Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
གདན་ས་ཆེན་པོ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་སྒྲུབ་སྡེ་བསམ་གཏན་ཆོས་གླིང་གི་སྒྲུབ་པ་པོ་རྣམས་ཀྱི་ཉམས་བཞེས་ཇི་ལྟར་བགྱིད་པའི་ཚུལ་སྙིང་པོར་དྲིལ་བ་དོན་བརྒྱུད་དགོངས་རྒྱན།
   
   
   
   
   
   
   


 
previousགདན་ས་ཆེན་པོ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་སྒྲུབ་སྡེ་བསམ་གཏན་ཆོས་གླིང་གི་སྒྲུབ་པ་པོ་རྣམས་ཀྱི་ཉམས་བཞེས་ཇི་ལྟར་བགྱིད་པའི་ཚུལ་སྙིང་པོར་དྲིལ་བ་དོན་བརྒྱུད་དགོངས་རྒྱན།next

གདན་ས་ཆེན་པོ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་སྒྲུབ་སྡེ་བསམ་གཏན་ཆོས་གླིང་གི་སྒྲུབ་པ་པོ་རྣམས་ཀྱི་ཉམས་བཞེས་ཇི་ལྟར་བགྱིད་པའི་ཚུལ་སྙིང་པོར་དྲིལ་བ་དོན་བརྒྱུད་དགོངས་རྒྱན།


KMC001_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ས་ཆེན་པོ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་སྒྲུབ་སྡེ་བསམ་གཏན་ཆོས་གླིང་གི་སྒྲུབ་པ་པོ་རྣམས་ཀྱི་ཉམས་བཞེས་ཇི་ལྟར་བགྱིད་པའི་ཚུལ་སྙིང་པོར་དྲིལ་བ་དོན་བརྒྱུད་དགོངས་རྒྱན། །


KMC001_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ཤྲི་གུ་རུ་ཝེ། སྟོང་དང་སྙིང་རྗེ་ཟུང་དུ་འཇུག་པའི་གར། །བདེ་ཆེན་ཁ་སྦྱོར་བདུན་ལྡན་སྐུར་སྣང་བ། །བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་རིགས ་ཀྱི་བདག །རྡོ་རྗེ་འཆང་དངོས་ད པལ་ལྡན་བླ་མ་དང་། །རྡོ་རྗེེའི་ཡེ་ཤེས་གཅིག་གིས་སྲིད་ཞི་ཡི། །ཆོས་ཀུན་བདེ་ཆེན་འཁོར་ལོ་སྡོམ་མཛད་པའི། །ཧེ་རུ་ཀ་དཔལ་བཅོམ་ལྡན་བཙུན་མོར་བཅས། །བྱང་ཆུབ་བར་དུ་རིགས་ཀྱི་བདག་པོར་བསྙེན། །རབ་འབྱམས་ཞི་ཁྲོའི་ཚུལ་འཆང་རྒྱུད་སྡེ་བཞིའི། །ཡི་དམ་ལྷ་དང་གནས་གསུམ་ཌཱ་ཀིའི་ཚོགས། །རྡོ་རྗེེའི་སྲུང་བ་


KMC001_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པས་གྲུབ་གཉིས་ཀྱི། །འདོད་དོན་འཐའ་རུ་ཕྱིན་པའི་བདེ་ལེགས་སྩོལ། །ཞེས་བརྗོད་ནས་དེ་ལ་འདིར་རྟེན་གྱི་གང་ཟག་དབང་པོ་ཡང་རབ་ཞིག་གིས་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་ལས་བྱིན་རླབས་ཀྱི་བརྒྱུད་པ་བར་མ་ཆད་པ་སྒྲུབ་བརྒྱུད་རིན་པོ་ཆེ་འདི་པའི་ཐུན་མོང་མ་ཡིན་པའི་ཟབ་ཆོས་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་རྫོགས་པར་ནོད་དེ་སྐྱེས་བུ་ཚེ་ལོ་བརྒྱ་པའི་ཡེ་ཤེས་ཀྱི་རླུང་རྒྱུ་བའི་གྲངས་དང་མཐུན་པ་བསྐྱེད་བཟླས་རྫོགས་པའི་རྣལ་འབྱོར་ལ། ལོ་གསུམ་ཕྱོགས་གསུམ་དུ་


KMC001_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་པས་མཆོག་དངོས་གྲུབ་པ་ལ་བཞོལ་བའི་དབང་དུ་བྱས་ཏེ། སྒྲུབ་པའི་ཐོག་མཐའ་བར་གསུམ་དུ་ཇི་ལྟར་བྱ་བའི་རིམ་པ་རྣམས་དཔལ་སྤུངས་དབེན་གནས་བསམ་གཏན་ཆོས་གླིང་གི་སྒྲུབ་སྡེའི་ཕྱག་བཞེས་ཇི་ལྟར་བཞིན་གསལ་བར་འགོད་པ་ལ། སྒྲུབ་པར་འཇུག་ལ་ཉེ་བའི་ཐོག་མར་བར་ཆད་མེད་ཅིང་མཐར་ཕྱིན་པའི་ཆེད་དུ། སཱཙྪ་གཟུངས་ལྡན་དང་སྐོར་བ་གང་མང་། དགེ་འདུན་སྤྱི་ལ་མང་ཇ། བཞི་སྡེ་ལ་ཆོས་སྟོན་དྲངས། འགྲུབ་ཏུ་རུང་ན་ལམ་འཕྲང་བཅོས། སྲོག་བསླུ་ུཚེ་ཐར། སྦྱིན་གཏོང་སོགས་དགེ་བའི་རང་དཔུང་བསྐྱེད་པས་འཕྲལ་ཡུན་ཀུན་ཏུ་དགེ་བའི་གནད་དང་རྟེན་འབྲེལ་ཆེ། སྒྲུབ་པ་ལ་འཇུག་པའི་ཐོག་མར་ལག་ལེན་གཙང་དག་དང་ཚད་ལྡན་གྱི་ཆབ་གཏོར་ཉིན་ཇི་འགྲུབ་བྱ། ཐོག་མར་དགེ་བ་གསེར་གདུང ་ཁང་དུ་སྒྲོལ་མ་མཎྜལ་ཉིན་གསུམ། ལྷ་ཁང་ཁག་དང་། མགོན་ཁང་རྣམས་སུ་སྙན་ཤལ་མཆོད་འབུལ་དང་འབྲེལ་བའི་སྒྲུབ་པའི་བར་ཆད་མེད་པ་དང་སེམས་བརྒྱུད་ཆོས་དང་འབྲེལ་པའི་སྨོན་ལམ་གསོལ་འདེབས་


KMC001_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། དེ་ནས་ཟླ་བ་བཅུ་པའི་ཡར་ངོ་གཟའ་སྐར་འཕྲོད་སྦྱོར་བཟང་པོའི་སྔ་དྲོའི་ཆར། སྒར་བསང་རྒྱས་པ་བཏང་། ཕྱི་དྲོ་སྒོ་རྩར་ཆ་གསུམ་དང་འབྱུང་བཞི་བཏང་། མར་ལུགས་རྒྱུད་སྡེའི་བསྙེན་ཡིག་ལས་བྱུང་བ་ལྟར་རྒྱལ་ཆེན་སྡེ་བཞི་ལ་བསྐྱེད་བསྟིམ་རབ་གནས་ཀྱི་མཚམས་ཐོ་འཇོག །སྲུང་འཁོར་བསྒོམ་མོ། ༈ །ཉམས་ལེན་གྱི་ཐོག་མར། བགེགས་དང་བར་ཆད་ཞི་བའི་དོན་དུ་ཆོས་གླིང་ཕུར་པའི་དབང་ཁྲིད་ལུང་བྱས་ནས་རྒྱུན་ཁྱེར་ཐོག་མར་ཞག་བདུན་ཕྲག་གཅིག་ཏུ་བསྙེན་སྒྲུབ་པ་ལ་འཇུག་གོ །དངོས་གཞིའི་བསླབ་བྱ་ཉམས་ལེན་གྱི་ཐོག་མར། འཇམ་མགོན་བླ་མས་མཛད་པའི་ངེས་དོན་སྒྲོན་མེའི་སྔོན་འགྲོ་སྐོར་ཚང་བ་ནས་བཟུང་། རྗེ་ད གུ་པའི་ངེས་དོན་རྒྱ་མཚོ་སོགས་དང་། མཉམ་མེད་དྭགས་པོའི་ཐར་པ་རིན་པོ་ཆེའི་རྒྱན་སོགས་ཁྲིད་ལུང་གི་ཚུལ་དུ་འབོགས་ཏེ། དམ་འབྱོར་རྙེད་དཀའ། འཆི་བ་མི་རྟག །ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་རྣམས་བསམ་ལ་ཞག་བདུན་རེ་སྐྱབས་སེམས། ཡིག་བརྒྱ། མཎྜལ།


KMC001_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣལ་འབྱོར་བཞི་པོ་འབུམ་ཐེར་རེ་དང་ཁ་སྐོང་བཅས་འགྲོ་ངེས་ཀྱི་ཁྱོན་ཟླ་བ་ལྔའི་ཁོངས་སུ་སྔོན་འགྲོ་རྫོགས་པར་བྱ། འདི་ནས་བརྩམ་རྣམ་ཀུན་ཐམས་ཅད་དུ་ཕྱག་ཆེན་སྔོན་འགྲོ་ཞལ་འདོན་ཞོག་ཐུན་སྐབས་མ་ཆགས་པར་བྱ་དགོས། སྐྱབས་སེམས་ཀྱི་སྐབས་སུ་ཤིང་རྟའི་སྲོལ་གཉིས་གང་རུང་ངམ་གཉིས་ཆར་གྱི་བྱང་སྡོམ་འབོག །དེ་དང་རྗེས་འབྲེལ་བློ་སྦྱོང་དོན་བདུན་མའི་ཁྲིད་བཤད་ལ། འདི་ནས་བརྩམ་ཏེ་ཇི་སྲིད་འཚོའི་བར་དུ་ཉམས་ལེན་བསླབ་བྱ་དང་མི་འབྲལ་བ་བསྐྱེད་རྫོགས་གཞན་ལ་མྱོང་སྒོམ་གདེང་འཁེལ་མ་བྱུང་ཡང་འདི་ཙམ་སྐྱིད་དུས་མ་བརྗེད་། སྡུག་དུས་མ་ཤོར་བ་རྐྱེན་ངན་སོགས་དགོས་དུས་སླེབས་པར་བྱ། སྐྱབས་འགྲོའི་སྐབས་ཕྱག་འབུམ་ཐེར་ཡང་འགྲུབ་དགོས། མཎྜལ་སྐབས་གནས་མདོའི་ལུགས་གཅོད་དབང་། ཀུན་དགའི་སྐྱེད་ཚལ་ཁྲིད། ལུས་སྦྱིན་ལུང་བཅས་དེ་ནས་བརྩམ་ཟུར་གཅོད་ལུས་སྦྱིན་བསྡུས་པ་ཆགས་མེད་དང་ཉེར་དགུ་ནམ་ཁེལ་གདོན་ཚོགས་དགུ་མ་གསུང་དགོས། ༈ ལོ་དུས་དང་ཟླ་


KMC001_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་འདོན་བྱ་འཕར་མ་རིགས་ལ། ལོ་དང་པོ་ཡར་འདུག་སྐབས་ཟླ་བ་༡༠ དང་། ཕྱི་མ་རྣམས་ཀྱི་ཟླ་བ་༩ ཚེས་༢༠ ནས་རྡོ་རྗེ་གྲོ་ལོད་ཀྱི་གཏོར་བཟློག་འདོན་དགོས་པའི་ཚེས་༢༠ དང་༢༡ ལ་གཏོར་མ་ཐམས་ཅད་ཀྱིས་བཅའ་ནས་གོང་གཏོར་འབུལ་གཏོར། གཏོར་ཟློག་གཉིས་མཐོང་རྒྱུན་ལྟར་བཅའ་བཤམ་རྣམས་ལེགས་པར་གྲུབ་ནས། ཉེར་གཉིས་ཕྱི་དྲོ་ཡར་འཚོགས། ལིང་ཁྲུས་ཚིག་བདུན་གསོལ་འདེབས། གོང་མ་རྣམས་གསུམ་གསོལ་འདེབས། བསམ་ལྷུན། བརྒྱུད་འདེབས། དཀར་བགེགས་ནས། རྩ་གསུམ། ཏྲཀྴད་ཛམ་སེར་ཚེ་འགུགས་བཀྲ་ཤིས་བཅས་ཚོགས་གྲོལ་ལོ། །ཉེར་གསུམ་ལ་རྒྱུན་ཆགས་གསུམ་པ་དང་། རྣམ་རྒྱལ་འཇོམས་ནས་གྲོ་ལོད་ཁྲོ་རྒྱལ་འབར་ཟློག་ཚར་༡༠ མཐར། ཆབ་བསིལ། ཡར་འཚོགས་མནྡྷ་ར་བ་ནས་ཙམ། བསྐང་བ་ཚར། ༡༠ ཟངས་སྦུབས་མའི་མཐར་སྔ་ཚོགས་གྲོལ། ཕྱི་དྲོ་ཡར་འཚོགས་རྐང་བཞི་འབུད་ཀྱིས་མཐར་སྲིད་གསུམ་གཏིང་ཟློག་ཚར་༤ མཚམས་


KMC001_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཆབ་བསིལ། ཡར་འཚོགས་ཏེ་ཟློག་པ་ཚར་གསུམ་རེ་ལ་སྟོང་ཟློག་ཚར་རེ་འགྲོ་དགོས། དེ་ནས་ཚེ་སྒྲུབ་བཀྲ་ཤིས་བཅས་གྲོལ། ཉེར་དགུ་ཆུ་ཚོད་དང་བསྟུན་པའི་སྔར་ཕྱི་གང་དགོས་འཚོགས་ནས། གསེར་སྐྱེམས་ཕྱོགས་གཙང་ལ་ཞལ་ཕྱོགས་ནས་འབུལ། གཏོར་རྒྱབ་ཐང་ཀ་གཞུང་ལ་རྒྱབ། གཏོར་གཞོང་སྦུབ་ཆོག །ནང་དུ་རྒྱལ་དབྱངས་ཟླ་བ་ཡར་ཚེས་བཅས་མཐའ་དབྱུང་ནས་གྲོལ། གནམ་གང་སྔ་དྲོ་རྩ་གསུམ་རྒྱས་པ་དང་། ཕྱི་དྲོ་སྦྱིན་སྲེག་ཚོགས་ཐེངས་གཉིས་ནང་དུ་བྱོན། ཚེ་སྒྲུབ་དངོས་གྲུབ་ལེན་ཆོག་དང་། བཀྲ་ཤིས་བཅས་གྲོལ་ལོ། ༈ །བླ་མ་ཡེ་ཤེས་ཀྱི་མགོན་པོོ་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཉི་མ་སྟོང་གི་གཟི་བྱིན་གྱིས། །དུས་གསུམ་མུན་ཁམས་མ་ལུས་བསྲེགས་མཛད་པ། །ཕྲིན་ལས་རབ་འབར་འཁོར་འདས་ཞིང་ཀུན་གཡོ། །བླ་མ་ནག་པོ་ཆེན་པོའི་རྗེས་བརྩེར་མཛོད། །ཅེས་མཆོད་པར་བརྗོད་པའི་ཚིག་གིས་མདུན་བསུས་ནས། འདིར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་ཡང་དབེན་སྒྲུབ་སྡེ་བསམ་གཏན་


KMC001_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འཁོར་གླིང་གི་སྒྲུབ་པ་པོ་རྣམས་ཀྱི་ལོ་ལྟར་ཧོར་ཟླ་བཅུ་གཉིས་པའི་ནང་མགོན་སྒྲུབ་དགུ་གཏོར། བསྐང་མདོས་བཅས་ཀྱི་འདོན་སྒྲིག་སྔོན་གྱི་ཕྱག་རྒྱུན་བཞིན་གསལ་བར་བཀོད་པ་ལ། ཚེས་བཅུ་གཉིས་ཉིན་ཕྱག་བདར་དང་གྲལ་གདན་བཏིང་། སྤྱན་གཟིགས་བཀྲམ། ཕྱི་དྲོ་གཏོར་མ་གསོལ་བསྐང་གཉིས་གཞོང་པ་རྣམ་དག་བཅས་ཆེ་ལེགས་མེ་རི་རྒྱན་སྤྲོས་དབང་རྣམ་དང་། ཚོགས། གཏོར་འབུལ་ཉིན་བཅུ་གཉིས་དགོང་མོ་དང་། སྣ་སེལ། འཆི་བསླུ། དམ་གླུད། འབྱུང་བཞི་ཆ་གསུམ་བཅས་དགོས་པ་དེ་ལྟར་རོ། །གཏོར་བསྔོས་སྐབས་བསྙེན་པའི་མཐར། སྣ་སེལ། དམ་གླུད་འདོན། ཚེས་བཅུ་གསུམ་ཉིན་གསོ་སྦྱོང་བསྡུས་པ། ལོ་གྱོན་སྙིང་པོ། རྣམ་རྒྱལ་འཇོམས། ཚིག་བདུན་གསོལ་འདེབས། སྙིང་སྟོབས་ཆེན་པོ། བདེ་ཆེན་རྡོ་རྗེ། བདེ་མཆོག་རྒྱུན་ཁྱེར། བསྙེན་པ། ༣༠༠ དེ་ནས་ཁམ་ལས་བྲག་སྟེང་སོགས་མཚལ་མ་ལྟར་ལ་མཆོད་པ་བྱིན་རླབས་ཨ་ལས་ཐོད་པ་སོགས། སྐབས་གསུམ་གྲོང་གི་མཐར་ཚོགས་


