Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
རྒྱལ་བ་རྒྱ་མཚོ་ལྷ་དགུའི་གསོལ་འདེབས་བསམ་པ་ལྷུན་གྲུབ་མ།
   
   
   
   
   
   
   
   
   
   


 
previousརྒྱལ་བ་རྒྱ་མཚོ་ལྷ་དགུའི་གསོལ་འདེབས་བསམ་པ་ལྷུན་གྲུབ་མ།next

རྒྱལ་བ་རྒྱ་མཚོ་ལྷ་དགུའི་གསོལ་འདེབས་བསམ་པ་ལྷུན་གྲུབ་མ།


KMC009_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་རཱ་ཡ། སྤྱི་གཙུག་པད་ཟླའི་གདན་སྟེང་དུ། །དུས་གསུམ་སངས་རྒྱས་འདུས་པའི་སྐུ། །དཔལ་ལྡན་བླ་མ་འོད་དཔག་མེད། །བཀའ་བརྒྱུད་བླ་མའི་ཚོགས་བཅས་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཕྱི་ནང་བར་ཆད་ཞི་བ་དང་། །བསམ་པ་འགྲུབ་པར་བྱིན་གྱིས་རློབས། །སྟུག་པོ་བཀོད་པའི་ཞིང་ཁམས་ནས། །གཟུགས་ཀྱི་ཕུང་པོ་གནས་དག་པའི། །རྣམ་པར་སྣང་མཛད་སྤྱན་རས་གཟིགས། །ནམ་མཁའ་རྣམ་དག་ཕག་མོ་ཡུམ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཕྱི་ནང་བར་ཆད་ཞི་བ་དང་། །བསམ་པ་འགྲུབ་པར་བྱིན་གྱིས་རློབས། །མངོན་པར་དགའ་བའི་ཞིང་ཁམས་ནས། །རྣམ་ཤེས་ཕུང་པོ་གནས་དག་པའི། །རྡོ་རྗེ་སེམས་དཔའ་སྤྱན་རས་གཟིགས། །ས་ཁམས་རྣམ་དག་སྤྱན་མ་ཡུམ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཕྱི་ནང་བར་ཆད་ཞི་བ་དང་། །བསམ་པ་འགྲུབ་པར་


KMC009_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་རློབས། །དཔལ་དང་ལྡན་པའི་ཞིང་ཁམས་ནས། །ཚོར་བའི་ཕུང་པོ་གནས་དག་པའི། །རིན་ཆེན་འབྱུང་ལྡན་སྤྱན་རས་གཟིགས། །ཆུ་ཁམས་རྣམ་དག་མཱ་ཀི་ཡུམ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཕྱི་ནང་བར་ཆད་ཞི་བ་དང་། །བསམ་པ་འགྲུབ་པར་བྱིན་གྱིས་རློབས། །བདེ་བ་ཅན་གྱི་ཞིང་ཁམས་ནས། །འདུ་ཤེས་ཕུང་པོ་གནས་དག་པའི། །སྣང་བ་མཐའ་ཡས་སྤྱན་རས་གཟིགས། །མེ་ཁམས་རྣམ་དག་གོས་དཀར་ཡུམ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཕྱི་ནང་བར་ཆད་ཞི་བ་དང་། །བསམ་པ་འགྲུབ་པར་བྱིན་གྱིས་རློབས། །ལས་རབ་རྫོགས་པའི་ཞིང་ཁམས་ནས། །འདུ་བྱེད་ཕུང་པོ་གནས་དག་པའི། །དོན་ཡོད་གྲུབ་པ་སྤྱན་རས་གཟིགས། །རླུང་ཁམས་རྣམ་དག་སྒྲོལ་མ་ཡུམ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཕྱི་ནང་བར་ཆད་ཞི་བ་དང་། །བསམ་པ་འགྲུབ་པར་བྱིན་གྱིས་རློབས། །མི་འགྱུར་ཐུགས་ཀྱི་


