Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
དཔལ་འཁོར་ལོ་བདེ་མཆོག་ལྷ་ལྔའི་དཀྱིལ་ཆོག་གི་མཆོད་གཞི་བཅའ་སྒྲིགས་འདོན་ཟིན་ཕྱག་ལེན་རྣམས་ཞིབ་བཀོད་གདངས་དབྱངས་འཐེན་གྲངས་བཅས་ཁ་གསལ་གོ་བདེ་ཕྱོགས་གཅིག་ཏུ་བཀོད་པ།
   
   
   
   
   
   


 
previousདཔལ་འཁོར་ལོ་བདེ་མཆོག་ལྷ་ལྔའི་དཀྱིལ་ཆོག་གི་མཆོད་གཞི་བཅའ་སྒྲིགས་འདོན་ཟིན་ཕྱག་ལེན་རྣམས་ཞིབ་བཀོད་གདངས་དབྱངས་འཐེན་གྲངས་བཅས་ཁ་གསལ་གོ་བདེ་ཕྱོགས་གཅིག་ཏུ་བཀོད་པ།next

དཔལ་འཁོར་ལོ་བདེ་མཆོག་ལྷ་ལྔའི་དཀྱིལ་ཆོག་གི་མཆོད་གཞི་བཅའ་སྒྲིགས་འདོན་ཟིན་ཕྱག་ལེན་རྣམས་ཞིབ་བཀོད་གདངས་དབྱངས་འཐེན་གྲངས་བཅས་ཁ་གསལ་གོ་བདེ་ཕྱོགས་གཅིག་ཏུ་བཀོད་པ།


KMC001_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་བདེ་མཆོག་ལྷ་ལྔའི་དཀྱིལ་ཆོག་གི་མཆོད་གཞི་བཅའ་སྒྲིགས་འདོན་ཟིན་ཕྱག་ལེན་རྣམས་ཞིབ་བཀོད་གདངས་དབྱངས་འཐེན་གྲངས་བཅས་ཁ་གསལ་གོ་བདེ་ཕྱོགས་གཅིག་ཏུ་བཀོད་པ་བཞུགས་སོ། །


KMC001_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་སྭ་སྟི། ཨེ་ཡིག་སྟོང་ཆེན་རྡོ་རྗེ་བཙུན་མོའི་དབྱིངས། །ཝཾ་ཡིག་འགྱུར་མེད་བདེ་བ་ཆེན་པོར་སྡོམ། །ཟུང་འཇུག་ལྷན་སྐྱེས་སྐུར་བཞེངས་ཧེ་རུ་ཀ །དབྱེར་མེད་མཁའ་ཁྱབ་བདེ་བའི་རྡོ་རྗེའི་འདུད། །ཞེས་མཆོད་པར་བརྗོད་པས་མདུན་བསུས་ཏེ། རྗེ་དུས་གསུམ་མཁྱེན་པའི་ཐུགས་དམ་ལྔ་ཚན་ལྔ་ཡི་ཡ་གྱལ། དཔལ་འཁོར་ལོ་བདེ་མཆོག་ལྷ་ལྔའི་དཀྱིལ་ཆོག་གི་ཕྱག་ལེན་འདོན་བསྒྲིགས་རྣམས་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་རིང་ལུགས་མཐོང་རྒྱུན་ཕྱག་བཞེས ༧རྒྱལ་བ་གོང་མ་རིམ་བྱོན་གྱིས་གཏན་འབེབས་མཛད་པར་སྒར་ཆེན་དབུ་མཛད་རིམ་བྱོན་དང་སློབ་དཔོན་གཙོས་ཕྱག་ལེན་འཆུགས་མེད་འགེལ་དགོས་པའི་མ་ཕྱི་གཙོ་བོ་ཟིན་བྲིས་ཆེན་མོ་ལས་ཇི་ལྟར་གསུངས་པ་


KMC001_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འགོད་པར་བྱའོ། །དེ་ཡང་ཐོག་མར་མཁོ་བའི་ཡོ་བྱད་རྣམས་བཀོད་པར། ཐིག་སྐུད། ཐང་སྐོར། སྣག་ཚ། བཙག་ཆུ། དྲི་བཟང་། གསེར་ཆེན་མེ་ཏོག ཡུངས་ཀར། གུ་གུལ། བུམ་རྫས། བུམ་དར། མགུལ་ཆིང་སྔོན་པོ་གཅིག་དང་དམར་པོ་གཅིག །ཕུར་པ་ཕུར་གདན་དང་བཅས་པ་བཅུ་ཕྱོགས་བཞིའི་མཆོད་ཕྲེང་ཆུ་བཞི་ཚང་བ་ཚར་བཞི། མར་མེ་བདུན། ལྷ་བཤོས་བདུན། དཀར་གཏོར་གསུམ། ཡི་དམ་འདས་གཏོར་སྟོད་ཟུར་གསུམ་ལ་སྨད་ཞལ་ཟས་ལྟར་འཁོར་རང་འདྲ་ཕྱེད་ཀྱིས་ཆུང་བ་བཞི་བཅས་རྒྱན་བཟང་གིས་སྤྲས་པ། མཚམས་བཞིར་བ་ལིཾ་བཞི་ཡང་དགོས། ས་ལྷའི་གཏོར་མ་དཀར་ཟླུམ་པད་འདབ་བཞི་ལྡན་རྒྱན་གཉིས་ཅན་རྩེར་ཉི་ཟླ་ནོར་བུས་མཚན་པ། མཆོད་པ་སྣ་བདུན་གཅིག །ཐོད་པ་བདུད་རྩི། ཁ་ཊཱྃ་ཌཱ་མ་རུ། ཚངས་སྐུད་སོགས་ཕྱག་མཚན་གྱི་


KMC001_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཙཀླི་གཅིག རིག་ཙག་གཅིག །དབུ་རྒྱན་དར་དཔྱངས་ཅན་རྡོ་རྗེ་དྲིལ་བུ། མིང་དྲིལ། དར་སྐུད་སྣ་ལྔའི་ཚན་པ་དཀྱིལ་འཁོར་གྱི་ཉིས་འགྱུར་སླེབ་པ། རྡུལ་ཚོན་སྣ་ལྔ་སོགས། ཕན་གདུགས། རྒྱལ་མཚན། ཡོལ་བ་བླ་བྲེས། སྒབ་སྐོར། དུང་ཆོས། གཟུངས་རྡོར་བཅས་ཚངས་བར་འདུ་བགྱི་ནས། སློབ་དཔོན་མདུན་ཌཱ་རུ་རྡོར་དྲིལ། ནང་མཆོད། འབྲུ་སྣོད། སྤོས་རིང་གསུམ། གཡོན་ནས་བཟུང་ཆུ་བཞི་མེ་ཏོག་སོགས་ཉེར་སྤྱོད་ཕྲེང་ཚར་བཤམས། དཀྱིལ་འཁོར་བཞེངས་གནས་ཀྱི་ས་སྟེགས་སུ་ས་སློང་གཏོར་མ་བཤམས་ལ་ཕྱོགས་བཞིའི་མཆོད་པ་འདོན་མི་རྣམས་ཕྱོགས་ཤར། བྱང་། ནུབ། ལྷོ་བཅས་སོ་སོར་འཁོད། མདུན་དུ་ཌཱ་རུ་དྲིལ་བཅས། ༈ ཐོག་མར་ལོ་གྱོན་མའི་གཟུངས་དང་། རྣམ་འཇོམས། རྣམ་རྒྱལ། ཚིག་བདུན་གསོལ་འདེབས། ཐུབ་བསྟོད་དང་སྐུ་བསྟོད་རེ་གསུང་མཐར། སྐྱེ་བ་ཀུན་ཏུ་སོགས། བདག་ཉིད་བཅོམ་ལྡན་མཐིང་ནག་སོགས། གསལ་བར་གྱུར།= ལས་རྡོར་པས་ནང་མཆོད་ལ་ཆུ་ཆབ་བྲན་ལ། ༀ་ཁཎྜ་རོ་སོགས། སྭ་བྷ་ཝས་སྦྱངས། བདུད་རྩི་བྱིན་བརླབས་དང་སླར་སློབ་དཔོན་གྱིས་གཏོར་མ་ལ་བདུད་རྩི་བྲན་ལ་ༀ་ཁཎྜ་རོ་ཧེ་སོགས། སྭ་བྷ་ཝ་སོགས། རང་རྒྱས། ༀ་ཨ་ཀ་རོ་ལན་གསུམ།= གཏོར་རྒྱས། ཡུལ་བདག་གྲོང་བདག་སོགས་ལན་གསུམ་རྡོར་དྲིལ་འཛིན་ལ་ཀུན་རིག་ཡོག་གདངས་གིས། གང་ཡང་འདིར་ སློབ་དཔོན་ཆབ་ཕུལ་ ལན་གསུམ་མཐར་མཆོད་རོལ་འུར། གཏོར་མ་ཕྱིར་ཕུལ། ཌཱ་དྲིལ་


KMC001_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །གསོལ་བཏབ་གནང་བྱིན་སོགས། གྱུར། དེ་ནས་བར་མཚམས་བཞག་སློབ་དཔོན་ཕྱོགས་བཞིའི་དབུས་སུ་བཞུགས་དབུ་མཛད་ནས་ༀ་ཤྲཱི་བཛྲ་ཧེ་ཧེ་སོགས། སྙིང་པོ་བརྒྱ་དང་བརྒྱད་བཟླ་ༀ་བྷཱུ་ཁཾ། ས་ཡི་གཞི་འདི་སོགས། ས་གཞིར་གྱུར། རྡོ་རྗེ་བསྡམས་པ་བསྐྱངས་པ་ས་ལ་བཞག་སྟེ། ༀ་མེ་དེ་ནི་སོགས། ཉིད་དུ་གྱུར། ཧེ་རུ་ཀའི་ཡིག་བརྒྱ། དྲིལ་བསིལ་བྱ་ལན་གཅིག །སློབ་དཔོན་གྱི་སྔོན་འགྲོའི་གཏོར་མ་ལ་བདུད་རྩི་བྲན། ༀ་ཁཎྜ་རོ་ཧེ་སོགས། ལས་རྡོར་པས་གྲལ་དུ་བདུད་རྩི་འགྱེད། སྟོང་པའི་ངང་ལས་ཡཾ་ལ་སོགས། བདག་བསྐྱེད་དཀྱུས་བཞིན་བཏོན་པས་བཟླས་པའི་ནང་སློབ་དཔོན་ལ་ཆབ་ཕུལ། ཕྱོགས་བཞིའི་མཆོད་པ་རྣམས་བཤམས། རྗེས་སུ་བསྡུ་རིམ་མི་བྱེད་པར་སློབ་དཔོན་གྱིས་སྤོས་རིང་ཐོགས་ཏེ་ཀུན་རིགས་ཡོག་གདངས་རྡོར་དྲིལ་འཛིན། མ་ལུས་ཕྱོགས་ན་བཞུགས་པ་ཡི། སོགས། དངོས་གྲུབ་འདི་ནི་ ཡང་དག་སྩོལ། ལན་གསུམ། དྲིལ་ཐེང་གསུམ། སྙན་གསན་ཕབ། སློབ་དཔོན་གྱིས་ཕྱོགས་བཞིའི་མཆོད་པ་རྣམས་བདུད་རྩི་འཐོར་ལ། ༀཎྜ་རོ་ཧེ་སོགས། ཐལ་སྦྱར། སྭ་བྷ་ཝས་སྦྱངས། སྟོང་པའི་ལས་ཨ་ལས་ཐོད་སོགས། ཕྱོགས་བཞི་ཐུན་མོངས་དུ་འདོན་ཞིང་། ཤབྡ་མཆོད་རོལ། མཐར་ཚོགས་གཞུང་དང་ཕྱོགས་གསུམ་ཌཱ་དྲིལ་བཞག །དེ་ནས་ཤར་ཕྱོགས་རྐྱང་པས། ཐལ་སྦྱར་བཅས། ཕྱོགས་གཙང་མ་ལ།


KMC001_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཀུན་གདངས་ཐུང་བ་ལྟར། ཐག་མེད་ སྔགས་ཀྱང་འདུར་གདངས་ལྟ་བུ་བྱ། འཇིག་རྟེན་འདིའམ་ནས་ཧྲུག་འདོན། ཤབྡ་མཆོད་རོལ། ཌཱ་དྲིལ་ཤར་ཕྱོགས་རྐྱང་པ་དཀྲོལ། ༀ་བཛྲ་ཝེར་ནི་སོགས། རང་རྒྱ་བཅས། ༀ་བཅོམ་ལྡན་དཔའ་བོ་སོགས། མ་ལ་འདུད། མཆོད་རོལ། དེ་བཞིན་གཤེགས་པ་སོགས་ལན་གསུམ་ལ། ཀུན་རིག་ཡོག་གདངས། དྲིལ་གསིལ་རེ་བྱ། ༈ བྱང་ཕྱོགས་པས། ཕྱོགས་གཙང་མ།= འཇིག་རྟེན་འདི་འམ་ནས་འདུར་གདངས། ཤབྡ་མཆོད་རོལ། ཝེར་ནི། ༀ་བཅོམ་ལྡན་སོགས། མཆོད་རོལ། མཚན་རྣམས་ཐམས་ཅད་སོགས། ལན་གསུམ་ཡོག་གདངས་གོང་ལྟར་དྲིལ་གསིལ་རེ། ༈ ནུབ་ཕྱོགས་པས། ཕྱོགས་གཙང་མ་ནས། ཤབྡ་མཆོད་རོལ། ཝེར་ནི་སོགས།= ༀ་བཅོམ་ལྡན་དཔའ་བོ། རང་གདངས་གིས་གྱེར། མཆོད་རོལ། ཞི་བའི་ཆོས་ནི་ལན་གསུམ། ཡོག་གདངས་དྲིལ་གསིལ་གོང་ལྟར་བྱ། ༈ ལྷོ་ཕྱོགས་པས། ཕྱོགས་གཙང་མ། ནས། ཤབྡ་མཆོད་རོལ། ཝེར་ནི་སོགས།= ༀ་བཅོམ་ལྡན་ད པའ་བོ། མཆོད་རོལ། མེ་ལྷའི་གདངས་གིས། སེམས་ཅན་ཀུན་གྱི་སོགས། ལན་གསུམ། དྲིལ་གསིལ་རེ། དེ་ནས་དབུ་མཛད་ཀྱིས་སྐུལ་ཏེ། ཧཱུྃ་བཛོཏྟཥྛི། བསྒོམས་པའི་དཀྱིལ་འཁོར་སོགས། རྡོ་རྗེ་ཁུ་མཚུར་མཛུབ་མོ་བརྐྱངས་པ་རྩེ་སྤྲད་པའི་


