Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
དཔལ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོའི་དཀྱིལ་ཆོག་གི་མཆོད་གཞིའི་བཅའ་སྒྲིགས་འདོན་ཟིན་ཕྱག་ལེན་རྣམས་ཞིབ་བཀོད་དང་སྦྱིན་སྲེག་གི་འདོན་ཟིན་ཕྱག་ལེན་ཁ་གསལ་གདངས་དབྱངས་འཐེན་གྲངས་རྡུལ་ཚོན་ཆུ་གཤེགས་གསེར་ཕྲེང་བཅས།
   
   
   


 
previousདཔལ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོའི་དཀྱིལ་ཆོག་གི་མཆོད་གཞིའི་བཅའ་སྒྲིགས་འདོན་ཟིན་ཕྱག་ལེན་རྣམས་ཞིབ་བཀོད་དང་སྦྱིན་སྲེག་གི་འདོན་ཟིན་ཕྱག་ལེན་ཁ་གསལ་གདངས་དབྱངས་འཐེན་གྲངས་རྡུལ་ཚོན་ཆུ་གཤེགས་གསེར་ཕྲེང་བཅས།next

དཔལ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོའི་དཀྱིལ་ཆོག་གི་མཆོད་གཞིའི་བཅའ་སྒྲིགས་འདོན་ཟིན་ཕྱག་ལེན་རྣམས་ཞིབ་བཀོད་དང་སྦྱིན་སྲེག་གི་འདོན་ཟིན་ཕྱག་ལེན་ཁ་གསལ་གདངས་དབྱངས་འཐེན་གྲངས་རྡུལ་ཚོན་ཆུ་གཤེགས་གསེར་ཕྲེང་བཅས།


KMC001_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོའི་དཀྱིལ་ཆོག་གི་མཆོད་གཞིའི་བཅའ་སྒྲིགས་འདོན་ཟིན་ཕྱག་ལེན་རྣམས་ཞིབ་བཀོད་དང་། སྦྱིན་སྲེག་གི་འདོན་ཟིན་ཕྱག་ལེན་ཁ་གསལ། གདངས་དབྱངས་འཐེན་གྲངས། རྡུལ་ཚོན་ཆུ་གཤེགས། གསེར་ཕྲེང་བཅས་བཞུགས་སོ། །


KMC001_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལ་ཕྱག་འཚལ་ལོ། །བླ་མ་མཆོག་དང་འཇིག་རྟེན་དབང་ཕྱུག་ལ། །གུས་པས་ཕྱག་འཚལ་དེ་ཉིད་སྒྲུབ་པའི་ཟིན། །གང་ཞིག་བློ་གྲོས་གཞོན་ནུ་གང་ཟག་རྣམས། །སྔོན་གྱི་ཕྱག་སྲོལ་ཇི་ལྟར་གསུང་པ་ལྟར། །འཇུག་པ་བདེ་བའི་ལམ་སྲོལ་རབ་གསལ་བ། །འདིར་ཞུགས་དང་བས་ཉམས་སུ་བླང་བར་མཛོད། །དེ་ལ་འདིར་རྗེ་དུས་གསུམ་མཁྱེན་བའི་ཐུགས་དམ་ལྔ་མཚན་ལྔ་ཡི་ཡ་གྱལ་རྒྱལ་བ་རྒྱ་མཚོ་ལྷ་དགུའི་དཀྱིལ་ཆོག་གི་ཕྱག་ལེན་འདོན་བསྒྲིགས་རྣམས་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་རིང་ལུགས་མཐོང་རྒྱུན་ཕྱག་བཞེས་མ་ཕྱི་གཙོ་བོ་ཟིན་བྲིས་ཆེན་མོ་ལས་ཇི་ལྟར་གསུང་པ་ལྟར། དེ་ལ་ཐོག་མར་ཉེར་བར་མཁོ་བའི་དགོས་ཆའི་རིགས་རྣམས་བཀོད་པ་ལས། བདེ་མཆོག་ཟིན་བྲིས་དབུ་ནས་གསལ་བ་ལྟར་དང་། མེ་ཏོག་དམར་


KMC001_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

པོ། བུམ་དར་མགུལ་ཆིངས་དམར་པོ་གཉིས། ཡི་དམ་ལྷ་དགུའི་བླ་གཏོར་གཙོ་འཁོར་དགུ། མཆོད་འཕྲེང་། མཆོད་ཡོན། སྤོས། མེ་ཏོག མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་བཅས་ཚར་བཞི། མར་མེ་བདུན། ལྷ་བཤོོས་བདུན། དཀར་ཟླུམ་སྐེད་པར་པག་རིལ་བཅུས་བ སྐོར་བ་རྒྱན་གསུམ་ཅན་གཉིས། རྡོ་རྗེ། གསུང་གླེགས་བམ། དབུ་རྒྱན་དར་དཔྱངས། དྲིལ་བུ། མིང་དྲིལ། གསང་ཐོད། རིགས་ལྔའི་རྗེས་གནང་ཙཀླི་ལ་འཁོར་ལོ། རྡོ་རྗེ། ནོར་བུ། པདྨ། སྣ་ཚོགས་རྡོ་རྗེ། མེ་ལོང་སྟེང་སྔགས་འཁོར། སྔགས་འཕྲེང་དམར་པོ། མེ་ལོང་ཡང་དག རྡོ་རྗེ་འཆང་ཙཀླི་སོགས་གཞན་བདེ་ཟིན་ལྟར་གཟིགས། དཀྱིལ་འཁོར་བཞེངས་གནས་ས་སྟེགས་ལ་གད་བདར་གྲུབ་པའི་སྟེང་། དྲི་བཟང་ཆུས་གྲུ་བཞི་པ་ཆེ་ཙམ་བྱས་པའི་སྟེང་མེ་ཏོག་སེར་པོ་ཚོམ་བུ་བཀོད་མཐར། ཤར་


KMC001_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་མཆོད་ཡོན། ལྷོར་མེ་ཏོག ལྷོ་ནུབ་བདུག་སྤོས། ནུབ་ཏུ་མར་མེ། ནུབ་བྱང་དྲི་ཆབ། བྱང་དུ་ཞལ་ཟས། བྱང་ཤར་རོལ་མོ་དང་། ཤར་དུ་སྔོན་འགྲོ་གཏོར་མ་བཤམས། སློབ་དཔོན་མདུན་མཆོད་འགོ་གཡས་ནས་བརྩམ་མཆོད་འཕྲེང་། རྡོར་དྲིལ། ཌཱ་རུ། ནང་མཆོད་སྒྲོན་ཐུར། འབྲུ་སྣོད། སྤོས་རེང་གསུམ། ཕྱོགས་བཞི་སློབ་མ་རྣམས་སོ་སོར་འཁོད། ཐོག་མར་ལོ་གྱོན་མའི་གཟུངས་། རྣམ་འཇོམ། རྣམ་རྒྱལ། ཚིག་བདུན་གསོལ་འདེབས། ཞོག་འདོན་ཆོས་སྤྱོད་གོ་རིམ་ལྟར། མཐར། སྐྱེ་བ་ཀུན་ཏུ་སོགས། རང་ཉིད་སྐད་ཅིག་གིས་སོགས། གསལ་བར་གྱུར། རང་ཉིད་ང་རྒྱལ་བརྟན་པོས། ༀ་ཧྲཱི་པདྨཱནྟ་ཀྲྀ་ཏ་སོགས། ལས་རྡོར་པས་ནང་མཆོད་ལ་ཆུ་གཙང་བྲན། སྭ་བྷ་ཝས་སྦྱངས། སྟོང་པར་གྱུར། སོགས། ལག་གཡོན་གྱིས་བདུད་རྩི་ལན་གསུམ་དཀྲུག་པ་ཕྱར་བ་མྱོང་བ་བཅས། དཀར་གཏོར་ལ་སློབ་དཔོན་གྱིས་བདུད་རྩི་བྲན་ཞིང་། ༀ་ཧྲཱི་པདྨནྟ་ཀྲྀ་ཏ་སོགས། སྟོང་པར་གྱུར། སོགས། ཨ་ཀཱ་རོ་རང་རྒྱ་ལན་གསུམ། ན་མཿསརྦ་ཏ་ཐཱ་ག་ཏེ་སོགས་ལན་གསུམ་གཏོར་རྒྱ། རྡོར་དྲིལ་འཛིན་ཏེ། གང་ཡང་འདིར་གནས་སོགས་ཀུན་རིག་ཡོག་གདངས་གི་ལན་གསུམ་ལ་བཞི་དྲིལ། མཐར་མཆོད་རོལ། གཏོར་མ་ཕྱིར་ཕུལ། ཞེས་གསོལ་བ་སོགས། གྱུར།= ༀ་ཧྲཱིཿཔདྨནྟ་ཀྲི་ཏ་སོགས་སློབ་དཔོན་གྱིས་མེ་ཏོག་ཚོམ་བུ་ལ་བདུད་རྩི་འཐོར། སྭ་བྷ་ཝ་སོགས། སྟོང་པ་ཉིད་དུ་གྱུར་སོགས།