KMC001_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

འདོན། གསང་སྔགས་ནང་གཏོར་ནས་གཏོར་བསྔོས་ལྟར་ཚེ་རིང་མའི་རྡོ་རྗེ་མི་འགྱུར་ཚར། ༥ ཡང་གཏོར་བསྔོས་ལྟར་གསོལ་ཁ་རྒྱས་པ་ཚར། ༡ བསྟན་སྲུང་མཐར་ཐུག་ཚར་༥ ནས། ཆབ་བསིལ། ཡར་འཚོགས་གསོལ་ཁ་འབྲིང་པོ་ཚར་༨ བར་མཚམས་སུ་བསྟན་སྲུང་མཐར་ཐུག་ཚར་༥ རེ་དང་བྱིན་རླབས་རེ་བཅས་སྔ་ཚོགས་གྲོལ། ༈ ཕྱི་དྲོ་ཡར་འཚོགས་གསོལ་ཁ་རྒྱས་པ་ཚར། ༡ འབྲིང་པོ་ཚར། ༣ བསྟན་སྲུང་རིང་བ་ཚར་༡ བཅས་འདི་ཉིན་གསོལ་ཁ་ཚར་༡༧ འགྲོ་བར་བྱ། དེ་ནས་གསོལ་བསྡུས་བདེ་ཆེན་ཆོས་དབྱིངས། ཕྱག་བཞི་པའི་འདོད་པའི་གཟུགས་སྒྲ་ཚར། ༥ ལྷ་མོ་དམ་ཞིང་གསོལ་ཁ་ཚར། ༥ མགོན་པོ་སེང་གདོང་ཡན་ཚར་༥ རེ། ཆབ་བསིལ། ཡར་འཚོགས་གསོལ་ཁ་དམ་ཅན་དགྱེས་རོལ། བསྐང་བ་རྒྱས་འབྲིང་གཉིས་བསྐང་ཐུང་ཚར། ༢༡ མཐར་ཆབ་བསིལ། ཡར་འཚོགས་འཁྲུགས་བསྐང་གོང་འོག་ཚར་༡༣ རེ། ཚེ་རིང་མའི་བསྐང་བ་རྒྱས་པ་ཚར་༡ བསྡུས་པ་ཚར། ༡༣ བདག་སྒྲུབ་མ་


KMC001_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ། བསྙེན་པ་༣༠༠ མཐར་འཆི་བསླུ་འདོན། འགུགས་གཞུག་ཕྱིན་གཏོར་བསྔོས་ལྟར་མཐའ་དབྱུང་། ཆོས་ཀྱི་དབྱིངས་མའི་མཐར་ཚོགས་མི་དྲངས། ཐོད་པའི་སྣོད་སོགས་ལྷག་མ་འདོན་ཕྱིན་ཆད་གཏོར་བསྔོས་ལྟར། དགོང་འདོན་བཅས་སྣ་སེལ་ཉིན་གཅིག་གིས་གྲུབ། ཚེས་བཅུ་བཞི་ཉིན་དུས་མཆོད་ལྟར་ཕག་མོའི་བདག་བསྐྱེད་སྲུང་འཁོར་བུམ་ནག་འདོན། འགུགས་གཞུག་དང་བྱང་ཁྲོད་མ་མི་དགོས། མངོན་རྟོགས་རྒྱས་པ་གཞུང་ལྟར་སྐབས་གསུམ་མའི་མགོར། ཆབ་བསིལ། ཡར་འཚོགས་མཆོད་པ་བྱིན་རླབས་ནས་འཁོར་ལྔ་གཞུང་བཞིན། རྡོ་རྗེ་མི་འགྱུར་ཚར། ༨ བསྟོད་པའི་མཐར་སྔ་ཚོགས་གྲོལ། ཕྱི་དྲོ་ཡར་འཚོགས་གསོལ་ཁ་རྒྱས་༡ འབྲིང་༥ བསྡུས་༡༣ གསུམ། ཕྱག་བཞི་༣ ལྷ་མོ་༢ དམ་༡ ཞིང་༣ གསོལ་ཁ། བཤགས་པ་ཚར་༣ རེ། བསྐང་བ་རྒྱས་འབྲིང་བསྡུས་གསུམ། བསྐང་བ་ཚར་༡ མཐར་ཆབ་བསིལ། ཡར་འཚོགས་བསྐང་ཐུང་ཚར། ༡༣ འཁྲུགས་བསྐང་ཚར་༣ བསྡུས་


KMC001_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཚར། ༡༠ ཚེ་རིང་མའི་བསྐང་བ། ༥ གྲུབ་བརྙེས་བཞད་པ། ༡༠ བདག་སྒྲུབ་མ། བསྙེན་པ། ༣༠༠ སྔགས་རིང་ཚར་གསུམ་རེ་མཐར་འགུགས་རིང་འགུགས་ཐུང་། མ་དག་མ། རྟགས་བསྟོད། ལས་འགྲིག ཤར་ལ་སོགས་པའི་མཐར། རྐང་གླིང་བཞི་འབུད། གསོན་ཅིག་མ། འདས་བྱོན་མ། གང་ཞིག་མ། རཀྵ་ས། ཕོ་བྲང་མཁའ་སྤྱོད། ཉི་མ་ནུབ་ཕྱོགས། ཛ་རྡུང་མཐར། མགོན་པོ་མ་ཧཱ་ཀ་ལ་ཚར། ༣ རྡོ་རྗེ་བཀའ་ཟློག་མཐར། ཆབ་བསིལ། འཕྲུལ་འཁོར། ཡར་ཚོགས་ཏྲིག་ཁྲོམ་མ། ཆོས་ཀྱི་དབྱིངས་མ། ཚོགས་མི་དྲངས་ཐོད་པའི་སྣོད་ སོགས་ལྷག་མ་འདོན་རྗེས་ཆོག་ཕྱིན་མཐའ་དབྱུང་། ཕག་མོའི་ཚོགས་འདོན། མ་དག་མ་དང་། ལྷག་མ་རྗེས་ཆོག་བཅས་གཞུང་བཞིན་དང་། འབྱུང་བཞི་ཆ་གསུམ་འདོན། ཟབ་མདོ་སོགས་དགོང་འདོན་གྱིས་གྲུབ་བོ། །ཚེས་བཅོ་ལྔ་ཉིན་ཞོག་ཐུན་ལ། སྔོན་གྱི་ཞལ་རྒྱུན་འདི་ཉིན་རྣམ་འཇོམས་གཟུངས་རིང་ཚར་༢༡ དང་གཟུངས་ཐུང་བརྒྱ་རྩ་བརྒྱད་བཟླས་ནས་ཁྲུས་ཆུ་བསྒྲུབ། ཁྲུས་བདུན་ཤམ་


KMC001_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བུས་གནས་ཁང་ཡོ་བྱད་གོས་གདན་ལ་གསང་གཏོར་རིགས་ཉིན་ཁྲུས་བྱ། གོས་གཙང་གྱོན། བདེ་བའི་སྟན་ལ་འདུག་ནས་དངོས་གཞི་སྒྲུབ་པ་ལ་འཇུག་དགོས། ཞེས་ གསུངས་ཀྱང་དེང་སང་ཕྱག་བཞེས་ལ། གསོ་སྦྱོང་བསྡུས་པ། ལོ་གྱོན་སྙིང་པོ། རྣམ་འཇོམས་གཟུངས་རི ང་ཚར། ༣ གཟུངས་ཐུང་། ༢༡ ཁྲུས་བདུན་ཤམ་བུ་བཏགས་པ་བདུན་གྱི་ཁྲུས་ཆུས་བསང་གཏོར་བྱ། དེ་ལྟར་ཉིན་བཞིན་རྣམ་མཇོམས་གཟུངས་རིང་ཚར་༣ རེ་འདོན་པས་མགོན་སྒྲུབ་ཞག་བདུན་ལ་གཟུངས་རིང་ཚར་༢༡ འགྲོ་བར་བྱའོ། །རྣམ་རྒྱལ་མ། ཚིག་བདུན་གསོལ་འདེབས། སྙིང་སྟོབས་ཆེན་པོ། བདེ་མཆོག་རྒྱུན་ཁྱེར་བཅས་གཏོར་བསྔོས་ལྟར། ཁཾ་ལས་བྲག་སྟེང་ནས་ཨ་ལས་ཐོད་པ་ཚོགས་འདོན། རྡོ་རྗེ་མི་འགྱུར་ཚར། ༥ བསྟོད་པའི་མཐར། བདག་སྒྲུབ་མ་བསྡུས་པ། བསྙེན་པ་སྟོང་ཕྱེད་གཉིས་ནས། ཆབ་བསིལ་འབྱོན་རེས་ཀྱིས་ང ག་གཅད། ཇ་གསོལ་རེས་མཛད། ཇ་མཆོད་མི་དགོས། བསྙེན་པ་སྟོང་ཕྱེད་བརྒྱད།


KMC001_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོན་སྔ་དྲོ་སྟོང་དགུ། མཐར་འགུགས་པ་རིང་༡ ཐུང་བ། ༢ རྟགས་བསྟོད་བསྐུལ། རྡོ་རྗེ་བཀའ་ཟློག་མི་འདོན། རབ་འབྱམས་རྒྱལ་བ་སོགས་ཀྱིས་སྔ་ཚོགས་གྲོལ། བར་ཐུན་ལ། ཡར་འཚོགས་གསོལ་ཁ་རྒྱས་པ་ཚར་༡ བསྟན་སྲུང་ཚར། ༣ བདེ་ཆེན་ཆོས་དབྱིངས་མི་འདོན། ཕྱག་བཞི། ༡ ལྷ་མོ། ༡ དམ་ཞིང་གསོལ་ཁ་བཤགས་པ་ཚར་རེ་མགོན་པོ་སེང་གདོང་ལ་འཇུག་མཆོད་རོལ་མཐར་སུམ་རྡུང་གིས་བདག་སྒྲུབ་མ་རྒྱས་པ་སྔགས་རིང་ཚར་༣ རེ། བསྙེན་པ་སྟོང་གཉིས་ནས། ཆབ་བསིལ་གོང་ལྟར། རྗེས་མ་སྟོང་དྲུག་མཐར་འགུགས་རིང་༢ ཐུང་༡ འདས་བྱོན་མ་བསྐུལ། རྡོ་རྗེ་བཀའ་ཟློག་མི་འདོན། ཟབ་མདོ་སོགས་དགོང་འདོན་གྱིས་གྲོལ། འཕྲུལ་འཁོར། ཡར་འཚོགས་དགོང་ཐུན་ལ། ཁཾ་ལས་བྲག་སྟེང་ནས་གསང་སྔགས་ནང་གཏོར་འདོན། ལྷ་ཆེན་དཔལ་འབར་སྔགས་རིང་མཐར་འཁོར་ཡོངས་རྫོགས་ཀྱིས་སྔགས་བསྔོས། བསྟོད་པ་དང་། གསོལ་ཁ་བདེ་ཆེན་ཆོས་དབྱིངས་སོགས་མཚལ་མ་ལྟར། བསྟན་སྲུང་


KMC001_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

རིང་བ་ཚར། ༢ ཕྱག་བཞི། ལྷ་མོའི་གསོལ་ཁ། དམ་ཞིང་བཤགས་པ་ཚར་༣ རེ། བསྐང་བ་རྒྱས་འབྲིང་གཉིས་བསྐང་ཐུང་ཚར། ༨ འཁྲུགས་བསྐང་ཚར ་༣ རེ་ཚེ་རིང ་མའི་བསྐང་བ། ༣ བདག་སྒྲུབ་མ་བསྡུས་པ། བསྙེན་པ་སྟོང་གཅིག་ནས། ཆབ་བསིལ་རྗེས་མ་སྟོང་དྲུག་ཁྱོན་སྟོང་། ༧ མཐར་འགུགས་རིང་༡ ཐུང་བ། ༢ མ་དག་མ། གང་ཞིག་བླ་མ། རྡོ་རྗེ་བཀའ་ཟློག ཏྲིག་ཁྲོམ་མ། ཆོས་ཀྱི་དབྱིངས་མ་དང་། མ་གཅིག་སྨིན་མཚམས་མི་འདོན། བཤད་སྒྲུབ་བསྟན་པ་རྒྱས་པར་མཛོད་ནས་ཚོགས་དྲངས། ཞབས་བརྟན་འདོན། ཐོད་པའི་སྣོད་སོགས་ལྷག་མ། རྗེས་ཆོག ཁྲག་གི་རྒྱ་མཚོ། ཌཱ་ཀིའི་བྱེ་བ། དོན་དམ་མ། ༀ་ས་མ། ༣ ཚེ་རབས་ཀུན་ཏུ། ༣ མ་འོངས་པ་ན། བདག་ནི་མངོན་པར། བདག་དང་འགྲོ་ལ་མི་དགོས། དགེ་བ་འདི་ཡིས། སྔོན་ཚེ་བཅོམ་ལྡན། དཀྱིལ་འཁོར་གཞལ་ཡས། བདག་ནི་སྐྱེ་བ། བཀྲ་ཤིས་དཔལ་འབར་བཅས་ཀྱི་གྲུབ་བོ། །དེ་ལྟར་ཚེས་བཅུ་དྲུག་བཅུ་བདུན་བཅོ་བརྒྱད་སྟེ་ཉིན་


KMC001_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་འདོན་ལུགས་འདྲ། ༈ ཚེས་བཅུ་དགུ་ཉི་ཤུ་ཉེར་གཅིག་ཏེ་ཉེར་གསུམ་ལ་ལས་བཞིའི་ཤམ་བུ་བཏགས་དགོས་པས། ཞོག་ཐུན་ལ་བསྙེན་པ་སྟོང་བཞིའི་མཇུག་ནད་གདོན་བར་ཆད་སོགས་ཞི་ཤམ་སྟོང་གཉིས། ཕྱི་ཐུན་ལ་ཡང་དེ་བཞིན། བསྙེན་པ་སྟོང་། མཇུག་ཏུ་ཚེ་བསོད་རྒྱས་པ་སྟོང་གཅིག་དང་བརྒྱ་རྩ་གསུམ། ཁམས་གསུམ་སྲིད་གསུམ་སོགས་དབང་སྟོང་ཅིག་དང་། བརྒྱ་རྩ་གསུམ། སྲོད་ཐུན་ལ་བསྙེན་པ་སྟོང་གསུམ་དང་། དྲག་པོའི་ཤམ་བུ་སྟོང་གཅིག་གིས་གྲུབ་བོ། །ལོ་རེ་ལ་བསྙེན་པ་འབུམ་ཕྲག་རེ་འགྲོ་ངེས་ཀྱིས་འབུམ་ཕྲག་བཞི་གྲངས་བསྙེན་དང་རྣམ་ཀུན་གཏོར་བསྔོས་སྐབས་སུ་སུམ་བརྒྱ་རེ་བཟླས་པས་ཁ་སྐོང་དང་བཅས་བསྙེན་སྒྲུབ། ༈ ཉི་ཤུ་གཉིས་ཉིན་རྣམ་འཇོམས་ཚར་ ༡ ལས་ཁྲུས་བདུན་ཤམ་བུ་དང་། བསང་གཏོར་སོགས་མི་དགོས། གཞན་གོང་ལྟར་བསྙེན་པའི་གོང་ཅུང་ཟད་གསུང་། ལས་བཞིའི་ཤམ་བུ་བཏགས་མི་དགོས། སྔ་དྲོ་ཚོགས་ཐེངས་གཉིས་ཐུང་ཙམ་ལས། རྟགས་བསྟོད་མཐར་བསྐང་མདོས་


KMC001_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་ནས་བརྩམ་བྱིན་རླབས་བྱ་མཐར་གུང་སེང་གྲོལ། བསྐང་མདོས་དང་ཤོག་ལིང་བཟློག་པ་སོགས་བཅའ་བཤམ་བྱ། སློབ་དཔོན་གྱིས་ལིང་ཁྲུས་བྱས་ནས་ཕྱི ་དྲོ་ཡར་འཚོགས། མདོས་བྱིན་རླབས། སྟོང་པའི་ངང་ལས་མཆོད་པའི་རྫས་སོགས། དཔལ་ལྡན་བདེ་གཤེགས་སོགས་ནས་གཟུངས་དང་ཧཾ་བསྐྱེད་འགུགས་རིང་དང་ཐུང་པ་རྣམས་དང་། ལྷ་དབྱེ་སོགས་ཕུར་བསྐྱེད་མགོ་བར་འདོན། དེ་ནས་གསོལ་ཁ་བྱིན་རླབས་ནས་གཞུང་ལྟར། ཚོགས་ཐེངས་གཅིག་གིས་གྲུབ། དགོང་ཐུན་ཚོགས་ཐེངས་ཐུང་ཙམ་གཉིས་ཀྱིས་འགྲུབ་བོ། །ཉི་ཤུ་གསུམ་ཉིན་ཐོ་རངས་སྔ་བར་འཚོགས་ནས། སྔ་ཐུན་ལ་ལོ་གྱོན་མ། རྣམ་རྒྱལ་འཇོམས། ཚིག་བདུན་གསོལ་འདེབས། སྙིང་སྟོབས་ཆེན་པོ། མགོན་པོའི་བརྒྱུད་འདེབས་ཕག་མོའི་བདག་བསྐྱེད་འདོན། བསྙེན་པ་ཕྲེང་སྐོར་ལྔ་ཙམ། དེ་ནས་སྲུང་འཁོར་རྒྱས་པ་འདོན། ལེགས་ལྡན་བསྙེན་པ་གསུམ་འབྲེལ་ཅན་སུམ་བརྒྱ། ཕྱག་རྡོར་བསྙེན་པ། ༣༠༠ གསད་སྔགས་ཚོ་གཉིས་ལ་