KMC001_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་དགོས། དེ་ནས་སློབ་དཔོན་བཞེངས་ལ། ༀ་སརྦ་ཏཱ་ཐ་སོགས། རྡོར་དྲིལ་འཛིན་ཏེ་པད་སྐོར་མཐར་ཐལ་སྦྱར་བཅས། བདག་ཉིད་རྡོ་རྗེ་ཧཱུྃ་མཛད་སོགས། ཀུན་རིག་ཡོག་གདངས། བཞི་དྲིལ། བདག་ནི་སོགས་སྦྲེལ། ང་ནི་ཕྱག་ན་རྡོ་རྗེ་བརྟན། མཆོད་རོལ་འོག་སློབ་དཔོན་བྱང་ཤར་དུ་ཞལ་ནུབ་ཏུ་ཕྱོགས། དེ་བར་ལས་རྡོར་པས་སློབ་དཔོན་གྱིས་གདན་སྡུས་ས་སྟེགས་གཙང་མ་བྱ། སློབ་དཔོན་གྱི་གདངས་གོང་བཞིན། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སོགས། གདོན་མི་ཟ། མཆོད་རོལ་ཅུང་རིང་བའི་འོག །ལས་རྡོར་པས་གུ་གུལ་བདུག སློབ་དཔོན་གྱིས། སུམྦྷ་ནི་གསུང་བཞིན་ཡུང་ཀར་བྲབ་ནས་གཡས་བསྐོར་གསུམ་དང་། སླར་སློབ་དཔོན་རྐྱང་པས་རྡོ་རྗེ་གསོར་བཞིན་ཧཱུྃ་བརྗོད་པས་གཡོན་བསྐོར་གསུམ་གྱིས་མཐར་གྲལ་དུ་བཞུགས་རོལ་མོ་བཅད། ཕུར་པ་རྣམས་སློབ་དཔོན་མདུན་དུ་བཀོད་སློབ་དཔོན་གྱིས་བདུད་རྩི་མཐོར་ཞིང་། ༀ་ཁཎྜ་རོ་ཧེ་སོགས། སྭ་བྷ་ཝསྦྱངས། ཕུར་བུ་རྣམས་ནས་སོགས། རིན་འབྱུང་དབུ་རྒྱན་གྱུར། མངོན་པར་རྟོགས་པའི་སྐབས་ལྟར། ༀ་སུམྦྷ་ནི་སོགས། གདུག་ཅན་སྤྱི་བོར་ཕུར་བུས་བཏབ། སྦྲེལ་རང་ཉིད་རྡོ་རྗེ་ཧཱུྃ་མཛད་སོགས། གདབ་པར་གྱུར། མཚམས་བཞག སློབ་དཔོན་བཞེངས། ལས་རྡོར་པས་ཕུར་པ་རྣམས་དང་ཕུར་གདན་བཅས་ཁྱེར། ཤར་ནས་དབུ་གཟུང་ཕུར་པ་གདན་དུ་བཀོད་ལག་གཡས་པའི་ༀ་


KMC001_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿསྤྲད་ལྷག་མ་གསུམ་བསྒྲེངས་བའི་ཐོ་བའི་རྒྱ་དང་བཅས་རྡུལ་ཚུལ་བྱ། དབུ་མཛད་ཀྱིས། ༀ་གྷ་གྷ་སོགས། བཅུ་པོ་གོང་བཞིན་རིགས་འགྲེས། ཕྱོགས་ཤར་ནས་གཡོན་སྐོར། མཚམས་ཤར་ལྷོ་ནས་གཡས་བསྐོར། སྟེང་ཤར་གྱི་གཡས་དང་། འོག་ནུབ་གྱི་གཡོན་རྣམས་སུ་གདན་ལ་བཏབ། སོ་སོར་སློབ་དཔོན་གྱིས་དྲིལ་བརྡ་རེ་བྱེད། ལན་རྗེས་མའི་རྗེས་སུ། བགེགས་ཚོགས་བདེ་ཆེན་རང་བཞིན་གྱུར།= ས་སྟེགས་བྱི་དོར་བྱས་ཏེ། དྲི་བཟང་གྲུ་བཞི་བྱུག གཏོར་མ་ནུབ་ཏུ་བཤམས་དབུས་སུ་མེ་ཏོག་སེར་པོའི་ཚོམ་བུ་བཀོད། ཤར་ལྷོ་ནས་བཟུངས་ཉེར་སྤྱོད་ཀྱི་མཆོད་པའི་སྐོར། ནུབ་ཏུ་ས་ལྷའི་གཏོར་མ་བཤམས་སློབ་དཔོན་གྲལ་དུ་བཞུགས་ནས། མངོན་རྟོགས་ཀྱི་སྲུང་འཁོར་ལྟར་རོ། ༀ་སུམྦྷ་ནི་སོགས། ཡི་གེ་དེ་རྣམས་སོགས། ཨ་ན་ལར་ཀ་ཧཱུྃ་ཧཱུྃ། ཊཀྐི་ཧཱུྃ་ཛཿཨཧྃ།= ལག་གཡས་ཟླ་བ་ཧཱུྃ་གསུམ་སོགས། འཁོད་པར་གྱུར། སློབ་དཔོན་གྱིས་བདུད་རྩི་བྲན། ༀ་པྲི་ཐི་ཝིསོགས། ཨརྒྷཾ་ནས། པདྱ་ཤབྡ་མཆོད་རོལ་མཐར་ཌཱ་དྲིལ་བཞག ན་མཿསརྦ་ཏཐཱ་སོགས། ཁཾ་སྭཱ་ཧཱ། ལན་གསུམ་གྱིས། གཏོར་མ་ཕུལ། སློབ་དཔོན་རྐྱང་པས་རྡོར་དྲིལ་དང་སྤོས་རིང་ཐོགས་ལ། སྐྱོབས་པ་སངས་རྒྱས་སོགས། ཀུན་རིགས་ཡོག་གདངས་ཀྱིས་བཞི་དྲིལ་བྱེད་དཀྱིལ་འཁོར་བྲི་ལན་གསུམ་དང་། སློབ་དཔོན་གྱིས། ས་ལྷས་གནང་བྱིན་སོགས། གྱུར།= རྡོ་རྗེ་བསྡམས་པ་ས་ལ་བཞག་སྟེ་


KMC001_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མཛད་ཀྱིས་སྐུལ། ༀ་བཛྲི་བྷ་བ་ཧཱུྃ། ལན་གསུམ། རྡོ་རྗེ་བཅིངས་པ་ལས་ཧཱུྃ་ཡིག་འབར་སྤྲོས་སོགས། ༀ་བཛྲ་དྲི་ཌྡྷཏིཥྛ་གསུམ་གྱིས་བརྟན་པར་བྱའོ། །སྐྱེ་བ་ཀུན་ཏུ་ཡོངས་འཛིན་སོགས། སྔ་དྲོ་ཚོགས་གྲོལ། སྤར་རིང་ལྡེབ་བཅོ་ལྔའི་རྒྱབ་ཐིག་སྐུད་སྒྲུབ་པ་ནི་མཆན། འབྲུ་སྣོད་སྟེང་དུ་ཐིག་སྐུད་བཞག བདུད་རྩི་བྲན། ༀ་ཁཎྜ་རོ་ཧེ་སོགས། སྭ་བྷ་ཝས་སྦྱངས། ཐིག་སྐུད་རྣམས་ནི་སོགས། གཞུང་ལྟར། ཨཾ་ཀུ་ཤ་ཛཿ ལན་གསུམ། མྱུར་བ་སོགས་ནས། ཡིག་ཆུང་ལྟར་དང ་། ཡབ་ཡུམ་སྙིང་པོ་དང་། ཡི་གེ་གསུམ་བཟླ། ༡༠༨ ༀ་བཛྲ་པུཥྤེ་ནས་ནེ་ཝེདྱེ་ཨ་ཧཱུྃ། སོགས་ཡིག་ཆུང་ལྟར་གཟིགས། བཅོམ་ལྡན་དུམ་སྐྱེས་མ་རུ་གསལ་བར་གྱུར། བར། ༈ དཀྱིལ་འཁོར་རྣམས་ཀྱི་ཡེ་ཐེག་གདབ་ཚུལ། སློབ་དཔོན་བྱང་ཤར་དང་སློབ་མ་ལྷོ་ནུབ་ཏུ་གནས་པ་སྤང་། དང་པོ་སློབ་དཔོན་ནུབ་དང་སློབ་མ་ཤར་དུ་གནས། ཛཿ ཞེས་སློབ་མར་གཏད་ནས། དེས་ཀྱང་། ཛཿ བརྗོད་ལེན། ཚངས་ཐིག་དང་པོ་གདབ། ༈ སློབ་དཔོན་བྱང་དང་། སློབ་མ་ལྷོར་གནས་པའི་ཚངས་ཐིག་གཉིས་པ་གདབ། ༈ སློབ་དཔོན་སློབ་མའི་རྒྱབ་ནས་ནུབ་བྱང་དུ་གནས། སློབ་མ་སློབ་དཔོན་རྒྱབ་ནས་ཤར་ལྷོར་གནས་པའི་ཟུར་ཐིག་དང་པོ་གདབ། ༈


KMC001_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་སློབ་མའི་རྒྱབ་ནས་རང་ས་ལྷོ་ནུབ་ཏུ་གནས། སློབ་མ་སློབ་དཔོན་རྒྱབ་ནས་རང་ས་བྱང་ཤར་དུ་གནས་པའི་ཟུར་ཐིག་གཉིས་པ་གདབ། ༈ སློབ་དཔོན་སློབ་མའི་རྒྱབ་ནས་ཤར་ལྷོར་དང་། སློབ་མ་རང་ས་དེ་གར་གནས་པའི་ཤར་གྱི་ལོག་ཐིག་གདབ། ༈ སློབ་དཔོན་ལྷོ་ནུབ་དང་། སློབ་མ་ཤར་ལྷོར་གནས་པའི་ལྷོ་ཡི་ལོག་ཐིག་གདབ། ༈ སློབ་དཔོན་རང་ས་དང་སློབ་མ་ནུབ་བྱང་དུ་གནས་པའི་ནུབ་ཀྱི་ལོག་ཐིག་གདབ། ༈ སློབ་དཔོན་དང་སློབ་མ་དུས་གཅིག་ལ་སྐོར་བ་སློབ་དཔོན་ནུབ་བྱང་དང་། སློབ་མ་བྱང་ཤར་དུ་གནས་པ་བྱང་གི་ལོག་ཐིག་གདབ། ༈ སློབ་དཔོན་སློབ་མའི་རྒྱབ་ནས་ནུབ་ཏུ་ཕེབས། སློབ་མ་དེ་བཞིན་ཤར་དུ་འཁོད། སློབ་མའི་ཛཿ ཞེས་ཐེག་སྣེ་སློབ་དཔོན་ཕྱག་ཏུ་ཕུལ། དེ་བཞིན་ཛཿ ཞེས་ལེན་ཏེ་གྲུབ། དབུས་པདྨའི་ལྟེ་བ་ནས། མེ་རི། དུར་ཁྲོད་ཀྱི་ས་གཞི་བར་ལེགས་པར་གཏབ། དུར་ཁྲོད་ཀྱི་གཟུགས་བརྙན་ཀྱང་ཆ་ཚང་བྲིས། མཐར་སློབ་དཔོན་གྱིས་རྡོར་དྲིལ་དང་བཅས། ཤར་སྒོའི་ཐད་ནས། ཐར་སྒོའི་གེགས་གྱུར་བདུད་ཀུན་སོགས། ཧྲཱིཿཧྲཱིཿ སྒོའི་རྩ་ཐིག་ཅུང་ཟད་དབྱེའོ། །ཉེར་སྤྱོད་ལྔས་ཡེ་ཐིག་མཆོད། ༀ་བཛྲ་བེ་གཱ་ཀྲ་མ་ཧཱུྃ། ཡེ་ཐིག་བཏེག་གོ །དེ་ནས་བདུད་རྩི་ལྔ་དང་དྲི་བཟང་སྦྱར་བས་གཙོ་བོའི་གནས་སུ་གྲུ་བཞི་དང་། འཁོར་བཞིའི་གནས་སུ་ཟླུམ་པོར་བྱུག་ཅིང་སོ་སོའི་སྔགས་བརྗོད། མཚམས་བཞིར་ཟླུམ་པོ་ཆུང་ངུ་རེ། དེ་སྟེང་མེ་ཏོག་སེར་པོའི་ཚོམ་བུ་དང་། མཚམས་བཞིར་བཅས་དགོས ། མཐར་ཤར་ལྷོ་ནས་དབུ་བཟུངས་ཆུ་བཞི་ཉེར་སྤྱོད་བསྐོར་བཤམས་གཡོན་སྐོར་དང་། ནུབ་ཏུ་རྐང་གསུམ་སྟེང་ཡི་དམ་གཏོར་མ་ཤར་དུ་ཕྱི་རོལ་གཏོར་མ་དཀར་གཏོར་གཅིག་བཤམས། ཚོགས་བརྡ་