KMC001_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་པྲི་ཐི་ཝཱི་སོགས། ཨརྒྷཾ། པཱདྱཾ། པུཥྤེ་ནས། ཤབྡ་པྲ་ཏིཙྪ་སྭཱ་ཧཱ། མཆོད་རོལ། སློབ་དཔོན་གྱིས་བཞི་དྲིལ་ཕྱེད་ཕྱག་བཅས། ཁྱོད་ནི་ས་འཛིན་སོགས། སློབ་དཔོན་ལ་ཆབ་ཕུལ། སྐྱོབ་པ་སངས་རྒྱས་སོགས། དཀྱིལ་འཁོར་བྲི། ལན་གསུམ་མཐར་མཆོད་རོལ། རྡོ་རྗེ་འཛིན་པ་སོགས། བྱིན་པར་གྱུར།= མཆོད་ཁ་གསོ་ལ་བདུད་རྩི་བྲན། དབུ་མཛད་གྱིས་བསྐུལ་ཏེ། ༀ་པྲི་ཐི་ཝཱི་སོགས། གོང་བཞིན། ཤབྡ་མཆོད་རོལ། བཛྲ་མུ།= ཡེ་ཤེས་པ་གཤེགས་སོགས། ཐིམ་པར་གྱུར། བར། མཆོད་གཏོར་ཚོམ་བུ་རྣམས་བསལ། ལག་གཉིས་རྡོར་དྲིལ་འཛིན་པས་མཁྲིག་མ་བསྣོལ་ཏེ་ས་ལ་བཞག་ནས། ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། དཀྱིལ་འཁོར་གྱི་སོགས། རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ། བར་བརྗོོད་ལག་གཉིས་ཀྱིས་ཐལ་མོ་ཁ་སྦུབས་པས་ས་ལ་རེག་ཅིང་བདག་གིར་བཟུང་ངོ་། །ཚམས་བཞག ། དེ་ནས་སློབ་དཔོན་དཀྱིལ་འཁོར་གྱི་དབུས་སུ་ཁ་ཤར་དུ་ཕྱོགས་པས་འདུག་ལ། ལས་རྡོར་གྱིས་མདུན་ལྕོག་ཡང་ཕར་བཞག །སྔོན་འགྲོ་གཏོར་མ་བཤམས་ནས། ༀ་ཧྲཱིཿཔདྨནྟ་ཀྲིཏ་སོགས། སློབ་དཔོན་གྱིས་བདུད་རྩི་བྲན། བདག་བསྐྱེད་ཀྱི་བཟླས་པའི་བར་བྱ། སློབ་དཔོན་ལ་ཆབ་ཕུལ། བསྙེན་པའི་ཚེ་ཕྱོགས་བཞིར་སྟེགས་ཀྱི་སྟེང་དུ་མཆོད་པ་ཆ་རེ་བཤམས། ༀ་ཧྲཱིཿཔདྨནྟ་ཀྲྀཏ་སོགས། སློབ་དཔོན་གྱིས་ཕྱོགས་ཐམས་ཅད་ལ་བདུད་རྩི་བྲན་ཏེ། སྭ་བྷ་ཝ་སོགས། ཐལ་


KMC001_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར། སྟོང་པ་གྱུར་སོགས་མཆོད་པ་བྱིན་རླབས། ཕྱོགས་བཞི་སོགས་ཐམས་ཅད་ཀྱིས་གསུང་། མཆོད་རོལ་མཐར། ཕྱོགས་གཞན་སོགས་ཌཱ་དྲིལ་རྣམས་སར་བཞག ༈ དེ་ནས་ཤར་ཕྱོགས་པ་རྐྱང་པས་མེ་ལྷའི་གདངས་ཀྱིས། མེ་ཏོག་བདུག་སྤོས་སོགས། ཕྱག་རྒྱ།= བཞི་དྲིལ། ཧྲཱིཿ ཐུགས་རྗེ་ཆེན་པོ་སོགས། མཆོད་རོལ། ཀུན་རིག་ཡོག་གདངས། དེ་བཞིན་གཤེགས་པ་སོགས། བཞི་དྲིལ་ལན་གསུམ།= ༈ ལྷོ་ཕྱོགས་པས། གཟུགས་དང་སྒྲ་དང་སོགས་མེ་ལྷའི་གདངས་ཀྱིས་ཕྱག་རྒྱ། ཤབྡ་མཚམས་རྒྱག །= བཞི་དྲིལ། ཧྲཱིཿ ཐུགས་རྗེ་ཆེན་པོ་སོགས། མཆོད་རོལ། བཞི་དྲིལ། ཀུན་རིག་ཡོག་གདངས། མཚན་རྣམས་ཐམས་ཅད་སོགས་ལན་གསུམ།= ༈ ནུབ་ཕྱོགས་པས། ཤ་ཆེན་སྤོས་དང་༴ ཧྲུག་འདོན་ཐལ་སྦྱར།= ཐུགས་རྗེ་ཆེན་པོ༴ རང་གདངས། བཞི་དྲིལ། མཆོད་རོལ། ཞི་བའི་མཆོག་ནས༴ བཞི་དྲིལ། ཡོག་གདངས་ལན་གསུམ། ༈ བྱང་ཕྱོགས་པས། སེམས་ཉིད་ལྷན་ཅིག་སོགས་ཧྲུག་འདོན། ཧྲཱི་ཐུགས་རྗེ་ཆེན་པོ་སོགས། མཆོད་རོལ། མེ་ལྷའི་གདངས་ཀྱིས། སེམས་ཅན་ཀུན་གྱི་སོགས་བཞི་དྲིལ་ལན་གསུམ།= དེ་ནས་སློབ་དཔོན་བཞེངས། རྡོར་དྲིལ་བཟུང་སྟེ་སེམས་ཅན་ལ་སྙིང་བརྩེ་བས། རང་ཉིད་སྐད་ཅིག་གིས་སོགས་དལ་བུས་གསུང་། རྡོ་རྗེ་གྱུར།= ཀུན་རིག་ཡོག་གདངས་བཞི་དྲིལ་བཅས། ཨེ་མ་ཧོ་


KMC001_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐམས་ཅད་སོགས། ལན་གསུམ་མཐར་མཆོད་རོལ་འོག །རྡོ་རྗེ་འགྲོས་ཀྱིས་དཀྱིལ་འཁོར་གྱི་བྱང་ཤར་མཚམས་སོང་ལ་བགེགས་ལ་བཀའ་བསྒོ་བ་ནི། སའི་ཕྱོགས་སོགས་དལ་བུས་གསུང་། འགྱུར་ཏ་རེ། མཆོད་རོལ་རིང་བའི་འོག །ལས་རྡོར་པས་གུ་གུལ་བདུག་ཡུངས་ཀར་ཁྱེར་སློབ་དཔོན་གྱིས་དྲིལ་བུ་གསིལ་བཞིན་སུམྦྷ་ནི་གསུང་། སྐོར་བ་གསུམ་ལ་ཡུངས་ཀར་བྲབ་མཐར་མཚམས་བཞག །དེ་ནས་སློབ་དཔོན་ཁ་ཤར་ནས་ནུབ་ཏུ་ལྟས་པས། དཀྱིལ་འཁོར་གྱི་དབུས་སུ་དྲི་བཟང་ཆུས་གྲུ་བཞི་མཐོ་གང་། ཕྱོགས་བཞིར་ཟླུམ་པོ་སོར་བཞི་པ་རེ་མཚམས་བཞི་དེའི་ཆུང་ཙམ་བཞི་བྲི་བའི་སྟེང་མེ་ཏོག་དམར་པོ་ཚོམ་བུ་དགུ་བཀོད། མཐར་ཤར་ནས་དབུ་བཟུང་གཡས་བསྐོར་གྱི་མཆོད་འཕྲེང་བསྐོར་བཤམས། ནུབ་ཏུ་རྐང་གསུམ་ཁར་བླ་མའི་གཏོར་མ་རྒྱན་ལྡན་བཞག་ནས་སློབ་དཔོན་གྲལ་དུ་འཁོད། དབུ་མཛད་གྱིས། མེ་ཏོག་ཚོམ་བུའི་གདན་གྱི་སོགས། དེའི་ཕྱོགས་བཞིར་སོགས། ཤར་ལྷོའི་མཚམས་སུ་སོགས། རྒྱན་གྱིས་བརྒྱན་པའོ། །རང་གི་ཐུགས་ཀའི་ཧྲཱིཿལས་སོགས། བཛྲ་ས་མཱ་ཛཿ མཆོད་རོལ་འུར། ༀ་མཆོད་ཡོན་བདུག་སྤོས་སོགས། མཆོད་རོལ། ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་གྱུར།= ༀ་ཧྲཱིཿཔདྨ་ཀྲྀཏ་སོགས། མེ་ཏོག་ཚོམ་བུའི་མཆོད་པ་ལ་བདུད་རྩི་བྲན། སྭ་བྷས་སྦྱངས། སྟོང་པར་གྱུར། སྟོང་པའི་ངང་ལས་


