Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
རྡོ་རྗེ་ཕག་མོའི་སྦྱིན་སྲེག
   
   
   
   


 
previousརྡོ་རྗེ་ཕག་མོའི་སྦྱིན་སྲེགnext

རྡོ་རྗེ་ཕག་མོའི་སྦྱིན་སྲེག


KMC001_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བཞིའི་སྦྱིན་སྲེག་ལས། རྡོ་རྗེ་ཕག་མོའི་སྦྱིན་སྲེག་ཞི་བ་ལྟར་གྱིས། ཐབ་ཐིག་དང་བསྲེག་རྫས་སོགས་ཡིག་ཆུང་ལྟར་དང་། ཐབ་ས་ཟླུམ་པོའི་སྟེང་ཤིང་ཟླུམ་པོ་བརྩེགས་སྟེང་མེ་དར་དཀར་པོ། ས་དཀར་གཏོར། ཡམ་ཤིང་བ་ལུ་འམ་འོ་མ་ཤིང་། སློབ་དཔོན་གྱི་གཡས་ཕྱོགས་བསྲེག་རྫས་རྣམས་དང་གཡོན་ཕྱོགས་མཆོད་ཁྲི་བང་རིམ་གཉིས་སྟེང་མཆོད་གདན་དང་། མར་གྱིས་བཟོས་པའི་ཡི་དམ་ལྔ་ཚར་རེ་མདུན་དཀྱིལ་འཁོར་པའི་མཆོད་འཕྲེང་ཆུ་བཞི་ཉེར་སྤྱོད་མཆོད་འགོ་གཡོན་བསྟན། དེ་འོག་བང་རིམ་གཉིས་པར་མེ་ལྷའི་གཏོར་མ་མར་གྱིས་བཟོས་པ་པདྨ་བཞིའི་སྟེང་ཟླུམ་གཏོར་དཀར་པོ་ཉིས་རྒྱན་ཅན་ཆུ་བཞི་ཉེར་སྤྱོད་གོང་ལྟར། མཆོད་ཁ་གསོ་རྒྱུ་ཆུ། ནས། མེ་ཏོག སྤོས། མར་མེ། ཞལ་ཟས་བཅས་ཐེང་ལྔ་བཞག །རླུང་གཡབ་དཀར་པོ། སློབ་དཔོན་གྱི་མདུན་གཡས་མར་ཁུ་དགང་བླུགས། ལག་མཆོད། ཌཱ་དྲིལ། འཐོར་ནས། ཆས་གོས་དཀར་པོ། མགུལ་དར་བཅས། ཞལ་ཤར་ཕྱོགས་སུ་བསྟན་ཏེ་པདྨའི་འདུག་སྟངས་ལྟར། ཐོག་མར་རྡོར་དྲིལ་བྱིན་རླབས་སློབ་དཔོན་གྱིས་རྡོར་དྲིལ་ཀུན་ལ་ནང་མཆོད་གཏོར་ལ། ༀ་ཨཱཿབིགྷྣན་སོགས། འདི་མན་ཀུན་ལ་སློབ་དཔོན་གྱིས་བདུད་རྩི་བྲན། མེ་ལྷའི་གདངས་ཀྱིས། རྡོར་དྲིལ་མི་དམིགས་སོགས། ༀ་མ་ཧཱ་བཛྲ་ཧཱུྃ། རྡོ་རྗེ་ལེན། ༀ་བཛྲ་གྷཎྜེ་ཨཿ དྲིལ་བུ་ལེན། ༀ་སརྦ་ཏ་ཐཱ་སོགས་ལན་གཅིག་ལ་རྡོ་རྗེ་ལན་གསུམ་གསོར། བར་བཞག །སླར་ལན་གསུམ་སྐོར། རྡོ་རྗེ་སྙིང་གར་བཟུང་། དྲིལ་བུ་གསིལ་བཞིན། ༀ་