KMC001_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་། ཕྱོགས་བཞིར་གྲྭ་རྣམས་གོང་ལྟར་ཚོགས། སློབ་དཔོན་གྱིས་ཐིག་དཀྱིལ་བདུད་རྩི་བྲན། ༀ་ཁཎྜ་རོ་ཧེ་སོགས། སྭ་བྷ་ཝསྦྱངས། སྟོང་པའི་ངང་ལས་ཨེ་ལས་སོགས་ནས། དམ་ཚིག་བསྐྱེད་པ་དང་། ཡེ་ཤེས་པ་སྤྱན་དྲངས། དབང་བསྐུར་རྒྱས་གདབ། བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཐོད་སོགས། མཆོད་པ་བྱིན་རླབས། ཨརྒྷཾ་ནས་ཤབྡ། འུར་མཆོག་གཙང་མ། ཤབྡ་མཆོད་རོལ། ཡང་དག་དགའ་བ། ཤབྡ་མཆོད་རོལ། རྡོ་རྗེ་ལྷ་མོ་སོགས།= མཐའ་ཡས་ཞིང་། ཤབྡ་# = ལྷ་རྣམས་ལྗགས་ཧཱུྃ་སོགས། རྡོ་རྗེ་འཆང་ཆེན། ཨ་ཧཱུྃ།= བལྟ་དང་རྒོད་དང་སོགས།= བསྟོད་པ། ཆོས་ཀྱི་སྐུ་ལ། མཆོད་རོལ། བཅོམ་ལྡན་དཔའ་བོ། འདུད་མཆོད་རོལ། སྤོས་སྦར། སློབ་དཔོན་གྱི་ཧྲུག་འདོན་བྱེད། ལྕེ་ཧཱུྃ་རྡོ་རྗེ་རྩེ་གཅིག་ཧཱུྃ་མཚན་གྱུར། སྤོས་རིང་དང་། རྡོར་དྲིལ་འཛིན་ཏེ། ཀུན་རིག་ཡོག་གདངས་ཀྱིས། གཉིས་མེད་ཡེ་ཤེས་སོགས། བཞི་དྲིལ་གཉིས་དང་། ཚིག་དྲུག་ལ་དྲིལ་གཅིག་བྱས་པ་ལན་གསུམ། ལས་རྡོར་པས་སློབ་དཔོན་མདུན་དུ་བུམ་པ་གཉིས་ཁ་སྦུབ་ཏེ་བཞག བུམ་རྫས། གུ་གུལ། ཡུངས་ཀར། དྲི་བཟང་སྦྱང་བའི་ཆུ། དུང་ཆོས་བཟུངས་རྡོར། མགུལ་ཆིང་སྔོ་དམར་སོགས་སྒྲིགས། དབུ་མཛད་ནས། ༀ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་ཨརྒྷ་ནས་ཤབྡ་བར་མཆོད་རོལ། ༀ་བཛྲ་ཝེར་ནི་


KMC001_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། ༀ་བཅོམ་ལྡན་དཔའ་བོ་སོགས། འདུད་ནས་མཆོད་རོལ། རྡོར་དྲིལ་བཅས། ཁུ་མཚུར་མཛུབ་མོ་བསྐྱང་བའི་རྩེ་སྤྲད་ལ་སྤྱི་བོར་བཞག་ཅིང་། ཧཱུྃ་བཛྲོཏྟཥྚི། བསྒོམ་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས། ནམ་མཁའི་ཁམས་ལ་རབ་ཏུ་བཞུགས་པར་གྱུར། ༀ་སུམྦྷ་ནི་སོགས། བུམ་པ་གཉིས་ལ་གུ་གུལ་འདུག ཡུངས་ཀར་བྲབ། ༀ་བཛྲོ་ཤི་ཁ་རེ་སོགས།= མཚམས་བཅད་མགུལ་ཆིངས་བསྡམ། ལྷ་ཆུ་དལ་འགྲོ་སོགས།= མཚམས་བཅད། དྲི་བཟང་ཆུས་བུམ་པ་གཉིས་ཀྱི་སུམ་ཆ་བཀང་། ༀ་ཏབྟེ་ཏབྟེ་སོགས།= མཚམས་བཅད། བུམ་རྫས་བླུག ལས་བུམ་ལ་སྒྲོ་རྐང་བཙུག རྣམ་རྒྱལ་བུམ་པའི་ཁར་དུང་ཆོས། བུམ་ཞལ་སློབ་དཔོན་ལ་བསྟན་ཏེ་བཀོད། ༀ་བཛྲ་ཨ་མི་ཏོ་སོགས། ལན་བདུན་ལ་དྲི་ཆུ་ཐེང་བདུན་གྱིས་དུང་ཆོས་བཀང་གཟུངས་རྡོར་རྣམ་བུམ་མཆུ་ཐོར་བཀོད་གཟུངས་ཐག་བཅས། སློབ་དཔོན་གྱི་བུམ་པར་བདུད་རྩི་བྲན། ༀ་ཁཎྜ་ཻཾཧེ་རོ་ཧེ་སོགས་བསངས། སྭ་བྷ་ཝས་སྦྱངས། སྟོང་ལས་བུམ་བྱུང་སོགས། ལས་བུམ་དབུས་སུ་སོགས། སྟབས་ཀྱིས་བཞུགས། དམ་ཚིག་པ་བསྐྱེད། གནས་གསུམ་གོ་ཆ་འགོད་པ་རྣམས་མི་དགོས། འབར་བའི་ཕྱག་རྒྱས། ཕེཾ། སྙིང་གར་སོགས། དབུ་བརྒྱན་གྱུར་བར། མཆོད་པ་བྱིན་རླབས། མཆོད་རོལ། མཆོག་གཙང་མ་ཤབྡ། མཆོད་རོལ། རྡོ་རྗེ་ལྷ་མོ་བི་


KMC001_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཝང་སོགས། དྷརྨྨ་དྷརྟུ་བིཛྲཱི་བར།= ༀ་བཅོམ་ལྡན་དཔའ་བོ་སོགས། དབང་གི་ལས་སོགས། ལ་ཕྱག་འཚལ་མཆོད་རོལ། རྡོར་དྲིལ་བཞག །བདག་ཉིད་ཐུགས་ཀའི་སོགས། གཟུངས་ཐག་ལག་གཡོན་གྱིས་སྙིང་གར་གཟུངས། བཟླས་པ་གཙོ་བོར་བརྒྱ་དང་བརྒྱད། འཁོར་རྣམས་ལྔ་བཅུ་རེ། གཟུངས་རྡོར་ལས་བུམ་སྟེང་བཀོད་ལས་སྔགས་བརྒྱ་མཐར། ༀ་ཤྲཱི་ཙཀྲ་སོགས། བཛྲ་ཨརྒྷཾ་པྲ་ཏི་ཙྪ་སོགས། ཧཱུྃ་སྭཱ་ཧཱ། དུང་ཆུ་རྣམ་བུམ་དུ་བླུག་ཏེ། ལྷ་རྣམས་འདོད་ཆག་སོགས། ༀ་བཛྲ་པུཥྤེ་སོགས་ཉེར་སྤྱོད་ལྔས་མཆོད། ཨ་ཧཱུྃ། ཅི་སྲིད་དཀྱིལ་འཁོར་སོགས། ལས་བུམ་སྒྲོ་རྐང་དང་གཟུངས་རྡོར་འཇུ་ཏེ་སྐོར་ཞིང་བགེགས་བསྐྲད། དེ་ནས་འདས་མ་འདས་ཀྱི་གཏོར་མ་ལ་སློབ་དཔོན་གྱིས་བདུད་རྩི་བྲན་ཏེ། ༀ་ཁཎྜ་རོ་ཧེ་སོགས། སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་ཡཾ་ལ་སོགས་བྱིན་བརླབས། འབར་བའི་རྒྱས། ཕེཾ། གཏོར་མགྲོན་སོགས། སུ་ཁཻཿ ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་མཆོད། མཆོད་རོལ་པད་སྐོར་བྱ་ཞིང་། མཁའ་འགྲོ་དྲྭ་བ་སོགས། མ་ཡ་སྟྭཾ་ས་མ་ཡ་ཧོཿ ལན་གསུམ། ལག་གཡོན་མཐིལ་དུ་སོགས། ལྷ་མོ་ཚད་མ་སོགས། ཐལ་སྦྱར། ༀ་ཨཱ་རལླི་ཧོ་སོགས། ལན་གསུམ། གོང་ལྟར་ཉེར་སྤྱོད་མཆོད། མཆོད་རོལ། ཧེ་རུ་ཀ་དཔལ་སོགས། བཞི་དྲིལ། ༀ་ཁ་སོགས། གཏོར་རྒྱ་ལན་གཉིས། ལྷ་ཀླུ་


KMC001_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་སོགས། བཞི་དྲིལ། མཆོད་རོལ། དཀར་གཏོར་ཕུལ། ཌཱ་བཞག་ཕྲིན་བཅོལ་འཆད་འགྱུར་གྱིས་ཉེ་རིག་བྱ། དྲིལ་བུ་དཀྲོལ། ༀ་ན་མོ་བྷ་ག་སོགས། ལས་རྡོར་གཉིས་ཀྱིས་དུང་ཆོས་གྲལ་དུ་འགྱེད། རྐང་བརྒྱད་སྔགས་དལ་ཙམ་གྱིས་བསྟོད། བསོད་ནམས་འདི་ཡིས་སོགས། ཚོགས་གྲོལ། དེ་དག་ནི་སྔོན་དུ་འགྲོ་བའི་ས་སློང་ཆོ་ག་དང་ལྷ་བུམ་སོགས་ཀྱི་སྟ་གོན་གྱི་རིམ་པའོ། །དེ་ནས་ལྡེབ་རིང་རྒྱབ་ཏུ་རྡུལ་ཚོན་བྱིན་རླབས་རྡུལ་ཚོན་ཁ་དོག་ལྔའམ་སྣོད་སོ་སོའི་ནང་བླུག་ཏེ་སློབ་དཔོན་གྱི་མདུན་དུ་སྟེགས་ཀྱི་སྟེང་དུ་བཀོད། བདུད་རྩི་བྲན། ༀ་ཁཎྜ་རོ་སོགས་བསངས། སྭ་བྷ་ཝས་སྦྱངས། རྡུལ་ཚོན་སོགས། སོ་སོའི་ཚོན་ལ་ཐིམ། ༀ་བཛྲ་སོགས་བརྒྱ་དང་བརྒྱད་བཟླས། སླར། མིག་གཉིས་ཛ་ལས་སོགས། ཨཾ་ཀུ་ཤ་ཛཿ ལན་གསུམ། རྡུལ་ཚོན་སོགས། འབར་གྱུར་ཅིག སློབ་དཔོན་དཀྱིལ་འཁོར་གྱི་མདུན་འཁོར་ནས་འདི་ནས། འདི་ནས་མེ་ལོང་སོགས། ནང་ནས་ནག་ལྗང་དམར་སེར་དཀར་རྩིག་པ་རྣམས་ཅུང་ཟད་བྲིས། སྣོད་ཅི་རིགས་པས་བཀབ་ལ། གྲུབ། ༈ ཕྱི་ཉིན་མཆོད་ཁྲིའི་སྟེང་། དབུས་ཡི་དམ་གཏོར་མ། གཡས་སུ་རྣམ་བུམ་གཡོན་དུ་ལས་བུམ་མདུན་དུ་མཆོད་མགོ་གཡོན་ནས་དབུ་བཟུངས་ཆུ་བཞི་ཉེར་སྤྱོང་ཕྲེང་ཚར་དང་། ནང་མཆོད་ཐོད་པ། ཕྲིན་བཅོལ་དཀར་གཏོར་གཅིག ཚོགས། མ་འདས་པས་དཀར་གཏོར་གཅིག་བཅས། རྣམ་འཇོམ་རྣམ་རྒྱལ། ཚིག་བདུན་གསོལ་འདེབས་ཞོག་འདོན་ཆོས་སྤྱོད་གོ་


