Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
རྗེ་དུས་གསུམ་མཁྱེན་པའི་ཐུགས་དམ་ལྔ་ཚན་ལྔ་ལས་བདེ་མཆོག་ལྷ་ལྔའི་མངོན་པར་རྟོགས་པ།
   
   
   
   


 
previousརྗེ་དུས་གསུམ་མཁྱེན་པའི་ཐུགས་དམ་ལྔ་ཚན་ལྔ་ལས་བདེ་མཆོག་ལྷ་ལྔའི་མངོན་པར་རྟོགས་པ།next

རྗེ་དུས་གསུམ་མཁྱེན་པའི་ཐུགས་དམ་ལྔ་ཚན་ལྔ་ལས་བདེ་མཆོག་ལྷ་ལྔའི་མངོན་པར་རྟོགས་པ།


KMC009_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་དུས་གསུམ་མཁྱེན་པའི་ཐུགས་དམ་ལྔ་ཚན་ལྔ་ལས་བདེ་མཆོག་ལྷ་ལྔའི་མངོན་པར་རྟོགས་པ་རྗེ་ཀརྨ་པ་བརྒྱད་པས་མཛད་པ་བཞུགས་སོ། །


KMC009_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྗེ་རིན་པོ་ཆེ་ཀརྨ་པ་དཔལ་ལྡན་དུས་གསུམ་མཁྱེན་པའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བ་རླབ་ཏུ་གསོལ་ལོ། །འདིར་དེ་ཉིད་ཀྱི་ཐུགས་དམ་ལྔ་ཚན་ལྔར་གྲགས་པ་ལས། བདེ་མཆོག་ལྷ་ལྔའི་ལྷན་སྐྱེས་ཀྱི་མངོན་དཀྱིལ་གྱི་ཆོ་ག་རྟོགས་ལྡན་རིན་པོ་ཆེ་ཞྭ་དམར་པའི་སྤྲུལ་སྐུ་ན་རིམ་སོགས་གཞན་ཡང་སྒྲུབ་བ རྒྱུད་འདི་པའི་གྲུབ་ཆེན་མང་པོའི་ཡིག་ཆ་འདུག་ནའང་། ཐེག་པ་མཆོག་གི་སྤོང་བ་པ་མང་པོས་མངོན་དཀྱིལ་ཚིགས་བཅད་མ་ཞིག་ཏུ་སྦྱོར་ཞེས་བསྐུལ་བ་ལ་བརྟེན་ནས། བླ་མ་གོང་མའི་ཆོ་ག་ཁྲིགས་ལུགས་བཞིན་བྲི་བར་བྱའོ། །གསང་བའི་གནས་དམ་


KMC009_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཆོད་གཏོར་འདུ་བྱ་ཞིང་། ནང་མཆོད་དང་ཅང་ཏེའུ་དང་རྡོ་རྗེ་དྲིལ་བུ་མདུན་དུ་བཀོད་ནས། དང་པོ་བདུད་རྩི་མྱང་བ་ནི། བདག་ཉིད་སྐད་ཅིག་ཧེ་རུ་ཀ །ལྷན་ཅིག་སྐྱེས་པའི་ངོ་བོར་གྱུར། །ༀ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། ཅེས་ནང་མཆོད་བསངས། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། གིས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་། །རཾ་ལས་མེ་ཡི་དཀྱིལ་འཁོར་སྟེང་། །ༀ་ཨཱཿཧཱུཾ་ལས་ཐོད་སྒྱེད་གསུམ། །དེར་གནས་ཨ་ལས་ཐོད་པ་ནི། །ཡངས་ཤིང་རྒྱ་ཆེའི་དབུས་ཕྱོགས་བཞིར། །ཧཱུྃ་ༀ་ཁྃ་ཨྃ་ཏྲཱྃ་དང་ནི། །བཱྃ་


KMC009_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ལཱྃ་མཱྃ་པཱྃ་ཏཱྃ་ཡིག་ལས། །ལྕགས་ཀྱུ་ལྔ་དང་སྒྲོན་མ་ལྔར། །གྱུར་པ་རང་རང་ས་བོན་མཚན། །རླུང་བསྐྱོད་མེ་སྦར་བསྐོལ་བ་ལས། །ས་བོན་དང་བཅས་རྫས་རྣམས་ཞུ། །འཆར་ཁའི་ཁ་དོག་ལྟ་བུར་འབར། །དེ་ཡི་རླངས་པ་ལས་གྲུབ་པའི། །དངུལ་ཆུའི་མདོག་མཚུངས་ཁ་ཊྭཱཾ་ག །འོག་ཏུ་ཁ་ལྟ་དེ་ཡང་ཞུ། །བཅུད་དང་དབྱེར་མེད་འདྲེས་པའི་སྟེང་། །ཨཱ་ལི་ཀཱ་ལི་ཡོངས་གྱུར་ལས། །བརྩེགས་པའི་ༀ་དང་ཨཱཿཧཱུཾ་ལས། །དཀྱིལ་འཁོར་པ་སྤྲོས་སེམས་ཅན་གྱི། །དོན་བྱས་སྙོམས་པར་ཞུགས་པ་ནས། །ཡིག་གསུམ་ལ་ཐིམ་ཡིག་གསུམ་ཡང་། །དམ་ཚིག་བདུད་རྩིར་གཅིག་ཏུ་གྱུར། །གཡོན་པའི་མཐེབ་སྲིན་སྦྱར་བས་བདུད་རྩི་མྱང་ངོ་། །གཉིས་པ་གཏོར་མ་བཏང་བ་ནི། གཏོར་མ་བསངས་སྦྱངས་བྱིན་རླབས་སྔར་ལྟར་བྱས་ལ་པད་ཀོར་རྡོ་རྗེ་ཐལ་མོ་ཁ་ཕྱེ་བས། ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙོནྨཱ་དཱ་པ་སྨཱ་ར་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡཿ ཨི་མཾ་བ་ལིཾ་གྲྀཧྞནྟུ། ས་མ་ཡ་རཀྵནྟུ། སརྦ་སིདྡྷིམྨེ་པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐཻཥྚཾ།


KMC009_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བྷུཉྫ་ཐ། པི་བ་ཐ། ཛི་གྷྲ་ཐ། མཱ་ཏི་ཀྲ་མ་ཐ། སརྦཱ་ཀཱ་ར་ཏ་ཡཱ་སཏྶུ་ཁཾ་བི་ཤུདྡྷ་ཡེ་ས་ཧཱ་ཡི་ཀཱཾ་བྷ་ཝནྟུ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། གསུམ་གྱིས་འབུལ་ལ། ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང་། །འབྱུང་པོ་ཡི་དྭགས་ཤ་ཟའི་ཚོགས། །སྨྱོ་བྱེད་བརྗེད་བྱེད་མཁའ་འགྲོ་མ། །མ་མོའི་ཚོགས་རྣམས་མ་ལུས་པ། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱིས་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་


KMC009_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་ཕྲིན་ལས་བཅོལ་ཏེ་གཏོར་མ་གཙང་སར་བསྐྱལ། གསུམ་པ་མཆོད་པ་བྱིན་རླབས་ནི། བསངས་སྦྱངས་སྔར་བཞིན། སྟོང་པའི་ངང་ལས་ཨ་ལས་ཐོད། །ནང་དུ་ཧཱུཾ་ལས་མཆོད་ཡོན་དང་། །ཞལ་བསིལ་བསང་གཏོར་ཞབས་བསིལ་བ། །མེ་ཏོག་བདུག་སྤོས་སྣང་གསལ་དང་། །དྲི་ཆབ་ཞལ་ཟས་རོལ་མོ་རྣམས། །དྭངས་ཤིང་ཐོགས་མེད་ཀུན་ཏུ་བཟང་། །རྣམ་ཐར་ཇི་བཞིན་མཆོད་པའི་སྤྲིན། །དཔའ་བོ་རྣལ་འབྱོར་དགྱེས་བསྐྱེད་གྱུར། །ༀ་བཛྲ་ཨརྒྷཾ་ཨཱཿཧཱུཾ། ཞེས་པ་ནས། ཤཔྡའི་བར་བརྗོད་སོ་སོའི་ཕྱག་རྒྱ་རོལ་མོ་དང་བཅས་པས་བྱིན་གྱིས་བརླབ་བོ། །བཞི་པ་སྐྱབས་འགྲོ་སེམས་བསྐྱེད་ནི། བདག་སོགས་མཁའ་མཉམ་སེམས་ཅན་ཀུན། །དུས་འདི་ནས་བཟུང་བྱང་ཆུབ་བར། །དུས་གསུམ་གཤེགས་པའི་རྒྱན་འཁོར་ལྔ། །གཅིག་བསྡུས་ཆོས་ཕུང་བརྒྱད་ཁྲི་དང་། །བཞི་


KMC009_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་འབྱུང་གནས་འཕགས་པ་ཡི། །དགེ་འདུན་བདག་ཉིད་རྩ་བརྒྱུད་ཀྱི། །བླ་མ་རྣམས་ལ་སྐྱབས་སུ་མཆི། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །ཞེས་ལན་ཅི་རིགས་དང་། རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །དཔའ་བོ་དང་ནི་དཔའ་མོའི་ཚོགས། །ཀུན་ལ་རྟག་ཏུ་སྐྱབས་སུ་མཆི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ཧེ་རུ་ཀར་གྱུར་ཅིང་། །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕང་མཆོག་ལ་འགོད་པར་བགྱི། །ཞེས་ལན་གསུམ་བརྗོད། ལྔ་པ་སྒོ་གསུམ་དག་ཅིང་ཚད་མེད་བཞི་བསྒོམ་པ་ནི། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཤྲཱི་ཧེ་རུ་ཀོ྅་ཧཾ། །བདག་ཉིད་བཅོམ་ལྡན་སྐུ་མདོག་མཐིང་། །ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན། །གར་དགུ་ཕྱག་རྒྱ་དྲུག་གིས་བརྒྱན། །གཡས་བརྐྱང་


KMC009_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ཡུམ་དང་བཅས། །སྐད་ཅིག་གསལ་བའི་ལྟེ་བར་ནི། །ༀ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཱཿ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧཀྵཿཧཱུཾ་ཧཱུཾ་ཕཊ། ཅེས་ལན་གསུམ་བརྗོད། ཡིག་ཕྲེང་འོད་ཟེར་ཁ་དོག་ལྔ། །གཡོན་སྐོར་རིམ་པ་གསུམ་པ་ལས། །འཁོར་ལོ་གསུམ་གྱི་ལྷ་ཚོགས་སྤྲོས། །བགེགས་བསྐྲད་བཅོམ་ནས་སྔགས་ཕྲེང་ལ། །སླར་ཡང་ཐིམ་པ་ཉིད་དུ་གྱུར། །སེམས་ཅན་ཐམས་ཅད་བདེ་གྱུར་ལྡན། །སྡུག་བསྔལ་རྒྱུ་བྲལ་བདེ་ཚིམ་དགའ། །རིས་མེད་ཀུན་ལ་བཏང་སྙོམས་གྱུར། །ཅེས་བསྒོམ་མོ། །དྲུག་པ་ཕུང་སོགས་བྱིན་གྱིས་བརླབ་པ་ནི། མགོ་དབུས་བུམ་ལས་རྣམ་སྣང་དཀར། །འཁོར་ལོ་གདེངས་པ་ཕྱག་གཡས་བསྣམས། །གཡོན་སྙེམས་དང་བཅས་དྲིལ་དཀུར་བརྟེན། །ལྟེ་བར་ཨཱཾ་དང་མགྲིན་པར་ཧྲཱིཿ །རྐང་པའི་ལོང་བུའི་འོག་ཏུ་ཧོཿ །ཡི་གེ་དེ་དག་རིམ་བཞིན་དུ། །རྡོ་རྗེ་ཉི་མ་


KMC009_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་སེར། །པདྨ་གར་དབང་དམར་པོ་དང་། །རྡོ་རྗེ་རྒྱལ་པོ་ལྗང་གུ་རྣམས། །གཡས་པས་རིན་ཆེན་པདྨ་དམར། །སྣ་ཚོགས་རྡོ་རྗེ་གདེངས་གཡོན་པ། །དྲིལ་བུ་ཐུགས་ཀར་འཛིན་པའོ། །སྙིང་གར་ཧཱུཾ་ལས་རྡོར་སེམས་དཀར། །གཡས་བསྒྱིངས་རྡོ་རྗེ་ཐུགས་ཀར་འཛིན། །གཡོན་པ་དྲིལ་བུ་དཀུར་བརྟེན་པའོ། །སྤྱི་གཙུག་ཧིཿལས་ཧེ་རུ་ཀ །ནག་པོ་གཡས་པ་ས་གནོན་གྱིས། །རྡོ་རྗེ་གཡོན་དྲིལ་དཀུར་བརྟེན་པའོ། །ཞེས་ཕུང་པོ་དྲུག་དང་རིགས་དྲུག་བྱིན་གྱིས་བརླབ་པའོ། །མིག་གཉིས་རྣ་གཉིས་སྣ་བུག་གཉིས། །ལྕེ་རྩ་དཔྲལ་བ་སྙིང་ག་རུ། །ༀ་ཧཱུཾ་ཏྲཱཾ་ཨཱཾ་ཁཾ་ཧཾ་ལས། །གཏི་མུག་རྡོ་རྗེ་དཀར་པོ་གཡས། །འཁོར་ལོ་འཕྱར་ཞིང་གཡོན་དྲིལ་བུ། །ཞེ་སྡང་རྡོ་རྗེ་ནག་པོ་གཡས། །རྡོ་རྗེ་གཡོན་ན་དྲིལ་བུ་བརྟེན། །ཕྲག་དོག་རྡོ་རྗེ་སེར་པོ་པ། །འདོད་ཆགས་རྡོ་རྗེ་ཁ་དོག་དམར། །སེར་སྣ་རྡོ་རྗེ་ལྗང་གུ་རྣམས། །གཡས་པས་རིན་ཆེན་པདྨ་དམར། །སྣ་ཚོགས་རྡོ་རྗེ་གདེང་ཞིང་