KMC001_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་གྷཎྜེ་སོགས་ལན་གཅིག །བར་བཞག །དྲིལ་སྟབས་གསུམ། སྔོན་འགྲོའི་གཏོར་མ་ལ་བདུད་རྩི་བྲན་ཏེ། ༀ་ཨཱཿ བིགྷྣན། ཡཾ་ལས་སོགས། ཀུན་འགྲུབ་མཛོད། མཆོད་རོལ། དྲག་སྔགས་བཟླས། ཡུངས་ཀར་གྱིས་ཐབ་དང་རྫས་ཀུན་ལ་བྲབ་ཅིང་བགེགས་བསྐྲད། སྲུང་འཁོར་རྣམས༴ ཕྱི་ནང་བར་ཆད་བཟློག་ཏུ་གསོལ། མཆོད་རོལ། མེ་ལ་བྲན་ༀ་ཨཱཿབིགྷྣན།= དཔལ་འབར་ལ་བྲན། ༀ་ཨཱཿབིགྷྣན།= དཔལ་འབར་གཡས་བསྐོར་གྱིས་ཤར་ལྷོར་མེ་སྒོ་ནས་གཏུག། ༀ་བཛྲ་ཛྭ་ལ་ཛྭ་ལ་ལན་གསུམ་གྱིས་མེ་སྤར། ༀ་ཨཱ་ཿཧཱུྃ་ལན་གསུམ་གྱིས་རླུང་གཡབ་ལན་གསུམ་གཡབ། ༀ་ཨཱཿབིགྷྣན་ལན་བདུན་གྱིས་མར་ཁུ་ལན་བདུན་ཕུལ། ༀ་ཀུ་ཤ་འདི་ནི་སོགས། སློབ་དཔོན་བཞེངས། ༀ་བཛྲ་ས་ཏྭ་ཨཱཿལན་བཅུ། ཡིག་ཆུང་ལྟར་ཀུ་ཤ་དགྲམ་མོ། །མཆོད་པ་ལ་བདུད་རྩི་བྲན། ༀ་ཨཱཿབིགྷྣན་སོགས། སྟོང་པའི་ངང་ལས་ཨ་ལས་སོགས། མཆོད་ཡོན། ཞབས་བསིལ། ཞལ་བསིལ། གསང་གཏོར། མེ་ཏོག་སོགས། ༀ་བཛྲ་ཨརྒྷཾ་ཨ་ཧཱུྃ་སྭཱ་ཧཱ། པཱདྱཾ། ཨ་ཙ་མཱ་ནཾ། པྲོ་ཀྵཎཾ། པུཥྤེ་སོགས། མཆོད་རོལ། བསྲེག་རྫས་བྱིན་རླབས་བདུད་རྩི་བྲན། ༀ་ཨཱཿབིགྷྣན༴ ཡཾ་ལས་རླུང་གི་སོགས། ངོ་བོ་བདུད་རྩི་སོགས། སོ་སོར་གྱུར། ༀ་ཨཱཿཧཱུྃ་གསུམ།= ༀ་ཋ་ཋ་སོགས། ཀུ་རུ་སྭཱ་ཧཱ། བར་ལན་གསུམ་


KMC001_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

རེ། ཐབ་ལ་བདུད་རྩི་བྲན། ༀ་ཨཱ༔ བིགྷྣན་སོགས། མེ་གདངས་ཀྱིས། ཐབ་ཁུང་མི་དམིགས་སོགས། མེ་ལྷ་འཁོར་བཅས་སྤྱན་དྲངས་ཏེ། ཕྱག་རྒྱ་ཡིག་ཆུང་ལྟར། ༀ་ཚུར་སྤྱོན་སོགས། ༀ་ཊཀྐི་ཧཱུྃ་ཛཿ ཀུ་ཤའི་རྒྱ་གྲམ་ཐབ་ནང་ཕུལ། ཐབ་ཀྱི་ཤར་ལྷོར་སོགས། གྱུར། ཆུ་བཞི་འབུལ། ཕྱག་རྒྱ་ཡིག་ཆུང་ལྟར། དྲིལ་གསིལ་བཞིན། ༀ་བཛྲ་ཨ་ན་ལ་སོགས་ལན་གཅིག གདངས་ཀྱིས། ཛ་ཧཱུྃ་བྃ་ཧོཿ རྣམ་སྣང་སོགས། གྱུར། ༀ་ཨགྣ་ཡེ་སོགས། བུཥྤེ་ནས་མཆོད་འཕྲེང་རེ་རེ་བཞིན་པད་སྐོར་རང་རྒྱ་རྗེས་སེ་གོལ་བཅས་ཕུལ། འོག་མ་རྣམས་རིག་འགྲེས། མཆོད་རོལ། འཇིག་རྟེན་དབང་ཕྱུག་སོགས། མཆོད་རོལ། མེ་གདངས་ཀྱིས། དགང་བླུགས་སོགས། ན་མསྶ་མནྟ་སོགས་བདུན། གདངས། བདག་ཅག་དཔོན་སློབ་སོགས། ཀུ་རུ་སྭཱ་ཧཱ། མཆོད་རོལ། ཡམ་ཤིང་ནས་བཟུང། ༀ་ཨགྣ་ཡེ་སོགས་ལན་བདུན་རེ། བདག་ཅག་དཔོན་སློབ། དྲིལ་གསིལ་རེ། ཤིང་ཐོག་མཐར། བདག་ཅག་དཔོན་སློབ་སོགས། མཆོད་རོལ། གཙང་ཞིང་གཙང་མར་སོགས། མེ་ལྷའི་མཆོད་འཕྲེང་རྣམས་ཕྱག་རྒྱ་བཅས་སྔར་བཞིན་འབུལ། པཉྩ་ཨ་མྲྀ་ཏ་ལག་གཡོན་གྱིས་བདུད་རྩི་ཐབ་ལ་མཆོད། མ་ཏཾ་གི་འཁྱུད་རྒྱ།= འཇིག་རྟེན་དབང་ཕྱུག་སོགས། མཆོད་རོལ། གདངས། དྲང་སྲོང་ཆེན་པོ་སོགས། མར་ཁུ་ལན་གསུམ་


