Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
   
རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་གྱི་ཐིག་རྩ་དང་དྲི་བྱ་ཚོན་གྱི་དབྱེ་བ་སོགས་གོ་བདེར་བཀོད་པ།


 
previousརྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་གྱི་ཐིག་རྩ་དང་དྲི་བྱ་ཚོན་གྱི་དབྱེ་བ་སོགས་གོ་བདེར་བཀོད་པ།no next

རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་གྱི་ཐིག་རྩ་དང་དྲི་བྱ་ཚོན་གྱི་དབྱེ་བ་སོགས་གོ་བདེར་བཀོད་པ།


KMC001_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་གྱི་ཐིག་རྩ་དང་དྲི་བྱ་ཚོན་གྱི་དབྱེ་བ་སོགས་གོ་བདེར་བཀོད་པ་བཞུགས་སོ། །


KMC001_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་སྭ་སྟི། གདོད་ནས་སྤྲོས་པ་ཀུན་བྲལ་ཡང་། །མོས་བློར་སྣ་ཚོགས་སྒྱུ་འཕྲུལ་གར། །སྟོན་མཛད་རིགས་རྣམས་ཀུན་གྱི་བདག །དཔལ་ལྡན་བླ་མར་ཕྱག་བྱས་ནས། །འདི་ན་རྒྱུད་སྡེའི་དཀྱིལ་འཁོར་གྱི། །ཐིག་དང་བྲི་བྱ་ཚོན་ལ་སོགས། །བློ་དམན་པ་ཀུན་གྱིས་རྟོགས་པར་སླ་བའི་ཕྱིར། །གོ་བདེའི་ཚིག་གིས་འདིར་བཤད་བྱའོ། །ས་ཡི་ཁྱོན་ནམ་སྟེགས་བུ་ལ་སོགས། །འདྲི་བའི་གཞི་དང་ཐིག་སྐུད་ས་སློང་ཐིག་ཚོན་བྱིན་རླབས་ལ་སོགས་ནི། །ཚད་དང་མཚན་ཉིད་དང་ལྡན་པ། །ཚད་ལྡན་གཞུང་ནས་གསུངས་ལྟར་སོགས། །


KMC001_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བླང་དང་དོར་བྱའི་གནས་མཐའ་དག །ཞིབ་མོའི་བློ་ཡིས་ལེགས་རྟོགས་ནས། །དངོས་གཞི་ཐིག་ཉིད་གདབ་པའི་ཚུལ་ནི། །ཚངས་ཐིག་དང་པོ་ལེགས་པར་བཏབ་སྟེ། །དབུས་ནས་ཟླུམ་པོའི་བསྐོར་བ་ཡི། །ཤར་དང་ནུབ་ཀྱི་ཚངས་ཐིག་དང་ཟླུམ་སྐོར་ཕྲད་པའི་མཚམས་ཀྱི། །ཚད་དེས་བྱ་རྗེས་བཙལ་བའི་སྟེང་། །ལྷོ་དང་བྱང་གི་ཚངས་ཐིག་གདབ་པར་བྱ། །ཐིག་དང་ཟླུམ་བསྐོར་འཕྲད་པའི་མཚམས་ནས། །མཚམས་སུ་བྱ་རྗེས་བཙལ་བའི་སྟེང་དུ། ཚངས་ཟུར་གྱི་ཐིག་རྣམས་ལེགས་པར་གདབ། །དབུས་ནས་ཟུར་ཐིག་བཞི་


KMC001_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རྩེར། །དཀྱིལ་འཁོར་ཆེ་ཆུང་ཇི་ཙམ་བྱ་བའི་ཚད་ཀྱི། མཚན་མ་བྱས་ལ་གྲུ་བཞིར་གདབ། །གྲུ་བཞིའི་ཐིག་དང་ཚངས་ཐིག་རྣམས། །འཕྲད་མཚམས་གྲྭ་བཞིར་བཅད་ནས་ནི། །རིམ་བཞིན་མཐོང་བ་བརྒྱུད་པ་ལྟར་བཅུ་དྲུག་ཆ་དབྱེ་བྱ། །དེ་རྣམས་ནི་དཀྱིལ་འཁོར་སྤྱི་ལ་བྱ་བའི་རིམ་པ་ཡིན། དེ་ནས་སོ་སོར་དབྱེ་བ་ལ་ཐོག་མར་དུས་འཁོར་གྱི། །དཀྱིལ་འཁོར་ཐིག་གི་གདབ་ཚུལ་གྱི་རིམ་པ་ལ། །བཅུ་དྲུག་ཆ་དབྱེ་སྤྱི་བཞིན་བྱས་པ་དེ། །ཆ་ཆེན་བཞི་ཡི་མཚམས་ནས། ཕྱེད་དུ་བགོས་ཤིང་ཕྱི་མ་སྐུ་ཡི་དཀྱིལ་འཁོར་དང་། །ནང་མ་འང་ཕྱེད་དུ་བགོས་ཕྱི་མ་གསུང། །གི་དཀྱིལ་འཁོར་དང་། ནང་མ་ཐུགས་དཀྱིལ་འཁོར་རེ། །བཅུ་དྲུག་ཆ་དབྱེ་བྱས་པ་ཡི། །ཆ་རེ་སྐུ་དཀྱིལ་ཀྱི་སྒོ་ཚད་དང་། །དེའི་ཕྱེད་གསུང་དཀྱིལ་ཀྱི་སྒོ་ཚད་ཡིན། །ལ། དེའི་ཕྱེད་ཐུགས་དཀྱིལ་ཀྱི་སྒོ་ཚད་དོ། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར། སོ་སོའི་སྒོ་ཚད་རེ་རེ་ལ། །ཆ་ཆེན་གཉིས་རེ་ཡིན་ལ་ཆ་ཆེན་རེ་ལ་ཆ་ཕྲན་གསུམ། །ཡིན་ནོ། །རང་རང་རྩ་ཐིག་ཤར་ནས་ནུབ་ཀྱི་བར་ཏུ་ཡི། །ཆ་ཕྲན་བཞི་བཅུ་ཞེ་བརྒྱད་འབྱུང་། །དཀྱིལ་འཁོར་གཞན་གྱི་རིགས་ལ་ཆ་ཆེན་རེ་རེ་ལ་ཆ་ཕྲན་བཞི་རེ་ཡིན་པ་ལ་འདིར་ཆ་ཆེན་


KMC001_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ལ་ཆ་ཕྲན་གསུམ་རེ་བྱེད་པ་དམིགས་བསལ་ཡིན་པ་ཤེས་དགོས་སོ། །དབུས་ནས་ཆ་ཕྲན་གཉིས་ཀྱི་པདྨའི་ལྟེར་དང་བཞི། །བསྐོར་བས་པདྨའི་འདབ་བརྒྱད་དང་། །དེའི་ཕྱིར་ཆ་ཕྲན་གཅིག་བཞི་གཅིག །བཅས། གྲུ་བཞིར་གདབ་པ་ནི་བདེ་གཤེགས་འཕར་མའི་ཕྱི་ཐིག་ཡིན་སྟེ། །དེ་ཡི་ཀ་བ་ནི་ཚངས་ཐིག་གི ། གཡས་གཡོན་དུ་ཆ་ཕྲན་གཉིས་དང་གཅིག་དང་གསུམ། །དང་། གཅིག་བཅས་གདབ་པའི་ཀ་པའོ། །དེའི་ཕྱིར་ཆ་ཕྲན་བདུན་དང་བཞི། །གདབ་པའི་ལྷ་སྣམ་ཡིན་ལ་དེ་ཡི་ཕྱིར། །ཆ་ཕྲན་གཅིག་གདབ་པ་ནི་བར་ལྷ་སྣམ་དང་རྩིག་པའི་བར་གྱི་འཁྱམས་སོ། །དེའི་ཕྱིར་ཆ་ཕྲན་བཅུ་གཉིས་ནི། །ཐུགས་དཀྱིལ་གྱི་རྩིག་པ་ནས་མདའ་ཡབ་བར། །གྱི་ཚད་ཡིན་ནོ། །དེའི་ཕྱིར་ཐུགས་དཀྱིལ་གྱི་ཆ་ཕྲན་བདུན་དང་བཞི། །གདབ་པ་ནི་གསུང་དཀྱིལ་གྱི་ལྷ་སྣམ་དང་། །དེའི་ཕྱིར། ཆ་ཕྲན་གཅིག་ནི་རྩིག་པ་དང་ལྷ་རྣམ་བར་གྱི་འཁྱམས་ཡིན། །ནོ། །དེའི་ཕྱིར་ཆ་ཕྲན་བཅུ་གཉིས་ནི། །གསུང་དཀྱིལ་གྱི་རྩིག་པ་ནས་མངའ་ཡབ་བར། །ནི་ཚད་དོ། །དེའི་ཕྱིར་གསུང་དཀྱིལ་གྱི་ཆ་ཕྲན་ཕྱེད་དྲུག་དང་དྲུག །བཅས་གནས་པ་ནི། སྐུ་དཀྱིལ་གྱི་ནི་ལྷ་སྣམ་དང་། །


KMC001_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ཕྲན་ཕྱེད་ནི་བར་གྱི་ཁྱམས། །ཡིན་ནོ། །དེའི་ཕྱིར་ཆ་ཕྲན་བཅུ་གཉིས་ནི། །སྐུ་དཀྱིལ་གྱི་རྩིག་པ་ནས་མངའ་ཡབ་བར། །གྱི་ཚད། དཀྱིལ་འཁོར་ཕྱི་ནང་གསུམ་གྱི་ནི། །རྩིག་པ་ནས་བཟུང་མངའ་ཡབ་ཀྱི་བར། །སོ་སོར་ཕྱེ་བའི་ཚུལ་ནི་ནང་ནས་རིམ་པ་བཞིན་དུ། ཆ་ཕྲན། ཕྱེད་གཉིས་གསུམ་དང་ཕྱེད་གཉིས་དང་། །གསུམ་དང་ཕྱེད་གཉིས་དང་ཡང་ཕྱེད་གཉིས་ནི། །གདབ་པས་རྭ་བ་རྩིག་པ་བ་སྟེགས་འདོད་སྣམ་བུ་དང་། །རིན་ཆེན་ཕ་གུ་སྣམ་བུ་དོ་ཤལ་དྲ་ཕྱེད་དང་། །བ་ཀུ་ཤར་བུ་ལི་དང་ཤཱིཪྵ་མདའ་ཡབ་འོ། །སྒོ་དང་སྒོ་ཁྱུད་དང་སྒོ་འབྲམ་དང་། །སྒོ་ལོགས་རྣམས་ནི་ཆ་ཕྲན་དྲུག །རེ་བྱའོ། །སྒོ་འགྲམ་གྱི་ཕྱི་ཡི་ཀ་བ་ནི། །སྟེགས་བུ་ཕྱི་ནས་མདའ་ཡབ་ཀྱི་ཕྱི་ཐིག་གི་བར། །ནི་སྲིད་དང་། ཞེང་ནི་རྩིག་པ་ཉིད་དང་མཚུངས། །པ་ཡིན་ནོ། །མདའ་ཡབ་ཕྱི་ནས་དཀྱིལ་འཁོར་གསུམ་པོ་རང་རང་གི །སྒོ་ཚད་གསུམ་དོར་བ་ནི་རྟ་བབས་ཏེ། །ཕྱིར་འདས་ཡིན། །དེའང་། མས་ནས་རིམ་བཞིན་ཆ་ཆུང་གཅིག་དང་ཡང་ཆ་གཅིག་བཞི། །དང་། བཅས་དང་། སྲིད་དུ་ཆ་ཆུང་ཉེར་བཞི་བཅུ་དྲུག་པ་ལན་གཉིས། །དང་བཅས་པ་ནི། གདུང་དང་མྱོས་དང་བསྲུང་བ་དང་


KMC001_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོའི་གནས། །ཡིན་ལ་ཀ་བ་དང་ལྷ་གནས་སོ་སོར་ཕྱེ་བ་ནི། ཚངས་པའི་ཐིག་ནས་གཡས་གཡོན་དུ། ཆ་ཕྲན། གཉིས་དང་གཅིག་དང་བཞི་དང་གཅིག་དོར་བར་ཐིག་གདབ། །དགོས་སོ། །དེ་སྟེང་རྟ་བབས་བར་མ་ནི་ཆ་ཕྲན་ཕྱེད་དང་གཅིག་དང་གསུམ། །བར། སྲིད་དུ་ཆ་ཆུང་བཅོ་བརྒྱད་དང་བཅུ་གཉིས་པ་ལན་གཉིས། །བཅས་དང་། ཚངས་ལས་ཆ་ཆུང་ཕྱེད་གཉིས་དང་། །ཆ་ཆུང་གཅིག་ལ་བཞིར་བགོས་སུམ་ཆ་དང་། །ཆ་ཆུང་གསུམ་དང་ཡང་ཆ་ཆུང་གཅིག་ལ་བཞིར་བགོས་པའི། །སུམ་ཆ་བཅས་གདབ་པ་ནི་བར་གྱི་ལྷ་གནས་དང་། །ཀ་བའོ་དེ་སྟེང་རྟ་བབས་སྟེང་མ་ནི་ཆ་ཕྲན་ཕྱེད་དང་གཅིག་དང་གཉིས། །བཅས་དང་། སྲིད་དུ་ཆ་ཆུང་བཅོ་ལྔ་བརྒྱད་ཚན་གཉིས། །བཅས་དང་། ཚངས་ལས་ཐིག་ཆ་ཆུང་གཅིག་དང་ཕྱེད་དང་གཉིས། ། དང་། ཕྱེད་བཅས་གདབ་པ་ནི་ལྷ་གནས་སྟེང་མ་གསུམ། །ཡིན། དེ་སྟེང་ཆ་ཕྲན་ཕྱེད་ནི་གདུང་དང་ནི། །ཕྱེད་དང་གཉིས་ནི་ཧཪྨིའི་དཔངས། །ཡིན་ནོ། །སྲིད་དུ་ཆ་ཆུང་བཅུ་གཉིས་དང་ནི་བརྒྱད། །ཡིན་ལ་སྣེ་གཉིས། བྱ་འདབ་ཚུལ་དུ་སྦྲེལ་བའོ། །དེ་སྟེང་བུམ་པ་ནི་རྒྱ་དཔངས་གཉིས་ཀར་ཆ་ཆུང་གཉིས། །ཡིན། སྐུ་


KMC001_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་གྱི་མྱོས་བསྲུང་ཕྱི་མ་ནས། །སྐུ་དཀྱིལ་གྱི་སྒོ་ཚད་ཕྱེད་དང་གཅིག །དང་། གཅིག་དང་གཅིག་དང་ཕྱེད་དང་གཅིག་རྣམས་ནི། །ཟླུམ་པོར་བསྐོར་བ་འཁོར་ཡུག་བཞི། །རྡོ་རྭ་དང་ནི་མེ་རིའོ། ༈ །ཚོན་ནི། དབུས་ཀྱི་པདྨའི་ལྟེ་བ་ལྗང་། །གེ་སར་སེར། ལྟེ་བའི་རྒྱ་དང་མཉམ་པའི་ཟླ་ཉི་སྒྲ་གཅན་གྱི་གདན་ཏེ་རྒྱུད་ལས། རྒྱལ་བའི་བདག་པོའི་པདྨ་སྣ་ཚོགས་མདོག་ལ་ཟླ་བ་ཉི་མ་ཡི་སྟེང་དུ་ཧཱུྃ་ཡིག་སྟེ། ཞེས་འབྱུང་བས་སོ། །འདབ་བརྒྱད་ལྗང་ཁུ་རྡོ་རྗེའི་ཕྲེང་བ་གྲུ་བཞི་ནག་པོ་དེའི་ནང་ས་གཞི་ལྗང་ཁུའམ་སྔོན་པོ་པདྨའི་ཕྱི་ཟུར་གྱི་གྲྭ་བཞིར་དབང་ལྡན་དུ་དུང་དཀར་པོ། སྲིན་པོར་གཎྜི་དམར་པོ། མེར་ནོར་བུ་ནག་པོ། རླུང་དུ་དཔག་བསམ་གྱི་ཤིང་སེར་པོ་དེའི་ཕྱི་ནས་བརྩམས། འདི་སོགས་ཕྱོགས་ཚོན་གཙོ་བོའི་ཞལ་གྱི་དབྱེ་བའི་དབང་གིས་ཡིན་ནོ། །མཆན། ཤར་དང་མེ་ནག་པོ། ལྷོ་དང་བདེན་བྲལ་དམར་པོ། བྱང་དང་དབང་ལྡན་དཀར་པོ། ནུབ་དང་རླུང་སེར་པོ། བདེ་ཆེན་འཁོར་ལོའི་བུམ་གནས་ཀྱི་ཀ་བ་བཅུ་དྲུག་ནག་པོ་ལ་ཤར་དུ་རལ་གྲི། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་


KMC001_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་སྟེ་རིགས་ཀྱི་མཚན་མའི་ཕྱག་མཚན་ཕྱོགས་ཀྱི་མདོག་ཅན་གཉིས་གཉིས་ཀྱིས་སྨྲས་པ། དེའི་ཕྱི་རྡོ་རྗེའི་ཕྲེང་བ་གྲུ་བཞི་ལྗང་གུ །ཀ་མཚམས་སུ་ཕྱོགས་བཞིའི་གཡས་གཡོན་དུ་བུམ་པ་གཉིས་གཉིས་ཏེ་བརྒྱད་དང་ཐུགས་ཀྱི་སྒོའི་ཤར་ནུབ་ཀྱི་ཁྲོ་བོའི་སྟེང་ཚོན་པའི་གནས་སུ་སྟེང་འོག་གི་བུམ་པ་གཉིས་རྣམས་པདྨའི་ཁ་བརྒྱན་དང་དེའི་གདན་ཅན། །གཤེགས་པ་སེམས་པ་ལྷོ་ནུབ་ཀྱི་ཁྲོ་བོའི་གདན་པད་དཀར་དང་ཉི་མ་དང་གཤེགས་མ་སེམས་མ་ཤར་བྱང་གི་ཁྲོ་བོའི་གདན་པད་དམར་དང་ཟླ་བ་དཀྱིལ་འཁོར་གསུམ་ཀའི་ཚོན་པ་དང་དཔངས་ཆུད་ཕྱོགས་མདོག །ལྷ་སྣམ་དཀར་པོ། ཐུགས་དཀྱིལ་གྱི་རྩིག་པ་ནང་ནས་ནག་དམར་དཀར་པོ་གསུམ་ལྡན། གསུང་དང་སྐུའི་རྩིག་པ་ནང་ནས་ལྗང་ནག་དམར་དཀར་སེར་བ་ལྔ་སྦྲགས། དཀྱིལ་འཁོར་གསུམ་གའི་སྟེགས་བུ་འདོད་སྣམ་དཀར་པོ་ལ་སྒོ་ཁྱུད་ཀ་བས་མཚམས་སུ་རིན་པོ་ཆེ་དང་རྩིག་པའི་ཕྱིའི་ཟུར་བཞི་ལ་སྣ་ཚོགས་རྡོ་རྗེ་རེ་རེ་དཀྱིལ་འཁོར་གསུམ་གའི་རིན་ཆེན་


KMC001_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

སྣམ་བུ་ཕ་གུ། ནས་དྲ་ཕྱེད། བ་ཀུ་ལི་བོད་སྐད་དུ་ཤུར་བུ། ཀྲ་མ་ཤཱིཪྵའི་རྡོ་ཀྲ་མ་ཤཱིཪྵ་ལས་གྲུབ་པའི་མདའ་ཡབ། བར་སྤྱི་མཐུན། རྟ་བབས་འདིར་གདུང་ནས་ཏོག་གི་བུམ་པའི་རྟ་བབས་སྣམ་བུ་བཅུ་གཉིས་པར་བཞེད། ཀྱི་ཀ་བ་དང་གདུང་རྣམས་སེར་པོ། །མྱོས་པ་མཆོངས་རྩི། བསྲུང་བ་དང་ལྷ་མོའི་གནས་ནས་ཧརྨི་ལ་བོད་སྐད་དུ་པུ་ཤུ་སྟེ་བྱེ་བྲག་རྟོགས་བྱེད་བུ་བསིལ་ཁང་དང་བྱ་བཏུས་སུ་རྒྱ་ཕུད་སུ་བསྒྱུར་འདུག །ཐུག་གི་བར་ནི་ཁ་དོག་སྣ་ཚོགས་པར། །བཞེད་པའི་ཚོན་སྤེལ་གང་ལེགས་བྱ་ཞིང་ཧ རྨིའི་དབུས་སུ་བུམ་པ་དང་མཐའ་གཉིས་སུ་རྒྱལ་མཚན་གྱིས་མཛེས་པ། །གསུང་དཀྱིལ་ལྷ་སྣམ་གྱི་ཕྱོགས་མཚམས་བརྒྱད་དུ་པདྨ་འདབ་བརྒྱད་སྐུ་དཀྱིལ་ལྷ་སྣམ་གྱི་ཕྱོགས་ རྟ་བབས་བར་མར་འགོད། མཆན། སུ་གཉིས་རེ་དང་མཚམས་སུ་རེ་རེའི་པདྨ་འདབ་མ་བཞི་བརྒྱ་དང་བཅུ་དྲུག་སུམ་རིམ་ཅན་རྣམས་ཕྱོགས་དམར་པོ་དང་མཚམས་དཀར་པོའོ། །ལྟེ་བར་སྲོག་ཆགས་གསུང་དཀྱིལ་གྱི་སྲོག་ཆགས་གདན་ལ་ཤར་ནས་གཡས་བསྐོར་དུ། ཡི་དྭགས་དམར། མཁའ་ལྡིང་། མ་ཧེ། རྨ་བྱ། གླང་པོ་ཆེ་དང་། ངང་པ་ཁྱུ་མཆོག་སེང་གེ་བཅས་འཁོད། མཆན། སོ་སོའི་གཟུགས་ཏེ་ཟླ་ཉི་མེད། སྐུ་


KMC001_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་གྱི་རྟ་བབས་ཀྱི་ཀ་བ་སོ་སོ་སྟེགས་བུའི་གནས་ཀྱི་གཡས་གཡོན་དུ། ཤར་དུ་རླུང་དཀྱིལ་ཟླུམ་པོའམ་ཟླ་གམ་ལ་ཐིག་ལེའམ་རྒྱལ་མཚན་གྱིས་མཚན་པ་གཉིས། སྐུ་དཀྱིལ་གྱི་སྲོག་ཆགས་གདན་ལ་ཤར་སྒོའི་གཡས་ནས་གཡས་སྐོར་དུ། ཡི་དྭགས་དམར། ཡི་དྭགས། མ་ཧེ། ལུག རྨ་བྱ། མཏངྒ་། གླང་པོ་ཆེ། ངང་པ། ཁྱུ་མཆོག །ཆུ་སྲིན། བྱི་བ། མཁའ་ལྡིང་བཅས་འཁོད། མཆན། དེ་བཞིན་དུ་ལྷོར་མེ་དཀྱིལ་གྲུ་གསུམ་ལ་བཀྲ་ཤིས་ཏེ་གསུང་གཡུང་དྲུང་གཡས་འཁྱིལ། བྱང་དུ་ཆུ་དཀྱིལ་ཟླ་གམ་མམ་ཟླུམ་པོ་ལ་པདྨ། ནུབ་ཏུ་ས་དཀྱིལ་གྲུ་བཞི་ལ་རྡོ་རྗེས་སྤྲས་པ་གཉིས་རེ་རྣམས་ཕྱོགས་མདོག །ཤར་གྱི་གཡོན་དང་ནུབ་ཀྱི་གཡས་སུ་ནམ་མཁའ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྗང་ཁུའམ་སྔོན་པོ་རྡོ་རྗེས་མཚན་པ། སྐུའི་རྟ་བབས་ཀྱི་བརྩེགས་མ་དང་པོའི་ལྷ་གནས་དབུས་དམར། ཤར་དུ་ཆོས་ཀྱི་འཁོར་ལོའི་གཡས་གཡོན་དུ་རི་དྭགས་ཕོ་མོ་གདོང་འཁོར་ལོར་ཕྱོགས་པ། ལྷོར་བུམ་པའི་གཡས་སུ་དུང་དང་། གཡོན་དུ་པདྨ། བྱང་དུ་རྔ་བོ་ཆེའི་གཡས་སུ་དབྱུག་པ་དང་གཡོན་དུ་ཐོ་བ། ནུབ་ཏུ་བྱང་


KMC001_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཤིང་གི་གཡས་གཡོན་དུ་མིའམ་ཅི་ཕོ་མོ་དང་བཅས་ཕྱོགས་མདོག །རྟ་བབས་ཐམས་ཅད་ཀྱི་གདུང་ལ་སོགས་པ་ནས་འཕྱང་བའི་དྲིལ་བུ་དེའི་མེ་ལོང་རྔ་ཡབ་བ་དན་དཀར་པོ་རྣམས། བརྩེགས་མ་དང་པོའི་གཡས་གཡོན་དུ་གླང་པོ་ཆེ་མནན་པས་སེང་གེས་གདུང་འདེགས་པ་དང་། བར་པ་དང་སྟེང་མའི་གནས་ཀྱི་མཐར་ཤཱ་ལ་བྷཉྫི་ཀཱ་ཞེས་པ་ལྷ་མོའི་གཟུགས། འདི་ཉིད་ལེགས་གྲུབ་ཏུ་ཤ་ཟ་ཤཱ་ལ་བྷཉྫི་ཀཱ་ཞེས་པ་ཟླ་སྟོབས་ཀྱི་མིའམ་ཅིའི་གཟུགས་སོ་ཞེས་དང་། པདྨ་དཀར་པོས་ཤཱ་ལ་བྷཉྫི་ཀཱ་སྟེ་གནོད་སྦྱིན་མོ་ཞེས་བསྒྱུར་ཅིང་། སྤྱན་མངའ་རིན་པོ་ཆེས་ཤཱ་ལ་བྷེཉྫི་ཀཱ་ནི་རྟེན་བྱེད་ཐུར་མ་ཞེས་པར་བསྒྱུར་རེ་ཐུར་མ་རྣོན་པོའི་འཛོལ་གྱིས་ཅེས་སྦྱང་གསོད་པས་དེ་དང་འདྲ་ཆོས་སྦྱར་བར་སྨྲ་བ་ཆེས་ལེགས་སོ། །དེ་ན་ཉ་ཕྲན་ཉ་ཆེན་ལ་གསེགས་ཁར་བཙུགས་པས་གདུང་བརྟེན་པའམ་ལྷ་མོས་གཟུགས་ཉ་ཕྲན་གྱིས་དོད་དུ་གནས་པ་ལ་བྱའོ་ཞེས་འབྱུང་། མཆན། སམ་ཀ་བ་ལ་ཀ་བྲན་གསེགས་ཁར་བཙུགས་པས་གདུང་འདེགས་པས་སྣམ་བུ་རྣམས་ཀྱི་རྩེ་མོར་རྒྱལ་མཚན་བསྒྲེངས་པ། རྟ་བབས་ཀྱི་ཕྱི་འཁྱམས་ལྷུན་པོའི་ཁ་དོག་སྟེ་ཕྱོགས་ཚན་ལ་པདྨ་དང་བུམ་བཟང་སོགས་མཆོདརྫས་སྣ་ཚོགས། སྐུའི་སྒོ་


KMC001_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བཞིར། ཤར་དུ་ཕག ། ལྷོར་རྟ། བྱང་དུ་སེང་གེ ། ནུབ་ཏུ་གླང་པོ་ཆེ་རྣམས་ཕྱོགས་མདོག་བདུན་རེས་དྲངས་པ་ཤིང་རྟ། སྐུའི་སྒོ་ཤར་གྱི་ཤིང་རྟའི་ཤར་དུ་ཨ་ནི་ལའི་ཤིང་རྟ་ལྗང་ཁུ་དང་། ནུབ་ཀྱི་ཤིང་རྟའི་ནུབ་ཏུ་རྐང་བརྒྱད་ཀྱི་ཤིང་རྟ་སྔོན་པོ། སའི་ཁོར་ཡུག་སེར་པོའི་དབང་ལྡན་དུ་ཟླ་བ་དཀར་པོ་ཉ་གང་བ་འཆར་བ་དང་། བདེན་བྲལ་དུ་ཉི་མ་དམར་པོ་ནུབ་པའི་ཚུལ་ལོ། །ཆུའི་ཁོར་ཡུག་དཀར། མེ་དམར། རླུང་ནག་པོ་སྟེ། མེ་རླུང་བར་གྱི་ཕྱོགས་མཚམས་སུ་དུར་ཁྲོད་བརྒྱད་ཀྱི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་རེ་རེ་ཡར་ཕྱོགས་དམར་ཞིང་མཚམས་དཀར་པོའི་སྟེ་བར་སྲོག་ཆགས་ཤར་ནས་གཡས་བསྐོར་གྱི་བསེ། བྷེ་རིང་ཌ། དོམ། ཁྲུང་ཁྲུང་། མིག །འབྲི། གཤང་འམ་གོང་། བཅས་འཁོད། མཆན། སོ་སོ་དང་ཤར་ནུབ་ཀྱི་འཁོར་ལོའི་ཕྱི་རོལ་དུ་སྟེང་འོག་གི་ཤིང་རྟ་བཅས། ནམ་མཁའི་འཁོར་ཡུག་སོར་ཕྱེད་བཅུ་གཉིས་ཀྱི་གཡས་གཡོན་དུ་ཆ་གསུམ་གསུམ་དོར་ནས་ཆ་དྲུག་གི་རྡོ་རྗེའི་ཕྲེང་བ་བར་མ་ཆད་པ་ལྗང་གུ་འབྲི་ཞིང་མཐའ་གཉིས་ནི་སྔོན་པོར་


