Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
དཔལ་འཁོར་ལོ་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་གྱི་ཆོ་ག
   
   
   
   
   


 
previousདཔལ་འཁོར་ལོ་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་གྱི་ཆོ་གnext

དཔལ་འཁོར་ལོ་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་གྱི་ཆོ་ག


KMC009_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་བཞུགས་སོ། །


KMC009_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་འགྲོ་བའི་མགོན་པོ་དུས་གསུམ་མཁྱེན་པའི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། འདིར་དཔལ་སྡོམ་པའི་སྒོ་ནས་རང་གཞན་གྱི་རྒྱུད་སྨིན་པའི་རིམ་པ་ལ། དང་པོ་ས་སློང་བ་ནི། ཤིས་པའི་གནས་སུ་གཏོར་མ་ཉེར་སྤྱོད་དང་བཅས་པ་བཤམས་ལ། བདག་ཉིད་བཅོམ་ལྡན་མཐིང་ནག་ཞལ་གཅིག་ཕྱག །གཉིས་པ་རྡོ་རྗེ་དྲིལ་འཛིན་གར་ཉམས་དགུ། །ཕྱག་རྒྱ་དྲུག་ཅན་གཡས་བརྐྱང་པད་ཉི་དང་། །འཇིགས་དུས་སྟེང་དུ་ཡུམ་བཅས་གསལ་བར་


KMC009_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །ནང་མཆོད་བྱིན་གྱིས་བརླབས་ཏེ་མྱངས་ལ། གཏོར་མ་ཁཎྜརོ་ཧེས་བསངས། སྭ་བྷཱ་ཝས་སྦྱངས། ཨ་ཀཱ་རོས་ལན་གསུམ་བྱིན་གྱིས་བརླབས་ལ། ཡུལ་བདག་གྲོང་བདག་ས་པ་རི་ཝཱ་ར། །ན་མ༔སརྦ་ཏ་ཐཱ་ག་ཏེ་བྷྱོ་ཞེས་སོགས་ལན་གསུམ་གྱིས་གཏོང་མ་ཕུལ་ལ། རྡོར་དྲིལ་འཛིན་པས། གང་ཡང་འདི་ན་ལྷ་དང་གླུ། །གནོད་སྦྱིན་སྲིན་བོའམ་གཞན་ཡང་རུང། །ས་འདི་བདག་གིས་སློང་བགྱིད་ན། །དཀྱིལ་འཁོར་ཆེད་དུ་སྩལ་དུ་གསོལ། །ཞེས་ལན་གསུམ་བརྗོད། གསོལ་བཏབ་གནང་བྱིན་རང་གནས་འཁོད་པར་གྱུར། གཏོར་མ་


KMC009_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་སར་བསྐྱལ་ལོ། གཉིས་པ་ས་སྦྱང་བ་ནི་སྟེགས་བུ་ལ་སོགས་པའི་དབུས་སུ་སེམས་དཔའི་སྐྱིལ་གྲུང་གིས་འདུག་ནས། གཙོ་བོའི་ང་རྒྱལ་གྱིས་སྙིང་པོ་བརྒྱ་རྩ་བཟླས། ༀ་བྷཱུ་ཁཾ། ས་ཡི་གཞི་འདི་ནམ་མཁའི་རང་བཞིན་གྱུར། །ཧཱུྃ་ལཾ་ཧཱུྃ་གིས་གསེར་གྱི་ས་གཞིར་གྱུར། །རྡོ་རྗེ་བསྡམས་པ་བརྐྱང་པ་ས་ལ་བཞག་ཏེ། ༀ་མེ་དི་ནཱི་བཛྲཱི་བྷ་ཝ་བཛྲ་བནྡྷ་ཧཱུྃ། །རྡོ་རྗེའི་ས་གཞིའི་རང་བཞིན་ཉིད་དུ་གྱུར། །ཧེརུ་ཀའི་ཡིག་བརྒྱས་བརྟན་པར་བྱའོ། གསུམ་བ་ས་གཟུང་བ་ནི། རྡོ་རྗེ་སློབ་དཔོན་དང་མཐའ་སྐོར་དུ་སློབ་མ་རྣམས་འདུག་ལ། སྔོན་འགྲོ་གཏོར་མ་ནས་བཟླས་པའི་བར་བདག་བསྐྱེད་རྣམས་རྫོགས་བའི་རྗེས་སུ། སློབ་དཔོན་སྤོས་ཐོགས་ལ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །བདག་ནི་ཆེ་གེ་རྡོ་རྗེ་འཛིན། །འདིར་ནི་དཀྱིལ་འཁོར་བྲི་བར་བྱ། །སངས་རྒྱས་ལ་སོགས་ཀུན་འབྱོན་འཚལ། །དངོས་གྲུབ་འདིར་ནི་ཡང་དག་སྩོལ། །ཞེས་སངས་རྒྱས་རྣམས་བསྙན་གསན་ཕབ། ཕྱོགས་ཀྱི་སློབ་མ་རྣམས་ཀྱིས་མཆོད་བསྟོན་སྔོན་དུ་འགྲོ་བས་ཤར་ནས་གཡོན་སྐོར་གྱིས། དེ་བཞིན་གཤེགས་པ་ཀུན་ཞི་