KMC001_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ། ༀ་ཨཱཿ བིགྷྣན་སོགས། མེ་ལྷ་འཁོར་དང་སོགས། གྱུར།= མདུན་བསྐྱེད་ལྟར། དེའི་དབུས་སུ་ཨེ་ལས་སོགས་ནས། གཙོ་མོ་དང་མ ཚུངས་པའོ། །གསིལ་སྙན་ཐང་ཐང་ལེན། ལས་རྡོར་གྱིས་སྤོས་སྣ་བྱ། སློབ་དཔོན་གྱིས་ཡིག་བརྒྱ་བརྗོད་བཞིན་པས་མཆོད་ཡོན་སྒྲེང་། རྟེན་ནི་རྡུལ་ཚོན་སོགས། ཡིག ་ཆུང་ལྟར་ཐབ་ལ་གཡས་བསྐོར་གཅིག་ནས་བཞེངས་ཏེ། མཆོད་རོལ་འུར། ཕེཾ་ཕེཾ་ཕེཾ། ༀ་ཤྲཱི་བཛྲ་ཝཱ་ར་ཧི། ཨརྒྷཾ་ནས། ཤབྡ་མཆོད་རོལ། མ་ཏཾ་གི་བར། ༀ་བཛྲ་བཻ་རོ་ཙ་ནི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། བཛྲ་ས་མ་ཡསྟྭཾ། མེ་ཏོག་ཐབ་ལ་ཕུལ། སེ་གོལ་རེ་ཏོག །ༀ་བཛྲ་ཌཱ་ཀི་ནི༴ རཏྣ༴ པདྨ༴ ཀརྨ༴ ཐབ་ཀྱི་པདྨའི་དབུས་སུ་བཞུགས་པར་གྱུར། གཙོ་མོའི་གསང་གནས་སུ་སོགས། མཆོད་རོལ། སྣང་བ་ཆོས་སྐུ༴ གཞུང་གདངས། མཆོད་རོལ། བཅོམ་ལྡན་འདིར་ནི་གཞུང་གདངས། ཤབྡ་མཆོད་རོལ། ནང་མཆོད་ཐབ་ནང་ཕུལ། དེ་རྣམས་ཀྱི་སྐུ་ལ་སོགས། མེད་པར་གྱུར་ནས། དགང་བླུགས་སོགས། བཞེས་པར་གྱུར། སྙིང་པོ་བདུན། བྱོན་སྐྱེམས་མར་ཁུ་བདུན། བདག་ཅག་དཔོན་སློབ༴ སྭཱ་ཧཱ། དྲིལ་གསིལ། ཡང་སྙིང་པོ་བདུན། མར་ཁུ་བདུན། བདག་ཅག་དཔོན་སློབ༴ དྲིལ་གསིལ། ཡང་སྙིང་པོ་བདུན། མར་ཁུ་བདུན་ཕུལ། བདག་ཅག་དཔོན་སློབ༴ སྭཱ་ཧཱ།