KMC001_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

རིམ། བདག་བསྐྱེད་ཆ་ཚང་། ཚོགས། འདས་མ་འདས་ཀྱི་གཏོར་འབུལ། ལས་རྡོར་གཉིས་ནས། མཐོང་བའི་ཆོས་ཧྲུག་འདོན་བྱེད། གྲལ་དུ་ཚོགས་དྲངས་དགོས། ཚོགས་ལྷག རྗེས་ཆོག བཀྲ་ཤིས་དང་མཐའ་བརྟེན་གཅིག མཆོད་རོལ་དབྱངས་བཅག་བྱ་དགོས། བདེ་མཆོག་ནང་ནས་གང་བདེ་གཅིག་དང་ཕྱག་བཞི་པའི་ནང་ནས་གཅིག་འཐེན། རྡུལ་ཚོན་གྲུབ་ནས། སློབ་དཔོན་ལ་བརྡ་ཕུལ། དེ་ནས་ལས་སྔགས་དང་། ཧཱུྃ་བརྗོད་ཅིང་དྲི་བཟང་ཆུས་བདུད་རྩི་དང་སྦྱར་བའི་དུར་ཁྲོད་ཀྱི་མཐའ་ནས་སྐོར་ཏེ་བྱུག ། དེའི་མཐའ་ཏིལ་སྣུམ་སྐོར་ཏེ་བྱུག །མཐར་རྡུལ་ཚོན་ལྷག་མ་ལ་ཉེར་སྤྱོད་ལྔས་མཆོད། ༀ་ཨཱཿཧཱུྃ་བཛྲ་མུ། ཡེ་ཤེས་རྡུལ་ཚོན་ནམ་མཁར་སོགས། ༀ་བཛྲ་བེ་གཱ་ཀྲ་མ་ཧཱུྃ། སྟ་གོན་གྱི་ལྷའི་ཐུགས་ཀར་གཞུག་ཅིང་དེ་ཞིག་བཏེག་གོ །རྣམ་རྒྱལ་བུམ་གདན་སྟེང་ཆོས་འབྱུང་གི་དབུས་སུ་སྣ་ཚོགས་པད་ཉི་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དང་། ལས་བུམ་གདན་སྟེང་པད་ཉི་རོ་གདན་གྱི་སྟེང་དུ་གྲི་གུག་བྲི། དེ་ནས་སྒབ་སྐོར་སྒྲིགས་དཀྱིལ་འཁོར་གྱི་ཤར་སྒོའི་གཡས་རྣམ་རྒྱལ་བུམ་པ། གཡོན་དུ་ལས་བུམ་བཀོད། ཤར་ལྷོ་ནས་བཟུང་གཡོན་སྐོར་གྱི་ཆུ་བཞི་ཉེར་སྤྱོད་ཆ་ཚང་བཞི་བཀོད། མཚམ་འཛིན་རྣམས་ཕྱོགས་རེར་ཆ་རེ། ཤར་དུ་མིང་དྲིལ། དབང་ཙཀ་ཁ་ཊྭཾ་ཅང་ཏིའུ་ཐོད་པ་ཚངས་སྐུད་དང་། ལྷོར་དབུ་རྒྱན། དར་དཔྱངས། བྱང་སེམས་བདུད་རྩི། ནུབ་ཏུ་རྡོ་རྗེ་དང་། རིག་ཙག བྱང་དུ་དྲིལ་བུ། ནུབ་ཏུ་རྐང་གསུམ་སྟེང་ཡི་དམ་གཏོར་མ་མདུན་དུ་ཉིན་རེ་བཞིན་བ་ལིཾ་གསུམ་


KMC001_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་རེ་གཏོར་རྫས་འབྲུ་སྣས་བརྒྱན་པ། མཆོད་གཞིའི་རྒྱབ་ནས་ཕུར་པ་སྔོན་དུ་གདབ་རིམ་ལྟར་མ་ནོར་བ་ཕུར་གདན་དང་བཅས་བཀོད། སྒབ་སྐོར་སྟེང་། ནུབ་ཏུ་དབུ་གདུགས། རྒྱལ་མཚན་གཉིས། ཕྱེད་ཕུར་གཉིས། འཕེན་གཉིས། ཤར་དུ་མཆོད་བཞིའི་དབུ་གདུགས་བཅས་བཀོད་མཐར་སློབ་དཔོན་ནས་རྡོར་དྲིལ་བཟུང་། ཕྱེད་ཕྱག་བཅས་ཡིག་བརྒྱ་འདོན་བཞིན་པས་བསྐོར་བ་གསུམ་བྱས་ནས་ལྷག་ཆད་གྱི་སྐྱོན་བཏགས་ཏེ་ཉེས་པ་བསལ། ཕྱི་ནས་ཡོལ་བ་རྒྱབ། ཤར་སྒོའི་ཐད་མདུན་དུ་མཆོད་སྟེགས་སྟེང་གཡོན་ནས་དབུ་བཟུང་ཆུ་བཞི་ཉེར་སྤྱོད་ཕྲེང་ཚར་དང་། ནང་མཆོད་ཀཱ་པ་ལ་ཕྲིན་བཅོལ་དཀར་གཏོར་བཅས། ཡོལ་བའི་ཕྱི་རོལ་དུ་ཡོན་ཆབ་མེ་ཏོག་སྤོས་མར་མེ་ཞལ་ཟས་བཅས་སྣ་སྔ་བརྒྱ་ཚར་རེ་བཀོད། སློབ་དཔོན་མདུན་དུ་གཡོན་ནས་དབུ་བཟུང་བདག་བསྐྱེད་མཆོད་པ་ཆུ་བཞི་བཅས་ཕྲེང་ཚར། འབྲུ་སྣོད། ཌཱ་དྲིལ་བཅས། དངོས་གཞིའི་ཉིན། ཐོག་མར་ལོ་གྱོན་མའི་གཟུངས། རྣམ་འཇོམས། རྣམ་རྒྱལ། ཚིག་བདུན་གསོལ་འདེབས། ཆོས་སྤྱོད་གོ་རིམ་ལྟར། དེ་ནས་བདག་ཉིད་སྐད་ཅིག་སོགས། སྔོན་གཏོར་ལ་བདུད་རྩི་བྲན། ༀ་ཁཎྜ་རོ་ཧེ་སོགས། གྲལ་དུ་བདུད་རྩི་འགྱེད། གཅིག་ཏུ་གྱུར།= བདུད་རྩི་མྱང་། རྡོར་ཐལ་ཁ་ཕྱེ་བས། ༀ་ཁ་ཁ་སོགས་ལན་གསུམ། ལྷ་ཀླུ་གནོད་སྦྱིན་སོགས། བཞི་དྲིལ་མཆོད་རོལ་གཏོར་མ་ཕུལ། རྡོ་རྗེ་བཞག །མཆོད་པ་ལ་བདུད་རྩི་བྲན། སྤོས་སྦར། སློབ་དཔོན་གྱིས་བདག་བསྐྱེད་མཆོད་པ་ལ་ནང་མཆོད་བདུད་རྩི་བྲན། ༀ་


KMC001_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཁཎྜ་རོ་ཧེ་སོགས། ཐལ་སྦྱར་གྱི། སྟོང་པའི་ངང་ལས་ཨ་ལས་སོགས། ཤབྡ་མཆོད་རོལ་མཐར་ཌཱ་དྲིལ་བཅས་བཞག བདག་སོགས་མཁའ་མཉམ་སོགས། ཉེར་གཅིག= སེམས་ཅན་ཀུན་གྱི་སོགས་ལན་གསུམ།= ཤྲཱིར་ནི་གཉིས་མེད་སོགས། ༀ་ཨ་ཨཱ་སོགས་ལན་གསུམ་རེ་རེ་བཞིན་སྐུལ་མཚམས་བྱ། ཡིག་ཕྲེང་འོད་ཟེར་སོགས། སེམས་ཅན་ཐམས་ཅད་བདེ་གྱུར་ནས་ལན་གསུམ།= མགོ་བོ་བུམ་ལ་སོགས།= ལྟེ་བ་ལམ་ལ་སོགས།= ༀ་སུཾ་བྷ་ནི་སོགས་ལག་གཡོན་གྱི་རང་རྒྱ་སེ་གོལ།= ཡི་གེ་དེ་རྣམ་སོགས།= ༀ་སུཾ་བྷ་ནི་སོགས་རང་རྒྱས་སེ་གོལ།= ཕྱོགས་བཞིའི་སྔགས་ལ་སོགས།= སྔགས་རྣམས་ལན་གཉིས་རེ་སེ་གོ ལ།= མཚམས་སུ་ཕྱོགས་བཞིའི་སོགས།= རྡོར་དྲིལ་འཛིན་ཅིང་། སྲུང་འཁོར་དབུས་སུ་སོགས་ཧྲུག་འདོན་སྐབས། འོད་ཟེར་སྙིང་གར་ནས་དྲིལ་བསིལ་རྣལ་འབྱོར་རོ་གཅིག་ནས་ཕྱེད་ཕྱག་བཞི་དྲིལ། གིས་མཆོད་གྱུར།= དྲིལ་མེད། རྡོར་དྲིལ་འཛིན་ཅིང་། ༀ་བཛྲ་ཝིར་ནི་སོགས་རང་རྒྱ་སེ་གོལ།= སླར་ཡང་སྙིང་གའི་སོགས། ༀ་པཉྩ་སོགས་སློབ་དཔོན་དང་ལས་རྡོར་གཉིས་ཀྱི་ནང་མཆོད་ནས་སྒྲོན་ཐུར་གྱིས་བདུད་རྩི་མཆོད་འདུས་ཚོགས་རྣམས་རྡོར་དྲིལ་བཅས་སྲིན་མཛུབ་གྱིས་མཆོད་ཚུལ་བཅས། ༀ་ཤྲཱི་མ་ཧཱ་སུ་ཁ་སོགས་འཁྱུད་རྒྱ་བྱ།= འདོད་


KMC001_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཞེ་སྡང་ནས་ཐལ་སྦྱར་བྱ་འཕྲལ་རྡོར་དྲིལ་བཞག བསྒྲུབ།= ༀ་སྭ་བྷ་ཝ་སོགས། ཁམས་གསུམ་སོགས། ཀོ྅་ཧཾ།= སྟོང་པའི་ངང་ལ་སོགས། མཚན་པར་གྱུར།= འབར་བའི་རྒྱས། ཕེཾ་སྙིང་གར་སོགས། གསོལ། ༀ་བཛྲ་ཝིར་ནི་སོགས་རང་རྒྱ་སེ་གོལ། རང་རྒྱས། ཛཿཧཱུྃ་བྃ་ཧོཿ དམ་ཡེ་བསྲེ། ༀ་ཡོ་ག་འཁྱུད་རྒྱ། བདག་ཀྱང་ལ། མདུན་བུམ་གཉིས་ལ་ལྷ་ཡང་སོགས་བསྒྱུར། ཝིར་ནི་རང་རྒྱ་སེ་གོལ། ཐལ་སྦྱར་གྱི། དེ་བཞིན་གཤེགས་ཀུན་སོགས། མདུན་བུམ། ལྷ་ལ་སོགས་གོང་ལྟར་སྒྱུར། ༀ་ཤྲཱི་ཧེ་རུ་ཀ་སོགས་ཤབྡ་མཆོད་རོལ་རྡོར་དྲིལ་བཅས་བཞག ཝིར་ནི་སོགས་རང་རྒྱ་སེ་གོལ། ལས་རྡོར་ནས་བདུད་རྩི་གྲལ་དུ་འགྱེད། ལྷ་རྣམས་ལྗགས་ཧཱུྃ་སོགས། ལས་རྡོར་དང་སློབ་དཔོན་གྱིས་ལག་གཡས་ཀྱི་ཐོད་པ་གཟུངས་གཡོན་གྱིས་སྒྲོན་ཐུར་བཟུངས་ཏེ་མཆོད། དྲིལ་བུ་བསིལ་ཞིང་ཕྱེད་ཕྱག་གིས། ༀ་ན་མོ་བྷ་ག་སོགས་ཧུཾ་ཧཱུྃ་ཕཊ།= རྡོར་དྲིལ་བཞག བདག་ཉིད་ཧེ་རུ་ཀར་གནས་སོགས། གྱུར།= ལག་གཡོན་དུ་བགྲང་ཕྲེང་བཀོད། སློབ་དཔོན་བདུད་རྩི་བྲན་ཚོགས་ཡོངས་ཀྱི་བདུད་ཀྱི་ཐོར་ཚུལ་བྱ། ༀ་ཁཎྜ་རོ་ཧེ་སོགས། སྭ་བྷ་ཝསྦྱངས། སྟོང་ལ་སོགས། ༀ་བཛྲ་ཨརྒྷཾ་པྲ་ཏི་ཙྪ་སྭཱ་ཧཱ། པུཥྤེ་སོགས་ཤབྡ་དྲིལ་གསིལ་ལག་གཡས་ཀྱི་དཀྲོལ་བཞག ༀ་པདྨ་ནཪྟེ་ཉེར་གཅིག གྱུར།= གཙོ་བོའི་


KMC001_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་སོགས། གཙོ་སྔགས་གསུམ་བརྒྱ་བཟླ། སྤྲུལ་པའི་འཁོར་ལོ་སོགས། ༀ་ཧྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ་བརྒྱ་དང་བརྒྱད། ཡུམ་དང་མཁའ་འགྲོ་བཞི་ལ་ལྔ་བཅུ་རེ་བཟླ། ཐུགས་ཀའི་ཧཱུྃ་གི་སོགས། ཚོགས་ཐེང་གྲོལ། ཡར་ཚོགས། རྡུལ་ཚོན་དཀྱིལ་འཁོར་ལ་བདུད་རྩི་འཐོར་ཏེ། ༀ་ཁཎྜ་རོ་ཧེ་སོགས་བསངས། སྭ་བྷ་ཝ་སྦྱངས། བདག་བསྐྱེད་ལྟར་ལས། ཡོངས་གྱུར་བཅོམ་ལྡན་སོགས་བསྒྱུར། དུད་ཁ་རྣམས་ཀྱི་ཡང་དག་མཚན་པར་གྱུར།= ྃ ཉིན་དང་པོའི་ཉིན། མཁར་བཞུགས་དཀྱིལ་འཁོར་སོགས། གཉིས་མེད་གྱུར་= སྦྱར། དམ་ཡེ་དབྱེར་མེད་དཀྱིལ་འཁོར་བཞི་པོ་དང་མདུན་བསྐྱེད་དཀྱིལ་འཁོར་ལྔ་བསྲེའོ། རྒྱུན་ྃདུ། ཕེཾ། སྙིང་གར་ཉི་མ་ལ་གནས་སོགས་འབར་བའི་རྒྱ། ༀ་བཛྲ་ཝིར་ནི་སོགས་རང་རྒྱ་སེ་གོལ། ཛཿཧཱུྃ་བྃ་ཧོཿ༵ ཉིན་དང་པོར། ཡེ་ཤེས་པ་རྣམས་གཙོ་འཁོར་སོ་སོར་ལ། ཐིམ་པས་དཀྱིལ་འཁོར་དྲུག་པོ་རོ་གཅིག་གྱུར། སྦྱར། རྒྱུན༵་པར། ཡེ་ཤེས་པ་དང་དམ་ཚིག་གཉིས་མེད་གྱུར། ༀ་ཡོ་ག་ཤུ་དྡྷ་སོགས། ཆོས་རྣམས་ཐབས་ཤེས་སོགས། བཅོམ་ལྡན་ཡབ་ཀྱི་གོ་ཆ་སོགས། བདག་བསྐྱེད་ལྟར། དཀྱིལ་འཁོར་མདུན་གྱི་ཕྱི་མཆོད་ཁ་གསོ། སྤོས་སྦར། བདུད་རྩི་བྲན། ༀ་ཁཎྜ་ར་ཧེ་སོགས། སྭ་བྷ་ཝ་སྦྱངས། ཐལ་སྦྱར་གྱི། སྟོང་