KMC001_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

༥༠ རེ་། སྲུང་སྔགས་རྒྱས་ན། ༣༠༠ བསྡུས་ན་ཕྲེང་སྐོར། ༡ མནན་སྔགས། ༥༠ ཞལ་བསྟབ་སྔགས། ༢༡ མཐར་འགུགས་རིང་༡ ཐུང་བ། ༢ བྱང་ཁྲོད་མ། རྡོ་རྗེ་བཀའ་ཟློག རང་ཉིད་དྲང་སྲོང་ལོ་ཏྲི་པ་ལ་འདོན་ནས་སྔགས། ༢༡ ཐལ་རྡེབ་ཚར། ༣ དྲང་སྲོང་བདེན་པའི་མཐར་ཚོགས་ཐེངས། གྲྭ་ཁང་དུ་ཆབ་གཏོར་འདོན། ཡར་འཚོགས། མགོན་ཕྲེང་དབུར་འཛུག་ནས། སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ། །སྤྱན་འདྲེན་སྔགས། ༢༡ གཏུམ་པོ་འཇིགས་རུང་ནས་དྲག་པོ་འཁོར་བཅས་གཞུགས་སུ་གསོལ་བར། ༀ་མ་ཧཱ་ཀ་ལི་ཏྲག་རཀྵ་སོགས། རཀྵ་པི་པ་ཏོ་ཁ་ཧི། ཚོགས་འདོན། གསང་སྔགས་ནང་གཏོར་འདོན། ༀ་དཾ ཥྚོ་ནས ། བླ་མེད་མཆོད་པ་སྔགས་རིང་མཐར་དུཾ་ཏིང་མ་ལན། ༧ རྡོ་རྗེ འཆང་དངོས། ཕྱག་དྲུག་པ་ཨ་གྷོ་ར། རྣམ་སྲས། ཞིང་སྐྱོང་། སྲིན་མགོན། དམ་ཅན་མཐར། ཆབ་བསིལ། ཡར་འཚོགས། སྔགས་བདག མཁར་ནག །ཧྲཱི་ཀུན་ཏུ་བཟང་པོ། རྡོ་རྗེ ་གདན་གྱི། རྡོ་རྗེ་མི་འགྱུར། ༥ བྲག་བཙན། དྲི་


KMC001_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཟའི་རྒྱལ་པོ། སྤོམ་ར། གེ་སར། བསྟན་སྲུང་བཅས། གཞི་བདག་དཀར་གཏོར། གང་དྲིན་མ། ཐུགས་རྗེ་ཆེན་པོ། སྲིན་གཟུགས་མ། ཧཱུྃ་སྐྱེས་འབར་བ། ལས་རྣམས་རྫོགས་བྱེད། རླུང་ནག་འཚུབ་མ། སེམས་ཉིད་ཕྲིན་ལས། ནག་པོ་ཡབ་ཡུམ། མི་འཇིགས་སེངྒེ། ཉི་ཤུ་རྩ་བཞི། ལྷོ་ནུབ་ལང་ཀ །དམ་ཅན་མགར་བའི། ཀླུ་ཡི་རྒྱལ་པོ། སྣང་སྲིད་ཟིིལ་གནོན། བསྟོད་པར་འོས་པའི་མཐར། བསྙེན་པ། ༣༠༠ འགུགས་པ་རིང་། ༡ ཐུང་བ། ༢ རྟགས་བསྟོད། རྡོ་རྗེ་བཀའ་ཟློག །སེང་གདོང་བསྙེན་པ་ཐལ་རྡེབ། ཁྲོ་མོ་འབར་བའི་སོགས། སྔ་ཚོགས་གྲོལ། ཕྱི་དྲོ་ཡར་འཚོགས། གཏེར་མགོན། གསོལ་ཁ་རྒྱས་པ་ཚར། ༡ བསྟན་སྲུང་ཚར་ ༣ འབྲིང་པོ་ཚར། ༢ བསྟན་སྲུང་ཚར། ༣ བདེ་ཆེན་ཆོས་དབྱིངས་ཚར། ༢ ཕྱག་བཞི། ༣ ལྷ་མོ། ༢ ཞིང་སྐྱོང་། ༣ དམ་ཅན་གསོལ་ཁ། བཤགས་པ་ཚར་༣ རེ། བསྐང་བ་རྒྱས་འབྲིང་། བསྐང་ཐུང་ཚར། ༢༡ མཐར་ༀ་ས་མ་མི་འདོན། སུམ་རྡུང་བྱས་ནས་བསྐང་ཚེ་འཕྲུལ་


KMC001_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

གདངས་བསྐང་མདོས་རྣམ་དག་དབྱིངས་སོགས། ༀ་དཾཥྚོཏ་སོགས། བྱིན་རླབས་འདོན། ནམ་མཁའ་མཛོད་སྔགས་རྒྱ་ལན། ༣ སརྦ་བིད་པུ་ར་ལན། ༣ རྗེས་མ་རྣམས་ལ་ལན་རེའི་ཆོག ཧཱུྃ་དཔལ་ཆེན་མ་ཧཱ་ཀ་ལ་དང་སོགས་ནས། བླ་མེད་བདེ་ཆེན་ཐོབ་པར་ཤོག་བར། ཡང་གོང་གི་བྱིན་རླབས་ནས་བཟུང་བདེ་ཆེན་ཐོབ་པར་ཤོག་ནས་ཚར་༣ མཚམས། ཆབ་བསིལ། ཡར་འཚོགས་ཚར། ༡༠ རྗེས་མ་ལ་མདོས་འཕྱང་སྦྱར། མཚམས་རྒྱག་མཐར་ༀ་ས་མ་ཚར། ༢༡ ཚེ་རབས་ཀུན་ཏུ་ཚར། ༡༣ བདག་སྒྲུབ་མ་ཚང་མ། བསྙེན་པ། ༣༠༠ སྔགས་རྣམས་ཚར་༣ རེ་མཐར་འགུགས་རིང་༢ ཐུང་། ༡ འདས་བྱོན་མ་བསྐུལ། རྡོ་རྗེ་བཀའ་ཟློག །ཟབ་མདོ་སོགས་དགོང་འདོན། ཚོགས་ཐེངས། འཕྲུལ་འཁོར། དགོང་ཐུན་ཡར་འཚོགས། ཁཾ་ལས་བྲག་སྟེང་ནས་གསང་སྔགས་ནང་གཏོར་བཅས། ལྷ་ཆེན་དཔལ་འབར་མཐར་འཁོར་ལྔའི་སྔགས་བསྡུས་པ་བྱ། བསྟོད་པ་འདོན། གསོལ་ཁ་བདེ་ཆེན་ཆོས་དབྱིངས་ཕྱག་བཞི་དང་། ལྷ་མོའི་


KMC001_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ཁ། དམ་ཞིང་བཤགས་པ་ཚར་༣ རེ་མཐར། བསྐང་བ་འབྲིང་པོ་ཚར། ༡ བསྐང་ཐུང་ཚར་༡༢ མཚམས། བརྙེས་པ་གསུམ་ལྡན་འདིར་སྦྱར། རྣམ་དག་དབྱིངས་སོགས་བསྐང་མདོས་ཚར་༢ མཐར། ཆབ་བསིལ། ཡར་འཚོགས། བྱིན་རླབས་ནས་བརྩམ་བསྐང་མདོས་ཚར། ༣ མདོས་འཕྱང་བཅས། ༀ་ས་མ། ཚེ་རབས་ཀུན་ཏུ་བཅས་༢༡ རེ། བྷནྡྷ་རིན་ཆེན་དང་། འཁྲུགས་བསྐང་གཉིས་ཚར་༣ རེ། མཁའ་དབྱིངས་མ་ཚར་༣ གྲུབ་བརྙེས་བཞད་ཚར། ༤ བདག་སྒྲུབ་མ་བསྡུས་པ། བསྙེན་པ་༣༠༠ འགུགས་རིང་༡ ཐུང་། ༢ མ་དག་མ། གང་ཞིག་མ། མགོན་པོ་མ་ཧཱ། རྡོ་རྗེ་བཀའ་ཟློག ཏྲིག་ཁྲོམ་མ། ༢༡ ཐལ་རྡེབ་༣ ཆོས་ཀྱི་དབྱིངས་མའི་མཐར་ཚོགས་དྲངས། ཞབས་བརྟན་འདོན། ཐོད་པའི་སྣོད་སོགས། ཁྲག་གི་རྒྱ་མཚོ། ཌཱ་ཀི་བྱེ་བ། དོན་དམ་མ། ༀ་ས་མ་སོགས་ལན་རེ། མ་འོངས་པ་ན་སོགས། སྔོན་ཚེ་བཅོམ་ལྡན་སོགས་འདི་མན་བརྟན་བཞུགས་ཀུན་མ་དགོས། བདག་ནི་སྐྱེ་བ། བཀྲ་


KMC001_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་དཔལ་འབར་བཅས་ཀྱི་ཚོགས་གྲོལ། ཉིན་བཞི་ལ་འདོན་ལུགས་དེ་དང་འདྲ། ༈ ཉི་ཤུ་བདུན་བརྒྱད་གཉིས་ལ་གཞན་གོང་ལྟར་ལས། བསྐང ་མདོས་ཚར་༣ མཐར། ཆབ་བསིལ། ཡར་འཚོགས་བསྐང་མདོས་ཚར་༧ འཕྱང་བཅས། ༀ་ས་མ་སོགས་ལན། ༢༡ བདག་སྒྲུབ་མ། བསྙེན་པའི་༣༠༠ མཐར་བསྒྲལ་ལས་གཞུང་བཞིན་འདོན། ཞལ་བསྟབ་འགྲེས་བྱང་། ཉི་ཤུ་བརྒྱད་དགུ་གཉིས་ལ་འགྲེས་བྱང་མི་དགོས། འགུགས་རིང་། ༢ ཐུང་༡ མཐར། མ་དག་མ། ལས་འགྲིག་ཤར་ལ་སོགས་པའི་མཐར། དགོང་འདོན་རྣམས་གསུང་ནས་ཚོགས་གྲོལ། འཕྲུལ་འཁོར། དགོང་མོ་ཡར་འཚོགས། ཁཾ་ལས་བྲག་སྟེང་ནས། སྔ་ཉིན་ལྟར། གསོལ་ཁ་བསྐང་བ་འབྲིང་པོ་ཚར་ ༡ ཐུང་བ་ཚར། ༡ བསྐང་མདོས་ཚར། ༢ ཆབ་བསིལ། ཡར་འཚོགས་མདོས་ཚར་༡ མདོས་འཕྱང་བཅས་ༀ་ས་མ་ལན་༢༡ འཁྲུགས་བསྐང་ཚར་༣། མཁའ་དབྱིངས་མ་ཚར་༣། བདག་སྒྲུབ་མ་བསྡུས་པ། བསྙེན་པ་༣༠༠། འགུགས་རིང་༡ ཐུང་བ་༢ ནས་


KMC001_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བཞག རྐང་གླིང་བཞི་འབུད་གསོན་ཅིག་མ། འདས་བྱོན་མ། གང་ཞིག་བླ་མ། ཕོ་བྲང་མཁའ་སྤྱོད། རཀྵ་ས། ཉི་མ་ནུབ་ཕྱོགས་ཛ་རྡུང་མཐར་སུམ་རྡུང་གིས། རྩང་ཟློག མགོན་པོ་མ་ཧཱ་ཀ་ལ། ཟློག་བྱེད་མ་མོ། རྡོ་རྗེ་གར་གྱི་དབང་ཕྱུག ཏྲིག་ཁྲོམ་མ། ཐལ་རྡེབ། ཆོས་ཀྱིས་དབྱིངས་མ། ཚོགས་དྲངས་ཞབས་བརྟན། ལྷག་མ། རྗེས་ཆོག་བཀྲ་ཤིས་སོགས་ཀྱིས་མཐའ་དབྱུང་། ༈ ཚེས་༢༩ ཉིན་ཅུང་མི་འདྲ་བའི་ཁྱད་པར་ནི། སྔ་དྲོ་འདོན་པ་ཅུང་ཟད་བྲེལ་བ་བྱེད་ནས། གསོལ་ཁའི་མགོར། ཆབ་བསིལ། ཡར་འཚོགས་གསོལ་ཁ་རྒྱས་པ་ཚར་ ༡ འབྲིང་བ་ཚར་༡ བདེ་ཆེན་ཆོས་དབྱིངས། ༣ གཞན་གོང་ལྟར། བསྐང་བ་རྒྱས་འབྲིང་གཉིས། ཐུང་ཚར། ༡༣ བསྐང་མདོས་ཚར། ༧ ཆབ་བསིལ། ཡར་འཚོགས་བསྐང་མདོས་ཚར་༡ མདོས་འཕྱང ་བཅས། ༀ་ས་1 མ། འཁྲུགས་བསྐང2་། ཚེ་རིང་མའི་བསྐང་བ། ༣ བདག་སྒྲུབ་མ་ཚང་མ། བསྙེན་པ། ༣༠༠ བསྒྲལ་ལས་ཞལ་བསྟབ་མགོར་གསོལ་ཁའི་ལྡེབ་༡༢ ལྟར་


KMC001_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་སྲེག་ཐུང་ངུ་དེ་འདོན། འགུགས་རིང་། ༢ ཐུང་། ༡ མ་དག་མ། ལས་འགྲིག་བཀའ་ཡི་ཚོགས་མཐར། རྩང་བཟློག་ལ་འཇུག །རྡོ་རྗེ་གར་གྱི་དབང་ཕྱུག་མཐར་གསེར་སྐྱེམས། རི་རབ་རི་ཡི་སོགས་ཀྱི་མཐར། གུང་སེང་གྲོལ། ཡར་འཚོགས་གྲལ་དུ་བཞེངས་ནས་ཤར་ལ་སོགས་པའི། མ་ཅིག་གཉན་དང་། མཐར་འགུགས་རིང་༡ ཐུང་༢ བཞག །རྐང ་གླིང་བཞི་འབུད་གསོན་ཅིག་མ་སོགས། བསྐུལ་བ་ཡོངས་རྫོགས་འདོན། དམ་ཅན་ཛབ་བ རྡུང་། རྡོ་རྗེ་བཀའ་ཟློག །རོལ་ཞབས་ལོ་ཏྲི་པ་ལ་འདོན། གྲལ་རུ་བཞུགས། ཏྲིག་ཁྲོཾ་མ་༢༡ ཐལ་རྡེབ། ཟབ་མདོ་སེང་གདོང་ཐལ་རྡེབ་རེ། ཆོས་ཀྱི་དབྱིངས་མ་ཕྱིན་ཉིན་ལྟར་རྒྱུན་འདོན་རིགས་བཏོན་ནས་གྲོལ། དགོང་ཐུན་མེད། ༈ མནམ་གང་ཉིན་བྱེ་བྲག་དཀོར་འཚོགས་ཕག་མོའི་བདག་བསྐྱེད་སྲུང་འཁོར་བུམ་ནག་མ། ལེགས་ལྡན་བསྙེན་པ་སུམ་སྦྲེལ་ཅན་ཕྲེང་སྐོར། ཕྱག་རྡོར་ཕྲེང་སྐོར། སུམ་སྦྲེལ་མ་མ་ཀ་བ་ཙི་རཀྵ་བཏགས་པ། ༥༠ ཞལ་བསྟབ་སྔགས་༢༡ བྱང་ཁྲོད་མ་མི་


KMC001_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

འདོན། ལོ་ཏྲི་པ་ལ། མགོན་ཕྲེང་དབུར་འཇུག་རྣམ་སྲས་ཀྱི་མགོར། ཆབ་བསིལ། རྡོ་རྗེ་མི་འགྱུར་ཚར། བསྟོད་པའི་མཐར། བསྙེན་པ་མེད། ཆབ་བསིལ། ཡར་འཚོགས་གསོལ་ཁ་རྒྱས་འབྲིང་། བདེ་ཆེན་ཆོས་དབྱིངས་སོགས་གོང་ལྟར། བསྐང་བ་རྒྱས་འབྲིང་གཉིས། ཐུང་བ་ཚར་༡༡ བསྐང་མདོས་ཚར་༣ མཐར། ཆབ་བསིལ། ཡར་འཚོགས་བསྐང་མདོས་ཚར་ ༥ རེ། མདོས་འཕྱང་བཅས། ༀ་ས་མ་ཡ། འཁྲུགས་བསྐང་། ཚེ་རིང་མའི་བསྐང་བ། ༣ བསྡུས་པ། ༤ བདག་སྒྲུབ་ཚང་མ། བསྙེན་པ། ༣༠༠ འགུགས་རིང་༢ ཐུང་། ༡ མ་དག་མ། རྟགས་བསྟོད། གང་ཞིག་བླ་མ། མགོན་པོ་མ་ཧཱ་ཀ་ལ། རྡོ་རྗེ་བཀའ་ཟློག ཏྲིག་ཁྲོཾ་མ་༢༡ ཐལ་རྡེབ། ༣ ཆོས་ཀྱི་དབྱིངས་མ། ཚོགས་མི་དྲངས། ལྷག་མ་འབེབས་མཐར་བཞག དགུང་སེང་གྲོལ། ཡར་འཚོགས་གྲལ་ལ་བཞེངས་ཏེ་མདོས་འབུལ་གསུང་། སེར་སྦྲེང་བཅས་རྒྱབ་ལ་བྱོན་འབུལ་སར་སླེབས་ནས། མངའ་གསོལ། འོག་མིན་བྱང་ཕྱོགས་འདོན།