KMC009_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་ནས། །ཞི་བའི་ལས་རྣམས་སྒྲུབ་མཛད་མ། །རྡོ་རྗེ་རིགས་ཀྱི་ཌཱ་ཀི་མ། །དཀར་མོ་འབུམ་གྱི་ཚོགས་བཅས་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཕྱི་ནང་བར་ཆད་ཞི་བ་དང་། །བསམ་པ་འགྲུབ་པར་བྱིན་གྱིས་རློབས། །ཡོན་ཏན་རྒྱས་པའི་གཞལ་ཡས་ནས། །རྒྱས་པའི་ལས་རྣམས་སྒྲུབ་མཛད་མ། །རིན་ཆེན་རིགས་ཀྱི་ཌཱ་ཀི་མ། །སེར་མོ་འབུམ་གྱི་ཚོགས་བཅས་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཕྱི་ནང་བར་ཆད་ཞི་བ་དང་། །བསམ་པ་འགྲུབ་པར་བྱིན་གྱིས་རློབས། །པདྨ་གསུང་གི་གཞལ་ཡས་ནས། །དབང་གི་ལས་རྣམས་སྒྲུབ་མཛད་མ། །པདྨ་རིགས་ཀྱི་ཌཱ་ཀི་མ། །དམར་མོ་འབུམ་གྱི་ཚོགས་བཅས་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཕྱི་ནང་བར་ཆད་ཞི་བ་དང་། །བསམ་པ་འགྲུབ་པར་བྱིན་གྱིས་རློབས། །ཕྲིན་ལས་གྲུབ་པའི་གཞལ་ཡས་ནས། །དྲག་པོའི་ལས་རྣམས་


KMC009_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་མཛད་མ། །ལས་ཀྱི་རིགས་ཀྱི་ཌཱ་ཀི་མ། །ལྗང་མོ་འབུམ་གྱི་ཚོགས་བཅས་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཕྱི་ནང་བར་ཆད་ཞི་བ་དང་། །བསམ་པ་འགྲུབ་པར་བྱིན་གྱིས་རློབས། །དམ་ཚིག་གཉན་པོའི་གཞལ་ཡས་ནས། །མ་མགོན་ལྕམ་དྲལ་མཐུ་སྟོབས་ཅན། །དམ་ཅན་སྲུང་མའི་ཚོགས་བཅས་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཕྱི་ནང་བར་ཆད་ཞི་བ་དང་། །བསམ་པ་འགྲུབ་པར་བྱིན་གྱིས་རློབས། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་དམ་ཅན་ཚོགས། །ལྷག་པར་ཐུགས་རྗེའི་དཔུང་བསྐྱེད་ལ། །ཕྱི་ཡི་བར་ཆད་ཕྱི་རུ་སོལ། །ནང་གི་བར་ཆད་ནང་དུ་སོལ། །སྒྲུབ་པའི་བར་ཆད་ཞི་བ་དང་། །བསམ་པ་འགྲུབ་པར་བྱིན་གྱིས་རློབས། །ཞེས་རྒྱལ་བ་རྒྱ་མཚོ་ལྷ་དགུའི་གསོལ་འདེབས་བསམ་པ་ལྷུན་གྲུབ་མ་བྱ་བ་འདི་ནི་ཕྱི་ནང་གི་བར་ཆད་མང་པོ་བརྩམ་དུས་གསོལ་བ་འདི་ལྟར་བཏབས་པས་བར་ཆད་ཞི་བའི་ལྟས་ཅུང་ཟད་བྱུང་ནས་ལྷ་འདི་ཉིད་ལ་མོས་པ་ཨ་རཱ་གས་བྲིས་


KMC009_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཤུ་བྷ་མསྟུ། །མངྒ་ལཾ།། །། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།


previousརྒྱལ་བ་རྒྱ་མཚོ་ལྷ་དགུའི་གསོལ་འདེབས་བསམ་པ་ལྷུན་གྲུབ་མ།next