KMC001_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངང་ལ་ཨ་ལ་སོགས། ཤབྡ་མཆོད་རོལ་འུར། མཆོག་གཙང་མ།= འཇིག་རྟེན་འདིའམ། ཤབྡ་མཆོད་རོལ། ཡང་དག་དགའ་བ་སོགས། མཆོག །ༀ་ཤྲཱི་ཙཀྲ་སོགས། པུཥྤེ་ནས་ཤབྡ་མཆོད་རོལ། རྡོ་རྗེ་ལྷ་མོ་སོགས། རང་རྒྱ། མུ་ར་ཛེ༔= བཞད་པ་རྡོ་རྗེ་སོགས། ནྲྀཏྱེ།= མདོག་ཀར་སོགས། གནྡྷེ།= གཟུགས་ཀྱི་སོགས། དྷ་ཏུ་བཛྲི།= མཐའ་ཡས་ཞིང་ན་སོགས། ཤབྡ། མཚམ་རྒྱག དབྱངས་སྐབས་མཆོད་རོལ་དགོས། སྤཪྴེ།= ལྷ་རྣམས་ལྗགས་ཧཱུྃ་སོགས། ལས་རྡོར་བས་གྲལ་དུ་བདུད་རྩི་འགྱེད་གོང་ལྟར་མཆོད། རྡོ་རྗེ་འཆང་ཆེན་སོགས།= བལྟ་དང་རྒོད་དང་སོགས། ༀ་སརྦ་ཏ་ཐཱ་སོགས། རྡོར་དྲིལ་འཛིན་ཞིང་པད་སྐོར་འཁྱུང་རྒྱ་བྱ། རང་བཞིན་སོགས། དྲིལ་གསིལ་ཕྱེད་ཕྱག སངས་རྒྱས་ཐམས་ཅད་རྟོགས་བྱེད་པའོ།= བསྟོད་པ། ཆོས་ཀྱི་སྐུ་ལ་སོགས། བཞི་དྲིལ་ཕྱེད་ཕྱག མཆོད་རོལ། ༀ་བཅོམ་ལྡན་སོགས། བཞི་དྲིལ། འདུད། མཆོད་རོལ། ཌཱ་དྲིལ་བཅས་བཞག །གཙོ་བོའི་ཐུགས་ཀར་སོགས། བཟླས་པ་གསུམ་བརྒྱ་དང་ཡིག་བདུན་བརྒྱ་དང་བརྒྱད། ཡུམ་དང་མཁའ་འགྲོ་བཞི་ལྔ་བཅུ་རེ་བཟླ་མཐར། ༈ དེ་ནས་བུམ་བསྐྱེད་ནི། ༀ་སྭ་བྷ་ནི་སོགས། ༀ་ཤི་ཁ་རེ་སོགས། ༀ་བཛྲ་ཨ་མྲི་ཏོ་སོགས། ལན་བདུན་ལ་ལས་རྡོར་པས་གོང་ལྟར་ཆུ་ཐེང་བདུན་གྱི་དུང་ཆོས་


KMC001_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བཀང་། བུམ་པར་ནང་མཆོད་བདུད་རྩི་བྲན་ནས། དེ་སྲིད་བགེགས་ཀྱི་ཚོགས་རྣམས་ཟློག་པར་མཛོད་བར་སྟ་གོན་སྐབས་ཅི་ལྟ་བ་ཡིན། གཏོར་མ་གསོ་བྲན་བྱས་ལ་གོང་གཏོར་ལ་བདུད་རྩི་བྲན། ༀ་ཁཎྜ་རོ་ཧེ་སོགས། སྭ་བྷ་ཝ་སྦྱངས། སྟོང་པའི་ངང་ལ་སོགས། གཅིག་ཏུ་གྱུར་བར། ལག་གཡོན་མཐིལ་དུ་སོགས། ཐལ་སྦྱར་གྱི་ལྷ་མོ་ཚད་མ་སོགས། ༀ་ཨ་རལླི་སོགས་ལན་གསུམ། ༀ་ཤྲཱི་ཧེ་རུ་ཀ་སོགས་ཨརྒྷཾ་ནས་ཆུ་གཉིས་ཤབྡའི་བར་མཆོད་རོལ། ཧེ་རུ་ཀ་དཔལ་སོགས་བཞི་དྲིལ། བསྟོད།= བསོད་ནམས་འདི་ཡི་སོགས། གུང་ཚིག་གྲོལ། ཕྱི་དྲོ་ཕྱི་རོལ་དུ་གཏོར་མ་བཏང་བ་ནི། ལས་རྡོར་པས་ལྕོག་རྩེའི་སྟེང་གཡོན་ནས་ཙམ། ཆུ་གཉིས་ཅན་ཉེར་སྤྱོད་ཕྲེང་ཚར་དཀར་གཏོར་གཅིག་ཉེ་རིག་དུང་བཤམས་ཆུ་གཙང་བྲན། ཁཎྜ་རོ་ཧེ་སོགས། སྭ་བྷ་ཝ་སྦྱངས། སྟོང་བའི་ངང་ལས་ཡཾ་ལ་སོགས། གཅིག་ཏུ་གྱུར། མཆོད་རོལ་འུར། ཨིནྡྲི་སོགས་ནས་ས་པ་རི་ཝཱ་རཱ་ན་ཨཱ་ཀརྞ་ཡ་ཛཿ ཞེས་བཏགས་པ་དང་། ཛཿཧཱུྃ་བྃ་ཧོཿ རང་རྒྱ་བྱ། སྃ་ཏྲི་པྟཿནས་དྲིལ་གསིལ་བྱ། སུ་ཁཻཿབར་སྤྱན་འདྲེན་ཞིང་། ༀ་ད་ཤ་དིག་སོགས། ཨརྒྷཾ་པདྱེཾ་ནས་ཤབྡ་མཆོད་རོལ། ༀ་ཁ་ཁ་ཁཱ་ཧི། ལན་གསུམ། ལྷ་ཀླུ་གནོད་སྦྱིན་སོགས། རྔ་ཚིག མེ་ལྷའི་གདངས་རེས། མཆན། བྲེལ་ཆེ་ན་འདུར་གདངས་ལ་འགྲོ་བའི་གཉེན་ཁ་འདུག


KMC001_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འགྲུབ་མཛོད། གཏོར་མ་ཕུལ། མཆོད་རོལ། ཧེ་རུ་ཀ་ཡིག་བརྒྱ་ལན་གཅིག་དྲིལ་གསིལ། ལྷག་ཆད་བསྐང་། འཇིག་རྟེན་པ་རྣམས་རང་གནས་གཤེགས་པར་གྱུར་ནས། ཙོག་བུར་ས་ལ་འདུག། ལས་རྡོར་གཉིས་ནས་དུང་ཆུ་འགྲིམ། འདུས་པ་རྣམས་ཀྱིས་ལག་གཡོན་དུ་དུང་ཆུ་བཟེད་གཡས་པའི་གུང་སྲིན་སྦྲེལ་བའི་ཆུ་ལ་རིག་ནས་མི་སྨྲ་བར་ཆུ་ལ་མང་དུ་བྱབ་ཅིང་། རྣ་བའི་བུ་ག་གཉིས། མིག་གཉིས། སྣ་བུག་གཉིས། ལག་པ་གཉིས། ལྟོ་བ་མགོ་བོ་བཅས་ལན་གསུམ་རེ་ཉེ་རེག་བྱས། མཆོད་འཕྲེང་བསྡུ། དབུ་མཛད་ནས་བསྐུལ་ཏེ། ༀ་ཁཎྜ་རོ་ཧེ་ཧུཾ་ཧཱུྃ་ཕཊ། ཧཱུྃ་བཞི་པའི་སྔགས་སྦྲེལ་དགོས་སིལ་སྙན་ཁ་ཚག་དང་ཌཱ་དྲིལ་དཀྲོལ་ཞིང་འདུས་པ་རྣམས་ནང་དུ་ཚོགས་གྲལ་སྟེང་བཞེངས་ཏེ། སློབ་དཔོན་གྱི་རྟེང་མནན་ཌཱ་དྲིལ་དཀྲིལ་ཞིང་། གོང་ལྟར་སྔགས་གསུང་བཞིན་དཀྱིལ་འཁོར་ལ་བསྐོར་བ་གསུམ་མཐར་གྲལ་ཐོག་འཁོད་འཕྲལ་མཆོད་རོལ་འུར། བཞེངས་བཞིན་ལག་གཉིས་ཁུ་ཚུར་བཀན་པ་ལས་མཛུབ་མོ་བརྐྱང་བའི་བསྣོལ་ཐབས་སུ་སྒོ་དབྱེ་བའི་ཕྱག་རྒྱས། ༀ་བཛྲོད་གྷ་ཊ་སོགས་ལན་བཞི། ༀ་པ་ར་མ་སུ་ཁ་སོགས། དཀྱིལ་འཁོར་དུ་མེ་ཏོག་དོར་ཞིང་ཕྱག་གསུམ་འཚལ། སླར་ཡང་ཕྲེང་བའི་དབང་བསྐུར་བར་མོས་ལ། དེ་རིང་འགྲོ་བ་ཀུན་ལ་སོགས། མེ་ཏོག་སྤྱི་བོར་བཀོད་བཞུགས། ཇི་ལྟར་བལྟམ་པ་སོགས། ས་གཞི་སྤོས་ཆུ་སོགས། བུ་ཁྱོད་ཅི་ཡིན་སོགས། ༀ་ཙཀྵུར་སོགས། གདོང་གཡོག་


KMC001_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བཅིངས། ཐལ་མོ་མེ་ཏོག་འཛིན་པས། དགའ་ཆེན་ཁྱོད་བདག་ལན་གསུམ།= བདག་གི་སྡིག་པ་ལན་གསུམ།= བདག་ཉིད་ཧེ་རུ་གསལ་སོགས། རྡོ་རྗེ་ཐལ་སྦྱར་བར་བཟུངས་བཞིན་པས། ༀ་སརྦ་ཡོ་ག་སོགས་ལན་གསུམ་སྐོར་ཏེ། ༀ་སུ་ར་ཏེ་ལན་གཅིག་ནས་སྙིང་གར་གཏུག སངས་རྒྱས་སྲས་བཅས་ཐལ་མོ་སྦྱར་ལན་གསུམ།= སྤྱི་བོ་ཟླ་བའི་སྟེང་དུ་སོགས། དེང་ཁྱོད་དེ་བཞིན་སོགས། གནས་གསུམ་དུ་ཐལ་མོ་རིག་ཅིང་། ༀ་ན་མ་ཏེ་ཧཱུྃ་སོགས་ལན་བཞི།= ཐལ་སྦྱར་གྱི། སངས་རྒྱས་ཀུན་གྱི་སོགས་ལན་གསུམ། དེ་བཞིན་གཤེགས་པ་སོགས། རྒྱ་མེད། དེང་ཁྱོད་དཔའ་བོ་སོགས། རྡོ་རྗེ་སྤྱི་བོར་བཀོད། ཧེ་རུ་ཀ་དཔལ་སོགས། རྡོ་རྗེ་སྙིང་གར་གཏུག འདི་ནི་ཁྱོད་ཀྱི་སོགས། དེང་ནས་བརྩམས་ཏེ་སོགས། རྡོ་རྗེ་སྤྱི་བོར་བཀོད། དམྱལ་ཏ་རེ།= རྡོ་རྗེ་སར་བཞག དཔའ་བོ་རྣལ་འབྱོར་སོགས། ཐལ་སྦྱར། ལན་གསུམ།= བདག་ཉིད་ཧེ་རུ་ཀ་མཆོག་སོགས། བྱིན་འབེབས་མཆོད་གསིལ་འུར་སྔགས་རྣམས་གསུང་། ཏིཥྛ་བཛྲ་རྒྱ་གྲམ་བཀོད། པྲ་ཏི་ཙྪ་སོགས་མེ་ཏོག་དཀྱིལ་འཁོར་ལ་དོར། སེམས་པ་སྟོབས་ཆེན་སོགས་མེ་ཏོག་སྤྱི་བོར་བཀོད། ༀ་བཛྲ་ནི་ཏྲ་སོགས་གདོང་གཡོགས་བསལ་ཏེ།= ས་གཞི་སྤོས་ཆུ་སོགས། བྱང་ཆུབ་རྡོ་རྗེ་སོགས། ཐལ་སྦྱར་གྱི་ལན་གསུམ།= ༀ་ཁཎྜ་རོ་ཧེ་སོགས།