KMC001_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་དཾཥྚོ་ཏ་སོགས། ལྕགས་ལས་གྲུབ་པ་སོགས། འགུགས་རིང་༡ ཐུང་། ༢ གཏོར་གཞོང་རི་རབ་འབར་བའི་སོགས། ཁ་བསྒྱུར། སྟེང་དུ་སུཾ་ལས་སྐྱེས་པའི་སོགས། རྡོ་རྗེ་འབར་བའི་སོགས། རྣལ་འབྱོར་བདག་ཅག་སོགས། བསོད་ནམས་རི་བོ་སོགས། སྒྲུབ་ཁང་སྒོ་དྲུང་དུ་ཞལ་ཡར་ཕྱོགས་ཏེ་ཟླ་ཚེས་ཀྱིས་འཁོད་ནས། ཀྱེ་མ་མངོན་སྤྱོད་ལམ་དུ་སོགས། མཐར་ཟླ་བ་ཡར་ཚེས་ལྡིར། ནང་དུ་འོང་། ཕྱེ་མར་དྲངས། ཞབས་བརྟན་འདོན། སུམ་རྡུང་གིས་ཁྲག་གི་རྒྱ་མཚོ། ཌཱ་ཀི་བྱེ་བ། དོན་དམ་མ་ཕྱིན། དཀྱིལ་འཁོར་གཞལ་ཡས་མཐར་ཕག་མོའི་ཚོགས་འདོན་ནས་བཀྲ་ཤིས་མཐར་དགོང་འདོན་བཅས་ཀྱིས་གྲོལ། ༈ ཚེས་༡ ཉིན་ཕག་མོའི་བདག་བསྐྱེད་བསྙེན་པ་ཕྲེང་སྐོར་༡ མཐར། ཁཾ་ལས་བྲག་སྟེང ་ནས་མཚལ་མ་བཞིན། ཨ་ལས་ཐོད་པར་འཇུག གསོལ་ཁ་འབྲིང་པོ། བདེ་ཆེན་ཆོས་དབྱིངས་གཞན་རྣམས་གཏོར་བསྔོས་བཞིན། བསྐང་འབྲིང་༡ ཐུང་། ༧ ཕྱིན་ཆད་གཏོར་བསྔོས་ལྟར། ཆོས་ཀྱི་དབྱིངས་མ། མ་ཅིག་


KMC001_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་མཚམས། སློབ་དཔོན་གྱིས་དངོས་གྲུབ་ལེན། རེ་མ་ཏི་བརྒྱ་རྩ་༨ བཟླ། ཁྲག་གི་རྒྱ་མཚོ། དོན་དམ་མ་ༀ་ས་མ། ༡༠༨ ཚེ་རབས་ཀུན་ཏུ། ༡༠༨ མ་འོངས་པ་ན། སྔོན་ཐུབ་མ། དཀྱིལ་འཁོར་གཞལ་ཡས་བཅས་ཀྱིས་འཚོགས་གྲོལ། ༈ ཡར་འཚོགས་སྒར་བསང་འདོན། སྔོན་བསྐལ་མ་དང་ཁུ་ཡེ། ཆབ་བསིལ་རེ་བྱ་ནས་བཀྲ་ཤིས་མཐར་རྒྱས་བཅས་ཀྱིས་གྲུབ་པ་དགེ །བཀྲ་ཤིས་བཀའ་བརྒྱ་ནས། བདག་དགེ་བདེན་གྲུབ་བཅས་ཚོགས་གྲོལ། ༈ ཆོ་འཕྲུལ་ཟླ་བའི་ཚེས་བཅུ་བཞིའི་ནུབ་རྗེ་བཙུན་མི་ལའི་སྐུ་མཆོད་དང་འབྲེལ་བའི་མཆོད་ཆས་གཉེར་ཁང་ནས་བླངས། བླ་སྒྲུབ་དང་མགུར་མཚོ་བདེ་མཆོག་བཅས་ལོ་རྗེས་མའི་ནང ་རས་བུད་ཀྱིས་གསུང་དགོས། ཟླ་བ་དང་པོར་ཡིག་བརྒྱ། གཉིས་པར་མཎྜལ། གསུམ་པར་བླ་མའི་རྣལ་འབྱོར་བཅས་སྔོན་འགྲོ་གྲུབ་པ་དང་། བཞི་པའི་ནང་མར་མི་དྭགས་གསུམ་གྱི་བླ་སྒྲུབ་གསུམ་གྱི་དབང་བསྐུར་སྔོན་དུ་འགྲོ་བས། སྒྲུབ་ཐབས་རྣམས་ཀྱི་ལུང་དང་། བསྙེན་ཡིག་ཁྲིད་ལུང་


KMC001_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ལ། ཐོག་མར་མར་པའི་བླ་སྒྲུབ་བྱ་བ་ལ། ཕྱི་བླ་མའི་ཁྲོམ་ཚོགས་ལ་བསྟེན་ཏེ་མོས་གུས་གསོལ་འདེབས་ཀྱིས་བསྙེན་པ་ཞག་བདུན། ནང་ཡི་དམ་དཀྱིལ་འཁོར་ལ་བསྟེན་ཏེ་བསྒོམ་བཟླས་རླུང་སྦྱོར་གྱི་སྒྲུབ་པ་ལ་གཉིས་ལས། ཡི་དམ་བླ་མའི་རྣལ་འབྱོར་ལ་ཞག་བདུན། སྐུ་གསུམ་ལམ་ཁྱེར་ལ་ཞག་གསུམ་གསུམ་ཏེ་དགུ། གསང་བ་རྒྱལ་བ་རིགས་ལྔ་ལ་བསྟེན་ཏེ་སྒྲུབ་ཅིང་མཆོད་པ་བདག་ཉིད་འཇུག་པ་གསུམ་ཏེ་ཟླ་བ་གཅིག་འགྲུབ་པར་བགྱིད་པ་ལ། ཐོར་མར་བདུན་དང་པོ་ཕྱི་སྒྲུབ་ནི་དཀོན་མཆོག་གི་སྟེན་བཀྲམ་པའི་བདུན་དུ་སྟེགས་གཙང་མར་སྒྲུབ་པའི་མཎྜལ་ལྔ་ཚོམ་མདུན་དུ་ཆུ་གཉིས་ཉེར་སྤྱོད་སོགས། མཆོད་པའི་ཡོ་བྱད་རྒྱས་པར་བཤམ་མཆོད་པའི་མཎྜལ་འདུ་བྱ། དཀར་ཕྱོགས་ཀྱི་ཟླ་བའི་ཚེས་བཟང་པོར་དགོང་ཐུན་བརྩམ་པ་ན་སྟན་བདེ་བར་འདུག དྲན་པ་མི་ཡེངས་བའི་དམ་བཅའ་བྱས་ཏེ། རྗེ་བླ་མའི་གསུང་མར་པའི་རྣམ་ཐར་གསོལ་འདེབས། སྐྱབས་འགྲོ་བརྒྱ་བརྒྱད། སེམས་བསྐྱེད་༣ ཡིག་བརྒྱ། ༨ ཡིག་


KMC001_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག ༡༠༠ ས་གཞི་སྤོས་ཆུས། ༡༠༠ རིན་ཆེན་ས་གཞི། ༧ འོག་མིན་ཆོས་དབྱིངས། ༢༡ མ་ནམ་བཞི་སྐོར་བརྒྱ་ནས་སྟོང་གི་བར། ལ་ལ་ར་ས། བདག་དང་སེམས་ཅན་སོགས་འདོད་གསོལ་༢༡ དབང་ལེན་མཐར་ཐུན་མཚམས་ལ་ཉེ་བའི་བར་ངོ་བོ་སྐྱོངས་། དེ་ལས་ལྡང་བ་ན་བསྔོ་སྨོན་ཤིས་བརྗོད་དང་འབྲེལ་ཐུན་མཚམས་ལྷའི་རྣལ་འབྱོར་ལ་བསླབ་པར་བྱའོ། །སླར་སྲོད་ཐུན་ལ་སྐྱབས་འགྲོ་ནས་བརྩམ་གྲངས་བརྒྱ་བརྒྱད་ཉེར་གཅིག་ལ་སོགས་ལོངས་སྐབས་དང་བསྟུན། བླ་མ་སྐུ་བཞིའི ་གསོལ་འདེབས་ལ་ཐུན་གྱི་དངོས་གཞི་བྱ། ཐུན་བར་བསྔོ་སྨོན་ཤིས་བརྗོད་བཅས་མཚན་མོའི་རྣལ་འབྱོར་ལ་བསླབ། ཕྱི་ཉིན་ནས་ཐུན་གསུམ་གསུམ་དུ་གཅད་པའི་རེ་རེ་བཞིན་མཆོད་པ་གསར་དུ་བརྗེ་དགོས། མཆོད་ཁ་གསོ་བ་སོགས་ཅི་འབྱོར་བྱ། སྔ་ཐུན་ལ་འདོན་བྱའི་གྲངས་སྔར་དགོང་ཐུན་དུ་བཤད་པ་ལྟར་དང་། ཕྱི་ཐུན་དང་སྟོད་གཉིས་ལ་སྔ་ཉིན་སྟོད་ཐུན་དུ་བཤད་པ་ལྟར་བྱ། ཐུན་མཚམས་རྣམས་སུ་སྐུ་གསུམ་ལམ་


KMC001_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་ཅི་ནུས་སུ་བསླབ། ༈ བདུན་གཉིས་པ། ཡི་དམ་བླ་མའི་རྣལ་འབྱོར་དངོས་ལ་སྒྲུབ་པའི་མཎྜལ་མདུན་དུ་བླ་མའི་གཏོར་མ་ལྔ་ཚོམ་རྒྱན་ལྡན་གཡས་གཡོན་གང་བདེར་གསོལ་མཆོད་གཏོར། མཆོད་པ་གསར་དུ་བརྗེ། ཚོགས་ཀྱི་ཡོ་བྱད་རང་གི་མདུན་དུ་བདུད་རྩི་རིལ་བུ་ལྡན་པའི་ནང་མཆོད་ཀ་པཱ་ལ་ཌཱ་དྲིལ་འདུ་བྱ། དགོང་ཐུན་ནས་དབུ་བརྩམ་སྟེ་ཕྱི་སྒྲུབ་སྐབས་ཀྱི་སྐྱབས་སེམས་ཡིག་བརྒྱ་རྣམས་༢༡ རེ། སྭ་བྷཱ་ཝ་དང་སྟོང་པའི་ངང་ལས་སོགས། ནང་སྒྲུབ་དངོས་ལ་འཇུག །འོག་མིན་ཆོས་དབྱིངས་དང་ལ་ལཱ་ར་ས་བཅས་༣ རེ། བླ་མ་སྐུ་བཞི འི་གསོལ་འདེབས། ༢༡ ཕ་དྲིན་ཅན་རྩ་བའི་བླ་མ། ༧ འདོད་གསོལ་གསུམ། འབྲུ ་གསུམ་ཡིད་བཟླས་སྟོང་རེ་ལས་མི་ཉུང་བར་ཅི་ནུས་སུ་བྱ་ཞིང་། རིམ་པར་རྡོར་བཟླས་དང་། བུམ་ཅན་ལ་བསླབ་ནས་གཉུག་མའི་རང་ངོ་སྐྱོང་བ་རྣམས་གྱིས་ཐུན་གྱི་དངོས་གཞི་བྱ། དེ་ལས་ལྡང་བ་ན་ཐུན་གཏོར་འབུལ་གསང་སྒྲུབ་ལྟར་བྱ། བསྔོ་སྨོན་ཤིས་བརྗོད་སོགས་ཀྱིས་ཐུན་གྲོལ་ལོ། །སྲོད་


KMC001_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་ལ་སྐྱབས་སེམས་ནས་བསྡུ་ལྡང་བར་གོང་དུ་བཤད་མ་ཐག་པ་ལྟར་ལ། ཚར་གྲངས་ཅན་རྣམས་བདུན་ལ་སོགས་པ་ཇི་འོས་དང་། །ཐུན་མཐར་གསང་སྒྲུབ་མཇུག་ལྟར། ཚོགས་མཆོད་བསྟོད། བཟོད་གསོལ། ཚོགས་མགྲོན་གཤེགས་བཞུགས་གང་བདེ་དང་བསྔོ་སྨོན་ཤིས་བརྗོད་བཅས་གྲུབ་ནས་ཉལ་བའི་རྣལ་འབྱོར་ལ་འཇུག །ཕྱི་ཉིན་སྔ་ཐུན་ལ་ཕྱི་སྒྲུབ་འཁྱུག་ཙམ་དེ་ནས་ནང་སྒྲུབ་ལ་འཇུག །ཐུན་མཚམས་སུ་བསྔོ་སྨོན་ཤིས་བརྗོད་བཅས་སྤྱོད་ལམ་ལ་འཇུག །དགོང་ཐུན་སྟོད་ཐུན་གཉིས་གོང་དུ་བཤད་པ་ལྟར་རོ། །སྐུ་གསུམ་ལམ་ཁྱེར་སྐབས། དང་པོ་བླ་མ་སྤྲུལ་སྐུའི་སྒྲུབ་པ་ཞག་གསུམ་ལ་ཐུན་གྱི་དབུ་འཛུགས་པ་དང་། ཐུན་གསུམ་གྱི་འདོན་བྱ་ནང་སྒྲུབ་ཇི་ལྟ་བ་ལ། འདོན་བྱའི་གྲངས་རྣམས་བདུན་དང་ཉེར་གཅིག་ཇི་འོས་ཐུན་གྱི་དངོས་གཞི་བླ་མ་སྤྲུལ་སྐུའི་གསོལ་འདེབས་ལ་བྱ། ཐུན་མཚམས་བྱ་བ་རྣམས་སྔར་བཞིན་ནོ། །བླ་མ་ལོངས་སྐུ་དང་། ཆོས་སྐུའི་རྣལ་འབྱོར་གཉིས་ལའང་ཞག་གསུམ་གསུམ་


KMC001_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

རེ་སྔ་མ་སྔ་མ་འཁྱུག་ཙམ་སོགས་རྗེས་ཕྱི་མ་ཕྱི་མ་ལ་ཐུན་གྱི་དངོས་གཞི་བྱ། གསུམ་པ་གསང་སྒྲུབ་ནི། འདུ་ཁང་དུ་དཀྱིལ་འཁོར་དང་བཅས་བཤམ་བཀོད་སོགས་གཞུང་ནས་ཇི་སྐད་བཤད་པ་ལྟར་རྒྱས་པར་བྱས་ནས་ནང་སྔ་བར་འཚོགས་ལ་ཐོག་མར་གསོ་སྦྱོང་བསྡུས་པ། རྣམ་རྒྱལ་འཇོམས། ཚིག་བདུན་གསོལ་འདེབས། རྣམ་ཐར་གསོལ་འདེབས། ཕྱི་སྒྲུབ་སྐྱབས་འགྲོ། རྡོར་སེམས། མཎྜལ། མ་ནམ་བཞི་སྐོར་༢༡ རེ། ཡན་ལག་བདུན་པ། ལ་ལཱ་ར་ས། འདོད་གསོལ་སྐབས་གསུམ་རེ། དབང་ལེན་མཐར་གསང་སྒྲུབ་དབུར་འཇུག །བདག་བསྐྱེད་བཟླས་པ་སྟོང་གསུམ་ནས། ཆབ་བསིལ། ༈ ཡར་འཚོགས་སྔོན་གཏོར་མདུན་བསྐྱེད། བུམ་བསྐྱེད་བསྙེན་པ་སྟོང་གསུམ་རེ་བུམ་བསྐྱེད་བསྙེན་པའི་མཐར། སྐྱེ་བ་ཀུན་ཏུ་རིགས་བདག་སོགས་ཀྱིས་སྔ་ཐུན་གྲོལ་ལོ ། ༈ ཕྱི་དྲོ་ཡར་འཚོགས་ལ་སྐྱབས་སེམས་དག་བྱེད་བཅས་སྔོན་དུ་འགྲོ་བས་ནང་སྒྲུབ་དབུར་འཇུག་འབྲུ་གསུམ་ཡིད་བཟླས་སྟོང་༡ བླ་མ་སྐུ་གསུམ་གསོལ་


KMC001_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། ༢༡ བདག་བསྐྱེད་བཟླས་པ་བཅས་གྲུབ་ནས་མཆོད་པ་བྱིན་རླབས། མཐར་ཆབ་བསིལ། ཡར་འཚོགས་མདུན་བསྐྱེད་བུམ་བ སྐྱེད་བདག་འཇུག་བཅས་ལེགས་པར་གྲུབ་ནས། ཕྱི་ཐུན་གྲོལ། འདོན་ཚོགས་རྣམས་དང་བསྙེན་པའི་གྲངས་རྣམས་སྔ་དྲོ་ལྟར་རོ། །སྐབས་འདིར་གཏོར་བསྔོས་འཚོགས། སླར་སྟོད་ཐུན་ལ། སྐྱབས་སེམས་གསུམ་རེ་ནས་གསང་སྒྲུབ་དབུར་འཇུག །བདག་བདུན་བུམ་གསུམ་བསྐྱེད་བཟླས་བཅས་གྲུབ་ནས་གཏོར་འབུལ་དང་ཚོགས་མཆོད་རྗེས་ཆོག་བཀྲ་ཤིས་བཅས་ཀྱིས་ཉིན་གཅིག་གྲུབ་བོ། ༈ །ཚོགས་སྐབས་དུད་སོལ་མའི་གཏོར་ཆོག་ཡང་གཏང་ངོ་། །དེ་ལྟར་ཉིན་གསུམ་དང་། ཕྱི་ཉིན་སྔ་དྲོའི་ཆར་ཕྱི་སྒྲུབ་ནང་སྒྲུབ་གསང་སྒྲུབ་བཅས་འཁྱུག་ཙམ་སོང་རྗེས། བདག་འཇུག་དང་ཚོགས་མཆོད་རྒྱས་པར་བྱས་ནས་ལེགས་པར་གྲུབ་པ་ཡིན་ནོ། །བཀྲ་ཤིས། ༈ དེ་ཀའི་ཕྱི་ཐུན་ལ། མི་ལའི་བླ་སྒྲུབ་ལ་འཇུག་ཏེ་ཐོག་མར། ལྷ་མཚམས་ཉེར་སྤྱོད་ནང་མཆོད་ཚོགས་ཀྱི་ཡོ་བྱད།


