Nitartha Digital Library
Tibetan
 
previousཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།next

ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།


KMC002_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་བཅུ་གོ་དགུ་འབུམ་སྡེ་ཡི། །གསུང་རབ་རྣམས་ལ་གཟུང་སྤོབས་ཅན། །མཁས་མཆོག་དབྱིག་གཉེན༴ རྨད་བྱུང་སྤོབས་པའི་ཚིག་གཅིག་གིས། །ས་ཆེན་རྣམ་པ་དྲུག་གཡོས་ནས། །རྒོལ་ངན་སྤོབས་པ་རྒྱུན་བཅད་པ། །ཕྱོགས་ཀྱི་གླང་པོའི་ཞབས་ལ་འདུད། །ཕྱོགས་ལས་རྣམ་པར་རྒྱལ་བ་ཡི། །འོད་ཀྱིས་འཛམ་གླིང་གང་བ་དང་། །མཉམ་དུ་གྲགས་པའི་པད་དཀར་བྱེ། །ཆོས་ཀྱི་གྲགས་པའི་ཞབས་ལ་འདུད། །ལུགས་བཟང་གསེར་གྱི་རི་བོ་ལ། །ཐུབ་པའི་བརྟུལ་ཞུགས་ཉི་མ་ཤར། །ངུར་སྨྲིག་འཛིན་པའི་པད་ཚལ་རྒྱས། །ཡོན་ཏན་འོད་ཀྱི་ཞབས་ལ་འདུད། །ལེགས་པར་གསུང་པའི་ནམ་མཁའ་ལ། །བློ་གྲོས་ཟླ་བ་ཤར་བ་ཡིས། །གདུལ་བྱའི་ཀུ་མུད་འཛུམ་བྱེད་པ། །ཤཱཀྱ་འོད་ཀྱི་ཞབས་ལ་ཞབས་ལ་འདུད། །རྒྱན་དྲུག་ལེགས་བཤད་བདུད་རྩིའི་རྒྱུན། །གང་གི་མགྲིན་པར་ལེགས་བཟུང་ནས། །གངས་ཅན་དབུལ་བ་སེལ་མཛད་པ། །


KMC002_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

དྭགས་པོ་ལྷ་རྗེའི་ཞབས་ལ་འདུད། །དེ་ལས་བརྒྱུད་པའི་བཤད་བསྒྲུབ་ཀྱི། །ངེས་དོན་ས་ཆེན་གསུམ་བཟུང་ནས། །ལོག་ཕྱོགས་ལྷ་མིན་ཕམ་མཛད་པའི། །རང་བྱུང་རྡོ་རྗེའི་ཞབས་ལ་འདུད། །བསྐལ་པ་དུ་མར་ལེགས་སྦྱངས་པས། །ལྷག་པའི་ལྷ་ཡིས་རྗེས་བཟུང་ཞིང་། །མདོ་རྒྱུད་ཀུན་གྱི་དགོངས་དོན་གཟིགས། །འཇམ་དབྱངས་ཆེན་པོའི་ཞབས་ལ་འདུད། །མ་འོངས་སངས་རྒྱས་དྲུག་པའི་མཚན། །ངོ་མཚར་སྤྲུལ་པ་བགྲང་ཡས་ཀྱིས། །ཐུབ་བསྟན་རྒྱས་མཛད་ཀརྨ་པ། །ཆོས་གྲགས་རྒྱ་མཚོའི་ཞབས་ལ་འདུད། །དེ་ལྟར་ཐུབ་པའི་རིང་ལུགས་པ། །འཛམ་གླིང་རྒྱན་དྲུག་མཆོག་གཉིས་དང་། །གངས་ཅན་བསྟན་པའི་རྒྱན་བཞི་ལ། །གུས་པས་གསོལ་བ་བཏབ་པའི་མཐུས། །བདག་ནི་སྐྱེ་བ་ཐམས་ཅད་དུ། །ཐུབ་བསྟན་མཛེས་པའི་རྒྱན་གྱུར་ཏེ། །བསླབ་སྦྱངས་ཡོན་ཏན་ཀུན་ལྡན་པའི། །མཆོག་ཏུ་གྱུར་པ་ཐོབ་པར་ཤོག །འཛམ་གླིང་གསལ་བྱེད་རྒྱན་དྲུག་


KMC002_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་གྲགས་དྲུག །ཁྱད་པར་རྒྱལ་བས་ཡང་ཡང་ལུང་བསྟན་པའི། །ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཐོགས་མེད་ནས། །བརྒྱུད་པའི་གསུང་རབ་ཆུ་བོ་ཀུན་འདུས་ཏེ། །གཅིག་ཏུ་འབབ་པ་བཀའ་བརྒྱུད་ཅེས་གྲགས་པ། །སྐྱེ་དགུའི་མགོན་དུ་གྱུར་པ་ཐམས་ཅད་ལ། །ལུས་ངག་ཡིད་གསུམ་རྟག་ཏུ་གུས་ཕྱག་འཚལ། །ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་གྱུར་ཅིག །ཕྱོགས་བཅུའི་ཞིང་དུ་དུས་གསུམ་སངས་རྒྱས་ཀྱི། །ཕྲིན་ལས་མ་ལུས་སྒྲུབ་པའི་ཀརྨ་པ། །ཆོས་གྲགས་རྒྱ་མཚོ་ཞེས་བྱར་གྲགས་དེ་ཡི། །དེང་འདིར་བཀྲ་ཤིས་བདེ་ལེགས་འབྱུང་གྱུར་ཅིག །།དེ་ནས་བྱང་སྡོམ་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས་པ་ནི། སྟོན་པ་མཚུངས་མེད་བཅོམ་ལྡན་ཤཱཀྱ་ཐུབ། །རྒྱལ་ཚབ་དམ་པ་འཕགས་པ་ཐོགས་མེད་སྐྱོབ། །མཁས་པའི་གཙུག་རྒྱན་དབྱིག་གཉེན་རྣམ་གྲོལ་སྡེ། །དད་པའི་སར་གནས་གྲོལ་སྡེ་མཆོག་གི་སྡེ། །གསོལ་བ་འདེབས་སོ༴ མཁས་མཆོག་འདུལ་བའི་སྡེ་དང་རྣམ་


KMC002_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་མཛད། །བྱམས་པ་མགོན་པོས་རྗེས་བཟུང་སེང་གེ་བཟང་། །ཀུ་སུ་ལུ་གཉིས་བྱང་སེམས་གསེར་གླིང་པ། །རྒྱ་ཆེན་སྤྱོད་པའི་ཤིང་རྟ་ཆེ་རྣམས་ལ། །གསོལ་བ་འདེབས་སོ༴ རྒྱལ་སྲས་ཐུ་བོ་འཇམ་དབྱངས་དཔལ་ལྡན་མཚན། །འཕགས་པ་ལྷ་དང་དཔལ་ལྡན་ཟླ་བ་གྲགས། །རིག་པའི་ཁུ་བྱུག་གཉིས་ལ་སོགས་པ་ཡི། །ཐེག་ཆེན་ལམ་སྲོལ་གཉིས་འཛིན་མར་མེ་མཛད། །གསོལ་བ་འདེབས་སོ༴ བཤེས་གཉེན་ཆེན་པོ་སྟོན་པ་ཚུལ་ཁྲིམས་འབར། །དེ་སྲས་བྱ་ཡུལ་བ་དང་ཡེ་ཤེས་འབར། །ལྕགས་རི་བ་དང་སྣེ་ཟུར་པ་ལ་སོགས། །དགེ་བའི་བཤེས་གཉེན་ཆེན་པོ་དུ་མ་ལ། །གསོལ་བ་འདེབས་སོ༴ ཤིང་རྟ་གཉིས་ཀྱི་ལམ་སྲོལ་ལས་བྱུང་བའི། །གསུང་རབ་ཆུ་བོ་ཀུན་གྱི་འཇུག་པའི་ངོགས། །བདག་ཉིད་ཆེན་པོ་ཟླ་འོད་གཞོན་ནུ་དང་། །རྒྱལ་བའི་ཕྲིན་ལས་མངའ་བདག་དུས་གསུམ་མཁྱེན། །གསོལ་བ་འདེབས་སོ༴ འགྲོ་མགོན་རས་ཆེན་རྒྱལ་སྲས་སྤོམ་


KMC002_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་པ། །ཀརྨ་པ་དང་གྲུབ་ཆེན་དགེ་འདུན་འབུམ། །རང་བྱུང་རྡོ་རྗེ་རྒྱལ་བ་གཡུང་སྟོན་པ། །མགོན་པོ་རྒྱལ་མཚན་འཛམ་གླིང་ཆོས་ཀྱི་གྲགས། །གསོལ་བ་འདེབས་སོ༴ མཁའ་སྤྱོད་དབང་པོ་ཆོས་རྗེ་དེ་བཞིན་གཤེགས། །ཆོས་དཔལ་ཡེ་ཤེས་མཐོང་བ་དོན་ལྡན་ཞབས། །མཁྱེན་རབ་ཐུགས་རྗེའི་བདག་ཉིད་འཇམ་དཔལ་བཟང་། །དཔལ་འབྱོར་དོན་གྲུབ་ཆོས་གྲགས་རྒྱ་མཚོ་ལ། །གསོལ་བ་འདེབས་སོ༴ ལྷན་སྐྱེས་ཡེ་ཤེས་འོད་གསལ་བདེ་བའི་སྐུ། །གྲུབ་པའི་དབང་པོ་བཀྲ་ཤིས་དཔལ་འབྱོར་དང་། །འཇིགས་མེད་ཆོས་ཚུལ་རྒྱ་མཚོའི་གཏིང་དཔོག་ནས། །རྒྱ་ཆེན་མཁྱེན་པའི་སྤྱན་ལྡན་དབྱངས་ཅན་བཟང་། །གསོལ་བ་འདེབས་སོ༴ ཟབ་དང་རྒྱ་ཆེའི་སྐུ་མངའ་དཀོན་མཆོག་འབངས། །རྒྱལ་ཀུན་ངོ་བོ་དབང་ཕྱུག་རྡོ་རྗེའི་ཞབས། །སྨྲ་བའི་ཉི་མ་ཆོས་ཀྱི་དབང་ཕྱུག་དང་། །བསྟན་པའི་མངའ་བདག་ཆོས་དབྱིངས་རྡོ་རྗེ་ལ། །


KMC002_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས་སོ༴ བྱིན་རླབས་འབྱུང་གནས་ཡེ་ཤེས་སྙིང་པོ་དང་། །གདུལ་བཀའ་འདུལ་མཛད་ཡེ་ཤེས་རྡོ་རྗེའི་ཞབས། །གཟིགས་པ་ཟླ་མེད་ཆོས་ཀྱི་དོན་གྲུབ་དང་། །ཐུགས་རྗེའི་བདག་ཉིད་བྱང་ཆུབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ༴ ཐམས་ཅད་མཁྱེན་པ་ཆོས་ཀྱི་འབྱུང་གནས་དང་། །རྒྱལ་དང་རྒྱལ་བའི་མི་ཟད་རྒྱན་འཁོར་ལྔ། །གཅིག་གྱུར་རྗེ་བཙུན་བདུད་འདུལ་རྡོ་རྗེའི་ཞབས། །གར་གྱི་དབང་པོ་ཆོས་གྲུབ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ༴ གྲོལ་བ་བཞི་ལྡན་མཚུངས་མེད་ཆོས་ཀྱི་རྗེ། །བྱམས་མགོན་དངོས་སྣང་པདྨ་ཉིན་བྱེད་ཞབས། །ཐུགས་རྗེ་ཆེན་པོས་མཁའ་ཁྱབ་གདུལ་བྱ་འདུལ། །འཇིག་རྟེན་དབང་ཕྱུག་ཐེག་མཆོག་རྡོ་རྗེ་ལ། །གསོལ་བ་འདེབས་སོ༴ འགྲོ་བའི་སྐྱབས་གཅིག་ས་བཅུའི་སེམས་དཔའ་ཆེ། །མཁྱེན་བརྩེའི་དཔལ་ལྡན་བློ་གྲོས་མཐའ་ཡས་ཞབས། །ཐབ་མཁས་འགྲོ་འདུལ་ཐུགས་རྗེའི་གཏེར་ཆེན་པོ། །སངས་རྒྱས་དངོས་


KMC002_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་མཁའ་ཁྱབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ༴ འགྲོ་བ་སྐྱེ་རྒུའི་དཔུང་གཉེན་སེམས་དཔའ་ཆེ། །ཉི་མའི་གཉེན་གྱི་རྒྱལ་ཚབ་མི་ཕམ་མགོན། །ཐུགས་རྗེ་ཚད་མེད་ཉོན་མོངས་གཡུལ་འཇོམས་པ། །བྱམས་ཆེན་དངོས་སྣང་པདྨ་དབང་མཆོག་རྒྱལ། །ཚད་མེད་སྙིང་རྗེའི་གཏེར་ཆེན་འགྲོ་བའི་མགོན། །སྤྱན་རས་གཟིགས་དབང་རིག་པའི་རྡོ་རྗེ་ལ། །གསོལ་བ་འདེབས་སོ༴ གྲངས་མེད་གོང་ནས་མངོན་པར་སངས་རྒྱས་ཏེ། །མ་དག་གདུལ་བྱའི་སྣང་ངོར་སྤྲུལ་པའི་སྐུ། །གང་ལ་གང་འདུལ་ཚུལ་གྱིས་སྟོན་མཛད་པ། །ཡབ་སྲས་བརྒྱུད་པར་བཅས་པ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབ་ཏུ་གསོལ། །ཐུབ་དབང་མ་དྲོས་ལས་བྱུང་གསུང་རབ་ཀྱི། །ཆུ་བོ་དགེ་ལེགས་པད་ཚལ་སྐྱེད་བྱེད་པ། །གང་ལ་བརྒྱུད་པའི་རིམ་པ་ཐམས་ཅད་ལ། །དེ་ལྟར་གསོལ་བ་བཏབ་པའི་བྱིན་བརླབས་ཀྱི། །མི་བཟད་ངན་འགྲོའི་སྡུག་བསྔལ་


KMC002_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་རུང་གིས། །ཤིན་ཏུ་སྡངས་ཏེ་མཐོ་རིས་བསྟེན་སླད་དུ། །སྲོག་ལ་བབ་ཀྱང་ཉེས་པ་མི་སྤྱོད་ཅིང་། །སྔར་བསགས་ལས་རྣམས་བྱང་བར་བྱིན་གྱིས་རློབས། །རབ་དཀར་དགེ་བའི་ཚོགས་རྣམས་བསྒྲུབ་བརྩོན་ཏེ། །དལ་བ་བརྒྱད་དང་འབྱོར་པ་བཅུ་ལྡན་པའི། །མི་ཡི་རྟེན་མཆོག་ཚེ་རབས་ཀུན་ཏུ་ཡང་། །ཡང་ནས་ཡང་དུ་ཐོབ་པར་བྱིན་གྱིས་རློབས། །སྡུག་བསྔལ་མེ་ལྕེའི་ཕྲེང་བས་བསྐོར་བའི་འོབས། །སྲིད་པའི་བཙོན་ར་ཐར་བར་དཀའ་བ་ལས། །ཐར་བར་འདོད་པའི་དྲི་མེད་བསླབ་པ་གསུམ། །དོན་གཉེར་ཆེན་པོ་སྐྱེ་བར་བྱིན་གྱིས་རློབས། །གང་ཞིག་ཞི་བ་དམན་པ་དོན་གཉེར་བ། །དེ་དག་ཉེར་ཞི་གཉིས་ལ་ངལ་བསོས་ནས། །རིམ་གྱིས་བྱང་ཆུབ་མཆོག་ལ་འཇུག་པ་ཡི། །སྙིང་སྟོབས་ཆེན་པོ་སྐྱེ་བར་བྱིན་བྱིན་གྱིས་རློབས། །ཐེག་མཆོག་རིགས་ཀྱི་ནུས་པ་མི་དམན་པས། །དེ་དག་རྣམས་ཀྱི་སྡུག་བསྔལ་མེ་འབར་བའི། །འགྲོ་ལ་སྙིང་


KMC002_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེས་བྱང་ཆུབ་སེམས་བསྐྱེད་ནས། །གང་དེ་ཉམས་པ་མེད་པར་བྱིན་གྱིས་རློབས། །བྱང་ཆུབ་སེམས་བསྐྱེད་གྱུར་ནས་འགྲོ་རྣམས་ཀྱི། །དོན་རྣམས་བསྒྲུབ་སླད་རྨད་བྱུང་བྱང་ཆུབ་སྤྱོད། །ཕྱོགས་བཅུའི་ཞིང་དུ་དུས་རྣམས་ཀུན་ཏུ་ཡང་། །སེམས་ཅན་རྣམས་ལ་རྒྱ་ཆེར་སྟོན་གྱུར་ཅིག །ཟབ་དང་རྒྱ་ཆེའི་ལམ་གཉིས་རབ་བགྲོད་ནས། །སྒྲིབ་གཉིས་བྲལ་བའི་ཡེ་ཤེས་བླ་མེད་ཀྱིས། །གང་ལ་གང་འདུལ་དེ་ལ་མ་ནོར་ལམ། །གསལ་བྱེད་འཇིག་རྟེན་སྒྲོན་མ་ཉིད་གྱུར་ཅིག །ཅེས་རྗེ་ཟླ་འོད་གཞོན་ནུ་ལ་བཀའ་བབས་པའི་ཤིང་རྟ་གཉིས་ཀྱི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་འདི་ནི་རང་བྱུང་མཚོ་སྐྱེས་རྡོ་རྗེས་མཛད་པའོ།། །།དེ་ནས་སོ་ཐར་སྡོམ་རྒྱུན་གྱི་གསོལ་འདེབས་ནི། ཟླ་བྲལ་ཐུབ་དབང་གནས་བརྟན་ཤཱ་རིའི་བུ། །སྒྲ་གཅན་ཟིན་གཉིས་འཕགས་མཆོག་ཀླུ་སྒྲུབ་ཞབས། །གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས། །སྡོམ་པའི་ཚུལ་ཁྲིམས་ཉམས་མེད་དངོས་གྲུབ་སྩོལ། །ཡོན་ཏན་བློ་གྲོས་


KMC002_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་བཤེས་གཉེན་དང་། །ཆོས་ཀྱི་བཟང་པོ་ཡོན་ཏན་རྒྱ་མཚོའི་ཞབས། །གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས། །སྡོམ་པའི་ཚུལ་ཁྲིམས་ཉམས་མེད་དངོས་གྲུབ་སྩོལ། །ཆོས་ཀྱི་ཕྲེང་བ་བློ་གྲོས་འབྱུང་གནས་སྦས། །ས་སྟེང་འགྲན་ཟླ་བྲལ་བ་ཤཱཀྱ་ཤྲཱི། །གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས། །སྡོམ་པའི་ཚུལ་ཁྲིམས་ཉམས་མེད་དངོས་གྲུབ་སྩོལ། །བྱང་ཆུབ་དཔལ་བ་དབང་ཕྱུག་གྲགས་པ་དང་། །གཞོན་ནུ་བྱང་ཆུབ་གནས་བརྟན་ཡོན་རྒྱལ་ཞབས། །གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས། །སྡོམ་པའི་ཚུལ་ཁྲིམས་ཉམས་མེད་དངོས་གྲུབ་སྩོལ། །ཡོན་ཏན་བློ་གྲོས་འདུལ་འཛིན་སེང་གེ་དཔལ། །རབ་འབྱོར་སེང་གེ་ཆོས་གྲུབ་སེང་གེའི་ཞབས། །གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས། །སྡོམ་པའི་ཚུལ་ཁྲིམས་ཉམས་མེད་དངོས་གྲུབ་སྩོལ། །མི་བསྐྱོད་རྒྱལ་བ་མཚུངས་མེད་དཀོན་མཆོག་འབངས། །རྗེ་


KMC002_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་མི་ཕམ་ཆོས་ཀྱི་དབང་ཕྱུག་ཞབས། །གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས། །སྡོམ་པའི་ཚུལ་ཁྲིམས་ཉམས་མེད་དངོས་གྲུབ་སྩོལ། །དཔལ་ལྡན་གར་དབང་དྷརྨེ་ཤྭ་ར་དང་། །གྲུབ་དབང་བདུད་རྩི་ཀརྨ་རྣམ་རོལ་ཞབས། །གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས། །སྡོམ་པའི་ཚུལ་ཁྲིམས་ཉམས་མེད་དངོས་གྲུབ་སྩོལ། །སྐྱབས་གནས་མཚུངས་མེད་ཐུགས་རྗེའི་གཏེར་གཅིག་པུ། །ཆོས་ཀྱི་དོན་གྲུབ་བསྟན་པའི་ཉིན་བྱེད་ལ། །གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས། །སྡོམ་པའི་ཚུལ་ཁྲིམས་ཉམས་མེད་དངོས་གྲུབ་སྩོལ། །རླབས་ཆེན་ཕྲིན་ལས་ཟབ་མོས་འགྲོ་སྒྲོལ་བ། །བདུད་ལས་རྣམ་རྒྱལ་བསྟན་འཛིན་ཉིན་བྱེད་ཞབས། །གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས། །སྡོམ་པའི་ཚུལ་ཁྲིམས་ཉམས་མེད་དངོས་གྲུབ་སྩོལ། །མཁྱེན་བརྩེ་རྨད་བྱུང་ལྷར་བཅས་འགྲོ་བའི་མགོན། །རྒྱལ་དབང་


KMC002_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་མཆོག་གི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས། །སྡོམ་པའི་ཚུལ་ཁྲིམས་ཉམས་མེད་དངོས་གྲུབ་སྩོལ། བསྟན་འགྲོའི་གཙུག་རྒྱན་མཚུངས་མེད་འགྲོ་བའི་སྐྱབས། །ཟླ་བ་བཟང་དང་བཀྲ་ཤིས་འོད་ཟེར་ཞབས། །གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས། །སྡོམ་པའི་ཚུལ་ཁྲིམས་ཉམས་མེད་དངོས་གྲུབ་སྩོལ། །དགེ་སྦྱོང་ཚུལ་བཟུང་རྣམ་འདྲེན་འགྲོ་བའི་མགོན། །བསླབ་གསུམ་མཛོད་འཛིན་པདྨ་དབང་མཆོག་ལ། །གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས། །སྡོམ་པའི་ཚུལ་ཁྲིམས་ཉམས་མེད་དངོས་གྲུབ་སྩོལ། །དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་པ། །རྣམ་འདྲེན་མཚུངས་མེད་རིག་པའི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས། །སྡོམ་པའི་ཚུལ་ཁྲིམས་ཉམས་མེད་དངོས་གྲུབ་སྩོལ། །དེ་ལྟར་གསོལ་བ་བཏབ་པའི་བྱིན་བརླབས་ཀྱིས། །ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཁྲིམས་ཀྱི་གཞི། །


KMC002_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པའི་ཚུལ་ཁྲིམས་དང་བཅས་སོ་སོར་ཐར། །ཉམས་མེད་ཉེ་བ་འཁོར་ལྟར་བག་ཡོད་ཤོག །ཅེས་ཞྭ་དམར་པས་སོ།། །།དེས་གསོལ་བ་གདབ་པའི་རིམ་པ་རྣམས་སོང་ནས་རྟེན་ཁྱད་པར་ཅན་དེ་དག་གི་དྲུང་། སྙིང་ཐག་པ་ནས་སྨོན་ལམ་གདབ་པར་བྱ་དགོས་པས་གཤམ་དུ་འབྱུང་བ་ལྟར་སྨོན་ལམ་གྱི་རིམ་པ་རྣམས་མཐར་ཆགས་སུ་འདོན་པར་བྱ་སྟེ་དེ་ནི་སྨོན་ལམ་འདེབས་པའི་ཡན་ལག་གོ། །།དེ་ནས་བཟོད་པར་གསོལ་བའི་ཡན་ལག་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྲས་དང་སློབ་མར་བཅས་པ་གདན་འཛོམ་པའི་སྤྱན་སྔར། འགྲོ་བ་མང་པོའི་དོན་མཛད་པར་གསོལ་བའི་སྐབས་འདིར་བདག་ཅག་དུས་ངན་པའི་སེམས་ཅན་སྤྱོད་པ་དམན་ཞིང་མ་དག་པས་མ་འཚལ་བ་དང་། བག་མ་མཆིས་པའི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཉོན་མོངས་པ་དང་འབྲེལ་པ་དང་། མཆོད་པའི་དངོས་པོ་ཆུང་ཞིང་ངན་པ་དང་། གཙང་སྦྲས་མ་ཕྱེད་པ་དང་། མདོ་ལས་བྱུང་བའི་ཆོ་ག་