KMC001_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་སཱ་དྷུ་སུ་ཏྲ་དང་ཨབྷ་ཡཱ་ས་བཞེད་ལ་མེ་རི་ཁ་དོག་ལྔ་དང་ལྡན་པའོ། །ལྷ་མཚན་ནི་དབུས་སུ་རྡོ་རྗེ་སྔོན་པོ། འདབ་བརྒྱད་ཀྱི་ཤར་དུ་སྤོས་སྣོད། ལྷོར་མར་མེ། བྱང་དུ་ལྷ་བཤོས། ནུབ་ཏུ་ཟངས་དུད། མཚམས་བཞིར་རྔ་ཡབ་རེ་རྣམས་ཕྱོགས་མདོག །དེའི་ཕྱི་རོལ་བདེ་ཆེན་འཁོར་ལོའི་ཀ་བའི་བར་དུ་གཤེགས་པ། ཤར་གཤེགས་མ། དང་མེ་རལ་གྲི། ལྷོར་རིན་པོ་ཆེ། བདེན་བྲལ་དང་བྱང་དུ་པདྨ། དབང་ལྡན་དུ་ཨུཏྤལ། ནུབ་དང་རླུང་དུ་འཁོར་ལོ་རེ་རྣམས་ཕྱོགས་མདོག །ཐུགས་ཀྱི་ལྷ་སྣམ་གྱི་ཤར་རལ་གྲི་རེ། ལྷོ་སྒོའི་གཡས་ས་དང་བདེན་བྲལ་མ་དུ་རིན་པོ་ཆེ། བྱང་སྒོའི་གཡས་དང་དབང་ལྡན་ལ་དུ་པདྨ། ནུབ་སྒོའི་གཡས་དང་རླུང་ལ་མཚམས་སུ་འཁོར་ལོ་རེ་རྣམས་ཕྱོགས་མདོག །ལྷོ་སྒོ་དང་ནུབ་སྒོའི་ལ་གཡོན་དུ་རྡོ་རྗེ་ལྗང་ཁུ་རེ་དང་ཤར་པ་སྒོ་དང་བྱང་ལ་སྒོའི་གཡོན་དུ་རྡོ་རྗེ་སྔོན་པོ་རེ་ཤར་ལྷོ་བྱང་ནུབ་བཞིའི་སྒོ་འགྲམ་ནང་དུ་རིམ་པས་ལཾ་རཾ་ཝཾ་ལཾ་ཕྱོགས་མདོག །སྟེགས་བུར་ཕྱོགས་བཞིའི་སྒོའི་གཡས་གཡོན་དུ་ལྷ་མོ་གཉིས་རེ་སྟེ་


KMC001_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཚོན་སྤུངས་ཕྱོགས་མདོག །ཤར་ནུབ་ཀྱི་རྟ་བབས་ཀྱི་ལྷ་གནས་བར་མར་ལྗང་གུ་གཉིས་དང་ལྷོ་བྱང་གི་རྟ་བབས་བར་མར་སྔོན་པོ་གཉིས། གསུང་གི་པདྨའི་དབུས་ཀྱི་གཙོ་བོ་ཕྱོགས་མདོག་ལ་ཡབ་བལྟ་བའི་ཐད་ཕྱོགས་ཐད་ཕྱོགས་ཞེས་པ་དཔེར་ན་ཤར་ནག་པོ་ལ་ནུབ་སེར་པོས་འཁྱུད་པ་ལྟ་བུའོ། །མཆན། ཕྱོགས་ཀྱི་འཁྱུད་པ་དང་འདབ་བརྒྱད་ཀྱི་འཁོར་མཚོན་སྤུངས་ཕྱོགས་མདོག་འགྲེ་བ། ཕྱོགས་བཞིའི་སྟེགས་བུའི་གཡས་སུ་རིམ་པས། ཙཿཚཿཛཿཛྷཿཉཿ དེའི་ཕྱོགས་ཀྱི་པདྨ་ལྷ་བཅས་རྣམས་ལ་རྟ་བབས་སོ་སོའི་ལྷ་གནས་པར་འགོད། མཆན། ཊཿཋཿཌཿཌྷ ཿ་ཎཿ པཿཕཿབཿབྷཿམཿ ཏཿཐཿདཿདྷ་ནཿ རྣམས་ཕྱོགས་མདོག །ཤར་གྱི་གཡོན་དུ། ཀྵཿསྔོ། ཤཿཥཿཔོཿནག །ལྷོ་ཡི་གཡོན་དུ། དཿལྗང་། གྷཿགཿཁཿདམར། བྱང་གི་གཡོན་དུ། ཧཿསྔོ། ཡཿརཿཝཿདཀར། ནུབ་ཀྱི་གཡོན་དུ། ཀྵཿལྗང་། ཀཿལཿསེར། སྐུ་དཀྱིལ་གྱི་པདྨའི་དབུས་སུ་གཙོ་བོར་ཕྱོགས་མདོག་ལ་ཡུམ་ཕྱོགས་ ཕྱོགས་ཅིག་ཤོས་ཞེས་པ་དཔེར་ན་ཤར་ནག་པོ་ལ་ནུབ་སེར་པོས་འཁྱུད་པ་ལྟ་བུའོ། །གཅིག་ཤོས་ཀྱི་འཁྱུད་པ་དང་འདབ་མའི་འཁོར་


KMC001_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་མདོག་འགྲེ་ཞིང་ཤར་དང་ལྷོའི་གཡོན་དུ་ལྗང་ཁུ་ནུབ་དང་བྱང་གི་གཡོན་དུ་ཡུལ་སྔོན་མོ། འདི་དག་གཡོན་ཞེས་པ་དཀྱིལ་འཁོར་ཡུམ་ལྗང་གུ། གྱི་གཡོན་ཏེ་སྒོའི་གཡས་སུའོ། །མཆན། སྔོན་པོ་ཡུམ་བཅས་འཁོར་སོགས་འགྲེ། སྐུ་དཀྱིལ་གྱི་རྟ་བབས་སོ་སོའི་སྟེགས་བུའི་གཡས་གཡོན་གྱི་འབྱུང་བཞིའི་མཚན་མའི་སྟེང་དུ་ཀླུ་བརྒྱད་ཡུམ་བཅས་ཕྱོགས་མདོག་སྤྱི་འགྲེ་བཞིན་དང་ནམ་མཁའ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་མཚན་མའི་སྟེང་དུ་ཡུམ་སྔོ་ལྗང་སྔོན་ཡུམ་ལྗང་ཡུམ་བཅས། སྒོ་བཞིའི་ཤིང་རྟ་ལ་ཡུམ་སོགས་སྔ་མ་ལྟར་དང་། ཤར་ནུབ་ཀྱི་རྒྱབ་ཀྱི་ཤིང་རྟར་ཁྲོ་བོ་སྔོན་ལྗང་སྔོན་ཁུ་ཡུམ་བཅས། ཡུམ་སྔོན། ཡུམ་ལྗང་ཁུ། ཤར་ལྷོ་བྱང་ནུབ་བཞིའི་སྟེགས་བུའི་གཡས་གཡོན་དུ་ཙ་སོགས་དང་ང་རོ་ཅན་སྔ་མ་ལྟར་དུར་ཁྲོད་བརྒྱད་ཀྱི་འཁོར་ལོའི་ལྟེ་བར་གཏུམ་མོ་ཡབ་བཅས་ཕྱོགས་མདོག་སྤྱི་འགྲེ་བཞིན་དང་ཤར་ནུབ་ཀྱི་རྒྱབ་གཏུམ་མོའི། ཤིང་རྟར་ལྗང་སྔོན་ཡབ་ཡབ་སྔོན་པོ། ཡབ་ལྗང་གུ། བཅས། མེ་རླུང་གི་དབུས་སུ་གཏུམ་མོའི་འཁོར་ལོ་གཉིས་རེའི་བར་དུ་ཁོར་ཡུག་གི་ལྷ་བཅུ་བཞི་རེ་འཁོད་པ་ནི། ཤར་གྱི་གཏུམ་


KMC001_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་གཡོན་ནས་གཡས་བསྐོར་བཞིན། །ཞིང་སྐྱོང་ནབ་སོ་རལ་གྲི་སྡིག་པའི་ཁྱིམ། །ཚེས་བདུན་དབོ་དང་མེ་བཞི་ཉི་མ་དང་། །ཟད་པར་ནག་པ་བཅུ་གཉིས་ས་རི་དང་། །གཏེར་གྲུབ་རླུང་ལྷའོ་ཞིང་སྐྱོང་དགའ་བྱེད་དང་། །ནག་པོ་ཚེས་དྲུག་གཞུ་ཁྱིམ་བརྟན་པ་དང་། །སྒྲ་གཅན་ཚེས་གསུམ་སྨིན་དྲུག་རྒྱལ་དང་ཉ། །ཟད་པར་གཤིན་རྗེ་ལྷག་པའོ་ཞིང་སྐྱོང་མཆུ། །རྐར་མགྱོགས་སྲད་ཁྱིམ་ཚེས་བརྒྱད་གྲེ་ས་ག །མིག་དམར་ཟད་པ་ཁྲུམས་སྟོད་ཚེས་བཅུ་གསུམ། །བྲ་ཉེ་རོ་བཙའ་མེ་ལྷའོ་ཞིང་སྐྱོང་དང་། །དྲེལ་སྣ་མཁའ་འགྲོ་བཅུ་གཅིག་ཀརྐ་ཊ། །ཁྱབ་འཇུག་ཟད་པར་ཚེས་ལྔ་ལག་དང་སྐག །གླང་ཁྱིམ་ཟད་པར་དབང་པོ་མཇུག་རིང་པོ། །ཞིང་སྐྱོང་སྣུབས་དང་མིག་སྨན་སེང་གེའི་ཁྱིམ། །ཚེས་བཅུ་ཆུ་སྟོད་མོན་གྲུ་སྤེན་པ་ཟད། །ཁྲུམས་སྨད་བཅོ་ལྔ་ནམ་གྲུ་རི་བུ་གྲུབ། །གནོད་སྦྱིན་ནོ་ཞིང་སྐྱོང་གྷྲྀདྒི་ཎ་འཕྲོག་མ། །བཅུ་དྲུག་འཁྲིག་པ་རི་བྱི་དུས་མེ་དང་། །ཚེས་བཞི་སྣར་མ་ལྷ་མཚམས་ལུག་དང་ཟད། །རྒྱ་མཚོ་པ་སངས་ཞིང་སྐྱོང་


KMC001_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོན་འབྲས་གྲུབ། །མུ་མོ་ཚེས་དགུ་ཆུ་སྨད་བྱི་བཞིན་དང་། །ཕུར་བུ་ཟད་པར་གྲོ་བཞིན་ཚེས་བཅུ་བཞི། །མོན་གྲེ་བཅུད་ལེན་དབང་ཕྱུག་ཞིང་སྐྱོང་དང་། །ཕོ་ཉ་ཕོ་ཉ་མོ་དང་ཚེས་གཅིག་དང་། །ཆུ་སྲིན་ཚངས་པ་ཟད་པར་ཚེས་གཉིས་དང་། །ཐ་སྐར་མགོ་དང་བུམ་པ་ཟད་པར་རླུང་། །བདེན་བྲལ་ཟླ་བ་རྣམས་ནི་ཁོར་ཡུག་གོ །ཞེས་པ་ལྟར་ཁོར་ཡུག་པ་བརྒྱ་དང་བཅུ་གཉིས་ཀྱི་ས་བོན་ལཉྪ་ན་སོགས་མཚན་མ་འགོད་པར་བྱའོ། །བདེ་མཆོག་མཁའ་འགྲོ་རྒྱ་མཚོ་ཡི། །དཀྱིལ་འཁོར་ནི་སྒོ་བཞི་སྒྲགས་ཡིན་ལ་དེའང་ནང་མ་གསུམ། །ཟླུམ་པོ་དང་ཕྱི་མ་གྲུ་བཞི་སྟེ། །བཅུ་དྲུག་ཆ་དབྱེ་བྱས་པ་དེ་ཡི། །ཕྱེད་བགོས་ནང་གི་ཚེ་ཆེན་བཞི། །ཕྱེད་གཤགས་བརྒྱད་དུ་བགོས་བྱས་ལ། །དེ་ཡི་བཞི་པ་ནས་ཟླུམ་པོར་བསྐོར་བ། །ནི། ལོངས་སྐུའི་དཀྱིལ་འཁོར་རྩ་ཐིག་ཡིན་ལ། དེ་ལ་ཐོག་མར་ཐིག་ཆེན་བརྒྱད་དང་། ཆ་ཆེན་བཞི་ཡི་མཚམས་ནས། །པོར་རེ་བཞིན། །བྱས་ནས། དེའི་ནང་གི་བཞི་པོ་ཡང་བརྒྱད་དུ་བགོས། པའི། །བཞི་པ་ནས་བསྐོར་པ་ཆོས་སྐུའོ་དཀྱིལ་འཁོར་གྱི་རྩ་ཐིག་གོ། དེའི་ནང་གི་བཞི་


KMC001_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྔར་བཞིན་ཏེ། དེ། བཞི་ནས་བསྐོར་བ་ཡེ་ཤེས་ཀྱིའོ། །དེའི་ནང་བཞི་པོ་རེ་རེ་ཡང་། །བརྒྱད་དུ་ཕྱེ་བའི་སོ་གཉིས་ཏེ། །དེའང་། དབུས་ནས་རིམ་བཞིན་བཅུད་དང་གཅིག །བཞི་དང་གཅིག་གིས་བསྐོར་བ་ནི། །བརྒྱད་དུ་བགོས། པ། དཀྱིལ་འཁོར་གྱི་རྩ་ཐིག་གོ །གེ་སར་འདབ་མ་མུ་ཁྱུད་བྱ། །དུམ་དུ། སུམ་ཅུ། །འབྱུང་། །པདྨའི་ཕྱི་ཐིག་ཚངས་ཟུར་བུར། །མཉམ་གསུམ་ཕྱེད་བགོས་གཅུས་ཐིག་གདབ། ལ། འདབ་མའི་གྲངས་ནི་བཞི་བཅུ་བརྒྱད། །འམ་ལྟེ་བ་དང་། དང་། འོ། ལྷག་བ་བཞི་བཞི་ནས་བསྐོར་བ། ནི། འཁོར་ལོ་གསུམ་དང་སྣམ་བུར་འགྱུར། །འཁོར་ལོ་རང་རང་གི་ནང་ནས་སུམ་ཆར་ནི། །བསྐོར་བས་གྲི་གུག་སོགས་ཀྱི་ཕྲེང་བའི་གནས་ཡིན། །དེ་བཞིན་གཞན་རྣམས་ལའང་ཤེས་པར་བྱ། ཞིང་། དེའི་ཕྱིར་ཆ་ཆེན་ལྔ་པ་དྲུག་པ་གཉིས། ནི། ནང་ནས་རིམ་བཞིན་གཅིག་དང་གཉིས་དང་གཅིག་དང་གཉིས་དང་། གཅིག་དང་གཅིག་གི་རྩིག་པ་ནས་བཟུང་། དཀྱིལ་འཁོར་ཕྱི་ནང་ཐམས་ཅད་ཀྱི་འཁོར་ལོ་རྣམས་ཀྱི་རྩིབས་ནི་ཕྱོགས་རེར་དགུ་རེ་ཏེ་སྡོམ་པས་སོ་དྲུག་རེ་འཁོར་ལོ་ཐམས་ཅད་ལ་དགོས་སོ། །མདའ་ཡབ་བར་གྱི་གནས་སུ་


KMC001_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །ཆ་ཆེན་བདུན་པ་ནི་ལེ་དཀྱིལ་གྱི། །རྟ་བབས་དང་རྟ་བབས་ཀྱི་འོག་ཏུ་ཚུད་པའི་ཆ་ཕྲན་གསུམ་དུར་ཁྲོད་དང་གཅིག་རྡོ་རའོ་དུར་ཁྲོད་རྡོ་རའི་གནས། །ཆ་ཆེན་བརྒྱད་པ་ནི་ཆོས་སྐུའི་འཁོར་ལོ་གསུམ་དང་། །སྐལ་བཟང་གི་སྣམ་བུ་དང་བཅས་པའོ། །དེ་ཡི་ཕྱི་རོལ་དུ་ཆོས་དཀྱིལ་གྱི། །ཆ་ཆེན་གཉིས་ལ་ཆོས་སྐུ་ཡི། །དཀྱིལ་འཁོར་གྱི། རྩིག་པ་ནས་བཟུང་མདའ་ཡབ་བར་གྱི་ཚད་དོ། །ཆ་ཆེན་གསུམ་པ་ནི་རྟ་བབས་དུར་ཁྲོད་སོགས་ཏེ་སྔ་མ་བཞིན་ནོ། །ཆ་ཆེན་བཞི་པ་ནི་ལོངས་སྐུའི་འཁོར་ལོ་གསུམ་དང་། །བསྐལ་བཟང་སྣམ་བུ་དང་བཅས་པའོ། །དེ་ཡི་ཕྱི་ནས་ལོངས་སྐུ་ཡིཀྱིལ་འཁོར་གྱི། །ཆ་ཆེན་གཉིས་ལ་རྩིག་པ་ལ་སོགས་པ་དང་། །ཆ་ཆེན་གསུམ་པར་རྟ་བབས་ལ་སོགས་དང་། །ཆ་ཆེན་བཞི་པར་སྤྲུལ་སྐུའི་འཁོར་ལོ་གསུམ་དང་། །བསྐལ་བཟང་སྣམ་བུ་དང་བཅས་སོ། །དཀྱིལ་འཁོར་ནང་མ་གསུམ་པོ་ཡི། །རྟ་བབས་ནི་སྒོ་ཚད་གཅིག་ཏུ་ཚང་བར་གདབ་ལ། །དེ་ཉིད་ཆ་མཉམ་བརྒྱད་བགོས་པའི་། །གསུམ་པ་བདུན་པའི་ཕྱི་ལོགས་ནས་དང་། ལྔ་པའི་ནང་ལོགས་ཀྱི་མཐར་སུམ་ཆར་བཅད། པ་ནི་ཤར་བུ་༡ རིན་ཆེན་


KMC001_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

༢ རྟ་མིག་༣ གསེར། ༤ ཆུ་སྲིན་༥ གསེར་༦ དང་རྨིག་པ་༧ དང་། །རིན་ཆེན་༨ རྨིག་པ་༩ གསེར་༡༠ མདའ་ཡབ་༡༡ བཅས་སྣམ་བུ་བཅུ་གཅིག་པའོ། །དེ་རྣམས་སོ་སོའི་རྒྱ་ཡི་ཚད་ནི། །ཚངས་པའི་རིག་གི་གཡས་གཡོན་དུ་རྟ་ཆུང་ནི། །ལྔ་དང་ཕྱེད་དོར་པ་ནི་གླང་རྒྱབ་ཀྱི་རི་མོདང་ཕྱེད་གསུམ་གྱི་ནི། །སྣམ་བུའོ་ཐིག་གི་གྲངས་ནི་ཕྱེད་ཐིག་དངོས་གཞི་ཡོད་ཀྱང་ཆ་ཕྱེད་ཀྱི་ཐིག་ལ་ཕྱེད་ཀྱི་ཐ་སྙད་བྱས་པ་རྟ་བབས་དང་བཞི། །གཉིས་པ་དང་གསུམ་པ་ནས་ཆ་ཆུང་ལྔ་། །དོར་ལ་དེ་ནི་གླང་རྒྱབ་ཆ་ཆུང་གསུམ་མཐར་ཐིག་ནི་སྣམ་བུའོ། །རྟ་བབས་བཞི་པ་ནས་ཆ་ཆུང་བཞི་དོར་བ་གླང་རྒྱབ་གསུམ་སྣམ་བུ་། །རྟ་བབས་ལྔ་པ་ནས་ཆ་ཆུང་ཕྱེད་བཞི་དོར་བ་གླང་རྒྱབ། །སྣམ་བུ་ཆེ་ཆུང་ཕྱེད་བཞི་གདབ་གོ། །རྟ་བབས་དྲུག་པ་ནས་གསུམ་དོར་བ་གླང་རྒྱབ་ཆ་ཆུང་ལྔ་པ་སྣམ་བུ། །དེ་སྟེང་བདུན་པ་བརྒྱད་པ་དགུ་པ་རྣམས་ནས། །ཚངས་ཐིག་གི་གཡས་གཡོན་ནས་ཆ་ཆུང་བརྒྱད་དང་། །བཅུ་པ་ནས་ཆ་ཆུང་བདུན་པ་གདབ་སྟེ། །ཆ་ཆུང་དྲུག་ནས་གདབ་པ་ནི་བཅུ་གཅིག་པ་སྟེ་ཐ་མའོ། །དཀྱིལ་ཕྱི་མའི་རྟ་བབས་པ་ནི། །ཀ་བའི་རྩེ་མོར་སྒོ་ཚད་ནས་


KMC001_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

བཞི། །གྱེན་དུ་འཕགས་པའི་གསུམ་རྟ་བབས་ཏེ ། །སྣམ་བུ་བཅུ་གཅིག་སྔར་བཞིན་ཡིན་ཏེ། །བཞི་པ་དབུས་དོར་ལ་མཐའ་གཉིས་གདབ། །རྡོ་རྗེའི་དབུས་ར་ཡིན་ཏེ་ཞེངས་སུ་ནི། །ར་ཡི་རྩ་བར་ཆ་ཆེན་གཅིག་དང་། །རྩེ་མོ་གཉིས་ཡིན་གསེགས་ཏེ་བཅད། སྒོ་ཆད་དེའི་མས་ནས་ཡར་བརྩིས་པའི་སྣམ་བུ་ལྔ་པའི་སྟེང་དང་དེའི་ཐར་གྱི་ཚངས་ཐིག་ལས། །གཡས་གཡས་གཡོན་དུ་ཆ་ཕྲན་གཉིས་དགོས་ཤིང་དེའང་རྭ་རྩ་ནས་ཡར་དང ཚངས་ལ་གཡས་གཡོན་དུ་ཆ་ཕྲན་རེའི་སར་གསེབས་ཅིང་དེ་ནས་ཚངས་ཐིག་ལ་སྔལ་ཀྱི་སྟེང་ཤིང་བུའི་ལྟེ་བ་བཟུང་ནས། །མདའ་ཐིག་དང་ཀ་རྒྱན་གྱི་རྩེའི་མཚམས་ནས། །བསྐོར་བ་རྡོ་རྗེའི་རྭའི་ནང་ལོགས་དང་། །སྣམ་བུ་དེ་ཉིད་ཀྱི་སྟེང་ཚངས་ལས་ཆ་ཕྲན་ལྔ་སྟེང་ཤིང་བུའི་ལྟེ་བ་བཟུང་ནས་གོང་གི་ཚད་དེ་ཡི། །བསྐོར་བ་ནི་རྡོ་རྭའི་ཕྱི་ངོས་གྲུབ་པ་ཡིནནོ། །དབུས་རྭའི་རྩེ་ནས་ཆ་ཕྲན་ནི། །གཉིས་ཀྱི་པདྨ་དང་བཞི་ཡི་དུར་ཁྲོདདང་། །རྡོ་རྭ་ནི་ཆ་ཕྲན་གཉིས་དང་ནི། རྭ་བ་གསུམ་ལ་ཆ་ཕྲན་རེ་རེ་སྟེ། །མེ་རི་ནི་ཆ་ཕྲན་བཞི་ཡིན་ནོ། །ཚོན་ནི། པདྨའི་ལྟེ་བ་ལྗང་གེ་སར་སེར། འདབ་མ་ཉེར་བཞི་རྣལ་འབྱོར་མ་སོ་སོའི་ཁ་དོག་ཅན་རེ་ཤར་གྱི་དྲུག་


KMC001_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ནག་གཡོན་སྔོ། བྱང་གི་དྲུག་གཡས་ལྗང་གཡོན་དམར། ནུབ་ཀྱི་དྲུག་གཡས་དམར་གཡོན་སེར། ལྷོའི་དྲུག་གཡས་སེར་གཡོན་ནག་གོང་རས་ལྗང་། མུ་ཁྱུད་ནག །དཀྱིལ་འཁོར་བཞིའི་དང་པོ་ཡེ་ཤེས་དཀྱིལ་འཁོར་གྱི་ནང་ཚན་ལས་རྡོ་རྗེ་འཁོར་ལོའི་འོག་གཞི་དམར་སེར། འཁོར་ལོ་དང་ཀ་བ་སྔོན་ནག་མྱུ་ཁྱུད་ལ་གྲི་གུག་སྔོན་པོའི་ཕྲེང་བ། སྙིང་པོའི་འཁོར་ལོའི་འོག་གཞི་དཀར་དམར། འཁོར་ལོ་དང་ཀ་བ་དམར་སེར་མྱུ་ཁྱུད་རིན་པོ་ཆེ་ལྗང་ཁུའི་ཕྲེང་བ། ཡོན་ཏན་འཁོར་ལོའི་འོག་གཞི་ཕྱོགས་མདོག ། འཁོར་ལོ་དང་དང་ཀ་བ་དཀར་དམར་མུ་ཁྱུད་ལ་རྡོ་རྗེ་སེར་པོའི་ཕྲེང་བ། དེའི་ཕྱིའི་ལྷ་རྣམས་ཕྱོགས་མདོག །རྩིག་པ་ནང་ནས་ནག་སྔོ་གཉིས། སྒོ་རྟ་བབས་སྤྱི་འགྲེ། དུར་ཁྲོད་ཀྱི་གཞི་ལྗང་ནག་ལ་གཏུམ་དྲག་སོགས་ཕྱོགས་ཀྱི་དུར་ཁྲོད་བཞི་ཤར་ནས་གཡོན་བསྐོར་དང་ཧ་ཧ་རྒོད་པ་སོགས་མཚམས་བཞི་དབང་ལྡན་ནས་བཟུང་གཡས་སུ་བསྐོར་བ་ལ། ཤིང་རི་ཥ་སོགས་ཤིང་བརྒྱད་ཁ་དོག་སྣ་ཚོགས་པ་གོ་


KMC001_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་དེ་ལྟར་གནས་པས་རྩ་བར་དབང་པོ་སོགས་ཕྱོགས་སྐྱོང་བརྒྱད་ཁ་དོག་དང་གནས་ལུགས་དུར་ཁྲོད་སྤྱིར་བཤད་པ་ལྟར། ཆུ་ཀླུང་བརྒྱད་དུ་ཀླུ་ནོར་རྒྱས་དཀར་འཇོག་པོ་དམར་སྟོབས་རྒྱུ་ལྗང་པདྨ་དང་པད་ཆེན་དཀར་ཧུ་ལུ་སྔོ་ལྗང་རིགས་ལྡན་དཀར་པོ་རྣམས་དང་དེ་དག་གི་སྟེང་གི་ནམ་མཁའ་ཀླུ་སོ་སོའི་ཁ་དོག་དང་མཐུན་པའི་སྒྲོགས་པ་སོགས་སྤྲིན་བརྒྱད་སོགས་ངེས་པ་དང་མ་ངེས་པའི་དུར་ཁྲོད་ཀྱི་བཀོད་པ་དང་། དེའི་ཕྱིར་རྡོར་ཕྲེང་གཞི་སྔོན་པོ་ལ་རྡོ་རྗེ་སེར་པོས་བསྐོར་བའོ། །གཉིས་པ་ཆོས་སྐུའི་དཀྱིལ་འཁོར་གྱི་ནང་ཚན་ལས་ནམ་མཁའི་འཁོར་ལོའི་འོག་གཞི་ལྗང་། འཁོར་ལོ་དང་ཀ་བ་སྔོན་པོ་མུ་ཁྱུད་ལ་པདྨ་དམར་པོའི་ཕྲེང་བ་རླུང་གི་འཁོར་ལོའི་འོག་གཞི་སེར། འཁོར་ལོ་དང་ཀ་བ་ལྗང་ཁུ་མུ་ཁྱུད་ལ་འཁོར་ལོ་སེར་པོའི་ཕྲེང་བ། སའི་འཁོར་ལོའི་འོག་གཞི་ཕྱོགས་མདོག །འཁོར་ལོ་དང་ཀ་བ་སེར་པོ་མུ་ཁྱུད་ལ་རལ་གྲི་དཀར་པོའི་ཕྲེང་བ། དེའི་ཕྱིའི་ལྷ་རྣམས་ཕྱོགས་མདོག །རྩིག་པ་ནང་ནས་སྔོ་དམར་དཀར་བ་གསུམ། སྒོ་རྟ་


KMC001_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

བབས་སྤྱི་འགྲོ། དུར་ཞོད་ཀྱི་གཞི་སྔ་མ་ལྟར་ལ་གསོད་བྱེད་ཕྱོགས་བཞི་གཡོན་དང་སྐྲག་བྱེད་སོགས་མཚམས་བཞི་གཡས་བསྐོར་གྱིས་གོ་ཡུ་ལ་སོགས་པའི་ཤིང་བརྒྱད་ཁ་དོག་སྣ་ཚོགས་པའི་རྩ་བར། དབང་མོ་སོགས་ཕྱོགས་སྐྱོང་མ་བརྒྱད་ཁ་དོག་དང་གནས་ཡུལ་ཕྱོགས་སྐྱོང་བཞིན་འཁོད་པ་དང་དེའི་ཕྱི་རྡོ་ཕྲེང་སྔ་མ་ལྟ་བུས་བསྐོར་བའོ། །གསུམ་པ་ལོངས་སྐུའི་དཀྱིལ་འཁོར་གྱི་ནང་ཚན་ལས་མེའི་འཁོར་ལོའི་འོག་གཞི་དཀར། འཁོར་ལོ་དང་ཀ་བ་དམར་པོ་མུ་ཁྱུད་ལ་སྣ། དུར་ཁྲོད་ཀྱི་བཀོད་པ། ཚོགས་རྡོ་རྗེའི་ཕྲེང་བ། ཆུའི་འཁོར་ལོའི་འོག་གཞི་ལྗང་། འཁོར་ལོ་དང་ཀ་བ་དཀར་པོ་མུ་ཁྱུད་ལ་ཐོད་སྐམ་གྱི་ཕྲེང་བ། ཡེ་ཤེས་འཁོར་ལོའི་འོག་གཞི་ཕྱོགས་མདོག ། འཁོར་ལོ་དང་ཀ་བ་ལྗང་ཁུ་མུ་ཁྱུད་ལ་མགོ་བོའི་ཕྲེང་བ། དེའི་ཕྱིའི་ལྷ་རྣམས་ཕྱོགས་མདོག །རྩིག་པ་ནང་ནས་སྔོ་སེར་དམར་ལྗང་བཞི། སྒོ་རྟ་བབས་སྤྱི་འགྲེ། དུར་ཁྲོད་ཀྱི་གཞི་སྔ་མ་ལྟར་ལ་བྱིས་པ་བསོད་སོགས་ཕྱོགས་བཞི་གཡོན་དང་དུ་བ་མུ་ནག་སོགས་མཚམས་