KMC001_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་འཐོར་ཚུལ། སྭ་བྷ་ཝས་སྦྱངས། རྡོར་དྲིལ་བཟུང་། སྟོང་པའི་ངང་ལས་སོགས་བགེགས་བསྐྲད་སེམས་དཔལ་རྣམས་ཀྱི་སྐབས་དྲིལ་གསིལ།= བཀྲ་ཤིས་གང་ཞིག་སོགས། བཀྲིས་ཤོག་སྐབས་འབྲུ་འཐོར། མཆོད་པའི་ལྷ་མོའི་སྐབས་དྲིལ་གསིལ། རྡོ་རྗེ་གསོར། སངས་རྒྱས་རྣམས་ནི་སོགས། ༀ་ཧྲཱིཿཧ་ཧ་སོགས་དྲིལ་གསིལ། ཧཾ།= དབང་ལྷ་སོགས། ཕུང་པོ་གནས་གྱུར་མེ་ལོང་ཡེ་ཤེས་མཆོག གྱུར།= བསངས་སྦྱང་ནས་རིག་འགྲེལ། དབུ་རྒྱན་གོང་ལྟར་དང་། རྡོ་རྗེའི་སྐབས་དྲིལ་བུའི་སྟེང་རྡོ་རྗེ་གྱེན་དུ་བཟུང་། གསོར་ཞིང་བསྣམས་ནས་སྐབས་གཡས་ཀྱི་རྡོ་རྗེ་གསོར། གོང་ལྟར། ཁྱོད་ཀྱི་ལོངས། ༀ་བཛྲ་ཨ་བྷི་ཥེཉྪ་ཧཱུྃ། རྡོ་རྗེ་སྐོར་ཏེ་སྙིང་གར་གཏུག དྲིལ་བུ་ལག་གཡོན་གྱི་ལག་མཐིལ་དུ་བཀོད། གོང་ལྟར་གསོར་ཞིང་སྐབས་རྡོ་རྗེ་གསོར། ༀ་བཛྲ་སོགས། དྲིལ། ཨ་ཧཾ་དྲིལ་བུ་དཀུར་བརྟེན། ལག་གཡོན་སྟེང་རྡོར་དྲིལ་རྒྱ་གྲམ་བཀོད། གོང་ལྟར་འདོགས་པར་མཛད་ནས་རྡོ་རྗེ་གསོར། སངས་རྒྱས་ཀུན་གྱི་མིང་གི་དབང་སོགས། མིང་གི་དབང་འདི་ཁྱོད་ཀྱི་ལོངས། ༀ་བཛྲ་སོགས་ནས་རྡོར་དྲིལ་སྤྱི་བོར་དཀྲོལ་ཏེ། ཀྱཻ་དཔལ་ཧེ་རུ་ཀ་དཔལ་སོགས། སླར་ༀ་བཛྲོད་དྲིལ་གསིལ། མཐར་དྲིལ་བུ་བཞག དབང་ལྷ་སོགས། ཕུང་པོ་གནས་གྱུར་ཆོས་དབྱིངས་ཡེ་ཤེས་མཆོག གྱུར།=


KMC001_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

པད་ཟླའི་གདན་ལ་སོགས། རྡོ་རྗེ་གསོར། ༀ་སརྦ་ཏཐཱ་སོགས། རྡོ་རྗེ་ལན་གསུམ་གསོར། ལན་གསུམ་སྐོར་ཏེ་སྙིང་གར་གཏུག་ཙམ་ནས་བཞག བསངས་སྦྱངས། སློབ་མ་སོགས། ཁ་ཊྭཱཾ་ཅང་ཏིའུ་སོགས། ཞུགས་པ་ཡིན།= ས་གཞི་སྦོས་ཆུ་སོགས། ཕྱི་མི་ལྡོག་པའི་སོགས་ལན་གསུམ་ཐལ་སྦྱར།= ཧཱུྃ་བྱུང་། རྡོ་རྗེ་ལན། ཨཱཿབྱུང་། དྲིལ་བུ་ལེན། སློབ་མ་སླར་ཡང་སོགས། རྡོ་རྗེ་ཆེ་དང་ནས་པད་སྐོར་འཁྱུང་རྒྱ་དང་དེ་ལྟར་དམ་ཚིག་ནས། རྡོ་རྗེ་གསོར་དབང་བསྐུར་རོ། ༀ་སརྦ་སོགས། དྲིལ་གསིལ། ཤྲཱི་ཧཱུྃ་རྡོར་དྲིལ་བཞག ཞེས་པའི་སོགས། པུཥྤེ་སོགས། མཆོད། དེང་ནས་བརྩམས་ཏེ་སོགས།= ཐར་པ་སོགས།= ས་གཞི་སོགས།= བྱང་ཆུབ་རྡོ་རྗེ་ཐལ་སྦྱར་གྱི་ལན་གསུམ།= གདོང་གཡོགས་བཅིངས། བཅོམ་ལྡན་ཡབ་ཡུམ་སོགས། བླ་མ་ཡབ་ཡུམ་སོགས། པུཥྤེ་སོགས་མཆོད་ཅིང་། མིག་དར་བསལ། བྷ་གའི་སོགས།= མཎྜལ་ཕུལ། བཅོམ་ལྡན་ཞི་བ་སོགས།= གདོང་གཡོགས་བཅིངས། གཙོ་བོ་ཡུམ་ལས་སོགས། མྱོང་བར་གྱུར།= ༀ་བཛྲ་པུཥྤེ་སོགས་མཆོད་ཅིང་། གདོང་གཡོགས་བསལ། ཀུན་རྫོབ་བྱང་ཆུབ་སོགས་གྱུར།= མཎྜལ་ཕུལ། ཁྱོད་ཞབས་སོགས་ཐལ་སྦྱར་གྱི་ལན་གསུམ་གདོང་གཡོགས་བཅིངས། གཙོ་བོ་ལས་སྤྲོས་སོགས་འང་


KMC001_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། ༀ་བཛྲ་པུཥྤེ་སོགས། གདོང་གཡོགས་བསལ། དོན་དམ་བྱང་ཆུབ་སོགས་སྐལ་ལྡན་གྱུར།= གཙོ་བོ་ཇི་ལྟར་སོགས། ས་གཞི་སྤོས་ཆུ་སོགས། དེང་ན་སོགས།སེམས་ཅན་ཀུན་གྱི་སོགས། བཞི་དྲིལ་དང་བཅས་རྡོར་དྲིལ་བཞག ལག་མཆོད་ནི། གཡོན་གྱི་ལག་མཐིལ་དུ་འབྲུ་ཡི་ཚོམ་བུ་ལྔ་བཀོད་ཏེ། སློབ་དཔོན་གྱིས་བདུད་རྩི་བྲན། ༀ་ཁཎྜ་རོ་ཧེ་སོགས། སྭ་བྷ་ཝས་སྦྱངས། ལག་གཡོན་མཐིལ་དུ་སོགས། ༀ་བཾ་སོགས། དེ་ལྟར་སོགས། ཉེར་སྤྱོད་ལྔས་མཆོད་དྲིལ་གསིལ་ཕྱེད་ཕྱག་བཅས། ༀ་ན་མོ་སོགས། རྐང་བརྒྱད་སྔགས་ཀྱིས་བསྟོད། ༀ་ཨཱཿཧཱུྃ་ནང་མཆོད་སྒྲོན་ཐུར་གྱིས་མཆོད། ཧཱུྃ་ཨཱཿༀ། ཚོམ་བུ་མགོར་བླུག་ཅིང་། ལག་པའི་ལྷ་རྣམས་སོགས་ཐིམ་གྱུར།= ཚོགས་ཐེང་གྲོལ། ཡར་ཚོགས། ཚོགས་རྫས་ལ་བདུད་རྩི་འཐོར་ཞིང་སྤོས་རིང་བཙུགས། ༀ་ཁཎྜ་རོ་ཧེ་སོགས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལ་སོགས་གྱུར།= མཆོད་རོལ་འུར། གནས་རྡོ་རྗེ་སོགས། ཚིག་རྐང་གཉིས་རེ་ལ་དྲིལ་སྟབས། མཆོད་རོལ། ཁྱེད་བཀའ་བརྒྱུད་རྣམས་སོགས། དྲིལ་སྟབས་གོང་ལྟར། མེ་ལྟར་འབར། མཆོད་རོལ། ཌཱ་དྲིལ་བཞག སིལ་སྙན་པང་དུ་ཉར། ཚོགས་ཕུད་བཅད་ཅིང་ཡི་དམ་ལྔ་ཚོམ་མདུན་ཕུལ། བར་པ་དངོས་གྲུབ་ཏུ་རོལ། གཙང་ལྷག་བཞག་བདུད་རྩི་བྲན། ༀ་ཁཎྜ་རོ་ཧེ་སོགས། འདས་མ་འདས་ཀྱི་གཏོར་


KMC001_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོ། སྭ་བྷ་ཝ་སྦྱངས། སྟོང་བའི་ངང་ལས་ཡཾ་ལ་སོགས་གཅིག་ཏུ་གྱུར། འབར་བའི་རྒྱས། ཕེཾ། གཏོར་མགྲོན་ཕྱོགས་བཅུ་སོགས་སུ་ཁེ། བར། ༀ་ཤྲཱི་ཧེ་རུ་ཀ་སོགས། ཨརྒྷཾ་པདྱེཾ་ནས་ཤབྡ་མཆོད་རོལ། མཁའ་འགྲོ་དྲྭ་བ་སོགས། ལག་གཡོན་མཐིལ་སོགས། ལྷ་མོ་ཚད་མ། ཉེར་སྤྱོད་གོང་ལྟར། མཆོད་རོལ། ཧེ་རུ་ཀ་དཔལ་སོགས། བཞི་དྲིལ། ༀ་ཁ་ཁ་སོགས་ལན་གཉིས། ལྷ་ཀླུ་གནོད་སྦྱིན་སོགས་བཞི་དྲིལ། ཕྲིན་བཅོལ་མཐར་མཆོད་རོལ། ཌཱ་དྲིལ་བཞག རོལ་སིལ་བརྗེ། མཆོད་གཏོར་ཁ་གསོ་བདུད་རྩི་བྲན། ༀ་ཁཎྜ་རོ་ཧེ་སོགས། སྭ་བྷ་ཝསྦྱངས། ཆོས་རྣམས་ཐམས་ཅད་སོགས། དེ་ཕྱིར་ཤར་དུ་སོགས། རོལ་མོ་འབེབས་རིང་གཉིས། ཌཱ་དྲིལ། དུང་དམར་མདོར་ཆེན་དང་། རྐང་བཞི་འབུད་གཅིག་དང་གསུམ་འབུད་གཅིག ཉིས་བརྡུང་འཛབ་མེད་ཀྱིས། ཧཱུྃ་དད་པ་དང་ནི་སོགས། མཚམ་རྒྱག ཉེར་སྤྱོད་རང་རྒྱ། ཤབྡ་དྲིལ་གསིལ། མ་ཧཱ་ཀཱ་ལ་སོགས།= རྔ་ཚིག སླར་ཡང་ཐུགས་ཀའི་སོགས་དབུ་བརྒྱན་གྱུར། འབེབས་དང་དུང་དམར་ཧྲུག་འདོན། བདག་ཉིད་བཅོམ་ལྡན་སོགས། བསྙེན་པ་བརྒྱ་དང་བརྒྱད་བཟླ། མཐར་བ་ལེཾ་གསུམ་ཕུལ། མཆོད་པ་ཁ་གསོ་བདུད་རྩི་བྲན། ༀ་ཁཎྜ་རོ་ཧེ་སོགས། སྭ་བྷ་ཝ་སྦྱངས།= རྔ་ཚིག་གིས། སྟོང་པའི་ངང་ལ་སོགས།


KMC001_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་རྒྱག་བཅས་བཞག ༀ་མ་ཧཱ་ཀཱ་ལ་སོགས་གཏོར་རྒྱ་བྱ་ལན་གསུམ་གྱིས་འབུལ། བཛྲ་མ་ཧཱ་ཀ་ལ་སོགས། ཨརྒྷཾ་ནས་ཤབྡ་དྲིལ་གསིལ། ༀ་བཛྲ་ཀཱ་ཝུ་སོགས། ༀ་ཨཱཿཧཱུྃ། སློབ་དཔོན་དང་ལས་རྡོར་གྱིས་བདུད་རྩི་སྒྲོན་ཐུར་གྱིས་མཆོད། རྔ་ཚིག་གིས། ༀ་འགྲུབ་པར་སོགས་ཉམས་པར་གྱུར། འབེབས། དུང་དམར། རྐང་གླིང་། གསུམ་བརྡུང་འཛབ་མེད་ཀྱིས། ཐལ་སྦྱར་དཔལ་ལྡན་རྡོ་རྗེ་སོགས་མཆོག་དང་མཐུན་མོང་ལ་འབྲུ་མཆོད་ནས། ཚར་གཅོད་ལ་བཟློག་པ་བཅས་ལན་གསུམ་མཐར་འབེབས། རྐང་གླིང་། དུང་དམར་མ་ར་ཡ་འབུད། མཐར་བཞག རོལ་སིལ་བརྗེ། མཆོད་པ་ཁ་གསོ་བདུད་རྩི་བྲན། ཁཎྜ་རོ་སོགས། སྭ་བྷ་ཝསྦྱངས། སྟོང་བའི་ངང་ལས་ཨ་ལ་སོགས། སྐད་ཅིག་གི་སོགས། ཐལ་མེད། བཛྲ་ས་མ་ཛཿ པད་སྐོར་བསྡུ་རྒྱ་སེ་གོལ། མཚམས་རྒྱག་བྱ། ཐལ་སྦྱར་གྱིས། ཕྱག་འཚལ་བ་དང་སོགས། བཛྲ་མ་ཧཱ་ཀཱ་ལ་སོགས་ཤབྡ་མཆོད་རོལ་རྐང་རག་ཌ་དྲིལ། ཐལ་སྦྱར། འདོད་པའི་གཟུགས་སྒྲ་ལན་གཅིག མཆོད་རོལ་གོང་ལྟར་མཐར་ཌཱ་དྲིལ་བཅས་བཞག ཚོགས་ཞུ་ལེན་བྱ། ཞབས་བརྟན་རིགས་གསུང་། ལྷག་མ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཆུ་གཙང་གིས་བྲན། བདེ་ཆེན་བདེ་བའི། ཚིག་གཉིས་རེར་དྲིལ་གཏབ། ལྷག་སྟེང་དཔལ་འབར་བཙུགས། ༀ་སརྦ་ཁ་ཁ་སོགས་དྲིལ་གསིལ་མཆོད་རོལ། ཚོགས་ལྷག་