KMC001_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་གཏོར་རྣམས་ཉེ་བར་རྟོགས། རྣམ་ཐར་གསོལ་འདེབས་དང་ནང་མཆོད་བྱིན་རླབས་ནས་བཀྲ་ཤིས་བར་མཐར་ཆགས་སུ་གཏང་བ་ལ། ཚོགས་སྲོད་ཐུན་སྐབས་ལས་འདིར་མི་འདོན། ཉིན་ཕྱི་མ་རྣམས་ལའང་འགྲེའོ། མ་ནམ་བཞི་སྐོར། མཚན་སྔགས་གསོལ་འདེབས་རྣམས་བཟླས་པའི་ཚུལ་དང་། བླ་མ་རང་སེམས་དབྱེར་མེད་གནས་ལུགས་གསུམ་དབྱེར་མེད་དུ་མཉམ་པར་བཞག་ལ་ཐུན་གྱི་དངོས་གཞི་བྱ། ཡི་དམ་བཟླས་པ་ཐུན་མོང་ཐུན་མིན་རྣམས་ལའང་ཅི་ནུས་སུ་བསླབ་ལ་སླར་སྟོད་ཐུན་ལ་སྐྱབས་སེམས་ནས་ཚོགས་མཆོད་དང་བཅས་བཀྲ་ཤིས་བར་སྔར་ལྟར་རོ། །དེའི་ཕྱི་ཉིན་ནས་ཐུན་གསུམ་གསུམ་དུ་གཅད་པ་ལ། སྔ་ཐུན་ལ་གསོལ་འདེབས་དང་ནང་མཆོད་བྱིན་རླབས་ནས་དབུ་རྩམ། ཐུན་ཕྱི་མ་གཉིས་ལ་སྐྱབས་སེམས་དབུ་རྩམ། སྲོད་ཐུན་ལ་ཚོགས་གཏང་། དེ་ལྟར་ཟླ་བ་གཅིག་སོང་མཚམས། སྔ་དྲོ་ཆར་ཚོགས་མཆོད་རྒྱས་པར་བྱས་ནས་གྲུབ་པོ། ༈ །དྭགས་པོའི་བླ་སྒྲུབ་དབུར་འཇུག་གོ །འདིའི་ཕྱི་ནང་གསང་


KMC001_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྒྲུབ་པ་ཞག་བཅུ་རེ་ཏེ་ཟླ་བ་གཅིག་ལ་རྫོགས་པར་བྱ། བཅའ་བཤམ་འདོན་འགྲིག་སོགས་ཁྲིད་ཡིག་དུ་ལེགས་པར་གསལ་བས་འདིར་སྨོས་མ་དགོས། གྲོལ་ཉིན་ཚོགས་མཆོད་རྒྱས་པ་བཅས་གཟའ་སྐར་ཚེས་གྲངས་དུས་བཟང་སོགས་དང་བསྟུན་ཏེ་སྔ་དྲོའི་ཆར་འཇོག་གོ ༈ །བླ་སྒྲུབ་གསུམ་ཞག་འཕྲལ་ཟླ་བ་༧ པ་ནང་། དེ་ནས་ཕྱག་ཆེན་དངོས་གཞིའི་སྐོར་བཀའ་བརྒྱུད་གོང་མའི་གསུང་གི་གསང་བ་ཁྱད་པར་ཅན་རྣམས་རྗེས་སུ་བསྟན། ཐུན་བཞི་མོས་གུས་བླ་མའི་རྣལ་འབྱོར་ལ་ལམ་གྱི་སྙིང་པོར་དྲིལ་བའི་སྒོ་ནས། བློ་སྦྱང་བ་དང་གཏོང་ལེན་དང་ཞི་གནས་སེམས་འཛིན་ལྷག་མཐོང་ངོ་སྤྲོད་རྣམས་རིམ་པར་བསྒོམ་ཞིང་རྒྱུད་ལ་འབྱོར་ངེས་ཀྱིས་གྲོལ་ལམ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ལ་ཟླ་བ་༣ འབད་དགོས་པས་ཉིན་རེ་བཞིན་ཐུན་བཞིའི་རྣལ་འབྱོར་ཁྲིད་ཆགས་སུ་བྱ་བའི་ཐུན་མཚམས་སུ་སོ་སོར་ཏེ། ཐོར་ཐུན་གྱི་ཐོག་མར་རྔས་བསྐུལ་བའི་བཟླས་བརྗོད་ནུས་སྟོབས་བསྐྱེད། རང་ཉིད་ཡི་དམ་སོགས་


KMC001_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་བཞེགས་ཤིག་མ་ཌཱ་དྲིལ་གྱིས་སྔོན་འགྲོ་ལ་འཇུག །ཞོག་པ་སྒྲོལ་དཀར་རྒྱུན་ཁྱེར་ཆབ་གཏོར་དང་། བསང་། གསོལ་འདེབས་ལེའུ་བདུན་མ་དུས་དྲུག་དང་འབྲེལ་བའི། ཉིན་གུང་བསམ་ལྷུན་དང་དཀོན་མཆོག་རྗེས་དྲན་ཡོན་བསྔོ་བཅས། སྔ་དྲོ་ཐེ ག་ཆེན་གསོ་སྦྱོང་བསྡུས་པ་འཚོགས། ཕྱི་ཐུན་གྲོལ་འཕྲལ། འཁྲུལ་འཁོར་ཐུན་གྲུབ། ཆོས་སྲུང་གཏོར་བསྔོས། སྲོད་ཐུན་མཇུག་ཏུ་ཀུ་སུ་ལུ་ུ པའི་མཆོད་སྦྱིན་བསྔོ་སྨོན་བཅས། ཟླ་རེ་བཞིན་ཚེས ༨ བྱང་ངོ་ལྕོགས་ལ་ཚེ་དཔག་ལྷ་དགུ། ཚེས་བཅུ་ལ་དཀོན་སྤྱི་དང་པཀྴི་བླ་སྒྲུབ་ཕག་མོ་བཅས་ཚོགས་ཐེངས་གཉིས། ཚེས་བཅོ་ལྔ་ལ་ཇོ་ལུགས་སྒྲོལ་མ་མཎྜལ་འདོན་སྲོལ་ཡོད་ཀྱང ་ཕྱིས་སུ་གཏེར་གསར་སྒྲོལ་མ་འདོན་སྲོལ་འདུག །ཉེར་ལྔ་བདེ་མཆོག་ཚོགས་ཐེངས་གཉིས། ཉེར་དགུ་བསྐང་གསོལ་རྒྱས་པ། གནམ་སྟོང་ལ་བཀའ་བརྒྱུད་མགུར་མཚོ། ཟླ་བ་མར་གྱི་གྲལ་ཚེས་བཅུ་བཞིའམ་བཅོ་ལྔའི་ཞོག་པ་གཞི་གསུམ་གསོ་སྦྱོང་བཅས་ཆད་མེད་བསྒྲུབ་དགོས། རྒྱུད་སྡེ་རྣམས་བསྙེན་སྐབས་ཐུན་


KMC001_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རེ་ཆད་མི་ལོ་བའི་ཚེས། ༡༠ ཉེར་ལྔ་ཉེར་དགུ ་མགུར་མཚོ་རྣམས་ནམ་ཁེལ། ཐོར་ཐུན་བཅད། དགུ་ཆེན་སྔ་དྲོ་ཐུན་ཐུང་ཙམ་ནས་ཉིན་གོང་འོག་ཏུ་མགུར་མཚོ་སྟོད་སྨད་ཚོ་བཞི་བྱེད་དགོས། མཐར་བདེ་མཆོག་ཚོགས་འདོན་ནས་གྲོལ། ༈ ཟླ་བ་༩ པའི་ཚེས་༢༠ ནང ་གྲོ་ལོད་ཚོགས་ནས་ཟླ་བ་ ༡༠ ཚེས་ཉིན་རྗེ་དུས་གསུམ་མཁྱེན་པའི་ཐུགས་དམ་ལྔ་ཚན་ལྔའི་ནང་གསེས་རྡོ་རྗེ་རྣལ་འབྱོར་མ་ལྷ་ལྔའི་ཕྱི་སྒྲུབ་བཾ་བསྐྱེད་ལ། ནང་སྒྲུབ་ཧྲཱིཿབསྐྱེད་ལ། གསང་སྒྲུབ་ཞལ་གཉིས་ཇི་ལྟར་ཉམས་སུ་ལེན་ཚུལ་སྒྲུབ་ཁང་འདི་པའི་ཕྱག་བཞེས་ཁྲིད་རྒྱུན་ལྟར་བཀོད་པ། དབང་ལུང་ཁྲིད་སོགས་རྫོགས་པར་ཐོབ་མཐར་ཟླ་བ་༡༠ པའི་ཡར ་ངོའི་ཚེས་བཅུའི་དགོང་མོའི་ཆ་ནས་དབུ་བརྩམ་པའི་དང་པོ་ཕྱི་སྒྲུབ་བྱ་བ་ལ། ཕག་མོ་བྲིས་འབུར་གང་རུང་རྟེན་བཀྲ མ་པའི་མདུན་དུ། ཡི་དམ་གཏོར་མ་ལྔ་ཚར་རྒྱན་ལྡན་ཆུ་གཉིས་ཉེར་སྤྱོད་བཅས་བཤམ། ཚོགས་སྔོན་གཏོར་ནང་མཆོད་ཌཱ་དྲིལ་བཅས་འདུ་བྱས་ལ་ཐོག་མར་གོང་མ་རྣམ་


KMC001_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྐུ་བསྟོད་གསོལ་འདེབས་རྗེ་བརྒྱད་པས་མཛད་པ་ལྟར་དང་། བདག་བསྐྱེད་ཤམ་ནས་འབྱུང་བའི་བདུད་རྩི་བྱིན་རླབས་རྒྱས་པ་བྱ། དེ་ལྟར་སྔོན་གཏོར་བཏང་བ་ནས། ཚོགས་ཞིང་བསྡུ་བ་སེམས་བསྐྱེད་ཡན་ཆོ་ག་ལྟར་ལ་བདག་བསྐྱེད་དངོས་ལྷ་ཁྲིད་འདོན་བསྒོམ་སྦྱར་དུ་རུང་བ་ཞེས་པའི། སྭ་བྷཱ་ཝ་སོགས་ལ་འཇུག ༀ་གསུམ་མ་ལ་བཟླས་པའི་དངོས་གཞི་བྱེད་བཻ་རོ་ཙ་དང་ཐུན་མཇུག་ཏུ་ཅུང་ཟད་རེ་བཟླ། ཐུན་མཐར་དྲིལ་གསིལ་དབྱངས་གསལ་བྱེད་ཡིག་བརྒྱ་རྟེན་སྙིང་སྤྱི་འབྲེལ་བྱ། མཆན། ཚོགས་བསྐང་བ། ཌཱ་དྲིལ་གྱིས་རྒྱས་པར་གཏང་མཆོད་བསྟོད་ནས་བསྡུ་ལྡང་བར་དེར་བཤད་པ་ལྟར་བྱའོ། །ཕྱི་ཉིན་ནས་བཟུང་ཉིན་རེ་ཐུན་གསུམ་རེ་གཅད་དགོས་པའི་སྔ་ཐུན་ལ་གོང་མ་རྣམ་གསུམ་གསོལ་འདེབས་བདུད་རྩི་སྔོན་གཏོར་བྱིན་རླབས་ནས་དབུ་བརྩམ། ཐུན་མཐར་དྲིལ་གསིལ་བཅས་དབྱངས་གསལ་བྱེད་སོགས་གོང་ལྟར་ཀུན་ལ་བྱ་དགོས། མཆོད་བསྟོད་རྒྱལ་བའི་སྐུ་ལ་སོགས། བཅོམ་ལྡན་འདས་མ། ཁ་དོག་དབྱིབས་


KMC001_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས། ལྟེ་བའི་དབུས་གནས་བར་མཚམས་རྣམས་སུ་གཙོ་འཁོར་སྔགས་མཐར་འབྲུ་གསུམ་བཏགས་པས་ནང་མཆོད་དང་མ་ཏངྒི་གསང་མཆོད་འབུལ་གཏོར་འབུལ། བཟོད་གསོལ། སྨོན་ལམ་རྟེན་ཡོད་མེད་བསྟུན་པའི་གཤེགས་བཞུགས། བཀྲ་ཤིས་བསྡུ་ལྡང་། མཆོད་པ་བྱིན་རླབས་བཅས་ནས་སྔ་ཐུན་གྲོལ་ལོ། །ཕྱི་ཐུན་ལ་སྐྱབས་འགྲོ་ནས་དབུ་བརྩམ། ཐུན་མཐའ་ནས་མཆོད་བསྟོད། ཤ་ཆེན་གསུར་གྱི་རྡོ་རྗེ་ཕག་མོ། ཆང་སྣ་བཞིའི། ཨེ་མ་ཧོ་ངོ་མཚར་རྨད། བླ་མ་སངས་རྒྱས། དཔལ་དང་ལྡན་པའི་བཅོམ་ལྡན། གསང་སྔགས་མཆོད་མཚམས་སྔར་ལྟར་རོ། །གཏོར་འབུལ་ནས་གོང་བཞིན་ནོ། །སྲོད་ཐུན་ལ་ཐུན་མཐར་ཚོགས་དང་བསྐང་བ་ཌཱ་དྲིལ་བཅས་གསུང་མཐར་རིགས་ལྔ་མཁའ་འགྲོའི་བསྡུའི་མཆོད་པ་གསུམ་སྔགས་མཆོད། བསྟོད་པ་ཧྲཱིཿ ཞལ་གཅིག་སྤྱན་གསུམ། ནོངས་བཤགས་ནས་བསྡུ་ལྡང་བར་སྔར་ལྟར་གྱིས་གྲུབ་བོ། །དེ་ལྟར་ཐུན་གསུམ་ཆགས་འཕྲི་མེད་པ་ཟླ་བ་༢ ཀྱིས་ༀ་གསུམ་མ་


KMC001_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་ཕྲག་བཞི་བསྙེན་དགོས་པས་ཐུན་རེ་ལ་སྟོང་ཕྲག་གཉིས་དང་ཉིས་བརྒྱ་ལྷག་ཙམ་འགྲོ་ངེས་ཀྱིས་བཟླའོ། ༈ །གཉིས་པ་ནང་སྒྲུབ་ནི་ལོ་གཉིས་པའི་ཟླ་བ་དང་པོའི་ཡར་ངོའི་ཚེས་བཅུའི་དགོང་མོ་ནས་དབུ་བརྩམ་བཅའ་བཤམ་དང་ཡོ་བྱད་དགོས་རིགས་རྣམས་སྔར་ཕྱི་སྒྲུབ་ཏུ་སྨོས་པ་ལྟར་དང་། འདོན་བྱའི་རིགས་ཐུན་སོ་སོའི་ཐོག་མཐའ་རྣམས་ཕྱི་སྒྲུབ་ཇི་ལྟ་བ་ལ། མི་འདྲ་བའི་ཁྱད་པར་སྒོ་མཚམས་སྤྲོས་པ་ནས་བཟླས་པའི་བར་གྱི་འདོན་ཆ་རྣམས། ལྷ་ཁྲིད་ཀྱི་ཁོག་དབུབ་ཆོ་ག་དང་སྦྲག་འདོན་ནས། ཐུན་མཐར་བདུད་རྩི་ལག་མཆོད་དང་གཏོར་འབུལ། མཐར་རྗེས་ཆོག་མཆོད་བསྟོད་བཅས། ཐུན་རེ་རེ་བཞིན་གཞན་ཁྱད་མེད་སྐྱེད་པའི་གསལ་སྣང་ལ་གོམས་ནས་རིམ་པར་བཞིན་ཐུན་མོང་ཐུན་མོང་མ་ཡིན་པའི་བཟླས་པ་རྣམས་ལས་སྦྱོར་གྱི་སྔགས་ཀྱང་ཐུན་མཐར་ཅུང་ཟད་རེ་བཟླའོ། ༈ །ཟླ་བ་ལྔ་པའི་ཚེས་བཅུ་ཕག་མོའི་སྒྲུབ་མཆོད་འཚོགས་དགོས་པའི་བཅའ་བཀོད་ལེགས་པར་གྲུབ་ནས། ཉིན་དང་པོ་བདུད་རྩི་བྱིན་རླབས་


KMC001_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཚར། ༢ ཕྱི་མ་ཚར་རེ། དེ་ནས་གཞུང་བཞིན་ལ། བདག་བསྐྱེད་བསྙེན་པའི་མགོར་ལྷ་ཁྲིད་ནང་གི་ཕྲེང་བ་བྱིན་རླབས་སྒྲུབ་མཆོད་མ་གྲོལ་བར་ཉིན་བཞིན་སྦྱར་དགོས། བདག་བསྐྱེད་དང་བུམ་བསྐྱེད་གཉིས་ལ་བསྙེན་པ་སྟོང་རེ ་མཚམས་ཆབ་བསིལ། ཡར་འཚོགས་མདུན་བསྐྱེད་བསྙེན་པ་སྟོང་༣ ངག་བཅད། ཇ་གསོལ་རེས་བྱ། དེ་ནས་གཞུང་བཞིན། མཆོད་བཞི་བསྟོད་བཞི་ལྷར་གསལ་བའི་ཞལ་དུ་ༀ་ཨཱཿཧཱུྃ་བར། དེ་ནས་ཚོགས་འདོན་པའི་རིགས་ལྔ་མཁའ་འ གྲོའི། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། བསྐང་བ་འདོན་མཐར་ལས་རྡོར་གྱིས་སློབ་དཔོན་ཁོ་ན་ལ་ཚོགས་དྲངས། ཞབས་བརྟན་ཤླཽཀ་བརྗོད་ལྷག་མ་བླང་ནས་བརྗོད། ཡང་མཆོད་པ་བྱིན་རླབས་ནས་སྐྱབས་འགྲོ་ཚར་༡ གིས་སྔ་ཚོགས་གྲོལ། གུང་སེང་། ཚོགས་དང་གཏོར་མ་བཅའ་བཤམ་གྲུབ་ནས་ཡར་འཚོགས་སྐྱབས་འགྲོ་ཚར་༡༡ ནས་བ རྩམ་གོང་ལྟར་ལ། ཚོགས་རྒྱས་པའི་རིགས་ལྔ་ནག་འགྲོས་གཏོར་འབུལ་སྐབས་གསང་སྔགས་ནང་གཏོར་