KMC009_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན། །དྲིལ་བུ་ཐུགས་ཀར་འཛིན་པའོ། །དབང་ཕྱུག་རྡོ་རྗེ་དཀར་པོ་གཡས། །རྡོ་རྗེ་གཡོན་པས་དྲིལ་བུ་བརྟེན། །ཀུན་ཀྱང་ཞལ་གཅིག་སྤྱན་གསུམ་པ། །རལ་པའི་ཅོད་པན་ཕྱག་རྒྱ་ལྔས། །སྤྲས་པ་གཡས་བརྐྱང་སྟབས་ཀྱིས་བཞུགས། །ཞེས་ཉོན་མོངས་པ་དྲུག་དང་སྐྱེ་མཆེད་དྲུག་བྱིན་གྱིས་བརླབ་པའོ། །ལྟེ་བར་ལཱཾ་ལས་ལྟུང་བྱེད་མ། །སེར་མོ་གཡས་དང་འཁོར་ལོ་འཛིན། །སྙིང་གར་མཱཾ་ལས་གསོད་བྱེད་མ། །ནག་མོ་གཡས་དང་རྡོ་རྗེ་འཛིན། །མགྲིན་པར་བཾ་ལས་འགུགས་བྱེད་མ། །དམར་མོ་གཡས་དང་པདྨ་འཛིན། །དཔྲལ་བར་ཏཱཾ་ལས་པད་གར་གྱི། །དབང་ཕྱུག་མ་ལྗང་གཡས་དང་པོ། །རལ་གྲི་ཀུན་ཀྱང་ཞལ་གཅིག་ཕྱག །བཞི་མ་གཡས་འོག་གྲི་གུག་དང་། །གཡོན་དང་ཐོད་པ་གཡོན་འོག་མས། །ཁ་ཊྭཱཾ་ག་འཛིན་གསང་བར་ནི། ཁཾ་ལས་པད་དྲ་ཅན་དུད་ཁ། །རྩ་ཞལ་དུད་ཁ་གཡས་དཀར་གཡོན། །དམར་པོ་ཕྱག་དྲུག་གཡས་གསུམ་ན། །ལྕགས་ཀྱུ་གྲི་གུག་ཚངས་པའི་


KMC009_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

མགོ། །གཡོན་གསུམ་ཐོད་པ་ཁ་ཊྭཱཾ་ཞགས། །ལྔ་གའང་གཅེར་མོ་སྐྲ་གྲོལ་བ། །སྤྱན་གསུམ་ཕྱག་རྒྱ་ལྔ་ཡིས་སྤྲས། །གཡས་བརྐྱང་སྟབས་ཀྱིས་རང་རང་གི །འབྱུང་བའི་དཀྱིལ་འཁོར་ལ་བཞུགས་པའོ། །ཞེས་འབྱུང་བ་ལྔ་བྱིན་གྱིས་བརླབ་པའོ། །ༀ་པྲ་ཀྲྀ་ཏ་པ་རི་ཤུདྡྷཱཿསརྦ་དྷརྨཱཿ་པྲ་ཀྲྀ་ཏ་པ་རི་ཤུདྡྷོ྅་ཧཾ། ཞེས་པད་ཀོར་དང་འཁྱུད་ཚུལ་བྱའོ། །བདུན་པ་སྲུང་འཁོར་བསྒོམ་པ་ནི། །གཡོན་པའི་མཐེབ་མཛུབ་ཀྱིས་སེ་གོལ་རིམ་པ་བཞིན་གཏོག་ཅིང་། ཤར་དུ། ༀ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུཾ་ཕཊ། བྱང་དུ། ༀ་གྲྀཧྞ་གྲྀཧྞ་ཧུཾ་ཧཱུཾ་ཕཊ། ནུབ་ཏུ། ༀ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧུཾ་ཧཱུཾ་ཕཊ། ལྷོར། ༀ་ཨཱ་ན་ཡ་ཧོཿབྷ་ག་བན་བཛྲ་ཧུཾ་ཧཱུཾ་ཕཊ། ཡི་གེ་དེ་རྣམས་གཡོན་སྐོར་དུ། །ནག་ལྗང་དམར་སེར་ཁ་དོག་ཅན། །ཚངས་པའི་འཇིག་རྟེན་ནས་བཟུང་སྟེ། །གསེར་གྱི་ས་གཞིར་ཐུག་གི་བར། །ཁྱབ་ཅིང་འབར་བའི་འོད་ཟེར་གྱིས། །རྡོ་རྗེའི་ར་བ་གྲུ་བཞི་པ། །ཕྱོགས་མདོག་འོག་ཏུ་ཧཱུཾ་ཡིག་ལས། །སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུཾ། །མཚན་ལས་འོད་འཕྲོས་


KMC009_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ས་གཞི་ནི། །སྣ་ཚོགས་རྡོ་རྗེའི་རང་བཞིན་དང་། །རྡོ་རྗེའི་ར་བ་སྟེང་ཕྱོགས་སུ། །རྡོ་རྗེ་རྩེ་ལྔའི་མདའ་ཡི་དྲ། །གུར་གྱི་ནང་དུ་བླ་རེ་དང་། །ཕྱི་རོལ་རྡོ་རྗེའི་མེ་དཔུང་གིས། །བར་མེད་འབར་བས་ཁྱབ་པར་གྱུར། །ༀ་མེ་དི་ནཱི་བཛྲཱི་བྷ་བ་བཛྲ་བནྡྷ་ཧཱུཾ། ༀ་བཛྲ་པྲཱ་ཀཱ་ར་ཧཱུཾ་པཾ་ཧཱུཾ། ༀ་བཛྲ་པཉྫ་ར་ཧཱུཾ་བཾ་ཧཱུཾ། ༀ་བཛྲ་བི་ཏཱ་ན་ཧཱུཾ་ཁཾ་ཧཱུཾ། ༀ་བཛྲ་ཤ་ར་ཛཱ་ལ་ཏྲཾ་སཾ་ཏྲཾ། ༀ་བཛྲ་ཛྭཱ་ལ་ཨ་ན་ལཱརྐ་ཧཱུཾ་ཧཱུཾ་ཧཱུཾ། སྔར་ལྟར་སེ་གོལ་དང་བཅས་ཏེ། ༀ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུཾ་ཕཊ། ༀ་གྲྀཧྞ་གྲྀཧྞ་ཧུཾ་ཧཱུཾ་ཕཊ། ༀ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧུཾ་ཧཱུཾ་ཕཊ། ༀ་ཨཱ་ན་ཡ་ཧོཿབྷ་ག་བན་བཛྲ་ཧུཾ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་། ཕྱོགས་བཞིའི་སྔགས་ལས་གཡོན་སྐོར་དུ། ཁྭ་གདོང་ནག་མོ་འུག་གདོང་ལྗང་། །ཁྱི་གདོང་དམར་མོ་ཕག་གདོང་སེར། །སླར་སེ་གོལ་དང་སྔགས་ལན་གཉིས་སུ་བཟླ་ཞིང་། ༀ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུཾ་ཕཊ། ༀ་ཨཱ་ན་ཡ་ཧོཿབྷ་ག་བན་བཛྲ་ཧུཾ་ཧཱུཾ་ཕཊ། ༀ་ཨཱ་ན་ཡ་ཧོཿབྷ་ག་བན་བཛྲ་ཧུཾ་ཧཱུཾ་ཕཊ། ༀ་གྲྀཧྞཱ་


KMC009_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡ་གྲྀཧྞཱ་པ་ཡ་ཧུཾ་ཧཱུཾ་ཕཊ། ༀ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧུཾ་ཧཱུཾ་ཕཊ། ༀ་གྲྀཧྞ་གྲྀཧྞ་ཧུཾ་ཧཱུཾ་ཕཊ། ༀ་གྲྀཧྞ་གྲྀཧྞ་ཧུཾ་ཧཱུཾ་ཕཊ། ༀ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུཾ་ཕཊ། ཞེས་བརྗོད་ཅིང་། མཚམས་སུ་ཕྱོགས་བཞིའི་སྔགས་གཉིས་གཉིས། །འོད་ཟེར་འདྲེས་ལས་གཡས་སྐོར་གྱི། །ཤར་ལྷོར་གཤིན་རྗེ་བརྟན་མ་ནི། །གཡས་སྔོ་གཡོན་སེར་ལྷོ་ནུབ་ཏུ། །གཤིན་རྗེ་ཕོ་ཉ་མོ་གཡས་སེར། །གཡོན་དམར་ནུབ་བྱང་དུ་གཤིན་རྗེ། །མཆེ་མ་གཡས་དམར་གཡོན་ལྗང་བ། །བྱང་ཤར་གཤིན་རྗེ་འཇོམས་མ་གཡས། །ལྗང་གུ་གཡོན་སྔོ་བརྒྱད་ཀ་ཡང་། །ཞལ་གཅིག་ཕྱག་གཉིས་ལྟེ་བ་མན། །རྡོ་རྗེ་རྩེ་གཅིག་རྣམ་པ་ཅན། །ཕྱག་གཡས་རྡོ་རྗེའི་ཐོ་བ་དང་། །གཡོན་པས་རང་འདྲའི་ལྷ་མོ་ནི། །སྐུ་སྨད་ཕུར་བུའི་དབྱིབས་ཅན་འཛིན། །སྤྲུལ་པ་དུ་མ་ཕྱོགས་མཚམས་དང་། །ཤར་དང་ནུབ་ཀྱི་ཁྲོ་མོ་ཡིས། །སྟེང་དང་འོག་ཏུ་སྤྲོས་པ་ལས། །ཕྱོགས་བཅུའི་བགེགས་ཚོགས་མ་ལུས་བཀུག །རྡོ་རྗེའི་ར་ཕྱིར་ཧཱུཾ་ཡིག་ལས། །བྱུང་བའི་


KMC009_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོན་ཟབ་བརྒྱད་ནང་དུ། །བཅུག་ནས་བཅོམ་ལྡན་འདས་ཉིད་ཀྱིས། །ཁྲོ་མོ་རྣམས་ལ་བཀའ་བསྒོས་པས། །ཕྱོགས་རྣམས་གཡོན་བསྐོར་མཚམས་གཡས་བསྐོར། །གདུག་ཅན་སྤྱི་བོར་ཕུར་བུས་བཏབ། །ༀ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱན་བིགྷྣན་ཧཱུཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཱན་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི། སརྦ་དུཥྚཱ་ན་བིགྷྣན་ཀཱ་ཡ་ཝཱཀྩིཏྟཾ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། རྡོ་རྗེ་ཐོ་བས་ཕུར་བུ་ནི། །བརྡུངས་བས་རྐང་མཐིལ་བར་ཕུག་གྱུར། །ༀ་བཛྲ་མུངྒ་ར་བཛྲ་ཀཱི་ལཱ་ཀོ་ཊ་ཡ་ཧཱུཾ་ཕཊ། བགེགས་ཚོགས་བདེ་ཆེན་དེ་ཉིད་དུ། །རང་བཞིན་གཅིག་བྱས་བགེགས་ལྷག་མ། །རྒྱང་རིང་བསྐྲད་ནས་ཁྲོ་མོ་རྣམས། །ར་བ་ལ་ཐིམ་ཆུ་ལ་ཆུ། །བརྡབས་པས་ཟེགས་མ་འཐོར་བ་བཞིན། །འོད་ཟེར་ཕྱིར་འཕྲོས་རྡོ་རྗེ་དང་། །པདྨ་འཁོར་ལོའི་ར་བ་ནི། །ཟླུམ་པོ་བར་མེད་དུམ་བུ་གཅིག །གྱུར་པས་བགེགས་དང་བྲལ་བའོ། །ༀ་བཛྲ་པྲཱ་ཀཱ་ར་ཧཱུཾ། །ༀ་པདྨ་


KMC009_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

པྲཱ་ཀཱ་ར་ཧཱུཾ། །ༀ་ཙཀྲ་པྲཱ་ཀཱ་ར་ཧཱུཾ། ཞེས་གཞུག་པས་བརྟན་པར་བྱའོ། །བརྒྱད་པ་ཚོགས་བསགས་པ་ནི། སྲུང་འཁོར་དབུས་སུ་བདག་ཉིད་ནི། །ཧེ་རུ་ཀར་གནས་སྙིང་གར་ཨཾ། །ལས་བྱུང་ཟླ་དཀྱིལ་སྟེང་དུ་ཧཱུཾ། །སྔོན་པོ་འོད་ཟེར་སྣ་ཚོགས་འཕྲོ། །དེ་ཡི་སྣང་བས་མདུན་གྱི་མཁར། །བླ་མ་དཔལ་ལྡན་འཁོར་ལོ་སྡོམ། །རྟེན་དང་བརྟེན་བཅས་སྤྱན་དྲངས་ཏེ། །འོད་ཟེར་སྙིང་གར་ཐིམ་པར་གྱུར། །ཐལ་མོ་སྙིང་གར་སྦྱར་ཏེ། རྣལ་འབྱོར་རོ་གཅིག་བདུད་རྩི་གསོལ་བས་རྣམ་པར་དག་པའི་ཐུགས། །གནས་ལ་སོགས་པ་ཡུལ་དུ་བགྲོད་པས་རྣམ་པར་དག་པའི་སྐུ། །དཔལ་གྱི་གནས་ཀྱི་དབུས་མཆོག་དཀྱིལ་འཁོར་འཁོར་ལོའི་མགོན་པོ་དང་། །བླ་མ་མཆོག་ལ་སྤྱི་བོས་བཏུད་དེ་རྟག་ཏུ་ཕྱག་འཚལ་ལོ། །ལྷ་མོའི་ཕྲེང་བ་རིན་པོ་ཆེ་རྣམས་སྐུ་ཡི་རྒྱན། །དཔའ་བོ་རྣམས་ཀྱིས་རྟག་ཏུ་སྤྲས་པའི་སྐུ་རྣམས་ཀུན། །འཁོར་ལོ་གནས་མགོན་ལྷན་སྐྱེས་དྲི་མ་མེད་པ་ཡང་། །བདེ་མཆོག་རྣལ་


KMC009_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་སྙིང་པོར་རྟག་ཏུ་ཕྱག་འཚལ་ལོ། །སླར་ཡང་སྙིང་གའི་ས་བོན་ལས། །བྱུང་བའི་པི་ཝང་མ་ལ་སོགས། །སྦེག་ལ་སྒེག་ཅིང་འགྱུར་བ་ཡི། །ལྷ་མོ་བཅུ་དྲུག་གིས་མཆོད་གྱུར། །ༀ་བཛྲ་བཱི་ཎེ་ཧུཾ་ཧཱུཾ་ཕཊ། དེ་བཞིན་དུ་ཐོག་མར། ༀ་བཛྲ་དང་། མཐར་ཧུཾ་ཧཱུཾ་ཕཊ། ཀྱི་བར་སྤེལ་ལ། བཾ་ཤེ། མྲྀ་ཏཾ་གེ །མུ་ར་ཛེ། ཧཱ་སྱེ། ལཱ་སྱེ། གཱི་ཏི། ནྲྀ་ཏྱེ། པུཥྤེ། དྷཱུ་པེ། དཱི་པེ། གནྡྷེ། ཡང་ཐོག་མར། ༀ་དང་། མཐར་བཛྲི་ཧུཾ་ཧཱུཾ་ཕཊ། ཅེས་སྦྱར་ནས། རཱུ་པ། ར་ས། སྤཪྴེ། དྷརྨ་དྷཱ་ཏུ། ཞེས་སྦྱར་རོ། །སླར་ཡང་སྙིང་གའི་ཧཱུཾ་ཡིག་ལས། །སྤྲོས་པའི་མཁའ་འགྲོ་མ་ལཱ་མ། །དུམ་སྐྱེས་གཟུགས་ཅན་མ་བཞི་ཡིས། །ཤ་ལྔ་བདུད་རྩི་ལྔས་གང་བའི། །ཐོད་པ་ཐོགས་ནས་མཆོད་པར་གྱུར། །ༀ་པཉྩ་ཨ་མྲྀ་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། མཆོད་ལྷ་དེ་རྣམས་བཅོམ་ལྡན་མར། །ཐིམ་པས་སྙོམས་ཞུགས་བདེ་མཉེས་གྱུར། །འཁྱུད་ཚུལ་དང་། ༀ་ཤྲཱི་མ་ཧཱ་སུ་ཁ་ཧེ་ཧེ་རུ་རུ་ཀཾ་ཨཱཿཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་ཕྱི་ནང་གསང་བས་མཆོད་ལ།


