་པས་འཇིག་རྟེན་འདོད་ཡོན་ལྔའི་ཁ་ཟས་ལ་བདེན་ཞེན་གྱིས་ཟོས་ན་དུག་དང་བཅས་པར་འགྱུར་ཏེ། འཁོར་བའི་སྡུག་བསྔལ་རྒྱ་ཆེན་པོའི་རྒྱུ་ཡིན་པའི་ཕྱིར། དེ་ལྟའི་ཁ་ཟས་དུག་བཅས་ཟ་བའི་སྐྱེ་བོ་འཁོར་བ་པ་ལ་ཐུབ་པ་ཉིད་ཀྱིས་བདག་ཏུ་མཛད་པས་ན་ནང་མི་དེ་(༣༨༦ན)


K800_Page_791
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་བཅོམ་ལྡན་འདས་ཁྱོད་བརྩེ་བ་ཇི་ལྟ་བ་དེ་ལྟར་དུག་ཟོས་ནས་སྡུག་བསྔལ་གྱིས་ཉེན་པའི་བུ་གཅིག་པ་ཕངས་པ་ལ་མའི་སྡུག་བསྔལ་དེ་ཙམ་དུ་གདུང་བ་མིན་ཏེ། དེས་ན་མགོན་པོ་སྙིང་རྗེ་ཆེན་པོས་བཙས་པ་ལ་མཆོག་ཏུ་རབ་ཞིར་གཤེགས་པས་མྱ་ངན་ལས་འདའ་བར་འགྱུར་བ་མ་ལགས་སོ། །གསུམ་པ་ནི། གང་གི་ཕྱིར་ན་མི་མཁས་དངོས་དང་དངོས་མེད་པར་ཞེན་པ་ཡི་བློ་ཅན་གྱིས།། སྐྱེ་དང་འཇིག་གནས་སྐབས་དང་#ག་དང་མི་#ག་བྲལ་ཕྲད་ཀྱིས་བསྐྱེད་#ག་བསྔལ་དང༌། །སྡིག་ཅན་འགྲོ་བ་འཐོབ་པ་དེ་ཕྱིར་འཇིག་རྟེན་ཐུགས་བརྩེའི་ཡུལ་དུ་རབ་དོང་བས། །བཅོམ་ལྡན་ཐུགས་རྗེས་ཁྱོད་ཐུགས་ཞི་ལས་བཟློག་པས་ཁྱོད་ལ་མྱ་ངན་འདས་མི་མངའ། །འཇིག་རྟེན་དག་སྡུག་བསྔལ་བའི་གཞིར་གཟིགས་པས་ཐུགས་རྗེས་མྱ་ངན་ལས་འདའ་བའི་ཐུགས་ལྡོག་པས་མྱ་ངན་ལས་མི་འདའོ་ཞེས་སྟོན་པ་ནི། གང་གི་ཕྱིར་ན་བྱིས་པ་མི་མཁས་པ་དངོས་པོ་ལ་མངོན་ཞེན་གྱིས་ལས་འབྲས་ལ་ཡིད་ཆེས་ཡོད་ཀྱང་ལྷ་མིར་སྐྱེས་པས་ཡོད་པར་ལྟ་བས་ནི་སྐྱེ་བ་དང༌། འཇིག་པ་འཆི་བའི་གནས་སྐབས་དང༌། སྡུག་པ་དང་བྲལ་བ་དང༌། མི་སྡུག་པ་དང་ཕྲད་པ་སོགས་ཀྱིས་བསྐྱེད་པའི་སྡུག་བསྔལ་མྱོང་བ་དང༌། དངོས་པོ་མེད་པར་ཞེན་པའི་བློ་ཅན་ལོག་ལྟ་ལྡན་པ་མེད་པ་བ་རྣམས་ཀྱིས་ནི་སྡིག་ཅན་གྱི་དམྱལ་སོགས་ཀྱི་འགྲོ་བའི་སྡུག་བསྔལ་ཡང་ཐོབ་པ་དེའི་ཕྱིར། སྡུག་བསྔལ་ཅན་གྱི་འཇིག་རྟེན་མཁའ་མཉམ་ཐམས་ཅད་ཐུགས་བརྩེའི་ཡུལ་དུ་རབ་དོང་སྟེ། དེར་སོང་ནས་ཐུགས་རྗེས་དེའི་སྡུག་བསྔལ་ལ་དམིགས་པས་བཅོམ་ལྡན་འདས་ཐུགས་རྗེའི་དབང་གིས་ཁྱོད་ཐུགས་ཞི་བ་ལས་བཟློག་པས་ཁྱོད་ལ་ཇི་སྲིད་འགྲོ་ཀུན་མ་གྲོལ་བ་དེ་སྲིད་མྱ་ངན་ལས་འདའ་བ་མི་འདའོ། །


previousའབྲས་བུ་སངས་རྒྱས་ཀྱི་ས་བཤད་པ།next