KMC001_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ལས་སོགས། ཤབྡ། མཆོད་རོལ། རྒྱལ་བའི་སྐུ་ལ་སོགས། ཤབྡ། མཆོད་རོལ། ས་ཁམས་རང་བཞིན་སོགས། བཞི་དྲིལ། མཆོད་རོལ། དེ་ནས་སློབ་དཔོན་གྱིས་གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་བླངས་ནས་ཡི་གེ་བཅུ་པའི་རྗེས་སུ། ༀ་ཨཱཿཧཱུྃ་བརྗོད། རྡོར་དྲིལ་དང་སྤོས་རེང་ཐོགས་ལ། ཀུན་རིག་ཡོག་གདངས་ཀྱིས། གཉིས་མེད་ཡེ་ཤེས་སོགས། བཞི་དྲིལ། ལན་གསུམ་ལ་སྐུལ་མཚམས་རེ་བྱ། ཁུ་ཚུར་གཉིས་ཀྱི་མཛུབ་མོ་བརྐྱང་པའི་རྩེ་སྤྲད་བས། དབུ་མཛད་ནས་སྐུལ། ༀ་བཛྲ་མཎྜལ་ཨུ་ཏྟིཥྠ།= སྟ་གོན་གྱི་ལྷ་ནམ་མཁར་བཏེག་པར་གྱུར།= དེའི་ཚེར་ལས་རྡོར་པས། སློབ་དཔོན་མདུན་བུམ་པ་གཉིས་ཁ་སྤུབ་བུམ་སྒྲོ་མགུལ་ཆིངས་དམར་པོ་གཉིས། ཆུ་གཙང་། བུམ་རྫས། དུང་ཆོས། གཟུངས་རྡོར། ཡུངས་ཀར། གུ་གུལ་བཅས་སྒྲིགས། ༀ་ཧྲཱིཿཔདྨཱནྟ་ཀྲྀཏ་སོགས། ལག་གཡོན་གྱིས་བུམ་པ་བཟུང་སྟེ། གུ་གུལ་བདུག ། ཡུངས་ཀར་བྲབ། ༀ་བཛྲ་ཤི་ཁ་རེ་སོགས། མཚམས་བཞག །མགུལ་ཆིངས་བསྡམ། དྲི་བཟང་ཆུས་གསུམ་ཆ་བཀང་། བུམ་རྫས་བཏབ། རྣམ་བུམ་ཁར་དུང་ཆོས་དང་གཟུངས་རྡོར་བཞག་ནས། སློབ་དཔོན་གྱིས་བདུད་རྩི་བྲན་ལ། ༀ་ཧྲཱིཿཔདྨཱནྟ་སོགས་བུམ་པ་དཀྱུས་ལྟར། དཔལ་རྟ་མགྲིན་ལ་འོད་དཔག་ཏུ་མེད་པས་དབུར་བརྒྱན་པར་གྱུར། བར། མི་འདྲ་བའི་ཁྱད་པར་ནི། ༀ་མཆོད་ཡོན་བདུག་སྤོས་སོགས། ཤབྡ་མཆོད་རོལ། ས་


KMC001_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་རང་བཞིན། མཆོད་རོལ། ཧཱུྃ། ཐུགས་ཀྱི་ལྷ་ཚོགས་སོགས། མཆོད་རོལ། སིལ་སྙན་ཌཱ་དྲིལ་བཅས་བཞག །རང་གི་ཐུགས་ཀའི་སོགས། བཟླས་པ་བརྒྱ་དང་བརྒྱད། ཕག་མོ་ཉེར་ལྔ། འཁོར་ཉེར་ལྔ། གཟུངས་རྡོར་ལས་བུམ་སྟེང་སྤོས། ༀ་ཧྲཱིཿཔདྨཱནྟ་སོགས། བརྒྱ་དང་བརྒྱད། རྣམ་རྒྱལ་གྱི་ལྷ་རྣམས་སོགས། དུང་ཆུ་བུམ་པར་བླུག །ཕྲིན་ལས་མཛད་དུ་གསོལ་སྐབས་གཟུངས་རྡོར་དང་སྒྲོ་རྐང་མཉམ་དུ་བཟུང་སྟེ་ཕྱི་འཕྲང་གྱི་བགེགས་བསྐྲད། ལས་རྡོར་གྱིས་ཚོགས་ཀྱི་ཡོ་བྱད་ལ་བྱིན་རླབས་མཛད་པར་ཞུ། ཕུག་གཏོར་མདུན་ཚོགས་དང་རྫས་གང་འཛོམ་སྒྲིགས། ༀ་ཧྲཱིཿཔདྨཱནྟ་སོགས། སློབ་དཔོན་གྱིས་བདུད་རྩི་བྲན། སྟོང་པར་གྱུར། སོགས། ན་མོ་ཐབས་དང་ཤེས་རབ་སོགས། ལན་གསུམ་མཐར་མཆོད་རོལ་འུར། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་སོགས། བཞི་དྲིལ། བསྒྲུབ་ཏུ་གསོལ། མཆོད་རོལ། ཚོག་ཕུད་ཕུག་གཏོར་མདུན་དུ་ཕུལ། བཱ་ལིང་གསུམ་ལ་བདུད་རྩི་བྲན། ༀ་ཧྲཱིཿཔདྨཱནྟ་སོགས། སྟོང་པར་གྱུར། གཏོར་བསྔོས་དཀྱུས་བཞིན། བར་ཆད་མི་མཐུན་པའི་ཕྱོགས་རྣམས་བསལ་དུ་གསོལ། མཆོད་རོལ། བཱ་ལིང་གསུམ་གོང་གཏོར་མདུན་ཕུལ། ལས་རྡོར་གཉིས་ཧྲུག་འདོན་གྱིས། གཟིགས་ཤིག་མཛེས་ལྡན་སོགས་ཚོགས་དྲངས། ཞབས་བརྟན་རྣམས་གསུང་། ཕྱག་གསུམ་འཚལ། ལྷག་མའི་གཏོར་མ་སོགས་ཞུ།


KMC001_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་ཏེ། ཕུད་དང་ལྷག་མའི་སོགས། ཧཱུྃ། གཞན་ཡང་ལས་ཀྱི་སོགས། མཆོད་རོལ་འུར། རྗེས་མཆོག་མཆོད་པ་ཁ་གསོ། བདུད་རྩི་བྲན། མཆོད་པ་བྱིན་རླབས། ༀ་ཧྲཱིཿཔདྨཱནྟ་ཀྲྀཏ་སོགས། སྟོང་པར་གྱུར། སོགས། ཤབྡ་མཆོད་རོལ། ༀ། མཆོད་ཡོན་བདུག་སྤོས་སོགས། ཤབྡ་མཆོད་རོལ། ཧྲཱིཿཐུགས་རྗེ་ཆེན་པོ་སོགས་དང་། ས་ཁམས་རང་བཞིན་སོགས། མཆོད་རོལ་མཐར་སིལ་སྙན་བཞག་རོལ་ཁེབ་འཁོབ། རྡོར་དྲིལ་བཟུང་སྟེ་ཐལ་སྦྱར་གྱིས། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་སོགས། དྲིལ་སིལ་གྱིས་ཡིག་བརྒྱ་ལན་གཅིག་བརྗོད། མ་འབྱོར་པ་དང་སོགས། དཀོན་མཆོད་རིན་ཆེན་སོགས། རང་གི་ཐུགས་ཀའི་སོགས། སླར་རང་ཉིད་སོགས། གསལ་བར་གྱུར། བསོད་ནམས་འདི་ཡིས་སོགས། ཚོགས་གྲོལ། དེ་ནས་ཐིག་སྐུད་སྒྲུབ་པ་དང་། ཡེ་ཐིག་གདབ་པ། རྡུལ་ཚོན་སྒྲུབ་པ་སོགས་ལས་གཞུང་ལྡེབ་རིང་གྱི་ལྡེབ་གྲངས་བཅུ་བདུན་བཅོ་བརྒྱད་བཅུ་དགུའི་མདུན་བར་གསལ་བ་ལྟར། དེ་ནས་ས་གཞིར་ཐིག་གདབ་དང་རྡུལ་ཚོན་བླུག་པ་སོགས་ལ་འཇུག །ཕྱི་ཉིན་རྒྱུན་གྱི་མཆོད་ཁྲིའི་སྟེང་ཕུག་གཏོར་དང་། རྣམ་བུམ་གཡས། ལས་བུམ་གཡོན། ཕྱི་མཆོད་ཕྲེང་ཚར། ནང་མཆོད་ཐོད་པ། སྔོན་འགྲོའི་གཏོར་མ། ཚོགས་བཅས་སྒྲིགས། རྣམ་འཇོམ་ནས་སྔར་ཉིན་ལྟར་བདག་བསྐྱེད་དང་ཚོགས་གསུང་། ལས་རྡོར་གཉིས་ནས་ཧྲུག་འདོན་གྱིས་ཚོགས་ཞུ་ལེན་བྱས།