KMC001_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་གཡས་བསྐོར་གྱིས་ཙན་དན་སོགས་ཤིང་བརྒྱད་ཁ་དོག་སྣ་ཚོགས་པའི་རྩ་བར། གཟའ་བརྒྱད་ཉི་མ་དམར་སྐྱ། །ཟླ་བ་དམར་སེར། །མིག་དམར་དམར་ནག ལྷག་པ་སྔོ་ལྗང་། ཕུར་བུ་སེར་པོ་། པ་སངས་སྣ་ཚོགས་མདོག །སྤེན་པ་ནག །སྒྲ་གཅན་སྔོན་པོ། ཉི་མིག་སྒྲ་གཅན་གསུམ་གྱི་གདན་ས་དཀྱིལ་གྲུ་བཞི། ཟླ་ལྷག་གཉིས་ཆུ་དཀྱིལ་དཀར་པོ་ཟླུམ་པོ། ཕུར་བུ་མེ་དཀྱིལ་དམར་པོ་གྲུ་གསུམ། པ་སངས་རླུང་དཀྱིལ་ནག་པོ་ཟླ་གམ། སྤེན་པ་ནམ་མཁའི་དཀྱིལ་འཁོར་ཟླུམ་པོ་ལྗང་ཁུ། རལ་གྲི་སོགས་ཐུན་མོངས་ཀྱི་གྲུབ་ཐོབ་བརྒྱད་ནི་སྐུ་མདོག་མི་ཤ་ཁ་ལ་རང་རང་གི་དངོས་གྲུབ་ཀྱི་རྫས་འཛིན་པ་སྟེ་ཕྱོགས་བཞིས་ཕྱག་གཉིས་རིམ་པས་རལ་གྲི་མིག་སྨན་གྱིས་གང་བའི་སྣོད། རིལ་བུའི་སྣོད། རྐང་མགྱོགས་ཀྱི་རྫས་ཀྱིས་གང་བའི་སྣོད། དེ་བཞིན་མཚམས་བཞིར་གནས་པས་བཅུད་ལེན་གྱི་རྫས་ཀྱིས་གང་བའི་སྣོད། མཆིལ་ལྷམ་ཟུང་། གྲུབ་པའི་དངུལ་ཆུའི་སྣོད། ས་འོག་གི་གཏེར་གྲུབ་པའི་མཚན་མ་ནོར་བུ་འཛིན་པ་སོགས་


KMC001_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

དང་དུར་ཁྲོད་དུ་མཚོན་ཆའི་ཆར་འབབ་པའིབཀོད་པ་དེའི་ཕྱིར་རྡོར་ཕྲེང་སྔ་མ་བཞིན་ནོ། །བཞི་པ་སྤྲུལ་པའི་དཀྱིལ་འཁོར་གྱི་ནང་མཚན་ལས་ཐུགས་ཀྱི་འཁོར་ལོའི་ལོག་བཞི་དམར་འཁོར་ལོ་དང་ཀ་བ་ནག་པོ་མུ་ཁྱུད་ལ་ཀེང་རུས་ཀྱི་ཕྲེང་བ། གསུང་གི་འཁོར་ལོའི་ལོག་བཞི་བཀར། འཁོར་ལོ་དང་ཀ་བ་དམར་མུ་ཁྱུད་ལ་ཞགས་པ་དམར་པོའི་ཕྲེང་བ། སྐུའི་འཁོར་ལོའི་འོག་གཞི་ཕྱོགས་མདོག །འཁོར་ལོ་དང་ཀ་བ་དཀར་པོ་མུ་ཁྱུད་ལ་ལྕགས་ཀྱུ་སྔོན་པོའི་ཕྲེང་བ། འཁོར་ལོ་བཅུ་གཉིས་པོ་ཐམས་ཅད་ཀྱི་འཁོར་ལོ་གཉིས་རེའི་བར་དུ་ཀ་བ་བཅོ་བརྒྱད་འབྱུང་བ་ཐམས་ཅད་ལ་མཚུངས་ཤིང་། དེའི་ཕྱིའི་སྣམ་བུ་གྲུ་བཞི་ཕྱོགས་མདོག །རྩིག་པ་ནང་ནས་སྔོ་སེར་དམར་ལྗང་དཀར་བ་སྟེ་ལྔ་སྒྲགས། འདིའི་སྒོའི་ནང་ཁྱམས་སོགས་དཀྱིལ་འཁོར་ཐམས་ཅད་ཀྱི་ནང་གི་ས་གཞིའི་ཕྱོགས་མདོག ། ཤར་གྱི་ཕྱེད་གཡས་ནག་གཡོན་སྔོ། བྱང་ལྗང་། ནུབ་དམར་། ལྷོ་སེར། འདོད་སྣམ་ནས་བཟུང་རྟ་བབས་ལྔ་མཉམ་གསུམ་མཉམ་པདྨའི་རྭ་


KMC001_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བ་སོགས་སྤྱི་འགྲོ་བཞིན་ལ། །དུར་ཁྲོད་ཀྱི་གཞི་སྔ་མ་ལྟར་ལ་ཚིག་པ་སོགས་ཕྱོགས་གཡོན་དང་། འཇིགས་རུང་སོགས་མཚམས་གཡས་བསྐོར་དུ་སོ་སོའི་མིང་གི་ངེས་ཚིག་དང་མཚུངས་པར། རོའི་ཚོགས་ཚིག་པ་དང་མ་ཚིག་པ་དང་ལུས་དུམ་བུར་གྱུར་པ་དང་རིལ་པོ་དང་རོ་ལངས་གར་བྱེད་པའི་འཇིགས་རུང་དང་། ཅེ་སྤྱང་སོགས་ཀྱིས་སྒྲ་འབྱིན་པས་འཇིགས་བྱེད་དང་མིའི་གཟུགས་ཀྱི་བཤང་ལམ་ནས་སྤྱི་བོར་དུ་གསལ་ཤིང་གིས་ཕུགས་པ་དང་། ཤིང་གི་སྡོང་པོའི་སྟེང་ནས་ཐག་པས་བཏགས་ཏེ་འགགས་ནས་ཤི་བས་རོ་རྣམས་ཡོད་པ་ཡིན་ལ་ཤལ་མ་ཡི་སོགས་ཕྱོགས་བཞི་གཡོན་དང་། ཌོམྦྷ་རི་སོགས་མཚམས་བཞི་གཡས་སུ་བསྐོར་བས་ཤིང་ཁ་དོག་སྣ་ཚོགས་རྣལ་འབྱོར་མ་དང་དཔའ་མོ། རོ་མགོ་མེད་རྒྱུག་པ་སོགས་དུར་ཁྲོད་ཀྱི་བཀོད་པ་ཕྱི་མ་འདི་རྒྱས་ཤིང་ནང་མ་གསུམ་བསྡུས་པར་བྱ། རྒྱུ་སྐར་རྣམས་འགོད་པ་ན་ཤར་གྱི་ཕྱེད་གཡོན་ནས་ཕྱོགས་སུ་དྲུག་དང་མཚམས་སུ་རེ་རེ་གཡོན་བསྐོར་དུ་། །ཐ་སྐར་དཀར་མོ། བྲ་ཉེ་ལྗང་ཁུ།


KMC001_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་དྲུག་སྔོན་མོ། སྣར་མར་དམར་སྐྱ། མགོ་ནག་མོ། ལག་དང་ནབ་སོ་སེར་མོ། རྒྱལ་སྔོན་མོ། སྐག་དཀར་མོ། མཆུ་སེར་མོ། གྲེ་ལྗང་སེར། དབོ་ལྗང་ཁུ། མེ་བཞི་དཀར་མོ། ནག་པ་ལྗང་གུ། ས་རི་དམར་སེར། ས་ག་ནག་མོ། ལྷ་མཚམས་ལྗང་ཁུ། སྣྲོན་དག་སྣུབ་སེར། ཆུ་སྟོད་ནག་མོ། ཆུ་སྨདདཀར་མོ། གྲོ་བཞིན་དཀར་སེར། མོན་གྲེ་ནག་མོ། མོན་གྲུ་སེར་མོ། ཁྲུམས་སྟོད་ལྗང ་ཁུ། ཁྲུམས་སྨད་སེར། ནམ་གྲུ་དཀར་སེར། བྱི་བཞིན་སྔོན་མོ་བཅས་པ་དང་། གཞོན་པ་དམིགས་བསལ་དུས་འཁོར་དང་ཡོ་ག་གང་དུའང་མི་གསལ་ཡང་རྒྱུད་འདིའི་དགོངས་པ་ཁམས་དྲུག་གི་དཀྱིལ་འཁོར་རྒྱུ་སྐར་རང་རང་གི་ཁམས་དང་གང་མཐུན་གཟའི་རིགས་པས་སྦྱོར་དགོས་ཏེ། ལྷ་ལྗང་སྔོ་ལ་ནམ་མཁའ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྗང་སྔོ་ཟླུམ་པོ། ནག་པོ་ལ་རླུང་དཀྱིལ་ཟླ་གམ་ནག་པོ། དམར་པོ་ལ་མེ་དཀྱིལ་དམར་པོ་གྲུ་གསུམ། དཀར་པོ་ལ་ཆུ་དཀྱིལ་དཀར་པོ་ཟླུམ་པོ། སེར་པོ་ལ་ས་དཀྱིལ་སེར་པོ་གྲུ་བཞི་ལ་གནས་པའོ། །


KMC001_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་དང་རྒྱུ་སྐར་ལ་འབྱུང་བ་ལྔ་དང་དྲུག་གི་དཀྱིལ་འཁོར་ཉིད་ཞོན་པའི་ཐ་སྙད་དུ་རྒྱུད་འགྲེལ་འདིར་བཤད་པའི་དོན་ནི། དཀྱིལ་འཁོར་དེ་རྣམས་ལ་བརྟེན་ནས་གོ་ལའི་འཁོར་ལོ་ཉིན་མཚན་དུ་བགྲོད་པར་འགྱུར་བས་ཞོན་པའི་མིང་གིས་གསུངས་སོ། །ཡང་རྒྱུད་ལེའུ་བཅོ་ལྔ་པར། དུར་ཁྲོད་བརྒྱད་པོར་རྟག་ཏུ་ནི། །དམྱལ་སྲུང་ཆེན་པོ་བརྒྱད་རྣམས་སོ། །ཞེས་གསུངས་པ་སྒྲུབ་ཐབས་ངག་འདོན་དུ་མ་གསུངས་མོད་ཀྱང་འགོད་པར་སྤྲོ་ན་དུར་ཁྲོད་བརྒྱད་ཀྱི་དབུས་སུ་གཡོན་དང་གཡས་བསྐོར་ཀྱི་རིམ་པས་ཤར་དུ་གཤིན་རྗེ་ཡ་བ་ཏི། བྱང་དུ་གླང་མགོ་ཅན། ནུབ་ཏུ་ཏེལ་པ། ལྷོར་ཆོས་ཀྱི་རྒྱལ་པོ། མེར་མིག་དམར། བདེན་བྲལ་དུ་ཕྱ་སངས། རླུང་དུ་རྨིག་པ། དབང་ལྡན་དུ་རལ་པ་ཚང་དགུ་སྟེ་གཤིན་རྗེ་འདི་བརྒྱད་ཀ་སྐུ་མདོག་མིག་སྨན་གྱི་མདོག་ཤ་སྟག་སྟེ་ཚོན་སྤུངས་སོགས་བྱའོ། །དེའི་ཕྱིར་རྡོར་ཕྲེང་སྔ་མ་ལྟར། དེའི་ཕྱི་རོལ་འཁོར་ལོའི་རྭ་བ་དཀར། པདྨའི་རྭ་བ་དམར། རྡོ་རྗེའི་རྭ་བ་སྔོན་པོ་དང་གསུམ། མེ་རི་ཁ་དོག་ལྔ་འབར་བའི་


KMC001_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་བྱ། ལྷ་མཚན་ནི། དབུས་ཀྱི་པདྨའི་ལྟེ་བར་ཉི་གདན་ལ་རྡོ་རྗེ་སྔོན་པོ་དང་ཡུམ་གྱི་ཕྱག་མཚན་གྲི་གུག །འདབ་མ་ཉེར་བཞིར་རོ་གདན་རྐྱང་པར་ཕྱག་མཚན། རྡོ་རྗེ་རང་གི་ཀ་དོག་ཅན་ནམ་ཚོན་སྤུངས་བྱེད་ན་ཤར་གྱི་དྲུག་གཡས་ནག་གཡོན་སྔོ། བྱང་གི་དྲུག་གཡས་ལྗང་གཡོན་དམར། ནུབ་ཀྱི་དྲུག་གཡས་དམར་གཡོན་སེར། ལྷོ་ཡི་དྲུག་གཡས་སེར་གཡོན་ནག །དེ་རྣམས་ཀྱི་བར་བར་དུ་བུམ་པ་ཐོད་པ་དང་བཅས་པ་ཉེར་བཞི། འཁོར་ལོ་བཅུ་གཉིས་ཀྱི་རྩིབས་རྣམས་སུ་རོ་གདན་ལ་གྲི་གུག་གམ་ཚོན་སྤུངས་བྱེད་ན་འཁོར་ལོ་སོ་སོའི་མདོག་ཅན་སོ་དྲུག་རེ། བསྐལ་བཟང་གི་སྣམ་བུ་བཞིར་ཟླ་གདན་ལ་བྱང་སེམས་ཉིས་བརྒྱ་ཞེ་དགུ་རེ་སྟེ་ཕྱོགས་གསུམ་ལ་དྲུག་ཅུ་རེ་གཉིས་དང་གཅིག་ལ་རེ་གསུམ་བཅས་པ་རྣམས་ཆོས་འཆད་ཀྱི་ཕྱག་རྒྱའི་ཚོན་སྤུངས་ཕྱོགས་མདོག །དཀྱིལ་འཁོར་བཞི་ཀའི་སྒོ་མཚམས་མ་བརྒྱད། རོ་གདན་རྐྱང་པར་གྲི་གུག་གམ་ཚོན་སྤུངས་ན་སྒོ་མ་བཞི་ཕྱོགས་མདོག །མཚམས་མ་མཞི་ཕྱེད་མདོག་སྟེ།


KMC001_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་མེར་གཡས་སྔོ་གཡོན་སེར་ལྟ་བུ་འདོད་སྣམ་ལ་རིག་མ་བཅུ་དྲུག་གིས་མཆོད་རྫས་སྟོབས་ཅིང་འཁོད་པའི་མཚན་མ་བཅས་འགོད། སྡོམ་ན་འཁོར་ལོ་བཅུ་གཉིས་བྱང་སེམས་སྟོང་དུ་བཞིས་མ་ཚང་བ། དུར་ཁྲོད་སོ་གཉིས། དཀྱིལ་འཁོར་ནང་མ་གསུམ་ཟླུམ་པོ། ཕྱི་མ་གྲུ་བཞི་སྟེ་ཐམས་ཅད་ཀྱང་རྟ་བབས་ཀྱིས་བརྒྱན་པ། དུར་ཁྲོད་དང་པོར་ཕྱོགས་སྐྱོང་དང་ཀླུ་བརྒྱད། གཉིས་པར་ཕྱོགས་སྐྱོང་མ་བརྒྱད། གསུམ་པར་གཟའ་བརྒྱད། བཞི་པར་རྒྱུ་སྐར་ཉེར་བརྒྱད་དམྱལ་བསྲུང་བརྒྱད་དགོད་པ་རྒྱུད་འདིའི་དངོས་བསྟན་བཞིན་བྱ་དགོས་ཀྱི་ཐམས་ཅད་བསྲེ་བར་མི་བྱའོ། ༈ །རྗེ་དུས་གསུམ་མཁྱེན་པའི་ཐུགས་དམ་ལྔ་ཚན་ལྔའི་ནང་ཚན་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་གྱི་ཐིག་ནི། བཅུ་དྲུག་ཐིག་ནི་གདབ་བྱས་སམ། །ཡང་ན་མན་ངག་ཐིག་ཅེས་སུ། །གྲགས་པའི་གདབ་ཚུལ་འདི་ལྟ་སྟེ། །ཐིག་ཆེན་བརྒྱད་དང་གྲུ་བཞིར་གདབ། །ཤར་དང་ནུབ་བྱང་ཚངས་ཟུར་གཉིས། །སྤྲད་ལ་ཐིག་གདབ་བྱང་ཤར་གྱི། །ཐིག་དང་འཕྲད་མཚམས་


KMC001_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ལོགས་སུ། །ཆ་གཉིས་ཕྱི་མ་ཆ་བཞིར་འགྱུར། །དེ་གཉིས་གོ་ལྡོག་མཚན་མ་བྱ། །ཕྱི་མ་གཉིས་བགོས་སྒོ་ཚད་རེ། །དེའང་ནང་མ་དབུས་དོར་ཞིང་། །མཐའ་གཉིས་གདབ་ལ་ཕྱི་མ་ནི། ཕྱེད་གདབ་ཕྱེ་ཕྱེད་གདབ་པའོ། །སྒོ་དང་སྒོ་ཁྱུད་ཆ་ཆེན་རེ། །སྒོ་འགྲམ་སྒོ་ལོགས་གཉིས་གཉིས་དང་། །ཤར་བུའི་ཐད་དུ་ཡ་ཕུབས་ལ། །ཆ་ཆུང་བརྒྱད་དེ་རྩིག་རྒྱུན་གྱི། །ཆ་ཕྲན་གཅིག་གིས་བསྐོར་བར་བྱ། །མུན་འཁོར་ཀ་བ་ཀ་རྒྱན་ཀྱང་། །ཞེངས་སུ་ཆ་ཕྲན་རེ་རེ་དང་། །སྲིད་དུ་ཆ་ཕྲན་ལྔ་རེ་བྱ། །རྟ་བབས་ཕྱིིར་དུ་ཀ་བའི་རྩེར། །ཆ་ཆེན་བཞི་ལ་གཞལ་ལ་ཆ་ཆེན་གསུམ་ཆ་མཉམ་བརྒྱད་དུ་བགོ །དེ་ཡི་འོག་ནས་ཡར་བགྲངས་པའི། །གསུམ་པ་བདུན་པའི་ཕྱི་མཐའ་དང་། །ལྔ་པའི་ནང་མཐར་སུམ་ཆ་བཅད། །ཤར་དུ་རིན་ཆེན་རྟ་རྨིག་གསེར། །ཆུ་སྲིན་གསེར་དང་རྨིག་པ་དང་། །རིན་ཆེན་རྨིག་པ་གསེར་མདའ་ཡབ། །དེ་དག་རྣམས་ཀྱི་གཡས་གཡོན་ན། །ཚངས་ཐིག་ལས་ནི་ཆ་ཆུང་བརྒྱད། །སྣམ་བུ་འོག་མའི་ཚད་དུ་བྱ། །གཉིས་དང་གསུམ་


KMC001_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

བཞིར་ཆ་ཆུང་དགུ། །ལྔ་པ་དྲུག་པ་ཆ་ཆུང་བརྒྱད། །བདུན་པ་བརྒྱད་པ་དགུ་ལ་བཅུ། །གཡས་གཡོན་ཆ་ཆུང་བདུན་རེ་ཏེ། །བཅུ་གཅིག་པ་ལ་ལྔ་རེ་བྱ། །དེ་ནས་གྷུ རྞ་ཧ་རིའི་ཚད། སྣམ་བུ་དང་པོར་ཚངས་ལས་ནི། །ཆ་ཆུང་ཕྱེད་དང་དྲུག་དོར་བཅད། །གཉིས་པ་གསུམ་པ་དྲུག་ནས་བཅད། །བཞི་པའི་ཆ་ཆུང་བཞི་དོར་ཞིང་། །ལྔ་པ་ཆ་ཆུང་ཕྱེད་བཞི་དང་། །དྲུག་པ་ཆ་ཆུང་གསུམ་དོར་ཞིང་། །དེ་ནས་གཡས་གཡོན་ཐད་དཀར་སྤྲེལ། །གླང་རྒྱབ་བྱ་ཚུལ་ལུགས་གཅིག་ནི། །རྟ་བབས་བཞི་མན་སྔར་ལྟར་ལ། །ལྔ་པའི་འོག་ནས་ཕྱེད་བཞི་དང་། ལྔ་སྟེང་ཕྱེད་ལྔ་བར་དུ་གསེགས། །རྒུག་པར་གསུམ་རེ་དོར་བ་ནས། །བདུན་པའི་སྟེང་ལོགས་གཡས་གཡོན་དུ། །ཆ་ཆུང་རེ་རེའི་མཚམས་སུ་བསྐུམ། །སྟེང་ལོགས་སྒོ་ཁྱིམ་དབྱིབས་སུ་བྱ། །དེ་སྟེང་ཆ་ཆེན་དབུས་རྭའི་དཔངས། །རྭ་ཙའང་ཞེངས་སུ་ཆ་ཆེན་དང་། །རྩེ་མོ་ཆ་ཕྲན་གཉིས་ཡིན་ཏེ། །ཆ་ཕྲན་ཕྱི་མ་གསེགས་ཏེ་བཅད། །དེ་ནི་གཟུགས་ཀྱི་ས་བཅད་དང་། །ལོགས་ནས་ཆ་གཅིག་པདྨ་བྲི། །བར་


KMC001_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཆ་གཉིས་འཁོར་ལོའོ། །སྣམ་བུ་ལྔ་སྟེང་གཡས་གཡོན་དུ། །ཆ་ཕྲན་གཉིས་དོར་དེར་བཟུང་བས། །མདའ་ཐིག་བརྒྱན་འཕྲད་མཚམས་ནས། །བསྐོར་བ་རྡོ་རྭའི་ནང་ལོགས་དང་། །ཚད་དེའི་ལྔ་སྟེང་གཡས་གཡོན་དུ། །ཆ་ཕྲན་ལྔ་དོར་མཚམས་སུ་བཟུང་། །བསྐོར་བས་རྡོ་རྭའི་ཕྱི་ངོས་འབྱུང་། །རྭ་རྩེའི་ཕྱི་ནས་ཆ་ཕྲན་ནི། །གཉིས་གཉིས་བསྐོར་བ་པདྨ་དང་། རྡོ་རྗེའི་ཕྲེང་བ་དེའི་ཕྱི་ནས། །ཆ་ཆེན་རེ་རེ་མེ་རི་དང་། ། དུར་ཁྲོད་ཀྱི་ནི་ས་གཞིའོ། །དཀྱིལ་འཁོར་དབུས་ཀྱི་པདྨ་ནི། །ཆ་ཆེན་གཅིག་གི་ལྟེ་བ་དང་། །དེ་ཕྱིར་གེ་སར་ཆ་ཕྲན་གཅིག །འདབ་མ་ལ་ནི་ཆ་ཆེན་གཉིས། །དེ་ཡི་མུ་ཁྱུད་ཆ་ཕྲན་གཅིག །སྒོ་ཁྱམས་ཆ་ཕྲན་གཉིས་ལྷག་འཁྱུར། །དེ་ལྟར་ཐིག་ནི་ལེགས་བཏབ་བོ། །ཚོན་ནི། དབུས་ཀྱི་པདྨའི་ལྟེ་བ་ལྗང་། གེ་སར་སེར། འདབ་བརྒྱད་ཀྱི་ཕྱོགས་བཞི་དམར། མེ་རླུང་སེར། བདེན་བྲལ་ལྗང་། དབང་ལྡན་སྔོ། མུ་ཁྱུད་བཞི་སྔོན་པོར་གྲི་གུག་སྔོན་པོའི་ཕྲེང་བ། ནང་ཁྱམས་ཀྱི་ཤར་དཀར་སྔོ་གང་རུང་། བྱང་ལྗང་། ནུབ་


KMC001_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

དམར། ལྷོ་སེར། རྩིག་པ་ནང་ནས་ནག་ལྗང་དམར་སེར་དཀར་བ་སྟེ་ལྔ་སྦྲགས་པ། འདོད་སྣམ་ནས་བཟུང་དུར་ཁྲོད་ཀྱི་བར་དཀྱིལ་འཁོར་སྤྱིར་བཤད་པ་ལྟར་ལ་ལྷ་མཚན་ནི། ལྟེ་བར་ཉི་གདན་ལ་རྡོ་རྗེ་སྔོན་པོ་དང་ཡུམ་གྱི་གྲི་གུག་ཕྱོགས་ཀྱི་འདབ་མ་ལ་གྲི་གུག །མཚམས་སུ་བུམ་པའི་སྟེང་དུ་ཐོད་པ་བདུད་རྩིས་གང་བ་རེ། སྒོའི་ནང་ཁྱམས་ཀྱི་གཡས་གཡོན་ལ་བུམ་པ་གཉིས་གཉིས་འགོད་པ་སློབ་དཔོན་ད་ན་རཀྵི་ཏ་སོགས་བཤད། གང་སྣམས་ལ་མཆོད་ལྷ་སོགས་སྔ་མ་ལྟར་རོ། ༈ །བདེ་མཆོག་ལུ་ཧི་པ་ལ་ནི། །ནང་གི་ཆ་ཆེན་བཞི་པོ་དེ། །ཆ་ཕྲན་ཉི་ཤུར་བགོས་བྱས་ལ། །ལྟེ་བར་ཆ་གཉིས་གེ་སར་གཅིག །ཆ་ཕྲན་གསུམ་གྱི་འདབ་མ་དང་། །གསུམ་གསུམ་གྱིས་ནི་འཁོར་ལོ་གསུམ། །སོ་སོའི་མུ་ཁྱུད་ཆ་རེ་ཏེ། །ཁྱམས་ལ་ཆ་གཅིག་འབྱུང་བ་ཡིན། །གཞན་རྣམས་ལྷ་ལྔ་ཇི་བཞིན་ནོ། ༈ །ཚོན་ནི། དབུས་ཀྱི་པདྨའི་ལྟེ་བ་ལྗང་། གེ་སར་སེར། འདབ་བརྒྱད་ཕྱོགས་བཞི་དམར། མེ་རླུང་སེར། བདེན་བྲལ་ལྗང་། དབང་ལྡན་སྔོ།


KMC001_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཁྱུད་གཞི་སྔོན་པོ་གྲི་གུག་གི་ཕྲེང་བ། ཐུགས་ཀྱི་འཁོར་ལོ་སྔོན་པོ་འདིར་འཁོར་ལོ་སྔོན་པོ་ཞེས་པའི་སྐབས་སུ་རྩིབས་མུ་ཁྱུད་དང་བཅས་པ་ཚང་མ་སྔོན་པོ་བྱ་དགོས་ཀྱི་དེ་བཞིན་དུ་འཁོར་ལོ་གཞན་ལའང་མཚུངས་པར་ཤེས་དགོས་སོ། །མཆན། མུ་ཁྱུད་ལ་རྡོ་རྗེ་སྔོན་པོའི་ཕྲེང་བ། དེའི་འོག་གཞི་དམར་པོ་སྟེ། གསུང་གི་འཁོར་ལོའི་ལྟེ་བ་ཡིན་པའི་ཕྱིར། གསུང་གི་འཁོར་ལོ་དམར་པོ་མུ་ཁྱུད་ལ་པདྨ་དམར་པོའི་ཕྲེང་བ། དེའི་འོག་གཞི་ནི། འདིར་གྲུབ་ཆེན་དཱ་རི་ཀ་པ་ནི་འཁོར་ལོ་རྣམས་ཀྱི་འོག་གཞི་ལྗང་ཁུ་དང་དཀར་པོ་དང་དམར་པོ་རྣམས་སུ་རིམ་པས་བཞེད་དོ། །མཆན། དཀར་པོ་སྟེ་སྐུ་འཁོར་ཕྱི་ལྟེ་བ་ཡིན་པའི་ཕྱིར། སྐུའི་འཁོར་ལོ་དཀར་པོ་ལ་མུ་ཁྱུད་ལ་འཁོར་ལོ་དཀར་པོའི་ཕྲེང་བ། དེའི་འོག་གཞི་ཕྱོགས་མདོག་སྟེ་ཁྱམས་ཀྱི་སྟེང་དུ་གནས་པའི་ཕྱིར། ནང་ཁྱམས་ཀྱི་ཤར་དཀར་སྔོ་གང་རུང་། ལྷོ་སེར། ནུབ་དམར། བྱང་ལྗང་། རྩིག་པ་ནང་ནས་རིམ་བཞིན་ནག་ལྗང་དམར་སེར་དཀར་བ་སྟེ་ལྔ་སྦྲགས། འདོད་སྣམས་ནས་དུར་ཁྲོད་ཀྱི་བར་དཀྱིལ་འཁོར་སྤྱིར་བཤད་པ་ལྟར་ལྷ་མཚན་ནི་དབུས་སུ་ཉི་གདན་ལ་རྡོ་རྗེ་སྔོན་པོ་