KMC009_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་ཞེ་སྡང་གཏི་མུག་ལས་གྱུར་པའི། །ལུས་དང་ངག་དང་གཞན་ཡང་ཡིད་ཀྱིས་ཀྱང་། །སྡིག་པ་བགྱིས་དང་དེ་བཞིན་བགྱིད་སྩལ་རྣམས། །ཐམས་ཅད་རྒྱལ་བ་རྣམས་ཀྱི་མདུན་དུ་འཆགས། །གང་ཡང་དེ་བཞིན་གཤེགས་ཀུན་བསོད་ནམས་དང་། །གཞན་ཡང་རྫོགས་པའི་སངས་རྒྱས་ལ་བརྟེན་དང་། །རང་སངས་རྒྱས་དང་བླ་མ་མཆོག་རྣམས་ཀྱི། །དགེ་བ་ཀུན་ལ་བདག་ནི་རྗེས་ཡི་རང་། །དུས་གསུམ་ཀུན་ཏུ་གཤེགས་པའི་སངས་རྒྱས་དང་། །ནམ་མཁའི་ཕྱོགས་ཁྱབ་བརྩེ་ལྡན་ཡོན་ཏན་ཚོགས། །ཆོས་དང་སྐྱོན་སྤངས་འཕགས་པའི་ཚོགས་རྣམས་ལ། །གུས་པས་བདག་ནི་སྐྱབས་སུ་ཉེ་བར་མཆི། །སྡིག་པ་ཐམས་ཅད་རྩད་ནས་ཟད་བྱེད་ཅིང་། །གང་འདིར་བསོད་ནམས་ཚོགས་ནི་ཉེར་བསགས་པ། །དངོས་བྲལ་གཟུང་འཛིན་རྣམས་སྤངས་ཆོས་བདག་མེད། །དབྱེར་མེད་བྱང་ཆུབ་སེམས་ནི་བདག་གིས་བསྐྱེད། །ཚངས་པ་དབང་


KMC009_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སོགས་ཀྱིས་རྙེད་དཀའ་བ། །དྲི་མེད་རྣམ་དག་རྙོག་པ་ཡང་མ་མཆིས། །བརྩེ་ལྡན་སྲས་བཅས་རྒྱལ་བས་གསུངས་པའི་ལམ། །རྣམ་དག་བསམ་ཡས་ཡང་དག་བརྟེན་པར་བགྱི། །བདག་གིས་འགྲོ་རྣམས་བསྒྲལ་བའི་ཕྱིར། །བགྲོད་དཀའ་སྲིད་པའི་རྒྱ་མཚོ་ལས། །གང་གིས་རང་ཉིད་སྐད་ཅིག་ལ། །སངས་རྒྱས་རྣམས་ལ་དབུལ་བར་བྱ། །ཞེས་བསོད་ནམས་ཀྱི་ཚོགས་བསགས། ཚོགས་ཞིང་རང་ལ་ཐིམ་པར་གྱུར། །རང་གི་སྤྱི་མགྲིན་སྙིང་ག་རུ། །ཧེ་རུ་ཀ་ཡིག་དཀར་དམར་སྔོ། །ཧེ་ནི་རྒྱུ་སོགས་རྟེན་ཅིང་འབྱུང་། །རུ་ནི་གནས་འཇིག་ཚོགས་དང་བྲལ། །ཀ་ནི་མཐའ་གཉིས་ལ་མི་གནས། །ཆོས་ཀུན་དེ་ལྟར་མ་ཤེས་པས། །འགྲོ་ཀུན་བདག་བཟུང་འཁོར་བར་གྱུར། །དེ་ཕྱིར་བདག་ཉིད་ཧེ་རུ་ཀར། །གྱུར་ནས་གཟུང་འཛིན་བྲལ་བའི་ཆོས། །ཁོང་དུ་ཆུད་བྱས་དེ་དོན་བསྒྲུབ། །དགུ་པ་རྟེན་བརྟེན་པ་བསྐྱེད་པ་ནི། སྭ་བྷཱ་ཝའི་སྔགས་དོན་དྲན་པར་བྱས་ནས། ཁམས་གསུམ་ཐམས་ཅད་རང་བཞིན་


KMC009_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཉིད་དོ། །རང་གི་སེམས་ཉིད་སྔོན་གྱི་སྨོན་ལམ་ལས། །ༀ་དཀར་ཨཱཿདམར་ཧཱུཾ་སྔོན་རྣམ་པར་བརྩེགས། །དེ་ལས་སྐུ་གསུང་ཐུགས་འཁོར་རྣམ་པར་སྤྲོས། །འགྲོ་ཀུན་འཁོར་ལོ་གསུམ་གྱི་ལྷར་བྱས་ཏེ། །སྙོམས་ཞུགས་ཞུ་བས་ཡི་གེ་གསུམ་སོ་སོར། །ཐིམ་ཞིང་དེ་དག་རིམ་གྱིས་ཧཱུཾ་ལ་བསྡུས། །དེ་ཡང་ཞབས་ཀྱུ་ཁོག་མགོ་ཟླ་ཚེས་དང་། །ཐིག་ལེ་ནཱ་ད་དེ་ཡང་སྐྲ་ཡི་རྩེ། །སྟོང་གི་ཆ་ཙམ་དུ་གནས་སེམས་ཅན་ཀུན། །ཆོས་ཀྱི་ཆོས་ཉིད་མ་རྟོགས་འཁོར་བ་ལ། །བདག་གིས་ཆོས་ཉིད་མངོན་བྱས་འགྲོ་རྣམས་ཀྱང་། །ཟབ་མོའི་དེ་བཞིན་ཉིད་དོན་རྟོགས་པར་བྱའོ། །ༀ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས་ཨེ་ལས་ཆོས་འབྱུང་གནས། །དཀར་པོ་ཡངས་ཤིང་རྒྱ་ཆེའི་ནང་ཡཾ་ལས། །རླུང་དཀྱིལ་སྔོན་པོ་གཞུ་དབྱིབས་རྒྱལ་མཚན་གཉིས། །མཚན་པ་དེ་སྟེང་རཾ་ལས་མེ་དཀྱིལ་དམར། །གྲུ་གསུམ་འབར་མཚན་དེ་སྟེང་བཾ་ལས་


KMC009_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཆུའི། །དཀྱིལ་འཁོར་དཀར་ཟླུམ་བུཾ་མཚན་དེ་ཡི་སྟེང་། །ལཾ་ལས་ས་དཀྱིལ་སེར་པོ་གྲུ་བཞི་པ། །རྡོ་རྗེ་རྩེ་གསུམ་མཚན་རྣམས་སོ་སོ་ཡི། །ས་བོན་གྱིས་ནི་བྱིན་བརླབས་དེ་ཡི་སྟེང་། །སུཾ་ལས་རིན་ཆེན་སྣ་བཞི་ལས་གྲུབ་པའི། །ལྷུན་པོ་གྲུ་བཞི་ལྕོག་བརྒྱད་མཛེས་པའི་སྟེང་། །པཾ་ལས་སྣ་ཚོགས་པདྨའི་ཟེའུ་འབྲུར་ཧཱུཾ། །དེ་ལས་སྣ་ཚོགས་རྡོ་རྗེ་ཤར་དཀར་བྱང་། །ལྗང་གུ་ནུབ་དམར་ལྷོ་སེར་དབུས་མཐིང་གའི། །ལྟེ་བར་བུཾ་ལས་མཚན་ཉིད་ཡོངས་རྫོགས་པའི། །གཞལ་ཡས་ཁང་མཆོག་རྩིག་པ་རིམ་ལྔ་དང་། །ལྡན་ཞིང་གྲུ་བཞི་སྒོ་བཞི་སྒོ་ཁྱུད་ཀྱི། །མཚམས་སུ་ཟླ་ཕྱེད་རིན་ཆེན་རྡོ་རྗེས་སྤྲས། །སྟེགས་བུ་བཞི་ལ་ལྷ་མོའི་ཚོགས་འཁོད་པ། །ཀ་བཞི་བཞིས་བཏེག་རྟ་བབས་བཞིས་མཛེས་ལ། །པད་ཟླའི་སྟེང་དུ་འཁོར་ལོ་གདུགས་རི་དྭགས། །ཕོ་མོ་དང་བཅས་རྟ་བབས་གཡས་གཡོན་དུ། །བུམ་བཟང་ལས་ཐོན་དཔག་བསམ་ཤིང་བཟང་ལ། །རྒྱལ་སྲིད་རིན་ཆེན་


KMC009_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བརྒྱན་ནོར་བུ་མཆོག །དུ་མས་བཀྲ་བའི་ཕ་གུ་གསེར་གྱི་ནི། །སྐ་རགས་བཞི་ལ་བཏགས་པའི་ཆུ་སྲིན་གྱི། །ཁ་ནས་དོ་ཤལ་དོ་ཤལ་ཕྱེད་འཕྱང་བ། །བྱ་འདབ་འོག་དང་སྟེང་དུ་བ་ཀུ་ལཱི། །ཀྲ་མ་ཤྲཱིཪྵས་བསྐོར་ལ་སྣ་ཚོགས་པའི། །གདུགས་དང་རྒྱལ་མཚན་གྱིས་སྤུད་ནང་ཕྱོགས་ཀྱི། །སྟེང་འོག་ཐམས་ཅད་ཤར་སྔོ་བྱང་ལྗང་གུ། །ནུབ་དམར་ལྷོ་སེར་དབུས་སུ་པཾ་ཡིག་ལས། །སྣ་ཚོགས་པད་འདབ་བརྒྱད་པའི་མུ་ཁྱུད་ལ། །གྲི་གུག་ཕྲེང་བསྐོར་སྙིང་པོའི་པདྨའི་མཐར། །གནས་པའི་ཀ་བརྒྱད་ཀྱིས་བཏེག་ཐོག་གི་རྩེར། །རྡོ་རྗེ་ནོར་བུའི་ཏོག་བཅས་དཀྱིལ་འཁོར་ཕྱིར། །རྡོ་རྗེའི་ར་གུར་མེ་རིས་བསྐོར་བའི་ཕྱིར། །ཤར་ནས་གཡོན་སྐོར་གཏུམ་དྲག་ཚང་ཚིང་འཁྲིགས། །རྡོ་རྗེ་འབར་བ་ཀེང་རུས་ཅན་གྱི་གནས། །དབང་ལྡན་ཕྱོགས་ནས་གཡས་སྐོར་མི་བཟད་བཞད། །བཀྲ་ཤིས་ཚལ་དང་མུན་པ་དྲག་པོ་དང་། །ཀི་ལི་ཀི་ལཱ་སྒྲོགས་ཏེ་དུར་ཁྲོད་


KMC009_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །ཤིང་དང་ཕྱོགས་སྐྱོང་ཞིང་སྐྱོང་ཀླུ་དང་སྤྲིན། །རི་དང་མཆོད་རྟེན་བརྒྱད་བརྒྱད་རྣམ་པར་ལྡན། །གནོད་སྦྱིན་རོ་ལངས་འབྱུང་པོ་དུ་མ་དང་། །དཔའ་བོ་རྣལ་འབྱོར་མ་ཚོགས་དུ་མ་རོལ། །གཞལ་ཡས་ཁང་གི་པད་ལྟེར་ཉི་མ་དང་། །འཇིགས་དུས་ཕྱོགས་འདབ་དབུགས་བྲལ་གདན་བཅས་ལ། །དབུས་མའི་སྟེང་དུ་ཧཱུཾ་མཐིང་འོད་དུ་འབར། །དེ་ལས་སྣ་ཚོགས་འོད་འཕྲོས་སངས་རྒྱས་དང་། །བྱང་སེམས་ཀུན་གྱི་བྱིན་རླབས་འོད་དུ་བསྡུས། །ཧཱུཾ་ཐིམ་རྡོ་རྗེ་སྔོན་པོ་རྩེ་ལྔའི་ལྟེར། །ཧཱུཾ་མཚན་འོད་ཀྱིས་ཁམས་གསུམ་སེམས་ཅན་གྱི། །རྒྱུད་སྦྱངས་ཧེ་རུ་ཀ་ཡི་གོ་འཕང་ལ། །བཀོད་ནས་ཚུར་འདུས་ས་བོན་ཕྱག་མཚན་བཅས། །ཡོངས་གྱུར་བདག་ཉིད་ཧེ་རུ་ཀ་སྐུ་མདོག །ཟར་མའི་མེ་ཏོག་སར་པ་ལྟར་སྔོ་བསངས། །ཞལ་གཅིག་སྤྱན་གསུམ་མཆེ་བ་ཅུང་ཟད་གཙིགས། །རལ་པའི་ཅོད་པན་རྩེ་མོ་ནོར་བུ་དང་། །མདུན་དུ་སྣ་ཚོགས་རྡོ་རྗེ་གཡོན་ཕྱོགས་སུ། །


KMC009_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་ཕྱེད་སྤྲས་གསུམ་འཁྱོག་གྱེས་པ་ཡི། །དར་དཔྱངས་རྡོ་རྗེའི་ཕྲེང་སྦྲེལ་ཐོད་སྐམ་ལྔ། །རིན་ཆེན་རྩེ་བྲན་སྐྲ་ཡི་མཚམས་སུ་བཅིངས། །ཐོད་རློན་ལྔ་བཅུའི་དོ་ཤལ་ཕྱག་རྒྱ་དྲུག །བརྒྱན་ཅིང་སྒེག་པ་ལ་སོགས་གར་དགུར་ལྡན། །སྟག་ལྤགས་ཤམ་གྲོལ་ཕྱག་གཉིས་རྡོ་རྗེ་དང་། །དྲིལ་བུ་འཛིན་པས་ཡུམ་འཁྱུད་ཞབས་གཡས་བརྐྱང་། །གཡོན་བསྐུམ་དུས་མཚན་དམར་མོའི་ནུ་མའི་བར། །འཇིགས་བྱེད་ནག་པོ་མགོ་བལྟབ་སྟེང་དུ་བརྫིས། །དྲི་མེད་འོད་ཕྲེང་འཁྲུགས་པ་དེ་ཡི་པང་། །རྡོ་རྗེ་ཕག་མོ་གཞོན་ནུ་ལང་ཚོ་ཅན། །དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །སྐྲ་གྲོལ་ཐོད་སྐམ་ལྔས་བརྒྱན་སྐམ་པོ་ནི། །ལྔ་བཅུའི་དོ་ཤལ་ཕྱག་རྒྱ་ལྔ་ཡིས་སྤྲས། །གཡས་པས་སྡིགས་མཛུབ་དང་བཅས་གྲི་གུག་འཕྱར། །གཡོན་པས་ཐོད་པ་བདུད་རྩི་དང་བཅས་འཁྱུད། །གཡོན་བརྐྱང་གཡས་བསྐུམ་འཁྲིལ་བས་བདེ་ཆེན་རྒྱས། །བསྐལ་མེ་འབར་བའི་གཟི་