KMC001_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་བརྟན་རྣམས་གསུང་མཐར་ལྷ་གཏོར་ཞུ། ཚོགས་ལྷག མཆོད་པ་ཁ་གསོ། རྗེས་ཆོག་ནས་རྒྱུན་ལྟར་བཀྲ་ཤིས་བཅས་མཐའ་དབྱུང་། རྡུལ་ཚོན་གྲུབ་ནས་སྒབ་སྐོར་བཀོད། དཀྱིལ་འཁོར་དབུས་སུ་རྣམ་བུམ་སྟེང་བདུད་རྩིས་བཀང་བའི་ཐོད་པ། དེའི་སྟེང་དུ་མེ་ལོང་སྔགས་འཁོར་སྟེང་དར་དམར་དགབ། དཀྱིལ་འཁོར་ཤར་དུ་རྡོ་རྗེ་དང་མིང་དྲིལ། ལྷོར་བགྲང་ཕྲེང་དང་དབུ་རྒྱན། ནུབ་ཏུ་བླ་གཏོར་དང་གླེགས་བམ། རྡོ་རྗེ་འཆང་གི་སྐུ་ཙག ། མེ་ལོང་རིག་ལྔའི་ཕྱག་མཚན། བྱང་དུ་དྲིལ་བུ། ཤར་ནས་དབུ་བཟུང་གཡས་བསྐོར་གྱིས་ཕྱོགས་བཞིའི་མཆོད་ཕྲེང་བཞི་བཀོད། དབུ་གདུག་སོགས་བདེ་མཆོག་ལྟར། མཐར་སློབ་དཔོན་ནས་རྡོར་དྲིལ་བཟུང་ལ་ཡིག་བརྒྱ་འདོན་བཞིན་དཀྱིལ་འཁོར་ལ་བསྐོར་བ་གསུམ་གྱིས་ལྷག་ཆད་གྱི་སྐྱོན་བཏགས་ཏེ་ཉེས་པ་བསལ། ཕྱི་ནས་ཡོལ་བ་རྒྱབ། ཤར་སྒོའི་ཐད་མདུན་དུ་མཆོད་སྟེགས་སྟེང་གཡས་ནས་དབུ་བཟུང་ཉེར་སྤྱོད་ཕྲེང་ཚར། ནང་མཆོད་ཀ་པ་ལ། སྔོན་འགྲོའི་གཏོར་མ་མཎྜལ་བཅས། ཡོལ་བའི་ཕྱིར་རོལ་དུ། ཡོན་ཆབ། མེ་ཏོག སྤོས། མར་མེ། ཞལ་ཟས་བཅས་སྣ་ལྔ་བརྒྱ་ཚར་རེ་བཀོད། སློབ་དཔོན་གྱི་མདུན་གཡས་ནས་དབུ་བཟུང་བདག་བསྐྱེད་མཆོད་པ་ཕྲེང་ཚར། ནང་མཆོད་ཐོད་པ། འབྲུ་སྣོད། ཌཱ་དྲིལ་བཅས། ༈ དངོས་གཞིའི་ཉིན་ཐོག་མར་ལོ་གྱོན་ནས་བཟུང་རྣམ་འཇོམས། རྣམ་རྒྱལ། ཚིག་བདུན་གསོལ་འདེབས། ཆོས་སྤྱོད་གོ་རིམ་ལྟར་དང་། དེ་ནས་རང་ཉིད་སྐད་ཅིག་གིས་སོགས། ༀ་ཧྲཱིཿཔདྨཱནྟ་སོགས། ལས་རྡོར་དང་སློབ་དཔོན་


KMC001_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གསུང་གི་བདུད་རྩིའི་དམར་པོ། སྔོན་པོ་དཀར་པོ་བཅས་ལག་གཡོན་གྱིས་སྒྲོན་ཐུར་བཟུང་ལན་གསུམ་ཕྱར། བདུད་རྩི་བྱིན་རླབས་དང་། སྔོན་འགྲོ་གཏོར་མར་ དཀར་གཏོར་ཐེབ་དཀྱུ་བཅུ་ཅན་རྒྱན་གསུམ་ བདུད་རྩི་བྲན། ༀ་ཧྲཱིཿཔདྨནྟ་སོགས། སྟོང་པར་གྱུར་སོགས། ཨ་ཀ་རོ་རང་རྒྱ་སེ་གོལ། སྐད་ཅིག་གིས་སོགས། རྡོར་དྲིལ་འཛིན་དེ་འགུགས་རྒྱ་བྱ། འདིར་མཆིས་པར་གྱུར་ཅིག །ཊཀྐི་ཧཱུྃ་ཛཿ ༀ་བཛྲ་ཨརྒྷཾ་ནས། སེ་གོལ། ཤབྡ་མཆོད་རོལ། ན་མཿསརྦ་ལན་གསུམ། གཏོར་རྒྱ། གང་དག་དཀྱིལ་འཁོར་སོགས། བཞི་དྲིལ། མཛོད།= གང་དག་དཀྱིལ་འཁོར་གྱི་སོགས། རྡོ་རྗེ་ཕྱིར་གདེངས། རྡོ་རྗེ་སར་འཇོག །མཆོད་རོལ་ཞབས་གཏོར་མ་ཕྱིར་ཕུལ། ལས་སྔགས་དང་། སུམྦྷ་ནི་སོགས། ལས་རྡོར་པས་མཆོད་པ་དང་། སློབ་དཔོན་གྱིས་མདུན་མཆོད་ལ་བདུད་རྩི་བྲན། ༀ་ཧྲཱིཿ སོགས། སྭ་བྷ་ཝ་སོགས། སྟོང་པར་གྱུར། སོགས། ༀ་བཛྲ་ཨརྒྷཾ་ཨ་ཧཱུྃ་སྭཱ་ཧཱ། ནས། ཤབྡ་མཆོད་རོལ། ཌཱ་དྲིལ་དང་སིལ་སྙན་འཇོག ། ལས་རྡོར་པས་ཕྱག་གསུམ་སྔོན་དུ་བྱས་ནས། རྡོ་རྗེ་འཛིན་སོགས་ཞུ། སྐྱབས་འགྲོ་ཉེར་གཅིག ཕྱོགས་བཅུ་དུས་གསུམ་སོགས། རང་ཉིད་ཅིག་གིས་སོགས། སླར་དང་རང་གི་སོགས། ཧཱུྃ་བཞེངས་ཤིག་སོགས། འཁོར་བཅས་གནས་འདིར་ནས༴ གཡས་པད་སྐོར་བཅས་གདན་རྒྱ། བཅོམ་ལྡན་


KMC001_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ནི་སོགས། འདི་ཉིད་དུ་ནི༴ ལག་གཉིས་ཀར་རྡོར་དྲིལ་དང་གདན་རྒྱ་བྱ། ༀ་མཆོད་ཡོན་བདུག་སྤོས་སོགས། ཐལ་སྦྱར། ཤབྡ་མཆོད་རོལ། གང་གི་དྲིན་གྱིས་བཞི་དྲིལ་ཕྱེད་ཕྱག །སྩལ་དུ་གསོལ། རྡོ་རྗེ་འཇོག །མཆོད་རོལ། ཌཱ་དྲིལ་དང་སིལ་སྙན་འཇོག །ཐལ་སྦྱར་གྱིས། ཕྱོགས་བཅུ་དུས་གསུམ་སོགས།= ཇི་སྙེད་སུ་དག༴ སེམས་ཅན་ཐམས་ཅད༴ ལན་གཅིག ༀ་སྭ་བྷ་ཝ་སོགས། ཆོས་ཐམས་ཅད་སོགས་ནས།= དེའི་དབུས་སུ༴= དེའི་ཕྱོགས་བཞི༴= ཤར་ལྷོའི༴= རང་གི་ཐུགས་ཀའི་སོགས། བསྡུ་རྒྱས་བཛྲ་ས་མཱ་ཛཿཛཿ མཆོད་རོལ་འུར། ཐལ་སྦྱར་གྱིས། ༀ་མཆོད་ཡོན་སོགས། ཤབྡ་མཆོད་རོལ། ཌཱ་དྲིལ་དང་སིལ་སྙན་འཇོག །ཛཿ་ཧཱུྃ་བྃ་ཧོ་རང་རྒྱ། བདག་ཉིད་ཀྱི་ཐུགས་ཀར་སོགས། བཟླས་པ་གསུམ་བརྒྱ། གཉིས་པོ་ལྔ་བཅུ་རེ། ལས་རྡོར་པས་རྣམ་བུམ་སྟེང་དུང་ཆོས་བཀང་གཟུངས་རྡོར་བཞག །བུམ་པ་གཉིས་ལ་བདུད་རྩི་བྲན། ༀ་ཧྲཱིཿ སོགས། ༀ་བཛྲ་ཤི་ཁ་རེ་སོགས། ༀ་ཧྲཱིཿ སོགས། སྭ་བྷ་ཝ་སོགས། སྟོང་པར་གྱུར་སོགས།= དེའི་ཕྱོགས་བཞིར་པད་ཉིའི་སྟེང་དུ་ཡི་གེ་ཧྲཱིཿབཞི་ལས། ཤར་དུ་སོགས།= ཤར་ལྷོའི་མཚམས་སུ། ལས་བུམ་དུ་སོགས། བཛྲ་ས་མཱ་ཛཿ མཆོད་རོལ་འུར། ཐལ་སྦྱར། ༀ་མཆོད་ཡོན་སོགས།