KMC001_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་ལྔ་པ་འདབ་བརྒྱད་ཀྱི་ཕྱོགས་བཞིར་གྲི་གུག །མཚམས་བཞིར་བཞི་མཉམ་གཤང་བ་རྣམ་པར་དག་པ་སེར་པོ། གླ་རྩི་གཅི་བ་རྣམ་པར་དག་པ་སྔོན་པོ། ག་བུར་ཁུ་བ་རྣམཔར་དག་པ་དཀར་པོ། །སིཧླ་དམར་ཆ་རཀྟ་རྣམ་པར་དག་པ་དམར་པོ་རྣམས་ཀྱིས་སོ་སོར་གང་བའི་ཐོད་པ་རྐྱང་པའམ་བུམ་པ་དང་བཅས་པ་འཁོར་ལོའི་རྩིབས་རྣམས་ལ་ཟླ་བ་ལ་གྲི་གུག་ཁོ་ན་དང་། སྒོ་མཚམས་སུ་རོ་གདན་རྐྱང་པ་ལ་གྲི་གུག །ནང་ཁྱམས་ཀྱི་ཕྱོགས་སུ་བུམ་པ་གཉིས་གཉིས་ཏེ་བརྒྱད་འདྲི་བ་སློབ་དཔོན་བི་བྷཱུ་ཏི་སོགས་བཞེད་པ་ལྟར། གང་སྣམས་ལ་མཆོད་ལྷ་ཕྱོགས་སུ་བཞི་བཞི་སྟེ་བཅུ་དྲུག་གི་མཚན་མ་ས་བོན་སོགས་གང་རུང་འགོད་པར་བྱའོ། ༈ །སློབ་དཔོན་ནག་པོ་པའི་ལུགས་ཀྱི། །འཁོར་ལོ་བསྡོམས་པའི་དཀྱིལ་འཁོར་ཐིག །ཕྱི་ནང་ཀུན་ཀྱང་ལུ་ཧི་པ། །ཇི་ལྟ་བ་བཞིན་གདབ་དགོས་སོ། ༈ །མཚོན་འདེབས་ནི། དབུས་ཀྱི་པདྨའི་ལྟེ་བ་ནག །གེ་སར་སེར། འདབ་བརྒྱད་ཀྱི་ཤར་སྔོ། བྱང་ལྗང་། ནུབ་དམར། ལྷོ་སེར། མཚམས་དེ་ཉིད་སྤེལ་མའམ་ལྗང་ཁུ་བྱ་བ་སྟོང་འགྲེལ་


KMC001_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གསུངས་པ་ལྟར་དང་། མུ་ཁྱུད་གཞི་སྔོན་པོ་ལ་གྲི་གུག་གི་ཕྲེང་བ། གཞན་ཐུགས་གསུང་སྐུའི་འཁོར་ལོ་གསུམ་ནས་བཟུང་དུར་ཁྲོད་ཀྱི་བར་ཐམས་ཅད་ལཱུ་ཧི་པའི་ལུགས་བཞིན་ལ་ལྷ་མཚན་ནི་། དབུས་སུ་ཉི་གདན་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་འདབ་བརྒྱད་ཀྱི་ཕྱོགས་བཞིར་གྲི་གུག །མཚམས་བཞིར་རྫས་ཀྱིས་གང་བའི་ཐོད་པ་རྐྱང་པའམ་བུམ་པ་དང་བཅས་པ། ཐུགས་ཀྱི་འཁོར་ལོའི་རྩིབས་བརྒྱད་ལ་རྡོ་རྗེ་སྔོན་པོ་རེ་དང་། དེ་བཞིན་དུ་གསུང་འཁོར་གྱི་རྩིབས་ལ་པདྨ་དམར་པོ་སྐུ་འཁོར་གྱི་རྩིབས་ལ་འཁོར་ལོ་དཀར་པོ་རེ། སྒོ་མཚམས་སུ་རོ་གདན་རྐྱང་པ་ལ་གྲི་གུག་དང་གྲྭ་བཞིའི་གཡས་གཡོན་དུ་བུམ་པ་རེ་ལྟེ་བརྒྱད ། གང་སྣམས་ལ་མཆོད་ལྷ་དང་བཅས་པ་སྔ་མ་བཞིན་ནོ། ༈ །རྡོ་རྗེ་ཕག་མོའི་དཀྱིལ་འཁོར་ནི། ཚངས་ཟུང་བརྒྱད་པོ་ལེགས་བཏབ་སྟེ། །ཇི་ལྟར་མཚམས་པའི་ཟླུམ་པོ་བསྐོར། །དབུས་ནས་ཟླུམ་པོའི་བར་ཆད་དེ། །ཤར་གྱི་ཚངས་ཟླུམ་འཕྲད་སར་བཟུང་། །ལྷོ་བྱང་གཉིས་སུ་མཚན་མ་བྱ། །དེ་སྟེང་གདན་


KMC001_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཆོས་འབྱུང་གདབ། །ནུབ་ཀྱི་ཚངས་ཟླུམ་འཕྲད་ས་ནས། །སྔར་ལྟར་གཞལ་ཏེ་ཁང་ཐབས་གདབ། །དབུས་ནས་ངོས་ཆེན་ལ་རེག་བར། །ཆ་ཆེན་གསུམ་སྟེ་ཆ་ཆུང་ནི། །བཅུ་གཉིས་འབྱུང་ཞིང་ལྟེ་བ་ནས། །བཞི་བདུན་མཚམས་སུ་ཟླུམ་པོ་བསྐོར། །སླར་ཡང་ཟླུམ་བསྐོར་གཉིས་ཀའི་ནང་། །ཆ་ཕྲན་རེ་རེས་བསྐོར་བ་ནི། །ནང་ནས་རིམ་བཞིན་ཟེའུ་འབྲུ་དང་། །གེ་སར་འདབ་མ་མུ་ཁྱུད་ཡིན། །ཁང་ཐབས་བདན་ཐབས་གཉིས་ཀ་ལ། །ནང་ནས་ཆ་ཕྲན་རེ་རེ་གདབ། །གྲུ་གསུམ་རྩེ་ནས་ཆ་ཕྲན་ནི། །གཉིས་དང་གཅིག་དང་བཞིས་བསྐོར་བ། །ཐོད་ཕྲེང་རྡོ་རྭ་མེ་རིའོ། ༈ །ཚོན་ནི། །ཐོག་མར་ཁང་ཐབས་ཀྱི་ཆོས་འབྱུང་གི་རེ་ཁ་གཡོན་བསྐོར་དུ་འདྲི་ཞིང་། དེ་ནས་གཞན་རྣམས་ཀྱང་རིམ་པས་འདྲི་ལ། ཆོས་འབྱུང་གི་རེ་ཁ་དཀར་ནང་གཞི་དམར་པོ། པདྨའི་ལྟེ་བར་མར་གེ་སར་དམར་སེར། འདབ་མ་བཞིའི་ཤར་སྔོ། བྱང་ལྗང་། ནུབ་དམར། ལྷོ་སེར་བ་སྟེ་ཕྱོགས་མདོག །གོང་རས་མཛེས་ཚོན། མུ་ཁྱུད་དང་ཁྱམས་ལྗང་ཁུ། །ཕྱི་རོལ་


KMC001_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ནག་པོར་ཐོད་ཕྲེང་དཀར་པོ་ཁ་གཡོན་དུ་ལྟ་བ། རྡོ་ར་གཞི་ཕྱོགས་ཚོན་ལ་རྡོ་རྗེ་སེར་པོའི་ཕྲེང་བ། མེ་རི་སྤྱི་མཐུན། ཟུར་བཞིར་རྡོ་རྗེ་ཕྱེད་པ་སེར་པོ་རེ། ལྷ་མཚན་ནི་དབུས་སུ་པདྨའི་ལྟེ་བར་ཉི་གདན་ལ་གྲི་གུག་སོ་སྔོན་པོ་ཡུ་བ་རྡོ་རྗེ་ཕྱེད་པ་སེར་པོ། འདབ་བཞིའི་ཤར་དུ་རྡོ་རྗེ་སྔོན་པོ། བྱང་དུ་རལ་གྲི་ལྗང་ཁུ། ནུབ་ཏུ་པདྨ་དམར་པོ། ལྷོར་རིན་པོ་ཆེ་སེར་པོ་སྟེ་ཕྱག་མཚན་ལྔ་འདྲི། །ཕྱག་མཚན་སོ་སོའི་ལྟེ་བར་མེ་ཏོག་དམར་པོའམ་འབྲུ་ལི་ཁྲི་རྒྱ་སྐྱེགས་སོགས་ཀྱིས་ཁ་བསྒྱུར་བས་ཚོམ་བུ་རེ་ཡང་དགོད། ཆོས་འབྱུང་གི་ཁུག་དྲུག་ཏུ་སྭསྟི་ཀའམ་དགའ་འཁྱིལ་དཀར་པོ་གཡོན་དུ་འཁོར་བ་རེ་འདྲི་སྟེ་གོ་ཆའི་དཔའ་མོ་དྲུག་སྐུ་སྦས་པའི་རྣམ་པ་ཅན་ནོ། ༈ །རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་ནི། །སྤྱི་དང་མཚུངས་ཤིང་དབུས་ནས་ནི། །ཆ་ཕྲན་བཞི་གཅིག་དགུ་གཉིས་རྣམས། །བསྐོར་བས་སྣ་ཚོགས་པདྨ་སྟེ། །དཀྱིལ་འཁོར་པྱི་རོལ་འཁོར་ལོ་ནི། །ཆ་ཆུང་གཅིག་བཞི་གཅིག་དང་བཞིས། །བསྐོར་བ་པདྨ་དུར་ཁྲོད་དང་། །རྡོ་རྭ་


KMC001_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

མེ་རིའོ་རྟ་བབས་ནི། །ཀ་བའི་རྩེ་མོར་སྒོ་ཚད་གསུམ། །ཆ་མཉམ་བཅུ་གཉིས་བགོས་བྱས་ལ། །མས་ནས་ཕ་གུ་དྲྭ་ཕྱེད་དང་། །ཟེའུ་ཁ་གསུམ་ཚན་བཞི་ཡིན་ནོ། །གོང་མ་གསུམ་ནས་རེ་རེ་འཕྲི། དྲྭ་ཕྱེད་བཞི་ནས་སླར་ཡང་འཕྲི། །སྣམ་བུ་ལྔ་སྟེང་ནས་བཞིས་བསྐོར། །གཡས་གཡོན་གཉིས་སྟེང་གསུམ་བསྐོར་བ། །གླང་རྒྱབ་དེ་ནང་ཆ་ཕྱེད་བསྐོར། །དྲུག་དཀྱིལ་ཚངས་ནས་གསུམ་འདུས་པར། །བཟུང་བག་རྒྱན་རྩེར་བསྐོར་ཞིང་། །བདུན་དཀྱིལ་ཚངས་ནས་དྲུག་འདུས་པར། །སྔ་མའི་ཚད་བསྐོར་རྡོ་རྭའོ། །ཚོན་ནི། དབུས་ཀྱི་པདྨའི་ལྟེ་བ་ལྗང་། གེ་སར་སེར། འདབ་བརྒྱད་ཀྱི་ཕྱོགས་བཞི་དམར། ཤར་ལྷོ་སྔོ། ལྷོ་ནུབ་སེར། ནུབ་བྱང་དམར ། བྱང་ཤར་ལྗང་། མུ་ཁྱུད་སྔོན་པོ། སྒོའི་ནང་ཁྱམས་ཀྱི་ཕྱོགས་མཚོན་ཤར་དཀར། ལྷོ་སྔོ། ནུབ་དམར། བྱང་སེར། རྩིག་པ་ནང་ནས་དམར་སྔོ་སེར་དཀར་ལྗང་ཁུ་ཏེ་ལྔ་སྦྲགས། འདོད་སྣམ་ནས་བཟུང་དུར་ཁྲོད་ཀྱི་བར་སྤྱི་འགྲེལ་རྡོ་རྭ་གཞི་སྔོན་པོར་རྡོ་རྗེ་སེར་པོའི་ཕྲེང་བ། མེ་རི་སྤྱི་མཐུན་ལྟར་


KMC001_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ལྷ་མཚན་ནི། དབུས་དང་ཕྱོགས་བཞིར་པད་ཉིའི་སྟེང་དུ་ཡི་གེ་ཧྲཱིཿརེ་དང་། མཚམས་བཞིའི་ཤར་ལྷོར་ཧ། ལྷོ་ནུབ་ཏུ་རི། ནུབ་བྱང་དུ་ནི། བྱང་ཤར་དུ་ས་རྣམས་དང་། འདོད་སྣམ་ལ་འདོད་ཡོན་ལྔའི་ལྷ་མོས་མཆོད་པ་དང་བཅས་པའོ། ༈ །རྔོག་དཀྱིལ་རྣམས་ཀྱི་ཐིག་རྩ་ནི། །གུར་ལ་དབུས་ནས་ཆ་ཆེན་གསུམ། །ཟླུམ་པོར་བསྐོར་ཞིང་དེ་ནང་ནས། །ཆ་ཕྲན་གཅིག་བསྐོར་གདུང་ཟླུམ་མོ། །དེའི་ཚངས་ལས་ཕྱོགས་བཞི་དཀར། །ཆ་ཆེན་རེ་དང་ཆ་ཕྲན་རེ། །གདབ་པས་གདུང་བཞི་རེའུ་མིག །དགུ་ལྡན་འབྱུང་ཞིང་གདུང་ཟླུམ་ཕྱིར། །སྒོ་ཚད་གཅིག་ནི་ཁྱམས་ཡིན་ནོ། །ཆ་ཆེན་ལྔ་པ་དྲུག་པ་གཉིས། །རྩིག་པ་ནས་བཟུང་མདའ་ཡབ་བར། །བདུན་པ་རྟ་བབས་བཞི་པའི་གནས། །བརྒྱད་པ་པདྨ་ཆོས་འཁོར་གདུག རྭ་རྩེ འོ་དེ་ཕྱིར་ཆ་ཕྲན་ནི། །གཅིག་གསུམ་གཉིས་གཉིས་ཀྱིས་བསྐོར་བས། །པད་རྭ་དུར་ཁྲོད་རྡོ་རྭ་དང་། །མེ་རི་བཅས་ཀྱི་གནས་ཡིན་ནོ། ༈ །ཚོན་ནི། དབུས་ཀྱི་ལེའུ་ཚེའི་འོག་གཞི་སྔོན་པོ། ཤར་


KMC001_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

དཀར། བྱང་ལྗང་། ནུབ་དམར། ལྷོ་སེར། པདྨ་ལྔའི་ལྟེ་བ་ལྗང་། ཟེའུ་འབྲུ་སྣ་ཚོགས། འདབ་བརྒྱད་དམར་པོ། ཟླ་གམ་ལ་སོགས་པའི་རེ་ཁཱ་ཇི་ལྟར་མཛེས་པ། ལྷ་སྣམ་རྣམས་ཕྱོགས་མདོག་གི་སྟེང་དུ་ལོགས་རེ་རེར་བུམ་པ་གཉིས་གཉིས་རེ་བརྒྱད། གདུང་ཟླུམ་སྔོན་པོ་ལ་རྡོ་རྗེ་སེར་པོའི་ཕྲེང་བ། ཀ་བ་བརྒྱད་དང་ནང་གི་གདུང་གྲུ་བཞི་འོག་གཞི་ལས་ཁྱད་པར་དུ་གྱུར་པའི་མཐིང་ག་ལ་སོགས་པ་ཕྱོགས་ཀྱི་མདོག་ཅན་ལ་གཙོ་བོ་རང་གི་ཕྱག་མཚན་གྱིས་སྤྲས་པ། འདོད་སྣམ་ནས་བཟུང་མེ་རིའི་བར་དགྱེས་རྡོར་ཇི་ལྟ་བ་ལ། ལྷ་མཚན་ནི། རྒྱུད་འདི་ཉིད་ལས། །བསེ་ཁ་སྒོ་ནི་དབང་ལྡན་འདྲི། །ཞེས་པ་ནས། དབུས་སུ་ཐོད་པ་དཀར་པོ་ནི། །སྣ་ཚོགས་རྡོ་རྗེས་མཚན་པ་འཕྲི། །ཞེས་པའི་བར་གྱི་ཕྱག་མཚན་གསུངས་པའི་རིགས་འགྲེ། གཙོ་བོའི་པདྨའི་འདབ་མར་ཤར་དུ་ལྕགས་ཀྱུ་དཀར་པོ། ལྷོར་རྡོ་རྗེས་མཚན་པའི་ཞགས་པ་སེར་པོ། ནུབ་ཏུ་རྡོ་རྗེས་མཚན་པའི་ལྕགས་སྒྲོག་དམར་པོ། བྱང་དུ་རྡོ་རྗེས་མཚན་པའི་དྲིལ་བུ་ལྗང་ཁུ། དབང་


KMC001_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་དུ་རི་རབ་སྔོན་པོ། མེར་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་དཀར་པོ། བདེན་བྲལ་དུ་མེ་ཐབ་གྲུ་གསུམ་སྔོན་པོ། རླུང་དུ་རྒྱལ་མཚན་ལྗང་ཁུ། ཤར་སྒོར་ལྕགས་ཀྱུ་དཀར་པོ། ལྷོ་སྒོར་ཞགས་པ་སེར་པོ། ནུབ་སྒོར་ལྕགས་སྒྲོག་དམར་པོ། བྱང་སྒོར་དྲིལ་བུ་ལྗང་ཁུ། ཤར་གྱི་པདྨའི་ལྟེ་བར་ཐོད་པ་འཁོར་ལོ་དཀར་པོས་མཚན་པ། འདབ་བརྒྱད་ལ་ཕྱོགས་བཞིར་རྣམ་པ་དཀར་པོ། ཞགས་པ་སེར་པོ། ཉ་རྒྱ་དམར་པོ། ལྕགས་ཀྱུ་ལྗང་ཁུ་རྣམས་དང་། དབང་ལྡན་སོགས་མཚམས་བཞིར་མེ་ཏོག་དཀར་པོ། བདུག་སྤོས་ཀྱི་སྣོད་དུ་བའི་མདོག །མར་མེ་སེར་པོ། དྲིའི་དུང་ཆོས་ལྗང་ཁུ། ལྷོའི་པདྨའི་དབུས་སུ་ཐོད་པ་རིན་པོ་ཆེ་སེར་པོས་མཚན་པ། ཕྱོགས་མཚམས་ཀྱི་འདབ་མ་རྣམས་སུ་སྔ་མ་ལྟར། ཉི་མའི་དཀྱིལ་འཁོར་དམར་པོའམ་དཀར་མདངས་ཅན། མར་མེའི་སྣོད་སེར་པོ། རིན་པོ་ཆེ་དམར་པོ། གློག་ལྗང་ཁུ། རྡོ་རྗེ་དཀར་པོ། ཕྲེང་བ་སེར་པོ། ཏིང་ཤགས་དམར་པོ། རྡོ་རྗེ་ལྗང་ཁུ། ནུབ་ཀྱི་པདྨའི་ལྟེ་བར་ཐོད་པ་


KMC001_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོས་མཚན་པ། ཕྱོགས་མཚམས་སུ་པདྨ་དཀར་པོ། ཆོས་འབྱུང་སེར་པོ། ལྕགས་སྒྲོག་དམར་པོ། དྲིལ་བུ་ལྗང་ཁུ། གླིང་བུ་སེར་པོ། རྫ་རྔ་དཀར་པོ། ཆ་ལང་དམར་པོ། འབུ་དུད་ལྗང་ཁུ། བྱང་གི་པདྨའི་ལྟེ་བར་ཐོད་པ་རལ་གྲི་ལྗང་ཁུས་མཚན་པ། ཕྱོགས་མཚམས་སུ་སྒོ་ལྕགས་དཀར་པོ། ལྡེ་མིག་སེར་པོ། སྒོ་གླེགས་དམར་པོ། ཡོལ་བ་ལྗང་ཁུ། འཁོར་ལོ་སེར་པོ་། རྡོ་རྗེ་སྔོན་པོ། པདྨ་དམར་པོ། ཨུཏྤལ་སྔོན་པོ་རྣམས་བྲིས་ཞེས་བླ་མ་རྔོག་པས་བཞེད་པ་ལྟར་རམ། རྒྱུད་གཞན་ལས་བཤད་པ་ལྟར་ས་བོན་འགོད་ན་སྒྲུབ་ཐབས་སུ་གསལ་བ་བཞིན་ནམ་དེ་ལྟར་མ་གྲུབ་ཚེ་ཚོན་སྤུངས་སམ་ཡང་ན་དམ་པ་རྣམས་ཚོན་སྤུངས་ལ་དབུས་སུ་ཧཱུཾ་སྔོ། ཤར་དུ་བུམ་དཀར། ལྷོར་ཨཱཾ་སེར། ནུབ་ཏུ་ཛཾ་དམར། བྱང་དུ་ཁཾ་ལྗང་རྣམས་དང་། ཤར་སྒོ་སོགས་རིམ་པས་ཛ་དཀར་ཧཱུྃ་སེར་བཾ་དམར་ཧོཿལྗངརྣམས་བགོད་པ་དང་། འདོད་སྣམ་ལ་མཆོད་ལྷ་དགྱེས་རྡོར་བཞིན་ནོ། ༈ །དགྱེས་རྡོར་ལྷ་དགུའི་ནང་ཐིག་ནི། །དབུས་ནས་ཆ་ཆེན་གཅིག་དང་གཉིས། །བསྐོར་ཞིང་སོ་


KMC001_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

སོའི་ནང་ལོགས་ནས། །ཆ་རེ་བསྐོར་བ་པད་ལྟེ་དང་། །གེ་སར་འདབ་མ་མུ་ཁྱུད་འབྱུང་། །དེ་ཕྱིན་གུར་དང་མཚུངས་པའོ། ༈ །ཚོན་ནི། དབུས་ཀྱི་པདྨའི་ལྟེ་བ་ནག་པོའམ་ལྗང་ཁུ། ཟེའུ་འབྲུ་ཚོན་སྣ་ལྔ། འདབ་བརྒྱད་དམར་པོ། གོང་རས་ནག་པོ། མུ་ཁྱུད་ནག་པོ་ལ་རྡོ་རྗེ་སེར་པོའམ་ཐོད་ཕྲེང་དཀར་པོ། སྒོའི་ནང་ཁྱམས་སུ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བའི་ཕྱོགས་རེ་ལ་བུམ་པ་གཉིས་གཉིས་ཏེ་བརྒྱད། རྩིག་པ་ནང་ནས་སྔོ་ལྗང་དམར་སེར་དཀར་བ་སྟེ་ལྔ་སྦྲགས། འདོད་སྣམ་ནས་བཟུང་དུར་ཁྲོད་གཞི་ལྗང་ཁུ་ལ་བཀོད་པ་སྤྱི་འགྲེ་བཞིན་དང་། རྡོ་རྭ་གཞི་དཀར་པོར་རྡོ་རྗེ་ནག་པོའི་ཕྲེང་བ། མེ་རི་གཞི་སེར་པོ་ལ་མེ་རི་མོ་དམར་ནག་སྤེལ་མའམ་ཁ་དོག་ལྔ་ལྡན་བྱ་ལ། ལྷ་མཚན་ནི་པདྨའི་དབུས་སུ་ཐོད་པ་དཀར་པོའི་སྟེང་དུ་སྣ་ཚོགས་རྡོ་རྗེས་མཚན་པ། ཤར་དུ་གྲི་གུག་ནག་པོ། ལྷོར་ཅང་ཏེའུ་དམར་པོ། ནུབ་ཏུ་རུས་སྦལ་སེར་པོ། བྱང་དུ་སྦྲུལ་ལྗང་གུ། དབང་ལྡན་དུ་ཤར་བྷ་སྔོན་པོ། ཤར་ལྷོར་དགེ་སློང་པོ་


KMC001_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ། བདེན་བྲལ་དུ་འཁོར་ལོ་སྔོན་པོ། རླུང་དུ་རྡོ་རྗེ་སྣ་ཚོགས་པའི་མདོག་ཅན། འདོད་སྣམ་ལ་པི་ཝཾ་དམར་སེར། གླིང་བུ་མ་དམར། རྔ་ཟླུམ་མ་དུད་ཁ། རྔ་ཆེན་མ་དཀར། བཞད་མ་སེར། ག་མོ་དམར། གླུ་མ་དམར་སེར། གར་མ་སྣ་ཚོགས། མེ་ཏོག་མ་དཀར། གདུག་སྤོས་མ་ནག །མར་མེ་མ་དམར་སྐྱ། དྲི་མ་སེར། གཟུགས་མ་དཀར། རོ་མ་དམར། རེག་མ་ལྗང་། ཆོས་འབྱུང་མ་དཀར་མོ་ཞེས་མཻ་ཏྲི་པས་གསུངས་པ་ལྟ་བུ་ཕྱོགས་སུ་གཉིས་གཉིས་འགོད་པར་བྱའོ། ༈ །ཡུམ་བཀའི་དཀྱིལ་འཁོར་ནང་ཐིག་ནི། །ནང་གི་སྒོ་ཚད་བཞི་པོ་དེ། །ཆ་གསུམ་བགོས་ལ་ཟླུམ་པོར་བསྐོར། །དང་པོའི་ནང་དུ་ཆཅ་ཕྲན་གཅིག །བསྐོར་བ་པད་ལྟེ་གེ་སར་དང་། །འདབ་མ་བཞི་བརྒྱད་རིམ་བཞིན་འབྱུང་། །དེ་ཕྱིན་རྡོ་རྗེ་གུར་དང་མཚུངས། ༈ །ཚོན་ནི། དབུས་ཀྱི་པདྨའི་ལྟེ་བ་ལྗང་། གེ་སར་སེར། འདབ་མ་བཞི་བརྒྱད་གཉིས་ཀ་དམར་པོ། སྒོའི་ནང་ཁྱམས་ཀྱི་ཕྱོགས་མདོག་ནས་བཟུང་མེ་རིའི་བར་ཡབ་དཀྱིལ་བཞིན་ལ། ལྷ་མཚན་ནི་དབུས་


KMC001_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལྟེ་བ་དང་འདབ་མ་བཞི་བརྒྱད་ཤར་ནུབ་ཀྱི་སྒོ་གཉིས་དང་བཅས་པར་གྲི་གུག་རེ་དང་། འདོད་སྣམ་ལ་མཆོད་ལྷ་ཡབ་ཀྱི་དཀྱིལ་བཞིན་ནོ། ༈ །རྡོ་རྗེ་གདན་བཞིའི་དཀྱིལ་འཁོར་ནི། །དབུས་ནས་ཆ་ཆེན་དང་པོའི་སར། །ཆ་ཕྲན་གཅིག་དང་ཕྱེད་དང་ནི། །གཉིས་དང་ཕྱེད་ཀྱིས་བསྐོར་བ་ནི། །པདྨའི་ལྟེ་བ་གེ་སར་དང་། །འདབ་བརྒྱད་རྡོ་རྗེའི་ཕྲེང་རྣམས་འབྱུང་། །ཆ་ཆེན་གཉིས་པའི་ས་དེ་ནི། །ཕྱེད་བགོས་ནང་མ་དབུས་དོར་ཞིང་། །མཐའ་གཉིས་གདང་ལ་ཕྱི་མ་ནི། །ཕྱེད་ཕྱེད་གདབ་ཕྱི་ཕྱེད་གདབ་པ་ཡི། །རྩིག་པ་ནས་བཟུང་མདའ་ཡབ་བར། །སྒོ་ཁྱུད་སྒོ་འགྲམ་སྒོ་ལོགས་དང་། །མུན་སྣམ་པར་ནི་སྤྱི་བཞིན་ལ། །ཀ་བ་དང་ནི་ཀ་རྒྱན་དང་། །རྟ་བབས་རྣམས་ནི་མི་དགོས་སོ། །མགར་ཡབ་ཟུར་ནས་ཆ་ཕྲན་ནི། །གཉིས་དང་གཅིག་དང་གཉིས་ཀྱིས་ནི། །བསྐོར་བ་ལྷ་སྣམ་ནང་མ་དང་། །རེ་ཁ་ལྷ་སྣམ་ཕྱི་མ་འོ། །དེ་ཕྱིར་ཆ་ཆེན་གཉིས་ཀྱི་ས། །དཀྱིལ་འཁོར་ཕྱི་མའི་རྩིག་པ་ནས། །མདའ་ཡབ་བར་རོ་རྟ་བབས་ནི། །


KMC001_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

སྣམ་བུ་བཞི་མ་ཉིད་དུ་བྱ། །དེ་ཕྱིར་དབུས་རྭར་ཆ་ཆེན་གཅིག །དེ་ཕྱིར་ཆ་ཆེན་གཅིག་དང་ནི། །ཆ་ཕྲན་གཉིས་གཉིས་བསྐོར་བ་ཡི། །དུར་ཁྲོད་རྡོ་རྭ་མེ་རིའོ། །དབུས་རྭའི་རྩེ་དང་གྲུ་བཞི་ཡི། །མདའ་ཡབ་རྩེ་མོར་ཞིང་སྐྱོང་གནས། །ལེའུ་ཆོས་འབྱུང་ལྟ་བུར་གདབ། །རྟ་བབས་ལྔ་མཉམ་གསུམ་གསུམ་མཉམ། །བྱེད་པའི་ལུགས་ཀྱང་མཆིས་མོད་ཀྱི། །དེ་ཚེ་སྒོ་ཚད་གཅིག་གི་ནང་། །བརྒྱད་དགུ་སྤྱི་བཞིན་བྱ་བར་བཤད། ༈ །ཚོན་ནི། རྒྱུད་དང་མདོར་བསག་ལས། སྙིང་པོའི་རེའུ་མིག་དགུ་ཡི་ཆ། །ཕྱོགས་ཀྱི་མདོག་ཞུ་དགང་བར་བྱ། །ཞེས་གསུངས་པ་ལྟར་རེའུ་མིག་བྱེད་ན་ཟུར་ཐིག་གི་མཚམས་ཀྱི་འོག་གཞི་དང་ཀ་བ་ཕྱོགས་མདོག་ཏུ་ཕྱེ་ལ་གཙོ་བོའི་ས་ནི། དེའི་མདོག་ཏུ་ུརྡོ་རྗེ་ཕྲེང་བར་བཤད་ཅིང་གདུགས་སྔོན་པོའོ། །པདྨ་ལ་ནི་ལྟེ་བ་ལྗང་། ཟེའུ་འབྲུ་སྣ་ཚོགས་མདོག །འདབ་བརྒྱད་དམར། གོང་རས་ནག །རྡོ་རྗེ་ཕྲེང་བའི་གཞི་དཀར་པོ་ལ་རྡོ་རྗེ་ནག་པོའི་ཕྲེང་བས་བསྐོར་བ། རྩིག་པ་ནང་ནས་སྔོ་དམར་དཀར་བ་སྟེ་ཏྲི་རེ་ཁ་ཞེས་སོ། །དཀྱིལ་