KMC009_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་རྣམས་པར་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ༴ ཞི་བའི་ཆོས་ནི་མཆོག་ལས་བྱུང། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་མཛད། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ༴ སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་སྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་བསྐུལ། སློབ་དཔོན་གྱིས་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་དག་བརྐྱང་ཏེ་རྩེ་སྤྲད་པ་སྤྱི་བོར་བཞག་ཅིང་། ཧཱུྃ་བཛྲོཏྟིཥྛ། བསྒོམས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས། །ནམ་མཁའི་ཁམས་ལ་རབ་ཏུ་བཞུགས་པར་གྱུར། །བཞི་པ་ས་བསྲུང་བ་ནི། ཁ་ཤར་དུ་བལྟ་བས་འགྲེང་བཞིན་དུ་སྤྱི་བོར་ཐལ་མོ་སྦྱར་ལ།


KMC009_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་བའི་མོས་པས། ༀ་སརྦ་ཏ་ཐཱ་ག་ཏ་པྲ་ཎ་མེ་ན་བཛྲ་པཱ་ད་བནྡ་ནཾ་ཀ་རོ་མི། བདག་ཉིད་རྡོ་རྗེ་ཧཱུྃ་མཛད་སྐུ་མདོག་ནག །ཞལ་གཅིག་ཕྱག་གཉིས་དམར་ཟླུམ་སྤྱན་གསུམ་པ། །ཁྲོ་གཉེར་བསྡུས་ཤིང་མཆེ་གཙིགས་ཕྱག་རྒྱ་དྲུག །མགོ་ཕྲེང་སྟག་ཤམ་ཀླུ་བརྒྱད་ཀྱིས་བརྒྱན་པ། །རྡོ་རྗེ་དྲིལ་བཅས་འཇིག་རྟེན་གསུམ་པོ་ལས། །རྣམ་རྒྱལ་ཕྱག་རྒྱས་རང་འོད་རིག་མར་འཁྱུད། །གཡས་བརྐྱང་སྟབས་ཀྱིས་སྣ་ཚོགས་པད་ཉི་ལ། །གནས་པའི་འཇིགས་དུས་མནན་པའི་མིག་གཡས་པ། །མ་ལས་ཉི་མ་གཡོན་པ་ཊ་ལས་ཟླ། །མིག་འབྲས་ཧཱུྃ་ལས་རྡོ་རྗེ་ནག་པོ་ལས། །ཁྲོ་ཚོགས་འོད་འཕྲོ་རྐང་མཐིལ་གཉིས་སུ་ཨ། །དེ་ལས་སྣ་ཚོགས་རྡོ་རྗེ་འོད་ཟེར་འབར། །དེ་ནས་རྡོ་རྗེའི་ལྟ་བས་གཡོན་སྐོར་དུ་བལྟས་ལ། བདག་ནི་རང་ཉིད་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་རང་ཉིད་བདག །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །བདག་ནི་སྟོབས་ཅན་རྡོ་རྗེ་ཅན། །རྣལ་འབྱོར་དབང་ཕྱུག་