KMC009_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་ལྡན་པའོ། །མདུན་དུ་མཁའ་འགྲོ་མ་མཐིང་གཡོན་ཕྱོགས་སུ། །ལཱ་མཱ་ལྗང་གུ་རྒྱབ་ཏུ་དུམ་སྐྱེས་དམར། །གཡས་སུ་གཟུགས་ཅན་མ་སེར་བཞི་ག་ཡང་། །ཞལ་གཅིག་ཕྱག་གཉིས་གཡས་ཀྱིས་གྲི་གུག་འཕྱར། །གཡོན་ཐོད་ཁྲག་བཀང་གྲུ་མོར་ཁ་ཊྭཱཾ་ལྡན། །རུས་པའི་རྒྱན་ཆ་ལྔས་མཛེས་སྤྱན་གསུམ་མངའ། །སྐྲ་གྲོལ་གཡས་བརྐྱང་གཡོན་བསྐུམ་སྟབས་ཀྱིས་བཞུགས། །མཚམས་བཞིར་བདུད་རྩི་ལྔས་བཀང་བུམ་པའི་སྟེང་། །ཤ་ལྔས་གང་བའི་ཐོད་པ་གསལ་བར་གྱུར། །ལུས་དྲན་ཉེ་བར་གཞག་པ་མཁའ་འགྲོ་མའོ། །ཚོར་དྲན་ཉེ་བར་གཞག་པ་ལཱ་མཱའོ། །ཆོས་དྲན་ཉེ་བར་གཞག་པ་དུམ་སྐྱེས་མའོ། །སེམས་དྲན་ཉེ་བར་གཞག་པ་གཟུགས་ཅན་མའོ། །ཡང་དག་ཏིང་འཛིན་བཅོམ་ལྡན་ཧེ་རུ་ཀའོ། །ཞེས་དག་པ་དང་བཅས་ཏེ་བསྒོམ་མོ། །བཅུ་པ་གནས་གསུམ་བྱིན་རླབས་དང་གོ་ཆ་འགོད་པ་ནི། གཙོ་འཁོར་ཀུན་གྱི་སྤྱི་བོར་ཟླ་ལ་ༀ། །དཀར་པོ་མགྲིན་པད་ཨཱཿདམར་སྙིང་གར་ནི། །


KMC009_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུཾ་སྔོན་པོ། །བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཨཱོཾ་ཧ་དཀར། །མགོ་བོར་ན་མ་ཧི་སེར་གཙུག་ཏུ་སྭཱ། །ཧཱ་ཧུ་དམར་པོ་ཕྲག་གཉིས་བཽ་ཥཊ་ཧེ། །ནག་པོ་མིག་གཉིས་ཧཱུཾ་ཧཱུཾ་ཧོཿདམར་སེར། །ཡན་ལག་ཀུན་ལ་ཕཊ་ཧཾ་ལྗང་གུ་དང་། །ཡུམ་གྱི་ལྟེ་བར་ཨཱོཾ་བཾ་དམར་སྙིང་གར། །ཧཾ་ཡོཾ་སྔོན་པོ་ཁར་ཧྲཱིཾ་མོཾ་དཀར་མོ། །མགོ་བོར་ཧྲིཾ་ཧྲིཾ་སེར་མོ་སྤྱི་གཙུག་ཏུ། །ཧཱུཾ་ཧཱུཾ་ལྗང་གུ་ཡན་ལག་ཀུན་ཕཊ་ཕཊ། །དུད་ཁ་རྣམས་ཀྱིས་ཡང་དག་མཚན་པར་གྱུར། །བཅུ་གཅིག་པ་ཡེ་ཤེས་པར་མཆོད་ལ་བསྟིམ་པ་ནི། འབར་བའི་ཕྱག་རྒྱ་དང་ཕེཾ་གྱི་སྒྲས་བསྐུལ་ཏེ། སྙིང་གར་ཉི་མ་ལ་གནས་ཧཱུཾ་འོད་ཀྱིས། །ཡེ་ཤེས་འཁོར་ལོ་ཕྱོགས་བཅུའི་ཁམས་བཞུགས་པའི། །དཔའ་བོ་རྣལ་འབྱོར་མར་བཅས་དབང་གི་ལྷ། །མདུན་གྱི་ནམ་མཁར་སྤྱན་དྲངས་བཞུགས་སུ་གསོལ། །ༀ་བཛྲ་བཱི་ཎེ་ཧུཾ་ཧཱུཾ་ཕཊ། བཾ་ཤེ། མྲྀ་ཏཾ་གེ །མུ་ར་ཛེ། ཧཱ་སྱེ། ལཱ་སྱེ། གཱི་ཏི། ནྲྀ་ཏྱེ། པུཥྤེ། དྷཱུ་པེ། དཱི་པེ། གནྡྷེ། ༀ་རཱུ་


KMC009_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཛྲི། ར་ས་བཛྲི། སྤཪྴེ་བཛྲི། དྷརྨ་དྷཱ་ཏུ། ཞེས་སྔགས་ཐོག་མཐར་སྤེལ་བའི་ལྷ་མོ་བཅུ་དྲུག་གིས་མཆོད། ཛཿཧཱུཾ་བཾ་ཧོཿ ཞེས་བརྗོད་ཅིང་། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱ་འཆིང་བཞིན་པས། ཡེ་ཤེས་པ་དང་དམ་ཚིག་གཉིས་མེད་གྱུར། །ཅེས་དགུག་གཞུག་བཅིང་མཉེས་བྱས་ནས་ལག་གཉིས་རྣམ་ལྔ་འདོད་བསྐོར་དང་། མཐར་འཁྱུད་པའི་ཚུལ་བྱ་ཞིང་། ༀ་ཡོ་ག་ཤུདྡྷཱཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ཆོས་རྣམས་ཐབས་ཤེས་དབྱེར་མེད་ངང་དུ་དག །བདག་ཀྱང་དེ་ཡི་ངོ་བོར་རྣམ་དག་གོ །ཞེས་ང་རྒྱལ་བཟུང་། བཅུ་གཉིས་པ་དབང་བསྐུར་རྒྱས་གདབ་མཆོད་ཅིང་བསྟོད་པ་ནི། ཡེ་ཤེས་པ་དང་ལྷན་ཅིག་སྤྱན་དྲངས་པའི། །དབང་ལྷ་ནམ་མཁར་བཞུགས་ལ་མཆོད་པར་བྱ། །ༀ་བཛྲ་བཱི་ཎེ་ཧུཾ་ཧཱུཾ་ཕཊ། བཾ་ཤེ། མྲྀ་ཏཾ་གེ །མུ་ར་ཛེ། ཧཱ་སྱེ། ལཱ་སྱེ། གཱི་ཏི། ནྲྀ་ཏྱེ། པུཥྤེ། དྷཱུ་པེ། དཱི་པེ། གནྡྷེ། ༀ་རཱུ་པ་བཛྲི། ར་ས་བཛྲི། སྤཪྴེ་བཛྲི། དྷརྨ་དྷཱ་ཏུ། ཞེས་རིག་མ་བཅུ་དྲུག་གིས་མཆོད། དེ་བཞིན་གཤེགས་ཀུན་བདག་ལ་དབང་བསྐུར་གསོལ། །གསོལ་བཏབ་མོད་ལ་སྒོ་མཚམས་མ་


KMC009_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱིས། །བགེགས་བསྐྲད་དཔའ་བོ་རྣམས་ཀྱིས་ཤིས་པ་བརྗོད། །དཔའ་མོས་གླུ་ལེན་ཡུམ་བཞི་ཕག་མོར་བཅས། །རིན་ཆེན་བུམ་པ་བདུད་རྩིས་གང་བསྣམས་ནས། །ཇི་ལྟར་བལྟམས་ཚེ་བཅོམ་ལྡན་ཁྲུས་གསོལ་ལྟར། །ལྷ་ཆུ་དག་པས་འདིར་ནི་ཁྲུས་བགྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུངས་ཡེ་ཤེས་བདུད་རྩིའི་རྒྱུན་མཆོག་གིས། །དབང་བསྐུར་ལྷ་རྣམས་བདེ་ཆེན་བདག་ཉིད་གྱུར། །ཆུ་ལྷག་བཅོམ་ལྡན་འདས་ལ་མི་བསྐྱོད་པ། །རྡོ་རྗེ་ཕག་མོར་སྣང་མཛད་མཁའ་འགྲོ་མ། །བཞི་ལ་རིན་འབྱུང་དབུ་བརྒྱན་ཐུགས་ཀ་ཡི། །ས་བོན་འོད་ལས་བྱུང་བ་ལྷ་མོའི་ཚོགས། །མཆོད་རྫས་འཛིན་པ་ནམ་མཁའི་ཁམས་གང་བས། །དཀྱིལ་འཁོར་པ་ལ་མཆོད་པ་སྤྲོ་བར་གྱུར། །ༀ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨརྒྷཾ་གྱི་གནས་སུ། ཨཱ་ཙ་མ་ནཾ། པྲོཀྵ་ནཾ། པཱ་དྱཾ། པུཥྤཾ། དྷཱུ་པཾ། ཨཱ་ལོ་ཀཾ གནྡྷཾ། ནཻ་ཝི་དྱཾ།


KMC009_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཤཔྡཾ། ཞེས་དང་། ༀ་བཛྲ་བཱི་ཎེ་ཧུཾ་ཧཱུཾ་ཕཊ། བཾ་ཤེ། མྲྀ་ཏཾ་གེ །མུ་ར་ཛེ། ཧཱ་སྱེ། ལཱ་སྱེ། གཱི་ཏི། ནྲྀ་ཏྱེ། པུཥྤེ། དྷཱུ་པེ། དཱི་པེ། གནྡྷེ། ༀ་རཱུ་པ་བཛྲི། ར་ས་བཛྲི། སྤཪྴེ་བཛྲི། དྷརྨ་དྷཱ་ཏུ། ཞེས་ལྷ་མོ་བཅུ་དྲུག་གིས་མཆོད། ལྷ་རྣམས་ལྗགས་ཧཱུཾ་རྡོ་རྗེ་རྩེ་གསུམ་དཀར། །སྦུ་གུས་བདུད་རྩི་དྲངས་ནས་གསོལ་བར་གྱུར། །ༀ་ཨ་མྲྀ་ཏ་སྭཱ་ད་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་ཨཱཿཧཱུཾ། གིས་བྱིན་གྱིས་བརླབས་ཏེ་གཡོན་པའི་མཐེབ་སྲིན་གྱིས་ནང་མཆོད་ནས་ཐིག་གཏོར་རིམ་བཞིན་དབུལ་ཞིང་། རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང་། །མར་པ་མི་ལ་རྗེ་བཙུན་སྒམ་པོ་པ། །དུས་གསུམ་མཁྱེན་པ་རས་ཆེན་སྤོམ་བྲག་པ། །ཀརྨ་པ་དང་གཉན་རས་རང་བྱུང་བ། །གཡུང་སྟོན་པ་དང་འཛམ་གླིང་མཁའ་སྤྱོད་དབང་། །དེ་བཞིན་གཤེགས་པ་རཏྣ་བྷ་དྲ་དང་། །མཐོང་བ་དོན་ལྡན་ཀུན་མཁྱེན་འཇམ་དཔལ་བཟང་། །རང་བྱུང་མཚོ་སྐྱེས་སངས་རྒྱས་མཉན་པ་དང་། །མི་བསྐྱོད་རྡོ་རྗེ་དཀོན་མཆོག་ཡན་ལག་དང་། །དབང་ཕྱུག་རྡོ་རྗེ་ཆོས་ཀྱི་དབང་ཕྱུག་


KMC009_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཆོས་དབྱིངས་རྡོ་རྗེ་ཡེ་ཤེས་སྙིང་པོ་དང་། །ཡེ་ཤེས་རྡོ་རྗེ་ཆོས་ཀྱི་དོན་གྲུབ་དང་། །བྱང་ཆུབ་རྡོ་རྗེ་ཆོས་ཀྱི་འབྱུང་གནས་དང་། །བདུད་འདུལ་རྡོ་རྗེ་ཆོས་གྲུབ་རྒྱ་མཚོ་དང་། །པདྨ་ཉིན་བྱེད་ཐེག་མཆོག་རྡོ་རྗེ་དང་། །བློ་གྲོས་མཐའ་ཡས་མཁའ་ཁྱབ་རྡོ་རྗེ་དང་། །པདྨ་དབང་མཆོག་མཁྱེན་བརྩེ་འོད་ཟེར་ཞབས། །ཁྱབ་བདག་རང་བྱུང་རིག་པའི་རྡོ་རྗེ་སོགས། །རྗེ་བཙུན་བླ་མའི་ཞལ་དུ་ༀ་ཨཱཿཧཱུཾ། །ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ་ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་ༀ་ཨཱཿཧཱུཾ། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ༀ་ཨཱཿཧཱུཾ། ༀ་ཌཱ་ཀི་ནཱི་ༀ་ཨཱཿཧཱུཾ། ༀ་ལཱ་མེ་ༀ་ཨཱཿཧཱུཾ། ༀ་ཁཎྜ་རོ་ཧེ་ༀ་ཨཱཿཧཱུཾ། ༀ་རཱུ་པི་ཎི་ཡེ་ༀ་ཨཱཿཧཱུཾ། ༀ་མ་ཧཱ་ཀཱ་ལཱ་ཡ་ༀ་ཨཱཿཧཱུཾ། ༀ་མ་ཧཱ་ཀཱ་ལཱེ་ༀ་ཨཱཿཧཱུཾ། ཞེས་བླ་མ་ཡི་དམ་ཆོས་སྐྱོང་རྣམས་མཆོད། ༀ་ན་མོ་བྷ་ག་ཝ་ཏེ་བཱི་རེ་ཤཱ་ཡ་ཧུཾ་ཧཱུཾ་ཕཊ། ༀ་མ་ཧཱ་ཀལྤཱགྣི སནྣི་བྷཱ་ཡ་ཧུཾ་ཧཱུཾ་ཕཊ། ༀ་ཛ་ཊཱ་མ་ཀུ་ཊོཏྐ་ཊཱ་ཡ་ཧུཾ་ཧཱུཾ་ཕཊ། ༀ་དཾཥྚཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་ཧུཾ་ཧཱུཾ་ཕཊ། ༀ་ས་ཧ་སྲ་བྷུ་