KMC001_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཁང་སྒོ་རྩར་ཕུལ། བཤལ་ཆུ་ཡང་ངེས་པར་དགོས། ཕྱི་མཆོད་ཁ་གསོ་བདུད་རྩི་བྲན། ༀ་ཁཎྜ་རོ་ཧེ་སོགས་ཐལ་སྦྱར། སྭ་བྷ་ཝ་སྦྱངས། སྟོང་པའི་ངང་ལས་ཨ་ལ་སོགས། ཤབྡ་མཆོད་རོལ། ༀ་ཤྲཱི་ཙཀྲ་སོགས་ནས་ཤབྡ་མཆོད་རོལ། ༀ་བཛྲ་ཝི་ཎི་སོགས་རང་རྒྱ་སེ་གོལ་བཅས། ༀ་བཅོམ་ལྡན་དཔའ་བོ་སོགས། བཞི་དྲིལ་ཕྱེད་ཕྱག མ་ལ་འདུད། མཆོད་རོལ། ༀ་བཛྲ་ཧེ་རུ་ཀ་སོགས་ཡིག་བརྒྱ་ལན་གསུམ་ལ་དྲིལ་གསིལ་བྱ།= རྡོར་དྲིལ་བཅས་ཐལ་སྦྱར། གང་ཡང་བདག་བློ་སོགས།= ལྷ་མོ་ཚད་མ་སོགས། བདག་དང་འགྲོ་ལ་སོགས་གདན་རྒྱ། རང་གི་སྙིང་གར་སོགས། རྡོ་རྗེ་གནས་སོ་སོར་བསྐོར་བ་ཚིག་དོན་ལྟར་བྱ།= ༀ་སུམྦྷ་ནི་སོགས་དྲིལ་བུ་དང་བཅས་ཐེབ་མཛུབ་སྦྱར་བའི་སེ་གོལ་སྲུང་འཁོར་ལྟར། མདུན་གཡོན་རྒྱབ་གཡས་བཅས།= བཀྲ་ཤིས་བཞི་དྲིལ། རྡོ་རྗེ་འཆང་ཆེན་སོགས། ཉིན་དང་པོར། མི་འགྱུར་ལྷུན་པོ༴ བསོད་ནམས་རི་བོ༴ བདུད་བཞི་ལས་རྒྱལ༴ མཆོད་རོལ་མཐར། དམིགས་གསལ་ཞལ་འདོན་ཡོད་ན་དང་། དེ་ནས་བསྟན་རྒྱས་སྨོན་ལམ། དཀོན་མཆོག་རིན་ཆེན༴ བདུད་ཚོགས་ལས་རྒྱལ་སོགས། དངོས་གཞི་ཉིན་དང་པོ་གྲུབ། ཉིན་གཉིས་པ། བསྟན་པའི་དཔལ་གྱུར༴ བཅས། ༈ ཉིན་གསུམ་པར། འབད་དང་སྩོལ་བའི༴ སྒར་ཆེན་


KMC001_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

འཛམ་གླིང་༴ ཉིན་མོ་བདེ་ལེགས༴ བཅས། ཉིན་བཞི་པར། བདུད་བཞི་ལས་རྒྱལ་བཅས། ༈ བདག་འཇུག་ཉིན་ཞལ་འདོན་སྔར་བཞིན་ལས། བདག་བསྐྱེད་བསྡུ་རིམ་མཐར་སློབ་དཔོན་མདུན་གྱི་མཆོད་འཕྲེང་བསྡུ། མདུན་བུམ་སྔར་ལྟར་ལས་བསྙེན་པའི་ནང་དབང་རྫས་རྣམས་འགྱེད་དགོས་པར། དང་པོར་རས་དཀར་བཏིང་། དེ་ནས་མིག་དར་དང་མེ་ཏོག་ཙམ་པ་རེར་འགྱེད། པང་གདན། སྟོད་ལེ། ཐོར་ཚུགས། དབུ་རྒྱན། དར་དཔྱངས། འཐོར་ནས་བཅས་འགྱེད། འདས་གཏོར་མཐར་ཚོགས་ཐེང་ཕྱི་རོལ་དང་། སྩོལ་བར་མཛོད་ནས། རྒྱ་གླིང་བཏང་། མདུན་གྲལ་གཉིས་ཀྱིས་དབང་རྫས་བཞེས། གྲལ་མདོར་སློབ་མའི་མཆོད་པ་ཉེར་སྤྱོར་ལྔ་ཕྲེང་ཚར་སྒྲིགས། ཇི་ལྟར་བལྟ མས་པ་སོགས། ལས་རྡོར་པས་ལག་གདན་དང་བཅས་ལས་བུམ་སློབ་དཔོན་ལ་ཕུལ། བུམ་ཆུ་བཞེས་ནས་གྲལ་ཀུན་ལ་བུམ་ཆུ་འགྱེད། སློབ་དཔོན་མདུན་དུ་བཞག ཐམས་ཅད་ཀྱི་རྡོར་དྲིལ་བཟུང་། མིག་དར་བཅིངས། སངས་རྒྱས་སྲས་བཅས་འདོན་སྐབས། སློབ་དཔོན་མདུན་དུང་ཆོས་གཉིས་སྒྲིག སྤྱི་བོ་ཟླ་བའི་སྐབས་སློབ་དཔོན་གྱི་དྲིལ་བུ་བཟུང་བཞིན་པས་ནང་མཆོད་ནས་སྲིན་ལགས་གིས་གནས་གསུམ་དུ་ཐིག་ལེ་བྱ། འདི་ནི་ཁྱོད་ཀྱི་སྐབས་སློབ་དཔོན་གྱི་ནང་མཆོད་ནས་བདུད་རྩི་ཅུང་ཟད་རེ་དུང་ཆུའི་ནང་དུ་བླུགས། སླར་སློབ་དཔོན་ལ་ལས་རྡོར་པས་དུང་ཆུ་ཕུལ་ནས་གྲལ་ཀུན་ལ་འགྱེད། སེམས་པ་སྟོབས་ཅན་སྐབས་ཐམས་ཅད་ནས་མེ་


KMC001_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་ཙམ་པ་ཀ་སྤྱི་བོར་བཞག ནི་ཏྲའི་སྐབས་མིག་དར་བསལ་བ་དང་དཀྱིལ་འཁོར་གྱིས་ཡོལ་བ་ཡང་དུས་གཅིག་ཏུ་བསལ། བྱང་ཆུབ་རྡོ་རྗེའི་མཐར། ལས་རྡོར་པས་རྣམ་བུམ་སློབ་དཔོན་མདུན་དུ་བཏེག སློབ་དཔོན་ནས་ལས་བུམ་གྱིས་བྲན། ༀ་ཁཎྜ་རོ་ཧེ་སོགས། སངས་རྒྱས་རྣམས་ནི་སྐབས་ཕྱག་ཏུ་ཕུལ། དཔྲལ་བ། གཡས། རྒྱབ། གཡོན། སྤྱི་བོ་མཐར་བུམ་ཆུ་བཞེས། བཛྲོད་སྐབས་རྣམ་བུམ་སྒྲོ་རྐང་གྱིས་ཀུན་ལ་གཏོར་བ་རིགས་འབྲེལ་རྣམ་བུམ་མདུན་དུ་བཞག ཡང་དབུ་རྒྱན་བཏེག འདུས་པ་ཐམས་ཅད་ཀྱིས་རྡོར་དྲིལ་བཟུང་དབུ་རྒྱན་ལག་གཡོན་གྱི་བཏེག ལས་བུམ་གྱིས་ཐམས་ཅད་ལ་བྲན། སངས་རྒྱས་ཀུན་གྱི་སྐབས་ཐམས་ཅད་ཀྱིས་དབུ་རྒྱན་གསོལ། འཛྲཽད་སྐབས་བུམ་ཆུ་གཏོར་རིགས་འབྲེལ། ༈ རྡོ་རྗེ་བཏེག གོང་ལྟར། སངས་རྒྱས་ཀུན་གྱི་སྐབས་དབང་རྡོར་ལག་གཡས་ཀྱི་ལེན་མཐར་སྐོར་ཏེ་སྙིང་གར་གཏུག་ཙམ། ༈ དྲིལ་བུ་བཏེག གོང་ལྟར། སངས་རྒྱས་ཀུན་གྱི་སྐབས་དབང་དྲིལ་གཡོན་གྱིས་ལེན་མཐར་བཀུར་བརྟེན་ཕར་སྤྲད། བཛྲོད་སྐབས་རང་དྲིལ་དཀྲོལ་ཞིང་བུམ་ཆུ་གཏོར། ༈ མིང་དྲིལ་བཏེག གོང་ལྟར། སངས་རྒྱས་ཀུན་གྱི་སྐབས་མིང་དྲིལ་གཡས་ཀྱི་ལེན། རྡོ་དྲིལ་སྤྱི་བོར་དཀྲོལ། བཛྲོད་སྐབས་རང་དྲིལ་དཀྲོལ་ཞིང་བུམ་ཆུ་གཏོར། རྣམ་བུམ་དཀྱིལ་འཁོར་ནང་དུ་བཞུགས་སུ་གསོལ། ༈ ཁ་ཊྭཱྃ་ཅང་ཏིའུ། བསངས་སྦྱངས། ཁ་ཊྭཱྃ་ཅང་ཏིའུ་སྐབས་གཡས་ཀྱི་ལེན།


KMC001_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

བྷཱུར་བྷཱུབཿསྭཱ། ཕར་གཏད། ཧཱུྃ་བྱུང་རྡོ་རྗེ་གསུང་སྐབས། ལས་རྡོར་གྱིས་རྣམ་བུམ་གདན། དེ་ལྟར་དམ་ཚིག་སྐབས་སློབ་དཔོན་ཕྱག་ཏུ་ཕུལ། སྤྱི་བོར་དབང་བསྐུར་བུམ་ཆུ་བཞེས། གྲལ་ཀུན་ལ་འགྱེད། ༀ་བཛྲ་པུཥྤེ་སྐབས་ལས་རྡོར་པས་གྲལ་མདོའི་ཉེར་སྤྱོད་པ་བཏེག མིག་དར་བཅིངས། བཅོམ་ལྡན་ཡུམ་སྐབས་རྡོར་དྲིལ་འཛིན་པ་བཅས། ཕྱག་གཉིས་ཀྱིས་ཐོད་པ་ལེན། དབང་བསྐུར་རོ། ཐོད་ཆང་མགྲིན་པར་གཏུག ཕར་གཏད། ལག་གཡོན་གྱིས་སྒྲོན་ཐུར་བཟུང་ནས། ལག་གཡས་སུ་བླུགས་ཧེ་ཞལ་དུ་བཞེས། སླར་གྲལ་ཀུན་འགྱེད་ཉེར་སྤྱོད་བཏེག མིག་དར་བསལ། ༈ མིག་དར་བཅིངས། གཙོ་བོ་ཡུམ་ལས་སོགས། རིག་ཙག་ལག་གཡས་ཀྱི་ཐེབ་སྲིན་གྱིས་ལེན་མྱོང་བར་གྱུར། གཡོན་པས་ཕར་གཏད། ཉེར་སྤྱོད་བཏེག གདོང་གཡོགས་བསལ། དོན་དམ་སོགས་གོང་ལྟར། ༈ རྗེས་ཆོག་མཆོད་པ་བྱིན་བརླབས། ཤབྡ་མཆོད་རོལ། མཆོག་གཙང་མ། ཤབྡ་མཆོད་རོལ། ཝི་ཎི་སོགས། བསྟོད་པ་བཅོམ་ལྡན་དཔའ་བོ་གྱེར་ཚེ་སློབ་དཔོན་ལ་ཆབ་ཕུལ་མཆོད་པ་རྣམས་བསྡུ། ཕུར་པ་རྣམས་གོ་རིམ་མ་ནོར་བ་སྣོད་གཅིག་ཏུ་བཞག མཆོད་རོལ་འོག་སློབ་དཔོན་བྱོན་དཀྱིལ་འཁོར་ཤར་སྒོའི་ཐད་ནས་བཞེངས་ཏེ། ཧེ་རུ་ཀའི་ཡིག་བརྒྱ་ལན་གསུམ་ལ་དྲིལ་གསིལ་ཕྱེད་ཕྱག་བཅས་བསྐོར་བ་གསུམ་བྱ་ཞིང་། སླར་ཡང་ཤར་སྒོའི་ཐད་དུ་འགྲེང་སྟེ། ཐལ་སྦྱར། གང་ཡང་བདག་བློ།= ༀ་ཁྱེད་ཀྱི་སོགས། ༀ་