KMC002_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་མ་ལྕོགས་པ་ལ་སོགས་པ་འཁྲུལ་ཞིང་ནོངས་པ་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་བཟོད་པར་གསོལ་ཞིང་མཆིས་ན་ཐུགས་བརྩེ་བར་དགོངས་ཏེ་བཟོད་པར་བཞེས་ཤིང་། འཕྲལ་དང་ཡུན་དུ་བདག་གིས་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརླབ་པར་ཅི་གནང་། གཤེགས་སུ་གསོལ་བའི་ཡན་ལག་ནི། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་སྨན་བླའི་མདོ་ཆོག་ནས་འབྱུང་བ་ལྟར་རམ། རྟེན་ཡོད་ན། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་བདག་ཅག་དང་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་འདི་ལགས་ཀྱི། ཡུན་དང་ཡུན་དུ་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ལ་རྫུ་འཕྲུལ་གྱིས་འཁོར་དང་བཅས་པ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་ཅག་ལ་སོགས་པའི་སེམས་


KMC002_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་ལ་ཉེ་བར་དགོངས་ཏེ་བསྒྲལ་ཞིང་དབུགས་དབྱུང་བར་མཛད་དུ་གསོལ། ཞེས་འདོན་པ་བསྒྱུར་ནས་རྟེན་བཞུགས་བྱེད་པ་ཉིད་ལེགས་པ་ཡིན་ནོ། །དེ་ནས་བཀྲ་ཤིས་ཀྱི་ཡན་ལག་ནི་འོག་ནས་རྒྱས་པར་འབྱུང་བ་ལྟར་བྱའོ། །དེ་ལྟར་བཀོད་པའི་རིམ་པ་ནི་དུས་ཆེན་བཞི་ལ་སོགས་པའི་ཚེ་བསག་སྦྱང་སྨོན་ལམ་བྱ་བའི་ཚུལ་གཙོ་བོར་བྱས་པའོ།། །།དེ་ནས་སྔ་དྲོའི་ཆ་ལ་བྱ་བའི་གཏོར་མའི་རིམ་པ་ནི། ཐོག་མར་ཆབ་གཏོར་འཇམ་དཔལ་མར་གྲགས་པ་ནི། འདི་ལྟ་སྟེ། བླ་མ་དང་འཇམ་དཔའི་དབྱངས་ལ་ཕྱག་འཚལ་ལོ། །འདིར་རེ་ཞིག་ཆུ་གཏོར་འཇམ་དཔལ་མར་གྲགས་པ་བགྱིད་པར་འདོད་པའི་གང་ཟག་གིས། མདུན་དུ་སྟེགས་ཀྱི་ཁར་གཙང་སྦྲ་དང་བཅས་རིན་པོ་ཆེའི་སྣོད་དུ་ཆུ་དང་། གཞན་ཡང་ཟན་དང་མེ་ཏོག་དང་། འབྲུ་དང་སྨན་དང་རིན་པོ་ཆེ་བདར་བའི་ཕྱེ་མ་ལ་སོགས་པ་ཅི་འབྱོར་པ་བླུགས་ལ། །སྙིང་རྗེ་ཆེན་པོས་སེམས་ཅན་ལ་ཁྱབ་པར་བལྟས་ཏེ། བདག་གིས་དེ་དག་གི་དོན་བྱའོ་སྙམ་པས། དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་མདུན་གྱི་ནམ་མཁར་དམིགས་པའི་སྤྱན་སྔར། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །དགེ་བ་ཀུན་གྱི་རྗེས་སུ་


KMC002_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་མ་ལུས་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལྔ་རྣམ་དག་བྱས་ནས། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཀྱིས་ཚད་མེད་བཞི་བསྒོམ། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཆོས་ཐམས་ཅད་དོན་དམ་པ་སྟོང་པ་ཉིད་དོ། སྟོང་པའི་ངང་ལས་ༀ་ཝཱ་གཱི་ཤྭ་རི་མུཾ། ཞེས་པའི་སྒྲ་ཙམ་གྲགས་པའི་རྐྱེན་གྱིས་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ། ཝཱ་གཱི་ཤྭ་རི་མུཾ་ཞེས་བྱ་བའི་ཡིག་འབྲུ་དངུལ་གྱི་ཤོག་བུ་ལ་གསར་ཆུ་ཞན་པ་ལྟ་བུ་ཡོངས་སུ་གསལ་བར་གྱུར། ཟླ་བ་ཡིག་འབྲུ་དང་བཅས་པ་ལས་འོད་ཟེར་འཕྲོས། ཚུར་འདུས་ཡོངས་སུ་གྱུར་པ་ལས། བདག་ཉིད་འཕགས་པ་འཇམ་དཔལ་སྐུ་མདོག་དམར་སེར་ཕྱག་གཡས་ན་རལ་གྲི། གཡོན་ན་ཨུཏྤ་ལའི་མེ་ཏོག་


KMC002_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གདན་པདྨ་ལ་བཞུགས་པ་གཅིག་ཏུ་གྱུར། ཞེས་སམ། ཡང་ན་སྐད་ཅིག་གིས་བསྐྱེད་པའང་རུང་ངོ་། །དེ་ནས་ལག་པ་གཉིས་སོར་མོ་ཕན་ཚུན་བསྣོལ་ཏེ། གུང་མོ་གཉིས་བསྒྲེངས་ནས་རྩེ་སྤྲད། མཛུབ་མོ་གཉིས་གུང་མོའི་རྒྱབ་ཏུ་སྦྱར་བ་རྡོ་རྗེའི་ཕྱག་རྒྱ་བྱས་ཏེ་སྤྱི་བོར་བཞག་ལ། ན་མཿས་མནྟ་བུདྡྷཱ་ནཱཾ་ཧཱུྃ་ཧཱུྃ། ཞེས་བརྗོད་པས་དབུ་གཙུག་ཏོར་དང་བཅས་པར་བསམ། ཡང་ལག་གཉིས་ཁུ་ཚུར་བཅངས་ལ། གུང་སྲིན་བསྒྲིངས་ཏེ་མཐེ་བོའི་དྲུང་དུ་སྦྱར་བ་སྤྱན་གྱི་ཕྱག་རྒྱ་བཅས་ནས། ན་མཿས་མནྟ་བུདྡྷ་ནཱཾ་ག་ག་ན་སྥར་ལཀྵ་ཎ་ཀཱ་རུ་ཎ་མ་ཧཱ་ཏ་ཐཱ་ག་ཏ་ཙཀྵུཿསྭཱ་ཧཱ། ཞེས་བརྗོད་པས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པར་བསམ། ལུས་བསྲུང་བ་ནི། སྔར་བཤད་པའི་རྡོ་རྗེའི་ཕྱག་རྒྱ་བདེ་བཅིངས་ནས། ན་མཿས་མནྟ་བཛྲཱ་ཎཱཾ་བཛྲ་ཀ་ཝ་ཙ་ཧཱུྃ། ཞེས་བརྗོད་པས་རྡོ་རྗེའི་གོ་ཞུ་ལུབ་ཏུ་གྱོན་པར་བསམ། ཡང་ལག་པ་གཉིས་སྦྱར་ལ། གུང་མཐེབ་རྩེ་སྤྲད་ཅིང་མཛུབ་མོ་ནང་དུ་བཅུག །སྲིན་ལག་གཉིས་བརྐྱང་། མཐེའུ་ཆུང་གཉིས་བཀུག་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་བི་ཀ་ཊེ་བྷྱོ། བི་ཤྭ་མུ་ཁེ་བྷྱཿ སརྦ་ཏཏྑཾ་རཀྵ་མ་ཧཱ་བ་ལེ། སརྦ་ཏ་ཐཱ་ག་ཏ་པུ་ན་


KMC002_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྫ་ཏེ་ཧཱུྃ་ཧཱུྃ། ཏྲ་ཐ་ཏྲ་ཐ་ཨ་པྲ་ཏི་ཧ་ཏེ་སྭཱ་ཧཱ། ཞེས་བརྗོད་པས་བར་དུ་གཅོད་པའི་བགེགས་ཐམས་ཅད་ཀྱིས་མི་ཚུགས་པར་བསམ། དེ་ནས་གཏོར་མ་བྱིན་གྱིས་བརླབ་པའི་ཕྱིར། ལག་པ་ཐལ་མོ་སྦྱར་བའི་སོར་མོ་ཕན་ཚུན་བསྣོལ་བའམ། ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ། སོར་མོ་རྣམས་ལ་རཾ་དམར་པོ་དང་། གཏོར་མའི་སྟེང་དུ་རཾ་དམར་པོ་བསམ། ལག་པའི་རཾ་ལས་འོད་འཕྲོས། གཏོར་མའི་རཾ་ལ་ཕོག །དེའི་འོད་ཀྱིས་གཏོར་མའི་ཉེས་སྐྱོན་སྦྱང་བར་བསྒོམས་ཏེ། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨ ཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་ལན་བདུན་དང་། ཆོས་ཉིད་རྣམ་དག་སྔགས་རྒྱ་ཏིང་འཛིན་གྱི། །བདེན་པས་གཏོར་རྫས་འབགས་དང་ཉམས་པ་དང་། །སྨེ་བས་དྲི་མ་ཅན་དུ་གྱུར་པ་དང་། །མི་མཐུན་མཚན་འཛིན་ཉེས་སྐྱོན་དག་གྱུར་ཅིག །ཅེས་བརྗོད་དོ། །དེ་བཞིན་དུ་ཐལ་མོ་ཁོང་སྟོང་དུ་སྦྱར་ཞིང་། སོར་མོ་རྣམས་རྩེ་སྤྲད་དེ། ཚིགས་རྣམས་ཟུར་ཅན་རིན་པོ་ཆེ་ལྟར་བྱས་ལ། ཚིགས་བར་དང་གཏོར་མའི་སྟེང་དུ་སྭ་ཁ་དོག་སེར་པོ་བསྒོམས་ནས། འོད་སྤྲོ་བ་སྔོན་མ་བཞིན་བྱས་པས། གཏོར་མའི་རྫས་དེ་ཉིད་མཆོད་རྫས་ཀྱི་ཁྱད་པར་བསམ་གྱིས་མི་ཁྱབ་པ་དང་། སེམས་ཅན་རྣམས་ཀྱི་མོས་པ་ཇི་ལྟ་བ་བཞིན་གྱི་འདོད་ཡོན་ལྔས་ནམ་མཁའི་


KMC002_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གང་བར་བསམ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨེ་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལན་བདུན། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ཏིང་འཛིན་གྱི། །བདེན་པས་གཏོར་རྫས་ཟད་མི་ཤེས་པའི་མཛོད། །འཇིག་རྟེན་འཇིག་རྟེན་འདས་པའི་མཆོད་པའི་སྤྲིན། །འདོད་ཡོན་ལྔ་ལྡན་ནམ་མཁའ་གང་གྱུར་ཅིག །དེ་ནས་ལག་པ་མཐེ་བོ་གཉིས་བསྣོལ་ཞིང་། ཐལ་མོ་སྦྱར་བ་ཕྱིར་བཀྱེད་ནས་གཤོག་པ་གདེངས་པ་ལྟར་བྱས་ལ། ལག་སོར་དང་གཏོར་མར་གནས་པའི་ཨ་དཀར་པོའི་འོད་ཀྱིས། རྫས་རྣམས་ཡེ་ཤེས་ཀྱི་བདུད་རྩིར་བསྒྱུར་བར་བསམ། ༀ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ལན་བདུན། བདུད་རྩི་ཐབ་སྦྱོར་སྔགས་རྒྱ་ཏིང་འཛིན་གྱི། །བདེན་པས་དུག་ལྔའི་གསོས་གྱུར་ལོངས་སྤྱོད་རྣམས། །ཡེ་ཤེས་ལྔ་ཡི་རང་བཞིན་བདུད་རྩི་དངོས། །སོ་སོའི་བཞེད་པ་བཞིན་དུ་སྣང་གྱུར་ཅིག །དེ་ནས་ལག་གཡས་རྡོ་རྗེ་ཁུ་ཚུར་བཅངས། མཛུབ་མོ་བསྒྲེང་བའི་རྩེ་ལ་ཧཱུྃ་དཀར་པོ་གནས་པའི་འོད་ཀྱིས། ཕྱོགས་བཅུའི་ཞིང་རབ་འབྱམས་རྣམས་སུ་བཞུགས་ཤིང་འཁོད་པའི་མགྲོན་བཞི་


KMC002_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་མཉེས་རྫས་སྣ་ཚོགས་དཔག་ཏུ་མེད་པར་སྤྲུལ་པ་དེ་ཉིད་མཆོད་ཅིང་བྱིན་པས་སོ་སོས་བཞེས་ཤིང་ལོངས་སྤྱོད་པར་བསྒོམ་པ་སྟེ་དེ་ཡང་དཀོན་མཆོག་རྣམས་ལ་གཞལ་མེད་ཁང་རྒྱ་མཚོ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས་གཏམས་པའི་ཚུལ་གྱིས་འབུལ་བ་དང་། སེམས་ཅན་ རྣམས་ཀྱི་མདུན་དུ་རང་རང་མོས་པའི་འདོད་ཡོན་ཆར་བཞིན་དུ་བབས་པར་བསམ་པ་དང་། ཁྱད་པར་ཡི་དྭགས་རྣམས་ཀྱི་བསམ་པ་བསྐང་བར་བསམས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་བདུན། རྒྱལ་ཆེན་ཤུགས་ལྡན་ཏིང་འཛིན་སྔགས་རྒྱ་ཡི། །བདེན་པས་འདོད་ཡོན་མཆོད་སྤྲིན་དཔག་མེད་ཚོགས། །དཀོན་མཆོག་སྤྱན་སྔར་ཟད་མེད་འབྱུང་བ་དང་། འགྲོ་རྣམས་མོས་པ་བཞིན་དུ་ལོངས་སྤྱོད་ཤོག ། འདི་སྐབས་མགྲོན་བཞི་ནི། དཀོན་མཆོག་སྲི་ཞུའི་མགྲོན། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་། ཡེ་ཤེས་ཀྱི་ཆོས་སྐྱོང་སོགས་ཡིན་ཞིང་། མགོན་པོ་ཡོན་ཏན་མགྲོན་ཕྱོགས་སྐྱོང་རྒྱལ་ཆེན་ལྷ་སྲིན་སྡེ་བརྒྱད་ཀྱི་གཙོ་བོ། གཙུག་ལག་གི་སྲུང་མ། གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་སོགས་དམ་ཚིག་དང་ལྡན་ཞིང་བསྟན་པ་སྐྱོང་བའི་འབྱུང་པོ་མཐུ་བོ་ཆེ་རྣམས་སོ། །རིགས་དྲུག་སྙིང་རྗེའི་མགྲོན་ནི་


KMC002_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་དོ། །བགེགས་རིགས་ལན་ཆགས་ཀྱི་མགྲོན་ནི་རང་ལ་གནོད་ཅིང་འཚེ་བའི་བགེགས་རྣམས་ཏེ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལ་སོགས་པའོ། །ཚུལ་འདི་ལ་བླ་མ་འགའ་ཞིག་གིས་མགྲོན་བཞི་རང་གི་མདུན་དུ་སྤྱན་དྲངས་ནས་གཏོར་མ་འབུལ་བ་མཛད་པར་འདུག་ཀྱང་འདིར་རྒྱ་གཞུང་གི་དགོངས་པ་སོར་བཞག་གིས་རང་གནས་སུ་མཆོད་སྤྲིན་སྤྲོ་བ་ཉིད་ལེགས་པར་མཐོང་ཞིང་། ཤཱཀྱ་མི་ཏྲའི་གཞུང་ལས་ཀྱང་འདི་ལྟར་འབྱུང་ངོ་། །དེ་ནས་ལག་གཡས་རྡོ་རྗེ་ཁུ་ཚུར་སྙིང་གར་བཅངས་ལ། གཡོན་པ་མཆོད་སྦྱིན་གྱིས་སྣོད་འདེགས་པའི་ཚུལ་དུ་བྱས་པའི་སོར་མོའི་རྩེ་ལྔ་ལ་ཧཱུྃ་དཀར་པོ་རེ་བསམ། དེ་ལས་རང་དང་ཐ་མི་དད་པའི་མཆོད་པའི་ལྷ་མོ་ཞིང་གི་རྡུལ་སྙེད་སྐར་མདའ་བཞིན་སྤྲོས་ཏེ་འཕགས་པ་རྣམས་མཆོད་པས་མཉེས། སེམས་ཅན་རྣམས་ལ་སྙོམས་པར་བྱིན་པས་སོ་སོའི་མོས་པ་བཞིན་འཐབ་རྩོད་དང་ཕམ་རྒྱལ་མེད་པར་ཐོབ་ཅིང་ཚིམ་པར་བསམ་ལ། ༀ་ཛྙཱ་ནཱ་ཝ་ལོ་ཀི་ཏེ་ས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛྭ་ལ་ནི་ཧཱུྃ། ལན་བདུན། ཡེ་ཤེས་སྐར་མདའི་སྔགས་རྒྱ་ཏིང་འཛིན་གྱི། །བདེན་པས་མཆོད་སྦྱིན་རྒྱ་ཆེན་བགྱིས་པ་འདིས། །འཕགས་ཚོགས་


KMC002_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

མཉེས་ཤིང་འགྲོ་རྣམས་རེ་བ་གང་། །འཐབ་རྩོད་རྒྱལ་ཕམ་མེད་པར་ཐོབ་གྱུར་ཅིག །དེ་ནས་ལག་པ་ཐལ་མོ་ཁོང་སྟོང་དུ་སྦྱར། སོར་མོ་རྣམས་བསྣོལ་ནས་ནང་དུ་བཅུག །མཐེ་བོང་གཉིས་གཤིབས་ཏེ་བརྐྱང་བའི་མཐེ་བོའི་ལྟོ་གཉིས་ལ་ཡི་གེ་ཛ་དམར་པོ་རེ་བསྒོམས་པ་ལས་འོད་ལྕགས་ཀྱུ་ལྟ་བུ་འཕྲོས། མགྲོན་རྣམས་ལ་ཕོག་པས་མགྲོན་བཞི་ཀ་བདག་གི་དབང་དུ་གྱུར་ཏེ། གོང་མ་རྣམས་ཀྱི་ཐུགས་དམ་གྱི་དབང་གིས་ཐུགས་ཀྱིས་དགོངས་ཤིང་། སེམས་ཅན་གྱི་དོན་སོགས་དགེ་བའི་ལས་འགྲུབ་པར་བྱིན་གྱིས་རློབ་པ་དང་། འོག་མ་རྣམས་ཀྱིས་ཀྱང་དམ་ཚིག་གི་དབང་གིས་འགོ་ཞིང་སྟོང་གྲོགས་བྱེད་པར་དམིགས་ལ། ཕྱག་རྒྱ་དེའང་ཕྱོགས་བཅུར་བསྟན་ཏེ། ན་མཿས་མནྟ་བུདྡྷ་ནཱཾ། གྲ་ཧེ་ཤྭ་ར་པྲ་བྷ་ཛྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ། ལན་བདུན། དབང་སྒྱུར་འཁོར་ལོའི་སྔགས་རྒྱ་ཏིང་འཛིན་གྱི། །བདེན་པས་མགྲོན་བཞི་མཐའ་དག་ཐུགས་དམ་དང་། །དམ་ཚིག་དབང་གིས་དགོངས་ཤིང་འགོ་བ་དང་། །ལས་རྣམས་འགྲུབ་པའི་སྟོང་གྲོགས་ཉིད་གྱུར་ཅིག །དེ་ནས་སླར་ཡང་ཚིགས་སུ་བཅད་པ་འདིས་བསྔོ་བར་བྱ་སྟེ། གཏན་པ་མེད་པའི་མཆོད་སྦྱིན་རྒྱལ་པོ་འདི། །


KMC002_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་རྣམ་པར་དག་པའི་བྱིན་རླབས་དང་། །དཀོན་མཆོག་ཡོན་ཏན་དཔག་མེད་ཆེ་བ་དང་། །སྙིང་པོ་ཕྱག་རྒྱ་ངེས་པའི་དམ་ཚིག་དང་། །རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པའི་ནུས་མཐུ་དང་། །དྲང་སྲོང་རིག་འཛིན་རྣམས་ཀྱི་གྲུབ་པ་དང་། །བདག་གི་སྨོན་ལམ་ཏིང་འཛིན་ཤེས་རབ་ཀྱིས། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །དབང་པོ་ལྔ་ཡི་ལོངས་སྤྱོད་མཁོ་དགུར་ལྡན། །ནམ་མཁའི་མཐའ་ཀླས་གཏེར་ཆེན་གྱུར་པ་འདི། །མཆོད་གནས་བླ་མ་ཁྱེད་ཀྱི་ཕོ་བྲང་དུ། །མཆོད་པའི་སྤྲིན་གྱིས་རྒྱས་ཤིང་འཕེལ་བར་བསྔོ། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཀུན་ཀྱང་གནོད་པ་རྣམས་དང་བྲལ། །ཡང་ནི་དེ་བཞིན་གཤེགས་བསྔགས་པའི། །འདོད་པ་ཕུན་སུམ་ཚོགས་གྱུར་ཅིག །ཡང་ནི་སེམས་ཅན་ཐམས་ཅད་ཀྱང་། །བསམ་པ་ཡིད་བཞིན་འགྲུབ་གྱུར་ཅིག །བྱོལ་སོང་གཅིག་ལ་གཅིག་ཟ་བའི། །གནོད་པ་དེ་དང་ཡོང་མི་འབྱུང་། །ཡི་དྭགས་རྣམས་ལ་


KMC002_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་སྐོམ་སོགས། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །སེམས་ཅན་དམྱལ་བའི་སྡུག་བསྔལ་གང་། །མི་བཟང་རྣམ་པ་སྣ་ཚོགས་པ། །བསོད་ནམས་བྱིན་པའི་བྱིན་རླབས་ཀྱིས། །དེ་དག་མྱུར་དུ་ཞི་གྱུར་ཅིག །སའམ་མཁའ་ལ་འཁོད་པ་ཡི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །འབྱུང་པོ་མང་པོ་གང་འཁོད་པ། །དགེ་བའི་བསམ་པ་རྫོགས་གྱུར་ཅིག །དེ་ནས་ཆོས་ཀྱི་སྦྱིན་པ་ནི། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །དེ་ལ་འགོགས་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་དེ་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་སྟེ། དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་སོགས་ཞལ་ནས་གསུངས་པའི་ཚིགས་བཅད་ཅི་ལྟར་རིགས་པ་བརྗོད་ནས། དེ་ལྟར་ཆོས་དང་ཟང་ཟིང་གི་སྦྱིན་པ་རྣམ་པ་གཉིས་བྱིན་པ་ལ་བརྟེན་ནས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་རྣམ་པ་གཉིས་


KMC002_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཞིང་ཚོགས་གཉིས་རྫོགས་ཏེ་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་འགྲུབ་པར་གྱུར་ཅིག །ཅེས་དང་། ནོངས་པ་བཤགས་པའི་ཕྱིར། ༀ་བཛྲ་ས་ཏྭ་སོགས་ཡི་གེ་བརྒྱ་པ་ཚར་གཅིག་བཀླག་ཅིང་གནས་ལུགས་ཀྱི་དོན་དྲན་བཞིན་པས། བསོད་ནམས་འདི་ཡིས་སོགས་སྨོན་ལམ་གཞན་ཡང་གདབ་པར་བྱའོ། །དེ་ལྟར་འཇམ་དཔལ་ཁྲི་དྲུག་སྟོང་པའི་རྒྱུད་ཀྱི་ཞི་བའི་རྟོག་པ་རྣམས་ལས་བཏུས་པར་གཏོར་མའི་ལས་རིམ་གྱིས་འགྲེལ་བར། མཆན། བཤད་པའི་གཏོར་མ་གཏོང་བའི་ཚུལ་འདི་ནི། བླ་མ་རྣམས་ཀྱི་ཕྱག་བཞེས་མི་འདྲ་བ་འགའ་ཞིག་སྣང་ནའང་། ཛ་ཡ་སེ་ནས་མཛད་པའི་ཆུ་གཏོར་གྱི་གཞུང་གཙོ་བོར་བྱས་ཤིང་། ཤཱཀྱ་མི་ཏྲ་དང་། བིནྡ་ཛྙཱ་ནས་མཛད་པའི་འགྲེལ་པ་གཉིས་དང་། མི་བསྐྱོད་རྡོ་རྗེས་མཛད་པའི་གཏོར་མ་ཆེན་པོའི་ལས་རིམ་གྱི་འགྲེལ་པ་རྣམས་དང་ཡང་གོ་བསྟུན་ནས་སྙོམ་ལས་པ་བསྟན་པའི་ཉིན་བྱེད་ཀྱི་སྦྱར་བའོ།། །།གཏོར་མ་བརྒྱ་བརྩའི་རིམ་པ་ནི། སངས་རྒྱས་ཆོས་ ཚོགས་ཀྱི་སྐྱབས་འགྲོ་སེམས་བསྐྱེད་བྱས་ནས། ཆོས་རྣམས་ཐམས་ཅད་སྟོང་པར་གྱུར། །དེ་ཡི་ངང་ལས་སྐད་ཅིག་གིས། །པད་ཟླའི་སྟེང་དུ་རང་ཉིད་ནི། །ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར། །