KMC009_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཛ་བྷཱ་སུ་རཱ་ཡ་ཧུཾ་ཧཱུཾ་ཕཊ། ༀ་པར་ཤུ་པཱ་ཤོདྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎེ་ཧུཾ་ཧཱུཾ་ཕཊ། ༀ་བྱཱ་གྷྲ་ཛི་ནམྦ་ར་དྷ་རཱ་ཡ་ཧུཾ་ཧཱུཾ་ཕཊ། ༀ་མ་ཧཱ་དྷཱུ་མྲཱནྡྷ་ཀ་ར་བ་པུཥཱ་ཡ་ཧུཾ་ཧཱུཾ་ཕཊ། ༀ་ན་མོ་བྷ་ག་ཝ་ཏཱི་བཛྲ་བཱ་རཱ་ཧི་བཾ་ཧུཾ་ཧཱུཾ་ཕཊ། ༀ་ན་མ་ཨཱཪྱཱ་པ་རཱ་ཛི་ཏེ་ཏྲཻ་ལོ་ཀྱ་མཱ་ཏེ་མ་ཧཱ་བིདྱེ་ཤྭ་རི་ཧུཾ་ཧཱུཾ་ཕཊ། ༀ་ན་མཿསརྦ་བྷཱུ་ཏ་བྷ་ཡཱ་བ་ཧེ་མ་ཧཱ་བཛྲེ་ཧུཾ་ཧཱུཾ་ཕཊ། ༀ་ན་མོ་བཛྲཱི་ས་ནེ་ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་བཤྱཾ་ཀ་རི་ནེ་ཏྲ་བྷྲཱ་མ་ཎི་ཧུཾ་ཧཱུཾ་ཕཊ། ༀ་ན་མཿཤོ་ཥ་ཎི་རོ་ཥ་ཎི་ཀྲོ་དྷེ་ཀ་རཱ་ལི་ནི་ཧུཾ་ཧཱུཾ་ཕཊ། ༀ་ན་མསྟྲཱ་ས་ནི་མཱ་ར་ཎི་པྲ་བྷེ་ད་ནི་ཨ་པ་རཱ་ཛ་ཡེ་ཧུཾ་ཧཱུཾ་ཕཊ། ༀ་ན་མོ་བི་ཛ་ཡེ་ཛམྦྷ་ནི། སྟམྦྷ་ནི་མོ་ཧ་ནི་ཧུཾ་ཧཱུཾ་ཕཊ། ༀ་ན་མོ་བཛྲ་བཱ་རཱ་ཧི་མ་ཧཱ་ཡོ་གི་ནི་ཀཱ་མེ་ཤྭ་རི་ཁ་གེ་ཧུཾ་ཧཱུཾ་ཕཊ། ཅེས་ཡུམ་གྱི་རྐང་པ་བརྒྱད་པས་བསྟོད་དོ། །བཅུ་གསུམ་པ་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་ནི། བདག་ཉིད་ཧེ་རུ་ཀར་གནས་སྐུ་ཡི་ནང་། །རྩ་གསུམ་འཁོར་ལོ་བཞི་ལྡན་དེ་ཉིད་ཀྱི། །སྤྱི་བོར་ཧཾ་དཀར་མགྲིན་པར་ༀ་དཀར་པོ། །སྙིང་གར་ཧཱུཾ་སྔོན་ལྟེ་བར་


KMC009_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿདམར་པོ། །ཨཱཿལས་གཏུམ་མོའི་མེ་འབར་ཡིག་གསུམ་བསྲེགས། །ཧཾ་ལས་དཀར་ཆའི་རྒྱུན་བབས་ཡིག་གསུམ་གསོས། །སླར་ཡང་འོད་འཕྲོས་བདེ་ཆེན་ཉམས་མྱོང་གྱུར། །ཅེས་བསྒོམ་པས་དུ་བ་ལ་སོགས་པའི་རྟགས་ལྔ་འཆར་རོ། །བཅུ་བཞི་པ་བཟླས་པ་བྱ་བ་ནི། བགྲང་ཕྲེང་མི་རུས་ལས་གྲུབ་པ་གཞོན་ནུ་མས་བཀལ་བའི་སྲད་བུས་བརྒྱུས་ལ། ༀ་ཁཎྜ་རོ་ཧེས་བསངས། ༀ་སྭ་བྷཱ་ཝས་སྦྱངས། སྟོང་ལས་པད་ཉིའི་སྟེང་དུ་བགྲང་ཕྲེང་ཧྲཱིཿ །དེ་ལས་པད་གར་དབང་དམར་ཞལ་གཅིག་ཕྱག །བཞི་པ་གཡས་དང་པདྨ་གཉིས་པ་ན། །ཌཱ་རུ་གཡོན་དང་དྲིལ་བུ་གཉིས་པ་ན། །ཐོད་པ་ཁ་ཊྭཱཾ་ག་བསྣམས་སྤྱན་གསུམ་པ། །རལ་པའི་ཅོད་པཎ་ཐོད་སྐམ་ལྔ་ཡིས་བརྒྱན། །རློན་པ་ལྔ་བཅུའི་དོ་ཤལ་སྟག་ཤམ་གསོལ། །ཕྱག་རྒྱ་དྲུག་ལྡན་གཡས་བརྐྱང་སྟབས་ཀྱིས་བཞུགས། །གནས་གསུམ་ཡིག་གསུམ་ཐུགས་ཀའི་ས་བོན་གྱི། །འོད་ཀྱིས་རང་འདྲའི་ཡེ་ཤེས་སྤྱན་དྲངས་ཏེ། །ཛཿཧཱུཾ་བཾ་ཧོཿདམ་ཚིག་དབྱེར་མེད་


KMC009_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝིདྱ། ཤབྡའི་བར་གྱིས་མཆོད། ༀ་པདྨ་ནཪྟེ་ཤྭ་ར་ཧུཾ་ཧཱུཾ་ཕཊ། ཅེས་བརྒྱ་རྩ་བརྒྱད་བཟླས་པའི་རྗེས་སུ། པདྨ་གར་དབང་ཡོངས་གྱུར་བགྲང་ཕྲེང་གྱུར། །ཅེས་བྱིན་གྱིས་བརླབས་པའི་ཕྲེང་བ་ལག་པ་གཡོན་པས་བཟུང་སྟེ། མཐེ་བོང་དང་ཕྲེང་རྡོག་ལྷའི་རང་བཞིན་དུ་མོས་ལ། གཅོད་པའི་ཚེ་ལྷ་རྣམས་འགུགས་པར་དམིགས་ནས། གཙོ་བོའི་ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ལྟེར། །ས་བོན་ཧཱུཾ་ཡིག་འོད་ཟེར་དཀར་པོ་བྱུང་། །ཡབ་ཞལ་ཡུམ་ཞལ་དུ་ཞུགས་སྐུ་ཡི་དབྱིབས། །བརྒྱུད་དེ་ཡུམ་གྱི་མཁའ་ནས་རྡོ་རྗེ་ཡི། །ནོར་བུ་ནས་སོང་ཐུགས་ཀའི་ཧཱུཾ་ལ་ཐིམ། །ནད་གདོན་བར་ཆད་ཞི་དང་འོད་ཟེར་ལས། །ཚེ་དཔལ་འབྱོར་རྒྱས་དམར་ལས་ལོངས་སྤྱོད་བསྡུས། །མཐིང་གས་གནོད་བྱེད་ཐམས་ཅད་ཚར་གཅོད་པའོ། །ཞེས་བསྒོམ་བཞིན་པས། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱི་སྙིང་པོ་ཡི་གེ་ཉི་ཤུ་རྩ་གཉིས་པའོ། །ཡང་ན། སྤྲུལ་པའི་


KMC009_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོར་པད་ལྟེར་ནཱ་ད་ལས། །ཟློ་བའི་སྔགས་ཕྲེང་སྣ་བུག་གཡས་ནས་ཐོན། །དཀྱིལ་འཁོར་པར་གྱུར་འགྲོ་དོན་མཛད་ནས་སྔགས། །གཟུགས་ཀྱིས་སྣ་བུག་གཡོན་ཞུགས་ནཱ་དར་ཐིམ། །ༀ་ཧྲཱིཿཧ་ཧ་ཧུཾ་ཧཱུཾ་ཕཊ། ཉེ་སྙིང་ཡི་གེ་བདུན་མའོ། །ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝཪྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཡུམ་གྱི་སྙིང་པོ་དང་ཉེ་སྙིང་ངོ་། །ༀ་དང་ཧུཾ་ཧཱུཾ་ཕཊ། བཏགས་ལ། ཌཱ་ཀི་ནཱི་ཡེ། ལཱ་མེ། ཁཎྜ་རོ་ཧེ། རཱུ་པི་ཎཱི་ཡེ། ཞེས་རྣལ་འབྱོར་མ་བཞིའི་སྔགས་སོ། །གྲངས་བསྙེན། གཙོ་བོ་ལ་འབུམ། ཡུམ་དང་འཁོར་ལ་ཁྲི། སློབ་དཔོན་དུ་འོས་པ་ཡིན་ན་ཡེ་ཤེས་དབབ་པའི་སྔགས་ལ་ཁྲི་སྟེ། དེང་སང་རྩོད་དུས་ལ་དེ་བཞི་འགྱུར་དུ་བཟླས་ནས། བཟླས་པའི་བཅུ་ཆའི་སྦྱིན་སྲེག་བྱའོ། །ཐུན་སོ་སོ་ལ་ནི་བཟླས་པ་ཅི་ནུས་སོ། །བཅོ་ལྔ་པ་ཐུན་བསྡུ་བ་ནི། ཐུགས་ཀའི་ཧཱུཾ་གི་འོད་ཀྱིས་གཞལ་ཡས་ཁང་། །འོད་ཞུ་འཁོར་ཐིམ་འཁོར་རྣམས་ཡུམ་ལ་ཐིམ། །ཡུམ་ཡབ་ཡབ་ཀྱང་ཐུགས་ཀའི་ཧཱུཾ་ལ་ཐིམ། །དེ་ཡང་ཞབས་ཀྱུ་ཁོག་པ་མགོ་ཟླ་ཚེས། །ཐིག་ལེ་ནཱ་ད་དེ་ཡང་མི་


KMC009_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ལས། །སླར་ཡང་ལྷན་སྐྱེས་དཔའ་གཅིག་རྣམ་པར་གྱུར། །བཅུ་དྲུག་པ་གཏོར་མ་འབུལ་བ་དང་། བཅུ་བདུན་པ་ལྷག་ཆད་ཁ་བསྐང་གཤེགས་གསོལ་སོགས་འདོན་འགྲིགས་ལྟར་དཀྱིལ་ཆོག་མཇུག་ཚོགས་རྗེས་ཆོག་སྐབས་བྲིས་ཡོད་དོ། །བཅོ་བརྒྱད་པ་ཐུན་མཚམས་བྱ་བ་ནི་སྤར་གཞུང་ལྟར་རོ། །བུམ་བསྐྱེད་ནི། བུམ་པ་ལྔའམ་གཉིས་གཙང་མར་བཀྲུས། གུ་གུལ་གྱིས་བདུག །ༀ་སུམྦྷ་ནི་སོགས་ཀྱིས་བགེགས་བསྐྲད། ཙནྡན་དཀར་པོ་དང་སིཧླའི་ཁུ་བས་དཀར་པོར་བྱུག །རྣམ་རྒྱལ་ལ་ཆོས་འབྱུང་གི་དབུས་སུ་སྣ་ཚོགས་པད་ཉི་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དང་། བུམ་པ་གཞན་དང་ལས་བུམ་ལ་པད་ཉི་རོ་གདན་གྱི་སྟེང་དུ་གྲི་གུག་བྲི། མགུལ་ཆིངས་སྲད་བུ་དཀར་པོས་བཅིངས་ཤིང་། ༀ་བཛྲ་ཤི་ཁ་རེ་རུ་ཊ་མ་ཊ་དི་ཤཱཾ་བནྡྷ་བནྡྷ་ཧཱུཾ། ལྷ་ཆུ་དལ་འགྲོར་བཀུག་སྟེ་བུམ་ཆུར་གྱུར། །ༀ་ཏབྟེ་ཏབྟེ་མ་ཧཱ་ཏབྟེ་སྭཱ་ཧཱ། བརྗོད་ཅིང་ཆུ་གཙང་མ་དྲིས་བགོས་པས་དགང་། ལྔ་ཚན་ལྔའི་རྫས་རྣམས་གཞུག །དྲིའི་མཎྜལ་ལམ་ཀུ་ཤའི་གདན་ལ་བཞག །དུང་ཆོས་དྲིའི་ཆུས་གང་བ། ༀ་བཛྲ་ཨ་མྲྀ་ཏོ་ད་ཀཿཋཿཧཱུཾ་ༀ་ཨཱཿཧཱུཾ། བདུན་བཟླས་ནས་རྣམ་རྒྱལ་གྱི་སྟེང་དུ་བཀོད། དེའི་སྟེང་དུ་རྡོ་རྗེ་མེ་ཏོག་གི་ཕྲེང་བ་དང་ལྡན་པ་བཞག་ནས་བསངས་སྦྱངས། སྟོང་


KMC009_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བུཾ་བྱུང་བུམ་པའི་ལྟོ་བ་ཡངས། །མཆུ་འཕྱང་མགྲིན་རིང་མཚན་རྫོགས་རྣམ་རྒྱལ་དབུས། །སྣ་ཚོགས་པད་འདབ་བརྒྱད་པའི་ལྟེ་བ་དང་། །བུམ་པའི་མཚན་མར་པད་ལྟེར་ཉི་མ་དང་། །འཇིགས་དུས་ཕྱོགས་འདབ་དབུགས་བྲལ་གདན་བཅས་ལ། །དབུས་མའི་སྟེང་དུ་ཧཱུཾ་མཐིང་འོད་དུ་འབར། །དེ་ལས་སྣ་ཚོགས་འོད་འཕྲོས་སངས་རྒྱས་དང་། །བྱང་སེམས་ཀུན་གྱི་བྱིན་རླབས་འོད་དུ་བསྡུས། །ཧཱུཾ་ཐིམ་རྡོ་རྗེ་སྔོན་པོ་རྩེ་ལྔའི་ལྟེར། །ཧཱུཾ་མཚན་འོད་ཀྱིས་ཁམས་གསུམ་སེམས་ཅན་གྱི། །རྒྱུད་སྦྱངས་ཧེ་རུ་ཀ་ཡི་གོ་འཕང་ལ། །བཀོད་ནས་ཚུར་འདུས་ས་བོན་ཕྱག་མཚན་བཅས། །ཡོངས་གྱུར་བཅོམ་ལྡན་ཧེ་རུ་ཀ་སྐུ་མདོག །ཟར་མའི་མེ་ཏོག་སར་པ་ལྟར་སྔོ་བསངས། །ཞལ་གཅིག་སྤྱན་གསུམ་མཆེ་བ་ཅུང་ཟད་གཙིགས། །རལ་པའི་ཅོད་པན་རྩེ་མོར་ནོར་བུ་དང་། །མདུན་དུ་སྣ་ཚོགས་རྡོ་རྗེ་གཡོན་ཕྱོགས་སུ། །ཟླ་བ་ཕྱེད་སྤྲས་གསུམ་འཁྱོག་གྱེས་པ་ཡི། །