KMC001_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བླ་བརྒྱུད་སྦྱར། ཕག་མོའི་བསྐང་བ་དང་མ་དག་མའི་མཐར་ཚོགས་འཁོར་དྲངས། ཞབས་བརྟན་རིགས་འདོན། ལྷག་མའི་མཐར་མཆོད་པ་བྱིན་རླབས་སྐྱབས་འགྲོ་ཚར། ༡༥ ཕྱི་ཚོགས་གྲོལ། གཏོར་བསྔོས་ཚོགས་དགོས། དགོང་ཐུན་ཡར་འཚོགས་སྐྱབས་འགྲོ་ནས་བརྩམ་ཏེ་གོང་ལྟར། ཚོགས་བསྡུས་པ་ལྷག་མ་རྗེས་ཆོག་བཀྲ་ཤིས་བཅས་མཐའ་དབྱུང་། དེ་ལྟར་ཉིན་ལྔ་དྲུག་བདུན་སོགས་མི་གྲངས་དང་བསྟུན་དགོས་ཀྱང་ཕྱི་དུས་ཞག་བདུན་བྱེད་པའི་སྒྲུབ་པ་དངོས་གཞི་རྗེས་མ་ཉིན་གསུམ་མདུན་བསྐྱེད་བསྙེན་པའི་སྐབས་ཧ་རི་ནི་ས་ཅན་དེ་ཅུང་ཟད་རེ་གཏང་དགོས། སྦྱིན་སྲེག་གི་སྔ་རོལ་ཉིན་གཅིག་ལ་ཡམ་ཤིང་དཀྲིག །ཉིན་གཅིག་ལ་མེ་ཐབ་བཅའ། སྲེག་རྫས་བསྡུ་རྒྱུ་སོགས་དགོས། འདོན་པ་ཅུང་ཐུང་བར་བྱ། ༈ སྦྱིན་བསྲེག་ཉིན་གསུམ་ལ་སྔ་བར་འཚོགས་ནས ། བདག་མདུན་བུམ་གསུམ། མཆོད་བཞི་བསྟོད་བཞི་བཅས་ཚོགས་ཐེངས་གཅིག་གིས་གྲོལ་བར་བྱ། སྦྱིན་སྲེག་འདོན་ལུགས་གཞུང་གསལ་ལྟར་ལ་སྒྲུབ་


KMC001_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་དུ་བསྙེན་པའི་ཁ་སྐོང་དབང་གི་ཅུང་མི་འདྲ་བའི་ཁྱད་པར་ནི། འདས་མ་འདས་གཉིས་ཀ་ལ་ལྷ་སྔགས་དང་རྫས་སྔགས་གཉིས་སྦྲེལ་ནས་གྲངས་གསོག་དགོས། ཤིང་ཏོག་མཐར་ལྷ་སྔགས་དང་། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ས་པཱ་རི་བ་ར་ༀ་ཨཱཿཧཱུྃ་བཏགས་པ་རྫས་སྤུངས་མི་རེའི་ཉིན་གསུམ་རེ་ལ་བསྙེན་པའི་བཅུ་ཆ་འགྲོ་དགོས་གསུང་། རྫས་སྤུངས་དང་པོ། སློབ་དཔོན་རིམ་བཞིན་དབུ་མཛད་ནས་མཆོད་གཡོག་བར་རེ་མོས་ཀྱིས་འབུལ་ནས་གྲངས་གསོག །མཐར་སློབ་དཔོན་གྱིས་ཅུང་ཟད་འབུལ་མཐར། བདག་ཅག་དཔོན་སློབ་དམ་པའི་ཆོས་ལྡན་བསམ་སྦྱོར་ལ་སོགས། འདོད་གསོལ། ཕྱོགས་དུས་ཀུན་ན་འཇམ་གཉེན་སོགས། ན་བཟའ་འབུལ། སྨན་སྣ་འབུལ། མཐར་ཁྲུས་གསོལ་བྱ་དགོས། ཕྱིན་ཆད་གཞུང་ལྟར་མཐའ་དབྱུང་། དེ་ནས་ཡར་འཚོགས་ཚོགས་ཕྱིན་ཆོ་གའི་མཐའ་དབྱུང་ནས་གྲོལ། གཏོར་བསྔོས་འཚོགས། ༈ བདག་འཇུག་ཉིན་གསུམ་ལྔ་ནང་བྱས་ན། བདག་མདུན་བུམ་གསུམ་བསྙེན་པ་སྟོང་


KMC001_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཚོ་རེ། དབང་བདག་འཇུག་བཅས་མཐར་ཚོགས་བསྡུས་པ་ལྷག་མ་བཅས་མཆོད་པ་བྱིན་རླབས་ནས་སྐྱབས་འགྲོ་ཚར་༡ ནས་གུང་སེང་གཏོར་མ་བཤམ། ཕྱི་དྲོ་ཡར་འཚོགས་སྐྱབས་འགྲོ་ནས་བརྩམ་ཚོགས་ཐེངས་གཉིས་ཀྱིས་བཞུང་བཞིན་ཚར་༡ གིས་བདག་འཇུག་བཅས་ཉིན་རེ་ཚར་གསུམ་རེ་སྤྱི་འགྲོ་ལྟར་རོ། །གཏོར་བསྔོས་འཚོགས། དགོང་ཐུན་གྲྭ་ཁང་ནང་དུ་གཅད། སྦྱིན་སྲེག་སྐབས་ཀྱང་དེ་བཞིན་ནོ། ༈ །གྲོལ་ཉིན་སྔ་དྲོ་ཚར་༡ གིས་བདག་འཇུག་སློབ་དཔོན་གྱི་ཕྱག་ལེན་བཅས་མཐའ་རྒྱས་ལེགས་པར་གྲུབ་བོ། །འདི་ནས་བརྩམ་སྔོན་འགྲོའི་མཇུག་ཏུ་ཕག་མོའི་བསྒོམ་བཟླས་མ་ཆག་པ་བྱ་དགོས། གསང་སྒྲུབ་ཞལ་གཉིས་མ་སྐབས་འདིར་ཕྱག་བཞེས་སུ་མི་མཛད་པས་སླར་ཧེ་རུ་ཀའི་ང་རྒྱལ་དུ་འཕོས་ནས། བདེ་མཆོག་ལྷན་སྐྱེས་ཀྱི་རྒྱུན་ཁྱེར་ཐོག་ནས་ཞག་བདུན་དུ་ཡིག་བདུན་འབུམ་ཕྲག་གསུམ་བསྙེན་པས་ལེགས་པར་གྲུབ་བོ། །སྒྲུབ་མཆོད་སྦྱིན་སྲེག་བདག་འཇུག་རྣམས་ཞག་གྲངས་བྱེད། སྒྲུབ་གྲྭ་མི་མགོ་གྲངས་ཀྱིས་ཞག་


KMC001_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་དང་བསྟུན་དགོས། ཞག་གྲངས་ཇི་བབས་དཔྱད་དགོས་པ་ལས་འདིར་སྨོས་པ་ས་བཅད་ཙམ་ལས་ངེས་པ་མེད་དོ། ༈ །དེ་འཕྲལ་ནས་ཟབ་ལམ་ནཱ་རོ་ཆོས་དྲུག་གི་སྔོན་འགྲོ་ནས་བརྩམ་ཏེ་ཡིག་ཆ་བདུད་རྩི་སྙིང་ཁུ་ལྟར་ཉམས་ལེན་ཀྱི་ཞིབ་ཁྲིད་རིམ་གྱིས་བྱེད་བཞིན་སྔོན་འགྲོ་བཞི་སྦྱོར་རྣམས་ཞག་བདུན་རེ་དངོས་གཞི་ལམ་གྱི་རྩ་བ་གཏུམ་མོ་གདམས་པ་ལ་སྟོང་ར་རྩ་རླུང་སྦྱངས་བ་གསུམ་བདུན་གཉིས། ཐིག་ལེ་སྦྱངས་བ་བདུན་གཅིག །གཏུམ་མོ་བདུན་གཅིག་སྒོམས། འདི་ནས་བརྩམ་ལུས་སྦྱོང་འཁྲུལ་འཁོར་རྣམས་ཀྱང་ཟླ་བ་གཅིག་བར་ཡོངས་རྫོགས་དང་། ༈ འཁྲུལ་འཁོར་དང་པོ་ཁྲིད་ཉིན་ས་གཞི་བྱིན་རླབས་བསྡུས་པ། སངས་རྒྱས་ཆོས་ཚོགས་ནས་བརྩམ་མཎྜལ་འབུལ། བདག་གི་དགེ་བའི་སོགས། ལ་ལཱ་ར་ས་སོགས་གོང་མ་རྣམས་གསུམ་གསོལ་འདེབས། རྙེད་བཀུར་ཆོས་བརྒྱད། ཆོས་དྲུག་སྔོན་འགྲོ་ཡོངས་རྫོགས། ཆོས་དྲུག་གསོལ་འདེབས་རྒྱས་བསྡུས་གཉིས། ཀྱེ་མ་ཕ་རྗེ་བཙུན་བླ་མ་སོགས། ༈


KMC001_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

དུས་རྒྱུན་ཆོས་དྲུག་སྔོན་འགྲོ་ཡོངས་རྫོགས། ཀྱེ་མ་རྗེ་བཙུན་བླ་མ་སོགས། རྗེ་སྐྱབས་གསུམ་སོགས་ལ་འཇུག །མཐར་གཉུག་མའི་ཤེས་སོགས། སྐྱེ་བ་ཀུན་ཏུ་རིགས་བདག །བདག་གཞན་དུས་གསུམ། བཀྲ་ཤིས་དཔལ་འབར་བཅས་ཀྱིས་གྲོལ། དེ་མཚམས་ཆ་ལྔར་དགོས་པ་ཉིན་རེ་བཞིན་མ་ཆགས་པར་སྒྲུབ་པ་མ་གྲོལ་བར་བྱ་དགོས། དེ་ནས་ལམ་གྱི་གཞི་མ་སྒྱུ་ལུས། ལམ་གྱི་དྲོད་ཚད་རྨི་ལམ། ལམ་གྱི་སྙིང་པོ་འོད་གསལ་ཏེ། རྩ་བའི་ཆོས་བཞི་ལ་ཟླ་བ་རེ་རེ། ལམ་གསུམ་བར་དོ། ལམ་གྱི་བློ་ཆོད་འཕོ་བ་སྟེ་ཡན་ལག་གི་ཆོས་གཉིས་སྔ་མ་བདུན་གཅིག ཕྱི་མ་བདུན་གཉིས། འདི་སྐབས་གསང་མཆོག་མ་དང་། གནམ་ཆོས་འོད་འཕོ་དང་སྦྲག་ནས་སྦྲེལ་བདུན་གཅིག །མཐར་ཚེ་སྒྲུབ་ཀྱི་བསྒོམ་བཟླས་ཅུང་ཟད་ཀྱིས་ཐུན་མོང་མ་ཡིན་པའི་རྫོགས་རིམ་གྱི་ཉམས་ལེན་རྣམས་རྫོགས་པར་བགྱིད་པ་ལ། ཉིན་རེ་རེའི་ཁོངས་སུ་ཉམས་སུ་བཞེས་ཚུལ། ཐོག་མར་ཐོར་ཐུན་སྐབས་ཕྱག་ཆེན་སྔོན་འགྲོ་རྫོགས་པར་གདོན། ཕག་མོའི་བསྒོམ་


KMC001_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་མཐར་སྟོང་ར་སྒོམས། རླུང་འབུད་པ་དགུ་ཕྲུགས་འབུད་ཚུལ། དྭགས་པོ་བཀྲ་རྣམ་ཀྱི་ཆོས་དྲུག་ལྟར་བྱེད། བུམ་ཅན་ཉེར་གཅིག །དེ་ནས་གཏུམ་མོ་བསྒོམ། གཏུམ་མོའི་མེ་དམིགས་ཤིན་ཏུ་ཕྲ་བའི་སྐབས་འདིར་དྲོད་ཚད་སྐྱེ་བར་གལ་ཆེ་བས་རང་ཉམས་དང་བསྟུན་ཏེ་སྒོམ་མཐར་གཉུག་མའི་ཤེས་པ་ཅི་ནུས་སུ་སྐྱོང་ངོ་། ༈ །སྔ་ཐུན་ལ་ཆོས་དྲུག་སྔོན་འགྲོའི་ཐར་ཆགས་སུ་འདོན་བསྒོམ་བསྒྲག་པ་ཆོས་དྲུག་བརྒྱུད་པའི་གསོལ་འདེབས་རྡོ་རྗེ་འཆང་རིང ་མ། བསྡུས་པ་རྗེ་སྐྱབས་གསུམ་གྱི་ངོ་བོ་༢༡ མཐར་དབང་ལེན་བྱ། རྩ་བའི་ཆོས་བཞི་ཡན་ལག་གི་ཆོས་གཉིས་བཅས་སྐབས་དང་བསྟུན་སོ་སོའི་ཉམས་ལེན་གཙོ་བོར་གཞན་རྣམས་བཤལ་སྒོམ་རེ་ཆགས་མེད་དང་། དངོས་གཞི་ཉམས་ལེན་གང་ཡིན་དེ་ཚུལ་བཞིན་དུ་འབད་དེ་བསྒོམ་མཐར་རང་ངོ་སྐྱོང་། ཕྱི་ཐུན་ལ་བདེ་མཆོག་སྐྱབས་སེམས་སྔོན་དུ་འགྲོ་བས་ཆོས་དྲུག་བླ་མའི་རྣལ་འབྱོར་ཟུང་འཇུག་བརྒྱུད་པའི་གསོལ་འདེབས་བདེ་སྟོང་དབྱེར་མེད་སོགས།


KMC001_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་བསྡུས་པ་ཇི་ལྟར་འགྲུབ་པ་དང་དབང་ལེན། དེ་ནས་དངོས་གཞིའི་དམིགས་རིམ་གང་ཡིན་རེ་ལ་མཉམ་པར་བཞག ངོ་བོ་སྐྱོང་། ཐུན་མཐར་འཁྲུལ་འཁོར་ལ་འཇུག །སྲོད་ཐུན་ལ་མ་ནམ་བཞི་སྐོར་ནས་ཐུན་བཞི་བླ་མའི་རྣལ་འབྱོར་སྐབས་ཞྭ་དམར་པས་མཛད་པའི་བླ་མ་རྒྱང་འབོད་མཐར་ཀར་མཁྱེན་༡༠༨ རེ་བགྲང་། དབང་ལེན་བྱ། ཐུན་གྱི་དངོས་གཞི་གང་ཡིན་རེ་བསྒོམ་མཉམ་པར་འཇོག་མཐར་ལུས་སྦྱིན་བཏང་། ཉལ་ཁ་རྩ་བ་བརྒྱུད་པ་བཅས་པའི་བླ་མ་རྣམས་ལ་རྨི་ལམ་དང་འོད་གསལ་ཟིན་པའི་གསོལ་འདེབས་དྲག་ཏུ་བྱ། འདུན་པ་དང་རླུང་སྦྱོར་གྱི་རྨི་ལམ་དང་འོད་གསལ་གྱི་དམིགས་རིམ་རྣམས་ཡིད་ལ་ངེས་པའི་སྒོ་ནས་མཚན་ཐུན་རིང་པོའི་རྣལ་འབྱོར་ལ་བསླབ། ཐོ་རངས་འོད་གསལ་ཟུང་འཇུག་གི་སྐུར་ལྡང་བའི་ཚེ་ཐོག་མར་གཉིད་སད་མ་ཐག་ངོ་ཐོག་གི་དྲན་རིག་བཟུང་ནས་དལ ་གཅིག་དེ་ཀའི་ངང་སྐྱོང་། རླུང་འཇམ་པར་ཟུང་འཇུག་གསུམ་ཉེར་གཅིག་ཙམ་བྱ། དེ་ནས་ཐུན་མོང་དང་ཐུན་མིན་གྱི་སྔོན་འགྲོ་


KMC001_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་བསྒོམ་སོགས་བྱ། ཐུན་ཐམས་ཅད་ཀྱི་མཐར་བསྔོ་སྨོན་དང་ཐུན་མཚམས་རྣམས་སུ་ཉམས་ལེན་གྱི་རྩིས་ཟིན་པར་བྱའོ། །ལར་རྒྱུན་པར་ཤས་ཆེར་ཉིན་པར་གཏུམ་མོ་དང་སྒྱུ་ལུས། མཚན་མོ་རྨི་ལམ་དང་འོད་གསལ། སྐབས་སྐབས་སུ་བར་དོ་དང་འཕོ་བ་ལ་བསྒོམ་འདྲེས་སྔ་ཚགས་སུ་ཚུད་པ་དང་། ཐབས་ལམ་གྱི་རྫོགས་རིམ་འདི་རྣམས་ལ་བརྟེན་ནས་བརྟན་པ་མ་ཐོབ་བར་དུ་འབད་དགོས་སོ། །གཙོ་བོ་མཉམ་རྗེས་ཀུན་ཏུ་ཕྱག་ཆེན་ཉམས་ལེན་གྱི་རྩིས་དང་མ་བྲལ་བར་ལམ་དུ་ཁྱེར་བ་ནི་གནད་གལ་པོ་ཆེ་ལགས་སོ། ༈ །ལོ་རྗེས་མའི་ཡར་ཚེས་ནང་། རྣལ་འབྱོར་གསང་བ་མཐར་ཐུག་དཔལ་འཁོར་ལོ་བདེ་མཆོག་གི་དབང་དངོས་ཕྱི་བའི་ཉིན་གཉིས། ཕྱག་བཞི་པའི་རྗེས་གནང་བཅས་བསྐུར། བསྒྲུབ་དཀྱིལ་ལུང་། རྣམ་བཤད་དང་། ཟིན་བྲིས་ཁྲིད་བྱས་ལ། ཐོག་མར་བར་ཆད་ཞི་བའི་དོན་དུ་ཞག་ཤས་ལ་སྐྱབས་སེམས་ནས་བརྩམ། ཕུར་སོགས་བྱིན་རླབས་བཅས་སྔོན་དུ་འགྲོ་བའི་སྲུང་འཁོར་བསྒོམ་ཞིང་སུམ་བྷ་