KMC002_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས། །མཆོག་སྦྱིན་གཡོན་པས་ཨུཏྤལ་འཛིན། །རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། །ཡིད་འོང་རྒྱན་དང་ལྡན་པར་གྱུར། །ༀ་བཛྲ་ཨ་མྲཱྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། རིན་ཆེན་སྣོད་ཀྱི་ནང་དུ་ནི། །གཏོར་མ་དམ་ཚིག་བདུད་རྩིར་གྱུར། །ༀ་ཨཱཿཧཱུྃ། རང་གི་ལག་མཐིལ་ཟླ་བའི་སྟེང་། །འབྲུ་གསུམ་ཞུ་བའི་བདུད་རྩིར་གྱུར། །ༀ་ཨཱཿཧཱུྃ། ཟླ་བ་ཡིག་འབྲུ་ཞུ་བའི་རྒྱུན། །གཏོར་མའི་ནང་དུ་བབས་པ་ལས། གཏོར་མ་ཡེ་ཤེས་བདུད་རྩིར་གྱུར། །བླ་མ་བརྒྱུད་པར་བཅས་རྣམས་དང་། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དང་། །སངས་རྒྱས་བྱང་སེམས་མ་ལུས་ལ། །བདུད་རྩི་གཏོར་མ་འདི་འབུལ་ལོ། །ༀ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨཱརྒྷཾ་པྲ་ཏཱིཙྪ ་པཱུ་ཛ་མེ་གྷ་ས་མུ་དྲ་སྥར་ཎ་ས་མ་ཡེ་ཨཱཿཧཱུྃ། པུཥྤཾ། དྷཱུ་པཾ། ཨཱ་ལོ་ཀཾ། གནྡྷཾ། ནཻ་ཝི་དྱ། ཤབྡ་སོགས། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུྃ།


KMC002_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

མཉེས་ཤིང་ཚིམ་ནས་བྱིན་གྱིས་རློབས། །ཞེས་སམ། མཉེས་ཤིང་ཚིམ་ནས་སེམས་ཅན་ཀུན། །སྡིག་སྤང་དགེ་སྒྲུབ་བདེ་དང་ལྡན། །སྡུག་བསྔལ་དང་བྲལ་སྒྲིབ་གཉིས་བྱང་། །བྱང་ཆུབ་ཐོབ་པར་བྱིན་གྱིས་རློབས། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་མགོན་པོ་མ་ལུས་དང་། །རང་བྱུང་རྒྱལ་མོ་འཁོར་བཅས་ལ། །བདུད་རྩི་གཏོར་མ་འདི་འབུལ་ལོ། །ༀ་མ་ཧཱ་ཀཱ་ལ་རེ་མ་ཏི་ཨཱརྒྷཾ་སོགས། ན་མཿསརྦ་ཏ་ཐཱ་ག་ཏ་སོགས། མཉེས་ཤིང་ཚིམ་ནས་བསྟན་པ་སྲུངས། ཞེས་སམ། མཉེས་ཤིང་ཚིམ་ནས་བསྟན་པ་སྲུངས། །བསྟན་འཛིན་སྐུ་ཚེ་ཕྲིན་ལས་སྤེལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །བར་ཆད་སོལ་ལ་ཕྲིན་ལས་སྒྲུབས། །དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །གཟུགས་དམ་པ་ལ་ཕྱག་འཚལ་ལོ། །སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ཚངས་དང་བརྒྱ་བྱིན་


KMC002_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཆེན་བཞི། །ཕྱོགས་སྐྱོང་བཅུ་དང་གཙང་རིས་ཀྱི། །མགོན་པོ་བདུན་ཅུ་རྩ་ལྔ་ལ། བདུད་རྩི་སོགས། ན་མཿསརྦ་སོགས། མཉེས་ཤིང་ཚིམ་ནས་དངོས་གྲུབ་སྩོལ། །ཞེས་སམ། མཉེས་ཤིང་ཚིམ་ནས་འཇིག་རྟེན་བདེ། །དམ་ཆོས་བསྲུང་ཞིང་སྐྱོང་བ་དང་། །ཕྱོགས་བཅུ་ཡུལ་དུས་གནས་སྐབས་ཀུན། །དགེ་ཞིང་བདེ་བའི་དངོས་གྲུབ་སྩོལ། །ལྷ་ཡི་རིག་འཛིན་དྲང་སྲོང་དང་། །གྲུབ་པ་ཕོ་མོ་བྲམ་ཟེ་སོགས། །བདེན་པ་གྲུབ་པ་མ་ལུས་ལ། །བདུད་རྩི་སོགས། ན་མཿསརྦ་སོགས། མཉེས་ཤིང་ཚིམ་ནས་སྨོན་ལམ་མཛོད། ཅེས་སམ། མཉེས་ཤིང་ཚིམ་ནས་མི་དགྱེས་དང་། །དམོད་པ་སྤོངས་ལ་ལུས་ཅན་ཀུན། །བདེ་སྐྱིད་བདག་ཅག་ཆོས་ལྡན་གྱི། །བསམ་པ་འགྲུབ་པའི་སྨོན་ལམ་མཛོད། །རང་ལ་རིགས་ཀྱི་འགོ་བ་ཡི། །ལྷན་ཅིག་སྐྱེས་པའི་ལྷ་རྣམས་དང་། །མཉམ་པར་འོངས་པའི་བདུད་རྣམས་ལ། །བདུད་རྩི་སོགས། ན་མཿསརྦ་སོགས། མཉེས་ཤིང་ཚིམས་ནས་འགལ་རྐྱེན་


KMC002_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

སོལ། །ཞེས་སམ། མཉེས་ཤིང་ཚིམ་ནས་ལྷན་སྐྱེས་ཀྱི། ལྷ་ཡིས་སྲུང་སྐྱོབ་སྟོང་གྲོགས་མཛོད། །བདུད་ཀྱི་བར་ཆད་མ་བྱེད་པར། །ཐམས་ཅད་བདེ་ལ་སྤྱོད་གྱུར་ཅིག །འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ། །སྐྱེ་གནས་རྣམ་པ་བཞིས་བསྡུས་པའི། །མཁའ་མཉམ་སེམས་ཅན་མ་ལུས་ལ། །བདུད་རྩི་སོགས། ན་མཿསརྦ་སོགས། མཉེས་ཤིང་ཚིམ་ནས་སྡུག་བསྔལ་ལས། །རྣམ་པ་ཀུན་ཏུ་ཐར་གྱུར་ཅིག །ཅེས་སམ། མཉེས་ཤིང་ཚིམ་ནས་རིགས་དྲུག་པོ། །སོ་སོའི་སྡུག་བསྔལ་མ་ལུས་ཞི། །དགེ་ལ་སྤྱོད་ཅིང་བདེ་ལྡན་ནས། །འཁོར་བའི་མཚོ་ལས་ཐར་གྱུར་ཅིག །ཀླུ་རྒྱལ་དགའ་བོ་ཉེར་དགའ་སོགས། །ཀླུ་ཆེན་བརྒྱད་ཀྱིས་གཙོ་བྱས་པའི། །ཀླུ་དང་ས་བདག་ཐམས་ཅད་ལ། །བདུད་རྩི་སོགས། ན་མཿསརྦ་སོགས། མཉེས་ཤིང་ཚིམ་ནས་གནོད་སེམས་ཞི། །བྱེ་ཚན་ཆར་ཡང་མེད་པར་ཤོག །ཅེས་སམ། མཉེས་ཤིང་ཚིམ་ནས་གནོད་འཚེ་ཞི། །མཁའ་ལྡིང་བྱེ་ཚན་ཆར་


KMC002_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས། །འཚེ་བ་མེད་ཅིང་འཇིག་རྟེན་ཁམས། །ཆར་ཆུ་འབྲུ་འཕེལ་བདེ་ལེགས་མཛོད། །ཕྱི་དང་ ནངགིསྒྲིབཅན ། །མཁའ་ལ་རྒྱུ་བ་འབྱུང་པོའི་རིགས། །ཡི་དྭགས་རྣམས་ནི་མ་ལུས་ལ། །བདུད་རྩི་སོགས། ན་མཿསརྦ་སོགས། མཉེས་ཤིང་ཚིམ་ནས་གནོད་སེམས་ཞི། །བཀྲེས་དང་སྐོམ་པ་མེད་པར་ཤོག །ཅེས་སམ། མཉེས་ཤིང་ཚིམ་ནས་གནོད་སེམས་ཞི། །ཕྱི་ནང་བཀྲེས་སྐོམ་སྡུག་བསྔལ་བྲལ། །སེར་སྣ་ལ་སོགས་སྤངས་ནས་ཀྱང་། །མཐོ་རིས་ཐར་པའི་བདེ་ཐོབ་ཤོག །ཚེ་རབས་ཐོག་མ་མེད་པ་ནས། །ཟས་ནོར་སྲོག་གི་ལན་ཆགས་དང་། །བུ་ལོན་ཤ་ཁོན་ཐམས་ཅད་ལ། །བདུད་རྩི་སོགས། །ན་མཿསརྦ་སོགས། མཉེས་ཤིང་ཚིམ་ནས་བུ་ལོན་དང་། །ཤ་ཁོན་ཐམས་ཅད་ཞི་གྱུར་ཅིག །ཅེས་སམ། མཉེས་ཤིང་ཚིམ་ནས་བུ་ལོན་དང་། །ཤ་ཁོན་གནོད་པའི་བསམ་སྦྱོར་ཞི། །ལན་ཆགས་ཐམས་ཅད་འཁོར་གྱུར་ནས། །ཐམས་ཅད་བདེ་དགེ་ལྡན་གྱུར་ཅིག །བརྟན་


KMC002_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཅུ་གཉིས་གནོད་སྦྱིན་ལྔ། །རི་རབ་རི་བདུན་རོལ་མཚོ་སོགས། །འཇིག་རྟེན་འདིར་གནས་བཞི་བདག་ལ། །བདུད་རྩི་སོགས། ན་མཿསརྦ་སོགས། མཉེས་ཤིང་ཚིམ་ནས་ཡུལ་ཕྱོགས་ཀུན། །བདེ་ལེགས་ཕུན་སུམ་ཚོགས་པར་མཛོད། །ཅེས་སམ། མཉེས་ཤིང་ཚིམ་ནས་འཇིག་རྟེན་ཁམས། །དགྲ་འཁྲུག་ལོ་ཉེས་ནད་ཡམས་ཞི། །ཆར་ཆུ་དུས་འབེབས་ལོ་འབྲས་ལེགས། །ཐམས་ཅད་བདེ་བའི་ཕྲིན་ལས་མཛོད། །ཁྱད་པར་ཡུལ་དང་གྲོང་འདིའི་ལྷ། །ང་ཆེ་སྙམ་པའི་ང་རྒྱལ་ཅན། །གཉུག་མར་གནས་པ་མ་ལུས་ལ། །བདུད་རྩི་སོགས། ན་མཿསརྦ་སོགས། འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་བསམ་པ་འགྲུབ་པར་མཛོད། །ཅེས་སམ། མཉེས་ཤིང་ཚིམ་ནས་གནས་འདི་དགེ །བདག་ཅག་སྤྱོད་ལམ་གནས་སྐབས་ཀུན། །འཚེ་བ་མེད་ཅིང་བདེ་ལེགས་ཚོགས། །འབྱུང་བའི་ཕྲིན་ལས་སྟོང་གྲོགས་མཛོད། །གློ་བུར་དུ་ནི་ལྷགས་གྱུར་པ། །གཏོར་


KMC002_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདོད་ལ་མ་ཐོབ་པའི། ཁས་ཉེན་དབང་ཆུང་ཐམས་ཅད་ལ། །བདུད་རྩི་སོགས། ན་མཿསརྦ་སོགས། རང་རང་སྡུག་བསྔལ་ལས་གྲོལ་ནས། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག །ཅེས་སམ། མཉེས་ཤིང་ཚིམ་ནས་དུས་ཀུན་ཏུ། །སྐལ་པ་ཕུན་ཚོགས་ཐོབ་པ་དང་། །དགེ་སྡིག་སྤང་བླང་བསྒྲུབས་ནས་ཀྱང་། །མངོན་མཐོ་ངེས་ལེགས་ཐོབ་པར་ཤོག །ཅེས་པ་འདོད་གསོལ་ཕྱི་མ་ཚིག་རྐང་བཞི་པོ་འདི་རྣམས་ཆོས་མཛད་བསྐུར་བའི་ངོར་ཤཱཀྱའི ་དགེ་སློང་ཆོས་ཀྱི་དབང་ཕྱུག་གིས་བྲིས། བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམས་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་ནི་མ་ལུས་པར། །ཐོགས་པ་མེད་པར་འབྱུང་བར་ཤོག །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་


KMC002_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པས་གསུངས། །དེ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུང་། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བ། །དམ་པ་གཉིས་ནི་ཐོབ་པར་ཤོག །ཅེས་སོ། །བྱིན་རླབས་དང་དེ་བཞིན་གཤེགས་པའི་མཚན་བར་བར་དུ་བརྗོད་པ་མཐོང་བ་བརྒྱུད་པ་ལས་ཤེས་པར་བྱའོ། །ཞེས་ཤཱཀྱ ་དགེ་སློང་དཀོན་མཆོག་འབངས་ཀྱིས་སྦྱར་བའོ།། །།གཏོར་མ་ཆ་བཅུའི་ལྷན་ཐབས་ལ། སྐྱབས་འགྲོ་སེམས་བསྐྱེད་རྒྱས་པའམ། བསྡུ་ན་སངས་རྒྱས་ཆོས་ཚོགས་མས་ཆོག །དེའི་རྗེས་སུ་དོན་བཞི་སྟེ། བདག་བསྒྲུབ་པ། རྫས་བསྒྲུབ་པ། མགྲོན་བསྒྲུབ་པ། མགྲོན་ལ་འབུལ་བའི་རིམ་པའོ། །བདག་བསྒྲུབ་པ་ནི་ཐུགས་རྗེ་ཆེན་པོར་བསྒོམ་པའོ། །རྫས་བསྒྲུབ་པ་ནི་མངར་གསུམ་དཀར་གསུམ་ལ་སོགས་པ་ཤ་ཆང་སྒོག་གསུམ་མ་འདྲེས་པ་དང་། གཏོར་མའི་རྒྱུ་རྩམ་པ་ལ་སོགས་པ་རིན་པོ་ཆེའི་སྣོད་དམ། གང་ཡང་རུང་བའི་སྣོད་དུ་


KMC002_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ་ཞིང་སྟེགས་ཀྱི་ཁར་བཞག་ནས་གཞུང་བཞིན་བསྒོམ་པའོ། །མགྲོན་བསྒྲུབ་པ་ནི། བསྡུས་པར་ན། བླ་མ་བརྒྱུད་པར་བཅས་རྣམས་དང་། །ཞེས་སོགས་མཆོད་སྦྱིན་གྱི་ཡུལ་བརྗོད་པའི་སྐབས་སུ་སོ་སོར་མདུན་གྱི་ནམ་མཁའ་དང་ས་གཞིར་བྱོན་པར་བསམ་པ་ཉིད་དོ། །རྒྱས་པར་ན། གཏོར་མ་ཡེ་ཤེས་བདུད་རྩིར་གྱུར། ཅེས་པའི་རྗེས་སུ། ཧཱུྃ་བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །ཞེས་སོགས་ཤློ་ཀ་གཅིག་གི་མཐར། བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །ཞེས་ཤློ་ཀ་གཉིས་ཀྱི་མཐར། ༀ་སརྦ་ཏ་ཐཱ་ག་ཏ་པདྨ་ཀ་མ་ལཱ་ཡ་སྟྭཾ་ཞེས་བཞུགས་སུ་གསོལ། དེ་ནས་ཡན་ལག་བདུན་པ་རྒྱས་བསྡུས་གང་རུང་ཞིག་བྱ། བཞི་པ་མགྲོན་ལ་འབུལ་བའི་རིམ་པ་ནི། བླ་མ་བརྒྱུད་པར་བཅས་རྣམས་དང་། །ཞེས་སོགས་སོ། །ཆ་གཉིས་པ་ཆོས་སྐྱོང་སྲུང་མ་མན་ཆད་ལ་སྤྱན་འདྲེན་བཞུགས་གསོལ་སོགས་སྦྱར་མི་དགོས་ཤིང་། སོ་སོའི་མཚན་ནས་བརྗོད་པའི་ཚེ། སྐད་ཅིག་གིས་མདུན་དུ་བྱོན་པར་བསམ་པ་ཉིད་དོ། །དེ་ནས་མཐར་གཤེགས་གསོལ་སྤྲོ་ན། དམ་པ་གཉིས་ནི་ཐོབ་པར་ཤོག །ཅེས་པའི་རྗེས་སུ། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་


KMC002_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། ཅེས་པ་ནས། བཛྲ་མུཿཞེས་པས་ཡེ་ཤེས་པ་དང་། མཆོད་སྦྱིན་གནས་འདིར་གང་ལྷགས་པ། ཞེས་པ་ནས། སརྦ་བྷཱུ་ཏ་གཙྪས་འཇིག་རྟེན་པ་རྣམས་གཤེགས་སུ་གསོལ། ཞེས་པ་ཞྭ་དམར་པ་ལྔ་པས་སོ།། །།དཀར་ཆ་ལྔའི་རིམ་པ་ནི། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ༀ་ཨཱཿཧཱུྃ། རང་གི་སྙིང་གའི་འོད་ཟེར་གྱིས། །བཅོམ་ལྡན་མི་གཡོ་སྐུ་མདོག་སྔོ། །ཞལ་གཅིག་ཕྱག་གཉིས་གཡས་རལ་གྲི། །གཡོན་གྱིས་ཞགས་པ་པད་ཉི་ཡི། །གདན་ལ་བཞུགས་པ་སྤྱན་དྲངས་ཤིང་། །དེ་ཡིས་གཏོར་མ་གསོལ་བར་གྱུར། ༀ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་པ་བདུན་གྱི་མཐར། ཨཪྻ་ཨ་ཙ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨཱརྒྷཾ་སོགས། ཀྱེ་ཀྱེ་མཐའ་གཉིས་རྣམ་པར་མ་གཡོས་ཀྱང་། །མཐའ་བྲལ་བདེ་ཆེན་ཁྲོ་བོའི་རྒྱལ་པོ་ནི། །སྤྲུལ་པའི་གཟུགས་ཀྱིས་འགྲོ་དོན་དཔག་མེད་མཛད། །འཇིགས་བྱེད་ཆེན་པོས་འགྲོ་བ་ཀུན་


KMC002_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་ཞིང་། །སྲིད་པ་གསུམ་ན་དགྱེས་པའི་གར་མཛད་པ། །སྲིད་པའི་ཆུ་བོ་སྐེམ་ཞིང་བདུད་རྣམས་འཇོམས། །སྲིད་པའི་རླུང་གིས་མི་གཡོ་ཐུགས་རྗེའི་མགོན། །རབ་བརྗིད་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་མགོན་པོ་མི་གཡོ་བས། །བདག་སོགས་སེམས་ཅན་ཐམས་ཅད་ཀྱི། །བདུད་བཞིའི་བར་གཅོད་བསལ་དུ་གསོལ། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། །རང་གི་སྙིང་གའི་འོད་ཟེར་གྱིས། །བཅོམ་ལྡན་སྒྲོལ་མ་སྐུ་མདོག་སྔོ། །ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན། །གཡོན་གྱིས་ཨུཏྤལ་པད་ཟླ་ལ། །བརྐྱང་བསྐུམ་གྱིས་བཞུགས་སྤྱན་དྲངས་ཤིང་། །དེ་ཡིས་གཏོར་མ་གསོལ་བར་གྱུར། །ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ་ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཧེ་ཧེ་བྷ་ག་ཝ་ཏི་མ་ཧཱ་ས་ཏྭ་སརྦ་བུདྡྷ་ཨ་ཝ་ལོ་ཀི་ཏེ། མཱ་བི་ལཾ་བ་མཱ་བི་ལཾ་བ། ཨི་དཾ་བ་ལིཾ། གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ། སརྦ་བི་སཉྩ་རི་སྭཱ་ཧཱ། ཨཱརྒྷཾ་སོགས། ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་


KMC002_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འཕགས་མ་སྒྲོལ་མ་ཡིས། །བདག་སོགས་འགྲོ་རྣམས་འཇིགས་པ་ཆེ། །བརྒྱད་དང་བཅུ་དྲུག་དག་ལས་སྐྱོབས། །སྲིད་པའི་མཚོ་ལས་བསྒྲལ་དུ་གསོལ། །ༀ་བཛྲ་ཡཀྵ་ཧཱུྃ། ༀ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷ་ཉྫ་ར་ཎ་ཧཱུྃ་ཕཊ། །མི་གཙང་བ་རྣམས་རབ་བསྲེགས་ནས། །སྣོད་ནི་བདུད་རྩིས་གང་བར་གྱུར། །ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ ་ཎཱཾ་ཨརྱ་ནུཏྤནྣ་ནུ་ཏྭཱ་ཏ་ༀ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། འདོད་ཡོན་དུ་མས་གང་བར་གྱུར། །སྙིང་གའི་འོད་ཀྱིས་སྤྱན་འདྲེན་པ། །འདོད་རྒྱལ་གྱི་ཕྱག་རྒྱས། ༀ་བ་ཏ་ལི་བ་ཏ་ལི་མ་ཧཱ་བ་ཏ་ལི་ཧཱུྃ་ཧཱུྃ་ཛཿཛཿསྭཱ་ཧཱ། ༀ་ཀླུ་རྒྱལ་མཐའ་ཡས་ནོར་རྒྱས་བུ། །འཇོག་པོ་དང་ནི་སྟོབས་ཀྱི་རྒྱུ། །པདྨ་པདྨ་ཆེན་པོ་དང་། །དུང་སྐྱོང་དང་ནི་རིགས་ལྡན་ནོ། །ལྷ་མོ་ལྷ་མོ་ཆེན་པོ་དང་། །ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ། །དབྱུག་འཛིན་དབྱུག་


KMC002_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཆེན་པོ་དང་། །སོག་མ་མེད་དང་ཧུ་ལུནྟ། །དགའ་བོ་དང་ནི་ཉེར་དགའ་བོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང་། །ཚ་བ་ཚ་བ་ཆེན་པོ་དང་། །དཔལ་གྱི་འོད་དང་འོད་པོ་ཆེ། །རིན་ཆེན་འོད་དང་གཟུགས་མཛེས་དང་། །གཟུགས་མཛེས་ཆེན་པོ་སྤྲུལ་བཟང་དང་། །ལྟོ་འཕྱེ་ཆེན་པོ་ཚི་ལི་དང་། །ཚི་ལི་ཆེན་པོ་རྣམས་ལ་སོགས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ༀ་ཨཱ་གཙྪ་ཨ་གཙྪ། མ་ཧཱ་ནཱ་ག་ཨཱངྷི་པ་ཏ་ཡེ་བྷུརྦྷུ་ཝ། ཕྲུཾ་ཕྲུཾ་སྭཱ་ཧཱ། པདྨ་ཀ་མ་ལཱ་ཡ་སྟཾ། མ་ཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་གྲྀཧྞེ་དཾ་ཨཱརྒྷཾ་སོགས། ༀ་ཧི་ལི་ཧི་ལི་མ་ཧཱ་ཧི་ལི་ཕྲུཾ་ཕུཿསྭཱ་ཧཱ། སེ་གོལ་གཏོགས། ༀ་བྷཀྵ་ཡ་བྷ ཀྵ་ཡ་ས་མ་ཡ་ཏིཥྛ་ཕྲུཾ་ཕུ་ཧཱུྃ་སྭཱ་ཧཱ། སྡིག་པ་ཅི་ཡང་མི་བྱ་ཞིང་། སོགས་བརྗོད། སྤྱིར་དུ་ཀླུ་རྣམས་མ་ལུས་དང་། །ཁྱད་པར་བདག་སོགས་ལ་གནོད་པའི། །སེམས་ལྡན་ཐམས་ཅད་ཚིམ་གྱུར་ནས། །ཕན་པའི་སེམས་དང་ལྡན་གྱུར་ཅིག །ༀ་ནཱ་ག་ཨ་དྷི་པ་ཏི་ས་པ་རི་ཝཱ་ར་གཙྪ། བྱ་ཁྱུང་གི་ཕྱག་རྒྱས། ༀ་