KMC009_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

དར་དཔྱངས་རྡོ་རྗེའི་ཕྲེང་སྦྲེལ་ཐོད་སྐམ་ལྔ། །རིན་ཆེན་རྩེ་བྲན་སྐྲ་ཡི་མཚམས་སུ་བཅིངས། །ཐོད་རློན་ལྔ་བཅུའི་དོ་ཤལ་ཕྱག་རྒྱ་དྲུག །བརྒྱན་ཅིང་སྒེག་པ་ལ་སོགས་གར་དགུར་ལྡན། །སྟག་ལྤགས་ཤམ་གྲོལ་ཕྱག་གཉིས་རྡོ་རྗེ་དང་། །དྲིལ་བུ་འཛིན་པས་ཡུམ་འཁྱུད་ཞབས་གཡས་བརྐྱང་། །གཡོན་བསྐུམ་དུས་མཚན་དམར་མོའི་ནུ་མའི་བར། །འཇིགས་བྱེད་ནག་པོ་མགོ་བལྟབ་སྟེང་དུ་བརྫིས། །དྲི་མེད་འོད་ཕྲེང་འཁྲུགས་པ་དེ་ཡི་པང་། །རྡོ་རྗེ་ཕག་མོ་གཞོན་ནུ་ལང་ཚོ་ཅན། །དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །སྐྲ་གྲོལ་ཐོད་སྐམ་ལྔས་བརྒྱན་སྐམ་པོ་ནི། །ལྔ་བཅུའི་དོ་ཤལ་ཕྱག་རྒྱ་ལྔ་ཡིས་སྤྲས། །གཡས་པས་སྡིགས་མཛུབ་དང་བཅས་གྲི་གུག་འཕྱར། །གཡོན་པས་ཐོད་པ་བདུད་རྩི་དང་བཅས་འཁྱུད། །གཡོན་བརྐྱང་གཡས་བསྐུམ་འཁྲིལ་བས་བདེ་ཆེན་རྒྱས། །བསྐལ་མེ་འབར་བའི་གཟི་བརྗིད་ལྡན་པའོ། །མདུན་དུ་མཁའ་འགྲོ་མ་མཐིང་


KMC009_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ཕྱོགས་སུ། །ལཱ་མཱ་ལྗང་གུ་རྒྱབ་ཏུ་དུམ་སྐྱེས་དམར། །གཡས་སུ་གཟུགས་ཅན་མ་སེར་བཞི་ག་ཡང་། །ཞལ་གཅིག་ཕྱག་གཉིས་གཡས་ཀྱིས་གྲི་གུག་འཕྱར། །གཡོན་ཐོད་ཁྲག་བཀང་གྲུ་མོར་ཁ་ཊྭཱཾ་ལྡན། །རུས་པའི་རྒྱན་ཆ་ལྔས་མཛེས་སྤྱན་གསུམ་མངའ། །སྐྲ་གྲོལ་གཡས་བརྐྱང་གཡོན་བསྐུམ་སྟབས་ཀྱིས་བཞུགས། །མཚམས་བཞིར་བདུད་རྩི་ལྔས་བཀང་བུམ་པའི་སྟེང་། །ཤ་ལྔས་གང་བའི་ཐོད་པ་གསལ་བར་གྱུར། །ཅེས་དང་། ལས་བུམ་དབུས་སུ་བུམ་མཚན་པད་ཉི་རོའི། །གདན་ལ་པཾ་ལས་གྲི་གུག་པཾ་མཚན་པ། །ཡོངས་སུ་གྱུར་ལས་དུམ་སྐྱེས་དམར་མོ་ནི། །ཞལ་གཅིག་ཕྱག་གཉིས་གཡས་ཀྱིས་གྲི་གུག་འཕྱར། །གཡོན་ཐོད་ཁྲག་བཀང་གྲུ་མོར་ཁ་ཊྭཱཾ་ལྡན། །རུས་པའི་རྒྱན་ཆ་ལྔས་མཛེས་སྤྱན་གསུམ་མངའ། །སྐྲ་གྲོལ་གཡས་བརྐྱང་གཡོན་བསྐུམ་སྟབས་ཀྱིས་བཞུགས། །ཞེས་པས་དམ་ཚིག་པ་བསྐྱེད། དེ་ནས་ཡེ་ཤེས་པ་མཆོད་ལ་བསྟིམ་པ་ནི། ཕེཾ།


KMC009_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གར་ཉི་མ་ལ་གནས་ཧཱུཾ་འོད་ཀྱིས། །ཡེ་ཤེས་འཁོར་ལོ་ཕྱོགས་བཅུའི་ཁམས་བཞུགས་པའི། །དཔའ་བོ་རྣལ་འབྱོར་མར་བཅས་དབང་གི་ལྷ། །མདུན་གྱི་ནམ་མཁར་སྤྱན་དྲངས་བཞུགས་སུ་གསོལ། །ༀ་བཛྲ་བཱི་ཎེ་ཧུཾ་ཧཱུཾ་ཕཊ། བཾ་ཤེ། མྲྀ་ཏཾ་གེ །མུ་ར་ཛེ། ཧཱ་སྱེ། ལཱ་སྱེ། གཱི་ཏི། ནྲྀ་ཏྱེ། པུཥྤེ། དྷཱུ་པེ། དཱི་པེ། གནྡྷེ། ༀ་རཱུ་པ་བཛྲི། ར་ས་བཛྲི། སྤཪྴེ་བཛྲི། དྷརྨ་དྷཱ་ཏུ། ཞེས་མཆོད། ཛཿཧཱུཾ་བཾ་ཧོཿ ཡེ་ཤེས་པ་དང་དམ་ཚིག་གཉིས་མེད་གྱུར། ༀ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ་྅་ཧཾ། ཆོས་རྣམས་ཐབས་ཤེས་དབྱེར་མེད་ངང་དུ་དག །ལྷ་ཡང་དེ་ཡི་ངོ་བོར་རྣམ་དག་གོ །ཡེ་ཤེས་པ་དང་ལྷན་ཅིག་སྤྱན་དྲངས་པའི། །དབང་ལྷ་ནམ་མཁར་བཞུགས་ལ་མཆོད་པར་བྱ། །ༀ་བཛྲ་བཱི་ཎེ་སོགས་དང་། རཱུ་པ་བཛྲི་སོགས་རིག་མ་བཅུ་དྲུག་གིས་མཆོད། དེ་བཞིན་གཤེགས་ཀུན་ལྷ་ལ་དབང་བསྐུར་གསོལ། །གསོལ་བཏབ་མོད་ལ་སྒོ་མཚམས་མ་བརྒྱད་ཀྱིས། །བགེགས་བསྐྲད་དཔའ་བོ་རྣམས་ཀྱིས་


KMC009_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་པ་བརྗོད། །དཔའ་མོས་གླུ་ལེན་ཡུམ་བཞི་ཕག་མོར་བཅས། །རིན་ཆེན་བུམ་པ་བདུད་རྩིས་གང་བསྣམས་ནས། །ཇི་ལྟར་བལྟམས་ཚེ་བཅོམ་ལྡན་ཁྲུས་གསོལ་ལྟར། །ལྷ་ཆུ་དག་པས་འདིར་ནི་ཁྲུས་བགྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུངས་ཡེ་ཤེས་བདུད་རྩིའི་རྒྱུན་མཆོག་གིས། །དབང་བསྐུར་ལྷ་རྣམས་སོ་སོའི་ལྷ་ལ་ཐིམ། །ཆུ་ལྷག་བཅོམ་ལྡན་འདས་ལ་མི་བསྐྱོད་པ། །རྡོ་རྗེ་ཕག་མོར་སྣང་མཛད་མཁའ་འགྲོ་མ། །བཞི་ལ་རིན་འབྱུང་དབུ་བརྒྱན་དུམ་སྐྱེས་ལ། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་དབུ་བརྒྱན་གྱུར། །ཅེས་སོ། །དེ་ནས་མཆོད་པ་རྣམས། ༀ་ཁཎྜ་རོ་ཧེས་བསངས། ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཐོད། །ནང་དུ་ཧཱུྃ་ལས་མཆོད་ཡོན་དང་། །ཞལ་བསིལ་བསངས་གཏོར་ཞབས་བསིལ་བ། །མེ་ཏོག་བདུག་སྤོས་སྣང་གསལ་དང་། །དྲི་ཆབ་ཞལ་ཟས་རོལ་མོ་རྣམས། །དྭངས་ཤིང་ཐོགས་མེད་


KMC009_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་བཟང་། །རྣམ་ཐར་ཇི་བཞིན་མཆོད་པའི་སྤྲིན། །དཔའ་བོ་རྣལ་འབྱོར་དགྱེས་བསྐྱེད་གྱུར། །ༀ་བཛྲ་ཨརྒྷཾ་ཨཱཿཧཱུཾ། དེ་བཞིན་དུ། ཨཱ་ཙ་མ་ནཾ། པྲོཀྵ་ནཾ། པཱ་དྱཾ། པུཥྤཾ། དྷཱུ་པཾ། ཨ་ལོ་ཀཾ གནྡྷཾ། ནཻ་ཝིདྱཾ། ཤབྡཾ་ཨཱཿཧཱུཾ། ཞེས་པས་བྱིན་བརླབས། ཆུ་བཞི་ཉེར་སྤྱོད་རོལ་མོ་དང་བཅས་པས་འབུལ་བ་ནི། མཆོག་ཏུ་གཙང་ཞིང་ཡི་གར་འོང་ལ་སོགས། །ཡན་ལག་བརྒྱད་དང་ལྡན་པའི་མཆོད་ཡོན་འདི། །བཅོམ་ལྡན་དཔའ་བོའི་དབང་ཕྱུག་བཙུན་མོར་བཅས། །དཔའ་བོ་རྣལ་འབྱོར་མ་རྣམས་མཆོད་པར་བགྱི། །ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གི་ནཱི་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། ཤིན་ཏུ་དག་ཅིང་དྲི་མ་དང་བྲལ་ཡང་། །ལྷ་རྫས་དྲི་བཟང་དང་བཅས་ཞལ་བསིལ་འདི། །འགྲོ་བའི་ཉོན་མོངས་དྲི་ང་སེལ་བའི་ཕྱིར། །བཞེས་ནས་དངོས་གྲུབ་དམ་པའི་བཀའ་དྲིན་སྩོལ། །ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གི་ནཱི་བཛྲ་ཨཱ་ཙ་མཱ་ནཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་


KMC009_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱ། ཉེས་པའི་ཚ་གདུང་ཀུན་ཏུ་བཅིལ་གྱུར་ཀྱང་། །སྐྱེ་དགུའི་གདུང་བ་མཐའ་དག་ཞི་སླད་དུ། །རབ་ཏུ་ཚིམ་པ་སྐྱེད་པའི་བསང་གཏོར་གྱིས། །དཀྱིལ་འཁོར་ལྷ་རྣམས་རྟག་ཏུ་མཉེས་པར་བྱ། །ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གི་ནཱི་བཛྲ་པྲོཀྵ་ཎཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། སྒྱུ་འཕྲུལ་དྲ་བ་དབང་པོའི་གཞུ་འདྲའི་སྐུ། །ཕྲ་རབ་རྡུལ་གྱིས་གོས་པའི་གནས་མིན་ཡང་། །ཀུན་རྟོག་བག་ཆགས་དྲི་མ་སྦྱང་བའི་ཕྱིར། །ཞབས་བསིལ་ཡོ་བྱད་དག་གིས་བསྙེན་བཀུར་བགྱི། །ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གི་ནཱི་བཛྲ་པཱདྱཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། འཇིག་རྟེན་འདིའམ་འཇིག་རྟེན་གཞན་དག་ན། །ཆུ་དང་ཐང་སྐྱེས་ཡིད་ལས་བྱུང་བ་ཡི། །མེ་ཏོག་རྣམ་པ་ཇི་སྙེད་ཡོད་པ་ཀུན། །ཧེ་རུ་ཀ་དཔལ་འཁོར་དང་བཅས་ལ་འབུལ། །ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གི་ནཱི་བཛྲ་པུཥྤཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་


KMC009_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ས་མ་ཡེ་ཧཱུཾ་སྭཱ་ཧཱ། འཇིག་རྟེན་འདིའམ་འཇིག་རྟེན་གཞན་དག་ན། །སྤོས་ཀྱི་ཤིང་དང་ལྷ་ཡི་བདུག་པ་སོགས། །བདུག་སྤོས་རྣམ་པ་ཇི་སྙེད་ཡོད་པ་ཀུན། །ཧེ་རུ་ཀ་དཔལ་འཁོར་དང་བཅས་ལ་འབུལ། །ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གི་ནཱི་བཛྲ་དྷཱུ་པཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། འཇིག་རྟེན་འདིའམ་འཇིག་རྟེན་གཞན་དག་ན། །རིན་ཆེན་ཉི་ཟླ་སྒྲོན་མེ་ལ་སོགས་པའི། །སྣང་གསལ་རྣམ་པ་ཇི་སྙེད་ཡོད་པ་ཀུན། །ཧེ་རུ་ཀ་དཔལ་འཁོར་དང་བཅས་ལ་འབུལ། །ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གི་ནཱི་བཛྲ་ཨ་ལོ་ཀཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། འཇིག་རྟེན་འདིའམ་འཇིག་རྟེན་གཞན་དག་ན། །སྦྱར་དང་ཡོངས་སུ་གྱུར་པ་ལས་བྱུང་བའི། །དྲི་ཆབ་རྣམ་པ་ཇི་སྙེད་ཡོད་པ་ཀུན། །ཧེ་རུ་ཀ་དཔལ་འཁོར་དང་བཅས་ལ་འབུལ། །ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གི་ནཱི་བཛྲ་གནྡྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་