KMC009_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་བདག །ང་ནི་ཕྱག་ན་རྡོ་རྗེ་བརྟན། །བསྒྱིངས་དང་བཅས་པར་པད་ཀོར་སྡོན་དུ་འགྲོ་བས་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ནས། རྡོ་རྗེའི་འགྲོས་ཀྱིས། ལྷོར་གཡོན་བརྐྱང། ཤར་དུ་གཡས་བརྐྱང་། བྱང་དུ་ཟླུམ་པོ། ནུབ་ཏུ་ས་ག་རྣམས་བྱས་ཏེ། རིམ་པ་ལྟར། དབྱུག་པ། ཐོ་བ། རལ་གྲི། མདའ་གཞུའི་ཕྱག་རྒྱ་སྟེ་གར་གྱིི་སྦྱོར་བས་དབང་ལྡན་དུ་སོང་ལ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །སངས་རྒྱས་དེང་འདིར་བདག་ལ་གསོན། །ང་ནི་དཔལ་ལྡན་ཧེ་རུ་ཀ །བཀའ་ཡི་འཁོར་ལོ་རབ་སྦྱོར་གྱི། །ལྷ་ཀླུ་ལྷ་མིན་གསང་བ་པ། །བརྗེད་བྱེད་ལ་སོགས་བགེགས་ཀྱི་ཚོགས། །ས་འདིར་མ་གནས་གཞན་དུ་དེངས། །གལ་ཏེ་བདག་བསྒོ་ལས་འདས་ན། །རྡོ་རྗེ་ཁྲོ་བོ་བཞིན་འབར་བའི། །རྡོ་རྗེ་རབ་ཏུ་འབར་བ་འདིས། །མགོ་ནི་ཚལ་པ་བརྒྱར་འགས་ཤིང། །འཇིག་པར་འགྱུར་བར་གདོན་མི་ཟ། །ཞེས་དང། སུམྦྷ་ནི་ལན་གསུམ་བརྗོད། དེ་ནས་གཡས་སུ་བསྐོར་བ་ལན་གསུམ་བྱ་ཞིང་། ཧཱུྃ་ཞེས་བརྗོད། སླར་ཡང་དབུས་སུ་སོང་ནས་སེང་ལྡིང་གི་ཕུར་བུ་བཅུ། ཡུངས་ཀར་གྱི་ཕྱེ་མ་དང་དྲིས་བྱུག །ཚོན་


KMC009_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

སྐུད་དམར་པོ་དང་དར་དམར་པོ་མེ་ཏོག་གི་ཕྲེང་བ་ཅན་བཏགས་པ་གོ་རིམ་བཞིན་ཏུ་འབྲུའི་སྣོད་དུ་བཀོད་ནས་བསངས་སྦྱངས། ཕུར་བུ་རྣམས་ནི་མི་དམིགས་སྟོང་ཉིད་ལས། །དུམ་སྐྱེས་དམར་མོ་ཞལ་གཅིག་གཡས་གྲི་གུག །གཡོན་ཐོད་སྐུ་སྨད་རྡོ་རྗེ་རྩེ་གཅིག་གྱུར། །སྙིང་གི་ས་བོན་འོད་ཀྱིས་ཡེ་ཤེས་པ། །སྤྱན་དྲངས་དམ་ཚིག་པ་དང་དབྱེར་མེད་གྱུར། །དབང་ལྷས་དབང་བསྐུར་རིན་འབྱུང་དབུ་བརྒྱན་གྱུར། །མངོན་པར་རྟོགས་པའི་སྐབས་ཀྱི། ཕྱོགས་བཞིའི་སྔགས་ལས་གཡོན་སྐོར་དུ་ཞེས་པ་ནས། གདུག་ཅན་སྤྱི་བོར་ཕུར་བུས་བཏབ། །ཅེས་པའི་བར་འདོན་ཅིང། དེའི་མཇུག་ཏུ། རང་ཉིད་རྡོ་རྗེ་ཧཱུྃ་མཛད་ཀྱི། །གཡས་པའི་རྡོ་རྗེ་རྡོ་རྗེ་ཡི། །ཐོ་བར་གྱུར་ནས་གཡོན་ཕུར་བུ། །ཕུར་བུའི་གདན་ལ་གདབ་པར་གྱུར། །དེ་ནས་གོང་གི་ༀ་གྷ་གྷ་ནས་ ༀ་བཛྲ་མུངྒ་རའི་བར་གྱི་སྡགས་བརྗོད། དེའི་རྗེས་སུ། བགེགས་ཚོགས་བདེ་ཆེན་རང་བཞིན་གྱུར། །ཅེས་འདོན་པ་བསྒྱུར། མངོན་པར་རྟོགས་པར་བརྗོད་པའི་སྲུང་འཁོར་ཤར་དུ། ༀ་སུམྦྷ་ནི་ཞེས་པ་ནས། ༀ་བཛྲ་ཛྭ་