KMC002_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ག་རུ་ཌ་ཧཾ་ས་ཧེ་ཙ་ལེ་ཙ་ལེ་སྭཱ་ཧཱ། །རང་ཉིད་རིན་ཆེན་གཟུགས་མཛེས་ནི། །མཆོག་གི་སྤྲུལ་སྐུའི་རྣམ་པར་གྱུར། ༀ་ཨཱཿཧཱུྃ། གཏོར་མ་བདུད་རྩིའི་རྒྱ་མཚོ་འདི། །ཡི་དྭགས་རྣམས་ལ་སྦྱིན་པར་བྱ། །ན་མཿསཱུ་རཱུ་པཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨཱརྷ་ཏེ། སམྱ ཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་སུ་རུ་སུ་རུ། པྲ་སུ་རུ་པྲ་སུ་རུ། ཏ་ར་ཏ་ར། བྷ་ར་བྷ་ར། སཾ་བྷ་ར་སཾ་བྷ་ར། སྨ་ར་སྨ་ར། སནྟ་ར་པ་ཡ་སནྟ་ར་པ་ཡ། སརྦ་པྲེ་ཏཱ་ནཱཾ་སྭཱ་ཧཱ། ཞེས་བདུན་དང་སེ་གོལ་ལན་གསུམ་བྱའོ། །ཨ་པ་ས་རཏྟུ་ཨ་ཝ་ཏ་ར། པྲེ ཀྵི་ཎོ་ད་དཱ་མྱ་ཧཾ་སརྦ་ལོ་ཀ་དྷཱ་ཏུ་པཱ་སི་ནཱཾ། པྲེ་ཏཱ་ནཱ་མ་ཧཱ་རཾ། ཡི་དྭགས་ཐམས་ཅད་བཟའ་བཏུང་གིས། །ཚིམ་ནས་བཀྲེས་དང་སྐོམ་པ་དང་། །དབུལ་ཕོངས་སྡུག་བསྔལ་ལས་གྲོལ་ནས། །རྣམ་མཁྱེན་སངས་རྒྱས་ཐོབ་གྱུར་ཅིག །དཀར་ཆ་བཞི་བྱེད་ན་འདི་ཡན་བྱ། ལྔ་བྱེད་ན་གཞི་བདག་ལ་བརྒྱ་རྩ་ནས་འབྱུང་བ་ལྟར་བསྔོའོ།། །།མི་གཡོ་བ་དྲུག་ཅུ་རྩ་བཞི་པ་གཏོང་ན། ཟན་བཅུ་དྲུག་བཞི་བཞིར་བྱས་ནས་མི་གཡོ་བའི་ལྟར་རོ།། །།སྒྲོལ་མ་ཉི་ཤུ་རྩ་


KMC002_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པ་གཏོང་ན། ཟན་བདུན་གསུམ་གསུམ་བྱས་ནས་སྒྲོལ་མའི་ལྟར་རོ། །ཞེས་པ་འདི་ཞྭ་དམར་པ་ལྔ་པས་སྦྱར་བའོ།། །།འབྲུལ་གཏོར་ཆ་ལྔའི་རིམ་པ་ནི། གཏོར་ཐེབ་ལྔའི་དང་པོ་དང་གཉིས་པར་རིལ་བུ་ཉེར་གཅིག་རེ། གཞན་གསུམ་ལ་བདུན་རེ་བླུགས་པའི་དང་པོ་བླ་མ་ཡི་དམ་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན་རྣམས་ལ་འབུལ་བ་ནི། ༀ་བཛྲ་ཨ་མྲྀ་ཏ་དང་། སྭ་བྷཱ་ཝས་བསངས་སྦྱངས། རང་བཞིན་སྟོང་པའི་ངང་ཉིད་ལས། །ཨ་ཡིག་ལས་བྱུང་པད་སྣོད་དུ། །རང་ལུས་སྟོད་ཀྱི་ཆ་ཤས་རྣམས། །འཕར་ནས་ལྷུང་བ་ཤ་ལྔ་དང་། །བདུད་རྩི་ལྔ་ཡི་རང་བཞིན་གྱུར། །ༀ་ཨཱཿཧཱུྃ། མདུན་གྱི་ནམ་མཁར་བླ་མ་དང་། །ཡི་དམ་ལྷ་ཚོགས་ཐམས་ཅད་ནི། །ལོངས་སྤྱོད་རྫོགས་དང་ཧེ་རུ་ཀའི། །རྣམ་པས་ཆར་སྤྲིན་འཁྲིགས་ལྟར་བཞུགས། ན་མཿསརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ། ༀ་སམྦྷ་ར་སམྦྷ་ར་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ཞེས་སྔགས་རེ་ཆུ་ཐིགས་རེ་སེ་གོལ་དེ་སྦྲག་པའི་ཉེར་གཅིག་གི་མཐར། ཨཱརྒྷཾ་སོགས་ཀྱིས་མཆོད། དེ་ལྟར་ཕུལ་བའི་དགེ་བ་འདིས། །བླ་མའི་དཀོར་འབགས་ཐུགས་དཀྲུགས་དང་།


KMC002_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་བཅག་ལ་སོགས་རྩ་བ་དང་། །ཡན་ལག་ཉེས་ལྟུང་དག་པར་ཤོག །གཉིས་པ་སངས་རྒྱས་བྱང་སེམས་སྤྲུལ་སྐུའི་ཆ་ལུགས་ཅན་རྣམས་ལ་འབུལ་བ་ནི། བསངས་སྦྱངས། རང་བཞིན་སྟོང་པའི་ངང་ཉིད་ལས། །བཾ་ལས་ཆུ་སྐྱེས་སྣོད་ནང་དུ། །རང་ལུས་བར་གྱི་ཆ་ཤས་རྣམས། །འཕར་ནས་ལྷུང་བ་དཀར་གསུམ་དང་། །མངར་གསུམ་འདྲེས་པའི་བདུད་རྩིར་གྱུར། །ༀ་ཨཱཿཧཱུྃ། མདུན་གྱི་ནམ་མཁར་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་ཐམས་ཅད་ནི། །སྤྲུལ་སྐུ་རབ་བྱུང་ཆ་ལུགས་ཅན། །མཁའ་ལ་སྤྲིན་འཁྲིགས་ལྟ་བུར་བཞུགས། །སྔགས་ཆུ་ཐིགས་སེ་གོལ་མཆོད་པ་སྔར་ལྟར། དེ་ལྟར་ཕུལ་བའི་དགེ་བ་འདིས། །ཕ་མ་མཁན་སློབ་མཆེད་གྲོགས་ལ། མ་གུས་པ་དང་དམ་ཆོས་སྤངས། །དཀོར་ཟོས་སྡིག་སྒྲིབ་དག་པར་ཤོག །གསུམ་པ་བགེགས་རིགས་ལན་ཆགས་ལ་སྦྱིན་པ་ནི། བསངས་སྦྱངས། རང་བཞིན་སྟོང་པའི་ངང་ཉིད་ལས། །ༀ་ལས་རིན་ཆེན་སྣོད་ནང་དུ། །རང་ལུས་སྨད་ཀྱི་ཆ་ཤས་


KMC002_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །འཕར་ནས་ལྷུང་བ་ལས་བྱུང་བའི། །སོ་སོའི་ཡིད་མཐུན་ལོངས་སྤྱོད་གྱུར། །ༀ་ཨཱཿཧཱུྃ། མདུན་གྱི་ས་གཞིར་གདོན་བགེགས་རྣམས། །ཉི་ཟེར་རྡུལ་ལྟར་འཁོད་པར་གྱུར། །སྔགས་ཆུ་ཐིགས་སེ་གོལ་བདུན་དང་། །དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། དེ་ལྟར་བྱིན་པའི་དགེ་བ་འདིས། །ནད་གདོན་ནོར་དང་སྲོག་རྣམས་ཀྱི། །ལན་ཆགས་བུ་ལོན་ཤ་ཁོན་ཞི། །རྫོགས་སངས་གོ་འཕང་མྱུར་ཐོབ་ཤོག །བཞི་པ་ཆུ་བདག་ཝ་རུ་ཎ་ལ་སྦྱིན་པ་ནི། །བསངས་སྦྱངས་བྱིན་རླབས་གོང་ལྟར། མདུན་གྱི་ས་གཞི་ཀླུ་ཡི་རྒྱལ། །ཝ་རུ་ཎ་ནི་སྐུ་མདོག་དཀར། །ཞལ་གཅིག་ཕྱག་བཞི་འཛུམ་མདངས་ཅན། །དང་པོའི་ཕྱག་གཉིས་ཐལ་མོ་སྦྱར། །གཡས་འོག་རིན་ཆེན་སྙེ་མ་དང་། །གཡོན་འོག་སྦྲུལ་ཞགས་དབྱུག་ཏོ་འཛིན། །འོད་ཟེར་དཀར་པོ་རབ་འཕྲོ་བའི། །ཆུ་བདག་འཁོར་བཅས་འཁོད་པར་གྱུར། །སྔགས་སོགས་གོང་ལྟར། མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །སྤྱན་རས་གཟིགས་སྔར་ཁས་བླངས་བཞིན། །སངས་རྒྱས་


KMC002_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་དར་བ་དང་། །སེམས་ཅན་ཐམས་ཅད་སྐྱོབ་པར་མཛོད། །ལྔ་པ་བར་དོའི་སེམས་ཅན་ལ་སྦྱིན་པ་ནི། །བསངས་སྦྱངས་སོགས་གོང་ལྟར། ལུས་ནི་རྙིང་པ་དོར་ནས་སུ། །ལུས་གཞན་གསར་པ་མ་བླངས་པའི། །དབང་མེད་བར་དོའི་སེམས་ཅན་རྣམས། །མདུན་དུ་བུ་ཡུག་འཚུབས་ལྟར་གྱུར། །སྔགས་སོགས་སྔར་ལྟར། ཁ་ཟས་བསྟབས་པ་འདི་ཡིས་མཐུས། །འཁྲུལ་སྣང་འཇིགས་སྐྲག་ཐམས་ཅད་ཞི། །བར་དོར་རང་ངོ་འཕྲོད་གྱུར་ནས། །དག་པའི་ཞིང་དུ་སྐྱེ་བར་ཤོག །བདག་གི་བསམ་པའི་སྟོབས་དག་དང་། །སོགས་བརྗོད།། །།ཆུ་གཏོར་གྱི་རིམ་པ་ནི། ཛམ་དཀར་ལ། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། རིན་ཆེན་ལྔ་ལས་གྲུབ་པ་ཡི། །གཞལ་མེད་ཁང་པའི་དབུས་སུ་ནི། །ཛམ་ལ་སྐུ་མདོག་དཀར་པོ་སྟེ། །ཞལ་གཅིག་ཕྱག་གཉིས་གཡས་བེ་ཅོན། །ཕྱག་གཡོན་ནེའུ་ལེ་བསྣམས་པ་སྟེ། །གྲུ་མོར་ཁ་ཊྭཱཾ་ག་ལྡན་པ། །དབུ་སྐྲ་དཀར་སེར་གྱེན་དུ་བརྫེས། །སྤྱན་གསུམ་


KMC002_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གདངས་རིན་ཆེན་གྱི། །རྒྱན་ལྡན་འབྲུག་ལ་ཆིབས་པའོ། །ཤར་དུ་རྡོ་རྗེ་ཌཱ་ཀི་མ། །མཐིང་ནག་གཡས་ན་རྡོ་རྗེ་དང་། །གཡོན་པས་རྟེན་འབྲེལ་ནོར་རྫས་འཛིན། །ལྷོ་རུ་རིན་ཆེན་ཌཱ་ཀི་མ། །སེར་མོ་གཡས་ན་ནོར་བུ་དང་། །གཡོན་པས་རིན་ཆེན་བུམ་པ་འཛིན། །ནུབ་ཏུ་པདྨ་ཌཱ་ཀི་མ། །དམར་མོ་གཡས་ན་པདྨ་དང་། །གཡོན་པས་འགུགས་བྱེད་ལྕགས་ཀྱུ་འཛིན། །བྱང་དུ་ལས་ཀྱི་ཌཱ་ཀི་མ། །ལྗང་གུ་རྡོ་རྗེ་རྒྱ་གྲམ་གཡས། །གཡོན་པ་ནེའུ་ལེའི་རྐྱལ་པ་འཛིན། །ཀུན་ཀྱང་རིན་ཆེན་རྒྱན་ལྡན་ཞིང་། །ཕྱེད་བསྐུམ་ཚུལ་གྱིས་བཞུགས་པར་གྱུར། །རང་ཉིད་སྤྱན་རས་གཟིགས་གྱུར་པའི། །ཕྱག་གི་བུམ་པའི་ཆུ་བླུག་གྱུར། །ༀ་པདྨ་ཀྲོ་དྷ་ཨཪྻ་ཛམྦྷཱ ་ལ་ཧྲི་ད་ཡ་ཧཱུྃ་ཕཊ། བརྒྱ་རྩ་བརྗོད། དེ་ནས་གཏོར་མ་དཀར་གསུམ་ཅི་འབྱོར་བཤམས་ནས། ༀ་ཨཱཿཧཱུྃ། བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་པདྨ་ཀྲོ་དྷ་སོགས་ཀྱི་མཐར། བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། འགྲོ་བ་དབུལ་བའི་སྡུག་བསྔལ་གཟིགས་གྱུར་


KMC002_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །འཇིག་རྟེན་མགོན་པོའི་སྤྱན་ཆབ་ལས་འཁྲུངས་པའི། །གངས་རི་ལྟར་དཀར་ནོར་འཆང་ཀུན་གྱི་རྗེ། །མཁའ་འགྲོ་བཞི་ཡིས་བསྐོར་ལ་ཕྱག་འཚལ་ལོ། །སེར་སྣའི་ལས་ཀྱི་མེ་ཡིས་གདུངས་བ་བདག །སྐྱེ་དང་སྐྱེ་བར་ཁྱེད་ལ་གསོལ་འདེབས་ཀྱི། །རིན་ཆེན་བདུད་རྩིའི་གཏེར་གྱི་ཆུ་རྒྱུན་གྱིས། །སེམས་ཅན་དབུལ་བའི་སྡུག་བསྔལ་ཞི་བར་མཛོད། །ལྷ་ལྔ་རང་གི་ཐུགས་ཀར་ཐིམ། །ལོངས་སྤྱོད་སྤྲིན་བཞིན་འདུས་པར་གྱུར། །ཆུ་མྱང་བ་དང་། ཕྱོགས་བཞིར་གཏོར་མ་ཡིག་བརྒྱ་ཡང་བརྗོད། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །རང་ཉིད་ཐུགས་རྗེ་ཆེན་པོ་ནི། །ཞལ་གཅིག་ཕྱག་གཉིས་རྣམ་པར་གྱུར། །མདུན་དུ་རིན་ཆེན་སྣོད་དུ་ནི། །པདྨ་ཟླ་བའི་དཀྱིལ་འཁོར་སྟེང་། །ཛཾ་ལས་ཛམྦྷ་ལ་སེར་པོ། །ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས། །


KMC002_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བཱི་ཛ་པཱུ་ར་ཀ་དང་ནི། གཡོན་གྱིས་ནེའུ་ལེ་རབ་ཏུ་འཛིན། །དུང་དང་པདྨའི་གདོང་དག་གིས། །གཏེར་བདག་མནན་ཞིང་སྐྱིལ་ཀྲུང་བཞུགས། །རིན་ཆེན་མེ་ཏོག་རྒྱན་ལྡན་པའི། །གནས་གསུམ་ༀ་ཨཱཿཧཱུྃ་རྣམས་ལས། འོད་འཕྲོས་ཡེ་ཤེས་པ་ཡི་ཚོགས། །སྤྱན་དྲངས་གཉིས་སུ་མེད་པར་གྱུར། །ཛཿཧཱུྃ་བཾ་ཧོཿ སླར་ཡང་ཧཱུྃ་གི་འོད་ཟེར་གྱིས། །དབང་གི་ལྷ་རྣམས་སྤྱན་དྲངས་གྱུར། །ཨཱརྒྷཾ་སོགས། དེ་བཞིན་གཤེགས་རྣམས་དབང་བསྐུར་གསོལ། །དེ་ལྟར་གསོལ་བས་བདུད་རྩི་ཡིས། །དབང་བསྐུར་ཆུ་ལྷག་ཡར་ལུད་པས། །རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱུར། །ཨཱརྒྷཾ་སོགས། རང་གི་ལག་མཐིལ་ཟླ་བའི་སྟེང་། བྲཱུཾ་ཨཱཾ་ཛྲིཾ་ཁཱཾ་ཧཱུྃ་ཡིག་ལས། །བྱུང་བའི་དེ་བཞིན་གཤེགས་པ་ལྔ། །ཞུ་བའི་ཡེ་ཤེས་བདུད་རྩིར་གྱུར། །ཆུ་རྒྱུན་དབུལ་ཞིང་། ༀ་ཛམྦྷ་ལ་ཛ་ལེནྡྲཱ་ཡེ་སྭཱ་ཧཱ། བརྒྱ་རྩ་བརྗོད། ༀ་ཨཱརྱ ་ཛམྦྷ་ལ་ས་པ་རི་ཝཱ་ར་ཨཱརྒྷཾ་སོགས། ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང་། །


KMC002_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་ནོར་འཆང་མང་པོ་ཀུན་གྱི་རྗེ། །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམྦྷ་ལ། །དངོས་གྲུབ་མཆོག་སྩོལ་མཛད་ལ་ཕྱག་འཚལ་ལོ། །སེར་སྣའི་ལས་ཀྱི་མེ་ཡིས་གདུངས་བ་རྣམས། །སྐྱེ་དང་སྐྱེ་བར་ཁྱོད་ལ་སྐྱབས་སུ་མཆི། །རིན་ཆེན་བདུད་རྩིའི་གཏེར་གྱི་ཆུ་རྒྱུན་གྱིས། །སེམས་ཅན་དབུལ་བའི་སྡུག་བསྔལ་ཞི་བར་མཛོད། །མདུན་དུ་རིན་ཆེན་སྣོད་དུ་ནི། །པདྨ་ཉི་མའི་དཀྱིལ་འཁོར་སྟེང་། །ཧཱུྃ་ལས་ཛམྦྷ་ལ་ནག་པོ། །ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས། །ཁྲག་གིས་གང་བའི་ཐོད་པ་དང་། །གཡོན་གྱིས་ནེའུ་ལེ་རབ་ཏུ་འཛིན། །གཡོན་བརྐྱང་ནོར་བདག་སེར་པོ་མནན། །ཀླུ་ཆེན་བརྒྱད་ཀྱིས་བརྒྱན་ལྡན་པའི། །གནས་གསུམ་སོགས། མི་བསྐྱོད་པ་ཡིས་དབུ་བརྒྱན་གྱུར། །རང་གི་ལག་མཐིལ་སོགས། །ཆུ་དབུལ་ཞིང་། ༀ་ཨིནྡྲ་ནི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ། ༀ་ཛམླུཾཾ་སྭཱ་ཧཱ། བརྒྱ་རྩ་བརྗོད། ན་མོ་རནྟ་ཏྲ་ཡཱ་ཡ། ན་མོ་མ་ཎྀ་བྷ་དྲཱ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ།


KMC002_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཏདྱ་ཐཱ། ༀ་ཛམྦྷ་ལ་ཛ་ལེནྡྲཱ་ཡེ་སྭཱ་ཧཱ། ཨཱརྒྷཾ་སོགས། མགོན་པོ་ནམ་མཁའི་མདོག་ཅན་རིན་ཆེན་ཆར་འབེབས་པ། །མ་སྐྱེས་རང་བཞིན་དག་པས་སྐུ་མདོག་སྔོན་པོར་བཞུགས། །ཁྱོད་ནི་རྡོ་རྗེ་སེམས་དཔའ་ཉིད་དེ་བདག་དྲན་ན། །རྟག་ཏུ་ཡིད་ལ་རེ་བའི་འབྲས་བུ་མཆིས་པར་མཛོད། །སེར་སྣའི་ལས་ཀྱི་སོགས། རང་གི་ཕྱག་ནས་བདུད་རྩིའི་རྒྱུན། །བབས་པས་ཡི་དྭགས་ཀུན་ཚིམ་གྱུར། །ༀ་མ་ཎི་པདྨེ་ཧཱུྃ། ༀ་ཨཱཿཧྲཱིཿཧཱུྃ། ཆུ་སྦྱིན་ཞིང་སེ་གོལ་དང་བཅས། ༀ་ཛ་ལ་མི་དཾ་སརྦ་པྲ་ཏེ་བྷྱཿསྭཱ་ཧཱ། འཕགས་པ་སྤྱན་རས་གཟིགས་དབང་གི །ཕྱག་ནས་འབབ་པའི་འོ་རྒྱུན་གྱིས། །ཡི་དྭགས་རྣམས་ནི་ཚིམ་བྱས་ནས། །ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །མགོན་པོ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། །ༀ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་ས་ཏྭཱ་ནཱཙྩ་སྭཱ་ཧཱ། བར་དོའི་སེམས་


KMC002_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཀུན་ཚིམ་ནས། །བཀྲེས་སྐོམ་འཇིགས་སྐྲག་ཞི་གྱུར་ཅིག །བདག་བསྐྱེད་ཀྱི་ཚིག་གཉིས་པོ་སོ་སོའི་མགོར་སྦྱར་ཞིང་། མཇུག་ཏུ། དེ་ལྟར་ཆུ་ཡི་སྦྱིན་པ་འདི། །ཀླུ་རྒྱལ་དགའ་བོ་ལ་སོགས་པ། །ཆུ་ཀླུང་བདག་པོ་མ་ལུས་པའི། །སྦྱིན་པ་དམ་པར་འགྱུར་བར་ཤོག །ཆུ་གཏོར་གྱི་སྐོར་འདི་རྣམས་ཞྭ་དམར་པ་ལྔ་པས་སོ།། །།བླ་མ་དང་མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དཔལ་རྒ་ལོ་ལ་ཇོ་བོ་ཐུགས་རྗེ་ཆེན་པོས་ཁ་བ་ཅན་པའི་འགྲོ་དོན་དུ་རྗེས་སུ་གནང་བའི་ཀླུ་གཏོར་གྱི་རིམ་པ་ནི། དགོས་ཆའི་རྫས་རྣམས་ཕྱེ་མའམ་རིལ་བུར་བྱས་པ་འོ་འམ་ཆུ་ལ་སྦྱར་ནས་སྦྲེང་བའི་དོན་དུ་གཡས་ཕྱོགས་སུ་བཞག །མདུན་དུ་ཟངས་གཞོང་བཞག །རང་ཁ་བྱང་ཤར་དུ་བལྟ་བར་འདུག་ནས་ངག་ཏུ། བླ་མ་དཀོན་མཆོག་རྣམ་གསུམ་ལ། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། །ཁམས་གསུམ་འགྲོ་བའི་སྡུག་བསྔལ་དང་། །ཁྱད་པར་ཀླུ་ཡི་བྱེ་ཚན་ཆར། །མཁའ་ལྡིང་གནོད་པ་ཞི་བྱའི་ཕྱིར། །བདག་གིས་མཆོད་སྦྱིན་བརྩམ་པར་བྱ། །རིན་ཆེན་བྲག་རི་བྱ་སྐྱིབས་ཅན། །བྱང་ཤར་བལྟ་


KMC002_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མདུན་ངོས་སུ། །པདྨ་དཀར་པོའི་སྡོང་པོ་ནི། །རྒྱ་ཁྱོན་སྟོང་གསུམ་དང་མཉམ་པ། །ལྟེ་བར་མཚོ་དང་རྫིང་བུ་དང་། །ལྗོན་ཤིང་ནེའུ་གསིང་ཆུ་མིག་སོགས། །ཀླུ་ཡི་ཕོ་བྲང་ཉམས་དགའ་བ། །བལྟ་ན་སྡུག་པ་རྣམས་སུ་གྱུར། །དེ་ཡི་དབུས་སུ་ཉི་ཟླའི་སྟེང་། །ཧྲཱིཿཡིག་དཀར་པོ་ཡོངས་གྱུར་པས། །ཇོ་བོ་ཁ་སཪྤ་ཎི་ནི། །དཀར་པོ་གངས་ལ་ཉི་ཤར་འདྲ། །ཕྱག་གཡས་མཆོག་སྦྱིན་པདྨ་དང་། །གཡོན་པས་ཐུགས་ཀར་པདྨ་བསྣམས། །ཞལ་རས་འཛུམ་ཞིང་སྤྱན་གསུམ་ལྡན། །རིན་པོ་ཆེ་ཡི་རྒྱན་གྱིས་བརྒྱན། །གཡས་བརྐྱང་གཡོན་བསྐུམ་གྱིས་གཞུགས་པའི། །སྤྱི་བོར་འོད་དཔག་མེད་པ་བཞུགས། །གནས་གསུམ་ༀ་དཀར་ཨཱཿདམར་པོ། །ཧྲཱིཿཡིག་དཀར་པོ་སོ་སོ་ལ། །ཧྲཱིཿཡིག་དམར་པོས་བསྐོར་བའོ། །འཇིག་རྟེན་མགོན་པོའི་མཐའ་སྐོར་དུ། །ཀླུ་ཆེན་བརྒྱད་ཀྱིས་གཙོ་བྱས་པའི། །ཀླུ་དང་ས་བདག་དུ་མས་གང་། །ཐུགས་ཀའི་ཧྲཱིཿཡི་འོད་ཟེར་གྱིས། །ལག་གཉིས་