KMC001_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཤབྡ་མཆོད་རོལ། ཛཿཧཱུྃ་བྃ་ཧོཿ གོང་ལྟར་དང་། དཔལ་རྟ་མགྲིན་སོགས། མེ་ཏོག་བདུག་སྤོས་སོགས། ཐལ་སྦྱར། ༀ་སརྦ་སོགས་རང་རྒྱ།= ཐལ་སྦྱར་གྱིས། གཟུགས་དང་སྒྲ་དང་རང་རྒྱ། ཤབྡ་མཚམས་རྒྱག་བྱས།= ཐལ་སྦྱར། ཤ་ཆེན་སྤོས་དང་སོགས། པཉྩ་ཨ་མྲྀ་ཏ། ལས་རྡོར་དང་སློབ་དཔོན་གྱིས་ལག་གཡོན་གྱིས་སྒྲོན་ཐུར་གྱིས་བདུད་རྩི་མཆོད། ཨཾ་ཀུ་ཤ༴ འཁྱུད་རྒྱ་བྱ། སེ་གོལ། ཐལ་སྦྱར་གྱིས། སེམས་ཉིད་ལྷན་ཅིག་སོགས། ན་ཏད་སྐབས་མཉམ་བཞག་བྱ། ས་ཁམས་རང་བཞིན་སོགས། བཞི་དྲིལ། མཆོད་རོལ། ཧཱུྃ་ཐུགས་ཀྱི་ལྷ་མཆོག་སོགས། བཞི་དྲིལ། མཆོད་རོལ་མཐར་ཌཱ་དྲིལ་དང་སིལ་སྙན་འཇོག །གཟུངས་ཐག་ཕུལ། རང་གི་ཐུགས་ཀའི་སོགས། བཟླས་པ་གསུམ་བརྒྱ་བཟླ། ཡུམ་དང་འཁོར་གཉིས་ལྔ་བཅུ་རེ། གཟུངས་རྡོར་ལས་བུམ་སྟེང་བཀོད། ལས་སྔགས་བརྒྱ་བཟླ། རྣམ་རྒྱལ་གྱི་ལྷ་རྣམས་སོགས། དུང་ཆུ་བླུགས། ཁྲོ་བོ་རྒྱལ་པོ་སོགས། ལས་བུམ་སྒྲོ་རྐང་དང་གཟུངས་རྡོར་མཉམ་དུ་བཟུང་ནས་གཡས་བསྐོར་གྱིས་བགེགས་བསྐྲད། དེ་ནས་རྡུལ་ཚོན་དཀྱིལ་འཁོར་ལ་བདུད་རྩི་འཐོར་ཞིང་། ༀ་ཧྲཱི་པདྨཱནྟ་སོགས། སྭ་བྷཱ་ཝ་སོགས། སྟོང་པར་གྱུར། སྟོང་པའི་ངང་ལས་སོགས། ཐུགས་ཀར་ཧ་རི་ནི་སས་མཚན་པའོ། དངོས་གཞི་ཉིན་དང་པོའི་སྐབས། ཛཿཧཱུྃ་བྃ་ཧོཿ སྟ་གོན་གྱི་སོགས། ཐིམ་པར་


KMC001_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། སྦྱར། རང་གི་ཐུགས་ཀའི་སོགས། ཛཿཛཿ མཆོད་རོལ་འུར། ཧཱུྃ། ལྷོ་ནུབ་སྲིན་པོ་སོགས། མཆོད་རོལ་འུར། རྒྱ་བ་རྒྱ་མཚོ་སོགས། འདི་ཉིད་དུ་ནི༴ དྲིལ། ལག་གཉིས་རྡོར་དྲིལ་བཟུང་བའི་གདན་རྒྱ། ༀ་མཆོད་ཡོན་སོགས། ཤབྡ་མཆོད་རོལ། ཛཿཧཱུྃ་བྃ་ཧོཿསོགས། པདྨ་དབང་གི་སོགས། མཆོད་རོལ་རྡོ་རྗེ་འཇོག །ཕྱི་མཆོད་ཁ་གསོ། ༀ་ཧྲཱིཿསོགས། མཆོད་པ་བྱིན་རླབས། ཤབྡ་མཆོད་རོལ། ཚོགས་ཐེང་གྲོལ། ཡར་ཚོགས། ཐལ་སྦྱར་གྱིས། རྒྱལ་བའི་སྐུ་ལ༴ ཤབྡ་མཆོད་རོལ། བཞི་དྲིལ་གྱིས། གྱི། ཧཱུྃ་དུས་གསུམ་སོགས། མཆོད་རོལ། ཧཱུྃ། དུག་ལྔ་སོགས། ཕྱག་རྒྱ། མཆོད་རོལ། ཧཱུྃ། ཐུགས་ཀྱི་སོགས། དྲིལ། མཆོད་རོལ། ཧཱུྃ། ཐབས་དང་སོགས། ཕྱག་རྒྱ། མཆོད་རོལ། འགྲོ་བ་ཀུན་ལ་སོགས། དྲིལ། མཆོད་རོལ། ཆོས་སྐུ་སྐྱེ་འགག་སོགས། ཕྱག་རྒྱ། མཆོད་རོལ། ཧཱུྃ། མི་འགྱུར་སོགས། དྲིལ། མཆོད་རོལ། རྡོ་དྲིལ་དང་སིལ་སྙན་འཇོག ། ལས་རྡོར་པས་གྲལ་དུ་བདུད་རྩི་འགྱེད། ཆོས་སྐུ་སྣང་བ་མཐའ་ཡས་སོགས། རྗེ་བཙུན་འཕགས་པ་སོགས། སྙིང་པོ་གསུམ་བརྒྱ། ཡུམ་དང་འཁོར་ལྔ་བཅུ་རེ། ཇི་ལྟར་བལྟམས་པ་སོགས། ༀ་ཧྲཱིཿསོགས། སྔོན་འགྲོ་གཏོར་མ་སྔར་ལྟར་བཏང་། ༀ་ཧྲཱིཿསོགས། ༀ་ཙཀྵུ་སོགས། ༀ་ཨཱཿཁཾ་སོགས། མཚུངས་མེད་དཔལ་ལྡན་བླ་མ་སོགས། མཎྜལ་


KMC001_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་རྫོགས། ཐལ་སྦྱར་གྱིས། བདག་ནི་འཁོར་བའི༴ ལན་གསུམ། སངས་རྒྱས་ཀུན་གྱི༴ ལན་གསུམ། དེ་བཞིན་གཤེགས་པ༴ ཁྱེད་རང་རྣམ་སོགས། ཐལ་མོ་སྦྱར། སངས་རྒྱས་བྱང་ཆུབ་སོགས། ལན་གསུམ། ཁྱེད་རང་རྣམས་སོགས། དེའི་སྤྱི་བོ་སོགས། ཐལ་མོའི་བར་རྡོ་རྗེ་བཟུང་། ༀ་སརྦ་ཡོ་ག་སོགས། སུ་ར་ཏེ༡། རྡོ་རྗེ་སྙིང་གར་བཟུང་། རྡོ་རྗེ་སྤྱི་བོར་བཞག །ཁྱོད་ནི་རྣལ་འབྱོར༴ འདི་ནི་ཁྱོད་ཀྱི༴ རྡོ་རྗེ་སྤྱི་བོར་བཞག །དེང་འདི་ནས་ནི༴ རྡོ་རྗེ་འཇོག ། མཎྜལ་ཕུལ། ཁྱེད་རྣམས་བཅོམ་ལྡན༴ ལ།= ཐལ་སྦྱར་གྱིས། ཇོ་བོ་ཐུགས་རྗེ་སོགས། ལན་གསུམ། ཞེས་གསོལ་བ་བཏབ་པ་སོགས། བྱིན་འབེབས་མཆོད་རོལ། མཐར་ཌཱ་དྲིལ་དང་སིལ་སྙན་འཇོག །ལྟོས་ཤིང་རང་གི་སོགས། སྤྱི་བོར་རྒྱ་གྲམ་བཀོད། ཡང་དག་སོགས། བདེ་གཤེགས་སྙིང་པོའི༴ དཀྱིལ་འཁོར་ལ་མེ་ཏོག་དོར། པྲ་ཏི་གྲིཧྞ། མེ་ཏོག་སྤྱི་བོར་བཀོད། སྤྱན་རས་གཟིགས་དབང་༴ རྡོ་རྗེ་སོར། ལག་གཉིས་པད་སྐོར་དང་བཅས་མིག་དར་བསལ་བ། ༀ་ཛྙཱ་ན་སོགས། ལྟོས་ཤིག༴ རྡོ་རྗེ་སོར། བརྩོན་པར་གྱིས། རྡོ་རྗེ་འཇོག །རྡུལ་ཚོན་སོགས། ས་གཞི་སྤོས་ཆུས་སོགས། པདྨ་དབང་གི་ལན་གསུམ། ཁྱེད་རང་རྣམས་སོགས། མདུན་གྱི་ནམ་མཁའ་ཐལ་སྦྱར་རིགས་འགྲེས། སྤྱན་རས་