KMC001_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཧཱུྃ་བཛྲ་མུ།= རྡུལ་ཚོན་དང་ནི་སོགས།= ལྷ་མོ་ཚད་མ་སོགས།= མཆོད་སྦྱིན་གནས་འདིར་སོགས།= དཀོན་མཆོག་རིན་ཆེན་སོགས། སྐུ་ལྔ་ཡོངས་རྫོགས་སངས་རྒྱས་མྱུར་ཐོབ་ཤོག= །ༀ་ཨ་ཀ་རོ་སོགས། སིལ་སྙན་ཐང་ཐང་ལེན། གཡས་རྡོ་རྗེའི་མེ་རི་ནས་ཤར་སྒོ་དང་གཙོ་བོའི་གནས་ཀྱི་བར་གཤག་སྟེ་ཕྱོགས་གཞན་རྣམས་གཤག་ཚུལ། ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པའི་དོན་དྲན་པས། གཙོ་བོའི་གནས་ནས་ཅུང་ཞིག་ཐེབ་ནང་བླུགས་ཏེ་བཞུགས་ཁྲིའི་གསོལ་ཅོག་སྟེང་ཕུལ་རང་གི་སྤྱི་བོ་ཅུང་ཟད་བླུགས་ཏེ། དུར་ཁྲོད་ནས་བྱབ་ཏེ་བུམ་པར་བླུགས། རྒྱལ་རྒྱམ་སྐབས་ཕྱོགས་གཅིག་ཏུ་ཆུར་གཤེགས་བྱའོ། སློབ་དཔོན་གྱིས་ཆུ་བླུགས་ཏེ་ཐིག་རིས་རྣམས་མི་དངོན་པར་དབྱི་བར་བྱའོ། དེ་འཕྲལ་བརྡ་བྱས་ནས་འུར་གྱི་མཆོད་རོལ་བྱ། སློབ་དཔོན་དཀྱིལ་འཁོར་གྱི་མདུན་དེ་གར་བཞུགས། ཕུར་པ་རྣམས་མདུན་དུ་བསྒྲིགས། ༀ་རུ་སྥུ་རུ་སོགས་བརྒྱ་བཟླ། འོ་མ་དང་། བྱེ་མ་གྲལ་དུ་ཕུ་འགྲིམས་ཞུ། མཐར་ལག་གཉིས་རྒྱབ་སྦྱར་བའི་སྐམ་པའི་ཕྱག་རྒྱས་སྔར་བཏབ་པ་བཞིན་ཕྱོགས་མ་ནོར་བ་བཏོན་ནས། ༀ་བཛ་ཀཱི་ལ་སོགས། ༀ་རུ་རུ་སྥུ་རུ་སོགས་བརྗོད་ཅིང་ཕུར་བུའི་དཔལ་འོ་མས་བཀྲུས་ཕུར་ཁུང་བྱེ་མས་བཀང་བ་དེ་བཞིན་བཏོན་ཚར་གནས་མཐར། བགེགས་ཀྱི་རྨས་པ་གསོས་ཏེ་རང་གནས་སོགས་ཐིམ།= མཚམས་བཞག སློབ་དཔོན་གྲལ་དུ་བཞུགས བཀྲ་


KMC001_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་རྒྱུན་ལྟར་དང་། མི་འགྱུར་ལྷུན་པོ༴ བསོད་ནམས་རི་བོ༴ ཚངས་དང་ལྷ་དབང་༴ ལོ་བརྒྱ་འཚོ་ཞིང་༴ སྟོན་པ་འཇིག་རྟེན་སོགས། མཆོད་རོལ་རིང་ཙམ་འདིར། བདག་གི་དུས་གསུམ་མ༴ སྒར་ཆེན་བཀྲ་ཤིས༴ བདེན་གྲུབ་མ༴ དཀོན་མཆོག་གསུམ་གྱི༴ བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན། བཅས་ཀྱིས་གྲུབ།། ༈ །།བདེ་མཆོག་འཐེན་གྲངས་ལ། ཐོག་མར་སྟ་གོན་ཉིན། ལྷ་ཀླུ་གནོད་སྦྱིན། སེམས་ཅན་ཀུན་གྱི་རིང་ཐུང་གསུམ། སྲུང་འཁོར་དབུས། བཀྲ་ཤིས་བཅས། ༈ སྔོན་འགྲོ་ལྷ་ཀླུ་གནོད་སྦྱིན། $ཉིན་བཞིན། $སྲུང་འཁོར་དབུས། སེམས་ཅན་ཀུན་རིང་ཐུང་གསུམ། ཉིན་བཞིན། ཡིག་ཕྲེང་འོད་ཟེར། ཉིན་དང་པོ། ལྟེ་བར་ལམ་ལས། $ཉིན་གཉིས་པ། ཡི་གེ་དེ་རྣམས། ཉིན་གསུམ་པ། མཚམས་སུ་ཕྱོགས་བཞི། ཉིན་བཞི་པ། སྟོང་པའི་ངང་ལས་ཨེ་ལ་སོགས། ལུས་དྲན་ནས་ཅུང་རིང་བ། ཉིན་བཞིན། ལག་མཆོད། ཉིན་དང་པོར་དང་གསུམ་པར། སེམས་ཅན་ཀུན་གདངས་ཐུང་བལྟར། ཉིན་གཉིས་པ་དང་ཉིན་བཞི་པར། བགྲང་ཕྲེང་བྱིན་བརླབས་གཞལ་ཡས་ཁང་གདངས། ༈ མདུན་བསྐྱེད་ལ། ཕེཾ་ཕེཾ་ཕེཾ་སྙིང་གར་ལ་སེམས་ཅན་ཀུན་གདངས་རིང་བ་ལྟར། ཕྱོགས་གཙང་མ་རང་གདངས། ཡག་དག་དགའ་བ་རིང་ཐུང་། བཞད་པ་རྡོ་རྗེ།= མཐའ་ཡས་ཞིང་རིང་ཐུང་། ནང་རྒྱ་བཅས། བསྟོད་པ་ཆོས་ཀྱི་སྐུ་ལ་བཅས། ༈ བུམ་སྐྱེད་ལ། འཇིག་རྟེན་འདིའམ་ལ་སྔགས་བཅས་འདུར་


KMC001_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

གདངས། རྡོ་རྗེ་ལྷ་མོ་རང་གདངས།= མདོག་དཀར་རྡོ་རྗེ་རང་གདངས།= གཟུགས་ཀྱི་ལྷ་མོ། བསྟོད་པ་བཅོམ་ལྡན་དཔའ་བོ་ལ་རྣལ་འབྱོར་རོ་ཅིག་ལྟརོ། དབང་གི་དུས་ཐམས་ཅད་མདོག་དཀར་རྡོ་རྗེ་ལྟར་གྱེར། ཉིན་དང་པོ་དང་གསུམ་པར་དགའ་ཆེན་ཁྱོད་བདག་ལན་གསུམ་གྱེར། ཉིན་གཉིས་པར། བདག་གི་སྡིག་པ་དང་པོ་གྱེར་ལན་གཉིས་ཧྲུག་འདོན། སངས་རྒྱས་སྲས་བཅས། ཉིན་བཞིན། དང་པོ་གཉིས་ཧྲུག་འདོན་གསུམ་པ་གྱེར། སངས་རྒྱས་ཀུན་གྱི་ཉིན་བཞིན་ལན་གསུམ་གྱེར། དེ་བཞིན་གཤེགས་པ་བཅས་གྱེར། ཉིན་དང་པོ$་བྱང་ཆུབ་རང་གདངས་ལན་གསུམ་གཉིས་པ་དང་གསུམ་པ་ཡོག་གདངས། ༈ ཉིན་དང་པོ་དང་གསུམ་པར། བུམ་དབང་། རྡོ་རྗེ། མིང་དབང་གསུམ་གྱེར། ༈ ཉིན་གཉིས་པར། དབུ་རྒྱན་དང་དྲིལ་བུ་གྱེར། ཉིན་གཉིས་པར་ཕྱིར་མི་ལྡོག་པ་ལན་གསུམ་ལ། བྱང་ཆུབ་རྡོ་རྗེས་འགེབ་དང་པོ་དང་གསུམ་པར་ཡོག་གདངས། ཉིན་གསུམ་པར་བྱང་ཆུབ་རྡོ་རྗེ་རང་གདངས། དང་པོ་དང་གཉིས་པ་ཡོག་གདངས། བཅོམ་ལྡན་ཞི་བ་ཡོག་གདངས་ལན་གསུམ། ཉིན་བཞིན། ཉིན་ལྔ་པར། ཁྱོད་ཞབས་པདྨའི། བྱང་ཆུབ་རྡོ་རྗེས་འགེབ་པ་ལན་གསུམ། ཉིན་དང་པོ་གཉིས་པ་གསུམ་པ་ལ་ཡོག་གདངས་བྱ། གཙོ་བོས་ཇི་ལྟར་ལན་གསུམ། ས་བ༡ཞི། དེང་ནས་ལན་གསུམ་བཅས་ཉིན་བཞིན་ཡོག་གདངས་བྱ། སེམས་ཅན་ཀུན་གྱི་ཉིན་ལྟར་ཡོག་གདངས། བཞི་དྲིལ། གནས་རྡོ་རྗེ་དང་། ཁྱེད་བཀའ་རྒྱུད་གཉིས་རང་གདངས་གིས། ཉིན་དང་པོ་གཉིས་པ་གསུམ་པ་བཅས་གྱེར། བདེ་


KMC001_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བདེ་བ་རང་གདངས་གི། ཉིན་གཉིས་པ་དང་བཞི་པར་གྱེར། ༈ ཉིན་བཞི་པའི་ཉིན། སྔ་དྲོ་ཕྲིན་བཅོལ། སེམས་ཅན་ཀུན་གདངས། སྲུང་འཁོར་དབུས། བགྲང་ཕྲེང་བྱིན་རླབས། མདུན་བསྐྱེད། ཕེཾ༣། མཆོག་གཙང་མ་ལ་སེམས་ཅན་ཀུན་གདངས་ཐུང་བ་ལྟར་སྔགས་ཀྱང་འདུར་གདངས་ས་ཕྱོགས་ཉིན་དང་མཚུངས། བསྟོད་པ་བཅོམ་ལྡན་དཔའ་བོ། བུམ་པ་ལ། འཇིག་རྟེན་འདིའམ་གོང་ལྟར་བཅས། ཕྱི་དྲོ། ལྷག་དབྱངས་འཐེན་གཞན་དབྱངས་མེད། སྦྱིན་བསྲེགས་ལ་བྱོན། བདག་འཇུག་ཉིན། ཕྲིན་བཅོལ། དབང་ནང་དགའ་ཆེན་ཁྱོད་བདག་ལན་གསུམ། སངས་རྒྱས་ཀུན་གྱི་ལན་གསུམ། བྱང་ཆུབ་རྡོ་རྗེ་ལན་གསུམ། དབུ་རྒྱན་དང་མིང་དབང་ཕྱིར་མི་ལྡོག་པའི། བྱང་ཆུབ་རྡོ་རྗེ། བཅོམ་ལྡན་ཞི་བ། ཁྱོད་ཞབས་རིང་། བྱང་ཆུབ་རྡོ་རྗེ་ལྟར། སེམས་ཅན་ཀུན་གྱི། གཙོ་བོ། ས་བཞི༡། དེང་ནས། རྗེས་ཆོག་སྐབས་བཅོམ་ལྡན་དཔའ་བོ་གྱེར་སྐབས་ལས་རྡོར་པས་ཕྱོགས་བཞིའི་མཆོད་པ་རྣམས་བསལ་དགོས། ཕུར་པ་རྣམས་སྣོད་གཅིག་ཏུ་ཕྱོགས་མ་ནོར་བར་བཞག ༈ ཕྱག་བཞི་པའི་འཐེན་གྲངས་ནི། ཉིན་དང་པོར། སྤྱན་འདྲེན་དང་གསོལ་ཀ།ཉིན་གཉིས་པར། སླར་ཡང་མ། ཉིན་གསུམ་པར་སྟོང་པའི་ངང་ལས། ཉིན་བཞི་པར་ཕྲིན་བཅོལ། བཅས། བཀྲ་ཤིས། ཅེས་པ་འདི་ནི། འཇིག་རྟེན་གསུམ་གྱི་རྣམ་པར་འདྲེན་པ། སྐྱབས་མཆོག་ཡིད་བཞིན་ནོར་བུ་ཆེན་པོའི་དབུས་རྒྱལ་བ་ཡབ་་སྲས་ལྷན་རྒྱས་ཀྱིས་འོག་མིན་ཚུར་མདོ་བོ་ལུང་གི་གདན་ས་ཆེན་པོར་སྔོན་རབ་ནས་དར་ཞིང་གནས་པ་དཔལ་འཁོར་ལོ་སྡོམ་པ་


KMC001_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་སྐྱེས་ཀྱིས་སྔར་སྲོལ་མཐོང་བརྒྱུད་ཕྱག་བཞེས་ཇི་ཡོད་སླད་ཕྱོན་མི་ཉམས་ཡུན་དུ་གནས་པ་དང་། ཕྱི་རབས་རྣམས་འཇུག་པ་བདེ་ཕྱིར་གོ་བདེ་ཁ་གསལ་ཞིག་ཡི་གེའི་ལམ་དུ་གཏན་འབེབ་དགོས་ཞེས་བཀའ་ལུང་སྤྱི་བོར་ནོད་པ་ལྡོག་ཏུ་མེད་པས། གོང་གསལ་བཅའ་སྒྲིགས་སོགས་གདན་ས་ཆེན་པོ་སྟོད་ལུང་མཚུར་ཕུའི་དབུ་མཛད་གྱི་ལས་འཁུར་འཇིན་པ་ཀརྨ་བསམ་གཏན་ཆོས་འཕེལ་ནས་ལྷག་བསམ་དག་པས་འདུ་བགྱིས་བཀོད་པའོ། །ཕྱི་ལོ་༡༩༨༣ཟླ་ཚེས་ལ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousདཔལ་འཁོར་ལོ་བདེ་མཆོག་ལྷ་ལྔའི་དཀྱིལ་ཆོག་གི་མཆོད་གཞི་བཅའ་སྒྲིགས་འདོན་ཟིན་ཕྱག་ལེན་རྣམས་ཞིབ་བཀོད་གདངས་དབྱངས་འཐེན་གྲངས་བཅས་ཁ་གསལ་གོ་བདེ་ཕྱོགས་གཅིག་ཏུ་བཀོད་པ།next