KMC001_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ནང་མའི་གཞི་སྔོན་པོ། ལྷ་སྣམ་ནང་མ་དམར། རྩིག་པ་ཟླུམ་པོ་ནང་ནས་སྔོ་ལྗང་དམར་སེར་དཀར་པོ་ལྔ། ལྷ་སྣམ་ཕྱི་མ་སེར། དཀྱིལ་འཁོར་གཉིས་ཀའི་འོག་གཞི་དང་སྒོའི་ནང་ཁྱམས་ཤར་དཀར། བྱང་སེར། ནུབ་དམར། ལྷོ་སྔོ། སྙིང་པོའི་གྲྭ་བཞིར་སྣ་ཚོགས་རྡོ་རྗེ་རེ། དཀྱིལ་འཁོར་ཕྱི་མའི་རེ་ཁ་ལྔ་སྔ་མ་ལྟར་རམ་གསེར་མདོག་ལ་རིན་པོ་ཆེ་དུ་མས་སྤྲས་པ། རྟ་བབས་སྤྱི་མཐུན། ཕྱིི་ཁྱམས་ལྷུན་པོའི་ཁ་དོག་དང་ཕྱོགས་ཚོན་མཚུངས་པ་དེ་བཞིན། ཞིང་སྐྱོང་གི་ས་གཞི་ནག་པོའམ་ལྗང་ཁུར་ཕྱོགས་མཚམས་ཀྱི་ཆོས་འབྱུང་དམར་པོ། དེ་རྣམས་ཀྱི་བར་བར་དུ་དུར་ཁྲོད་བརྒྱད་ཀྱི་བཀོད་པ། རྡོ་རྗེའི་རྭ་བ་ནང་མ་ལྟ་བུ་དང་མེ་རི་སྤྱི་མཐུན་ལ། ལྷ་མཚན་ནི་རྒྱུད་དང་མདོར་བསག་ལྟར་ན་གཙོ་བོ་ལ་པད་ཉིའི་སྟེང་དུ་རྡོ་རྗེ་སྟེ་ཕྱག་མཚན་ནི་ཁ་དོག་སྔོན་པོ། ལྷ་གཞན་རྣམས་ས་བོན་སྒྲུབ་ཐབས་ལས་བཤད་པ་བཞིན་ནམ་དེ་ལྟར་མ་གྲུབ་ཚེ་ཚོན་སྤུངས་བྱ་སྟེ། འདབ་བརྒྱད་ལ་ཤར་དུ་དཀར་མོ་སོགས་ཕྱོགས་མདོག །མཚམས་


KMC001_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་དབང་ལྡན་དུ་གཡས་སེར་གཡོན་དཀར་བ་སོགས་མཚམས་མདོག་གི་ཕྱེད་གཟུགས། སྒོ་བཞིའི་ཤར་དུ་དཀར་མོ་སོགས་ཕྱོགས་མཚོན་ལྷ་སྣམ་དཀར་པོའི་ཤར་གྱི་དབུས་སུ་དམར་མོ། གཡས་སུ་སེར་མོ། གཡོན་དུ་ནག་མོ་སྟེ་གསུམ། དེ་བཞིན་དུ་བྱང་དུ་དབུས་སེར། གཡས་དཀར། གཡོན་དམར་གསུམ། ནུབ་ཏུ་དབུས་སྔོ། གཡས་སེར། གཡོན་དམར་གསུམ། ལྷོར་དབུས་ནག ། གཡས་དཀར། གཡོན་དམར་གསུམ། དབང་ལྡན་དུ་གཡས་དཀར། གཡོན་སེར་གཉིས། མེ་མཚམས་སུ་གཡས་དཀར། གཡོན་ནག་གཉིས། བདེན་བྲལ་དུ་གཡས་ནག ། གཡོན་དམར་གཉིས། རླུང་དུ་གཡས་སེར། གཡོན་དམར་གཉིས། ར་བ་ལྔ་པའི་ཕྱི་རོལ་གྱི་ལྷ་སྣམ་སེར་པོ་ལ་སེམས་དཔའ་ཕྱོགས་སུ་གསུམ་གསུམ། མཚམས་སུ་གཉིས་གཉིས་རྣམས་ཕྱོགས་མདོག །ཤར་སྒོར་དབུས་སྔོ། གཡས་སེར། གཡོན་སྔོན་མོ་སྟེ་གསུམ། བྱང་དུ་དབུས་སེར། གཡས་སེར། གཡོན་ལྗང་གསུམ། ལྷོ་ནུབ་ཏུ་དབུས་སྔོ། གཡས་ལྗང་། གཡོན་དམར་


KMC001_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། ནུབ་བྱང་དུ་དབུས་དཀར། གཡས་དམར། གཡོན་དཀར་མོ་སྟེ་གསུམ། ཤར་གྱི་ལེའུ་ཚེའི་དབུས་སྔོ། མདུན་དཀར། གཡོན་སེར། རྒྱབ་དམར། གཡས་སྔོན་པོ་སྟེ་ལྔ། བྱང་གི་དབུས་སེར། མདུན་སེར། གཡོན་དམར། རྒྱབ་སྔོ། གཡས་དཀར་མོ་སྟེ་ལྔ། ནུབ་ཀྱི་དབུས་དཀར། མདུན་དམར། གཡོན་སྔོ། རྒྱབ་དཀར། གཡས་སེར་མོ་སྟེ་ལྔ། ལྷོའི་དབུས་དམར། མདུན་སྔོ། གཡོན་དཀར། རྒྱབ་སེར། གཡས་དཀར་མོ་སྟེ་ལྔ། དབང་ལྡན་གྱི་དབུས་ཕྱེད་གཟུགས། གཡས་སྔོ། གཡོན་སེར། མདུན་དཀར། གཡོན་སེར། རྒྱབ་སྔོན་མོ་སྟེ་ལྔ། མེའི་དབུས་སུ་ཕྱེད་གཟུགས། གཡས་སྔོ། གཡོན་དམར། མདུན་སྔོ། གཡོན་དཀར། རྒྱབ་སེར། གཡས་དམར་མོ་སྟེ་ལྔ། ལྷོ་ནུབ་ཀྱི་དབུས་ཕྱེད་གཟུགས། གཡས་དམར། གཡོན་དཀར། མདུན་དམར། གཡོན་སྔོ། རྒྱབ་དཀར། གཡས་སེར་མོ་སྟེ་ལྔ། རླུང་གི་དབུས་ཕྱེད་གཟུགས། གཡས་དཀར། གཡོན་དམར། རྒྱབ་སྔོ། གཡས་དཀར་མོ་སྟེ་ལྔ་རྣམས་སོ། ༈ །


KMC001_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་དབང་ཕྱུག་ནང་ཐིག་ནི། །རྩ་ཐིག་ནང་གི་སྒོ་ཚད་བཞི། །ཆ་མཉམ་གསུམ་དུ་བགོས་བྱས་ལ། །དང་པོ་གསུམ་པ་ཟླུམ་པོར་བསྐོར། །སླར་ཡང་དང་པོའི་ཕྱི་ནས་དང་། །གསུམ་པའི་གང་ནས་ཆ་རེ་བསྐོར། །པདྨའི་ལྟེ་བ་གེ་སར་དང་། །འདབ་བརྒྱད་རྡོ་རྗེའི་ཕྲེང་བའོ། །གཞན་རྣམས་རྡོ་རྗེ་གདན་བཞི་དང་། །མཚུངས་ཞིང་རྟ་བབས་བཞི་མ་བྱ། ༈ །ཚོན་ནི། དབུས་ཀྱི་པདྨའི་ལྟེ་བ་ལྗང་ཁུ། གེ་སར་སྣ་ཚོགས། འདབ་བརྒྱད་དམར། གོང་རས་ནག ། རྡོར་ཕྲེང་གཞི་ནག་པོ་ལ་རྡོ་རྗེའི་ཕྲེང་བ་ནག་པོ་རྩིག་པ་ནང་ནས་སྔོ་ལྗང་དམར་སེར་དཀར་བའམ། སེར་པོ་ལ་རིན་པོ་ཆེ་དུ་མས་སྤྲས་པ། སྒོའི་ནང་ཁྱམས་ཀྱི་འོག་གཞི་ཤར་དཀར། བྱང་སེར། ནུབ་དམར། ལྷོ་སྔོ་བའི་ཕྱིའི་གྲཱ་བཞིར་སྣ་ཚོགས་རྡོ་རྗེ་རེ་རེ། འདོད་སྣམ་ནས་བཟུང་དུར་ཁྲོད་ཀྱི་བར་ཡབ་དཀྱིལ་ཇི་ལྟ་བར་རྡོ་རྗེའི་ཕྲེང་བ་ནང་མ་བཞིན་མེ་རི་སྤྱི་མཐུན་ལ། ལྷ་མཚན་ནི་དབུས་སུ་པད་ཉིའི་སྟེང་དུ་རྡོ་རྗེ་སྔོན་པོ་སྟེ་ཕྱག་མཚན་དང་། འདབ་བརྒྱད་ཀྱི་ཤར་དུ་སུཾ། ལྷོར་ཀྵུཾ། ནུབ་


KMC001_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཡུཾ། བྱང་དུ་ཧཱུྃ་བཅས་ས་བོན་དང་། མཚམས་བཞིར་ལྷ་མོ་མཚམས་མདོག་གི་ཕྱེད་གཟུགས་ཅན་ཚོན་སྤུངས། སྒོ་བཞིར་པད་ཉི་རོ་གདན་ལ་ཤར་དུ་ཕུཾ། བྱང་དུ་ཕེཾ། ནུབ་ཏུ་ཕྲོ། ལྷོར་ཕྲེཾ་རྣམས་ཕྱོགས་མདོག ། དེ་ལྟར་མ་གྲུབ་ན་ཚོན་སྤུངས་དགོད་པ་དང་ཞིང་སྐྱོང་བཞི་བཅུ་ཡང་ཡབ་དཀྱིལ་ཇི་ལྟ་བས་སོ། ༈ །མ་ཧཱ་མ་ཡའི་དཀྱིལ་འཁོར་ནི། །བདེ་མཆོག་ལྷ་ལྔ་ཇི་བཞིན་ལ། །རྟ་བབས་སྣམ་བུ་བཞི་མའམ། །བདེ་མཆོག་ལྟར་རམ་གང་བདེ་བྱ། །རྭ་རྩེའི་ཕྱི་རོལ་ཁོར་ཡུག་ནི། །ཆ་ཕྲན་གསུམ་དང་བཞི་དང་གཉིས། །བཞི་རྣམས་བསྐོར་བས་པདྨ་དང་། །དུར་ཁྲོད་རྡོ་རཱ་མེ་རིའོ། ༈ །ཚོན་ནི། པདྨ་འདབ་བརྒྱད་ཁ་དོག་དམར་བ་ལ་འོད་ལྔ་འཕྲོ་བ་རྒྱུད་ཀྱི་དངོས་བསྟན་བཞིན། དབུས་ཀྱི་ལྟེ་བ་ལྗང་ཁུའམ་དཀར་པོ། གེ་སར་སེར། གོང་རས་ཇི་ལྟར་མཛེས་པ། མུ་ཁྱུད་དཀར་པོ་ལ་རྡོ་རྗེའི་ཕྲེང་བ་སྔོན་པོ། སྒོའི་ནང་ཁྱམས་ཕྱོགས་མདོག་ལ་བུམ་པ་བརྒྱད་དང་བཅས་པ། རྩིག་པ་ནང་ནས་ལྗང་ནག་དམར་སེར་དཀར་པོ་ལྔ།


KMC001_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་སྣམ་དཀར་པོ་ལ་མུ་ཁྱུད་གླ་བཞིར་རྡོ་རྗེ་རིན་པོ་ཆེ། ཕ་གུ་ནས་དུར་ཁྲོད་ཀྱི་བར་སྤྱི་འགྲེ་བཞིན་ལ་རྡོ་རྗེའི་རཱ་བ་གཞི་དཀར་པོར་རྡོ་རྗེ་སྔོན་པོའི་འཕྲེང་བ། མེ་རི་སྤྱི་ལྟར་ལ། ལྷ་མཚན་ནི་པདྨའི་སྙིང་པོར་ཉི་མ་ལ་ཐོད་པའམ་ཁ་ཊྭྃ་ག་ཞེས་གྲུབ་ཆེན་ཀུ་ཀུ་རི་པས་བཞེད་ཀྱང་། དབུས་སུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དགོད་པ་ནི་གཙོ་བོའི་ཕྱག་མཚན། འདབ་བརྒྱད་ཀྱི་ཤར་དུ་རྡོ་རྗེ་སྔོན་པོ། བྱང་དུ་རལ་གྲི་ལྗང་ཁུ། ནུབ་ཏུ་པདྨ་དམར་པོ། །ལྷོར་རིན་པོ་ཆེ་སེར་པོ་དང་། མཚམས་བཞིར་ཐོད་པ་བདུད་རྩིས་བལྟམས་པ་རེ་འོ། ༈ །གསང་འདུས་མི་སྐྱོད་རྡོ་རྗེ་དང་། །འཇམ་དཔ ལ་རྡོ་རྗེ་གཉིས་ཀར་ཡང་། །དབུས་ནས་ཆེ་ཆུང་བཅུ་དང་ནི། །བཅུ་གཅིག་བཅུ་གཉིས་རིམ་པས་བསྐོར། །དེའི་ནང་དབུས་ནས་ཆ་ཕྲན་གྲངས། །གསུམ་དང་གཅིག་ནི་ཟླུམ་ཐིག་པར། །བཏབ་པས་རེའུ་མིག་དགུ་ལྡན་འབྱུང་། །ཆ་ཆེན་བཞི་པ་གྲུ་བཞིར་བཏབ། །ལྷ་སྣམ་ཡིན་ནོ་དེ་ཕྱིན་ནི། །དཀྱིལ་འཁོར་སྤྱི་དང་མཚངས་པ་ལས། །རྟ་བབས་གཉིས་མཉམ་དགུ་


KMC001_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་བྱ། །རྭ་རྩེའི་ཕྱི་ནས་ཆ་ཕྲན་ནི། གཉིས་གཉིས་བཞིས་བསྐོར་པདྨ་དང་། །རྡོ་རྭ་མེ་རི་བཅས་པའོ། ༈ །གསང་འདུས་མི་བསྐྱོད་རྡོ་རྗེའི་ཚོན་ནི། དབུས་ཀྱི་རེའུ་མིག་དང་དེའི་མཐའ་གདུང་གྲུ་བཞི་སྔོན་པོ་ཕྱི་མར་རྡོ་རྗེའི་ཕྲེང་བ། ཀ་བ་བརྒྱད་ཕྱོགས་མདོག་ལ་རིགས་ཀྱི་མཚན་མའི་ཕྱག་མཚན་གྱིས་སྤྲས་པ་སྟེ་ཤར་དུ་འཁོར་ལོ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་རལ་གྲི་རྣམས་ཕྱོགས་མདོག་གཉིས་གཉིས་ཀྱིས་མཛེས་པ། ཕྱོགས་མདོག་གཞན་ནི་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། རྡོར་ཕྲེང་ཟླུམ་པོའི་གཞི་ནག་པོ་ལ་རྡོ་རྗེ་རྩེ་གསུམ་པའི་ཕྲེང་བ་འོད་ཕྲེང་ཁ་དོག་ལྔ་ལྔན་ནི་རིང་དུ་འཕྲོ་བའི་ཚུལ་ཏེ་རེ་ཁས་བཅད་པར་མི་བྱ། ལྷ་སྣམ་ལ་ཚངས་ཐིག་གིས་ཆ་ཆེན་རེ་རེ་དོར་བར་བུམ་པ་སེར་པོ་བརྒྱད། རྩིག་པ་ནང་ནས་སྔོ་ལྗང་དམར་སེར་དཀར་བ་སྔོ། འདོད་སྣམ་སྤྱི་མཐུན་ལ་ཕྱིའི་ཟུར་བཞིར་སྣ་ཚོགས་རྡོ་རྗེ་རེ། ཕ་གུ་ནས་བཟུང་སྤྱི་འགྲེ་བཞིན་ལ་རྟ་བབས་ཀྱི་ཝརནྟྲ་དང་ཤར་དུ་འདེགས་པའི་ཀ་བའི་


KMC001_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

དོད་དུ་སེང་གེ་དང་། སེང་གེ་རྐང་བརྒྱད་དང་། ངང་པ་དང་། རྨ་བྱ་དང་། མིའི་འམ་ཅི་ཕོ་མོ་ཟུང་རེ་འགོད་པ་ཁྱད་པར་རོ། །པད་ར་སྤྱི་མཐུན། རྡོར་ཕྲེང་གཞི་སྔོ་ལྗང་གང་རུང་ལ་རྡོ་རྗེ་སེར་ནག་དཀར་པོ་གང་རུང་ཇི་ལྟར་མཛེས་པ། འོད་ཕྲེང་ཁ་དོག་སྣ་ཚོགས་སྤེལ་བསྟེ་འདིར་ཡང་རེ་ཁ་མི་བྱ་ལ། ལྷ་མཚན་ནི་གདན་ཕྱག་མཚན་ས་བོན་དགོད་པ་སྒྲུབ་ཐབས་ངག་འདོན་བཞིན་ནམ། ཡང་ན་འཕགས་པ་ཀླུ་བྱང་གི་དཀྱིལ་ཆོག་ལྟར་དབུས་སུ་རྡོ་རྗེ་སྔོན་པོ། རྩིབས་བརྒྱད་དུ་ཉི་གདན་ལ་ཤར་དུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ། ལྷོར་རིན་པོ་ཆེ་ཆ་དགུ་ུཔ་སེར་པོ། ནུབ་ཏུ་པདྨ་དམར་པོ་འདབ་བརྒྱད། བྱང་དུ་རལ་གྲི་ལྗང་ཁུ། མཚམས་བཞིར་ཟླ་བ་ལ་མེར་མིག་འབྲས་ནག་པོ་ཅན་གྱི་མིག་དཀར་པོ་གཉིས་སྤྲིན་ལ་གནས་པ། བདེན་བྲལ་དུ་རྡོ་རྗེ་ནག་པོ་རྩེ་ལྔ་པ། རླུང་དུ་པདྨ་དམར་པོ་ཁ་བྱེ་བ་ཡུ་ུབ་དང་བཅས་པ། དབང་ལྡན་དུ་ཨཏྤལ་སྔོ་སེར། གྲྭ་བཞིར་མེ་ལོང་དཀར་པོ་གི་ཝཾ་སྔོན་པོ་དྲིའི་དུང་པོར་སེར་པོ། ཞལ་ཟས་ཀྱི་སྣོད་དམར་པོ་དང་


KMC001_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

བཞི། ཤར་གྱི་སྣམ་བུར་ཀླུ་ཤིང་གི་མེ་ཏོག་དང་། འཁོར་ལོ་དཀར་པོ། ལྷོར་རིན་པོ་ཆེ་སེར་པོ་གཉིས། ནུབ་ཏུ་པདྨ་དམར་པོ་གཉིས། བྱང་དུ་རལ་གྲི་གཉིས། སྒོ་བཞིར་རྡོ་རྗེ་ཐོ་བ། རྡོ་རྗེས་མཚན་པའི་བྱུག་པ། པདྨ་དམར་པོ། རྡོ་རྗེ་ལྗང་ཁུ། སེར་རལ་གྲི། བདེན་བྲལ་དུ་ཞགས་པ། རླུང་དང་དབང་ལྡན་དུ་རལ་གྲི་རེ་རེ། སྟེང་དུ་གཙུག་ཏོར་གྱི་མཚན་མ་རྡོ་རྗེ། འོག་ཏུ་ཞགས་པ་རྣམས་ཀྱི་ཁ་དོག་དམིགས་གསལ་མ་བྱུང་བ་ལྷ་སོ་སོའི་མདོག་ཅན་དུ་འགོད་པར་བྱའོ། །བྱམས་པ་ལ་སོགས་པ་བརྒྱད་ཀྱི་མཚན་མ་ནི་ཟླ་བ་ལ་གནས་པ་སྟེ། གཤིན་རྗེ་གཤེད་སོགས་བཅུའི་མཚན་མ་ནི་ཉི་མ་ལ་གནས་པ་དང་། འདོད་སྣམ་ལ་མཆོད་ལྷའི་མཚན་མ་དང་བཅས་པའོ། ༈ །འཇམ་དཔལ་རྡོ་རྗེའི་ཚོན་ནི། རེའུ་མིག་དགུའི་དབུས་སྔོན་པོ། རེའུ་མིག་བརྒྱད་དང་སྒོའི་ནང་ཁྱམས་ཀྱི་ཕྱོགས་མདོག་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། གདུང་གྲུ་བཞི་དང་དུང་ཟླུམ་ནག་པོ་ལ་རྡོ་རྗེ་དཀར་པོའི་ཕྲེང་བ། ཀ་བ་བརྒྱད་ཕྱོགས་


KMC001_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་ལ་འཁོར་ལོ་སོགས་ཀྱིས་སྤྲུས་པ་མི་བསྐྱོད་པ་ལྟར། འོད་ཕྲེང་ཁ་དོག་ལྔ་ལྡན་ནི་རང་དུ་འཕྲོ་བའི་ཚུལ་ཏེ་རེ་ཁས་བཅད་པར་མི་བྱ། རྩིག་པ་ནང་ནས་ནག་ལྗང་དམར་སེར་དཀར་བ་སྟེ་པཉྩ་ཁ་ཞེས་སོ། །འདོད་སྣན་ནས་པདྨའི་དཔའི་བར་སྤྱི་མཐུན་ལ། རྡོར་ཕྲེང་གཞི་ནག་པོར་རྡོ་རྗེའི་ཕྲེང་བ་སྔོ་སེར་དཀར་པོ་གང་རུང་དང་མེ་རི་སྤྱི་མཐུན་ཏེ། ལྷ་མཚན་ནི་དབུས་སུ་ཟླ་བ་རལ་གྲི་སྔོ་སངས། རེའུ་མིག་བརྒྱད་ལ་ཉི་མར་འཁོར་ལོ་དཀར་པོ་ནས་དབང་ལྡན་དུ་ཨུཏྤལ་སྔོ་སེར་གྱི་བར་མི་བསྐྱོད་པ་བཞིན། ཕྱིའི་གྲྭ་བཞི་དང་ཤར་སྒོའི་གཡོན་དང་གཡས་སུ་ཆ་ཆུང་གཉིས་གཉིས་སྤངས་པར་ཟླ་གདན་ལ་གོ་རིམ་བཞིན་མེ་ལོང་དཀར་པོ། པི་ཝཾ་སྔོན་པོ། དྲིའི་དུང་ཆོས་སེར་པོ། ཞལ་ཟས་ཀྱི་སྣོད་དམར་པོ། གོས་སྣ་ཚོགས། ཆོས་འབྱུང་དཀར་པོ་རྣམས་དང་། སྒོ་བཞིར་ཉི་མ་ལ་རྡོ་རྗེའི་ཐོ་བ་ནག་པོ། རྡོ་རྗེས་མཚན་པའི་དབྱུག་པ་དཀར་པོ། པདྨ་དམར་པོ། ཁྲོ་བོའི་རྡོ་རྗེ་སྔོན་པོ་ཁ་ཕྱེས་པ། དེ་ཐམས་ཅད་འོད་ཟེར་དང་བཅས་པ། གཙོ་བོའི་


KMC001_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་མཚན་མགོ་ནུབ་དང་། གཞན་རང་རང་གི་ཕྱོགས་སུ་མགོ་ཕྱོགས་པ། འདོད་སྣམ་ལ་མཆོད་པའི་ལྷ་མོ་དང་བཅས་པའོ། ༈ །འཇིག་བྱེད་ལ་ནི་ལྟེ་བ་ནས། །ཆ་ཆེན་གསུམ་བསྐོར་དེའི་ནང་དུ། །ཆ་ཕྲན་རེ་རེ་ལན་གཉིས་བསྐོར། །དབུས་ནས་ཆ་ཆུང་གསུམ་དང་གཅིག །དོར་ནས་ཟླུ མ་ཐིག་རེགས་པར། །ཐིག་བཞི་བསྣོམ་མར་བཏབ་པ་ཡི། །གདུང་བཞི་རེའུ་མིག་དགུ་ལྡན་འབྱུང་། །ཆ་ཆེན་བཞི་པ་ལྷ་སྣམ་སྟེ། །རྩིག་པ་ནས་བཟུང་ཁོར་ཡུག་བཅས། །བདེ་མཆོག་ལུ་ཧི་དང་མཚུངས་སོ། ༈ །ཚོན་ནི། དབུས་ཀྱི་ཕོ་དྲང་ཟླུམ་པོའི་ནང་གི་གདུང་ཟླུམ་དང་གདུང་གྲུ་བཞི་སྔོན་པོ། ཀ་བ་བརྒྱད་ཕྱོགས་མདོག །ཐོད་མཁར་གྱི་སྒོ་བཞིའི་ལྷོ་སྒོ་མ་གཏོགས་གཞན་གསུམ་རེ་ཁས་བཅད་པ། ཕྱི་ནང་གི་དཀྱིལ་འཁོར་གྱི་ཕྱོགས་མདོག་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། ལྟེ་བའི་མཚོན་ཕྱེད་རེའུ་མིག་དཀྱིལ་མ་མཐིང་ཁ། རྩིག་པ་དཀར་སེར་དམར་ལྗང་སྔོ་བ་སྟེ་ལྔ་སྦྲགས། འདོད་སྣམ་ནས་དུར་ཁྲོད་ཀྱི་བར་


KMC001_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་སྤྱིར་བཤད་པ་ལྟར་ལ། ལྷ་མཚན་ནི་དབུས་སུ་རླུང་དཀྱིལ་ཟླ་གམ་དུད་ཁ་དང་སྣ་ཚོགས་པད་ཉིའི་སྟེང་དུ་རྡོ་རྗེ་རྩེ་དགུ་པ་ནག་པོ། ནང་ཁྱམས་ཀྱི་གྲྭ་བཞི་དང་སྒོ་བཞིར་པད་ཉི་ལ་གྲི་གུག་རེའུ་མིག་དང་ལྷ་རྣམས་ལ་ཕྱག་མཚན་དགོད་པ་རྒྱུད་ཀྱི་སློབ་དཔོན་དག་གིས་བཤད་ཀྱང་ལྷ་ཞེ་དགུ་མ་སོགས་ཀྱི་དགོང་པས་འདིར་མི་དགོས་ཞེས་བོད་ཀྱི་བླ་མ་སྔ་མ་རྣམས་བཞེད་དོ། །རེ་རེ་ཏེ་བརྒྱད། སྟེགས་བུ་ལ་མཆོད་ལྷ་དང་བཅས་པའོ། ༈ །གཤེད་དམར་ནང་ཐིག་ལྟེ་བ་ནས། ཆ་ཕྲན་བཞི་གཅིག་བཅུ་དང་གཅིག །བསྐོར་བ་ལྟེ་བ་གེ་སར་དང་། འདབ་བརྒྱད་རྡོ་རྗེའི་ཕྲེང་བའོ། །རྟ་བབས་གཉིས་མཉམ་དགུ་མཉམ་མམ། ། ཡང་ན་ལྔ་མཉམ་གསུམ་གསུམ་མཉམ། །འཁོར་ཡུག་ཆ་ཕྲན་གཉིས་དང་གཉིས། །བཞི་རྣམས་བསྐོར་བ་པད་རྭ་དང་། །རྡོ་རྭ་མེ་རིའི་ཕྲེང་བའོ། ༈ །ཚོན་ནི། དབུས་ཀྱི་པདྨའི་ལྟེ་བ་ལྗང་། ཟེའུ་འབྲུ་སེར། ཕྱོགས་བཞི་དམར། མེ་རླུང་སེར། བདེན་བྲལ་སྔོ། དབང་ལྡན་ལྗང་། མུ་ཁྱུད་སེར་པོ་ལ་རྡོ་


KMC001_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་ཕྲེང་བ། སྒོའི་ནང་ཁྱམས་ཀྱི་ཕྱོགས་མདོག་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སྔོ་བའི་ཁྱམས་ཀྱི་ཟུར་བཞིར་བུམ་པ་བརྒྱད། རྩིག་པ་ནང་ནས་སྔོ་ལྗང་དམར་སེར་དཀར་བ་སྟེ་ལྔ། འདོད་སྣམ་ནས་བཟུང་མེ་རིའི་བར་སྤྱི་མཐུན་ལ། ལྷ་མཚན་ནི་དབུས་སུ་ཉི་མ་ལ་རྡོ་རྗེས་མཚན་པའི་མགོ་བོ་སེར་པོས་སྤྲས་པའི་དབྱུག་པ། ཕྱོགས་ཀྱི་འདབ་མར་ཉི་མ་ལ་ཤར་ནས་གཡས་བསྐོར་གྱིས་འཁོར་ལོ་རིན་པོ་ཆེ་པདྨ་སྣ་ཚོགས་རྡོ་རྗེས་མཚན་པའི་དབྱུག་པ་དཀར་པོ་རེ། མཚམས་སུ་མེར་བུམ་པ་སྔོན་པོ། སྲིན་པོར་སེར་པོ། རླུང་དུ་དམར་པོ། དབང་ལྡན་དུ་དཀར་པོ་ཐོད་པ་དང་བཅས་པར་རིམ་བཞིན་བཞི་མཉམ་བླ་རྩི་སྔོན་པོ། ཤུ་བྲ་དཀར་པོ། སི་ཧླ་དམར་པོ་རྣམས་ཀྱིས་སོ་སོར་ཁེངས་པ། འདོད་སྣམ་ལ་མཆོད་ལྷ་དང་བཅས་པའོ། ༈ །ཀུན་རིག་དཀྱིལ་འཁོར་ཉིས་སྦྲག་ནི། །ཕྱོགས་རེའི་ཆ་ཆེན་བརྒྱད་པོ་དེ། །དང་པོ་གཉིས་པ་བརྒྱད་དུ་བགོ ། དབུས་ནས་བརྒྱད་གཅིག་གཉིས་བཞི་གཅིག །བསྐོར་བ་