KMC002_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ་ངག་ཏུ། གདེང་ཀ་ནོར་བུ་འབར་བའི་འོད་ཀྱིས་ནི། །ས་འོག་མུན་པ་མ་ལུས་སེལ་མཛད་པའི། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་བཅས་མ་ལུས་གཤེགས་སུ་གསོལ། །ༀ་ནཱ་ག་ས་པ་རི་ཝཱ་ར་ས་མ་ཡེ་ཧཱུྃ་ཛཿཛཿཞེས་པ་ལན་བདུན་གྱིས་སྤྱན་དྲངས། འཇིག་རྟེན་ན་བཞུགས་ཀླུ་རྣམས་ཀུན། །སྤྱན་དྲངས་མདུན་བསྐྱེད་རྣམས་ལ་ཐིམ། ༀ་ཨཱཿཧཱུྃ། བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཟངས་གཞོང་དུ་ཆུ་སྦྲེང་ཞིང་། ལག་མཐིལ་ཧྲཱིཿཡིག་དཀར་པོ་ལས། །གང་འདོད་བདུད་རྩི་བབས་པ་ལ། །ཀླུ་དང་ས་བདག་ལ་ལས་འཐུང་། །ལ་ལས་ཁྲུས་བྱེད་ལ་ལ་ཡིས། །རྩེད་མོ་བྱེད་ཅིང་སྐོར་བ་བྱེད། །གུས་པས་འདུད་པ་བྱེད་པར་གྱུར། །ༀ་བཱ་སུ་ཀི་མཱཾ་སྭཱ་ཧཱ། ཞེས་པའི་སྔགས་བརྒྱ་རྩ་བརྒྱད་བརྗོད། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །


KMC002_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་བླ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པཱ་ར་པ་རཱ་ཎི་མེ་སརྦ་ས་ཏྭཱ་ནཱཉྩ ་སྭཱ་ཧཱ། ཞེས་གཟུངས་འདི་ལན་གསུམ་བརྗོད། ཆོས་ཀྱི་དབྱིངས་ན་སྐྱེས་བུ་གཅིག་པུ་པ། ཁམས་གསུམ་དག་ན་བཙུན་པ་སྤྱན་རས་གཟིགས། །ཟླ་ཞལ་པད་མདོག་དྲི་མ་མེད་པའི་སྐུ། །སྐྱོན་བྲལ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ནོར་རྒྱས་དང་ནི་དུང་སྐྱོང་དང་། །དགའ་བོ་དང་


KMC002_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཉེར་དགའ་བོ། །པདྨ་དང་ནི་ཆུ་ལྷ་དང་། །དཔལ་གྱི་འོད་དང་འོད་པོ་ཆེ། །རིགས་བཟང་དང་ནི་སྟོབས་ལྡན་ཏེ། །ཀླུ་རིགས་བཞི་ལ་སོགས་པ་ཡང་། །སྐུ་སྟོད་སྐྱེས་བུའི་ཆ་བྱད་ལ། །སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན། །སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ། །ཀླུ་བྲན་མང་པོའི་འཁོར་གྱིས་བསྐོར། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །མཉེས་ཤིང་དགྱེས་པའི་ལས་རྣམས་མཛོད། །མཐོང་བའི་དུག་དང་རག་པའི་དུག །ཁ་རླངས་དུག་དང་མཆེ་བའི་དུག །བསམ་ངན་དུག་ལ་སོགས་པ་ཡི། །ཀླུ་ཡི་དུག་རྣམས་ཞི་བར་མཛོད། །རླུང་མཁྲིས་བད་ཀན་ནད་ལ་སོགས། །ཀླུ་ཡི་ནད་རྣམས་ཞི་བར་མཛོད། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །ཛཱ་ཏི་ཕ་ལའི་རྫས་འདི་ཡིས། །ཀླུ་ཡི་མགོ་ཉམས་སོས་གྱུར་ཅིག །གཟི་དང་རྒྱ་མཚོ་ལྦུ་བ་ཡིས། །མིག་དང་ཀླད་ཉམས་སོས་གྱུར་ཅིག །ཨུཏྤ་ལ་དང་ཉ་ལྕིབས་ཀྱིས། །སྣ་དང་


KMC002_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

འགྲམ་པ་ཉམས་པ་སོས། །ལི་ཁྲི་དང་ནི་མཚལ་དག་གིས། །ཤ་ཁྲག་ཉམས་པ་སོས་གྱུར་ཅིག །ལེ་བརྒན་དར་དང་འགྲོན་བུ་ཡིས། །ལྗགས་དང་སོ་ཉམས་སོས་གྱུར་ཅིག །དུང་དང་གུར་གུམ་རྫས་དག་གིས། །རུས་པ་ཉམས་དང་དྲི་ཉམས་སོས། །ཙནྡན་དཀར་པོས་ཚད་ནད་དང་། །རྨ་བྱའི་མདོངས་ཀྱིས་མདངས་ཉམས་ཞི། །དར་ཚོན་ལྔ་དང་སྙིང་ཞོ་ཤས། །པགས་པ་དང་ནི་སྙིང་ཉམས་སོས། །མཁལ་མ་ཞོ་ཤས་མཁལ་མ་དང་། །གླ་གོར་ཞོ་ཤས་གློ་བ་སོས། །ཆུ་སྲིན་སྡེར་མོ་དབང་ལག་གིས། །སྡེར་མོ་ལག་པ་ཉམས་པ་སོས། །ཆག་ཚང་ཀུ་བས་གྲོད་པ་དང་། །སྤང་སྤོས་ཚུལ་ཁྲིམས་ཉམས་པ་སོས། །སྤུ་ཤེལ་རྩེ་དང་རྡོ་རྒྱུས་ཀྱིས། །རྩ་རྒྱུས་ཆུ་རྒྱུས་སོས་གྱུར་ཅིག །སླེ་ཏྲེས་དང་ནི་བྱི་ཏང་ཀས། །རྒྱུ་མ་རེག་བྱ་ཉམས་པ་སོས། །ཨ་རུ་ར་ཡིས་ནང་ཁྲོལ་དང་། །འདམ་བུ་ཀ་རའི་རྫས་འདི་ཡིས། །གནས་ཁང་ཉམས་པ་སོས་གྱུར་ཅིག །རིན་ཆེན་སྣ་ལྔས་བང་


KMC002_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་དང་། །དཀར་གསུམ་མངར་གསུམ་ཁ་ཟས་ཀྱིས། །ཁ་ཟས་ཉམས་པ་སོས་གྱུར་ནས། །འཇིག་རྟེན་ཁམས་སུ་ཆར་ཆུ་དང་། །ལོ་ཕྱུགས་རྟག་ཏུ་ལེགས་པར་མཛོད། །ༀ་ནཱ་ག་ས་པ་རི་ཝཱ་ར་ས་མ་ཡེ་ཧཱུྃ་ཛཿཛཿ ༀ་ནཱ་ག་ཤིག་ཅིག །ཕྱིར་ཞིག །དེངས་ཤིག །ནཱ་ག་ཤིག །ནཱ་ག་ཁྲོལ། ནཱ་ག་དེངས། རྒྱལ་རིགས་བྲམ་ཟེ་རྗེ་རིགས་དང་། །དམངས་རིགས་ཤར་ལྷོ་ནུབ་བྱང་དུ། །སོ་སོར་གཤེགས་ཤིང་གདོལ་པ་རྣམས། །མཚམས་རྣམས་སུ་ནི་གཤེགས་སུ་གསོལ། །གཞན་ཡང་ས་བདག་ཕྲ་མོ་རྣམས། །ཆུ་ཤིང་དྲག་སོགས་རང་གནས་གཤེགས། །རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཁྱེད་ཅག་མཆོད་པས་ཚིམ་གྱུར་ཏེ། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་པ་འདི་མཚུངས་མེད་བླ་མ་དམ་པས་དགོངས་པ་རྗེས་སུ་གནང་བ་ལྟར། དཀོན་མཆོག་འབངས་ཀྱིས་ཙཱ་རི་མཚོ་དཀར་དུ་བཀོད་པའོ། །འདིའི་ལོ་རྒྱུས་ནི། དཔལ་རྒ་ལོས་རྒྱ་གར་དུ་ཡུན་རིང་པོར་བསྒྲུབས་པ་བྱས་པས་ལུང་བསྟན་བྱུང་སྟེ།


KMC002_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་ཆེན་པོ་བསིལ་བ་ཚལ་དུ་སྤྱོད་པ་མཛད་དུས། ཀླུའི་རྒྱལ་པོ་བཱ་སུ་ཀི་དེ་སྐྱེས་པ་ཡིད་དུ་འོང་བ་རྒྱལ་པོའི་ཆ་བྱད་ཅན་མགོ་ལ་སྦྲུལ་མགོ་ཡོད་པ་ཞིག་བྱུང་སྟེ། ཡང་ཡང་ཡོང་ནས་ཆོས་ཞུས། དེ་ནས་ལོངས་སྤྱོད་མང་པོ་ཕུལ་ནས་ཡོན་བདག་བྱས། ཁྱོད་ལ་ཇི་ལྟར་ཕན་འདོགས་བྱས་པས། བཱ་སུ་ཀིའི་ཆུ་གཏོར་དང་སྒྲུབ་ཐབས་ཁོ་རང་གིས་ཕུལ་བའོ།། །།དབྱུག་གུ་དྲུག་ཅུ་རྩ་བཞིའི་གཏོར་མ་ནི། བསངས་སྦྱངས། སྟོང་ཉིད་ངང་ལས་གཏོར་མའི་སྣོད། །རིན་ཆེན་ལས་གྲུབ་ཡངས་པའི་ནང་། །ཁ་དོག་དྲི་རོ་ནུས་པ་རྣམས། །ཕུན་ཚོགས་ལྷ་ཡི་བདུད་རྩིར་གྱུར། །ༀ་ཨཱཿཧཱུྃ། ཞེས་བྱིན་གྱིས་བརླབས། ༀ་ཨ་ཀཱ་རོ་དང་། ༀ་ཨཱཿཧཱུྃ་ཧོཿཨཥྚ་ཨཥྚ་ཀེ་ན་ཙ་ཧུ་ཥྵ་ཥྛི་བཛྲ་ཡོ་གི་ནཱི་བྷྱཿས་པ་རི་ཝཱ་ར་བྷྱཿཨི་དཾ་བ་ལིཾ། གནྡྷཾ། པུཥྤེ། དྷཱུ་པཾ། དཱི་པཾ། ཨཱཀྵ་ཏཾ། ད་དཱ་མ་ཧེ། ཏེ་ཛཱ་ག་ཏྱ། ས་པ་རི་ཝཱ་ར། ཤཱི་གྷྲཾ། ཨི་དཾ་བ་ལིཾ། གྲི་ཧྞནྷུ། ཁཱ་དནྟུ། པི་ཝནྟུ། ཛཿཧཱུྃ་བྃ་ཧོཿ སཾ་ཏྲིཔྷཿ སརྦྦ་ས་ཏྭཱ་ནཱཾ། ཤནྟིཾ། པུཥྚིཾ། རཀྵ་པ་ར་ཎ་གུཔྟིཾ། ཀུརྦྦནྷུ། ཧཱུྃ་ཧཱུྃ་ཕཊ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། འཕགས་པའི་ཚོགས་རྣམས་མཉེས་གྱུར་ཅིག །


KMC002_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཅན་ཐུགས་དམ་སྐོངས་གྱུར་ཅིག །རིགས་དྲུག་འདོད་པ་ཚིམ་གྱུར་ཅིག །ལན་ཆགས་བུ་ལོན་འཁོར་གྱུར་ཅིག །དབྱུག་གུ་དྲུག་ཅུ་རྩ་བཞི་ཡིས། །དུས་ཀྱི་བར་གཅོད་ཞི་གྱུར་ཅིག །ནམ་མཁའ་མཉམ་པའི་སེམས་ཅན་རྣམས། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་སོ།། །།འབྱུང་བཞི་གཏོར་མ་ནི། གཏོར་སྣོད་རྣམས་སུ་རླུང་མེ་ཆུ་སའི་དབྱིབས་ཀྱི་གཏོར་མ་ཟླ་གམ་གྲུ་གསུམ་ཟླུམ་པོ་གྲུ་བཞིའི་ཟན་དང་གླུད་ཆང་བུ་དང་བཅས་པ་ཆུས་བྲན། བསངས་སྦྱངས། སྟོང་པའི་ངང་ལས་རིན་ཆེན་སྣོད། །ཡངས་ཤིང་རྒྱ་ཆེ་རྣམས་ཀྱི་ནང་། །ༀ་ཨཱཿཧཱུྃ་ལས་བྱུང་བ་ཡི། །གཏོར་མ་ལྷ་རྫས་ཐོགས་མེད་ནི། །ངོ་བོ་ཡེ་ཤེས་བདུད་རྩི་ལ། །རྣམ་པ་འབྱུང་བ་བཞི་ཡི་དངོས། །བྱེད་ལས་དབང་པོ་དྲུག་གི་ཡུལ། །ཟག་མེད་བདེ་བ་བསྐྱེད་པར་གྱུར། །ༀ་ཨཱཿཧཱུྃ། །ལན་གསུམ། རང་ཉིད་དམ་པ་སངས་རྒྱས་སྐུ། །སྨུག་ནག་སེང་ལྡེང་ཌ་རུ་འཁྲོལ། །དངུལ་དཀར་དྲིལ་བུ་དཀུར་བརྟེན་ཞིང་། །རྟེན་འབྲེལ་གལ་ཏེ་ཕྲག་ལ་གཟར། །


KMC002_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་རྒྱུད་བསྟན་བཅོས་དགོངས་པ་རྟོགས། །ཨཱ་ལི་ཀཱ་ལིའི་སྒྲ་སྒྲོགས་གྱུར། །ཡཾ་ཨི་ཨཱི་ཙ་ཚ་ཛ་ཛྷ་ཉ་ཞེས་པ་ལན་བདུན་གྱིས་དབུལ། ཨཱརྒྷཾ་སོགས་ཀྱིས་མཆོད། རླུང་རྫས་སྔོན་པོ་ཡང་ཞིང་གཡོ་བ་འདི་དག་རྣམས། །དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་འཁོར་བཅས་དང་། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་རྣམས་ལ་འབུལ། །ཉོན་མོངས་ཞེ་སྔང་རླུང་ནད་ལྷ་དང་དྲི་ཟའི་གདོན། །ཐམས་ཅད་སྲུངས་ཤིག་ཟློག་ཅིག་སྒྱུར་བར་མཛད་དུ་གསོལ། །སྣང་བ་སྣ་ཚོགས་རྟེན་ཅིང་འབྲེལ་འབྱུང་དུ་རྟོགས་ནས། །འགྲོ་དོན་ཕྱོགས་མེད་རྟེན་འབྲེལ་སྒོ་ནས་འགྲུབ་པར་ཤོག །དེ་བཞིན་དུ། རཾ་རྀ་རཱྀ་ཊ་ཋ་ཌ་ཌྷ་ཎ། ལན་བདུན་དང་། ཨཱརྒྷཾ་སོགས། མེ་རྫས་དམར་པོ་ཚ་ཞིང་སྲེག་པ་འདི་དག་རྣམས། །དཔལ་ལྡན་བླ་མ་རིན་ཆེན་འབྱུང་ལྡན་འཁོར་བཅས་དང་། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་ལྷ་ཚོགས་རྣམས་ལ་འབུལ། །ཉོན་མོངས་ང་རྒྱལ་ཚད་ནད་ཕོ་གདོན་གཤིན་རྗེའི་གདོན། །ཐམས་ཅད་སྲུངས་


KMC002_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་སོགས། བཾ་ཨུ་ཨཱུ་པ་ཕ་བ་བྷ་མ། ལན་བདུན་དང་། ཨཱརྒྷཾ་སོགས། ཆུ་རྫས་དཀར་པོ་བརླན་ཞིང་གཤེར་བ་འདི་དག་རྣམས། །དཔལ་ལྡན་བླ་མ་སྣང་བ་མཐའ་ཡས་འཁོར་བཅས་དང་། །ནུབ་ཕྱོགས་པདྨ་རིགས་ཀྱི་ལྷ་ཚོགས་རྣམས་ལ་འབུལ། །ཉོན་མོངས་འདོད་ཆགས་གྲང་ནད་མོ་གདོན་ཀླུ་ཡི་གདོན། །ཐམས་ཅད་སྲུངས་ཤིག་སོགས། ལཾ་ལྀ་ལཱྀ་ཏ་ཐ་ད་དྷ་ན་ལན་བདུན་དང་། ཨཱརྒྷཾ་སོགས། ས་རྫས་སེར་པོ་སྲ་ཞིང་བརྟན་པ་འདི་དག་རྣམས། །དཔལ་ལྡན་བླ་མ་དོན་ཡོད་གྲུབ་པ་འཁོར་བཅས་དང་། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་ལྷ་ཚོགས་རྣམས་ལ་འབུལ། །ཉོན་མོངས་ཕྲག་དོག་བད་ཀན་འགོང་པོ་གནོད་སྦྱིན་གདོན། ཐམས་ཅད་སྲུངས་ཤིག་སོགས། །གླུད་ནི། སམྦྷ་ར་དང་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་པས་བསྔོས་ལ། སྔོན་ཚེ་ལྷ་དབང་བརྒྱ་བྱིན་གླུད། །ད་ལྟ་རྒྱུ་སྦྱོར་སྦྱིན་བདག་གླུད། །ཤ་ཡི་གླུད་འདི་ས་ལ་གཏོང་། །ས་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆང་བུ་


KMC002_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །ཁྲག་གི་གླུད་འདི་ཆུ་ལ་གཏོང་། །ཆུ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆང་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །དྲོད་ཀྱི་གླུད་འདི་མེ་ལ་གཏོང་། །མེ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆང་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །དབུགས་ཀྱི་གླུད་འདི་རླུང་ལ་གཏོང་། །རླུང་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆང་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །རུས་པའི་གླུད་འདི་བྲག་ལ་གཏོང་། །བྲག་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆང་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །རྩ་རྒྱུས་གླུད་འདི་ཤིང་ལ་གཏོང་། །ཤིང་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆང་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །པགས་པའི་གླུད་འདི་ཐང་ལ་གཏོང་། །ཐང་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆང་བུ་འདི་ཁྱེར་


KMC002_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །སེམས་ཉིད་གླུད་འདི་མཁའ་ལ་གཏོང་། །མཁའ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆང་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །གཞན་གྱི་བྱད་ཀ་ཕུར་ཀ་དང་། །ཟོར་ཀ་མནན་པ་ལ་སོགས་བཟློག །ཀག་དང་སྲི་ངན་ཐམས་ཅད་དང་། །གནོད་བྱེད་ཐམས་ཅད་ཟློག་ཏུ་གསོལ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །སོགས་བརྗོད། ཅེས་པ་འདི་དགེ་སློང་ཀརྨ་བཟང་གིས་བསྐུལ་བ་ལྟར། ཞྭ་དམར་པ་ལྔ་པས་མདོར་བསྡུས་སུ་བཀོད་པའོ།། །།གཏོར་མའི་རིམ་པ་མདོར་བསྡུས་ནི། བརྒྱ་རྩ་ལ་སངས་རྒྱས་ཆོས་ཚོགས་ཀྱི་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། ཆོས་རྣམས་ཐམས་ཅད་སྟོང་པར་གྱུར། །སྟོང་པའི་ངང་ལས་སྐད་ཅིག་གིས། །པད་ཟླའི་སྟེང་དུ་རང་ཉིད་ནི། །ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར། །ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས། །མཆོག་སྦྱིན་གཡོན་པས་ཨུཏྤལ་འཛིན། །རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། །ཡིད་འོང་རྒྱན་


KMC002_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པར་གྱུར། །ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། རིན་ཆེན་སྣོད་ཀྱི་ནང་དུ་ནི། །གཏོར་མ་དམ་ཚིག་བདུད་རྩིར་གྱུར། ༀ་ཨཱཿཧཱུྃ། རང་གི་ལག་མཐིལ་ཟླ་བ་དང་། །འབྲུ་གསུམ་ཞུ་བའི་བདུད་རྩིའི་རྒྱུན། །བབས་པས་ཡེ་ཤེས་བདུད་རྩིར་གྱུར། ༀ་ཨཱཿཧཱུྃ། བླ་མ་ཡི་དམ་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་ཆོས་སྐྱོང་བཅས། །རང་བྱུང་རྒྱལ་མོ་འཁོར་བཅས་ལ། །བདུད་རྩི་གཏོར་མ་འདི་དག་འབུལ། ༀ་གུ་རུ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ལ་རེ་མ་ཏི་ཨཱརྒྷཾ་སོགས། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་བདུན་གྱིས་ཐུན་མོང་དུ་བྱིན་གྱིས་བརླབས། བྱིན་རླབས་དངོས་གྲུབ་སྩོལ་བ་དང་། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །ཞེས་པ་དང་པོ་དང་གཉིས་པ་བླ་མ་ཡི་དམ་སོགས་དང་ཆོས་སྐྱོང་ལ་འབུལ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །གཟུགས་མཛེས་དམ་པ་ལ། སྐུ་འབྱམས་ཀླས་ལ། འཇིགས་པ་ཐམས་ཅད་དང་བྲལ་བ་ལ། ཚངས་སོགས་


KMC002_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་སྐྱོང་རྣམས་དང་། །བདེན་པ་གྲུབ་པ་མ་ལུས་དང་། །རང་ལ་འགོ་བའི་ལྷ་དང་བདུད། །རིགས་དྲུག་མགྲོན་དང་ཀླུ་རྣམས་དང་། །ཡི་དྭགས་ལན་ཆགས་བུ་ལོན་དང་། །འཇིག་རྟེན་འདིར་གནས་གཞི་ཡི་བདག །ཁྱད་པར་གཉུག་མར་གནས་རྣམས་དང་། །ཁས་ཞན་དབང་ཆུང་ཐམས་ཅད་ལ། །བདུད་རྩི་གཏོར་མ་སོ་སོར་འབུལ། །ན་མཿསརྦ་སོགས། བདུན་ནམ་ཉེར་གཅིག་གིས་བྱིན་གྱིས་བརླབས། མཉེས་ཤིང་ཚིམ་པར་གྱུར་ནས་ཀྱང་། །འཇིག་རྟེན་སྐྱོང་བས་དངོས་གྲུབ་སྩོལ། །གྲུབ་པ་རྣམས་ཀྱིས་སྨོན་ལམ་མཛོད། །མཉམ་པར་འོང་བས་བར་ཆད་སོལ། །མཁའ་མཉམ་སེམས་ཅན་སྡུག་བསྔལ་ཞི། །ཀླུ་རྣམས་བྱེ་ཚན་ཆར་སོགས་མེད། །ཡི་དྭགས་བཀྲེས་དང་སྐོམ་པ་བྲལ། །བུ་ལོན་ཤ་ཁོན་ཐམས་ཅད་བྱང་། །ཡུལ་ཕྱོགས་བདེ་ལེགས་ཕུན་སུམ་ཚོགས། །ཁྱད་པར་རྣལ་འབྱོར་མཐུན་རྐྱེན་སྒྲུབས། །རང་རང་སྡུག་བསྔལ་ལས་གྲོལ་ནས། །


KMC002_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་དུ་སངས་རྒྱས་ཐོབ་པར་ཤོག །བདག་གི་བསོད་ནམས་སྟོབས་དག་དང་། །སོགས་བསྔོ་བ་དང་ཆོས་སྦྱིན་བྱ་ཞིང་སྨོན་ལམ་གདབ་བོ།། །།དཀར་ཆ་བཞི་ནི། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། ༀ་ཨཱཿཧཱུྃ། རང་གི་ཐུགས་ཀའི་འོད་ཟེར་གྱིས། །བཅོམ་ལྡན་མི་གཡོ་སྐུ་མདོག་སྔོ། །ཞལ་གཅིག་ཕྱག་གཉིས་པད་ཉིར་བཞུགས། །རལ་གྲི་ཞགས་པ་འཛིན་པ་དང་། །བཅོམ་ལྡན་སྒྲོལ་མ་སྐུ་མདོག་སྔོ། །ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན། །གཡོན་གྱིས་ཨུཏྤལ་པད་ཟླ་ལ། །བརྐྱང་བསྐུམ་གྱིས་བཞུགས་སྤྱན་དྲངས་ཤིག །དེ་ཡིས་གཏོར་མ་གསོལ་བར་གྱུར། །ༀ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨཱརྒྷཾ་སོགས། རབ་བརྗིད་མི་གཡོ་མགོན་པོ་དང་། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །བདུད་བཞིའི་བར་ཆད་བསལ་དུ་གསོལ། །བརྒྱད་དང་བཅུ་དྲུག་འཇིག་ལས་སྐྱོབས། །སྲིད་པའི་མཚོ་ལས་བསྒྲལ་དུ་གསོལ། །ༀ་བཛྲ་ཡཀྵ་ཧཱུྃ། ཨོཾ་བཛྲ་ཛྭ་ལ་སོགས། མི་གཙང་བ་