KMC001_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་དབང་སོགས། ༀ་ཨཱཿ ཧཱུྃ་ཧྲཱིཿསོགས། ཇི་ལྟར་བལྟམས་པ༴ སྔགས་དྲིལ། དེ་ལྟར་རྣམ་པར་སོགས། དེ་ནས་རྡོ་རྗེ། གླེགས་བམ། དབུ་རྒྱན། དྲིལ་བུ། མིང་དབང་མཐར་དྲིལ་འཇོག །ཕྱོགས་བཅུའི་སོགས། རྡོ་རྗེ་བསྟན་ལ། འདི་ནི་སངས་རྒྱས་སོགས། ༀ་ན་མཿསོགས། རྡོ་རྗེ་ལན་གསུམ་ཕྱར། ལན་གསུམ་བསྐོར་ཞིང་སྙིང་གར་གཏུག་ཙམ་ནས་འཇོག །དེ་ལྟར་རྡུལ་ཚོན་སོགས། མཎྜལ། པདྨ་དབང་གི༴ ལན་གསུམ། སློབ་དཔོན་བདག་ཉིད་སོགས། སངས་རྒྱས་རྣམས་ཀྱི་ཐོད་པའི་སོགས། དེ་ལྟར་སོགས། མཎྜལ། པདྨ་དབང་༴ ལན་གསུམ། ཁྱེད་རང་སོགས། གཟུངས་མ་སོགས། དེས་ཀྱང་སོགས། ཨེ་མ་བདག་གི་སོགས། དེ་ནས་ཡབ་ཡུམ་སོགས། སངས་རྒྱས་ཀུན་གྱི་སོགས། གསང་བ་ཡེ་ཤེས་སོགས། ཡིན་ནོ།= མཎྜལ། པདྨ་དབང་གིས་སོགས། མེ་ལོང་ཡོངས་སུ་སོགས། གསུངས་པ་ཡིན་ནོ། །མཎྜལ། གང་གི་བདག་ནི༴ ལན་གསུམ། རྡོ་རྗེ་བླངས་ཏེ། རྡོ་རྗེ་སྟོང་པའི་སོགས། དེ་ནས་རྡོ་རྗེ་སྐབས་བཏེག་ཙམ་བྱ། དྲིལ་བུ་བླངས་བཏེག་ཙམ་ནས། དྲིལ་བུ་སྟོང་པའི་སོགས། དེ་ནས་དྲིིལ་བུ་དཀྲོལ་རྡོ་རྗེ་གསོར། ཁྱེད་རང་བཅོམ་ལྡན་འདས་སོགས། པད་སྐོར་དང་འཁྱུད་རྒྱ། དམ་ཚིག་གོ་ནས་རྡོར་དྲིལ་པང་དུ་འཇོག །


KMC001_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་སོགས། ༀ་སརྦ་རང་རྒྱ། ཤབྡ་དྲིལ། རྡོར་དྲིལ་བཅས་ཐལ་སྦྱར། རྡོ་རྗེ་ཅན་གྱི་སོགས། གསོལ། པང་དུ་འཇོག །རྡོར་དྲིལགསོལ། དབང་བསྐུར་རྡོ་རྗེ་སོགས། ༀ་སརྦ་ཏ་ཐཱ་སོགས། དྲིལ་གསིལ། ཞེས་དབང་སོགས་རྡོར་དྲིལ་བཟུང་། ༀ་སུ་པྲ། དྲིལ། འབྲུ་འཐོར། ༀ་བཛྲ་པུཥྤེ་སོགས། རྡོར་དྲིལ་བཅས་རང་རྒྱ། པྲ་ཏིཙྪ་སྭཱ་ཧཱ། རྡོར་དྲིལ་པང་དུ་འཇོག ཤེས་རབ་བཅུ་དྲུག༴ །དེ་ལས་གཞལ་ཡས་སོགས། རྡོ་རྗེ་དང་ནི་སོགས། རྡོར་དྲིལ་འཛིན་བཞིན་པད་སྐོར་དང་འཁྱུད་རྒྱ་ཐལ་མོ་སྤྱི་བོར། རྡོར་དྲིལ་ཕར་འཇོག །འཇིག་རྟེན་ཁམས་ནི་སོགས། པད་སྐོར་དང་བཅས་རིགས་ལྔའི་ཕྱག་རྒྱ། ཁྱོད་རྣམས་ཀྱི་སོགས་ཐལ་སྦྱར། སྔགས་ཀྱི་དབང་སྐུར་སོགས་ལན་གསུམ། སློབ་དཔོན་གྱི་སོགས། ཕྲེང་བ་འདྲེན་ནས། ཡི་གེ་བཅུ་པ། དྷུ་མ་བཅས་ལན་གསུམ། བཅོམ་ལྡན་བདག་གི༴ ལན་གསུམ་དང་བཅོམ་ལྡན་བཟུང་ལགས་གཉིས་ཀར་ཐལ་སྦྱར། དེང་ཕྱིན་ཆད༴ དེང་ནས་བཟུང་སྟེ༴ དེ་རིང་ངས་ཁྱོད༴ མ་འོངས་པ་རྣམས་སོགས། གཙོ་བོ་ཇི་ལྟར༴ ས་བཞི༴ དེང་ནས༴ ནམ་མཁའ་ལས་བྱུང་སོགས། བཞི་དྲིལ། བདག་གི་འདོད་པ་སྐོང་གྱུར་ཅིག །བར། དེ་ནས་བདག་མདུན་མཆོད་པ་ཁ་གསོ་དགོས། ༀ་ཧྲཱིཿསོགས། མཆོད་པ་བྱིན་རླབས་གོང་ལྟར། ཤབྡ་


KMC001_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རོལ། ཌཱ་དྲིལ་འཇོག །བདག་གཞན་ནམ་མཁའི་སོགས། ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །གུང་སིང་གྲོལ། ཡར་ཚོགས། སྔར་བཞིན་ལས་ལན་གསུམ་རེ་རྣམས་ལན་རེ་བྱ། ༈ ལས་རྡོར་པས་ཕྱག་གསུམ་སྔོན་དུ་འགྲོ་བས། ཚོགས་ཀྱི་ཡོ་བྱད་ལ་སོགས་ཞུ། ཚོགས་བཤམ། ༀ་ཧྲཱིཿསོགས་ཚོགས་ལ་ཆུ་ཆབ་བྲན་སྤོས་བཙུགས་ནང་མཆོད་ལྟར་བྱིན་རླབས། འོ་མའི་རྒྱ་མཚོ་ལྟ་བུར་གྱུར། ན་མོ་ཐབས་དང་ཤེས་རབ་སོགས།[ མཆོད་རོལ་འུར། བཞི་དྲིལ་གྱིས། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་སོགས། བསྒྲུབ་ཏུ་གསོལ། མཆོད་རོལ། ཌཱ་དྲིལ་བཞག་སིལ་སྙན་པང་དུ་ཉར། ཚོགས་ཕུད་གོང་གཏོར་དྲུང་དུ་ཕུལ། བདུད་རྩི་བྲན། ༀ་ཧྲཱིཿསོགས། འོ་མའི་རྒྱ་མཚོ་ལྟ་བུར་གྱུར། མདུན་གྱི་ནམ་མཁའ་སོགས། ན་མོ་རཏྣ་སོགས། ཆོས་སྐུ་སྣང་བ་མཐའ་ཡས་སོགས། མཛད་དུ་གསོལ། སེ་གོལ། འཇིག་རྟེན་དབང་ཕྱུག་སོགས། རས་ཆུང་རྡོ་རྗེ་གྲགས་པ་ལ་སོགས་པའི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱི་ཞལ་དུ་འབུལ་ལོ་བྱིན་གྱིས་རློབ་པར་མཛད་དུ་གསོལ། སེ་གོལ། ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། ཨི་དཾ་སོགས། ༀ་བཛྲ་ཝཱ་རཱ་ཧཱི་བུདྡྷ་སོགས། ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ༴ ༀ་དྷུ་མ་ག་ཡེ་སོགས། ཧཱུྃ་ཛཿ ཨི་