KMC001_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའོ་དེ་ལྟེ་བར། །གཉིས་གཅིག་ཟླུམ་ཐིག་ལ་རེགས་བར། །བསྣོལ་མར་བཏབ་པ་གདུང་རེའུ་མིག །གསུམ་པར་སྒོ་སོགས་ཐིག་དང་ནི། །བཞི་པ་ལྔ་པ་ཕྱེད་བགོས་པས། །ལྷ་སྣམ་རིམ་བཞི་འབྱུང་བ་ཡིན། །རྟ་བ བས་ཕྱི་རོལ་དང་མཚུངས་སོ། །དྲུག་པ་བདུན་པ་ཕྱེ་མ་ཡི། །སྒོ་སོགས་ཐིག་དང་རྟ་བབས་ནི། །བརྒྱད་པའི་སྟེང་དུ་ཆ་གསུམ་བསྣོན། སྒོ་དང་སྒོ་ཁྱུད་འགྲམ་དང་ལོགས་བཞི་མཉམ་ཉིད། མཉམ་གང་རིགས་བྱ། གཉིས་མཉམ་ལ་ནི་རྒྱན་པ་དང་། །ཀ་བ་ཀ་རྒྱན་ཆ་ཆུང་རེ། །དེ་ནས་རྟ་བབས་བྱ་ཚུལ་ནི། །ཆ་ཆེན་བཞི་པོ་དེ་ཉིད་ཀྱང་། །སྟེང་མ་དབུས་དོར་མཐའ་གཉིས་གདབ། །དེ་འོག་བཞིར་བགོས་དེའི་འོག་མ། །དབུས་ནས་ཆ་ཆུང་གཅིག་བཅད་ཅིང་། །དེ་འོག་བཞི་རུ་བགོ་བར་བྱ། །ཞེང་དུ་མས་རིམ་ཚངས་ཐིག་ནས། །གཡས་གཡོན་ཆ་ཆུང་བརྒྱད་བརྒྱད་དགུ། །བརྒྱད་བདུན་བརྒྱད་དྲུག་བདུན་ཚན་གསུམ། །ལྔ་བཅས་སྣམ་བུ་བཅུ་གཅིག་དང་། །དབུས་རྭའི་སྨད་དུ་ཆ་ཆེན་གཅིག །རྩེ་མོར་ཆ་གཉིས་བསེགས་ཏེ་


KMC001_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

བཅད། །བཞི་སྟེང་ཚང་ནས་བཞི་བསྐོར་ལ། །གཉིས་སྟེང་བཞི་ནས་གཉིས་གཉིས་བསྐོར། །ཆ་ཕྱེད་ནང་བསྐོར་གླད་གུར་རོ། །དྲུག་འོག་ཚངས་ནས་ཆ་གཉིས་ནས། །ཀ་རྒྱན་རྩེར་བཟུང་བསྐོར་བ་དང་། །དྲུག་དཀྱིལ་ཕྱེད་ལྔ་ནས་དེས་བསྐོར། །རྡོ་རྭའོ་དབུས་རྭའི་རྩེ་མོ་ནས། །ཆ་ཕྲན་གཞི་གཅིག་གསུམ་བསྐོར་བ། །འཇིག་རྟེན་འཁོར་ཡུག་རྡོ་རྭ་དང་། འོད་ཟེར་ཕྲེང་བ་དང་བཅས་སོ། ༈ །ཚོན་ནི། ནང་གི་གདུང་གྲུ་བཞི་དང་གདུང་ཟླམ་འཁོར་ལོའི་མུ་ཁྱུད་རྣམས་སྔོན་པོ་ལ་རྡོ་རྗེ་དཀར་པོའི་ཕྲེང་བ། ཀ་བ་བརྒྱད་སྔོན་པོ་ལ་རིགས་ཀྱི་མཚན་མས་སྤྲས་ཏེ་ཤར་ནས་རིམ་བབ། རྡོ་རྗེ་རིན་ཆེན་པདྨ་སྣ་ཚོགས་རྡོ་རྗེ་རྣམས་ཕྱོགས་མཚན་གཉིས་གཉིས་བཀྲ་བ། འཁོར་ལོའི་རྩིབས་དང་རྩིབས་རྟེན་སྔོན་པོ། འཁོར་ལོའི་འོག་གཞི་ཕྱོགས་མདོག །རེའུ་མིག་དགུ་དང་དཀྱིལ་འཁོར་གཉིས་ཀའི་སྒོའི་ནང་ཁྱམས་ཕྱོགས་མདོག །དབུས་འཁོར་ལོའི་སྟེང་། དཀར། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། རྩིག་པ་ནང་ནས་དཀར་སྔོ་དམར་


KMC001_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་སེར་བ་ལྔ་སྦྲགས། འདི་ཀུན་རིག་ཆུང་བ་ལའི་ན། ཀུན་རིག་ཆེ་བར་རྩིག་པ་ནང་ནས་དཀར་ལྗང་དམར་སེར་སྔོར་ལྔའོ། །གཉིས་ཀའི་འདོད་སྣམ་ནས་བཟུང་མེ་རིའི་བར་སྤྱི་འགྲེ་བཞིན་ལ། ཕྱིའི་ཁོར་ཡུག་གཞི་དཀར་རོ། །ཕྱི་ཁྱམས་རི་རབ་ཀྱི་མདོག་ཤར་ཤེལ། ལྷོ་བཻཌཱུརྻ། ནུབ་ནུབ་པདྨ་རཱ་ག །བྱང་གསེར་ལས་གྲུབ་པའོ། །ལྷ་མཚན་ནི་དབུས་སུ་པད་ཟླའི་སྟེང་དུ་རྡོ་རྗེ་དཀར་པོ། རེའུ་མིག་བརྒྱད་ཀྱི་ཕྱོགས་བཞིར་ཤར་ནས་གཡས་བསྐོར་གྱིས་སྤྱོད་རྒྱལ་དཀར་དམར། རྒྱལ་རིན་སྔོ། ཤཱཀ་དབང་དམར། ཆེར་རྒྱས་ལྗང་། མཚམས་བཞིར་མེ་ནས་གཡས་བསྐོར་གྱི་སྤྱན་མ་དཀར། མཱ་ཀི་སྔོ། གོས་དཀར་དམར། སྒྲོལ་མ་ལྗང་། རྩིབས་བཅུ་དྲུག་ཏུ་ཤར་ནས་གཡས་བསྐོར་གྱིས་རྡོར་སེམས་དཀར། རྒྱལ་པོ་སེར། ཆགས་པ་དམར། ལེགས་པ་ལྗང་། རིན་ཆེན་སེར། གཟི་བརྗིད་དམར། རྒྱལ་མཚན་སྔོ། བཞད་པ་དཀར། ཆོས་དཀར་དམར། རྣོན་པོ་སྔོ་སངས། རྒྱུ་སེར་པོ། སྨྲ་བ་དམར། ལས་སྣ་ཚོགས་མདོག །སྲུང་བ་སེར། གནོད་སྦྱིན་ནག །ཁུ་ཚུར་སེར།


KMC001_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ནང་མའི་སྒོའི་ནང་ཁྱམས་ཀྱི་གྲྭ་བཞིའི་མེར་སྒེག་མོ་དཀར། དེའི་རྒྱབ་ཏུ་མེ་ཏོག་མ་སེར། དེ་བཞིན་སྲིན་པོར་ཕྲེང་བ་མ་སེར། རྒྱབ་ཏུ་བདུག་སྤོས་མ་དཀར། རླུང་དུ་གླུ་མ་དམར་སྐྱ། རྒྱབ་ཏུ་མར་མེ་མ་དམར་སྐྱ། དབང་ལྡན་དུ་གར་མ་སྣ་ཚོགས་མདོག །རྒྱབ་ཏུ་ཕྱུག་པ་སྣ་ཚོགས་མདོག །ནང་མའི་སྒོ་བཞིར་རིམ་པས་ལྕགས་ཀྱུ་དཀར། ཞགས་པ་སེར། ལྕགས་སྒྲོག་དཀར་དམར། འབེབས་པ་སྣ་ཚོགས་མདོག །དཀྱིལ་འཁོར་ཕྱི་མའི་ལྷ་སྣམ་བཞིའི་དང་པོའི་ཤར་དུ་བྱམས་པ་སེར། འདི་རྣམས་རྗེ་ཆོས་གྲགས་རྒྱ་མཚོ་དང་སྤྱན་མངའ་རིན་པོ་ཆེའི་ཀུན་རིག་ཆེན་མོའི་བཞེད་པ་སྟེ་མི་བསྐྱོད་ཞབས་ཀྱི་ཀུན་རིག་ཆུང་བར་ཕྱོགས་མདོག་ཡིན། མཆན། འཇམ་དཔལ་དམར་སེར། སྤོས་གླང་དཀར་ལྗང་། ཡེ་ཤེས་ཏོག་སྔོ ། ལྷོར་བཟང་སྐྱོང་དཀར་དམར། མཐོང་བ་དོན་ཡོད་སེར། བློ་གྲོས་མི་ཟད་པ་དཀར། སྤོབས་པ་བརྩེགས་དམར། ནུབ་ཏུ་མཐུ་ཆེན་ཐོབ་སེར། ངན་སོང་ཀུན་འདྲེན་དཀར། མྱ་ངན་མུན་འཇོམས་དཀར་སེར། དྲྭ་བ་ཅན་གྱི་འོད་དམར་པོ། བྱང་དུ་ཟླ་འོད་


KMC001_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

དཀར། བདུད་རྩིའི་འོད་དཀར། ནམ་མཁའ་མཛོད་དཀར་སེར། ཀུན་ཏུ་སེར་པོ་སྟེ་བཅུ་དྲུག་ལྷ་སྣམ་གཉིས་པའི་ཤར་དུ་སེམས་དཔའ་དཀར་པོ་བཞི། ལྷོ་སྔོན་པོ། ནུབ་ཏུ་དམར་པོ། བྱང་དུ་ལྗང་ཁུ་རྣམ་བཞི་ཏེ། ལྷ་སྣམ་གསུམ་པར་ཉན་ཐོས་ཕྱོགས་སུ་བཞི་བཞི་ཏེ་བཅུ་དྲུག་དང་། ལྷ་སྣམ་བཞི་པར་རང་རྒྱལ་ཕྱོགས་སུ་གཉིས་གཉིས་དང་མཚམས་སུ་རེ་རེ་ཏེ་བཅུ་གཉིས་རྣམས་སྐུ་མདོག་ངེས་མེད། དཀྱིལ་འཁོར་ཕྱི་མའི་ཤར་སྒོར་ཁྲོ་བོ་དཀར་པོ། ལྷོར་སྔོ། ནུབ་ཏུ་དམར། བྱང་དུ་ལྗང་ཁུ་རྣམས་གཉིས་རེ་ཏེ་འདི་དག་ཚོན་སྲུངས་སམ་ཕྱག་མཚན་གང་རུང་། ཁོར་ཡུག་ལ་དཔལ་མགོན་དོན་ལྔའི་མཚན་མ་རྩ་རིག་གི་ཕྲེང་བ་དཀར་པོ། འདོད་སྣམ་ལ་མཆོད་འདི་ཀུན་རིག་ཆེ་བའི་སྐབས་ཡིན་བརྒྱད་པའི་ཆུང་བ་མི་བཞད་དོ། མཆན། པའི་ལྷ་མོ་སྣ་ཚོགས་དང་བཅས་པའོ། ༈ །མི་འཁྲུག་རྒྱལ་བ་ལྷ་དགུ་ཡི། །དཀྱིལ་འཁོར་དབུས་ནས་རིམ་པ་བཞིན། །ཆ་ཕྲན་བཞི་གཅིག་དགུ་གཅིག་རྣམས། །ཟླུམ་པོར་བསྐོར་བ་ལྟེ་བ་དང་། །གེ་སར་འདབ་མ་མུ་ཁྱུད་དེ། །ཁྱམས་


KMC001_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆ་གཅིག་རྭ་རྩེའི་ཕྱིར། །ཆ་ཕྲན་གཅིག་དང་གསུམ་ཟླུམ་པོར། །བསྐོར་བ་རྡོ་རྭ་མེ་རི་དང་། རྟ་བབས་སྣམ་བུ་བཞི་མ་བྱ། ༈ །ཚོན་ནི། དབུས་ཀྱི་ལྟེ་བ་ལྗང་། འདབ་བརྒྱད་ཀྱི་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། མཚམས་བཞི་མཛེས་ཚོན། སྒོའི་ནང་ཁྱམས་ཀྱི་ཕྱོགས་མདོག་ཕྱོགས་བཞིའི་འདབ་མའི་མདོག་ཅན། རྩིག་པ་ནང་ནས་སྔོ་དཀར་སེར་དམར་ལྗང་ལྔ་སྦྲགས། འདོད་སྣམ་ནས་བཟུང་མེ་རིའི་བར་སྤྱི་མཐུན་ལ་སྒོ་བཞིར་ཐེམ་སྐས་ཀྱིས་མཛེས་པ། ཕྱི་ཁྱམས་ལྗང་ཁུའོ། །ལྷ་མཚན་ནི། དབུས་ཀྱི་པད་ཟླ་ལ་རྡོ་རྗེ་སྔོན་པོ། འདབ་བརྒྱད་དུ་ཟླ་གདན་ལ་ཤར་དུ་ལྷ་མོ་དཀར་མོས་དཔལ་བེའུ། ལྷོར་དམར་མོས་པདྨ། ནུབ་ཏུ་སྔོན་མོས་གདུག །བྱང་དུ་ལྗང་བུས་དུང་། མེར་དཀར་མོས་འཁོར་ལོ། ལྷོ་ནུབ་ཏུ་སྔོན་མོས་རྒྱ་མཚན། ནུབ་བྱང་དུ་དམར་སྐྱས་བུམ་པ། བྱང་ཤར་དུ་ལྗང་ཁུས་ཉ་འཛིན་པ་རྣམས་ཕྱག་མཚན་ནམ། ཚོན་སྤུངས་སམ། ས་བོན་འགོད་ན་དབུས་སུ་ཧཱུྃ། ཧོ། འདབ་བརྒྱད་ལ་ཤར་


KMC001_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གཡས་བསྐོར་དུ། པཾ་དཀར། པཾ་དམར། ཚཾ་སྔོ། ཤཾ་ལྗང་། ཅཾ་དཀར། སྟཾ་སྔོ། ཉཾ་དམར་སྐྱ། ལཾ་ལྗང་རྣམས་སོ། ༈ །འཆི་བདག་ཕྱག་ན་རྡོ་རྗེ་མཚན་འཇོམས་པའི་དཀྱིལ་འཁོར་ནི། །དབུས་ནས་ཆ་ཕྲན་གཉིས་གཅིག་བཞི། །གཅིག་གིས་བསྐོར་བས་འཁོར་ལོ་ཡི། །ལྟེ་བ་རྩིབས་གནས་མུ་ཁྱུད་འབྱུང་། །ཆ་ཆེན་གཉིས་ནི་ཁྱམས་ཡིན་ཅིང་། །སྒོ་སོགས་སྤྱི་དང་མཚུངས་པ་ལ། རྟ་བབས་གཉིས་མཉམ་དགུ་མཉམ་བྱ། །རྭ་རྩེའི་ཕྱི་ནས་ཆ་ཕྲན་ནི། །གཉིས་གཉིས་བཞི་བསྐོར་པད་རྭ་དང་། །རྡོ་རྭ་མེ་རིའི་ཕྲེང་བའོ། ༈ །ཚོན་ནི། དབུས་སུ་འཁོར་ལོ་སྔོན་པོ་རྩིབས་བཞི་པའི་མུ་ཁྱུད་ལ་རྡོ་རྗེ་དཀར་པོའི་ཕྲེང་བ། འཁོར་ལོའི་དབུས་ཀྱི་ལྟེ་བ་དཀར། འཁོར་ལོའི་འོག་གཞི་དང་ནང་ཁྱམས་ཀྱི་ཤར་དཀར་སྔོ་གང་རུང་། ལྷོ་སེར། ནུབ་དམར། བྱང་ལྗང་། རྩིག་པ་ནང་ནས་དཀར་ལྗང་དམར་སེར་སྔོ་བ་པཉྩ་རེ་ཁཱ་ཞེས་སོ། །ལྷ་སྣམ་ནས་བཟུང་པད་ར་བར་སྤྱི་འགྲེལ། རྡོར་གདན་སེར་པོའམ་ཕྱོགས་མདོག་གི་ངོས་སུ་རྡོ་རྗེསྔོན་པོའི་ཕྲེང་བ། མེ་རི་སྤྱི་འཐུན་ལྟར་ལ།


KMC001_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མཚན་ནི། དབུས་སུ་རྡོ་རྗེ་དཀར་པོ། རྩིབས་བཞི་ཤར་དུ་རྡོ་རྗེ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་སྣ་ཚོགས་རྡོ་རྗེ། ལྷ་སྣམ་ལ་པད་ཟླའི་སྟེང་དུ་ཤར་ལྷོར་བདུག་པ་མ་དཀར་མོ། ལྷོ་ནུབ་ཏུ་མེ་ཏོག་མ་སེར་མོ། ནུབ་བྱང་དུ་མར་མེ་མ་དམར་སྐྱ། བྱང་ཤར་དུ་དྲི་ཆབ་མ་ལྗང་ཁུ། ཤར་སྒོར་ལྕགས་ཀྱུ་མ་དཀར་མོ། ལྷོ་སྒོར་ཞགས་པ་མ་སེར་མོ། ནུབ་སྒོར་ལྕགས་སྒྲོག་མ་དམར་མོ། བྱང་སྒོར་འབེབས་མ་ལྗང་ཁུ་དང་བཅས་པའོ། ༈ །དགེ་འདུན་འདུ་བའི་དཀྱིལ་འཁོར་ནི། །དབུས་ནས་ཆ་ཆེན་གཅིག་གཉིས་གསུམ། །ཟླུམ་བ སྐོར་སླར་ཡང་དང་པོའི་ནང་། །ཆ་ཕྲན་གཅིག་བསྐོར་ལྟེ་བ་དང་། །གེ་སར་འདབ་བརྒྱད་འདབ་བཅུའི་གནས། །ཆ་ཆེན་བཞི་ལྔ་དྲུག་པ་རྣམས། །གྲུ་བཞི་འདབ་པ་པདྨ་སྟེ། །ནང་མ་འདབ་ལྔ་བར་མ་ནི། །བཅོ་ལྔ་ཕྱི་མ་བདུན་ཡིན་ནོ། །ཆ་ཆེན་བདུན་པ་བརྒྱད་པ་གཉིས། །སྒོ་དང་སྒོ་ཁྱུད་འགྲམ་དང་ལོགས། །མཉམ་པ་རང་ཞིག་ཧར་སྒོ་བྱ། །སྒོ་ལོགས་ཕྱི་རུ་ཆ་ཆུང་ནི། །གཅིག་གི་ཀ་བ་སྒོ་ལྟེང་


KMC001_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །ཆ་ཆེན་གཉིས་ནི་ཐོག་ཡིན་ཏེ། །གཡས་གཡོན་ཀ་བའི་ཕྱི་ཐིག་ནས། །ཚངས་ཐིག་བར་དུ་བྱ་འདབ་སྦྲེལ། །མདའ་ཡབ་ཟུར་ནས་ཆ་ཆེན་གཅིག །ཆ་ཕྲན་གཅིག་གཉིས་གསུམ་བསྐོར་བ། །ཆུ་དཀྱིལ་རྡོ་རྗེའི་ཕྲེང་བ་དང་། །རྡོ་རྗེ་ཕྱེད་པ་སྣ་ཚོགས་ཀྱི། རྡོ་རྗེའི་ཕྲེང་རིམ་སུམ་ལྡན་འབྱུང་། ༈ །ཚོན་ནི། འདབ་བརྒྱད་ཀྱི་ལྟེ་བ་སེར། ཟེའུ་འབྲུ་ལྗང་། འདབ་མ་ཕྱི་ནང་ཀུན་མཛེས་ཚོན་ནམ་དམར་པོ། རྩིག་པ་སེར་པོ་ལ་རྡོ་རྗེ་སྔོན་པོའི་ཕྲེང་བ། འདོད་སྣམ་ནས་བཟུང་མདའ་ཡབ་ཀྱི་བར་སྤྱི་འགྲེ་བཞིན་ལ་སྒོའི་ཐོག་རྣམས་ཕྱོགས་མདོག་གི་རིམ་པ་གསུམ་དུ་བྱེ་བས། ལྷ་སྣམ་གྱི་ཕྱོགས་མདོག་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། འོག་མར་གཡས་ངོས་ནས་རིམ་པས་རྡོ་རྗེ་དམར་སྔོ་དཀར་གསུམ། བར་དུ་རྡོ་རྗེ་དཀར་དམར་གཉིས། སྟེང་མར་རྡོ་རྗེསྔོན་པོ་སྒྲེང་ཐབས། ཕྱི་ཁྱམས་ལྗང་ཁུ། ཆུ་དཀྱིལ་གཞི་སྔོ་སྐྱར་ཆུ་རིས་དང་ནོར་བུས་བརྒྱན་པ། སྒོ་བཞིའི་ནང་དུ་འབྲུབ་པའི་ཚུལ། དེ་ཕྱི་རོལ་གྱི་རྡོར་ཕྲེང་ནང་མ་གཞི་དམར་


KMC001_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སེར་པོའི་ཕྲེང་བ། བར་ས་གཞི་སེར་རྡོ་རྗེ་དམར་པོ་ཕྱེད་པའི་ཕྲེང་བ། ཕྱི་མ་གཞི་ལྗང་སྣ་ཚོགས་རྡོ་རྗེའི་ཕྲེང་བས་བསྐོར་བའོ། །ལྷ་མཚན་ནི་དབུས་སུ་ཧྲཱི༔འདབ་བརྒྱད་ལ་ཤར་ནས་གཡས་བསྐོར་དུ། མུཾ་སེར། ༀ་དཀར། ཏཱཾ་དཀར། ཧྲཱི༔དམར། ཧཱུྃ་ལྗང་། ཧྲཱིཿདམར། ཧཱུྃ་ལྗང་། ཧཱུྃ་ལྗང་། རྣམས་སོ། འདབ་མ་བཅུ་པར་ཤར་ནས་གཡས་བསྐོར་དུ། ཧཱུྃ་སྔོ། ཧཱུྃ་སྔོ། ཧྲཱིཿདམར། ཧྲཱི༔དམར། ཏཱཾ་སྔོ། ཏཱཾ་དཀར། དྷི༔དམར་སེར། བཻ་སེར། ཀུ་ནག ཨ༔དཀར། འདབ་མ་ལྔ་པ་མཚམས་སུ་བཞི་དང་ཤར་དུ་གཅིག་བཅས་པར་ཤར་ནས་རིམ་པས་གཡས་བསྐོར་དུ། བུཾ་དཀར། ཨཾ་དཀར། ཛིཾ་སེར། ཁཾ་དམར། ཧཱུྃ་ལྗང་། རྣམས་སོ། འདབ་མ་བཅོ་ལྔ་པ་ཤར་དུ་གསུམ། ལྷོར་བཞི། བདེན་བྲལ་དུ་གཅིག ། ནུབ་ཏུ་གཉིས། རླུང་དུ་གཅིག །བྱང་དུ་བཞི་བཅས་ཤར་ནས་རིམ་པས། ཨ་སྔོ། ཨེ་སེར། ཨར་དམར། ༀ་དཀར། ཨལྔ་ལྗང་། ཨ་དཀར། ཨི་དཀར། རཾ་སེར། ཨུ་དམར། ལྀ་ལྗང་། ཨཱལ་དཀར། ཨཽ་དཀར། ཨར་སེར། ཨཻ་དམར། ཨཱ༔ལྗང་། རྣམས་སོ། །འདབ་མ་བདུན་པ་ཤར། མེ། ལྷོ། སྲིན་པོ། རླུང་། བྱང་། དབང་ལྡན་


KMC001_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སུ་བཀོད་པར་ཤར་ནས་རིམ་པས་ཛིཾ་སེར། བཾ་སེར། ཛཾ་སེར། ཀུན་དཀར། པ་ལྗང། ཀཾ་སྔོ། རྣམས་ཏེ་ས་བོན་དང་། འདོད་སྣམ་ལ་མཆོད་ལྷའི་མཚན་མ་དང་བཅས་པའོ། ༈ །འཆི་མེད་རྔ་སྒྲའིདཀྱིལ་འཁོར་ནི། །དབུས་ན་ཆ་ཆེན་གཅིག་དང་གཉིས། །བསྐོར་ཞིང་དེའི་ནང་ཆ་ཕྲན་རེ། །བསྐོར་བ་པད་ལྟེ་གེ་སར་དང་། །འདབ་བརྒྱད་མུ་ཁྱུད་ཁྱམས་ཆ་གཅིག །རྩིག་པ་ནས་བཟུང་ཁོར་ཡུག་བཅས། །འཆི་བདག་འཇོམ་པ་ཇི་བཞིན་ནོ། ༈ །ཚོན་ནི། དབུས་ཀྱི་པདྨའི་ལྟེ་བ་ལྗང་། གེ་སར་སེར། འདབ་བརྒྱད་དམར། གང་རས་མཛེས་ཚོན། མུ་ཁྱུད་བཞི་སྔོན་མོར་རྡོ་རྗེ་དཀར་པོའི་ཕྲེང་བ། སྒོའི་ནང་ཁྱམས་ཀྱི་ཕྱོགས་མདོག་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། རྩིག་པ་ནང་ནས་དཀར་ལྗང་དམར་སེར་སྔོ་བ་ལྔ་ལྡན། འདོད་སྣམ་ནས་བཟུང་མེ་རིའི་བར་སྤྱི་འགྲོ་བཞིན་ལ། ལྷ་མཚན་ནི་དབུས་དང་འདབ་མ་བརྒྱད་ལ་ཟླ་བའི་སྟེང་དུ་ཡི་གེ་ཧྲཱི༔པད་མ་རཱ་གའི་མདོག་ཅན་ཤ་སྟག་ལས་འཆི་མེད་ཚེའི་འོད་ཟེར་མངོན་པར་འཕྲོ་བས་དུས་མིན་


KMC001_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བའི་མུན་པ་མཐའ་དག་གཏན་ནས་འཇོམས་བཞིན་པའོ། ༈ །བདེ་མཆོག་བསྟོད་འགྲེལ་དཀྱིལ་འཁོར་ནི། །སྤྱི་དང་མཚུངས་ལས་ཁྱད་པར་ནི། །རྟ་བབས་དཔངས་སུ་སྒོ་ཚད་གསུམ། །ཆ་མཉམ་དུམ་བུ་བཅུ་དྲུག་བསིལ། །གདུང་ནི་ཀ་རྒྱན་རྩེ་དང་མཉམ། །མྱོས་སྲུང་དེ་ལས་གཅིག་གིས་ཐུང་། །ཀ་ཐུང་གནས་ནི་གཅིག་གིས་ཐུང་། །དེ་ལས་གཅིག་གིས་གདུང་རིང་ཞིང་། །མྱོས་སྲུང་དེ་ལས་གཅིག་གིས་ཐུང་། །ཀ་ཐུང་གནས་ནི་གཅིག་གིས་ཐུང་། །དེ་སོགས་བདེ་བླག་རྟོགས་པའི་ཕྱིར། །བརྒྱད་བདུན་དྲུག་དྲུག་བདུན་དང་དྲུག །ལྔ་ལྔ་དྲུག་ལྔ་བཞི་བཞི་ལྔ་། །ཧརྨིའི་འོག་དྲུག་སྟེང་དུ་བཞི། །བུམ་པའི་གདན་ནི་གསུམ་དུ་འདོད། །རང་རང་ཀ་ཐུང་དབུས་ཀྱི་ཆར། །སུམ་ཆ་བཅད་ལ་མཆོད་པའི་གནས། །དབུས་སུ་བདེ་ཆེན་ཐུགས་གསུང་སྐུ། །དམ་ཚིག་འཁོར་ལོའི་ཕྱིར་དུ་ནི། །དབུས་ནས་གཅིག་གཅིག་གཉིས་གཅིག་གཉིས། །གཅིག་གཉིས་གཅིག་གཉིས་གཅིག་རྣམས་བསྐོར། །རྟ་བབས་རྩེ་ནས་ཆ་ཕྲན་ནི། །གཉིས་


KMC001_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་གཅིག་བཞིས་བསྐོར་བ་ནི། །བུམ་པ་དུར་ཁྲོད་བརྒྱད་དང་ནི། །རྡོ་རྗེའི་རྭ་བ་མེ་རིའོ། ༈ །དེ་ནས་ཚོན་མདོག་ནི། དབུས་ཀྱི་གཙོ་བོའི་པདྨ་ལྗང་ཁུ། ཟེའུ་འབྲུ་དང་བདེ་ཆེན་འཁོར་ལོའི་པདྨ་སེར་པོ། མུ་ཁྱུད་ལ་གྲི་གུག་གི་ཕྲེང་བ་ཐུགས་ཀྱི་འཁོར་ལོ་ནག །རྩིབས་མཆན་དམར། མུ་ཁྱུད་ལ་རྡོ་རྗེའི་ཕྲེང་བ། གསུང་གི་འཁོར་ལོ་དམར། རྩིབས་མཆན་དཀར། མུ་ཁྱུད་ལ་པདྨའི་ཕྲེང་བ། སྐུའི་འཁོར་ལོ་དཀར། རྩིབས་མཚན་ཕྱོགས་མདོག །མུ་ཁྱུད་ལ་འཁོར་ལོའི་ཕྲེང་བ། དམ་ཚིག་འཁོར་ལོ་དང་མཆོད་པའི་ས་བཞི་སོགས་ཕྱོགས་མདོག་ཤར་ནག །ལྷོ་དམར། ནུབ་སེར། བྱང་དཀར། རྟ་བབས་ཀྱི་གདུང་དམར། མྱོས་སུང་དམར་སེར། ཀ་ཐུང་རྣམས་མཛེས་ཚོན། མཆོད་ལྷའི་ས་ཁང་རྣམས་སྔོ། ཧ་རྨི་སེར། བུམ་གདན་དམར་པོ་སོགས་དུས་འཁོར་དང་འདྲ། རྟ་བབས་ཀྱི་བརྩེགས་མ་འོག་མའི་དབུས་མའི་གནས་ལ་ཤར་དུ་འཁོར་ལོ་ནག་པོ་དང་། གཡས་དང་གཡོན་དུ་རི་དྭགས་ཕོ་མོ། ལྷོར་བུམ་པ་དམར་པོ། གཡས་དང་གཡོན་དུ་བུམ་