KMC002_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རབ་བསྲེག་ཅིང་། །སྣོད་ནི་བདུད་རྩིས་གང་བར་གྱུར། ༀ་ཨ་ཀཱ་རོ་སོགས། འདོད་ཡོན་དུ་མས་གང་བར་གྱུར། །སྙིང་གའི་འོད་ཀྱིས་སྤྱན་འདྲེན་པ། །འདོད་རྒྱལ་གྱི་ཕྱག་རྒྱས། ༀ་པ་ཏ་ལི་པ་ཏ་ལི་མ་ཧཱ་པ་ཏ་ལི་ཧཱུྃ་ཧཱུྃ་ཛཿཛཿསྭཱ་ཧཱ། ༀ་ཀླུ་རྒྱལ་མཐའ་ཡས་ལ་སོགས་པའི། །རྒྱ་མཚོ་ཆུ་ཀླུང་སོགས་གནས་པའི། ཀླུ་རྒྱལ་འཁོར་དང་བཅས་པ་རྣམས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། ༀ་ཨཱ་གཙྪ་ཨཱ་གཙྪ་མ་ཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་བྷུ་རྦྷུ་བ་ཕྲུཾ་ཕྲུཾ་སྭཱ་ཧཱ། པདྨ་ཀ་མ་ལ་ཡ་སྟྭཾ། མ་ཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་གྲྀ་ཧྞེ་དཾ་ཨཱརྒྷཾ་སོགས། ༀ་ཧི་ལི་ཧི་ལི་མ་ཧཱ་ཧི་ལི་ཕྲུཾ་ཕུཿསྭཱ་ཧཱ། སེ་གོལ་གཏོགས། ༀ་བྷཀྵ ་ཡ་བྷཀྵ་ཡ་ས་མ་ཡ་ཏིཥྛ་ཛུཾ་ཕྲུཾ་ཕུཿསྭཱ་ཧཱ། སྡིག་པ་ཅི་ཡང་མི་བྱ་ཞིང་། སོགས་བརྗོད། ཀླུ་རྣམས་ཐམས་ཅད་ཚིམ་གྱུར་ནས། ཕན་པའི་སེམས་དང་ལྡན་གྱུར་ཅིག །ༀ་ནཱ་ག་ས་པ་རི་ཝཱ་ར་གཙྪ། རང་ཉིད་རིན་ཆེན་གཟུགས་མཛེས་ནི། །མཆོག་གི་སྤྲུལ་སྐུའི་རྣམ་པར་


KMC002_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། ༀ་ཨཱཿཧཱུྃ། གཏོར་མ་བདུད་རྩིའི་རྒྱ་མཚོ་འདི། །ཡི་དྭགས་རྣམས་ལ་སྦྱིན་པར་བྱ། །ན་མཿསུ་རཱུ་པཱ་ཡ། ཏ་ཐཱ་ག་ཏ་ཡ། ཨཱརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་སུ་རུ་སུ་རུ། པྲ་སུ་རུ་པྲ་སུ་རུ། ཏ་ར་ཏ་ར། བྷ་ར་བྷ་ར། སམྦྷ་ར་སམྦྷ་ར། སྨ་ར་སྨར། སནྟ་ར་པ་ཡ་སནྟར་པ་ཡ། སརྦ་པྲེ་ཏཱ་ནཱཾ་སྭཱ་ཧཱ། ཞེས་བདུན་དང་སེ་གོལ་བདུན་བྱའོ། །ཨ་པ་ས་རདྟུ་ཨ་ཝ་ཏ་ར་པྲེ་ཀྵི་ཎོ་ད་དཱ་མྱ་ཧཾ་སརྦ་ལོ་ཀ་དྷཱ་ཏུ་བྷ་སི་ནཱཾ་པྲེ་ཏཱ་ནཱ་མ་ཧཱ་རཾ། ཡི་དྭགས་ཐམས་ཅད་ཚིམ་གྱུར་ནས། རྣམ་མཁྱེན་སངས་རྒྱས་ཐོབ་པར་ཤོག །ཅེས་སོ།། །།འབྲུ་གཏོར་ཆ་ལྔའི་རིམ་པ་ནི། གཏོར་ཐེབ་ལྔའི་དང་པོ་དང་གཉིས་པར་རིལ་བུ་ཉེར་གཅིག་རེ་གཞན་གསུམ་ལ་བདུན་རེ་བླུགས་ཆུས་བཀང་། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། རང་བཞིན་སྟོང་པའི་ངང་ཉིད་ལས། །པད་སྣོད་ལ་སོགས་སོ་སོའི་ནང་། །དང་པོ་རང་ལུས་སྟོད་ཀྱི་ཆ། །འཕར་ནས་ལྷུང་བའི་བདུད་རྩི་དང་། །གཉིས་པ་རང་ལུས་བར་ཀྱི་ཆ། །འཕར་ནས་ལྷུང་བའི་དཀར་གསུམ་སོགས། །དེ་རྗེས་རང་


KMC002_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སྨད་ཀྱི་ཆ། །འཕར་ནས་ལྷུང་བ་ལས་བྱུང་བའི། །སོ་སོའི་ཡིད་མཐུན་ལོངས་སྤྱོད་གྱུར། །ༀ་ཨཱཿཧཱུྃ། མདུན་གྱི་ནམ་མཁར་སྟེང་གི་ཆ། །བླ་མ་ཡི་དམ་ལོངས་སྐུའི་ཚོགས། །དེ་འོག་སྤྲུལ་སྐུ་སྲས་དང་བཅས། །ས་གཞིར་གདོན་བགེགས་ཐམས་ཅད་དང་། །ཀླུ་རྒྱལ་ཕྱག་བཞི་འཛུམ་མདངས་ཅན། །ཐལ་སྦྱར་སྙེ་མ་ཞགས་པ་འཛིན། །ཆུ་བདག་འཁོར་དང་བཅས་རྣམས་དང་། །དབང་མེད་བར་དོའི་སེམས་ཅན་རྣམས། །བུ་ཡུག་འཚུབ་པ་ལྟ་བུར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཐུན་མོང་དུ་སྔགས་སེ་གོལ་སྦྲག་པ་ལན་བདུན་གྱིས་འབུལ། ཨཱརྒྷཾ་སོགས་ཀྱིས་མཆོད། དེ་ལྟར་ཕུལ་བའི་དགེ་བ་འདིས། །བླ་མའི་དམ་ཚིག་ཆག་ཉམས་དང་། །མཆོད་འོས་ཆོས་སྤངས་དཀོར་གླུད་ཟོས། །སྡིག་སྒྲིབ་ཉེས་ལྷུང་དག་པར་ཤོག །གདོན་བགེགས་རྣམས་ཀྱི་ལན་ཆགས་འཁོར། །གནོད་སེམས་ཞི་ནས་སངས་རྒྱས་ཤོག །སྤྱན་རས་གཟིགས་


KMC002_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་ཁས་བླངས་བཞིན། །ཀླུ་རྒྱལ་སངས་རྒྱས་བསྟན་པ་སྲུངས། །བར་དོའི་འཁྲུལ་སྣང་འཇིགས་སྐྲག་ཞི། །དག་པའི་ཞིང་དུ་སྐྱེ་བར་ཤོག །ཅེས་སོ། །ཆུ་གཏོར་ནི། རང་ཉིད་ཐུགས་རྗེ་ཆེན་པོ་ནི། །ཞལ་གཅིག་ཕྱག་གཉིས་རྣམ་པར་གྱུར། །མདུན་དུ་རིན་ཆེན་སྣོད་ཟུང་དུ། །པད་ཟླ་པད་ཉིའི་དཀྱིལ་འཁོར་སྟེང་། །ཛཾ་ལས་ཛམྦྷ་ལ་སེར་པོ། །རྒྱན་ལྡན་འབྲས་བུ་ནེའུ་ལེ་འཛིན། །སྐྱིལ་ཀྲུང་དུང་དང་གཏེར་བདག་མནན། །ཧཱུྃ་ལས་ཛམྦྷ་ལ་ནག་པོ། །ཀླུས་བརྒྱན་ཐོད་ཁྲག་ནེའུ་ལེ་འཛིན། །གཡོན་བརྐྱང་ནོར་བདག་སེར་པོ་མནན། །གནས་གསུམ་ༀ་ཨཱཿཧཱུྃ་འོད་ཀྱིས། །ཡེ་ཤེས་སྤྱན་དྲངས་གཉིས་མེད་ཅིང་། །དབང་ལྷས་དབང་བསྐུར་ཆུ་ཡི་ལྷག །སོ་སོར་ལུད་པས་རིན་འབྱུང་དང་། །མི་བསྐྱོད་པ་ཡིས་དབུ་བརྒྱན་གྱུར། ཨཱརྒྷཾ་སོགས། ལག་མཐིལ་ཟླ་སྟེང་ས་བོན་ལྔ། །ཡོངས་གྱུར་དེ་བཞིན་གཤེགས་པ་ལྔ། །ཞུ་བའི་ཡེ་ཤེས་བདུད་རྩིར་གྱུར། །ཆུ་རྒྱུན་དབུལ་ཞིང་། ༀ་ཛམྦྷ་ལ་


KMC002_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཛ་ལེནྡྲཱ་ཡེ་སྭཱ་ཧཱ། ཞེས་དང་། ༀ་ཨིནྡྲ་ནི་མུ་ཁ་བྷྲ་མ་ནི་སྭཱ་ཧཱ། ༀ་ཛམླུཾ་སྭཱ་ཧཱ། གང་ནུས་བརྗོད། ཨཱརྒྷཾ་ སོགས། ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང་། །གནོད་སྦྱིན་རྗེ་བོ་མགོན་པོ་ཛམྦྷ་ལ། །གཅིག་ནི་གསེར་མདོག་ཅིག་ཤོས་ནམ་མཁའ་འདྲ། །ཕྱག་འཚལ་མཆོད་འབུལ་འབྲས་བུ་མཆིས་པར་མཛོད། །སེར་སྣའི་ལས་ཀྱི་མེ་ཡིས་གདུངས་བ་རྣམས། །སྐྱེ་དང་སྐྱེ་བར་ཁྱེད་ལ་སྐྱབས་སུ་མཆི། །རིན་ཆེན་བདུད་རྩིའི་གཏེར་གྱི་ཆར་རྒྱུན་གྱིས། །སེམས་ཅན་དབུལ་བའི་སྡུག་བསྔལ་ཞི་བར་མཛོད། །ཅེས་སོ། །རང་གི་ཕྱག་ནས་བདུད་རྩིའི་རྒྱུན། །བབས་པས་ཡི་དྭགས་ཀུན་ཚིམ་གྱུར། །ༀ་མ་ཎྀ་པདྨེ་ཧཱུྃ། ༀ་ཨཱཿཧྲཱིཿཧཱུྃ། ཆུ་སྦྱིན་ཞིང་སེ་གོལ་དང་བཅས་ནས། ༀ་ཛ་ལ་མི་དཾ་སརྦ་པྲེ་ཏེ་བྷྱཿསྭཱ་ཧཱ། འཕགས་པ་སྤྱན་རས་གཟིགས་དབང་གི །སོགས། མགོན་པོ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲཱ་ཡཱ་ལ། ༀ་ཀཾ་ཀ་ནི་སོགས། བར་དོའི་སེམས་ཅན་ཀུན་ཚིམ་ནས། །


KMC002_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲེས་སྐོམ་འཇིགས་སྐྲག་ཞི་གྱུར་ཅིག །དེ་ལྟར་ཆུ་ཡི་སྦྱིན་པ་འདིས། །ཀླུ་རྒྱལ་དགའ་བོ་ལ་སོགས་པ། །ཆུ་ཀླུང་བདག་པོ་མ་ལུས་པའི། །སྦྱིན་པ་དམ་པར་འགྱུར་བར་ཤོག །ཅེས་སོ།། །།འབྱུང་བཞི་གཏོར་མ་ནི། གཏོར་སྣོད་རྣམས་སུ་རླུང་མེ་ཆུ་སའི་དབྱིབས་ཀྱི་གཏོར་མ་ཟླ་གམ་གྲུ་གསུམ་ ཟླུམ་པོ་གྲུ་བཞིའི་ཟན་དང་ཀླུད་ཆང་བུ་བཅས་པ་ལ་ཆུས་བྲན། བསངས་སྦྱངས། སྟོང་ལས་རིན་ཆེན་སྣོད་ཀྱི་ནང་། །འབྲུ་གསུམ་ལས་བྱུང་གཏོར་མ་ནི། འབྱུང་བཞིའི་རྣམ་པ་བདུད་རྩི་དངོས། །བྱེད་ལས་ཟག་མེད་བདེ་བསྐྱེད་གྱུར། །རང་ཉིད་དམ་པ་སངས་རྒྱས་སྐུ། །སྨུག་ནག་སེང་ལྡེང་ཌ་རུ་འཁྲོལ། །དངུལ་དཀར་དྲིལ་བུ་བཀུར་བརྟེན་ཞིང་། །རྟེན་འབྲེལ་གལ་ཏ་ཕྲག་ལ་གཟར། །མདོ་རྒྱུད་བསྟན་བཅོས་དགོངས་པ་རྟོགས། །ཨཱ་ལི་ཀཱ་ལིའི་སྒྲ་སྒྲོགས་གྱུར། །ཡཾ་ཨི་ཨཱི་ཙ་ཚ་ཛ་ཛྙ་ཉ། རཾ་རྀ་རཱྀ་ཊ་ཋ་ཌ་ཌྷ་ཎ། བཾ་ཨུ་ཨཱུ་པ་ཕ་བ་བྷ་མ། ལཾ་ལྀ་ལཱྀ་ཏ་ཐ་ད་དྷ་ན། ཞེས་འབུལ་ཞིང་། ཨཱརྒྷཾ་སོགས། སྲ་གཤེར་དྲོ་དང་གཡོ་བའི་ལྷ་རྫས་


KMC002_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་རྣམས། །བླ་མ་རྡོར་སེམས་རིན་འབྱུང་སྣང་མཐའ་དོན་གྲུབ་སོགས། །ཤར་ལྷོ་ནུབ་བྱང་རིགས་བཞིའི་ལྷ་ཚོགས་རྣམས་ལ་འབུལ། །ཉོན་མོངས་རྒྱུ་དང་འབྲས་བུ་ནད་གདོན་སྣང་བ་རྣམས། །ཐམས་ཅད་སྲུངས་ཤིག་ཟློག་ཅིག་བསྒྱུར་བར་མཛད་དུ་གསོལ། །སྣང་བ་སྣ་ཚོགས་རྟེན་ཅིང་འབྲེལ་འབྱུང་དུ་རྟོགས་ནས། །འགྲོ་དོན་ཕྱོགས་མེད་རྟེན་འབྲེལ་སྒོ་ནས་འགྲུབ་པར་ཤོག །།གླུད་ནི། སམྦྷ་ར་དང་། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་པས་བསྔོས་ལ། ཤ་སོགས་ཐོགས་བཅས་ལུས་ཀྱི་གླུད། །ས་སོགས་ཐོགས་བཅས་ཁམས་ལ་གཏོང་། །སེམས་ཉིད་གླུད་འདི་མཁའ་ལ་གཏོང་། །ཐོགས་བཅས་ཐོགས་མེད་ལྷ་འདྲེ་རྣམས། །གླུད་དང་ཆང་བུ་འདི་ཁྱེར་ལ། །སུ་ལ་གནོད་པ་མ་བྱེད་ཅིག །གཞན་གྱི་བྱད་ཀ་ཕུར་ཁ་སོགས། །གནོད་པ་ཐམས་ཅད་བཟློག་ཏུ་གསོལ། །ཅེས་སོ། །ཞེས་སྤྲུལ་པའི་སྐུ་ཆོས་ཀྱི་རྒྱལ་མཚན་གྱིས་བསྐུལ་བ་ལྟར་དགེ་སློང་ཆོས་ཀྱི་དབང་ཕྱུག་གིས་མདོ་སྨད་འབུམ་


KMC002_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཉག་གི་ཕྱོགས་སུ་བསྡུས་ཏེ་བཀོད་པའོ།། །།གཏོར་མ་བརྒྱ་རྩ་ཤིན་ཏུ་བསྡུས་པ་ནི། སངས་རྒྱས་ཆོས་ཚོགས་མ་བྱ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་བདུན། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། བླ་མ་ཡི་དམ་དཀོན་མཆོག་སྲི་ཞུའི་མགྲོན། །ཆོས་སྐྱོང་སྲུང་མ་ཕྲིན་ལས་བསྒྲུབ་པའི་མགྲོན། །རིགས་དྲུག་འགྲོ་བ་བྱམས་དང་སྙིང་རྗེའི་མགྲོན། །གདོན་བགེགས་ཤ་ཁོན་ལན་ཆགས་བུ་ལོན་མགྲོན། །དེ་དག་སོ་སོར་མཆོད་པས་མཉེས་གྱུར་ཅིག །སྦྱིན་པས་ཚིམ་ཞིང་སྡུག་བསྔལ་ཞི་གྱུར་ཅིག །དཀོར་སྒྲིབ་ལན་ཆགས་ཐམས་ཅད་བསལ་གྱུར་ཅིག །ཀུན་ཀྱང་རྣམ་མཁྱེན་སངས་རྒྱས་ཐོབ་པར་ཤོག །ༀ་ཛ་ལ་མི་ད་སརྦ་པྲེ་ཏེ་བྷྱཿསྭཱ་ཧཱ། ཡི་དྭགས་རྣམས་དང་བར་སྲིད་རྣམས། །ཆུ་སྦྱིན་འདིས་ཚིམ་བླ་མེད་སངས་རྒྱས་ཤོག །ཅེས་ཞྭ་དམར་པ་དྲུག་པས་མཛད་པའོ།། །།དེ་ནས་ཟས་ཀྱི་བྱ་བ་ལ་འཇུག་པའི་གོང་དུ་དགོས་པའི་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་ནི། རྒྱ་གར་སྐད་དུ། ཏྲི་རཏྣཱ་ནུ་སྨྲྀ་ཏི་ནཱ་མ་སཱུ་ཏྲ། བོད་སྐད་དུ། འཕགས་པ་


KMC002_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་རྗེས་སུ་དྲན་པ་ཞེས་བྱ་བའི་མདོ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་དེ་ནི་བསོད་ནམས་དག་གི་རྒྱུ་མཐུན་པ། དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ། བཟོད་པ་དག་གིས་རབ་ཏུ་བརྒྱན་པ། བསོད་ནམས་ཀྱི་གཏེར་རྣམས་ཀྱི་གཞི། དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲས་པ། མཚན་རྣམས་ཀྱི་མེ་ཏོག་རྒྱས་པ། སྤྱོད་ཡུལ་རན་པར་མཐུན་པ། མཐོང་ན་མི་མཐུན་པ་མེད་པ། དད་པས་མོས་པ་རྣམས་ལ་མངོན་པར་དགའ་བ། ཤེས་རབ་ཟིལ་གྱིས་མི་གནོན་པ། སྟོབས་རྣམས་ལ་བརྫི་བ་མེད་པ། སེམས་


KMC002_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་ཀྱི་སྟོན་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ། འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་རྣམས་ཀྱི་དེད་དཔོན། ཡེ་ཤེས་དཔག་ཏུ་མེད་པ། སྤོབས་པ་བསམ་གྱི་མི་ཁྱབ་པ། གསུང་རྣམ་པར་དག་པ། དབྱངས་སྙན་པ། སྐུ་བྱད་བལྟ་བས་ཆོག་མི་ཤེས་པ། སྐུ་མཚུངས་པ་མེད་པ། འདོད་པ་དག་གིས་མ་གོས་པ། །གཟུགས་དག་གིས་ཉེ་བར་མ་གོས་པ། གཟུགས་མེད་པ་དག་དང་མ་འདྲེས་པ། སྡུག་བསྔལ་དག་ལས་རྣམ་པར་གྲོལ་བ། ཕུང་པོ་དག་ལས་རབ་ཏུ་རྣམ་པར་གྲོལ་བ། ཁམས་རྣམས་དང་མི་ལྡན་པ། སྐྱེ་མཆེད་རྣམས་བསྡམས་པ། མདུད་པ་རྣམས་ཤིན་ཏུ་བཅད་པ། ཡོངས་སུ་གདུང་བ་དག་ལས་རྣམ་པར་གྲོལ་བ། སྲེད་པ་ལས་གྲོལ་བ། ཆུ་བོ་ལས་བརྒལ་བ། ཡེ་ཤེས་ཡོངས་སུ་རྫོགས་པ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་


KMC002_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལ་གནས་པ། མྱ་ངན་ལས་འདས་པ་ལ་མི་གནས་པ། ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ། སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ལ་བཞུགས་པ་སྟེ། འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཆེ་བའི་ཡོན་ཏན་ཡང་དག་པ་རྣམས་སོ། །དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། བཅོམ་ལྡན་འདས་ཀྱིས་ཆོས་ལེགས་པར་གསུངས་པ་ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་གཏོང་བ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདུལ་བ་ལེགས་པར་སྟོན་པ། ངེས་པར་འབྱུང་བ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ་མི་མཐུན་པ་མེད་ཅིང་འདུས་པ་དང་ལྡན་པ་


KMC002_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པ་ཡོད་པ། རྒྱུ་བ་བཅད་པའོ། །ཐེག་པ་ཆེན་པོའི་དགེ་འདུན་ནི་ལེགས་པར་ཞུགས་པ། རིགས་པར་ཞུགས་པ། དྲང་པོར་ཞུགས་པ། མཐུན་པར་ཞུགས་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། ཕྱག་བྱ་བའི་འོས་སུ་གྱུར་པ། བསོད་ནམས་ཀྱི་དཔལ་གྱི་ཞིང་ཡོན་ཡོངས་སུ་སྦྱོང་བ་ཆེན་པོ་སྦྱིན་པའི་གནས་སུ་གྱུར་པ། ཀུན་ཏུ་ཡང་སྦྱིན་པའི་གནས་སུ་གྱུར་པ་ཆེན་པོའོ། །འཕགས་པ་དཀོན་མཆོག་གསུམ་རྗེས་སུ་དྲན་པ་ཞེས་བྱ་བའི་མདོ་རྫོགས་སོ།། །།སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །སྐྱོབས་པའི་ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་སྡེ་ལ་ཕྱག་འཚལ་ལོ། །གསུམ་ལ་རྟག་ཏུ་གུས་ཕྱག་འཚལ། །ཞེས་དང་། ཕྱག་འཚལ་བ་དང་སོགས་ཀྱང་བྱའོ། །བསྡུ་ན། སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །དམ་པའི་ཆོས་ཀྱང་བསམ་མི་ཁྱབ། །འཕགས་པའི་དགེ་འདུན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་པའི། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །རྣམ་དག་ཞིང་དུ་སྐྱེ་བར་ཤོག །