KMC001_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

དཾ༴ བཅོམ་ལྡན་འདས་སོགས། ༀ་མ་ཧཱ་ཀ་ལ་སོགས། ཨི་དམ༴ དཔལ་ཡེ་ཤེས་གྱི་སོགས། བར་ཆད་མི་མཐུན་པའི་ཕྱོགས་རྣམས་བསལ་དུ་གསོལ། མཆོད་རོལ། ལས་རྡོར་གྱིས་ཚོགས་བཏེགས། གཟིགས་ཤིག་མཛེས་ལྡན༴ གྱེར། བདེ་བར་སོགས། ཞབས་བརྟན་རྣམས་གསུང་། ལྷག་མ་བསྡུ་ཞིང་བདུད་རྩི་བྲན་ལ། ལས་རྡོར་བས་ཕྱག་གསུམ་ཕུལ། ལྷག་མའི་གཏོར་མ་ལ་སོགས་ཞུ། ཕུད་དང་ལྷག་མའི་སོགས། ཏྲེ་པཾ།= བཞི་དྲིལ་གྱི། ཧཱུྃ། གཞན་ཡང་ལས་ཀྱི་སོགས། མེལ་ཚེ་མཛོད། མཆོད་རོལ། ༀ་སརྦ་སོགས། ལྷག་མ་གཙང་སར་སྐྱལ། དེ་ནས་རྗེས་ཆོག་མཆོད་པ་ཁ་གསོ། ལས་རྡོར་དང་སློབ་དཔོན་གྱིས་སོ་སོར་བདུད་རྩི་བྲན། ༀ་ཧྲཱི་སོགས། སྭ་བྷ་ཝས་སྦྱངས། སྟོང་པར་གྱུར་སོགས། ཤབྡ་ཨཱ་ཧཱུྃ་སྭཱ་ཧཱ། མཆོད་རོལ། ༀ་མཆོད་ཡོན་བདུག་སྤོས་སོགས། ཤབྡ་མཆོད་རོལ། བཞི་དྲིལ་གྱིས། ཧྲཱིཿཐུགས་རྗེ་ཆེན་པོ་སོགས། སྩལ་དུ་གསོལ།= ས་ཁམས་རང་བཞིན༴ ཕྱག་འཚལ་བསྟོད། མཆོད་རོལ། རྡོར་དྲིལ་འཛིན་པས་ཐལ་སྦྱར་གྱིས། བཅོམ་ལྡན་འདས་འཇིག་རྟེན་སོགས། དྲིལ་གསིལ་ཡིག་བརྒྱ་ལན་གསུམ། མ་འབྱོར་བ་དང་༴ གང་ཡང་བདག་བློ༴ དཀོན་མཆོག་རིན་ཆེན་སོགས། ཀུན་ཀྱང་སངས་རྒྱས་ཐོབ་པར་


KMC001_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །རྡོ་རྗེ་སྙིང་གར་བཟུང་སྟེ། རང་གི་ཐུགས་ཀའི་སོགས།= སླར་རང་ཉིད་སོགས། བཀའ་བརྒྱུད་བླ་མའི་སོགས། བཞི་དྲིལ།= ཆོས་དབྱིངས་ལྷུན་གྱིས་སོགས། འཛམ་གླིང་འཇིག་རྟེན་བཀྲིས་ཤོག །འཕགས་གདངས་རིང་བས་བཀྲ་ཤིས་གང་འོས་གསུམ་མཐར་མཆོད་རོལ་འུར། ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་སོགས། བསྟན་རྒྱས་སྨོན་ལམ་བཅས་མཐའ་བརྟན་རྒྱུན་ལྟར་རོ། ༈ །བདག་འཇུག་སྐབས་མདུན་བསྐྱེད་བསྙེན་པའི་ནང་དབང་རྫས་འགྱེད། གོ་རིམ་བདེ་མཆོག་ཏུ་ལྟར་མཚུངས། མཐར་རྒྱ་གླིང་གཏང་དབང་རྫས་བཞེས། ཇི་ལྟར་བལྟམས་པ་སོགས། ལས་རྡོར་པས་ལས་བུམ་སློབ་དཔོན་ལ་ཕུལ། གྲལ་ཀུན་ལ་འགྱེད། སྔོན་འགྲོ་དང་། ༀ་ཧྲཱིཿསོགས། མིག་དར་ཀུན་བསངས། ཙཀྵུརྦན་དྷ། མིག་དར་བཅིངས། དེའི་སྤྱི་བོར་སྐབས་གཡོན་དྲིལ་བུ་བཟུངསྟེ་ནང་མཆོད་ནས་ཐེབ་སྲིན་གྱིས་བདུད་རྩི་གནས་གསུམ་ལ་རེག །ༀ་ཛྙཱ་ན་ཙཀྵུ་སྐབས་མིག་དར་དང་དཀྱིལ་འཁོར་གྱི་ཡོལ་བ་དུས་གཅིག་ཏུ་བསལ། ༀ་བུདྡྷ་ཨ་བྷི་སྤྱི་བོར་བཞག །ཇི་ལྟར༴ མགོ་བོར་བཞག་བུམ་ཆུ་བཞེས། རྣམ་བུམ་དཀྱིལ་འཁོར་དུ་གདན་དྲངས་དགོས། རྡོ་རྗེ་ལག་གཡས་ཀྱིས་ལེན། ༀ་བཛྲ༴ ལན་གཅིག་བསྐོར་ཏེ་སྙིང་གར་གཏུག །ༀ་པདྨ་༴ གླེགས་བམ་མགྲིན་པར་གཏུག ༀ་རཏྣ༴ དབུ་རྒྱན་བཅིངས། དབང་དྲིལ་གཡོན་གྱིས་ལེན། ༀ་ཀརྨ་སོགས་དཀྲོལ་མཐར་དཀུར་བརྟེན་


KMC001_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། མིང་དྲིལ་ལག་གཡས་ཀྱིས་ལེན། ཀྱེ་དཔལ༴ སྤྱི་བོར་དཀྲོལ། འདི་ནི་སངས་རྒྱས་སོགས་སྔར་ལྟར། སངས་རྒྱས་རྣམས་ཀྱི༴ གསང་ཐོད་ཕུལ། མགྲིན་པར་གཏུག །ལག་གཡོན་གྱིས་སྒྲོན་ཐུར་གྱིས་བླུགས་ནས་འཐུང་། གྲལ་ཀུན་ལ་འགྱེད། གཟུངས་མ་ཡིད་འོང་༴ རིག་མའི་ཙཀླི་ཕུལ། སངས་རྒྱས་ཀུན་གྱི༴ མེ་ལོང་ཕུལ། མེ་ལོང་ལྟེ་བར་གཏུག་ཙམ་ལག་གཡོན་གྱིས་སིནྦྷཱུ་ར་སྙིང་གར་བྱུགས། མེ་ལོང་དཀྱིལ་འཁོར་དུ་དབུས་སུ་བཞག །མེ་ལོང་ཡོངས་སུ་དག་པ༴ རྡོ་རྗེ་འཆང་གི་སྐུ་ཙཀ་དང་མེ་ལོང་ཕུལ། བྱའོ་ནས་ཕར་སྤྲད་སྔར་ལྟར་དང་། ༀ་སརྦ་ཏ་ཐཱ་སྐབས་གྲལ་མདོ་ནས་ལས་རྡོར་པས་མཆོད་ཕྲེང་བཏེགས། ཞེས་གསོལ་བ་བཏབ་པ་སྐབས་ལས་རྡོར་གྱིས་རྣམ་བུམ་གདན། དབང་སྐུར་རྡོ་རྗེ་སོགས། ༀ་སརྦ༴ བུམ་པ་སྤྱི་བོར་བཞག་བུམ་ཆུ་བཞེས། གཞན་ལ་འགྱེད། ༀ་བཛྲ་པུཥྤེ༴ མཆོད་ཕྲེང་བཏེགས། འཇིག་རྟེན་ཁམས་ནི་སྐབས་ལས་རྡོར་པས་རིགས་ལྔའི་ཕྱག་མཚན་ཕུལ། སློབ་དཔོན་གྱིས་ལག་གཡས་ཕྱག་མཚན་དང་ཕྱག་རྒྱ་བཅས། པདྨའི་འཁོར་ལོ་སྐབས་ལས་རྡོར་པས་སིནྡཱུ་རའི་མེ་ལོང་གདན། ཁྱོད་རྣམས་ཀྱིས་སྐབས་སྤྱི་བོར་སིནྡཱུ་རའི་ཐིག་ལེ་བྱས། སློབ་དཔོན་མདུན་བཞག །སྔགས་ཀྱི་དབང་བསྐུར་གསུང་སྐབས་སྔགས་ཕྲེང་གདན། ཡིག་བཅུ་ལན་གསུམ་ལ་སྔགས་ཕྲེང་བགྲང་། དེང་ཕྱིན་ཆད་སྐབས་སིནྡཱུ་ར་མགྲིན་པར་བྱུག །