KMC001_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རོལ། མཆོད་པ་བདུད་རྩི་བྲན། ༀ་ཨཱཿ བིགྷྣན་སོགས། ཨ་ལས་ཐོད་པའི་སོགས། ཆུ་བཞི་གོང་ལྟར། ཤབྡ་མཆོད་རོལ། རྒྱལ་བའི་སྐུ༴ འདི་སྐབས་པད་སྐོར་རང་རྒྱ་མཆོད་པ་ཕྱག་གཉིས་ཀྱི་ཕུལ་སེ་གོལ་བཅས་རིམ་པར་འགྲེས། མཆོད་བསྟོད་ཡོངས་རྫོགས་དང་། ལག་མཆོད། ལྷར་གསལ་བའི་ཞལ་དུ་ༀ་ཨཱཿཧཱུྃ། $ཐབ་ནང་ཕུལ། སྙིང་པོའི་མཐར། ཡམ་ཤིང་ནས་ཤིང་ཏོག་བར་ལན་ཉེར་གཅིག་རེ། བདག་ཅག་དཔོན་སློབ་ཐམས་ཅད་ལ་མཆོད་རོལ། ཕྱོགས་དུས་ཀུན་ན་འཇམ་མཉེན་སོགས། ན་བཟའ་འབུལ། དཀྱིལ་འཁོར་ཀུན་ཏུ་སོགས། མེ་ཏོག་ཕུལ། ཚུལ་ཁྲིམས་དྲི་ལྡན་སོགས། སྤོས་ཕུལ། སྙིང་པོའི་མཐར་ༀ་ཨཱཿཧཱུྃ། སྨན་སྣ་དང་རིན་ཆེན་ཕྱེ་མ་ཕུལ།= རྗེས་ཆོག་མཆོད་པ་བྱིན་རླབས་བདུད་རྩི་བྲན། ༀ་ཨཱཿ བིགྷྣན་སོགས། ཨ་ལས་ཐོད་པའི་སོགས། ཆུ་བཞི་གོང་ལྟར། ཤབྡ་མཆོད་རོལ། རྒྱལ་བའི་སྐུ༴ ཆུ་བཞི་བཅས་གོང་ལྟར་མཆོད་ཕྲེང་ཕུལ། ཤབྡ་མཆོད་རོལ། བཅོམ་ལྡན་འདས་མ༴ བཞི་དྲིལ། མཆོད་རོལ། གཏོར་བསྔོ། གཏོར་མ་དགང་གཟར་སྟེང་བཞག་བདུད་རྩི་བྲན། ༀ་ཨཱཿབིགྷྣན་སོགས། ཡཾ་ལས་རླུང་གི་སོགས། ཕེཾ་ཕེཾ་ཕེཾ་སོགས་གསང་སྔགས་ནང་གཏོར་མཐར། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་སོགས། ཨི་དཾ་བ་ལིཾ་ལན་གསུམ་ནས་གཏོར་མ་མེ་ནང་ཕུལ། བཅོམ་ལྡན་འཁོར་དང་བཅས་རྣམས་ཀྱིས།


KMC001_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་སྦྱིན་གཏོར་མ་སོགས་མཛོད། མཆོད་རོལ། སྙིང་པོ་ལན་གསུམ་གྱིས་མར་ཁུ་ཕུལ། ལྷག་པའི་ལྷ་མཆོག་སོགས། གསོལ། མཆོད་རོལ། བཏང་རག་མཆོད་བསྟོད་ནི། ༀ་ཤྲཱི་བཛྲ་ཝཱ་རཱ་ཧཱི་བཛྲ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཆུ་གསུམ་བཞག་དེ་འཕྲོད་ཡོངས་རྫོགས་ཕུལ། ཤབྡ་མཆོད་རོལ། པཉྩ༴ མ་ཏཾ་གི༴ བསྟོད་པ། ཧྲཱིཿ ཞལ་གཅིག་སྤྱན་གསུམ་སོགས། ཡུམ་གྱུར་མ་ལ་ཕྱག་འཚལ་བསྟོད། མཆོད་རོལ། ཡིག་རྒྱ་ལན་གསུམ། $དྲིལ་གསིལ། མ་འབྱོར་པ་དང་༴ གང་ཡང་བདག་བློ༴ རྫོགས་སངས་རྒྱས་དང་༴ བཟོད་པར་འོས༴ ༀ་ཤྲཱི་བཛྲ་ཝཱ་ར་ཧི་བཛྲ་སོགས། ཆུ་གཉིས་དང་མཆོད་ཡོན་ཕྱག་གཉིས་ཀྱིས་སྦྲེང་བཞིན་ཡིག་རྒྱ་ལན་གཅིག །སློབ་དཔོན་ཡར་བཞེངས་ཏེ། ༀ་ཁྱེད་ཀྱི་སེམས་ཅན་སོགས། ༀ་བཻ་རོ་སོགས་སྔགས་དང་བསྟུན་གཡོན་བསྐོར་རེས་ཕྱོགས་སོ་སོའི་ཚོམ་བུ་བྱ། ༀ་བཛྲ་ཌཱ་ཀི་ནི་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། བཛྲ་ས་མ་ཡ་སྟྭཾ། དེ་བཞིན་རཏྣ༴ པདྨ༴ ཀརྨ༴ བཛྲ་ས་མ་ཡ་སྟྭཾ། སིལ་སྙན་ཐང ་ཐང ་ལེན་གོང་བཞིན་སློབ་དཔོན་ཡར་བྱོན། རྡུལ་ཚོན་སོགས། ཐིམ་པར་གྱུར། ཚོམ་བུ་རྣམས་དཀྱིལ་འཁོར་ནང་གཏོར། མར་ཕེབས་བཞུགས་མཆོད་རོལ་འུར་བྱ། མེ་ལྷའི་རྗེས་ཆོག་ལ་ༀ་ཨགྣ་ཡེ་ཛྭ་ལ་རཾ། གསུམ། མར་ཁུ་དགང་བླུག་གསུམ་ཕུལ། སླར་ཡང་སོགས། ༀ་