KMC009_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ། འཇིག་རྟེན་འདིའམ་འཇིག་རྟེན་གཞན་དག་ན། །བཟའ་དང་བཏུང་བའི་བྱེ་བྲག་མཐའ་ཡས་པའི། །ཞལ་ཟས་རྣམ་པ་ཇི་སྙེད་ཡོད་པ་ཀུན། །ཧེ་རུ་ཀ་དཔལ་འཁོར་དང་བཅས་ལ་འབུལ། །ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གི་ནཱི་བཛྲ་ནཻ་ཝི དྱཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། འཇིག་རྟེན་འདིའམ་འཇིག་རྟེན་གཞན་དག་ན། །གླུ་དབྱངས་ཡིག་འཕྲོག་དུ་མ་དང་སྦྱར་བའི། །རོལ་མོ་རྣམ་པ་ཇི་སྙེད་ཡོད་པ་ཀུན། །ཧེ་རུ་ཀ་དཔལ་འཁོར་དང་བཅས་ལ་འབུལ། །ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གི་ནཱི་བཛྲ་ཤཔྡཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། ཞེས་དང་། རིག་མ་བཅུ་དྲུག་ནི། རྡོ་རྗེ་ལྷ་མོ་པི་ཝཾ་བརྡུང་། །མཐའ་གཉིས་རྡོ་རྗེ་དྲིལ་བུ་བསྣམས། །རོལ་པའི་ལྷ་མོ་སྐུ་མདོག་སྔོ། །བླ་མ་ཡི་དམ་མཁའ་འགྲོ་མཆོད། །ༀ་བཛྲ་བཱི་ཎེ་ཧུཾ་ཧཱུཾ་ཕཊ། །རྡོ་རྗེ་ལྷ་མོ་གླིང་བུ་འབུད། །མཐའ་གཉིས་རྡོ་རྗེ་དྲིལ་བུ་བསྣམས། །རོལ་པའི་ལྷ་མོ་


KMC009_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མདོག་སེར། །བླ་མ་ཡི་དམ་མཁའ་འགྲོ་མཆོད། །ༀ་བཛྲ་ཝཾ་ཤེ་ཧུཾ་ཧཱུཾ་ཕཊ། །རྡོ་རྗེ་ལྷ་མོ་རྔ་ཆེན་བརྡུང་། །མཐའ་གཉིས་རྡོ་རྗེ་དྲིལ་བུ་བསྣམས། །རོལ་པའི་ལྷ་མོ་སྐུ་མདོག་དམར། །བླ་མ་ཡི་དམ་མཁའ་འགྲོ་མཆོད། །ༀ་བཛྲ་མྲྀ་དཾ་གེ་ཧུཾ་ཧཱུཾ་ཕཊ། །རྡོ་རྗེ་ལྷ་མོ་རྫ་རྔ་བརྡུང་། །མཐའ་གཉིས་རྡོ་རྗེ་དྲིལ་བུ་བསྣམས། །རོལ་པའི་ལྷ་མོ་སྐུ་མདོག་ལྗང་། །བླ་མ་ཡི་དམ་མཁའ་འགྲོ་མཆོད། །ༀ་བཛྲ་མུ་ར་ཛེ་ཧུཾ་ཧཱུཾ་ཕཊ། །བཞད་པ་རྡོ་རྗེ་ལྷ་མོ་ནི། །དམར་སྐྱ་ཕྱག་གཉིས་བཞད་དང་བཅས། །མཐའ་གཉིས་ཐོད་པ་ཅང་ཏེའུ་བརྡུང་། །གསང་བ་མཆོག་གི་དགྱེས་པར་རོལ། །ༀ་བཛྲ་ཧཱ་སྱེ་ཧུཾ་ཧཱུཾ་ཕཊ། །སྒེག་པ་རྡོ་རྗེ་ལྷ་མོ་ནི། །སྔོན་མོ་ཕྱག་གཉིས་སྒེག་དང་བཅས། །མཐའ་གཉིས་ཐོད་པ་ཅང་ཏེའུ་བརྡུང་། །གསང་བ་མཆོག་གི་དགྱེས་པར་རོལ། །ༀ་བཛྲ་ལཱ་སྱེ་ཧུཾ་ཧཱུཾ་ཕཊ། །གླུ་ཡི་རྡོ་རྗེ་ལྷ་མོ་ནི། །སེར་མོ་ཏིང་ཏིང་ཤག་དང་བཅས། །མཐའ་གཉིས་ཐོད་པ་ཅང་ཏེའུ་


KMC009_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བརྡུང་། །གསང་བ་མཆོག་གི་དགྱེས་པར་རོལ། །ༀ་བཛྲ་གཱི་ཏི་ཧུཾ་ཧཱུཾ་ཕཊ། །གར་གྱི་རྡོ་རྗེ་ལྷ་མོ་ནི། །ལྗང་གུ་ཕྱག་གཉིས་གར་དང་བཅས། །མཐའ་གཉིས་ཐོད་པ་ཅང་ཏེའུ་བརྡུང་། །གསང་བ་མཆོག་གི་དགྱེས་པར་རོལ། །ༀ་བཛྲ་ནྲྀ་ཏྱེ་ཧུཾ་ཧཱུཾ་ཕཊ། །མདོག་དཀར་རྡོ་རྗེ་མེ་ཏོག་ནི། །གཡས་ན་མེ་ཏོག་ཅང་ཏེའུ་དང་། །གཡོན་པས་ཐོད་པ་ཁ་ཊྭཱཾ་ག །མཆོག་རྣམས་རྡོ་རྗེ་དབྱིངས་མཉེས་མཛོད། །ༀ་བཛྲ་པུཥྤེ་ཧུཾ་ཧཱུཾ་ཕཊ། །མདོག་མཐིང་རྡོ་རྗེ་བདུག་སྤོས་ནི། །གཡས་ན་བདུག་སྤོས་ཅང་ཏེའུ་དང་། །གཡོན་པས་ཐོད་པ་ཁ་ཊྭཱཾ་ག །མཆོག་རྣམས་རྡོ་རྗེ་དབྱིངས་མཉེས་མཛོད། །ༀ་བཛྲ་དྷཱུ་པེ་ཧུཾ་ཧཱུཾ་ཕཊ། །མདོག་དམར་རྡོ་རྗེ་མར་མེ་ནི། །གཡས་ན་མར་མེ་ཅང་ཏེའུ་དང་། །གཡོན་པས་ཐོད་པ་ཁ་ཊྭཱཾ་ག །མཆོག་རྣམས་རྡོ་རྗེ་དབྱིངས་མཉེས་མཛོད། །ༀ་བཛྲ་དཱི་པེ་ཧུཾ་ཧཱུཾ་ཕཊ། །མདོག་ལྗང་རྡོ་རྗེ་དྲི་ཆབ་ནི། །གཡས་ན་དྲི་ཆབ་ཅང་ཏེའུ་དང་། །གཡོན་པས་ཐོད་པ་


KMC009_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཊྭཱཾ་ག །མཆོག་རྣམས་རྡོ་རྗེ་དབྱིངས་མཉེས་མཛོད། །ༀ་བཛྲ་གནྡྷེ་ཧུཾ་ཧཱུཾ་ཕཊ། །གཟུགས་ཀྱི་རྡོ་རྗེ་མེ་ལོང་བསྣམས། །དཀར་མོ་གཡས་མཐའ་ཅང་ཏེའུ་དང་། །གཡོན་པས་ཐོད་པ་ཁ་ཊྭཱཾ་ག །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ༀ་རཱུ་པ་བཛྲི་ཧུཾ་ཧཱུཾ་ཕཊ། །རོ་ཡི་རྡོ་རྗེ་མཁར་གཞོང་བསྣམས། །དམར་མོ་གཡས་མཐའ་ཅང་ཏེའུ་དང་། །གཡོན་པས་ཐོད་པ་ཁ་ཊྭཱཾ་ག །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ༀ་ར་ས་བཛྲི་ཧུཾ་ཧཱུཾ་ཕཊ། །རེག་གི་རྡོ་རྗེ་ན་བཟའ་བསྣམས། །ལྗང་གུ་གཡས་མཐའ་ཅང་ཏེའུ་དང་། །གཡོན་པས་ཐོད་པ་ཁ་ཊྭཱཾ་ག །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ༀ་སྤཪྴེ་བཛྲི་ཧུཾ་ཧཱུཾ་ཕཊ། །ཆོས་དབྱིངས་རྡོ་རྗེ་ཆོས་འབྱུང་བསྣམས། །དཀར་མོ་གཡས་ཅང་ཏེའུ་དང་། །གཡོན་པས་ཐོད་པ་ཁ་ཊྭཱཾ་ག །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ༀ་དྷརྨ་དྷཱ་ཏུ་བཛྲི་ཧུཾ་ཧཱུཾ་ཕཊ། ཞེས་མཆོད་ལ། དེ་ནས། ༀ་བཅོམ་ལྡན་དཔའ་བོའི་དབང་པོ་ལ་ཕྱག་འཚལ། །


KMC009_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་ཆེན་པོའི་མཐའ་ཡི་མེ་ལྟ་བུ། །རལ་པའི་ཚོགས་ཀྱི་ཅོད་པན་བཅིངས་པ་སྟེ། །མཆེ་གཙིགས་དྲག་ཅིང་འཇིགས་སུ་རུང་བའི་ཞལ། །ཕྱག་ན་འོད་ཟེར་སྟོང་ཕྲག་འབར་བ་པོ། །དགྲ་སྟ་ཞག་འཕྱར་མདུང་དང་ཁ་ཊྭཱཾ་འཛིན། །སྟག་གི་པགས་པའི་ན་བཟའ་འཆང་བར་མཛད། །དུ་བ་མུན་ཆེན་མདོག་མཚུངས་སྐུ་ལ་འདུད། །ༀ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལ་ནི་ཕྱག་འཚལ་ལོ། །འཕགས་མ་འཇིག་རྟེན་གསུམ་ཡུམ་གཞན་གྱི་མི་ཐུབ་རིག་པའི་དབང་ཕྱུག་ཆེ། །འབྱུང་པོ་ཐམས་ཅད་འཇིགས་མཛད་ཀུན་ཏུ་འབེབས་མ་རྡོ་རྗེ་ཆེན་མོ་ཉིད། །རྡོ་རྗེ་གདན་མ་མི་ཕམ་གཞན་གྱིས་མི་ཐུབ་དབང་མཛད་གཡོ་བའི་སྤྱན། །དུག་ཀྱང་སྐེམ་པར་མཛད་མ་འཇིགས་སུ་རུང་བའི་ཁྲོ་མོ་གཙིགས་བྱེད་མོ། །སྐྲག་བྱེད་གསོད་བྱེད་རབ་ཏུ་འབྱེད་པར་བྱེད་ཅིང་ཕ་རོལ་ལས་རྒྱལ་མ། །རྣམ་པར་རྒྱལ་མ་རྨུགས་པར་བྱེད་ཅིང་རིངས་དང་རྨོངས་པར་མཛད་པ་མོ། །


KMC009_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕག་མོ་རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་མ་ལ་འདུད། །ཞེས་རྐང་བརྒྱད་གཉིས་དང་། དབང་གི་ལས་དང་དགའ་བྲལ་དང་། །ཆོས་རྗེས་དྲན་པའི་ངོ་བོ་ཉིད། །སྐུ་མདོག་དམར་མོ་དྲག་ཤུལ་ཅན། །ཁཎྜ་རོ་ཧེ་ལ་ཕྱག་འཚལ། །ཞེས་བསྟོད། གཡོན་ཁུ་ཚུར་གྱིས་གཟུངས་ཐག་གི་སྣེ་བཟུང་ལ། བདག་ཉིད་ཐུགས་ཀའི་སྔགས་ཀྱི་འོད་ཟེར་ནི། །གཟུངས་ཐག་བརྒྱུད་སོང་བུམ་ལྷ་གཙོ་འཁོར་གྱི། །ཐུགས་ཀར་ཐིམ་པས་ཡབ་ཡུམ་སྙོམས་ཞུགས་པའི། །བྱང་སེམས་དཀར་དམར་འོད་ཟེར་འཕྲོས་པའི་མཐུས། །ཡེ་ཤེས་བདུད་རྩིས་བུམ་པ་གང་བར་གྱུར། །ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་སྭཱ་ཧཱ། ༀ་ཧྲཱིཿཧ་ཧ་ཧུཾ་ཧཱུཾ་ཕཊ། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ༀ་སརྦ་བུདྡྷ་ཌཱ་ཀི་ནི་ཡེ་བཛྲ་ཝརྞ་ནི་ཡེ་ཧུཾ་ཧཱུཾ་ཕཊ། ༀ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ༀ་ལཱ་མེ་ཧུཾ་ཧཱུཾ་ཕཊ། ༀ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། ༀ་རཱུ་པི་ཎི་ཡེ་ཧུཾ་ཧཱུཾ་ཕཊ། ཅེས་གཙོ་བོའི་སྔགས་བརྒྱ་རྩ་དང་། འཁོར་གྱི་ཉེར་གཅིག །ལས་ཀྱི་


KMC009_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པའི་སྔགས་ནི། ༀ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། ཅེས་བརྒྱ་ཕྲག་ཙམ་བཟླས་ནས། མེ་ཏོག་དཀར་པོ་དུང་ཆོས་སུ་གཞུག་ཅིང་། ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གི་ནི་བཛྲ་ཨཱརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། ཞེས་པས་མཆོད་ཡོན་ཕུལ་ལ། ལྷ་རྣམས་འདོད་ཆགས་ཆེན་པོས་ཞུ་བ་ལས། །བྱང་སེམས་ངོ་བོ་བུམ་ཆུར་རོ་གཅིག་གྱུར། །ༀ་བཛྲ་པུཥྤེ། དྷཱུ་པེ། ཨ་ལོ་ཀེ །གནྡྷེ། ནཻ་ཝི དྱེ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད། ལས་ཐམས་ཅད་པ་ལ། ཅི་སྲིད་དཀྱིལ་འཁོར་ལས་རྣམས་མ་རྫོགས་པར། །དེ་སྲིད་བགེགས་ཀྱི་ཚོགས་རྣམས་ཟློག་པར་མཛོད། །ཅེས་གསོལ་བ་བཏབ་བོ། །མདུན་བསྐྱེད་ནི། བཅུ་པ་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་ནི། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་འཁོད་དེ། ནང་མཆོད་བྱིན་རླབས་ནས་བཟླས་པའི་བར་བདག་བསྐྱེད་ཐུན་བསྡུ་བ་ཡན་བྱས་ལ། རྡུལ་ཚོན་ནམ་རས་བྲིས། ༀ་ཁཎྜ་རོ་ཧེས་བསངས། ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨེ་ལས་ཆོས་འབྱུང་གནས། །དཀར་པོ་ཡངས་ཤིང་རྒྱ་ཆེའི་ནང་ཡཾ་ལས། །རླུང་དཀྱིལ་སྔོན་པོ་གཞུ་དབྱིབས་རྒྱལ་