KMC009_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཨ་ན་ལཱརྐ་ཧཱུྃ་ཧཱུྃ་གི་བར་བརྗོད། ལྔ་པ་སའི་ལྷ་མོ་སྟ་གོན་ནི། ས་དེར་བྱི་དོར་བྱས། དྲིའི་མཎྜལ་མེ་ཏོག་གི་ཚོམ་བུ་མཆོད་གཏོར་དང་བཅས་པ་བཤམས། ལག་གཡས་ས་གནོན་གྱིས་ས་ལ་རེག་ཅིང་། ཊཀྐི་ཧཱུྃ་ཛཿཨ་ཧཾ། ལག་གཡས་ཟླ་བ་ཧཱུྃ་གསུམ་མཚན་པ་ཡིས། །ས་ལ་བསྣུན་སྒྲ་ཧཱུྃ་དང་འོད་ཟེར་གྱིས། །བསྐུལ་ལས་ཡེ་ཤེས་པ་དང་ཚུལ་གཅིག་པའི། །པཾ་ལས་ས་ལྷ་གསེར་མདོག་ཞལ་གཅིག་ཕྱག །གཉིས་མ་ཞི་ཉམས་རལ་པའི་ཐོར་ཚུགས་འཆང་། །སྣ་ཚོགས་རྒྱན་ཅན་ན་བཟའ་དཀར་བོས་སྤྲས། །གཡོན་པ་གསེར་བུམ་གཡས་པ་མི་འཇིགས་པ། །སྤྱིན་པའི་ཕྱག་རྒྱས་པདྨ་དཀར་ལ་གནས། །བདག་གི་བཀའ་ནོད་བཞིན་དུ་འཁོད་པར་གྱུར། །ༀ་པྲི་ཐི་ཝཱི་དེ་ཝཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱདྱཾ། པུཥྤཾ། དྷཱུ་པཾ། ཨཱ་ལོ་ཀཾ །གནྡྷཾ། ནི་ཝིདྱཾ། ཤཔྡཾ། ཞེས་མཆོད་ནས། ན་མ་སརྦ་ཏ་ཐཱ་ག་ཏེ་སོགས་ལན་གསུམ་གྱིས་གཏོར་མ་ཕུལ་ལ། སྤོས་སྣོད་རྡོ་རྗེ་དྲིལ་བུ་འཛིན་པས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་