KMC001_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཨགྣ་ཡེ་ས་པ་རི་ཝཱ་ར་སོགས་ཡམ་ཤིང་ནས་ཤིང་ཏོག་བར་སྔགས་ལན་གསུམ་རེ། བདག་ཅག་དཔོན་སློབ༴ དྲིལ་གསིལ་རེ་མཐར་མཆོད་རོལ། གཙང་ཞིང་གཙང་མར་སོགས་གོང་ལྟར་མཆོད་ཕྲེང་རྣམས་ཆུ་གསུམ་བཞག ། གཞན་ཐམས་ཅད་ཡོངས་རྫོགས་ཕུལ། ཤབྡ་མཆོད་རོལ། པཉྩ༴ མ་ཏཾ་གི༴ འཇིག་རྟེན་དབང་ཕྱུག་སོགས། མཆོད་རོལ། གཏོར་མ་དགང་གཟར་སྟེང་བཞག་བདུད་རྩི་བྲན། ཨ་ཀ་རོ་ལན་གསུམ། ༀ་ཨགྣ་ཡེ་སོགས། ཨི་དཾ་ལན་གསུམ་གཏོར་མ་མེ་ནང་ཕུལ། མེ་ཏེ་བསྲེག་བྱ༴ བཞི་དྲིལ། མཛོད། མཆོད་རོལ། དྲང་སྲོང་སོགས་མཛད་དུ་གསོལ། མཆོད་རོལ། ཡིག་རྒྱ་ལན་གཅིག །མ་འབྱོར་པ་དང་༴ ཤོ་ལོ་ཀ་གཅིག །ༀ་ཨགྣ་ཡེ་སོགས། ཆུ་གཉིས་ཕུལ། མཆོད་ཡོན་གོང་བཞིན་ཕུལ། ཡིག་རྒྱ་ལན་གཅིག །མེ་གདངས་དྲིལ་སྟབས་བཅས། བདག་གི་དོན་དང་སོགས། ཐམས་ཅད་སྒྲུབ། ༀ་ཨགྣ་ཡེ་སོགས། བཛྲ་,མུ། ཡེ་ཤེས་མེ་ལྷ་སོགས། འཐོར་ནས་འགྱེད། མཐའ་རྟེན་བཀྲ་ཤིས་གང་རིགས་གསུམ། མཆོད་རོལ། ཆོས་དབྱིངས་བྱང་ཆུབ་སོགས། བསོད་ནམས་འདི་ཡི་སོགས། བཀྲ་ཤིས། ཅེས་པ་འདི་ནི་འཇིག་རྟེན་གསུམ་གྱི་རྣམ་པར་འདྲེན་པ་སྐྱབས་མཆོག་ཡིད་བཞིན་ནོར་བུ་ཆེན་པོའི་དབུས་ཡབ་སྲས་ལྷན་རྒྱས་ཀྱི་བཀའ་ལུང་སྤྱི་བོར་ནོད་པ་ལྡོག་ཏུ་མེད་པས། རྡོ་རྗེ་རྣལ་


KMC001_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་མའི་གོང་གསལ་བཅའ་སྒྲིགས་སོགས་གདན་ས་ཆེན་པོ་མཚུར་ཕུའི་དབུ་མཛད་གྱི་ལས་འཁུར་འཛིན་པ་ཀརྨ་བསམ་གཏན་ཆོས་འཕེལ་ནས་ལྷག་བསམ་དག་པས་འདུ་བགྱིས་པའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousརྡོ་རྗེ་ཕག་མོའི་སྦྱིན་སྲེགnext