KMC002_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་དང་། ཞལ་ཟས་རོ་བརྒྱ་ལྡན་ཞིང་ཡིད་འཕྲོག་པ། སོགས་བརྗོད་དོ།། །།དེ་ནས་བཟའ་བཏུང་གི་ཕུད་བླ་མ་དང་དཀོན་མཆོག་ལ་འབུལ་བ་ནི། ༀ་གུ་རུ་བཛྲ་ནཻ་ཝིདྱ་ཨཱཿཧཱུྃ། ༀ་སརྦ་བུདྡྷ་བོ་དྷི་ས་ཏྭེ་བྷྱོ་བཛྲ་ནི་ཝིདྱ་ཨཱཿཧཱུྃ། ༀ་ཀཱ་མ་དེ་ཝ་མཎྜལ་བཛྲ་ནཻ་ཝིདྱ་ཨཱཿཧཱུྃ། ༀ་མཉྫུ་ཤྲཱི་བཛྲ་ནཻ་ཝིདྱ་ཨཱཿཧཱུྃ། ༀ་ཤྲཱི་དྷརྨ་པཱ་ལ་བཛྲ་ནཻ་ཝིདྱ་ཨཱཿཧཱུྃ། ཞེས་ཕུལ་ནས། ༀ་ཧ་རི་ཏེ་སྭཱ་ཧཱ། ༀ་ཧ་རི་ཏེ་མ་ཧཱ་བཛྲ་ཡཀྵི་ཎི་ཧ་ར་ཧ་ར་སརྦ་པཱ་པཾ་ཡཀྵི་སྭཱ་ཧཱ། ༀ་ཨ་གྲ་པིཎྜ་ཨ་ཤི་བྷྱཿསྭཱ་ཧཱ། ཞེས་ཆངས་བུ་གསུམ་སྦྱིན། དེ་ནས་དྲན་ཤེས་བཞིན་བག་ཡོད་དང་ལྡན་པས་ལོངས་སྤྱད་ལ། ༀ་ཨཱུ་ཙྪིཥྟ་པིཎྜ་ཨ་ཤི་བྷྱཿསྭཱ་ཧཱ། ཞེས་ལྷག་མའི་ཆངས་བུ་བྱིན་ལ། ཡོན་སྦྱོང་བ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ནས་འོད་ཀྱི་རྒྱལ་པོ་མེ་འོད་རབ་ཏུ་གསལ་བ་ལ་ཕྱག་འཚལ་ལོ། །ན་མཿས་མནྟ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨཱརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ན་མོ་མཉྫུ་ཤྲི་ཡེ་ཀུ་མཱར་བྷཱུ་ཏཱ་ཡ། བྷོ་དྷི་ས་ཏྭཱ་ཡ། མ་


KMC002_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎྀ་ཀཱ་ཡ། ཏདྱ་ཐཱ། ༀ་ནི་རཱ་ལཾ་བྷི་ནི་རཱ་བྷཱ་སེ། ཛ་ཡེ་ཛ་ཡ་ལབྡྷེ། མ་ཧཱ་མ་ཏེ། དཀྵེ་དཀྵེ། ཎི་མེ་བ་རི་ཤོ་དྷ་ཡ་སྭཱ་ཧཱ། རང་ལུས་རྒྱལ་བའི་དཀྱིལ་འཁོར་སོགས་དང་། བཏུང་བ་ཕུལ་བའི་སོགས་དང་། གང་གི་སྦྱིན་པ་གང་ལ་སྦྱིན། །སྦྱིན་པ་ཇི་ལྟར་མི་རྟོགས་པ། །སྦྱིན་པ་མཉམ་པ་དེ་ཉིད་ཀྱིས། །སྦྱིན་བདག་འདི་ལ་ཡོངས་རྫོགས་ཤོག །རྒྱལ་པོ་སྦྱིན་གཏོང་ཉིད་དང་ནི། །སེམས་ཅན་ཕུང་པོ་གཞན་དག་ལ། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །སྦྱིན་པ་རྒྱ་ཆེན་གྱུར་པ་སོགས་དང་། བསོད་ནམས་སྟོབས་ཆེན་སོགས་བྱའོ།། །།དེ་ནས་ཟས་ཀྱི་རྗེས་སུ་མདོ་སྒྲོག་པ་ནི་ཟབ་མདོ་ལྟ་བུ་མདོ་གང་རུང་འདོན་ཞིང་། བསྡུ་ན། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་སོགས་དང་། བསོད་ནམས་འདི་ཡིས་ སོགས་བརྗོད་དོ།། །།དེ་ནས་ཇ་གོང་གི་གསོལ་འདེབས་དང་ཇ་མཆོད་སོགས་ཀྱི་སྐོར་ནི། དྲུག་པ་སེང་གེའི་རྣམ་འཕྲུལ་དུས་གསུམ་མཁྱེན། །འཛམ་གླིང་བསྟན་པའི་མངའ་བདག་


KMC002_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨ་པ། །རང་བྱུང་ཆོས་ཀྱི་སྤྱན་ལྡན་རྡོ་རྗེའི་ཐུགས། །འགགས་མེད་རྣམ་རོལ་ཚངས་དབྱངས་རྡོ་རྗེའི་གསུང་། །མཚན་དཔེའི་དཔལ་འབར་དེ་བཞིན་གཤེགས་པའི་སྐུ། །ཀུན་གྱི་རྣམ་འཕྲུལ་དྲུག་པ་ཆོས་ཀྱི་རྗེ། །མཐོང་ཐོས་དྲན་རེག་འགྲོ་རྣམས་དོན་ལྡན་མཛད། །མཐོང་བ་དོན་ལྡན་ཞབས་ལ་གསོལ་བ་འདེབས། ཞེས་འགྲེའོ། །རང་བྱུང་མཚོ་སྐྱེས་ཞབས་ལ༴ མི་བསྐྱོད་རྡོ་རྗེའི་ཞབས་ལ༴ དབང་ཕྱུག་རྡོ་རྗེ་ཞབས་ལ༴ ཆོས་དབྱིངས་རྡོ་རྗེའི་ཞབས་ལ༴ ཡེ་ཤེས་རྡོ་རྗེའི་ཞབས་ལ༴ བྱང་ཆུབ་རྡོ་རྗེའི་ཞབས་ལ༴ བདུད་འདུལ་རྡོ་རྗེའི་ཞབས་ལ༴ ཐེག་མཆོག་རྡོ་རྗེའི་ཞབས་ལ༴ མཁའ་ཁྱབ་རྡོ་རྗེའི་ཞབས་ལ༴ རིག་པའི་རྡོ་རྗེའི་ཞབས་ལ༴ ཨོ་རྒྱན་ཕྲིན་ལས་ཞབས་པད་བརྟན་གྱུར་ཅིག །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །ཆོས་ཀྱི་འཁོར་ལོ་བསྐོར་བར༴ འགྲོ་དོན་ཕྱོགས་མེད་མཛད་པར་གསོལ་བ་འདེབས། ༈ །དེ་ལྟར་གསོལ་བ་


KMC002_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པའི་བྱིན་རླབས་ཀྱིས། །བཻ་ཌཱུར་ས་གཞིར་ལྷ་དབང་གཟུགས་བརྙན་ལྟར། འགྲོ་སེམས་སྣང་ངོར་ཐུབ་སྐུའི་གཟུགས་བརྙན་འཆར། །དེ་བཞིན་བདག་ཅག་གསོལ་འདེབས་ཞིང་འདི་རུ། །བསམ་བཞིན་སྲིད་པར་སྐྱེ་བ་བཞེས་ནས་ཀྱང་། །བྱམས་ཆེན་ཐུགས་རྗེའི་ལྕགས་ཀྱུས་རབ་བཟུང་ནས། །ཐེག་མཆོག་བདུད་རྩིའི་དགའ་སྟོན་འགྱེད་དུ་གསོལ། །འདས་པའི་སངས་རྒྱས་གཞན་ཕ ན་རྣམ་རོལ་སོགས། །ད་ལྟ་མཁས་གྲུབ་ཀུན་གྱི་གཙུག་གི་རྒྱན། །མ་འོངས་སངས་རྒྱས་དྲུག་པ་སེང་གེའི་མཚན། །ཞིང་རྣམས་ཀུན་ཏུ་རྣམ་འཕྲུལ་སྣ་ཚོགས་ཀྱིས། །དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་པ། །ཀརྨ་པ་ཞེས་ཉི་ཟླ་ལྟར་གསལ་བའི། །ཞབས་ལ་ཕྱག་འཚལ་གསོལ་འདེབས་བྱིན་གྱིས་རློབས། །ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་གྱུར་ཅིག །བདུད་བཞི་ལས་རྒྱལ་རྒྱལ་བའི་ཕྲིན་ལས་པ། །ཀརྨ་པ་བསྟན་བསྟན་པའི་སྙིང་པོ་ནི། །ཕྱོགས་མཐར་ཀུན་ཁྱབ་ཁྱབ་


KMC002_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་རྒྱུན་མི་འཆད། །རྟག་པར་རབ་འཕེལ་འཕེལ་བའི་བཀྲ་ཤིས་ཤོག །།གར་དབང་རྡོ་རྗེ་འཆང་གི་སྤྲུལ་པའི་སྐུ། །ཞིང་འདིར་འགྲོ་བའི་དོན་དུ་ཡང་ནས་ཡང་། །མཐའ་ཡས་སེམས་ཅན་སྒྲོལ་བའི་ཕྲིན་ལས་ཅན། །ཞྭ་དམར་ཅོད་པན་འཛིན་པ་རྣམས་ལ་འདུད། །སྟོང་ཉིད་སྙིང་རྗེའི་དབང་ཕྱུག་གཞོན་ནུ་བ། །བསླབ་གསུམ་རྒྱན་གྱིས་སྤྲས་པའི་ཚུལ་ཁྲིམས་དཔལ། །རྫུ་འཕྲུལ་ཐོགས་མེད་སྟོན་པའི་ནམ་མཁའ་འོད། །རྩེ་གཅིག་སྒྲུབ་ལ་བརྩོན་པའི་བཀྲ་ཤིས་གྲགས། །འོད་གསལ་རྒྱུན་ཆད་མེད་པའི་གྲགས་སེང་བ། །མཁའ་འགྲོའི་དབང་ཕྱུག་རྒྱལ་སྲས་མཁའ་སྤྱོད་དབང་། ༈ །གདུལ་དཀའ་འདུལ་མཛད་ཆོས་ཀྱི་དཔལ་ཡེ་ཤེས། །འཆད་རྩོད་རྩོམ་པའི་མངའ་བདག་ཆོས་ཀྱི་གྲགས། །མདོ་སྔགས་བསྟན་པའི་བདག་པོ་དཀོན་མཆོག་འབངས། །མཁྱེན་བརྩེའི་བདག་ཉིད་ཆོས་ཀྱི་དབང་ཕྱུག་ཞབས། །ངེས་དོན་རྒྱ་ཆེན་མངའ་བརྙེས་ཡེ་ཤེས་


KMC002_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

མཚན། །ལྷར་བཅས་འདྲེན་པ་དཀོན་མཆོག་ཆོས་གྲུབ་དང་། །དཔལ་ལྡན་མི་ཕམ་ཆོས་གྲུབ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་པ་དང་། །བདག་སོགས་གདུལ་བྱ་ཡལ་བར་མི་འདོར་བར། །ཐེག་མཆོག་བདུད་རྩིའི་དགའ་སྟོན་འགྱེད་བཞིན་དུ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཅེས་དང་། ལུས་དང་ལོངས་སྤྱོད་དགེ་བའི་རྩ་བར་བཅས། །རང་གཞན་རྒྱུད་ཀྱིས་བསྡུས་པའི་གོ་ས་ནས། །ཀུན་བཟང་མཆོད་པའི་སྤྲིན་དང་བདེ་ཆེན་རོས། །ཟག་མེད་བླ་མའི་དགོངས་པ་རྫོགས་ཕྱིར་མཆོད། །དུས་གསུམ་མཁྱེན་པའི་བླ་མ་ལ། །དུས་གསུམ་ཀུན་ཏུ་སྐྱབས་ཞུའི་ཕྱིར། །དུས་གསུམ་རྒྱས་པར་འགེངས་བྱེད་པའི། །དུས་གསུམ་མཆོད་སྤྲིན་རྒྱ་མཚོས་མཆོད། །ཅེས་པའང་། ཀརྨ་པ་བརྒྱད་པས་སོ། །ཐོས་པའི་མཆོད་ཡོན་རྒྱ་མཚོ་ལེགས་གཏམས་ཤིང་། །རྣམ་བཀྲ་རིག་པའི་མེ་ཏོག་ཀུན་ཏུ་བཀྲམ། །ཚུལ་ཁྲིམས་རྣམ་དག་དྲི་ཡི་བདུག་སྤོས་


KMC002_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

འཐུལ། །འཆད་པ་ཉིན་མོར་བྱེད་པའི་སྒྲོན་མེ་སྦར། །རྩོད་པ་ཉེས་པ་རྣམ་སྦྱོང་དྲི་ཆབ་གཏམས། །བསམ་གཏན་རོ་བརྒྱ་ལྡན་པའི་ཞལ་ཟས་བཤམས། །རྩོམ་པ་སྡེབ་ལེགས་སྙན་པའི་རོལ་མོ་སོགས། །འཕགས་རྣམས་དགྱེས་བྱེད་མཆོད་པ་འདི་དག་གིས། །བླ་མེད་བླ་མ་རྒྱལ་བ་སྲས་དང་བཅས། །མཆོད་པར་འོས་པའི་སྐྱབས་ཀུན་མཆོད་པར་བགྱི། །སྟོན་པ་མཆོག་གིས་ཇི་ལྟར་བསྟན་པ་བཞིན། །རྒྱུ་དང་འབྲས་བུའི་ཐེག་པ་རབ་བསལ་བར། །ཞིང་རྣམས་ཀུན་ཏུ་ནུབ་མེད་འབར་མཛད་པ། །བཀའ་བརྒྱུད་རིམ་པར་བྱོན་རྣམས་མཆོད་པར་བགྱི། །རྒྱལ་དབང་ཆོས་གྲགས་རྒྱ་མཚོ། །མཚུངས་མེད་དབྱངས་ཅན་བཟང་པོ། །སྤྲུལ་སྐུ་དཀོན་མཆོག་ཡན་ལག །རྗེ་བཙུན་དབང་ཕྱུག་རྡོ་རྗེ། །གར་དབང་ཆོས་ཀྱི་དབང་ཕྱུག །རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ། །དཔལ་ལྡན་ཡེ་ཤེས་སྙིང་པོ། །མཚུངས་མེད་ཡེ་ཤེས་རྡོ་རྗེ། །དཔལ་ཆེན་ཆོས་ཀྱི་དོན་གྲུབ། །


KMC002_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་དབང་བྱང་ཆུབ་རྡོ་རྗེ། །འཇམ་མགོན་ཆོས་ཀྱི་འབྱུང་གནས། །རྗེ་བཙུན་བདུད་འདུལ་རྡོ་རྗེ། །མི་ཕམ་ཆོས་གྲུབ་རྒྱ་མཚོ། །པདྨ་ཉིན་བྱེད་དབང་པོ་མཆོད་པར་བགྱི། །རྗེ་བཙུན་རིགས་ཀུན་རྡོ་རྗེ། །འཇམ་མགོན་བློ་གྲོས་མཐའ་ཡས། །ཀུན་བཟང་མཁའ་ཁྱབ་རྡོ་རྗེ། །མཁྱེན་ཀུན་པདྨ་དབང་མཆོག །དཔལ་ལྡན་མཁྱེན་བརྩེ་འོད་ཟེར། །རང་བྱུང་རིག་པའི་རྡོ་རྗེ། །དྲིན་ཆེན་རྩ་བའི་བླ་མ། །ཡི་དམ་རྡོ་རྗེ་ཕག་མོ། །ཆོས་སྐྱོང་མ་མགོན་ལྕམ་དྲལ་མཆོད་པར་བགྱི། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། ༈ །ངེས་པར་འབྱུང་བའི་མཆོད་ཡོན་རྒྱ་མཚོ་ལས། །ཚུལ་ཁྲིམས་རྣམ་དག་མེ་ཏོག་རབ་ཏུ་བཞད། །མོས་པ་གཞལ་མེད་དྲི་བསུང་ཅི་ཡང་འཕྲོ། །རྟོགས་པའི་སྣང་གསལ་འོད་ཟེར་རབ་ཏུ་འབར། །གཟུངས་དང་རྫུ་འཕྲུལ་དྲི་ཆབ་ཀུན་ཏུ་རྩེན། །ཉམས་སྣང་ཁོར་ཡུག་བདུད་རྩིའི་རོ་མཆོག་ལྡན། །གདུང་ཤུགས་སྒྲ་དབྱངས་སྙན་གྲགས་ཀུན་ཏུ་


KMC002_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

གསང་། །བྱང་ཆུབ་སེམས་ཀྱིས་བཟོད་མེད་འགྲོ་བའི་དོན། །ལྷ་རྫས་ཁང་བཟང་ལ་སོགས་རབ་འཕྲུལ་བའི། །རྡོ་རྗེའི་ལུས་མཆོག་དཀྱིལ་འཁོར་དག་པའི་དབུས། །བདུད་རྩི་སྒྲ་གཅན་རྒྱས་པའི་སྙིང་ག་དེར། །མི་ཤིགས་གནས་པའི་དཔལ་ལྡན་ཀརྨ་པ། །འཆི་བ་མེད་པར་བཞུགས་དེར་ལེགས་བསམས་ཏེ། །སྐྱབས་གནས་ཕྱོགས་གར་བཙལ་ཡང་མ་རྙེད་པས། །རྫོགས་སངས་རྒྱས་ཁྱོད་རྟག་ཏུ་མཉེས་བྱེད་ན། །བདག་མིན་ཁྱོད་ལ་དགོངས་རྒྱུ་མེད་པའི་ཕྱིར། །སྲིད་ཞིའི་མགོན་པོས་འབྲལ་མེད་སྐྱོང་བར་མཛོད། །ཅེས་མི་བསྐྱོད་རྡོ་རྗེས་སོ། །མཁྱེན་བཟང་བསིལ་ཟེར་དཀར་པོའི་ཚར་དངར་ལས། །རྣམ་གྲོལ་ཀུ་མུད་བཞད་པའི་དཔལ་འཛིན་པར། །སྐལ་ལྡན་བུང་བ་གཞོན་ནུའི་སྤྲིན་སྡུད་པ། །སྨྲ་བའི་ཟླ་བ་གང་དེ་རྒྱལ་གྱུར་ཅིག །དཔལ་འབྱོར་ཆུ་བོ་འདུས་པའི་ཆུ་གཏེར་ཆེ། །རང་གཞན་དོན་གཉིས་གྲུབ་པའི་ནོར་བུས་གང་། །ཕྲིན་ལས་རླབས་


KMC002_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་ཕྱོགས་ཀྱི་མཐར་ཁྱབ་པ། །དཔལ་ལྡན་བླ་མ་གང་དེ་རྒྱལ་གྱུར་ཅིག །ཆོས་ཀྱི་གྲགས་པའི་བ་དན་དཀར་པོ་ནི། །རྒྱ་མཚོའི་གོས་ཅན་ཀུན་ལ་བྲིས་པ་བཞིན། །དཔལ་ལྡན་སྲིད་ཞིའི་མགོན་དུ་གང་གྱུར་པ། །སྐལ་བཟང་ཆོས་རྗེའི་ཕྲིན་ལས་རྒྱས་གྱུར་ཅིག །དུས་གསུམ་སངས་རྒྱས་ཐམས་ཅད་ཁྱོད་ལས་འཁྲུངས། །སངས་རྒྱས་ཀུན་ལས་ཁྱོད་ཉིད་གཅིག་པུ་འཁྲུངས། །གཅིག་ཆོག་རྒྱལ་པོ་བླ་མ་རིན་པོ་ཆེ། །སྐུ་ཁམས་བཟང་ཞིང་ཕྲིན་ལས་རྒྱས་གྱུར་ཅིག །སྲིད་ཞིའི་སྐྱབས་གནས་མགོན་པོ་བླ་མ་རྗེ། །འཁོར་འདས་ཀུན་གྱི་བདེ་སྐྱིད་འབྱུང་བའི་གཞི། །གསོལ་བ་གང་བཏབ་རྗེས་སུ་འཛིན་མཛད་པ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབས་པ་དང་། །བླ་མ་ཁྱོད་ཀྱིས་ཅི་གསུང་ཚད་མར་འཛིན། །ཅི་མཛད་ལེགས་བལྟ་ཐུགས་ཡིད་གཅིག་ཏུ་བསྲེས། །གང་བཅོལ་ཕྲིན་ལས་ཐམས་ཅད་བསྒྲུབ་ལགས་པས། །སྐུ་ཚེ་རིང་བར་བྱིན་གྱིས་བརླབ་ཏུ་གསོལ།


KMC002_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

༈ །དང་པོ་འཇམ་དབྱངས་སྤྲུལ་པའི་ཞིང་དུ་སྐྱེས། །བར་དུ་བློ་ལྡན་དུ་མས་འབད་པས་བཙལ། །ཐ་མར་གཏི་མུག་གཉིད་ལས་སློང་བྱེད་པའི། །ཤེས་རབ་བདུད་རྩིའི་དགའ་སྟོན་དམ་པས་མཆོད། །ལོངས་སྤྱོད་འཁོར་ལོར་མཆོག་ཏུ་ཚིམ་པ་སྐྱེ། །ཆོས་ཀྱི་འཁོར་ལོ་སྔོན་མེད་བློ་གྲོས་འཆར། །བདེ་ཆེན་འཁོར་ལོ་སྒོ་གསུམ་ཁྱབ་བྱེད་པའི། །ཇ་བཟང་བདུད་རྩིས་བླ་མ་སངས་རྒྱས་མཆོད། ཁ་དོག་དྲི་རོ་ནུས་པ་ཕུན་ཚོགས་ལྡན། །རང་གི་ཕུང་ཁམས་རྒྱལ་བའི་དཀྱིལ་འཁོར་སྤྲོ། །དད་པ་དམ་ཚིག་ལྡན་པའི་རང་གཟུགས་ཀྱིས། །བླ་མ་དམ་པ་རང་དང་འབྲལ་མེད་ཤོག །ཞྭ་དམར་པ་དྲུག་པས་མཛད་པའོ། །ཨོ་རྒྱན་ཡུལ་དུ་སྐུ་འཁྲུངས་པའི། །སློབ་དཔོན་པདྨ་བཛྲ་ཉིད། །མཐིང་ནག་རྡོར་དྲིལ་འཛིན་སྤྲུལ་པའི། །པད་འབྱུང་ཡབ་ཡུམ་ཞལ་དུ་མཆོད། །དེ་ཉིད་བསིལ་ཚལ་དུར་ཁྲོད་དུ། །ཡོན་ཏན་སྣ་ཚོགས་དངོས་གྲུབ་བརྙེས། །རབ་བྱུང་མཆོག་སྦྱིན་ཐོད་པ་


KMC002_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན། །པདྨ་སམྦྷའི་ཞལ་དུ་མཆོད། །དེ་ཉིད་རཱ་ག་རཀྟ་ཡི། །གནས་སུ་རིག་པ་འཛིན་པའི་སྐུ། །ཕྱག་གཉིས་ཟས་གཞོང་ཅང་ཏེའུ་འཛིན། །བློ་ལྡན་མཆོག་སྲེད་ཞལ་དུ་མཆོད། །དེ་ཉིད་དགའ་ཚལ་དུར་ཁྲོད་དུ། །རྒྱལ་པོའི་ཚུལ་གྱི་ཕྱག་གཉིས་པ། །ལྕགས་སྒྲོག་བཅུད་ལེན་གཞོང་པ་འཛིན། །པདྨ་རྒྱལ་པོའི་ཞལ་དུ་མཆོད། །དེ་ཉིད་སོ་སའི་དུར་ཁྲོད་དུ། །ཧེ་རུ་ཀ་དཔལ་དམར་སེར་མདོག །རྩེ་གསུམ་ཞག་པ་འཛིན་སྤྲུལ་པའི། །ཉི་མ་འོད་ཟེར་ཞལ་དུ་མཆོད། །དེ་ཉིད་ཟ་ཧོར་ཡུལ་དབུས་སུ། །ཐུབ་པའི་ཚུལ་གྱི་འགྱིངས་བག་ཅན། །ཕྱག་གཉིས་ས་གནོན་མཉམ་གཞག་མཛད། །ཤཱཀྱ་སེང་གེའི་ཞལ་དུ་མཆོད། །དེ་ཉིད་མ་ག་དྷ་གྲོང་དུ། །མཐིང་ནག་རྡོ་རྗེ་སྡིགས་མཛུབ་མཛད། །ཁྲོ་བོ་སེང་གེའི་པགས་པ་གསོལ། །སེང་གེ་སྒྲ་སྒྲོགས་ཞལ༴ དེ་ཉིད་སྤ་གྲོ་སྟག་ཚང་དུ། ཁྲོ་བོ་ཆོལ་པ་སྟག་ལ་ཆིབས། །སྨུག་ནག་རྡོ་རྗེ་ཕུར་པ་བསྣམས། །རྡོ་རྗེ་གྲོ་ལོད་ཞལ༴ དེ་