KMC009_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སངྒེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱ་ཕྱིར་དཀྱིལ་འཁོར་བྲི། །ཞེས་གསོལ་བ་བཏབ་པས། ས་ལྷས་གནང་བྱིན་ས་དེར་ཐིམ་པར་གྱུར། །རྡོ་རྗེ་བསྡམས་པ་ས་ལ་བཞག་སྟེ། ༀ་བཛྲི་བྷ་ཝ་ཧཱུྃ། ལན་གསུམ། རྡོ་རྗེ་བཅིངས་པ་ལས། ཧཱུྃ་ཡིག་འབར་སྤྲོས་འོག་གཞི་རྡོ་རྗེར་གྱུར། །ༀ་བཛྲ་དྲིཌྷ་ཏིཥྛ། ལན་གསུམ་གྱིས་བརྟན་པར་བྱའོ། །དྲུག་པ་ལྷ་སྟ་གོན་ལ། ས་གཞིར་དྲི་ཆུས་བྱེ་མ་མེད་པར་བྱུགས་ལ། དཀྱིལ་འཁོར་གྱི་ཐིག་དྲུང་རྟོགས་ལྡན་པའི་དཀྱིལ་ཆོག་ལས་འབྱུང་ཞེས་ཚིག་བཅད་སྤར་གཞུང་ལྟར་རོ། །དེ་ནས་ཁ་ཤར་དུ་ཕྱོགས་ཏེ། བདུད་རྩི་ལྔ་དང་དྲི་བཟང་གིས་སྦྱར་བས་གཙོ་བོའི་གནས་སུ་གྲུ་བཞི་དང་འཁོར་བཞིའི་གནས་སུ་ཟླུམ་པོར་བྱུག་ཅིང་སོ་སོའི་སྔགས་བརྗོད། མེ་ཏོག་གི་ཚོམ་བུ་ནི་མཚམས་བཞིར་དགོད། མཐའ་མཆོད་པས་བསྐོར་ལ་བསངས་སྦྱངས། སྟོང་པའི་ངང་ལས་ཨེ་ལས་ཆོས་འབྱུང་གནས། །ཞེས་པ་ནས། བདག་ཉིད་ཅེས་པའི་མལ་དུ། བཅོལ་ལྡན་ཞེས་བཅུགས་ལ། དམ་ཚིག་པ་བསྐྱེད་པ། ཡེ་


KMC009_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་སྤྱན་དྲངས་པ། དབང་བསྐུར་རྒྱས་གདབ། མཆོད་པ་བྱིན་གྱིས་བརླབས་ལ། མཆོད་བསྟོད་རྒྱས་བསྡུས་ཅི་རིགས་ཀྱི་རྗེས་སུ། ལྕེ་ཧཱུྃ་རྡོ་རྗེ་རྩེ་གཅིག་ཧཱུྃ་མཚན་གྱུར། བདུག་སྤོས་དང་རྡོར་དྲི་ཐོགས་ལ། གཉིས་མེད་ཡེ་ཤེས་ལས་བྱུང་བ། །ཁྱབ་བདག་དངོས་ཀུན་བདག་ཉིད་ཅན། །སྟོན་པའི་གཙོ་བོ་ཁྲག་འཐུང་དཔལ། །ཕག་མོ་ལྷན་ཅིག་ཡང་དག་གནས། །གང་ཞིག་ཕྱོགས་བཅུའི་དཔའ་བོ་དང་། །རིག་པའི་ལྷ་མོ་རྫུ་འཕྲུལ་ཅན། །བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །སློབ་མ་ལ་ནི་ཕན་པ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་བདག་འདི་ཞེས་པས། །ནང་པར་དཀྱིལ་འཁོར་བྲི་བགྱི་འཚལ། །རྗེས་སུ་བརྩེ་བས་ཉེར་དགོངས་ཏེ། །ཉེ་བ་རུ་ནི་མཛད་པ་རིགས། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། སླར་ཡང་མཆོད་བསྟོད་བསྡུས་པ་བྱས་ལ། སྔར་གྱི་སྔགས་རྒྱ་སོགས་དང་། ནམ་མཁའི་ཁམས་ལ་རབ་ཏུ་བཞུགས་པར་གྱུར། །གྱི་བར་བརྗོད། བདུན་པ་བུམ་པ་སྟ་