KMC001_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་པདྨ། ནུབ་ཏུ་རྔ་བོ་ཆེ་དཀར་པོ། གཡས་དང་གཡོན་དུ་དབྱུག་པ་དང་ཐོ་བ། བྱང་དུ་བྱང་ཆུབ་ཀྱི་ཤིང་སེར་པོ། མིའམ་ཅི་དང་མི འམ་ཅི་མོ་རྣམས་བྲི། ཡང་ན་མཆོད་པའི་ལྷ་མོའམ། མ་འབྱོར་ན་དྲ་ཕྱེད་བྲི། དུར་ཁྲོད་རྡོ་རྭ་མེ་རི་སོགས་སྤྱི་དང་འདྲའོ། །དེ་རྣམས་ཀྱི་ལྷ་གནས་རྣམས་སུ་བསྡོམས་པ་སྤྱི་འགྲེ་བཞིན་ཕྱག་མཚན་འདྲི་ན་གཙོ་བོའི་གནས་སུ་རྡོ་རྗེ་སྔོན་པོ་རྩེ་ལྔར། མཁའ་འགྲོ་མ་བཞི་ལ་གྲི་གུག་རེ་རེ། མཚམས་བཞིར་བུམ་པ་ཐོད་པ་བཅས་པ་བཞི། ཐུགས་འཁོར་བ་རྣམས་ལ་རྡོ་རྗེ་ནག་པོ། གསུང་འཁོར་བ་རྣམས་ལ་པདྨ་དམར་པོ། སྐུ་འཁོར་བ་རྣམས་ལ་འཁོར་ལོ་དཀར་པོ། དམ་ཚིག་འཁོར་བ་རྣམས་ལ་གྲི་གུག་རེ་བྲིའོ། །ཡང་ན། སྟོད་འབྲེལ་སྒྲུབས་ཐབས་དང་བཅས་པར་འདི་རྣམས་ཀྱི་ས་བོན་གསལ་བར་གསུངས་པའི་ཕྱིར་གཙོ་བོའི་གནས་སུ་ཧཱུྃ་ཡིག་ནག་པོ་དང་། མཁའ་འགྲོ་མ་བཞི་ལ་ཤར་ནས་གཡས་བསྐོར་དུ་དྃ་ལྃ་ཁྃ་ཧཱུྃ། ཐོད་པ་བཞིའི་གནས་སུ་ཤོདྡྷ་ནས་གཡས་བསྐོར་དུ་ཨྸཱ་ཨྃ་ཨཱ༔རྣམས། སྒོ་བཞིར་


KMC001_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ནས་གཡོན་བསྐོར་དུ་ཁྃ་ཨུྃ་ཤྭྃ་སུྃ་རྣམས་དང་། མཚམས་བཞིར་ཡྃ་རེ་བྲིའོ། །ཐུགས་ཀྱི་འཁོར་ལོ་ཤར་དང་བྱང་ཤར་ནས་གཡོན་བསྐོར་དུ་པྲྃ་ཙྃ་པྲྃ་མྃ་སུྃ་ཁྃ་ལྃ་དྲུྃ། གསུང་འཁོར་བ་ལའང་དེ་ལྟ་བུའི་རིམ་པས། ཨྃ་མྃ་བྃ་སུྃ་བྷྱྃ་སུྃ་ཧྃ་ལྃ། ཙྃ་ཁྃ་ཤྃ་ཙྃ་སུྃ་མྃ་ཙྃ་མྃ། ཞེས་པ་རྣསས་ཀྱང་རུང་ངོ་། ༈ །སྒྲོལ་མ་རྣལ་འབྱོར་མ་ཡི་ནི། །དཀྱིལ་འཁོར་སྤྱི་དང་འདྲ་བ་ལས། །རྟ་བབས་སྒོ་ཚད་གཅིག་ཏུ་བྱ། །སྣམ་བུ་བཞི་པར་བྱེད་ན་ནི། །སྣམ་བུ་འོག་མ་ཀ་རྒྱན་མཉམ། །གཉིས་པ་ཆ་ཆུང་རེ་རེས་རིང་། །གསུམ་པ་མུན་པའི་སྣམ་བུ་མཉམ། །བཞི་པ་དེ་ལས་གཅིག་གིས་བསྐུམ། །གསུམ་པ་དབུས་སུ་ཚངས་ཐིག་གི །གཡས་གཡོན་ཆ་ཆུང་རེ་རེ་དང་། །གཉིས་པ་ལ་ནི་གསུམ་གསུམ་དང་། །དང་པོ་ལ་ནི་གཉིས་གཉིས་ཏེ། །ཡང་ན་གླང་རྒྱབ་མིག་གསུམ་བྱ། །སྣམ་བུ་བཅུ་གཅིག་སྤྱི་དང་མཚུངས། །དེ་ཡི་ནང་ཚན་གསུམ་པོ་ཡང་། །ཇི་ལྟར་འདོད་པ་སྦྱར་དུ་རུང་། །ཀ་བ་རྒྱན་མུན་པ་དང་། །རྩིག་པའི་ཐིག་ལ་རེག་པར་གདབ། །རྟ་བབས་ཀྱི་ནི་


KMC001_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་གཡོན་དུ། །མཆོད་རྟེན་གཉིས་ན་བྱ་བར་འདོད། །ཆེ་ཆུང་གཉིས་ནི་སྟེགས་བུ་སྟེ། །དེ་ནས་ཆ་གཉིས་ནི་དྲིལ་བུའོ། །བཞི་པ་བུམ་པའི་གནས་སུ་འདོད་ཆ་གཅིག་གི་བྲེ་ཏོག་བཅས་བྱ། མཆན། རྩིག་པའི་ནང་གི་ཁྱད་པར་ནི། །བཞི་པ་དང་ནི་གསུམ་པ་གཉིས། །ཕྱེད་གདབ་ནང་མའང་ཕྱེད་གདབ་པས་རིམ་པ་བཞི། མཆན། །ཕྱི་ནས་རིམ་བཞིན་ཁྱམས་དང་ནི། །དྲག་པོ་དབང་དང་ལས་སྣ་ཚོགས། །རྒྱས་དང་ཞི་བའི་སྣམ་བུའོ། །དེའི་ནང་དབུས་སུ་ཆ་གཉིས་མཐར། །ཆ་ཆུང་གཅིག་གི་གདུང་དང་ནི། །དེ་མཐར་ཆ་ཆེན་གཅིག་གི་མཐར། །ཆ་ཕྲན་གཅིག་གིས་ཟླུམ་པོར་བསྐོར། །མདའ་ཡབ་ཟུར་ནས་ཆ་ཕྲན་བཞི། །གཅིག་དང་གསུམ་གྱིས་བསྐོར་བ་ནི། །དུར་ཁྲོད་རྡོ་རྭ་མེ་རིའོ། ༈ །དེ་ནས་ཚོན་བཀྱེ་བའི་རིམ་པ་ནི། དབུས་ཀྱི་གདུང་དང་ཀ་བ་ནག་པོ། རེའུ་མིག་དགུ་དང་གྲུ་ཆད་བཞི་སྔོན་པོ་ལ་ཨུཏྤལ་དམར་པོ་སིལ་མར་བཀྲམ་པ་བྲི། དེ་ནས་སྣམ་བུ་ལྔ་ནང་ནས་རིམ་བཞིན་དཀར་སེར་ཁྲ་བོ་དམར་པོ་ནག་པོ། ལྷ་སྣམ་ཕྱོགས་མདོག་


KMC001_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

རྩིག་པ་ནང་ནས་ལྗང་དམར་སེར་ནག་དཀར། ཕ་གུ་ནས་བྲ་ཕྱེད་འཕྱངས་པ་བྲི། མཆོད་རྟེན་དཀར། ཁྱམས་ལྗང་གུ། དབུས་སུ་ཨུཏྤལ་སྔོན་པོ། ཕྱོགས་བཞིར་པད་དཀར་དང་། གསེར་བུམ་དང་། ལྕགས་ཀྱུ་དང་། རལ་གྲི་བཅས་ཕྱོགས་མདོག །མཚམས་བཞིར་ཨུཏྤལ་རེ་བྲི་ཞིང་དེའི་མདོག་ཀྱང་ཤར་ལྷོ་དཀར། ལྷོ་ནུབ་སེར། ནུབ་བྱང་དམར། བྱང་ཤར་སྔོ་ནག ། གྲུ་བཞིར་ཐོ་བ། རལ་གྲི། དབྱུག་ཐོ། ཕུར་བུ། ལས་སྣམ་བུའི་ཁ་དོག་ནི་གཡས་བསྐོར་གྱིས་དཀར་སེར་དམར་སྔོ་ལྗང་བཅས་ལ། སྒོ་བཞིར་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག ། དྲིལ་བུ་བཅས་བྲི། དུར་ཁྲོད་དང་རྡོ་རྭ་མེ་རི་སོགས་སྤྱི་བཞིན་ནོ། ༈ །གཏེར་ཆེན་ཀརྨ་གླིང་པ་ཡི། །གཏེར་བྱོན་ཞི་ཁྲོའི་དཀྱིལ་འཁོར་ནི། །གྲུ་བཞི་སྒོ་བཞི་རྟ་བབས་ནི། །སྣམ་བུ་བཞི་མ་སྤྱི་བཞིན་ལ། །དབུས་ནས་ཆ་ཕྲན་ཕྱེད་བཞི་ཕྱེད། །ཕྱེད་བཞི་ཕྱེད་དང་དེའི་ཕྱི་ནས། །གཉིས་དང་ཕྱེད་ཀྱིས་ལན་གསུམ་བསྐོར། །ལྟེ་བ་གེ་སར་པད་རིམ་བཞི། །མུ་ཁྱུད་དང་བཅས་འབྱུང་ཞིང་ཕྱིར། །ཆ་


KMC001_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲན་ཕྱེད་ནི་ཁྱམས་ཡིན་ནོ། །དབུས་ནས་ཆ་ཕྲན་བཞི་ཕྱེད་བཞི། །ཕྱེད་གཉིས་ཕྱེད་གཉིས་ཕྱེད་གཉིས་དང་། །ཕྱེད་ཀྱིས་བསྐོར་བ་ཕྱི་ནང་གི །པདྨ་རྣམས་ཡིན་ཕྱེད་ནི་ཁྱམས། །མདའ་ཡབ་རྩེ་ནས་གཉིས་དང་བཞི། །བསྐོར་བ་རྡོ་རྭ་མེ་རིའོ། ༈ །ཚོན་མདོག་ནི། དབུས་ཀྱི་ལྟེ་བ་སེར། མུ་ཁྱུད་དམར། དེའི་ཕྱིར་འདབ་མ་བཞི་ནི་ཤར་ནུབ་ལྗང་། ལྷོ་བྱང་སྔོ། མུ་ཁྱུད་དམར། དེའི་ཕྱིར་འདབ་མ་བརྒྱད་ནི་ཕྱོགས་བཞི་ལྗང་། མཚམས་བཞི་སྔོ། །མུ་ཁྱུད་སྔོ། དེའི་ཕྱིར་འདབ་བརྒྱད་ནི་ཕྱོགས་བཞི་དམར། མཚམས་བཞི་ལི་ཁྲི་མདོག །མུ་ཁྱུད་དམར།དེའི་ཕྱིར་འདབ་མ་དྲུག་ནི་ཤར་གྱི་གཡོན་ཟུར་ནས་རིམ་བཞིན་ལྗང་སྔོ་ལྗང་སྔོ་ལྗང་སྔོ་མུ་ཁྱུད་ནག་ཁྱམས་ཕྱོགས་མདོག་བཅས་གཞན་རྣམས་སྤྱི་བཞིན་ནོ། །ལྷ་མཚན་ཐིག་ལེ་འགོད་པ་ནི། །དབུས་སུ་ཐིག་ལེ་སྨུག་ནག་གཉིས། དཀར་པོ་སྔོན་པོ་བཅས་བརྩེགས་མ་དང་། ཤར་གྱི་འདབ་མར་ཐིག་ལེ་སྔོན་པོ་གཉིས་བརྩེགས་མ་དང་། དེའི་ཕྱོགས་བཞིར་དཀར་པོ་བཞི་


KMC001_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

འགོད། དེ་བཞིན་དུ་ལྷོ་ཡི་འདབ་མར་ཐིག་ལེ་སེར་པོ་དྲུག །ནུབ་ཏུ་དམར་པོ་དྲུག །བྱང་དུ་ལྗང་གུ་དྲུག །དེའི་ཕྱིར་འདབ་མ་བརྒྱད་ལ་ཤར་དུ་ཐིག་ལེ་དཀར་པོ། ཤར་ལྷོ་དང་ལྷོ་གཉིས་སུ་ཐིག་ལེ་སེར་པོ། ལྷོ་ནུབ་ཏུ་ལྗང་གུ། ནུབ་ཏུ་དམར། ནུབ་བྱང་དུ་སེར། བྱང་དུ་ལྗང་གུ། བྱང་ཤར་དུ་སྔོན་པོ་བཅས་སོ། །དེའི་ཕྱིར་འདབ་མ་བརྒྱད་ལ་ཤར་དུ་སྨུག །ཤར་ལྷོར་དམར། ལྷོར་ནག །ལྷོ་ནུབ་ཏུ་སྔོ། ནུབ་ཏུ་སེར། ནུབ་བྱང་དུ་དམར། བྱང་དུ་ནག །བྱང་ཤར་དུ་སྔོན་པོའོ། །དེའི་ཕྱིར་འདབ་མ་དྲུག་ལ་རིམ་བཞིན་ཐིག་ལེ་དཀར། ལྗང་། སེར། སྔོ། ནག །དམར། །བཅས་གཡས་བསྐོར་དུའོ། །སྒོ་བཞིར་ཕྱོག་མདོག་མཐུན་པའི་ཐིག་ལེ་གཉིས་རེ་དགོད་དོ། །ཕྱི་ཁྱམས་སུ་གཡས་བསྐོར་གྱིས་རིམ་བཞིན་ཤར་དུ་སྨུག །སེར། ལྗང་། དཀར། ལྗང་། དཀར། དམར་བཅས་བདུན་ལྷོར་སེར། དམར། དམར། སེར། དཀར། ལྗང་། ནག་བཅས་བདུན། ནུབ་ཏུ་ལྗང་། དམར། དཀར། དམར། དམར། དམར། ལྗང་བཅས་བདུན། བྱང་དུ་ལྗང་།


KMC001_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

དམར། དཀར །ལྗང་། དམར། ལྗང་། ལྗང་བཅས་བདུན་སྟེ་ཉེར་བརྒྱད་དོ། །མེ་རིའི་ཕྱིར་གྲྭ་བཞིར་བུམ་པ་མེ་ཏོག་དཀར་པོས་ཁ་བརྒྱན་པ་བཞི་བྲི་བར་བྱའོ། ༈ །མི་འགྱུར་རྡོ་རྗེའི་གཏེར་བྱོན་གྱི། །པདྨ་བཛྲ་དཀྱིལ་འཁོར་ནི། །སྤྱི་མཚུངས་རྟ་བབས་སྣམ་བཅུ་གཅིག །དབུས་ནས་ཆ་ཕྲན་བཞི་དང་ནི། །སུམ་ཚན་བཞི་ཡིས་བསྐོར་བྱས་ལ། །རང་རང་ནང་ནས་ཆ་ཕྲན་ནི། །ཕྱེད་རེས་མུ་ཁྱུད་བསྐོར་བར་བྱ། །རྭ་རྩེའི་ཕྱི་ནས་བཞི་གཅིག་བཞི། །བསྐོར་བ་དུར་ཁྲོད་བརྒྱད་དང་ནི། །རྡོ་རྗེའི་རྭ་བ་མེ་རིའོ། ༈ །ཚོན་འདེབས་ཚུལ་ནི་ལྟེ་བ་སྔོ། །གེ་སར་དམར་སེར། དེའི་ཕྱིར་འདབ་མ་ལྔ་དམར་པོ། མུ་ཁྱུད་སེར།དེའི་ཕྱིར་འདབ་མ་བརྒྱད་སེར་པོ། མུ་ཁྱུད་དམར། དེའི་ཕྱིར་འདབ་བརྒྱད་དམར། མུ་ཁྱུད་སེར། །དེའི་ཕྱིར་འདབ་བརྒྱད་ཅུ་ལ་ཤར་གྱི་འདབ་བཅུ་སྔོ། ཤར་ལྷོའི་འདབ་བཅུ་དཀར། ལྷོ་ཡི་འདབ་བཅུ་སེར། ལྷོ་ནུབ་འདབ་བཅུ་སེར། ནུབ་ཀྱི་འདབ་བཅུ་དམར། བྱང་གི་འདབ་བཅུ་ལྗང་། བྱང་ཤར་འདབ་བཅུ་ལྗང་


KMC001_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་སོ། །ཁྱམས་ནི་ཕྱོགས་ཐམས་ཅད་སྔོན་པོ་གཞན་རྣམས་སྤྱི་དང་འདྲ། ལྷ་མཚན་ནི། དབུས་སུ་ཐིག་ལེ་སྔོན་པོ། དེ་ཡི་མདུན་ཕྱོགས་གཡས་གཡོན་དུ་ཐིག་ལེ་སྔོན་པོ་རེ། དེའི་ཕྱིར་འདབ་མ་ལྔ་ལ་མདུན་ནས་རིམ་བཞིན་ཐིག་ལེ་སྨུག ། དཀར། སེར། དམར། ལྗང་བཅས་དང་། དེའི་ཕྱིར་འདབ་མ་བརྒྱད་ལ་ཤར་ནས་རིམ་བཞིན་དཀར། སྨུག ། སེར། སེར། དམར། སྔོ། དུད་ཁ་སྔོ་སྐྱ་བཅས། དེའི་ཕྱིར་འདབ་མ་བརྒྱད་ལ་ཤར་ནས་རིམ་བཞིན། སྔོ། དཀར། སེར། དམར། མུག །སེར། སྔོ། སྨུག་ནག་བཅས། དེའི་ཕྱིར་འདབ་མ་བརྒྱད་ཅུ་ལ་རང་རང་མདོག་མཚུངས་ཀྱི་ཐིག་ལེ་འགོད་དོ། །སྒོ་བཞིར་ཤར་དུ་ཐིག་ལེ་སྔོ་དཀར། ལྷོར་སེར་དམར། ནུབ་ཏུ་དམར་སྨུག །བྱང་དུ་ལྗང་ནག་བཅས་འགོད་དོ། ༈ །ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་གྱི། །དཀྱིལ་འཁོར་རྟ་བབས་སྣམ་བཞི་ལ། །ཕྱི་བཞིན་དབུས་ནས་ཆ་ཕྲན་གསུམ། །གཅིག་གིས་བསྐོར་བའི་ལྟེ་བ་དང་། །གེ་སར་འབྱུང་ཞིང་དེའི་ཕྱི་ནས། །ཆ་ཕྲན་གཉིས་ཀྱིས་ལན་ལྔ་བསྐོར། །


KMC001_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་མ་རྣམས་འབྱུང་དེའི་ཕྱི་རུ། །ཆ་ཕྲན་གཅིག་གི་མུ་ཁྱུད་དང་། །ཆ་ཕྲན་གཅིག་ནི་ཁྱམས་སུ་འདོད། །མདའ་ཡབ་ཟུར་ནས་ཆ་ཕྲན་ནི། །བཞི་གཅིག་གསུམ་བསྐོར་དུར་ཁྲོད་དང་། །རྡོ་རྗེའི་དྲ་བ་མེ་རིའོ། ༈ །ཚོན་ནི། ལྟེ་བ་ལྗང་། གེ་སར་དམར་སེར། དེའི་ཕྱིར་འདབ་མ་བརྒྱད་ལ་ཕྱོགས་བཞི་དམར། ཤར་ལྷོ་སེར། ལྷོ་ནུབ་ལྗང་། ནུབ་བྱང་སེར། བྱང་ཤར་སྔོ། དེའི་ཕྱིར་འདབ་མ་བཅུ་ལ་ཤར་གྱི་གཉིས་སྔོན་པོ། ཤར་ལྷོ་དཀར། ལྷོ་སེར། ལྷོ་ནུབ་སྔོ། ནུབ་ཀྱི་གཉིས་དམར་སེར། ནུབ་བྱང་དམར། བྱང་ལྗང་། བྱང་ཤར་དཀར་པོའོ། དེའི་ཕྱིར་འདབ་མ་བཅུ་ལ་ཤར་གྱི་གཉིིས་དཀར། སྔོ། ཤར་ལྷོ་དཀར། ལྷོ་དང་ལྷོ་ནུབ་སེར། ནུབ་ཀྱི་གཉིས་དམར། དཀར། ནུབ་བྱང་དམར། བྱང་དང་བྱང་ཤར་ལྗང་། དེའི་ཕྱིར་འདབ་མ་དྲུག་ལ་ཤར་ནས་གཡས་བསྐོར་གྱིས་དཀར། སྔོ། དམར། སེར། ལྗང་། ནག་བཅས། དེའི་ཕྱིར་འདབ་མ་བཅུ་དྲུག་ལ་ཤར་གྱི་བཞི་དཀར། ལྷོ་ཡི་བཞི་སེར། ནུབ་ཀྱི་བཞི་དམར། བྱང་གི་


KMC001_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལྗང་གུའོ། །དེའི་ཕྱིར་མུ་ཁྱུད་ནག་པོ་བྱ། ཁྱམས་ཕྱོགས་མདོག །རྩིག་པ་ནང་ནས་རིམ་བཞིན་དཀར། སྔོ། སེར། དམར། ལྗང་། འདོད་སྣམ་དམར་པོ་ལ་པདྨས་བརྒྱན་པ། ཕ་གུ་སེར་པོ་རིན་པོ་ཆེས་བརྒྱན་པ། མུན་ཁྱམས་མཐིང་ནག་དྲྭ་ཕྱེད་དཀར་པོ་དང་འཁོར་ལོས་བརྒྱན་པ། ཤར་བུ་སྔོན་པོ་ལ་རྡོ་རྗེ་དང་། །མདའ་ཡབ་དཀར་པོ་རྒྱ་གྲམ་གྱིས་བརྒྱན་པའོ། །དཀྱིལ་འཁོར་ཤར་གྱི་རྟ་བབས་གཞི་དཀར་པོ་ལ་དགའ་འཁྱིལ་དང་རྡོ་རྗེ། ལྷོ་ཡི་རྟ་བབས་སེར་པོ་ལ་རིན་པོ་ཆེ། ནུབ་ཀྱི་རྟ་བབས་དམར་པོ་ལ་པདྨ། བྱང་གི་རྟ་བབས་ལྗང་གུ་ལ་རྒྱ་གྲམ་གྱིས་མཚན་པ་ནི། རྟ་བབས་ཀྱི་སྟེང་དུ་ཆོས་འཁོར་དང་དེའི་རྩེ་མོར་རྒྱལ་མཚན་ལ་ཉི་ཟླ་ནོར་བུའི་ཏོག་གི་སྤྲས་པ། གཡས་གཡོན་དུ་རི་དྭགས་ཕོ་མོ། མདའ་ཡབ་ཀྱི་རྩེར་བཀྲ་ཤིས་པའི་རྟ་བབས་བརྒྱད་སོགས་བྲི་བར་བྱའོ། །དུར་ཁྲོད་དང་རྡོ་རྭ་མེ་རི་སྣ་ལྔ་གཡས་བསྐོར་དུ་འབར་བ་བྲི། ལྷ་མཚན་འགོད་པ་ནི་དབུས་སུ་ཐིག་ལེ་དམར་པོ། ཤར་གྱི་འདབ་མ་ནས་བཟུང་གཡས་བསྐོར་


KMC001_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཐིག་ལེ་དཀར། དམར། སེར། དམར། དམར། སྔོ། ལྗང་སྨུག་བཅས་དང་། དེའི་ཕྱིར་འདབ་མ་རིམ་པ་གསུམ་ནི་སོ་སོའི་པད་འདབ་ཀྱི་མདོག་མཚུངས་ཀྱི་ཐིག་ལེ་བྱའོ། །པད་འདབ་ཕྱི་མ་ནི་ཤར་གྱི་འདབ་མ་བཞི་ནས་རིམ་བཞིན་གཡས་བསྐོར་གྱིས་དཀར། སྔོ། སེར། ལྗང་། སེར། ལྗང་། སྔོ། དཀར། སེར། དམར། དམར། སྔོ། སེར། ལྗང་། སྨུག །དཀར། དམར་བཅས་སོ། །དཀྱིལ་འཁོར་ཤར་སྒོར་ཐིག་ལེ་དཀར་པོ་གསུམ། ལྷོ་སྒོར་ཐིག་ལེ་སེར་པོ་གསུམ། ནུབ་སྒོར་ཐིག་ལེ་དམར་པོ་གསུམ། བྱང་སྒོར་ཐིག་ལེ་ལྗང་གུ་གསུམ་བཅས་འགོད། དཀྱིལ་འཁོར་ཕྱིའི་དུར་ཁྲོད་དུ་མཆོད་རྟེན་བརྒྱད་ཀྱི་དྲུང་ཤར་དུ་ཐིག་ལེ་ནག་པོའམ་སྔོ། ཤར་ལྷོ་མཐིང་ནག །ལྷོར་དམར་ནག །ལྷོ་ནུབ་ཏུ་ནག །ནུབ་ཏུ་མཐིང་ནག །ནུབ་བྱང་དུ་མཐིང ་ནག །བྱང་ཕྱོགས་མཐིང་ནག །བྱང་ཤར་དུ་སྨུག་ནག་བཅས་དང་། །ཕྱོགས་སྐྱོང་ཞིང་སྐྱོང་གྲུབ་ཆེན་ཀླུ་སོགས་སྤྱི་བཞིན་བྱའོ། ༈ །ཡེ་ཤེས་མགོན་པོ་བེར་ཆེན་གྱི། །དཀྱིལ་


KMC001_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བྲི་ཚུལ་འདིར་བཤད་བྱ། །ཚངས་ཐིག་དང་པོ་ལེགས་བཏབ་ནས། །དབུས་ནས་ཟླུམ་པོར་བསྐོར་བྱས་པའི། །ཚད་དེས་ཚངས་ཟླུམ་འཕྲད་མཚམས་ནས། །གཡས་གཡོན་བྱ་རྗེས་བཙལ་བའི་སྟེང་། །གྲུ་གསུམ་རྩ་ཐིག་གདབ་པར་བྱ། ནུབ་ཀྱི་ཚངས་ཟླུམ་འཕྲད་མཚམས་ནས། །སྔ་མའི་ཚད་དེས་གཡས་གཡོན་དུ། །མཚན་མ་བྱས་སྟེང་ཟུར་གཉིས་སུ། །སྤྲད་ལ་ཐིག་གཉིས་གདབ་པར་བྱ། །རྩ་ཐིག་ནས་ནི་ལྟེ་བའི་བར། །ཚད་དེས་གྲུ་གསུམ་རྩེ་ལ་ནི། །མཚན་མ་བྱས་ལ་མདའ་ཐིག་གདབ། །རྩ་ཐིག་མདའ་ཐིག་གཉིས་ཀྱི་བར། །ལོགས་ནས་བཞལ་བའི་ཚད་དེ་ཡི། །གྲུ་གསུམ་རྩེ་ནས་མཚན་མ་བྱ། །དེ་སྟེང་ཐིག་གདབ་ཕྱེད་བགོས་འབྱུང་། །ནང་མ་དབུས་དོར་མཐའ་གཉིས་གདབ། ཕྱི་མ་ཕྱེད་བགོས་ཕྱི་ཕྱེད་གདབ། །སྒོ་དང་རྟ་བབས་བྱེད་ཚུལ་ནི། །མདའ་ཡབ་ཕྱི་རོལ་སྒོ་ཚད་བཞི། །དང་པོ་གསུམ་པ་ཆ་བཞིར་དགོས། །གཉིས་དབུས་ཆ་ཆུང་གཅིག་བཅད་བྱ། །བཞི་ལ་ཆོས་འཁོར་གདུགས་ཀྱི་ས། །འདོད་སྣམ་མདའ་ཡབ་ཕྱི་


KMC001_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་དང་། །ཚངས་ཐིག་འཛོམ་སའི་གཡས་གཡོན་དུ། །སྒོ་ཚད་གཉིས་གཉིས་དོར་བ་ལ། །ནང་མ་ཕྱེད་གདབ་ཕྱི་ཕྱེད་གདབ། །ཕྱི་མ་ཆ་བཞིར་བགོ་བར་བྱ། །རྟ་བབས་སྣམ་བུ་བཅུ་གཅིག་གི །གཉིས་པ་གསུམ་པ་བཞི་པ་རྣམས། །མཐའ་ནས་ཆ་ཕྲན་རེ་རེ་བསྣན། །ལྔ་པ་བརྒྱད་དགུ་བཅུ་རྣམས་ལ། །མཐའ་ནས་ཆ་ཕྲན་རེ་རེ་དབྲི། །བདུན་པ་ལ་ནི་གཉིས་འཕྲི་ཞིང་། །བཅུ་གཅིག་པ་ལ་གསུམ་འཕྲིའོ། །དང་པོ་དང་ནི་དྲུག་པ་ལ། །འཕྲི་བ་བསྣན་པ་གཉིས་ཀ་མེད། །ཕྱི་ནས་ཚུར་རྩིས་པའི་བདུན་པ་འོག་མིའི་ནང་ཐིག་དང་། །ཚངས་པའི་ཐིག་གཉིས་འདུས་པའི་མདོར། །སྒོ་ཚད་གཅིག་གིས་བསྐོར་བ་དང་། །དེ་ནས་མཐུར་དུ་ཆ་ཕྲན་གཉིས། །སླར་ཡང་འཕྲད་དུ་ཆ་ཕྲན་གསུམ། །དོར་ཞིང་སྒོ་ཚད་ཕྱེད་ཀྱིས་བསྐོར། །གླང་རྒྱབ་ལུགས་དང་མཐུན་པ་འབྱུང་། །རྒྱུད་ནས་སྒོ་གསུམ་གསུངས་པའི་ཕྱིར། །སྣ་ཚོགས་རྡོ་རྗེ་སྤངས་བར་བྱ། །ཟུར་གསུམ་མདའ་ཐིག་རྩེ་མོ་ནས། །ཆ་ཕྲན་བཞི་གཅིག་གཉིས་གསུམ་གཉིས། །བཞི་བསྐོར་