KMC001_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཅི་ནུས་སུ་བཟླ། ཐུན་མཚམས་རྣམས་སུ་མཁའ་འགྲོའི་སྤྱི་གཏོར་བཏང་ཞིང་བར་ཆད་མི་འབྱུང་བའི་ཕྲིན་བཅོལ་དེ་ལྟར་བཟླས་པ་ཁྲི་ཕྲག་༣ གྲུབ་ནས། དམར་ཕྱོགས་ཀྱི་དགོང་མོའི་ཆར་ཡི་དམ་གྱི་བྲིས་འབུར་གང་རུང་བསྟན་བཀྲམ་པའི་མདུན་དུ་འབུལ་གཏོར་ལྔ་ཚར་རྒྱན་ལྡན་ཆུ་བཞི་ཉེར་སྤྱོད། བདུད་རྩི་རིལ་བུ་དང་ལྡན་པའི་ནང་མཆོད་བཅས་བཤམ། སྔོན་གཏོར། ཚོགས། ཌཱ་དྲིལ་བཅས་ཚོགས་པར་བྱས་ལ། བདུད་རྩི་འབུལ་མྱོང་ནས། བསྡུ་ལྡང་བར་བདག་བསྐྱེད་རྫོགས་པར་བཏང་། དེ་ནས་སེང་ལྡེང་ཕུར་བུ་ཡུངས་ཀར་ཕྱེ་མ་དང་དྲི་བྱུག་པ། ཚོན་རྐུད་དམར་པོ་མེ་ཏོག་གི་ཕྲེང་བ་ཅན་བཏགས་པ་གཅིག་འབྲུ་འམ་སྣོད་དུ་བཀོད། རང་ཉིད་རྡོ་རྗེ་ཧཱུྃ་མཛད་ཀྱི་སྐུར་བཞེངས། སྟ་གོན་སྐབས་ལྟར། ཕུར་བུ་བྱིན་རླབས་ཕྱོགས་མཚམས་སུ་གདབ་ཚུལ་དང་བཅས། རང་ཉིད་གཡོན་ཕྱོགས་སུ་གདབ། སྲུང་འཁོར་བསྒོམ་པ་བཅས་གྲུབ་ནས། ༈ སྲོད་ཐུན་ལ་བབས་པའི་ཚེ་མཁའ་འགྲོ་གཏོར་ཆེན་བཏང་། དེ་ནས་བཟུང་བདེ་


KMC001_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་བསྙེན་པའི་རིམ་པ་ལ་འཇུག་སྟེ། དེ་ཡང་བསྐྱེད་རིམ་དང་ཕྲ་ཐིག་བསྒོམ་ཞིང་བཟླས་པའི་རྣལ་འབྱོར་ལ། འཁོར་ལུས་བཟླས་པའི་ཁྱད་པར་ཡེ་ཤེས་ཀྱི་བཟླས་པའི་སྐབས། སྙིང་པོ་ཉེར་གཅིག་པ་འབུམ་ཕྲག་བཞི། སྤྲོ་བསྡུ་དམ་ཚིག་གི་བཟླས་པའི་སྐབས་ཉེར་སྙིང་ཡིག་བདུན་འབུམ་ཕྲག་བཅུ་གཉིས། ཡུམ་གྱི་སྙིང་པོ་དང་ཉེ་སྙིང་འཁོར་སྔགས་རྣམས་ཁྲི་བཞི་རེ། ཡེ་ཤེས་དབབ་པའི་སྔགས་ཁྲི་༡ བཟླ། ཟླ་བ་བཞིར་བསྙེན་ལ། ཉི་མ་རེ་རེ་བཞིན་དུ་སྔ་ཐུན་ལ་གསོལ་འདེབས་སྟེང་དག་པ་སོགས། བདུད་རྩི་འབུལ་མྱོང་། སྔོན་གཏོར་བཏང་བ་ནས་བདག་བསྐྱེད་རྫོགས་པར་བཏང་། རླུང་བུམ་ཅན་བདུན་ནམ་ཉེར་གཅིག་སོགས་སྐབས་དང་བསྟུན་ཏེ་ཕྲ་ཐིག་བསྒོམ། སྙིང་པོ་ཡི་གེ་ཉེར་གཅིག་པ་ཁོ་ན་བཟླ་བའི་དངོས་གཞི་དང་། སྤྱིར་དབྱངས་གསལ་བྱེད་སོགས་བརྗོད། ཐུན་མཐར་མཆོད་པ་བྱིན་རླབས། མཆོག་གཙང་མ་རྡོ་རྗེ་ལྷ་མོ། བསྟོད་པ་བཅོམ་ལྡན་འདས་དཔའ་བོ། བསྡུ་ལྡང་། གཏོར་འབུལ་ཧེ་རུ་ཀའི་ཡིག་


KMC001_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ། གང་ཡང་བདག་བློ། ལྷ་མོ་ཚད་མ། ༀ་ཡོ་ག་ཤུདྷ། ༀ་ཁྱེད་ཀྱི་སེམས་ཅན་སོགས་ཀྱིས། གཏོར་མགྲོན་ཡེ་ཤེས་པ་རང་ལ་བསྡུ། འཇིག་རྟེན་པ་གཤེགས། གོ་ཆ་འགོད། སུམྦྷ་ནིས་སྲུང་། བཀྲ་ཤིས། མཆོད་པ་བྱིན་རླབས་ནས་ཐུན་མཚམས་ལ་འཇུག་གོ །ཕྱི་ཐུན་ལ་སྐྱབས་སེམས་ནས་དབུ་བརྩམ། ཐུན་མཐར་མཆོད་པ་བྱིན་རླབས། ཡང་དག་དགའ་བའི་སོགས། མཐའ་ཡས་ཞིང་ན༴ ལྷ་རྣམས་ལྗགས་ཧཱུྃ༴ བལྟ་དང་དགོད་དང༴ རང་བཞིན་མེད་པའི༴ བསྟོད་པ་ཆོས་ཀྱི་སྐུ་ལ༴ བསྡུ་ལྡང་ནས། གཏོར་འབུལ་སོགས་གོང་བཞིན་བྱ། སྲོོད་ཐུན་ལ་སྐྱབས་སེམས་ནས་དབུ་བརྩམ། ཐུན་མཐར་བསྡུ་ལྡང་། ཚོགས་དང་བསྐང་བ་ཌཱ་དྲིལ་བྱ། གཏོར་འབུལ་བཅས་བཏང་། ལྷག་མའི་མཐར་མཆོད་པ་བྱིན་རླབས། ཆུ་བཞི་ཉེར་སྤྱོད། རིག་མ་བཅུ་དྲུག །སྔགས་མཆོད་བསྟོད་པ། བཅོམ་ལྡན་དབང་པོ༴ ཧེ་རུ་ཀའི་ཡིག་བརྒྱ་ནས་བཀྲ་ཤིས་བར་སྔར་ལྟར་རོ། །དེ་ལྟར་གྱིས་ཟླ་བ་༡ ཚུན་སྙིང་པོ་འབུམ་ཕྲག་བཞི་འགྲོ་ངེས་བྱ། དེ་ནས་ཆོ་


KMC001_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གའི་འདོན་ཚུལ་སྔ་མ་ཇི་ལྟ་བ་ལ་བསྙེན་པའི་སྐབས། སྙིང་པོ་འཁྱུག་ཙམ་དང་བཟླས་པའི་དངོས་གཞི་ཉེ་སྙིང་ཡིག་བདུན་བྱ། འདི་ཟླ་བ་༢ ཀྱིས་འབུམ་ཕྲག་བཅུ་གཉིས་བཟླ། དེ་ནས་ཟླ་བ་༡ ལ་བསྙེན་པ་སྔོན་མ་སྔོན་མ་རྣམས་བསྙེན་ཚད་སོགས་རིམ་བཞིན་འཁྱུག་ཙམ་དང་། ཕྱི་མ་ཕྱི་མ་སྐབས་སུ་གང་བབས་དེ་ཟླ་བའི་དངོས་གཞི་བྱེད་དོ། །ཡུམ་གྱི་སྙིང་པོ་ཉེ་སྙིང་། མཁའ་འགྲོ་བཞི་ཡི་སྙིང་པོ་བཅས་ཁྲི་བཞི་རེ། ཡེ་ཤེས་དབབ་པའི་སྔགས་ཁྲི་གཅིག་བཅས་རིམ་པར་བཟླའོ། །དེ་ལྟར་ཟླ་བ་བཞི་བསྙེན་ལ། ཟླ་བ་ལྔ་པའི་ཚེས་བཅུ་ལ་བདེ་མཆོག་སྒྲུབ་མཆོད་ཀྱི་བཅའ་བཀོད་མཐོང་རྒྱུན་ལྟར་བྱས་ལ། གསང་སྒྲུབ་དབུར་འཇུག་པའི་ཞོག་ཐུན་རང་མལ་དུ་བཅད། སྔ་དྲོ་ཡར་འཚོགས་གསོ་སྦྱོང་བསྡུས་པ། ལོ་གྱོན། རྣམ་རྒྱལ་འཇོམས། ཚིག་བདུན་གསོལ་འདེབས། སྙིང་སྟོབས་ཆེན་པོ་སོགས། སྟེང་དག་པ༴ སྐྱེ་བ་ཀུན་ཏུ༴ བདག་ཉིད་སྐད་ཅིག་སོགས། ཉིན་དང་པོ་བདུད་རྩི་བྱིན་རླབས་ཚར། ༢ རྗེས་མ་རྣམས་


KMC001_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཚར་རེ། དེ་ནས་གཞུང་བཞིན་བཏང་ནས། བདག་བསྐྱེད་བུམ་བསྐྱེད་གཉིས་ལ་གཙོ་བོ་སུམ་བརྒྱ་རེ། ཆབ་བསིལ། ཡར་འཚོགས་མདུན་བསྐྱེད་འདོན་བསྙེན་པ་སྟོང་། ཚོགས་འདོན། བསྐང་བ་ཕྱག་བཞི་པ་གཉིས་མི་དགོས། སློབ་དཔོན་ཁོ་ན་ལ་ཚོགས་དྲངས། ཞབས་བརྟན་ཤླཽ་ཀ་གཅིག །ལྷག་མ་ཚར་ནས། མཆོད་པ་བྱིན་རླབས། སྐྱབས་འགྲོ་ཚར་༡ གིས་སྔ་ཚོགས་གྲོལ། གུང་གསེང་། གཏོར་མ་ཚོགས་འཁོར་བཅས་བཤམ། ཡར་འཚོགས་སྐྱབས་འགྲོ་ནས་བརྩམ་གོང་ལྟར་ལ། ཚོགས་གཏོར་འབུལ། མཐར་བདེ་མཆོག་བསྐང་བ་སྦྱར། ཕྱག་བཞི་པའི་གསོལ་ཁ་ཨ་ལས་ཀ་པཱ་ལ་སོགས། འདོད་པའི་གཟུགས་སྒྲ་མཐར་ཚོགས་དྲངས། ཞབས་བརྟན་རིགས་འདོན། ལྷག་མ། མཆོད་པ་བྱིན་རླབས་སྐྱབས་འགྲོ་ཚར་༡ གིས་གྲོལ། འཁྲུལ་འཁོར་གཏོར་བསྔོས། དགོང་ཐུན་ལ་སྔ་ཚོགས་ལྟར་ལྷག་མ་བཀྲ་ཤིས་བཅས་མཐའ་དབྱུང་ནས་གྲོལ། དེ་ལྟར་ཉིན་ལྔ་དྲུག་གང་བྱས་ན། སྦྱིན་སྲེག་ཉིན་གསུམ་སྔ་ཚོགས་བཅས་ཕག་མོ་ལྟར་


KMC001_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བ་ཡིན། འདི་ཡན་ཆད་ཕྱི་རོལ་བདག་འཇུག་དང་ཕྱག་བཞི་པ་གསུམ་འདོན་མི་དགོས། དེ་ནས་བདག་འཇུག་ཉིན་ལྔ་དྲུག་གང་བྱས་ན། སྔ་དྲོ་བདེ་མཆོག་བདག་བསྐྱེད་བསྙེན་པ་སུམ་བརྒྱ་བཏོན་མཐར། ཆབ་བསིལ། ཡར་འཚོགས་བུམ་བསྐྱེད་མདུན་བསྐྱེད་གཉིས་བསྙེན་པ་སུམ་བརྒྱ་རེ་མཐར་གཏོར་མ་བྱིན་རླབས། ལག་གཡོན་མཐིལ་དུ་ཨ་ལི་སོགས། ཤིན་ཏུ་རྗེས་བརྩེ་མཛད་དུ་གསོལ་མཐར་སྔ་ཚོགས་གྲོལ། ཚོགས་གཏོར་བཅའ་བཤམ་བྱ། ཡར་འཚོགས། ཕྱི་རོལ་དང་། བདག་འཇུག་ནས་བརྩམ། ལག་པའི་ལྷ་རྣམས་བདག་ཉིད་ལ་ཐིམ་པར་གྱུར། ཆབ་བསིལ། ཡར་འཚོགས། ཚོགས་འདོན་གཏོར་འབུལ་མཐར་བདེ་མཆོག་བསྐང་བ། ཕྱག་བཞི་གཏོར་ཆོག་མཐར་ཚོགས་དྲངས། ཞབས་བརྟན་འདོན། ལྷག་མ་རྗེས་ཆོག་བཀྲ་ཤིས་བཅས་མཐའ་དབྱུང་། འཁྲུལ་འཁོར། གཏོར་བསྔོས། སྦྱིན་སྲེག་སྐབས་དང་། འདི་སྐབས་དགོང་ཐུན་གྲྭ་ཁང་དུ་བཅད། གྲོལ་ཉིན་བདག་འཇུག་སློབ་དཔོན་གྱིས་ཕྱག་ལེན་


KMC001_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་དང་། བདག་དགེ་བདེན་གྲུབ་སོགས་མཐའ་རྒྱས་བྱ་བས་གྲུབ། བདེ་མཆོག་ཟིན་བྲིས་ཚིག་བཅད་མ་དང་། སྒྲུབ་མཆོད་ཉིན་ཐ་མ་ལ་མཁའ་འགྲོ་མ་བཞི་ལས་བཞིའི་དོན་བྱས་ནས་བཟླ་དགོས་གསུངས་པས། འདིར་ཕྱག་ལེན་ལ་སྦྱིན་སྲེག་གི་སྔ་ཉིན་མདུན་བསྐྱེད་སྐབས་སྔ་དྲོ་ཌཱ་ཀི་ནི་བརྒྱ་དང་བརྒྱད་གཞན་གསུམ་པོ་༢༡ རེ། ཕྱི་དྲོ་ཁཎྜ་རོ་ཧེ་དང་། རུ་པི་ནི་བརྒྱ་བརྒྱད་རེ། གཞན་གསུམ་པོ་ཉེར་གཅིག་རེ། དགོང་ཐུན་ལ་ལ་མེ་བརྒྱ་བརྒྱད། གཞན་གསུམ་ཉེར་གཅིག་རེ་བཅས་བསྙེན་དགོས། འདི་ནས་བཟུང་བདེ་མཆོག་རྒྱུན་ཁྱེར་མ་ཆགས་པར་དགོས། རྗེས་ཀྱི་བྱ་བ་ཕུར་བུ་ཕྱུང་ཞིང་རྡོ་རྗེ་ཐེག་པའི་སྨོན་ལམ་བཅས་ཀྱིས་གྲུབ་བོ། ༈ །དེ་རྗེས་ཟླ་དྲུག་པའི་ཡར་ཚེས་ནང་གྲུབ་ཆེན་ཀརྨ་པའི་ཐུགས་དམ་ཐུན་མིན་སྒྲུབ་བརྒྱུད་ཀཾ་ཚང་གི་ཁྱད་ཆོས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་འདམས་ཟབ་ལ་འཇུག་པའི་ཐོག་མར་ལྷ་དགུ་ལྷ་ལྔའི་དབང་སྐུར་སྒྲུབ་དཀྱིལ་གི་ལུང་དང་། བསྙེན་ཡིག་རྣམས་ཁྲིད་ལུང་བྱས་ལ། ལྷ་དགུའི་ཕྱི་


KMC001_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ལ་འཇུག བསྐྱེད་རིམ་ལ་གོམས་ནས་བཟླས་པའི་དབྱེ་བ། ཕྱི་སྒྲུབ་ལ་བྱིན་རླབས་བསྡུ་པ། ནང་སྒྲུབ་བདེ་བ་ཆེན་པོའི་བཟླས་པ། གསང་སྒྲུབ་དང་དྲིལ་སྒྲུབ་རྣམས་འཁོར་ལོ་ལྔའི་མན་ངག་ལས་བཞི་བཟླས་པ་ཐམས་ཅད་ལ་བཏགས་པའི་གོ་རིམ་གཙོ་ཆེ། དེ་ལྟར་ཡིན་ཀྱང་། གོམས་འདྲིས་དང་བསྟུན་པའི་བཟླས་པ་སྔ་མ་རྣམས་བཏང་ནས་ཕྱི་མ་རྣམས་ལ་འཇུག་ཅིང་། ལྷ་དགུ་དང་ལྷ་ལྔའི་ཡང་གསང་སྒྲུབ་པའི་ཟིན་བྲིས་གཉིས་གཙོར་འདོན་གྱིས་ཉམས་སུ་བླངས་ཤིང་། ཡིག་བཅུ་འབུམ་ཕྲག་བཅུ། ཡུམ་སྔགས་དཔའ་བོ་མཁའ་འགྲོ་སྤྱིའི་སྙིང་པོ་ཁྲི་རེ། ལས་བཞིའི་བསྙེན་པ་བཅུ་ཆ་རེ་བཟླས་ནས་ཟླ་བ་ཕྱེད་གསུམ་བསྙེན་དགོས་པས། སྟེན་བཀྲམ་པའི་མདུན་དུ་བླ་གཏོར་རྒྱན་ལྡན་དགུ་ཚོམ། ཆུ་གཉིས་ཉེར་སྤྱོད། ནང་མཆོད་དང་བཅས་བཤམ། ཐབས་ཤེས་བཟའ་བཅའ་སྔོན་གཏོར་ཌཱ་དྲིལ་རྣམས་འདུ་བྱས་ལ། དེ་ནས་ཉིན་རེ་བཞིན་ཚིག་བདུན་མཐར་ལྷ་དགུ་ལྷ་ལྔའི་གསོལ་འདེབས་སྔ་ཕྱི་དྲོ་ལ་འདོན་རེས་བྱ།