KMC009_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

གོན་ནི། བུམ་བསྐྱེད་འདོན་འགྲིགས་ལྟར་རོ། །བརྒྱད་པ་སློབ་མ་སྟ་གོན་ནི། སློབ་མ་ཉེར་ལྔའི་བར་ཟུང་དུ་མ་གྱུར་པ་རྣམས། ལས་བུམ་གྱི་ཆུས་ཁྲུས་བྱས། སློབ་དཔོན་ལ་ཕྱག་གསུམ་སྔོན་དུ་འགྲོ་བས། ཐམ་མོ་སྦྱར་ཏེ་འཁོད་པ་ལ། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང་། །དཀྱིལ་འཁོར་འདིར་ནི་འཇུག་པར་བྱེད། །དེ་ལས་གཞན་པའི་དངོས་གྲུབ་འདོད། །གཞན་དག་འཇིན་རྟེན་གཞན་དོན་གཉེར། །འཇིག་རྟེན་ཕ་རོལ་དོན་གཉེར་བའི། །དད་པ་མང་དུ་བྱེད་པ་ཡི། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་ཡི། །ཚེ་འདིའི་འབྲས་བུ་འདོད་མི་བྱ། །ཚེ་འདི་འདོད་པར་གྱུར་པ་ལ། །འཇིག་རྟེན་ཕ་རོལ་དོན་མི་འབྱུང་། །འཇིག་རྟེན་ཕ་རོལ་དོན་གཉེར་སྐྱེས། །ཚེ་འདིར་འབྲས་བུ་རབ་ཏུ་རྒྱས། །ཞེས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དུ་བཅུག་ཏེ། མཎྜལ་ཕུལ་ནས། དགའ་ཆེན་ཁྱོད་བདག་སོགས་ནས། འཇུག་པར་འཚལ། །བར་ཞེས་ལན་གསུམ་རྗེས་ཟློས་བྱེད་དུ་བཅུག་ནས། སློབ་མའི་གཙོ་བོ་གཅིག་ལ་དམིགས་ཏེ། བུ་ཚུར་ཐེག་པ་ཆེན་པོ་ཡི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་


KMC009_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །སྐྱོབ་པ་ཤཱཀྱ་སེངྒེ་ཡིས། །བདུད་སྡེ་ཤིན་ཏུ་མི་ཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །འཇིག་རྟེན་མཐུན་པར་གཤེགས་ནས་སུ། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད། དེ་ནས་སློབ་མས། འདོད་ཆགས་ཞེ་སྡང་གཏི་མུག་ལས་གྱུར་པའི། །ཞེས་པ་ནས། རྣམ་དག་བསམ་ཡས་ཡང་དག་བསྟེན་པར་བགྱི། །ཞེས་པའི་བར་ལྔ་རྣམ་དག་ཚོགས་ཞིང་གི་སྐབས་ལྟར་ལན་གསུམ་དང་།


KMC009_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སྲས་བཅས་སོགས་ནས་འདས་ལ་འགོད། །ཅེས་པའི་བར་ལན་གསུམ་གྱིས་སྡོམ་པ་བཟུང་། སློབ་མའི་སྙིང་མགྲིན་དཔྲལ་བར་དྲིའི་ཐིག་ལེ་བྱ་ཞིང་། སྙིང་གར་རྡོ་རྗེའི་ལྟེ་བར་ཧཱུྃ་ནག་པོ། །མགྲིན་པར་པདྨའི་ཟེའུ་འབྲུར་ཨཱཿདམར་པོ། །དཔྲལ་བར་འཁོར་ལོར་ༀ་དཀར་མཚན་པར་གྱུར། །ཞེས་བྱིན་གྱིས་བརླབས་ཤིང་། ཉེར་སྤྱོད་ལྔས་མཆོད། སོ་ཤིང་སོར་བཅུ་གཉིས་པ་དྲི་བཟང་གི་ཆུས་བྱུགས་ཤིང་། སྲད་བུ་དམར་པོས་བཅིངས་པའི་མེ་ཏོག་གིས་རྩེ་མོ་བརྒྱན་པ་སློབ་མའི་ལག་ཏུ་གཏད། དྲིས་བྱུགས་པའི་མཎྜལ་ཁྲུ་གང་གྲུ་བཞི་པ་ལ་ཁ་ཤར་བྱང་དུ་བལྟས་ལ། ༀ་བཛྲ་ཧཱ་ས་ཧ། ཡིས་རྩེ་མོ་ཅུང་ཟད་འཆོས་ཏེ་དོར། རྩེ་མོ་བདག་ལ་ལྟ་ན་མཆོག་དངོས་གྲུབ། །གྱེན་ཐུར་མཁའ་དང་ས་སྤྱོད་ཕྱོགས་ལྟ་ན། །འཇིག་རྟེན་སྐྱོང་བ་བརྒྱད་ཀྱི་དངོས་གྲུབ་བོ། །སྲུང་སྐུད་དམར་པོ་ལུས་ཚད་དང་མཉམ་པ་སུམ་བལྟབ་ལ། ཁཎྜ་རོ་ཧེ་བདུན་བཟླས་ཤིང་མདུད་པ་གསུམ་གདབ། ཧཱུྃ་སྐྱེས་སྲད་བུས་བགེགས་སོགས་འགེགས་པར་གྱུར། ༀ་བུདྡྷ་མི་ཏི་རཀྵ་རཀྵ་སརྦཱཾ་སྭཱ་ཧཱ། ཞེས་དཔུང་པ་གཡོན་དུ་བཅིངས་ནས་བསྲུང་། བཾ་སྐྱེས་དུང་ཆུས་སྡིག་