KMC002_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཁ་བ་ཅན་ལྗོང་སུ། རྒྱལ་བ་འགྲོ་བའི་དོན་མཛད་པ། །སྤྲུལ་སྐུ་ཞྭ་ནག་ཅོད་པན་ཅན། །རིམ་པར་བྱོན་རྣམས་ཞལ་དུ་མཆོད། །ཞི་རྒྱས་དབང་དང་དྲག་པོ་ཡི། །ཕྲིན་ལས་མྱུར་དུ་འགྲུབ་པ་དང་། །ནད་གདོན་བར་ཆད་ཀུན་སེལ་ཞིང་། །མཆོག་ཐུན་དངོས་གྲུབ་མྱུར་དུ་སྩོལ། །ཅེས་དཔའ་བོ་གཙུག་ལག་རྒྱ་མཚོས་མཛད་པའོ།། །།དེ་ནས་དུས་ཐམས་ཅད་དང་ཁྱད་པར་ཐུན་ཆེན་པོ་བཞིར་བྱ་བའི་བླ་མའི་རྣལ་འབྱོར་ནི། ད་ནི་ཁོ་བོ་མི་བསྐྱོད་རྡོ་རྗེ་ཁོ་ན་མིན་པ་བསམ་རྒྱུ་མེད་པ་ཀུན་རང་གི་ལུས་ཡེ་ཤེས་ཀྱི་ མཁའ་འགྲོ་གཅེར་བུ་ལང་ཚོ་ཕུན་སུམ་ཚོགས་པ། དབུ་སྐྲ་སིལ་མས་རྒྱབ་ནོན་པ། འོད་ཕུང་གི་དབུས་ན་འཆི་མེད་བདུད་རྩིས་གང་བའི་ཀ་པཱ་ལ་ཐོགས་པ། མེ་ཏོག་དམར་པོའི་རྒྱན་ཅན། གཞན་རྒྱན་སྤངས་པ། དེའི་མདུན་དུ་རྗེ་བཙུན་མི་བསྐྱོད་རྡོ་རྗེ་སྟག་ལྤགས་ཀྱི་ཤམ་ཐབས། གླང་ཆེན་གྱི་པགས་པའི་བླ་གོས་ཅན། ཕྱག་རྒྱ་དྲུག་གིས་སྤྲས་པ། དབུ་སྐྲ་ཐོར་ཚུགས་སྣ་ཚོགས་རྡོ་རྗེ་ཟླ་བས་བརྒྱན་པ། ཕྱག་གཉིས་ཆོས་འབྱུང་གི་ཕྱག་རྒྱ་སྤྱི་བོར་བཀོད་པ། ཞབས་གཡོན་སྐྱིལ་ཀྲུང་ཕྱེད་པ་དང་། གཡས་བརྐྱང་བས་ཡེ་ཤེས་ཀྱི་མེ་དཔུང་གི་དབུས་ན་བཞུགས་པ། དེ་ལ་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོས་


KMC002_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་བསྟབས་པ་ཙམ་གྱིས་ཡེ་ཤེས་ཀྱི་མེ་དམར་འུར་གྱིས་འབར་བ། རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོའི་བྷ་ག་ནས་སྤྱན་དྲངས། ཐུགས་ཀར་ཞུགས་པར་མོས་ལ། རླུང་དྲག་སྦྱོར་གྱི་ངང་ནས་གསོལ་བ་ཐོབ་ཅིག་དང་། ཁོ་བོ་མི་བསྐྱོད་རྡོ་རྗེས་བྱིན་གྱིས་རློབ་པ་ཡིན་ནོ་ཞེས་བྱིན་དབབ་པར་བྱའོ། །ན་མོ་གུ་རུ། སྤྱི་བོའི་གཙུག་ན་ཡེ་ཤེས་མཁའ་འགྲོ་མ། །གཅེར་བུ་བྷ་ག་ནུ་མ་རབ་ཏུ་རྒྱས། །སྐྲ་གྲོལ་སྤྱན་གསུམ་ནམ་མཁའི་མཐོངས་ལ་གཟིགས། །བདེ་བ་མི་བཟོད་འགྱུར་བའི་གར་སྟབས་སྟོན། །དེ་འདྲ་གྲངས་མེད་གཞལ་མེད་བུན་ལོང་ནང་། །རྩ་བའི་བླ་མ་མི་བསྐྱོད་རྡོ་རྗེ་ནི། །དགེ་སློང་ཆ་ལུགས་ཞྭ་ནག་གསེར་མདངས་ཅན། །ཐབས་ཤེས་དབྱེར་མེད་རྡོ་རྗེ་དྲིལ་བུ་འཛིན། །བདེ་སྟོང་དབྱེ་བ་མེད་པའི་ལྟ་སྟངས་མཛད། །གསོལ་བ་བཏབ་པ་ཙམ་གྱིས་མོས་གུས་འབར། །མོས་གུས་འབར་བ་ཙམ་གྱིས་བྱིན་རླབས་འུར། །བྱིན་རླབས་འུར་བ་ཙམ་གྱིས་ཐུན་མོང་དང་། །མཆོག་གི་དངོས་གྲུབ་ནོར་བུ་འབར་བ་བསྣམས། །གནམ་ས་བླ་འོག་མེད་པར་


KMC002_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་ལྟར་འབབ། །ད་ནི་སྙིང་ནས་གསོལ་བ་འདེབས་པའི་དུས། །ཀྱེ། སྣང་ཞིང་སྟོང་ལ་སྟོང་ཞིང་སྣང་། །སྣང་སྟོང་དབྱེར་མེད་བླ་མའི་སྐུ། །བླ་མའི་སྐུ་ལ་གསོལ་བ་འདེབས། །བླ་མའི་སྐུ་ཡིས་བྱིན་གྱིས་རློབས། །གྲག་ཅིང་སྟོང་ལ་སྟོང་ཞིང་གྲག །གྲག་སྟོང་དབྱེར་མེད་བླ་མའི་གསུང་། །བླ་མའི་གསུང་ལ་གསོལ་བ་འདེབས། །བླ་མའི་གསུང་གིས་བྱིན་གྱིས་རློབས། །བདེ་ཞིང་སྟོང་ལ་སྟོང་ཞིང་བདེ། །བདེ་སྟོང་དབྱེར་མེད་བླ་མའི་ཐུགས། །བླ་མའི་ཐུགས་ལ་གསོལ་བ་འདེབས། །བླ་མའི་ཐུགས་ཀྱིས་བྱིན་གྱིས་རློབས། །ཀྱཻ། གུ་རུ་རཏྣ་བྱོན་པའི་ཚེ། །ནམ་མཁའ་འཇའ་དང་འོད་ཀྱིས་གང་། །སྤྲུལ་པའི་ཕོ་ཉ་འགྱེད་མཛད་ཅིང་། །བྱིན་རླབས་མེ་དཔུང་འུ་རུ་རུ། །ཉམས་དང་རྟོགས་པ་ཤ་ར་ར། །ཀྱེ། བླ་མ་ཆེན་པོ་ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར། །བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་


KMC002_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་དབང་བཞི་སྐུར། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །མི་མཐུན་རྐྱེན་དང་བར་ཆད་སོལ། །དགྲ་བགེགས་མ་ལུས་ཞི་བར་མཛོད། །ཡེ་ཤེས་མཁའ་འགྲོ་ལྗང་གུ་མཁའ་ལ་ཤར། །ནད་གདོན་དྲི་མའི་ཚོགས་རྣམས་འོད་ཀྱིས་བསལ། །སྡིག་སྒྲིབ་ཉེས་པ་རྒྱུད་དུ་འཁྲིས་པ་རྣམས། །རྣལ་འབྱོར་མ་དཔལ་མདུན་དུ་མཐོལ་ལོ་བཤགས། །ཡེ་ཤེས་མཁའ་འགྲོ་སེར་མོ་མཁའ་ལ་ཤར། །ནད་གདོན་དྲི་མའི་ཚོགས་རྣམས་འོད་ཀྱིས་བསལ། །སྡིག་སྒྲིབ་ཉེས་པ་རྒྱུད་དུ་འཁྲིས་པ་རྣམས། །རྣལ་འབྱོར་མ་དཔལ་མདུན་དུ་མཐོལ་ལོ་བཤགས། །ཡེ་ཤེས་མཁའ་འགྲོ་དམར་མོ་མཁའ་ལ་ཤར། །ནད་གདོན་དྲི་མའི་ཚོགས་རྣམས་འོད་ཀྱིས་བསལ། །སྡིག་སྒྲིབ་ཉེས་པ་རྒྱུད་དུ་འཁྲིས་པ་རྣམས། །རྣལ་འབྱོར་མ་དཔལ་མདུན་དུ་མཐོལ་ལོ་བཤགས། །ཡེ་ཤེས་མཁའ་འགྲོ་དཀར་མོ་མཁའ་ལ་ཤར། །ནད་གདོན་དྲི་མའི་ཚོགས་རྣམས་འོད་ཀྱིས་བསལ། །སྡིག་སྒྲིབ་ཉེས་པ་


KMC002_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་དུ་འཁྲིས་པ་རྣམས། །རྣལ་འབྱོར་མ་དཔལ་མདུན་དུ་མཐོལ་ལོ་བཤགས། །ཡེ་ཤེས་མཁའ་འགྲོ་ནག་མོ་མཁའ་ལ་ཤར། །ནད་གདོན་དྲི་མའི་ཚོགས་རྣམས་འོད་ཀྱིས་བསལ། །སྡིག་སྒྲིབ་ཉེས་པ་རྒྱུད་དུ་འཁྲིས་པ་རྣམས། །རྣལ་འབྱོར་མ་དཔལ་མདུན་དུ་མཐོལ་ལོ་བཤགས། །ཡེ་ཤེས་མཁའ་འགྲོ་སྔོན་མོ་མཁའ་ལ་ཤར། །ནད་གདོན་དྲི་མའི་ཚོགས་རྣམས་འོད་ཀྱིས་བསལ། །སྡིག་སྒྲིབ་ཉེས་པ་རྒྱུད་དུ་འཁྲིས་པ་རྣམས། །རྣལ་འབྱོར་མ་དཔལ་མདུན་དུ་མཐོལ་ལོ་བཤགས། །ཡེ་ཤེས་མཁའ་འགྲོ་ཁྲ་མོ་མཁའ་ལ་ཤར། །ནད་གདོན་དྲི་མའི་ཚོགས་རྣམས་འོད་ཀྱིས་བསལ། །སྡིག་སྒྲིབ་ཉེས་པ་རྒྱུད་དུ་འཁྲིས་པ་རྣམས། །རྣལ་འབྱོར་མ་དཔལ་མདུན་དུ་མཐོལ་ལོ་བཤགས། །ནམ་མཁའ་གང་བའི་མི་བསྐྱོད་རྡོ་རྗེ་ཨཱཿ །འོད་ཟེར་འགྱེད་པའི་རྡོ་རྗེ་དགའ་བ་ཧོཿ །ཕོ་ཉ་འབར་བའི་དབྱངས་ཅན་ནུས་པ་ཧཱུྃ། །དྲི་མ་སེལ་བའི་ཕྲིན་ལས་དྲག་


KMC002_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ༀ། །རྗེ་བཙུན་དམ་པ་སྐུ་བཞིའི་དབང་ཕྱུག །ཅི་མཛད་ཡེ་ཤེས་ཀྱི་རོལ་པར་འཆར་བ། །ཁྱབ་བདག་རྒྱལ་དབང་ཀརྨ་པ་ཆེན་པོ། །སངས་རྒྱས་བྱིན་རླབས་ཀྱི་རྒྱ་མཚོ་མཁྱེན་ནོ། །ཡོན་ཏན་གྱི་ཕུང་པོ་ཉེས་པ་ཀུན་ཟད། །སངས་རྒྱས་ཀྱི་སྙིང་པོ་བླ་མར་སྣང་བ། །ཐུགས་རྗེའི་དབང་པོ་མཆོག་གི་སྤྲུལ་སྐུ། །རྗེ་བཙུན་རྡོ་རྗེའི་དབྱངས་ཅན་མཁྱེན་ནོ། །ནམ་གཞག་གཏན་གྱི་འདུན་མའི་རེ་ས། །སྐུ་བཞིའི་བདག་ཉིད་དྭགས་པོ་བཀའ་བརྒྱུད། །སྐལ་ལྡན་གྱི་སེམས་རྒྱུད་བྱིན་གྱིས་རློབ་པ། །འགྲན་ཟླ་དང་བྲལ་བའི་བརྒྱུད་པ་མཁྱེན་ནོ། །ཐ་མལ་གྱི་འཁྲུལ་པ་རང་གར་ཞིག་སྟེ། །ཆོས་དབྱིངས་དྲི་མེད་ཀྱི་རང་གཟུགས་གསལ་བ། །ཕྲིན་ལས་ཀྱི་མངའ་བདག་དུས་གསུམ་མཁྱེན་པ། །བརྩེ་བ་ཆེན་པོའི་བདག་ཉིད་མཁྱེན་ནོ། །སྙིགས་མའི་དུས་འདིར་སྣ་ཚོགས་ཚུལ་གྱིས། །སེམས་ཅན་འདུལ་མཛད་རྒྱལ་བའི་དབང་པོ། །རེ་ས་ལྟོས་ས་དང་བཅས་པ་ཡིན་པས། །


KMC002_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཀྱི་འབྱུང་ཁུངས་དམ་པ་མཁྱེན་ནོ། །རྗེ་རྒྱལ་བ་ཐམས་ཅད་གཅིག་ཏུ་བསྡུས་ནས། །སྐལ་ལྡན་སྨིན་པར་མཛད་པའི་ནུས་ཅན། །བདེ་བར་གཤེགས་པ་ཀརྨ་པའི་ཀཾ་ཚང་། །སྒྲིབ་གཉིས་རྙོག་པ་དང་བྲལ་བ་མཁྱེན་ནོ། །རྗེ་ཕྲིན་ལས་བཞི་ལ་རང་དབང་ཐོབ་ནས། །ཡེ་ཤེས་གཏད་ཙམ་གྱིས་བྱིན་རླབས་འཕོ་བ། །སྒྲུབ་བརྒྱུད་གཅིག་བསྡུས་རྡོ་རྗེའི་དབྱངས་ཅན། །དཔལ་ལྡན་ཀརྨ་པ་ཆེན་པོ་མཁྱེན་ནོ། །རྡོ་རྗེ་འཆང་ཆེན་ཡོན་ཏན་བརྒྱད་ལྡན། །ཧེ་རུ་ཀ་དཔལ་ནི་ཡན་ལག་བདུན་ལྡན། །རྒྱལ་བའི་དབང་པོ་སངས་རྒྱས་འདུས་པའི་སྐུ། །རྗེ་རྒྱལ་དབང་མི་བསྐྱོད་རྡོ་རྗེ་མཁྱེན་ནོ། །རྒྱལ་བ་གཅིག་བསྡུས་ཀརྨ་པ་མཁྱེན་ནོ། །སངས་རྒྱས་གཅིག་བསྡུས་ཀརྨ་པ་མཁྱེན་ནོ། །བདེ་གཤེགས་གཅིག་བསྡུས་ཀརྨ་པ་མཁྱེན་ནོ། །ཐམས་ཅད་མཁྱེན་པ་ཀརྨ་པ་མཁྱེན་ནོ། །ཀརྨ་པ་མཁྱེན་ནོ། །ཞེས་གྲངས་མེད་བརྗོད། ཐུགས་རྗེ་གཅིག་བསྡུས་མཁྱེན་ནོ། །


KMC002_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་གཅིག་བསྡུས་མཁྱེན་ནོ། །ཀུན་འདུས་ཆོས་རྗེ་མཁྱེན་ནོ། །མི་བསྐྱོད་རྡོ་རྗེ་ལ་གསོལ་བ་འདེབས་སོ། །ཆོས་གྲགས་རྒྱ་མཚོ་ལ་གསོལ་བ་འདེབས་སོ། །དྭགས་པོ་བཀའ་རྒྱུད་ལ་གསོལ་བ་འདེབས་སོ། །ཀརྨ་ཀཾ་ཚང་ལ་གསོལ་བ་འདེབས་སོ། །རྗེ་བཙུན་ཁྱེད་རང་ལྟ་བུར་ཤོག་ཅིག །ཆོས་རྗེ་ཁྱེད་རང་ལྟ་བུར་ཤོག་ཅིག །བླ་མ་ཁྱེད་རང་ལྟ་བུར་ཤོག་ཅིག །འགྲོ་མགོན་ཁྱེད་རང་ལྟ་བུར་ཤོག་ཅིག །ཕ་ཅིག་ཐམས་ཅད་མཁྱེན་པ། སངས་རྒྱས་མཉན་པ་གྲུབ་ཐོབ། རྒྱལ་དབང་མི་བསྐྱོད་རྡོ་རྗེ། །གསོལ་བ་ང་ཡིས་མི་འདེབས་ན་སུ་ཡིས་འདེབས། །ཐུགས་རྗེས་ཁྱོད་ཀྱིས་མི་གཟིགས་ན་སུ་ཡིས་གཟིགས། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །སྤྱིར་དུ་སེམས་ཅན་ཐམས་ཅད། །སྒོས་སུ་སྙིགས་མའི་གདུལ་བྱ། ལྷག་པར་རེ་ལྟོས་གཅིག་ཆོག་ཏུ་བཅས་པའི། །བློ་གཏད་འགྱུར་བ་མེད་པ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ་ཅིག །བྱིན་རླབས་


KMC002_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ལ་མེད་ན་སུ་ལ་ཡོད། བྱམས་པས་བདག་ལ་མི་སྐྱོང་ན་སུ་ལ་སྐྱོང་། །སྐུ་དྲིན་ང་ཡིས་མི་གཞལ་ན་སུ་ཡིས་གཞལ། གདུལ་བྱ་ཁྱོད་ཀྱིས་མི་འདུལ་ན་སུ་ཡིས་འདུལ། ལས་ངན་ང་རྗེ་ལ་མི་རེ་ན་སུ་ལ་རེ། མཐུ་སྟོབས་ཅན་ཁྱོད་བདག་མི་སྐྱོབ་ན་སུ་ལ་སྐྱོབ། བདག་གི་གཏན་འདུན་སྐྱེ་བ་ཀུན་གྱི་སྐྱེལ་མ། ཐེ་ཚོམ་རྩད་ནས་ཟད་པའི་གཏན་ནོར། བློ་གཏད་ལིངས་སྐྱུར་ཐུབ་པའི་མགོན་པོ། སྲིད་མཚོ་གཏན་སྐེམས་སུ་གནས་པའི་སངས་རྒྱས། ཡོན་ཏན་གཞལ་བར་མི་ནུས་པའི་རྒྱ་མཚོ། །མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི་མ་གཅིག །ཐུགས་རྗེ་གཏུགས་པ་མེད་པའི་གཏེར་ཆེན། སྙིགས་དུས་འགྲོ་བ་མི་དགོངས་ན་སུ་དགོངས། བརྩེ་བས་ད་ལྟ་མི་སྐྱོང་ན་ནམ་སྐྱོང་། དངོས་གྲུབ་དིང་སང་མི་སྩོལ་ན་ནམ་སྩོལ། ཐུགས་ཡིད་གཅིག་འདྲེས་སུ་ཐོང་ལ། འཁྲུལ་གྲོལ་མདུད་པ་ཤིག་དང་། མཁའ་ཁྱབ་སྨིག་རྒྱུའི་འགྲོ་བ། ད་ལྟ་གཏན་གྲོལ་དུ་


KMC002_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་ཅིག །བླ་མ་དམ་པ། མཐའ་མེད་སེམས་ཅན་ལ་གཟིགས་དང་། གསོལ་བ་འདེབས་པོ་ལ་སྐྱོབས་དང་། མི་བཟད་གདུངས་བའི་ དུས་འདིར། ཅི་བྱ་ཚང་རླག་སྐབས་ན། མྱ་ངན་འཇིགས་སྔངས་ཀྱི་དུས་སུ་གཟིགས་ཤིག །བླ་མ་རིན་པོ་ཆེ། དོན་གྱི་བརྒྱུད་པ་ཅན། བྱིན་རླབས་ཀྱི་འཕོ་བ་མཁན། རྟོགས་པའི་གདེང་ཚད་ཅན། མངོན་ཤེས་སྤྱན་དང་ལྡན་པ། རྫུ་འཕྲུལ་བཀོད་པ་བསྟན་ཏེ། བཟོད་མེད་བཀའ་དྲིན་སྩོལ་བ། སངས་རྒྱས་ལག་བཅངས་སུ་གཏོད་པ། ཐ་མལ་སྣང་བ་བསྒྱུར་ཏེ། དག་པ་རབ་འབྱམས་སྟོན་པ། འཕགས་པ་འཇིག་རྟེན་དབང་ཕྱུག །སྙིང་ཁོང་རུས་པའི་གཏིང་ནས། གཅིག་ཐུབ་གསོལ་བ་འདེབས་སོ། །ཐུགས་རྗེས་འཛིན་པར་ཞུ་དང་། །དངོས་གྲུབ་ཀྱི་ཚན་ཁ་ཅན། བཀའ་བརྒྱུད་རྩོད་པ་མེད་པ། དམུ་རྒོད་འདུལ་བར་ནུས་པའི། འཕྲིན་ལས་འགྲན་ཟླ་བྲལ་བ། རྫོགས་པའི་སངས་རྒྱས་དམ་པ། སྒོ་གསུམ་དགེ་རྩ་དང་བཅས་པ།


KMC002_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་མེད་སེམས་ཅན་དོན་དུ། ད་ལྟ་ཉིད་དུ་འབུལ་ལོ། །བརྩེ་བ་ཆེན་པོས་བཞེས་ཤིག །བཞེས་ནས་འགྲོ་བ་ཀུན་གྱི། གཏན་སྐྱབས་ཐུབ་པའི་བླ་མ། རྗེ་བཙུན་ཁྱེད་རང་ལྟ་བུར། སྙིང་ནས་བྱིན་གྱིས་རློབས་ཤིག །དཔལ་ལྡན་བླ་མ་དམ་པ་ལ་གསོལ་བ་འདེབས་སོ། །ཅི་མཛད་ལེགས་པར་མཐོང་བར་བྱིན་གྱིས་རློབས་ཤིག །ཅི་གསུང་ཚད་མར་འཛིན་པར་བྱིན་གྱིས་རློབས་ཤིག །ཐུགས་ཡིད་གཅིག་ཏུ་འདྲེ་བར་བྱིན་གྱིས་རློབས་ཤིག །སྐྱེ་བ་ནས་སྐྱེ་བ་ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་དཔལ་ལྡན་བླ་མ་དམ་པ་དགྱེས་པའི་བྱ་བ་དང་མི་འབྲལ་བར་བྱིན་གྱིས་རློབས་ཤིག །མི་དགྱེས་པའི་བྱ་བ་རྣམ་པ་ཐམས་ཅད་དུ་མི་འབྱུང་བར་བྱིན་གྱིས་རློབས་ཤིག །སྐྱེ་བ་ནས་སྐྱེ་བ་ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་བློ་གཏད་བླ་མ་ལ་བཅས་ནས་ཆོས་བཞིན་གྱི་བཀའ་སྩལ་གང་གནང་བ་དེ་ལག་ཐོག་ཏུ་ལེན་ནུས་པར་བྱིན་གྱིས་རློབས་ཤིག །ལྟོ་


KMC002_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

གོས་ཀྱི་ངོ་བསྲུང་དང་ཆོས་བརྒྱད་ཀྱི་འབྲེལ་ཐག་ཆོད་པར་བྱིན་གྱིས་རློབས་ཤིག །སྙིང་ལ་རུས་པ་དུམ་བུ་རེ་ཡོད་པར་བྱིན་གྱིས་རློབས་ཤིག །ངེས་པར་འཆི་བ་སྙིང་ནས་དྲན་པ་དང་། །མོས་གུས་རྣལ་མ་རྒྱུད་ལ་སྐྱེ་བ་ནས། །ཞེན་ལོག་མཐའ་རུ་ཕྱིན་པའི་ངེས་འབྱུང་གིས། །མི་བསྐྱོད་དགའ་བའི་བྱིན་རླབས་འཇུག་གྱུར་ཅིག །སྐྱེ་བ་ཀུན་ཏུ་དཔལ་ལྡན་ཀརྨ་པ། །མི་བསྐྱོད་རྡོ་རྗེ་བླ་མར་བསྟེན་བྱས་ནས། །གསང་སྔགས་རྡོ་རྗེ་ཐེག་པ་བླ་མེད་ཀྱི། །བསྐྱེད་རྫོགས་ལམ་གྱི་ཟུང་འཇུག་སྐུ་འགྲུབ་ཤོག །སྐྱེ་བ་ཀུན་ཏུ་ཡོངས་འཛིན་དམ་པ་མཆོག །ཞྭ་ནག་ཅོད་པན་འཛིན་པ་ཁོ་ན་དང་། །ཡི་དམ་སྙིང་པོ་དཔལ་ལྡན་བདེ་བ་མཆོག །འཁོར་ལོ་སྡོམ་པས་རྗེས་སུ་འཛིན་གྱུར་ཅིག །ལམ་གྱི་སྙིང་པོ་མོས་གུས་ཕྱག་རྒྱ་ཆེ། །ཞེན་ལོག་ངོ་བོ་དཔལ་ལྡན་བླ་མའི་སྐུ། །ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཉིད། །རྣལ་འབྱོར་འདན་མ་གྲུབ་ཐོབ་སངས་རྒྱས་རྗེའི། །གོ་འཕང་བདེ་


previousཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།next