KMC001_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དེང་ནས་བཟུང་སྟེ་སྐབས་སིནྡཱུ་ར་སྙིང་གར་བྱུག །མཐར་གྲལ་ཀུན་ལ་ལས་རྡོར་གྱིས ་ཕུལ། ཀུན་གྱི་སྲིན་མཛུབ་ཀྱིས་སྨིན་མཚམས་སུ་བྱུག །གཙོ་བོ་ཇི་ལྟར་སྐབས་དབང་རྫས་བསྡུ། ཚོགས་གོང་བསལ་ལྟར། རྗེས་ཆོག་མཆོད་པ་ཁ་གསོ། བྱིན་རླབས། ཤབྡ་མཆོད་རོལ། རྒྱལ་བའི་སྐུ་སོགས། ཤབྡ་མཆོད་རོལ་མཆོད་པ་རྣམ་བསྡུ། བཞི་དྲིལ། ཧྲཱིཿ ཐུགས་རྗེ་ཆེན་པོ་སོགས། སློབ་དཔོན་ལ་ཆབ་ཕུལ། ས་ཁམས་རང་བཞིན་གྱེར། མཆོད་རོལ། སློབ་དཔོན་དཀྱིལ་འཁོར་དྲུང་བྱོན། ཐལ་མོ་སྦྱར་བས། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སོགས། ཡིག་བརྒྱ་བརྗོད་ཚེ་དཀྱིལ་འཁོར་ལ་བསྐོར་བ་གསུམ་བྱ། ཤར་སྒོའི་ཐད་བསྒྲེངས་ཏེ་ཐལ་སྦྱར། མ་འབྱོར་པ་དང་སོགས། དཀོན་མཆོག་རིན་ཆེན་སོགས། ཀུན་ཀྱང་ཐོབ་པར་ཤོག ༀ་ཁྱེད་ཀྱི་སོགས། ཡི་གེ་བཅུ་པའི་འཇུག་ཏུ། བཛྲ་མུ། ༀ་ཨཱཿ ཧཱུྃ་དམ་ཚིག་པ་རྣམས་སོགས། རང་གི་ཐུགས་ཀའི་སོགས། སླར་རང་ཉིད་ཞལ་གཅིག་སོགས། ཆོས་དབྱིངས་བྱང་ཆུབ་སོགས། འགྲུབ་པར་ཤོག ༀ་ཨ་ཀ་རོ་མུ་ཁཾ་སོགས། སིལ་སྙན་ཐང་ཐང་ལེན་གཡས་རྡོ་རྗེའི་རྩེ་མོས་ཤར་སྒོ་ནས་བཟུང་སྟེ། ཚངས་ཐིག་གི་སྟེང་ནས་གཙོ་བོའི་གནས་ཀྱི་བར་གཤག །ཕྱོགས་གསུམ་པོ་ཡང་གཤག་ཚུལ་ལྟར་གྱིས་རྡུལ་ཚོན་བསྡུ། བུམ་པར་བླུགས། བུམ་ཆིངས་བསྡམས་ཏེ་ཐིག་རི་རྣམས་མི་


KMC001_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་དབྱིའོ། །མཐར་སློབ་དཔོན་གྲལ་དུ་བཞུགས་མཆོད་རོལ་བཅད། ཧཱུྃ། བཀའ་བརྒྱུད་བླ་མའི་སོགས། ཆོས་དབྱིངས་ལྷུན་གྱིས་སོགས། ཕག་གཞུང་གདངས་རིང་བས་བཀྲ་ཤིས། མི་འགྱུར་ལྷུན་པོ༴ བསོད་ནམས་རི་བོ༴ ཚངས་དང་ལྷ་དབང་༴ གནས་སྐབས་སུ་ཡང་༴ སྟོན་པ་འཇིག་རྟེན༴ མཆོད་རོལ་འུར། བདག་གི་དུས་གསུམ༴ སྒར་ཆེན་བཀྲིས། བདེན་གྲུབ་མ། བཀྲིས་དཔལ་འབར་འཛམ་གླིང་རྒྱན་བཅས། ༈ རྡུལ་ཚོན་ཆུ་གཤེགས་གྱི་གསེར་ཕྲེང་ལ། ཐོག་མར་སྤོས་སྣ། མཁར་རྔ། སྐྱ་དར་ཆ། རྒྱ་གླིང་། དུང་དཀར། འཕན་གཉིས། ཕྱེ་འཕུར་གཉིས། རྒྱལ་མཚན་གཉིས། རྔ་པ་སྔོན་མ་གྲངས་ལྔ། དབུ་མཛད་གཉིས། རྔ་པ་རྗེས་མ་གྲངས་ལྔ། དཔེ་ཁྱེར་བརྒྱད་ཀྱིས་ཌཱ་དྲིལ་ཁྲོབ་དཀྲོལ་བྱ། ཆོས་ཁྲིམས། མཆོད་གཏོར་ཁྱེར་མི་གཉིས་ལ། གཅིག་གིས་ཀླུ་སྨན་བཏབ་པའི་དཀར་ཟླུམ་ཆེ་བ་གཅིག་ལ་རྒྱན་ཉིས་རྒྱན་རྭ་འཇུག་ཅན་རྩེ་ཉི་ཟླ་ནོར་བུས་མཚན་པ། མཐར་བསྐོར་དུ་འཁོར་རང་འདྲ་བརྒྱད་ལ་རྒྱན་ཉིས་རྒྱན་ཅན། སྟེགས་གྲུ་བཞི་ཆུང་ངུའི་སྟེང་རྡུལ་ཚོན་དཀར་པོས་པདྨ་འདབ་བརྒྱད་བྲིས། དབུས་གྱི་ལྟེ་བར་ཕུ་དང་འདབ་མ་བརྒྱད་ལ་ཕུ་རེ་བྲིས་པའི་སྟེགསཀྱི་ཟུར་ཞིག་ཏུ་ཀླུ་གཏོར་བཞག །གཅིག་གིས་མཆོད་འཕྲེང་གཞུང་ལྟར་བསྒྲིགས་པའི་སྟེགས་འཁྱེར། ལས་རྡོར་པས་འཐོར་ནས་དང་ཆུ་སྣོད་འཁྱེར། སྤོས་ཕོར་གཉིས་ཕྲག་འགེལ་རྩེ་ཞྭ། སློབ་དཔོན་གྱིས་རྡུལ་


KMC001_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཚོན་བུམ་པ་གདན་རྡོར་དྲིལ་ཀྱང་བཟུང། དབུ་གདུག་བཅས་ཞྭ་ཆོས་ཁོ་ན་བཞེས། བཀུར་སྟི་དང་བཅས་རྒྱ་མཚོར་འབབ་པའི་ཆུ་བོ་འམ། མཚོ་དང་ཆུ་མིག་སོགས་སྐམ་པར་མི་འགྱུར་བར་རྒྱུན་དུ་གནས་པའི་ཆུ་འགྲམ་དུ་སླེབ་དུས་ཆུའི་སྟེང་། རྡུལ་ཚོན་དཀྱིལ་འཁོར་བཞག་པའི་དབུས་བུམ་པ་བཞག ། རྒྱབ་ཏུ་ཀླུ་གཏོར་མཐར་མཆོད་འཕྲེང་གིས་བསྐོར། ༀ་ཧྲཱི་སོགས། སྭ་བྷ་ཝས་སྦྱངས། སྟོང་པར་གྱུར་སོགས་གཞུང་ལྟར། ཤབྡ་མཆོད་རོལ། རྡུ་མི་ཀཱ་ཡ་སྭ་ཧྭ། ༀ་ཧྲཱི་སོགས་ནས། ༀ་བཛྲ་པུཥྤེ་པྲ་ཏཱིཙྪཱ་སཱ་ཧཱ། ཤབྡ་མཆོད་རོལ། ༀ་ཨ་ཀཱ་རོ་སོགས་ལན་གསུམ། གཏོར་མ་དངས་ཤིང་སོགས། ༀ་ཨ་ནན་ཏ་སོགས། ཕྲུཾ་ཕྲུཿསྭ་ཧཱ། ལན་གསུམ། ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཤབྡ་མཆོད་རོལ། སེམས་ཅན་རྣམས་སོགས། གྱིས་ཤིག །ཡིག་ཆུང་ལྟར་གཟིགས་དེ་བཞིའོ།། ༀ་ཨཱཿཧཱུྃ་བཛྲ་མུ། མཆོད་རོལ། ཆོས་དབྱིངས་ལྷུན་གྱིས་གྲུབ་པ་ལ་སོགས། སྟོན་པ་འཇིག་རྟེན་སོགས། མཆོད་རོལ་མཐར་རྒྱ་གླིང་རྐྱང་པ་བཏང་། ལག་རྔ་རྣམས་ཕྲག་འཕེན་བྱས་གསེར་འཕྲེང་གོ་རིམ་སྔར་བཞིན་བྱོན།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་


KMC001_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousདཔལ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོའི་དཀྱིལ་ཆོག་གི་མཆོད་གཞིའི་བཅའ་སྒྲིགས་འདོན་ཟིན་ཕྱག་ལེན་རྣམས་ཞིབ་བཀོད་དང་སྦྱིན་སྲེག་གི་འདོན་ཟིན་ཕྱག་ལེན་ཁ་གསལ་གདངས་དབྱངས་འཐེན་གྲངས་རྡུལ་ཚོན་ཆུ་གཤེགས་གསེར་ཕྲེང་བཅས།next