KMC001_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་བྱིན་རླབས་སྔོན་གཏོར་བཏང་བ་ནས། གཞུང་བཞིན་སྤྱི་འགྲོ་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ་རེ་དྲིལ་བཅས། ཐུན་མཐར་ཕྱི་མཆོད། རྒྱལ་བའི་སྐུ་ལ་སོགས། ཡུམ་བསྟོད་དུས་གསུམ་བདེ་གཤེགས༴ ནང་མཆོད་དུག་ལྔ་རྣམ་དག༴ རྟ་མགྲིན་བསྟོད་པ་ཐུགས་ཀྱི་ལྷ་མཆོག༴ གཏོར་འབུལ། ཐུན་བསྡུའོ། །བསྔོ་སྨོན་ཤིས་བརྗོད་མཆོད་པ་བྱིན་རླབས་བཅས་ཐུན་གྲོལ། ཕྱི་ཐུན། སྐྱབས་སེམས་ནས་དབུ་བརྩམ། ཐུན་མཐར་གསང་མཆོད་ཐབས་དང་ཤེས་རབ༴ བླ་མ་མཁའ་འགྲོའི་སྤྱི་བསྟོད་འགྲོ་བ་ཀུན་ལ༴ དེ་ཁོ་ནའི་མཆོད་པ། ཆོས་སྐུ་སྐྱེ་འགགས༴ མཁའ་འགྲོའི་བསྟོད་པ་མི་འགྱུར་ཐུགས་ཀྱི༴ སྨན་མཆོད་གཏོར་འབུལ་ནས་གོང་བཞིན་ཕྱི་ཐུན་གྲོལ། སྲོད་ཐུན་ལ། ཐུན་མཐར་ཚོགས་དང་། བསྐང་བ་ཌཱ་དྲིལ་བཅས། རྗེས་ཆོག་མཆོད། ནོངས་བཤགས་བསྡུ་ལྡང་བཀྲ་ཤིས་བཅས་ཀྱིས་གྲུབ་བོ། །དེ་ལྟར་ཟླ་བ་ཕྱེད་གསུམ་བསྙེན་ནས། མདུན་རྟེན་དཀྱིལ་འཁོར་དང་བཅས་མཆོད་ཚོགས་རྣམས་ལེགས་པར་བཤམ་


KMC001_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཟླ་བ་༨ པའི་ཚེས་༡༦ ལ་ནང་སྒྲུབ། གསང་སྒྲུབ། དྲིལ་སྒྲུབ། སྦྱིན་སྲེག །བདག་འཇུག་བཅས་ཉིན་གསུམ་རེ་འཚོགས་དགོས་པའི་བསྡུ་ལྡང་ཕག་མོ་ལྟར་དང་། སྔ་དྲོ་ཡར་འཚོགས་གསོ་སྦྱོང་སྤྱི་འགྲོ་ལྟར། ལྷ་དགུའི་གསོལ་འདེབས་ནས། བདག་བསྐྱེད། བུམ་བསྐྱེད་གཉིས་ཀྱི་བསྙེན་པ་སྟོང ་རེ་དང་སུམ་བརྒྱ། ཆབ་བསིལ། ཡར་འཚོགས་མདུན་བསྐྱེད་བསྙེན་པ་སྟོང་གསུམ། མཐར་གཏོར་འབུལ་སྦྱར། མཆོད་པ་བྱིན་རླབས་སྐྱབས་འགྲོ་ཚར་༡ ནས་སྔ་ཚོགས་གྲོལ། ཕྱི་དྲོ་ཡར་འཚོགས་གོང་ལྟར་ཚོགས་ཐེངས་གཉིས་ཀྱིས་གྲོལ། འཁྲུལ་འཁོར་གཏོར་བསྔོས། འདི་སྐབས་ཚོགས་འཁོར་མི་དགོས་པའི་དབང་གིས་དགོང་ཐུན་འདོན་ལུགས་སྔར་ལྟར་ལ་མདུན་བསྐྱེད་ཚར་ནས་ལས་རྡོར་པས་ཚོགས་ཞུ། ཚོགས་འདོན། གཏོར་འབུལ་མཐར་བསྐང་བ་འདོན། ཚོགས་དྲངས། ཞབས་བརྟན་འདོན། ལྷག་མ་རྗེས་ཆོག་བཀྲ་ཤིས་བཅས་གཞུང་ལྟར་མཐའ་དབྱུང་། གསང་སྒྲུབ། དྲིལ་སྒྲུབ་གཉིས་ལ། མདུན་


KMC001_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་བསྙེན་སྐབས་ཐོག་མ་ནས་སྔགས་རིང་ཧ་རི་ནི་ས། བཞི་སྤེལ་ཅན་བཟླ་དགོས། སྦྱིན་སྲེག་གི་སྔ་ཉིན་སྔ་དྲོ་ཞི་བ། ཉིན་གུང་རྒྱས་པ་དང་དབང་། དགོང་མོ་དྲག་པོ་བཅས་ལས་བཞིའི་ཤམ་བུ་བཏགས། དེ་མིན་ནང་གསང་དྲིལ་གསུམ་ལ་དམིགས་རིམ་འདྲ་མིན་ལས་འདོན་ལུགས་འདྲ་མིན་ཅི་མི་འདུག །སྦྱིན་སྲེག་ཉིན་༣ སྔ་ཚོགས་བཅས་བདག་མདུན་བུམ་གསུམ་ཚོགས་ཐེངས་༡ གིས་གྲོལ་ནས། སྦྱིན་སྲེག་འདོན་ལུགས་ཕག་མོ་དང་། བདེ་མཆོག་ལྟར་ཞི་བ་ཡིན། སྲོད་ཐུན་མེད། བདག་འཇུག་ཉིན་གསུམ་བདག་བུམ་མདུན་གསུམ་གཙོ་བསྙེན་སུམ་བརྒྱ་རེ། དེ་མིན་སྔ་དྲོ་ཚར་༡ ཕྱི་དྲོ་ཚར་༡ སྐབས་གནས་འདྲེན་ཉིན་གཅིག་གཉིས་དགོས། སྔ་དྲོ་ལྷ་དགུའི་གསོལ་འདེབས་ཕྱི་དྲོ་བསྐང་བ་སྦྱར་བ་མ་གཏོགས་ཚོགས་ཆེན་སྒྲུབ་མཆོད་དང་འདོན་ལུགས་འདྲ། གྲོལ་ཉིན་བདག་འཇུག་སློབ་དཔོན་ཕྱག་ལེན་བཅས་ཚོགས་ལྷག་མ་འདོན། མཐར་རྗེས་ཆོག་རྒྱས་པ། བཀྲ་ཤིས་བཅས་ཀྱི་མཐར་བདག་དགེ་བདེན་གྲུབ་སོགས།


KMC001_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོན་ཟླ་བ་༣ གྱིས་གྲུབ་བོ། །འདི་ནས་བཟུང་རྒྱལ་རྒྱམ་རྒྱུན་ཁྱེར་ཉུང་བསྡུས་མ་ཆགས་པ་གསུང་དགོས། ༈ །དེ་མཚམས་འཕགས་ཡུལ་ཀྱིས་གདམས་པ་རྒྱ་མཚོ་མཛོད་འཛིན་གྲུབ་པའི་མགོན་པོ་དམ་པ་སངས་རྒྱས་ཀྱི་བཀའ་སྲོལ་དམ་ཆོས་སྡུག་བསྔལ་ཞི་བྱེད་བཀའ་བབས་སྔ་ཕྱི་བར་གསུམ་གྱི་དབང་དང་རྗེས་གནང་ཡོངས་རྫོགས་བསྐུར་བ་དང་ག དམས་པ་སྐོར་གསུམ་གྱི་ལུང་བཀླག་མན་ངག་རྣམས་ཞིབ་ཁྲིད་བྱས་ནས། ཉམས་ལེན་དངོས་བཀའ་བབས་ཕྱི་མ་ཀུན་དགའི་ལུགས་ལྟར། སྙེན་མདོ་པའི་ཁྲིད་ཡིག་གྲུབ་པ་མཆོག་གི་ཞལ་ལུང་དང་། ལོ་ཆེན་གྱི་ཡིིག་ཆ་བདུད་རྩི་སྙིང་ཁུའི་ཐོག་ནས་སྤྱིའི་སྔོན་འགྲོ་བློ་ལྡོག་རྣམ་བཞི་ཁྱད་པར་གྱི་སྔོན་འགྲོ་རྣམ་ལྔ། སྐྱབས་འགྲོ། སེམས་བསྐྱེད། ཚོགས་གསོག སྒྲིབ་སྦྱང་། བླ་མའི་རྣལ་འབྱོར་རྣམས་ཞག་བདུན་ཕྲག་༡ བཀའ་བབས་སྔ་མ་ལ་སྒྲོལ་མ་རྣམ་གསུམ་ལ་ཉིན་གསུམ། བར་པ་རྨ་པོ་ཀཾ་གསུམ་གྱི་ཉམས་ལེན་བདུན་ཕྲག་ ༡ ཕྱི་མའི་རྟེན་འབྲེལ་བདག་གཏོད་ཀྱི་བླ་སྒྲུབ་


KMC001_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ནང་གསང་གསུམ་ཉིན་གསུམ། ཐུགས་དམ་བདེ་གཤེགས་བཅུ་གཉིས་ཀྱི་སྒྲུབ་པ་ལ། གཙོ་བོ་བདག་མེད་མ་སྔགས་ཉུང་སྐབས་འབུམ་ཕྲག་གཅིག །གཞན་རྣམས་ཁྲི་རེ་འགྲོ་ངེས་ཀྱིས་ཞག་བདུན་རེ། དངོས་གཞི་ལམ་ལྔ་ལ་བརྟེན་པའི་གདམས་པ་གསུམ་དང་རྣལ་འབྱོར་གྱི་རང་ས་དྲུག་མ་ཉམས་པའི་སྒོ་ནས་ཚོགས་ལམ་བློ་སྦྱངས། སྦྱོར་ལམ་དཀའ་ཐུབ། མཐོང་ལམ་རྗེས་བསྒོམ། སྒོམ་ལམ་རོ་སྙོམས། ཐར་ལམ་བྱ་བྲལ་ཏེ་ལམ་རེ་རེ་ལ། ཞག་གསུམ་རེ་སྟེ་བཅོ་ལྔར་ནན་ཏན་གྱིས་བསྒོམ་ཞིང་རྗེས་གནང་ལུང་གི་ཁྱད་པར་བླ་མའི་ཐུགས་བརྒྱུད་བསྐུལ་བའི་སྔགས་རྣམས་ཀྱང་སྟོང་ཕྲག་ལྔའོ། །ཁྲི་ཕྲག་རེ་བཟླའོ། །ཉམས་མྱོང་སྐྱེས་པ་ན་ཁྱིམ་པ་ལུགས་པའི་ཕྱོགས་ལྟར་ཞི་བྱེད་ཁྱོན་བསྡོམས་ཟླ་བ་༡ ལྷག་ཙམ་ལ་རྫོགས་པར་ཉམས་སུ་བླངས་བས་རེ་ཞིག་གྲུབ་བོ། །ཕྱིས་ཁོམ་སྐབས་ཉམས་ལེན་རྣམས་བསྐྱར་ཏེ་ལམ་མཐར་ཕྱིན་ཡར་བརྩོན་པའང་གཞུང་གི་དངོས་བསྟན་ཡིན་ནོ། ༈ །དེ་ལྟར་ལོ་གསུམ་ཕྱོགས་གསུམ་དུ་སྔགས་


KMC001_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་རིམ་གཉིས་ཟབ་མོ་བསྒོམ་པའི་བོགས་འདོན་རིགས་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་རྗེས་སུ་འབྲེལ་པ། ཤེས་རབ་ཕར་ཕྱིན་གཅོད་ཡུལ་གྱི་ཉམས་ལེན་ལ། གཅོད་དབང་ནམ་མཁའ་སྒོ་འབྱེད་དང་། ཤེལ་དཀར་མེ་ལོང་གི་དམིགས་ཁྲིད་ཚོགས་ལས་ཡོན་ཏན་ཀུན་འབྱུང་ལུང་དང་བཅས་འབོགས། གཅོད་ཀྱི་རྣམ་བཤད་ཆེན་མོ ་བཀའ་ཚོགས་སོགས་ལུང ་དང་། ཉམས་ལེན་གྱི་མན་ངག་རྣམས་ཁོང་དུ་ཆུད་པས། མཐོང་རྒྱུན་ལྟར་མཁའ་འགྲོ་ལྔ་ཚར། བསྐང་བ། འབུལ་གཏོར་ཚོགས་བཅས་རྒྱན་སྤྲོས་བཤམ་བཀོད་ལེགས་པར་བྱ། ཚོགས་ལས་ཡོན་ཏན་ཀུན་འབྱུང་ལྟར་སྤྱི་ཆིངས་འདུན་པ་ཚང་བའི་གཅོད་ཚོགས་རྒྱས་པ་སྔ་དྲོ་ཚོགས་ཐེངས་གཉིས་ལ་ཚར་༡ བསྐང་བ་བསྡུས་པ། ཕྱི་དྲོ་ཚོགས་ཐེངས། ༢ སྲོད་ཐུན་ཚོགས་ཐེངས། ༢ རྗེས་མ་བསྐང་བ་རྒྱས་པ་སྦྱར། ཉིན་རེ་བཞིན་ཚར་ལྔ་རེ་ཞག་ཉེར་གཅིག་ཏུ་ཚོགས་བརྒྱ་གྲུབ་པར་བྱ་དགོས། སྔར་དུས་འདི་ལྟར་ལ། ཕྱིས་སུ། ཞི་བྱེད་མི་གསུང་བའི་གཅོད་


KMC001_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཞག་འཕྲལ་འོད་ཆོག་ཟླ་རེ་བསྙེན། ༈ གྲོལ་ལ་ཉེ་བའི་སྐབས་དགེ་བ་ཇོ་ལུགས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་དབང་ལུང་། ཚེ་ཁྲིད་བཅས་ཚེ་སྒྲུབ་འབུམ་ཕྲག་གཅིག བསྙེན་པ་ལོ་མཇུག་མགོན་སྒྲུབ་དགུ་གཏོར་བགྱིད་ཅིང་གནམ་ལོ་གསར་ཚེས་ནང་སྒྲོལ་དཀར་སྒྲུབ་མཆོད་རྒྱས་པའི་སྦྱིན་སྲེག་ཉིན་གསུམ་སྔ་དྲོའི་ཆར་འཇོག །དེ་ལྟར་ལོ་གསུམ་ཕྱོགས་གསུམ་ལེགས་པར་གྲུབ་པའི་གྲལ་ཚེས་དགེ་བར་གཏང་རག་གིས་ལྷ་བསང་བཏང་། རྒྱལ་ཆེན་གཏོར་འབུལ་འབུལ་བ་དང་ཤིས་བརྗོད་བཅས་མཚམས་ཐོ་ལེན། དམ་གཙང་གདོང་སྤྲད་ཅིང་སྒྲུབ་ཁང་ལ་སྐོར་བ་དང་ཞག་ཤས་ནས་གཙུག་ལག་ཁང་རྣམས་སུ་མཎྜལ་དང་། སྙན་ཤལ་འབུལ། ༧ སྐྱབས་མགོན་སྐུ་མཆེད་ཞལ་མཇལ་ཞུ་བ་སོགས་བྱོན་དགོས། དེ་འཕྲལ་སྔ་དུས་སུ་སྒྲུབ་ཁང་དུ་རང་མལ་སྡོད་ནས། ཀུན་རིགས། མི་འཁྲུགས་འོད་ཆོག་བཅས་བསྙེན་ནས་ཟླ་བ་བཅུ་ཙམ་སྡོད་དགོས་ཀྱང་། ཕྱིས་སུ་བཞུགས་སྲོལ་མི་འདུག །འདིར་སྔར་བཤོ་བླ་རྒན་དམ་པ་དེ་ཉིད་ཀྱི་


KMC001_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་བཞེས་དང་། ཕྱིས། སྐྱབས་མགོན་པདྨ་དབང་མཆོག་ཀྱི་བཅའ་ཡིག་དང་། སྒྲུབ་དཔོན་ཁྱུང་སྤྲུལ་མ་ཡིག་ནང་དོན་གཞིར་བཞག་ནས་གོང་འོག་ཕྲན་བུ་གོ་བདེ་བར་ཧྱ་གྲཱི་ཝ་ནཱ་ཐས་བྲིས་པ་དགེ་ལེགས་འཕེལ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousགདན་ས་ཆེན་པོ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་སྒྲུབ་སྡེ་བསམ་གཏན་ཆོས་གླིང་གི་སྒྲུབ་པ་པོ་རྣམས་ཀྱི་ཉམས་བཞེས་ཇི་ལྟར་བགྱིད་པའི་ཚུལ་སྙིང་པོར་དྲིལ་བ་དོན་བརྒྱུད་དགོངས་རྒྱན།next