KMC001_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་ཟེའུ་འབྲུ། །པདྨ་མཚོན་ཆའི་འཁོར་ལོ་དང་། །རྡོ་རྗེ་མེ་རིའི་ཕྲེང་བའོ། །དེ་ནས་ནང་ཐིག་འདེབས་པའི་ཚུལ། །དབུས་ནས་ཆ་ཆེན་གཅིག་གིས་བསྐོར། །དེ་ནས་རྩ་ཐིག་བར་དུ་ནི། །ཆ་མཉམ་བཞིར་བགོས་རིམ་བཞིན་བསྐོར། །ལྟེ་བའི་ཕྱི་ནས་ཆ་ཕྲན་ཕྱེད། །འཁོར་ལོ་གཞན་རྣམས་ནང་ལོགས་ནས། །ཆ་ཕྲན་ཕྱེད་རེས་མུ་ཁྱུད་བསྐོར། །ཕྱི་མའི་ཕྱི་ནས་ཆ་ཕྲན་ནི། །གཅིག་གིས་མུ་ཁྱུད་བསྐོར་བར་བྱ། །འཁོར་ལོ་བཞི་ནི་རིམ་བཞིན་དུ། །དང་པོ་རྩིབས་བརྒྱད་གཉིས་པ་བཅུ། །གསུམ་པ་བཞི་པ་རྩིབས་བརྒྱད་དང་། ༈ །དེ་ནས་ཚོན་བཀྱེ་བའི་རིམ་པ་ནི། ལྟེ་བ་མཐིང་ནག་ལ་གྲུ་གསུམ་གདན་ཐབས་སྔོན་པོ་བྱ་ཞིང་། དེའི་ཟུར་གསུམ་དང་ཕྱི་རོལ་གྱི་སྒོ་གསུམ་ཐད་ཀར་འགྲིགས་པར་བྱ། འཁོར་ལོ་བཞི་སྔོན་པོ། །རྩིབས་མཆན་རྣམས་མཛེས་ཚོན། །རྩིག་པར་ཐོད་སྐམ་ཁ་ནང་བསྟན་གྱི་ཕྲེང ་བ། འདོད་སྣམ་དམར་པོ། ཕ་གུ་སེར་པོ། དྲྭ་ཕྱེད་ནག་པོ་ལ་མི་མགོ་སྐམ་རློན་དང་། སྙིང་དང་རྒྱུ་མའི་ལྡ་ལྡི་། ཤར་བུ་སྔོན་པོ།


KMC001_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་ཡབ་དཀར་པོ། ཀ་བ་ཀ་རྒྱན་མཛེས་ཚོན། གླང་རྒྱབ་ཀྱི་ནང་ནག་པོ་ལ་མི་ལྤགས་ཀྱི་བླ་བྲེས། སྙིང་དང་རྒྱུ་མའི་དྲྭ་ཕྱེད་པདྨ་ཆོས་འཁོར་གདུགས་རྣམས་སྤྱི་མཐུན། རྟ་བབས་ཀྱི་གཡས་གཡོན་མདའ་ཡབ་ཀྱི་སྟེང་དུ་རོ་སྐྲའི་རྔ་ཡབ། མི་མགོའི་ཏོག་དང་རོ་རས་ནག་པོ་འཕྱངས་པ། མི་ལྤགས་ཀྱི་རྒྱལ་མཚན་སོགས་བྲི། ཕྱི་རོལ་གྱི་ཁྱམས་སུ་དུར་ཁྲོད་བརྒྱད་ཀྱི་བཀོད་པ། གེ་སར་སེར་པོ། པདྨ་སྣ་ཚོགས། མཚོན་ཆའི་འཁོར་ལོ་གཞི་སྔོན་པོ་ལ་མདུང་དང་། །རལ་གྲི་དང་། ཤཀྟི་དང་། དགྲ་སྟྭ་དང་། མདའ་དང་། རྩེ་གཅིག་དང་། ཕུར་བུ་དང་། གྲི་གུག་དང་འཁོར་ལོ་ལ་སོགས་པ་མཚོན་ཆ་སྣ་ཚོགས་བྲི། རྡོར་ཕྲེང་དང་མེ་རི་སོགས་སྤྱི་བཞིན་ནོ། །ལྷ་མཚན་འགོད་པ་ནི། ཆོས་འབྱུང་མཐིང་ནག་གི་དབུས་སུ་ཐིག་ལེ་ནག་པོ་དང་། སྔོ་སྐྱ། །གཡས་གཡོན་དང་རྒྱབ་ཏུ་དྲེག་པ་སྐྱ་གསུམ་གྱི་ཐིག་ལེ། སྔོ། དམར། ནག་བཅས་དང་། འཁོར་ལོ་དང་པོའི་རྩིབས་བརྒྱད་ལ་ཐིག་ལེ་སྔོན་པོ་དང་ནག་པོ་གཉིས་རེ་འགོད། འཁོར་ལོ་


KMC001_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པའི་རྩིབས་བཅུ་ལ་ཤར་དུ་ཐིག་ལེ་དཀར་པོ། ཤར་ལྷོར་ནག་པོ། ལྷོར་དམར་ནག །ལྷོ་ནུབ་ཏུ་དམར་སེར། ནུབ་ཏུ་དམར་ནག །ནུབ་བྱང་དུ་དམར་ནག །བྱང་དུ་ལྗང་ནག །བྱང་ཤར་དུ་ལྗང་གུ། ཤར་དང་བྱང་ཤར་གྱི་བར་དུ་ཐིག་ལེ་སྔོནཔོ་དང་། ནུབ་དང་ནུབ་བྱང་གི་བར་དུ་ཐིག་ལེ་སེར་པོ་བཅས། འཁོར་ལོ་གསུམ་པའི་རྩིབས་བརྒྱད་ལ་ཤར་དུ་ཐིག་ལེ་ལྗང་ནག་ལ་འཁོར་ལྗང་ནག་བརྒྱད་བཅས་དགོས། ཤར་ལྷོར་ཐིག་ལེ་སྔོ་ནག་དགུ། ལྷོར་མཐིང་ནག་དགུ། ལྷོ་ནུབ་ཏུ་དམར་པོ་དགུ། ནུབ་ཏུ་ནག་པོ་དགུ། ནུབ་བྱང་དུ་ནག་པོ་དགུ། བྱང་དུ་ནག་པོ་དགུ། བྱང་ཤར་དུ་ནག་པོ་དགུ་བཅས། འཁོར་ལོ་ཐ་མ་ལ་ཤར་ནས་གཡོན་བསྐོར་དུ་རིམ་པ་བཞིན་དུ་ཐིག་ལེ་དམར་པོ་བདུན་དང་། དཀར། སྔོ། དམར། སེར་ནག་བཅས་དང་། བྱང་ཤར་དུ་དམར། དམར། ནག །དམར། དཀར། སྔོ། ལྗང་ནག་བཅས། བྱང་དུ་ཐིག་ལེ་ནག་པོ་བདུན་དང་། དཀར། སྔོ། དམར། ལྗང་གུ་བཅས་དང་། ནུབ་བྱང་དུ་དམར། དཀར། སེར། དམར།


KMC001_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

དཀར། སྔོ། དམར་བཅས་དང་། ནུབ་ཏུ་ཐིག་ལེ་དམར་པོ་བདུན་དང་། དམར། སྨུག །སྔོ། དཀར་བཅས་དང་། ལྷོ་ནུབ་ཏུ་ཐིག་ལེ་སེར། དམར། དཀར། ལྗང་ནག །དམར། ལྗང་ནག །སེར་བཅས། ལྷོར་ཐིག་ལེ་སེར་ནག་བདུན་དང་། དཀར། སེར། དམར། སྔོ་བཅས། ཤར་ལྷོར་ཐིག་ལེ་དམར་ནག །དམར་སེར། དཀར། ལྗང་། སྔོ། དམར། དཀར། ནག་བཅས་དང་། དེའི་ཕྱི་རོལ་གྱི་མུ་ཁྱུད་དུ་ཀླུ་བརྒྱད་ཀྱི་ཀ་གདན། ལྷ་ཆེན་བརྒྱད་ཀྱི་ཀ་བ། གཟའ་བརྒྱད་ཀྱི་གདུང་། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང། ཞིང་ཆེན་རྐང་དང་རྩིབས་མའི་གྲལ་གྲབ་སོགས་བྲི། དེའི་ཕྱི་རོལ་གྱི་ཕྱོགས་བཞིར་ཤར་དུ་ཐིག་ལེ་དཀར། ལྷོར་སེར། ནུབ་ཏུ་དམར། བྱང་དུ་ནག་པོ་རྣམས་བཀོད་པར་བྱའོ། ༈ །ཞི་སོགས་ལས་བཞིའི་ཐབ་ཐིག་ནི། །ཚངས་ཟུར་བཞི་པོ་ལེགས་བཏབ་སྟེ། །དབུས་ནས་སོར་མོ་བཅུ་གཉིས་དང་། །སླར་ཡང་བཞི་པ་རིམ་གཉིས་བསྐོར། །རྒྱ་ཁྱོན་མཆུ་དང་ཁ་ཆེར་ཡིན། །དེ་དབུས་སོར་བཞི་པད་ལྟེ་བསྐོར། །


KMC001_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་ཟུར་དབུས་གཤགས་གཅུས་ཐིག་གདབ། །པད་འདབ་བརྒྱད་འབྱུང་ཞི་བ་འགྲུབ། ༈ །དབུས་ནས་ཚངས་སྟེང་སོར་མོ་ནི། །ཉེར་བཞི་ཚན་གཅིག་བརྒྱད་ཚན་གཉིས། །མཚན་མ་བྱས་ལ་དེ་སྟེང་ནས། །ཟུར་ཐིག་སྟེང་དུ་མཚན་མ་བྱ། །དེ་སྟེང་གྲུ་བཞི་ཕྱོགས་པ་ལ། །གསུམ་གསུམ་བཏབ་པས་ཐབ་རྒྱ་དང་། །མུ་རན་ཁ་ཁྱེར་ཡང་དག་འབྱུང་། །སོར་མོ་བརྒྱད་དང་བཅུ་དྲུག་གི །པདྨའི་ལྟེེ་བ་འདབ་མ་བསྐོར། །བཅུས་ཐིག་བཏབ་པས་རྒྱས་པ་འབྱུང་། ༈ ། དབུས་ནས་སོར་མོ་ཉི་ཤུ་དང་། །གསུམ་པ་གཉིས་ཀྱིས་ཟླུམ་པོར་བསྐོར། །རྒྱ་དང་མུ་རན་ཁ་ཁྱེར་འབྱུང་། །ངོས་གསུམ་ཟླུམ་པོ་ངོས་གཞན་ནི། ཐིག་གིས་བཅད་དེ་ཟླ་གམ་བྱ། །དབུས་སུ་འདབ་བརྒྱད་དེའི་སུམ་ཆས། །པད་ལྟེ་བསྐོར་བས་དབང་འགྲུབ་བོ། ༈ །དབུས་ནས་སོར་མོ་ཉི་ཤུ་དང་། །གསུམ་པ་གཉིས་ཀྱིས་ཟླུམ་པོར་བསྐོར། །དབུས་ནས་ཟླུམ་མཐའ་སོ་སོའི་ཚད། །ནུབ་ཀྱི་ཚངས་ཟླུམ་འདུས་སྟེང་ནས། །གཡས་གཡོན་བྱ་རྗེས་བཙལ་སྟེང་དུ། །རིམ་པ་བཞིན་དུ་


KMC001_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་གསུམ་བཏབ། །དབུས་ནས་གྲུ་གསུམ་ནང་མ་ལ། །རེག་པར་བསྐོར་ལ་དེའི་སུམ་ཆ། །ལྟེ་བའོ་འདབ་བརྒྱད་དྲག་པོ་འགྲུབ། ༈ །དེ་དག་གི་ཚོན་ནི་ཞི་བར་ལྟེ་བ་ལྗང་གུའི་སྟེང་དུ་རྡོ་རྗེ་དཀར་པོ། འདབ་མ་བརྒྱད་ནི་ཕྱོགས་བཞི་དམར། ཤར་ལྷོ་དང་ནུབ་བྱང་སེར། ལྷོ་ནུབ་ལྗང་། བྱང་ཤར་སྔོ་བཅས། དེ་ལྟར་ཞི་བ་ལས་ཐམས་ཅད་པ་ལ་དང་། ཞི་བ་ཁོ་ནའི་ལས་ཡིན་ན། པདྨ་ཐམས་ཅད་དཀར་པོ་ཕྱེད་པ་སོགས་ལས་ཀུན་ལ་ཤེས་དགོས་སོ། །ཁ་ཁྱེར་ལ་རྡོ་རྗེ་དཀར་པོའི་ཕྲེང་བ། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བྲི། རྒྱས་པའི་ཐབ་སེར་པོ། དབུས་སུ་རིན་པོ་ཆེ། ཁ་ཁྱེར་ལ་རིན་པོ་ཆེའི་ཕྲེང་བ། །གྲུ་བཞིར་རིན་པོ་ཆེས་མཚན་པའོ། །དབང་གི་ཐབ་དམར་པོ། དབུས་སུ་ལྕགས་ཀྱུ། ཁ་ཁྱེར་ལ་ལྕགས་ཀྱུའི་ཕྲེང་བ། གྲྭ་བཞིར་ཨུཏྤལ་དམར་པོས་མཚན་པའོ། །དྲག་པོའི་ཐབ་ནག་པོ། ལྟེ་བར་རྡོ་རྗེ་ནག་པོ་དང་། ཁ་ཁྱེར་ལ་རྡོ་རྗེ་ནག་པོའི་ཕྲེང་བ། གྲྭ་གསུམ་ལ་རྡོ་རྗེ་ནག་པོའི་སྤྲས་པ་བྲིའོ། དེ་ལྟར་བཀའ་གཏེར་རྒྱུད་


KMC001_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་རབ་འབྱམས་ཀྱི་དཀྱིལ་འཁོར་འབྲིི་བ་དང་། བློས་བསླང་པའི་ཐིགས་བཟོའི་རིམ་པ་ཇི་སྙེད་ཅིག་མཆིས་པ་ལས་འདིར་བྲི་ཆ་ལག་ཏུ་བླང་བྱའི་རིམ་པ་མདོར་ཙམ་འགོད་པ་སྟེ། དེ་ཡང་དཔལ་དུས་ཀྱི་འཁོར་ལོ་སོགས་རྒྱུད་སྡེའི་ཐིག་ཚོན་ཕལ་ཆེར་སྤྱན་ལྔ་ཆོས་གྲགས་ཀྱི་ཕྱག་བཞེས་རྒྱུན་ལས་བྱུང་བ་དང་། བདེ་མཆོག་བསྟོད་འགྲེལ། སྒྲོལ་མ་རྣལ་འབྱོར་མ་སོགས་ཇོ་ནང་པའི་གསུང་ཉིད་ཁ་བསྐངས། ཀར་གླིང་ཞི་ཁྲོ་སོགས་གཏེར་བྱོན་རྣམས་ཀྱང་མཐོང་བ་བརྒྱུད་པ་ལས་ཇི་ལྟར་འབྱུང་བ་བཞིན་ནོར་འཁྲུལ་མེད་པ་དཔྱད་གསུམ་གཙང་བའི་ལུང་རིག་གིས་གཏན་ལ་ཕབ་ཅིང་། དེང་སང་རང་རྐང་འདིར་ཕྱོགས་འདི་ལ་ཧ་ཅང་སྦྱངས་པ་དམན་པས་ཉག་ཕྲ་བར་བརྟེན། སྒྲུབ་དཀྱིལ་རྒྱུན་འཛུག་ཡོད་པའི་ཉེར་མཁོ་ཁ་ཤས་ཙམ་ལས་དུས་བདེ་སོགས་དཀྱིལ་ཆོག་ཆེ་བ་རྣམས་རས་བྲིས་ཙམ་ལ་བརྟེན་པ་ལས་སྤྲོས་པ་དོར་བ་སོགས་མཐོང་ནས་ཚུལ་འདི་ནུབ་ཏུ་ཕོངས་ཏེ་ཤཱཀྱའི་དགེ་སྦྱོང་༧ཀརྨ་ཀ་ཐེག་པ་མཆོག་གི་རྡོ་རྗེས་འོག་མིན་


KMC001_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

མཚུར་ཕུའི་གནྡྷོ་ལར་སྦྱར་བ་སྟེ་རྒྱས་པར་འདོད་ན་༧ཀུན་མཁྱེན་མི་བསྐྱོད་ཞབས་ཀྱིས་མཛད་པའི་ཉི་མ་ཆེན་པོའི་མེ་ལོང་སོགས་མཁས་གྲུབ་དམ་པ་རྣམས་ཀྱི་ལེགས་བཤད་རྒྱ་མཚོ་ལྟ་བུ་རྣམས་སུ་བལྟ་བར་བྱའོ། །སརྦ་ཐཱ་མངྒ་ལཾ་ཀུརྦཱནྟུ། འོག་མིན་མཚུར་ཕུའི་གདན་ས་ཆེན་པོར་པར་དུ་བསྒྲུབས་པའོ། །དགེའོ།། ༈ །།དུར་ཁྲོད་ཆེན་པོ་བརྒྱད་ནི། ཕྱོགས་བཞི་གཡོན་བསྐོར་དང་མཚན་བཞི་གཡས་བསྐོར་ཏེ་བརྒྱད་དུ་ཕྱེ་བས་རིམ་པ་བཞིན་བཀོད་པར་བྱ་སྟེ། དེའང་སྡོམ་འབྱུང་ལས། གཏུམ་ཤར་དྲག་དེ་བཞིན་ཚང་བྱང་ཚིང་འཁྲིགས། །རྡོ་རྗེ་ནུབ་འབར་བ་ཀེང་རུས་ལྷོ་ཅན། །དབང་བྱང་ཤར་ལྡན་དུ་ནི་མི་བཟད་བཞད། །བྱིན་ཟ་དུ་ནི་བཀྲ་ཤིས་ཤར་ལྷོ་མཆོག མུན་པ་དྲག་པོ་བདེན་བྲལ་ལྷོ་ནུབ་དུ། །རླུང་ནུབ་བྱང་ཕྱོགས་ཀི་ལི་ཀིའི་སྒྲ། །ཞེས་དང་། ཤིང་བརྒྱད་ནི། ཤར་དུ་ཤིཪྴ་ཨ་ཤྭཏྠ་། །ཀང་ཟེལ་ཕྱད་ཁྱད་པར་ཙུ་ཏའི་ཤིིང་། །པཱ་ཌ་དེ་བཞིན་ཀ་ར ཉྫ། །ལ་ཊ་སརྐ་བསྟེན། །ཅེས་པ་སྟེ་དེ་ལ། ཨཤྭཏྠ་ནི་རྟ་གནས་སྟེ་བྱང་ཆུབ་ཤིང་དང་།


KMC001_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

པཱ་ཊ་ནི་འཁོར་བྱེད་དེ་ནྱ་གྲོ་ངྷའོ། ཀ་རཉྫ་ནི། ལས་འདུལ་སྟེ་འཇམ་འབྲས་ཤིང་དང་། ཤིཪྴ་ནི་ཤི་རཱི་ཀ་སྟེ་འཚེ་བྱེད། ཀང་ཀེལ་ནི་ཀེ་ལར་གྲགས་པ་སྟེ་ཆུ་ཤིང་རྣམས་སོ། །ཡང་། །ཀེང་རུས་དང་ནི་གསལ་ཤིང་ཕུག །འཕྱང་དང་ཕྱེད་ཚིམ་པ་དང་མགོ །ཐོད་པ་བྱིན་པ་མགོ་གྲལ་དང་། །བརྩེགས་པའི་མགོ་དང་རུས་པའང་། །ཞེས་པ་དང་། ཁྲ་དར་འུག་པ་བྱ་རྒོད་དང་། །ཅེ་སྤྱང་ཅེ་སྤྱང་མོ་དང་ནི། །འོལ་བ་དང་ནི་འོལ་བ་མོ། །སེང་གེའི་གདོང་དང་སྟག་གི་གདོང་། །དྲག་ཅིང་འཇིགས་པའི་གདོང་ཅན་མ། །སྤྲུལ་ནི་བ་ལང་སྣ་ཅན་དང་། །གདོང་གཉིས་པ་སོགས་ཕྱོགས་སུ་རྒྱུ། །ཞེས་དང། གྲུབ་པ་རིག་འཛིན་དུ་མ་དང་། །དམ་ཚིག་སྤྱོད་པའི་རྣམ་འབྱོར་ལ། །རྣལ་འབྱོར་མ་ཡི་ཚོགས་རྣམས་དང་། །གནོད་སྦྱིན་རོ་ཡང་སྲིན་པོའི་ཚོགས་རྣམས་ཀྱིས། །ཀི་ལི་ཀི་ལི་ཆེན་པོ་སྒྲོགས་རྣམས་དང་། །ཞེས་སོགས་བཤད་ཅིང་། མངོན་བརྗོད་བླ་མར་ཡང་དུར་ཁྲོད་ཀྱི་མཚན་ཉིད་མང་དུ་གསུངས་སོ། །དེ་དག་ཏུ་ཕྱོགས་སྐྱོང་བརྒྱད། ཞིང་སྐྱོང་བརྒྱད། ཀླུ་


KMC001_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད། མཆོད་རྟེན་བརྒྱད། སྤྲིན་བརྒྱད། རི་བརྒྱད། ཤིང་བརྒྱད། །མེ་བརྒྱད་རྣམས་གྲངས་ངེས་ཅན་དུ་བཤད་ལ། གྲུབ་པ་དཔའ་བོ་རྣལ་འབྱོར་མ་སོགས་གྲངས་ངེས་མེད་དོ། །ཕྱོགས་སྐྱོང་བ་བརྒྱད་ནི་ཞལ་གཅིག་ཕྱག་གཉིས་པ་དང་ཕྱག་བཞི་པ་ཡང་བཤད་ཀྱང་སྔ་མ་ལེགས་ལ། དེ་ཡང་སྲིན་པོ་ཁྲོས་པ་དང་། གཞན་རྣམས་ཞི་བ་ཡིན་ཏེ། ཇི་སྐད་དུ། དེ་ཡང་བརྒྱ་བྱིན་དཀར་པོ་ཡིན། །གླང་ཆེན་ཞོན་ཅིང་ཤར་རྡོ་རྗེ་ཐོག །གནོད་སྦྱིན་བྱང་སེར་པོ་རྟ་ལ་ཞོན། །བེ་ཅོན་འཛིན་པའོ་ཆུ་ལྷ་དཀར། །ཆུ་སྲིན་ནུབ་ཞོན་པ་སྦྲུལ་ཞགས་འཛིན། །གཤིན་རྗེ་སྔོན་པོ་ལྷོ་མ་ཧེ་ཞོན། །དབྱུག་ཏོ་འཛིན་པའོ་མེ་ལྷ་དམར། །ར་ལ་ཞོན་ཅིང་ཤར་ལྷོ་བགྲང་ཕྲེང་འཛིན། །སྲིན་པོ་ནག་པོ་ལྷོ་ནུབ་རོ་ལངས་ཞོན། །རལ་གྲི་འཛིན་པའོ་རླུང་ལྷ་ལྗང་། །ཤ་བ་ཞོན་ནས་ནུབ་བྱང་བ་དན་འཛིན། །དབང་ལྡན་སྔོ་སྐྱ་བྱང་ཤར་གླང་ལ་ཞོན། །རྩེ་གསུམ་འཛིན ་པའོ་དེ་རྣམས་ནི། །རང་རང་བཙུན་མོས་གཡོན་ནས་བརྟེན། །ཞེས་པ་ལྟར་རོ། །རླུང་ལྷའི་བཞོན་པ་རི་དྭགས་ཀྲྀཥྞར་


KMC001_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་ཉིད་ལེགས་ལ། མེ་ལྷའི་བཞོན་པར་དང་ལུགས་གཉིས་ཀ་བཤད་དོ། །ཞིང་སྐྱོང་བ་བརྒྱད་ནི་ཕྱོགས་སྐྱོང་གི་གཞོན་པའི་གདོང་ཅན། མདོག་ཀྱང་དེ་དང་མཚུངས་པར་བཤད་ཅིང་། རང་ལུགས་བདེ་མཆོག་སོགས་ལ་ནི་ཡུམ་གཙོ་བོར་བྱེད་པ་ལ་ཤར་དུ་ཁའི་གདོང་ཅན་སོགས་སྒོ་མཚམས་བརྒྱད་དང་རྣམ་པ་འདྲ་བ་ལས། ཤིང་ལོའི་གསེབ་ནས་ལུས་ཕྱེད་ཐོན་པ། ཕྱག་གཡས་སྡིག་འཛུབ་དང་གཡོན་ན་ཐོད་པའི་ནང་དུ་གཏོར་མ་སྟེ། མགོ་དང་རྐག་ལག་གི་ལྷ་དུ་མ་ཁྲག་དང་བཅས་པས་གང་བ་འཛིན་པའོ། །རི་བརྒྱད་ནི། ཤར་དུ་ལྷུན་པོ་སྣ་ཚོགས་མདོག །དེ་ནས་གཡས་སྐོར་གྱི། མནྡྷ་ར་ལྗང་། གངས་རི་དཀར། མ་ལ་ཡ་སེར། དབང་ཆེན་ནག །སྤོས་ངད་ལྡན་སེར། གངས་ཅན་དཀར། དཔལ་གྱི་རི་སྔོན་པོ་རྣམས་སོ། །ཤར་ནས་གཡས་བསྐོར་དུ་མཆོད་རྟེན་བརྒྱད་ནི། རྡོ་རྗེ་དང་། འདུས་བྱས་རྡོ་རྗེ་དང་། རྡོ་རྗེ་ཆགས་པ། རྡོ་རྗེ་ནག་པོ། ཐུགས་རྡོ་རྗེ། སྐུ་རྡོ་རྗེ། རིན་ཆེན་རྡོ་རྗེ། ཆོས་རྡོ་རྗེ་རྣམས་ཁ་དོག་སོ་སོར་བཤད་ཀྱང་


KMC001_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་ཉིད་བྱ་ཞིང་ཆུ་བོ་བརྒྱད་ལ། ཀླུ་ཆེན་བརྒྱད་ལུས་ཕྱེད་ཐོན་ནས་ཐལ་མོ་སྦྱར་བ། །ཕྱོགས་རྣམས་ཕྱོགས་མདོག་དང་། །འཚམས་རྣམས་ཁ་དོག་སྣ་ཚོགས་པ་སྦྲུལ་གྱི་གདེངས་ཀ་དང་འཇུག་མ་ཅན། དེའི་ནམ་མཁར་ཁ་དོག་སྣ་ཚོགས་པའི་སྤྲིན་ཆེན་བརྒྱད་ཆར་གློགས་དང་བཅས་པ། འབར་ཞིང་འཁྲིགས་པའི་མེ་བརྒྱད་དང་། གྲུབ་ཆེན་བརྒྱད་ནི་ཕྱོགས་བཞི་གཡོན་བསྐོར་དང་། མཚམས་བཞི་གཡས་བསྐོར་དུ་ཕྱེ་བ། ཨིནྡྲ་བོ་དྷི་བཙུམ་མོར་བཅས། །ཀུ་ཀུ་རི་པ་ཁྱི་མོར་བཅས། །པདྨ་བཛྲ་ཡུམ་དང་བཅས། །ཀླུ་སྒྲུབ་སྙིང་པོ་དགེ་སློང་ཚུལ། །ཌོཾ་བྷི་ཧེ་རུ་སྟག་ལ་ཞོན། །ལུ་ཧི་པས་ནི་ཉ་རྒྱུ་གསོལ། །རྡོ་རྗེ་དྲིལ་བུ་ཡུམ་བཅས་འཕུར། །ས་ར་ཧ་ནི་མདའ་གཞུ་འཛིན། །གཞན་ཡང་མི་རོ་གསར་རྙིང་དང་། །མཐོར་བ་ཚིག་པ་ཐོད་ཚལ་སོགས། །ཀེང་རུས་རོ་ལངས་ཤ་ཟ་དང་། །ཅེ་སྤྱང་བྱ་རྒོད་སྦྲུལ་ཚོགས་སོགས། །ཞེས་པ་ལྟར་དུར་ཁྲོད་ཀྱི་བཀོད་པ་འཇིགས་ཤིང་སྐྱི་གཡའ་བར་བྱའོ། །དེ་ལྟར་དུར་ཁྲོད་བསྒོམ་པས་


KMC001_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་བ། བདེ་བ། རྟག་པ། བདག་ཡོད་པ་བཞི་དང་། དེའི་གཉེན་པོ་ལམ་དམན་པ་བཞི་རྣམས་སྦྱོང་། འབྲས་བུ་འོག་མིན་རྣམ་སྣང་རོལ་པའི་དུར་ཁྲོད་དང་། ཨོ་རྒྱན་རང་བྱུང་གི་དུར་ཁྲོད་རྣམས་མཚོན། ལམ་དུས་སུ་ཁམས་སྙིགས་མ་བརྒྱད་གསོས་སུ་གྱུར་པའི་ཡེ་ཤེས་ཀྱི་བྱེད་རྒྱུའོ། །རྡུལ་ཚོན་སྐབས་དེ་དག་རྣམས་ཀྱི་སྐུའམ་རང་རང་གིས་མདོག་མཚུངས་ཀྱི་མཚོན་སྤུངས་བྱའོ། །སརྦ་མངྒ་ལཾ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །། སརྦ་མངྒ་ལཾ།། །།


previousརྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་གྱི་ཐིག་རྩ་དང་དྲི་བྱ་ཚོན་གྱི་དབྱེ་བ་སོགས་གོ་བདེར་བཀོད་པ།no next