KMC009_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་བཀྲུ་བར་བྱེད། ༀ་ཧྲིཿབི་ཤུདྡྷཱཿདྷརྨྨཱཿསརྦ་པཱ་པཱ་ནི་ཙཱ་སྱ་བི་ཤོ་དྷ་ཡ་སརྦ་བི་ཀལྤཱན་ཨ་བ་ན་ཡ་ཧཱུྃ། ཞེས་ཁྱོར་བ་ལན་གསུམ་འཐུང་དུ་བཅུག །འཇིག་རྟེན་དུ་ནི་ཀུན་མཁྱེན་དང་། །ཨུ་དུམྦ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ན་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བྱས་པར་གྱུར་པ་གང་། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་བྱང་བར་འགྱུར་ལགས་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ནས་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་བརྟན་ཅིང་མི་གཡོ་བ། །དེ་དག་གིས་ནི་ངན་འགྲོའི་རྒྱུ། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་


KMC009_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱི་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པས། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །རང་བྱུང་སྐལ་པ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ༀ་བཛྲ་ཨམྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃཕཊ། ཅེས་བསྲུངས། ཧཱུྃ་དྷཱིཿལས་སྐྱེས་ཀུ་ཤ་དགེ་བའི་ལྟས། །ཧཱུྃ་དང་། དྷཱིཿལན་བདུན་དང་། ཁཎྜ་རོ་ཧེ་བཟླས་པ། ཆེ་བསྟན་དང་ཆུང་བ་སྔས་སུ་གཏད་ལ། ༀ་བཛྲ་ཏཱིཀྵྞ་བཾ། དོ་ནུབ་རྨི་ལམ་གང་བྱུང་བ་ང་ལ་སྨྲོས་ཤིག །ཅེས་བསྒོས་ནས་སོ་སོའི་གནས་སུ་བཏང་ངོ། །དགུ་པ་ཐིག་ཚོན་ལྷག་གནས་ནི་སྤར་གཞུང་ལྟར་རོ། །བདེ་མཆོག་ལྷ་ལྔའི་ཆོ་ག་ལྟ་གོན་དང་ཕྱག་བཞི་པ་བཅས་ནག་འགྲོས་སྤར་གསར་དུ་


KMC009_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྲུན་པ་འདིར་གཏེར་སྒར་མི་འགྱུར་རྡོ་རྗེ་ནས་ཞལ་འདེབས་འབྲེལ་འཇོག་དང་ཆེད་དུ་གསུང་བསྐུལ་གནང་བ་ལྟར་སྒྲུབ་སློབ་བླ་མིང་དོན་གྲུབ་ནས་ཡོན་སྦྱར་སྤར་དུ་བསྒྲུབས་པས་འབྲེལ་ཐོགས་རྣམས་རྡོ་རྗེ་སེམས་དཔའི་གོ་འཕང་ལ་འགོད་པའི་རྒྱུར་གྱུར་ཅིག། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousདཔལ་འཁོར་ལོ་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་གྱི་ཆོ་གnext