KMC009_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་གཉིས། །མཚན་པ་དེ་སྟེང་རཾ་ལས་མེ་དཀྱིལ་དམར། །གྲུ་གསུམ་འབར་མཚན་དེ་སྟེང་བཾ་ལས་ཆུའི། །དཀྱིལ་འཁོར་དཀར་ཟླུམ་བུམ་མཚན་དེ་ཡི་སྟེང་། །ལཾ་ལས་ས་དཀྱིལ་སེར་པོ་གྲུ་བཞི་པ། །རྡོ་རྗེ་རྩེ་གསུམ་མཚན་རྣམས་སོ་སོ་ཡི། །ས་བོན་གྱིས་ནི་བྱིན་བ རླབས་དེ་ཡི་སྟེང་། །སུཾ་ལས་རིན་ཆེན་སྣ་བཞི་ལས་གྲུབ་པའི། །ལྷུན་པོ་གྲུ་བཞི་ལྕོག་བརྒྱད་མཛེས་པའི་སྟེང་། །པཾ་ལས་སྣ་ཚོགས་པདྨའི་ཟེ་འབྲུར་ཧཱུཾ། །དེ་ལས་སྣ་ཚོགས་རྡོ་རྗེ་ཤར་དཀར་བྱང་། །ལྗང་གུ་ནུབ་དམར་ལྷོ་སེར་དབུས་མཐིང་གའི། །ལྟེ་བར་བུམ་ལས་མཚན་ཉིད་ཡོངས་རྫོགས་པའི། །གཞལ་ཡས་ཁང་མཆོག་རྩིག་པ་རིམ་ལྔ་དང་། །ལྡན་ཞིང་གྲུ་བཞི་སྒོ་བཞི་སྒོ་ཁྱུད་ཀྱི། །མཚམས་སུ་ཟླ་ཕྱེད་རིན་ཆེན་རྡོ་རྗེས་སྤྲས། །སྟེགས་བུ་བཞི་ལ་ལྷ་མོའི་ཚོགས་འཁོད་པ། །ཀ་བཞི་བཞིས་བཏེག་རྟ་བབས་བཞིས་མཛེས་ལ། །པད་ཟླའི་སྟེང་དུ་འཁོར་ལོ་གདུགས་རི་དྭགས། །ཕོ་མོ་དང་བཅས་


KMC009_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་བབས་གཡས་གཡོན་དུ། །བུམ་བཟང་ལས་ཐོན་དཔག་བསམ་ཤིང་བཟང་ལ། །རྒྱལ་སྲིད་རིན་ཆེན་སོགས་བརྒྱན་ནོར་བུའི་མཆོག །དུ་མས་བཀྲ་བའི་ཕ་གུ་གསེར་གྱི་ནི། །སྐ་རགས་བཞི་ལ་བཏགས་པའི་ཆུ་སྲིན་གྱི། ཁ་ནས་དོ་ཤལ་དོ་ཤལ་ཕྱེད་འཕྱང་བ། །བྱ་འདབ་འོག་དང་སྟེང་དུ་བ་ཀུ་ལཱི། །ཀྲ་མ་ཤྲཱིཪྵས་བསྐོར་ལ་སྣ་ཚོགས་པའི། །གདུགས་དང་རྒྱལ་མཚན་གྱིས་སྤུད་ནང་ཕྱོགས་ཀྱི། །སྟེང་འོག་ཐམས་ཅད་ཤར་སྔོ་བྱང་ལྗང་གུ། །ནུབ་དམར་ལྷོ་སེར་དབུས་སུ་པཾ་ཡིག་ལས། །སྣ་ཚོགས་པད་འདབ་བརྒྱད་པའི་མུ་ཁྱུད་ལ། །གྲི་གུག་ཕྲེང་བསྐོར་སྙིང་པོ་པདྨའི་མཐར། །གནས་པའི་ཀ་བརྒྱད་ཀྱིས་བཏེག་ཐོག་གི་རྩེར། །རྡོ་རྗེ་ནོར་བུའི་ཏོག་བཅས་དཀྱིལ་འཁོར་ཕྱིར། །རྡོ་རྗེའི་ར་གུར་མེ་རིས་བསྐོར་བའི་ཕྱིར། །ཤར་ནས་གཡོན་སྐོར་གཏུམ་དྲག་ཚང་ཚིང་འཁྲིགས། །རྡོ་རྗེ་འབར་བ་ཀེང་རུས་ཅན་གྱི་གནས། །དབང་ལྡན་ཕྱོགས་ནས་གཡས་


KMC009_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་མི་བཟད་བཞད། །བཀྲ་ཤིས་ཚལ་དང་མུན་པ་དྲག་པོ་དང་། །ཀཱི་ལི་ཀཱི་ལཱ་སྒྲོགས་ཏེ་དུར་ཁྲོད་རྣམས། །ཤིང་དང་ཕྱོགས་སྐྱོང་ཞིང་སྐྱོང་ཀླུ་དང་སྤྲིན། །རི་དང་མཆོད་རྟེན་བརྒྱད་བརྒྱད་རྣམ་པར་ལྡན། །གནོད་སྦྱིན་རོ་ལངས་འབྱུང་པོ་དུ་མ་དང་། །དཔའ་བོ་རྣལ་འབྱོར་མ་ཚོགས་དུ་མ་རོལ། །གཞལ་ཡས་ཁང་གི་པད་ལྟེར་ཉི་མ་དང་། །འཇིགས་དུས་ཕྱོགས་འདབ་དབུགས་བྲལ་གདན་བཅས་ལ། །དབུས་མའི་སྟེང་དུ་ཧཱུཾ་མཐིང་འོད་དུ་འབར། །དེ་ལས་སྣ་ཚོགས་འོད་འཕྲོས་སངས་རྒྱས་དང་། །བྱང་སེམས་ཀུན་གྱི་བྱིན་རླབས་འོད་དུ་བསྡུས། །ཧཱུཾ་ཐིམ་རྡོ་རྗེ་སྔོན་པོ་རྩེ་ལྔའི་ལྟེར། །ཧཱུཾ་མཚན་འོད་ཀྱིས་ཁམས་གསུམ་སེམས་ཅན་གྱི། །རྒྱུད་སྦྱངས་ཧེ་རུ་ཀ་ཡི་གོ་འཕང་ལ། །བཀོད་ནས་ཚུར་འདུས་ས་བོན་ཕྱག་མཚན་བཅས། །ཡོངས་གྱུར་བཅོམ་ལྡན་ཧེ་རུ་ཀ་སྐུ་མདོག །ཟར་མའི་མེ་ཏོག་གསར་པ་ལྟར་སྔོ་བསངས། །ཞལ་གཅིག་སྤྱན་གསུམ་མཆེ་བ་ཅུང་ཟད་


KMC009_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

གཙིགས། །རལ་པའི་ཅོད་པན་རྩེ་མོར་ནོར་བུ་དང་། །མདུན་དུ་སྣ་ཚོགས་རྡོ་རྗེ་གཡོན་ཕྱོགས་སུ། །ཟླ་བ་ཕྱེད་སྤྲས་གསུམ་འཁྱོག་གྱེས་པ་ཡི། །དར་དཔྱངས་རྡོ་རྗེའི་ཕྲེང་སྦྲེལ་ཐོད་སྐམ་ལྔ། །རིན་ཆེན་རྩེ་བྲན་སྐྲ་ཡི་མཚམས་སུ་བཅིངས། །ཐོད་རློན་ལྔ་བཅུའི་དོ་ཤལ་ཕྱག་རྒྱ་དྲུག །བརྒྱན་ཅིང་སྒེག་པ་ལ་སོགས་གར་དགུར་ལྡན། །སྟག་ལྤགས་ཤམ་གྲོལ་ཕྱག་གཉིས་རྡོ་རྗེ་དང་། །དྲིལ་བུ་འཛིན་པས་ཡུམ་འཁྱུད་ཞབས་གཡས་བརྐྱང་། །གཡོན་བསྐུམ་དུས་མཚན་དམར་མོའི་ནུ་མའི་བར། །འཇིགས་བྱེད་ནག་པོ་མགོ་བལྟབ་སྟེང་དུ་བརྫིས། །དྲི་མེད་འོད་ཕྲེང་འཁྲུགས་པ་དེ་ཡི་པང་། །རྡོ་རྗེ་ཕག་མོ་གཞོན་ནུ་ལང་ཚོ་ཅན། །དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །སྐྲ་གྲོལ་ཐོད་སྐམ་ལྔས་བརྒྱན་སྐམ་པོ་ནི། །ལྔ་བཅུའི་དོ་ཤལ་ཕྱག་རྒྱ་ལྔ་ཡིས་སྤྲས། །གཡས་པས་སྡིགས་མཛུབ་དང་བཅས་གྲི་གུག་འཕྱར། །གཡོན་པས་ཐོད་པ་བདུད་རྩི་དང་


KMC009_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་འཁྱུད། །གཡོན་བརྐྱང་གཡས་བསྐུམ་འཁྲིལ་བས་བདེ་ཆེན་རྒྱས། །བསྐལ་མེ་འབར་བའི་གཟི་བརྗིད་ལྡན་པའོ། །མདུན་དུ་མཁའ་འགྲོ་མ་མཐིང་གཡོན་ཕྱོགས་སུ། །ལཱ་མཱ་ལྗང་གུ་རྒྱབ་ཏུ་དུམ་སྐྱེས་དམར། །གཡས་སུ་གཟུགས་ཅན་མ་སེར་བཞི་ག་ཡང་། །ཞལ་གཅིག་ཕྱག་གཉིས་གཡས་ཀྱིས་གྲི་གུར་འཕྱར། །གཡོན་ཐོད་ཁྲག་བཀང་གྲུ་མོར་ཁ་ཊྭཱཾ་ལྡན། །རུས་པའི་རྒྱན་ཆ་ལྔས་མཛེས་སྤྱན་གསུམ་མངའ། །སྐྲ་གྲོལ་གཡས་བརྐྱང་གཡོན་བསྐུམ་སྟབས་ཀྱིས་བཞུགས། །མཚམས་བཞིར་བདུད་རྩི་ལྔས་གང་བུམ་པའི་སྟེང་། །ཤ་ལྔས་གང་བའི་ཐོད་པ་གསལ་བར་གྱུར། །ལུས་དྲན་ཉེ་བར་གཞག་པ་མཁའ་འགྲོ་མའོ། །ཚོར་དྲན་ཉེ་བར་བཞག་པ་ལཱ་མའོ། །ཆོས་དྲན་ཉེ་བར་གཞག་པ་དུམ་སྐྱེས་མའོ། །སེམས་དྲན་ཉེ་བར་གཞག་པ་གཟུགས་ཅན་མའོ། །ཡང་དག་ཏིང་འཛིན་བཅོམ་ལྡན་ཧེ་རུ་ཀའོ། །གཙོ་འཁོར་ཀུན་གྱི་སྤྱི་བོར་ཟླ་ལ་ༀ། །དཀར་པོ་མགྲིན་


KMC009_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཨཱཿདམར་སྙིང་གར་ནི། །སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུཾ་སྔོན་པོ། །བཅོམ་ལྡན་འདས་ཀྱི་ཐུགས་ཀར་ༀ་ཧ་དཀར། །མགོ་བོར་ན་མ་ཧི་སེར་གཙུག་ཏུ་སྭཱ། །ཧ་ཧུ་དམར་པོ་ཕྲག་གཉིས་བཽ་ཥཊ་ཧེ། །ནག་པོ་མིག་གཉིས་ཧཱུཾ་ཧཱུཾ་ཧོ་དམར་སེར། །ཡན་ལག་ཀུན་ལ་ཕཊ་ཧཾ་ལྗང་གུ་དང་། །ཡུམ་གྱི་ལྟེ་བར་ༀ་བཾ་དམར་སྙིང་གར། །ཧཾ་ཡཾ་སྔོན་པོ་ཁར་ཧྲཱིཾ་མཾ་དཀར་མོ། །མགོ་བོར་ཧྲཱིཾ་ཧྲཱིཾ་སེར་མོ་སྤྱི་གཙུག་ཏུ། །ཧཱུཾ་ཧཱུཾ་ལྗང་གུ་ཡན་ལག་ཀུན་ཕཊ་ཕཊ། །དུད་ཁ་རྣམས་ཀྱིས་ཡང་དག་མཚན་པར་གྱུར། །ཞེས་སྟ་གོན་གྱི་སྐབས་སུ། དེ་ནས་མཁར་བཞུགས་དཀྱིལ་འཁོར་བཞི་པོ་དབྱེར་མེད་དུ། །བཞུགས་པ་ཛཿཧཱུཾ་བཾ་ཧོཿགཉིས་མེད་གྱུར། །འབར་བའི་ཕྱག་རྒྱ་དང་ཕེཾ་གྱི་སྒྲས་བསྐུལ་ཏེ། ཕེཾ། སྙིང་གར་ཉི་མ་ལ་གནས་ཧཱུཾ་འོད་ཀྱིས། །ཡེ་ཤེས་འཁོར་ལོ་ཕྱོགས་བཅུའི་ཁམས་བཞུགས་པའི། །དཔའ་བོ་རྣལ་འབྱོར་མ་བཅས་དབང་གི་ལྷ། །མདུན་གྱི་ནམ་མཁར་སྤྱན་དྲངས་བཞུགས་སུ་གསོལ། །


KMC009_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་བཛྲ་བཱི་ནེ་ཧུཾ་ཧཱུཾ་ཕཊ། ཝཾ་ཤེ། མྲྀ་དཾ་གེ །མུ་ར་ཛེ། ཧཱ་སྱེ། ལཱ་སྱེ། གཱི་ཏི། ནྲྀ་ཏྱེ། པུཥྤེ། དྷུ་པེ། དཱི་པེ། གནྡྷེ། ༀ་རཱུ་པ་བཛྲི་ཧུཾ་ཧཱུཾ་ཕཊ། ར་ས། སྤཪྴེ། དྷརྨ་དྷཱ་ཏུ། ཞེས་སྤེལ་མཆོད། ཛཿཧཱུཾ་བཾ་ཧོཿ ཡེ་ཤེས་པ་དང་དམ་ཚིག་གཉིས་མེད་གྱུར། །ༀ་ཡོ་ག་ཤུདྡྷཱཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅་ཧཾ། ཆོས་རྣམས་ཐབས་ཤེས་དབྱེར་མེད་ངང་དུ་དག །སླར་ཡང་དེ་ཡི་ངོ་བོར་རྣམ་དག་གོ །བཅོམ་ལྡན་ཡབ་ཀྱི་གོ་ཆའི་ལྷ་རྣམས་དང་། །བཅོམ་ལྡན་ཡུམ་གྱི་གོ་ཆའི་ལྷ་རྣམས་དང་། །ཡེ་ཤེས་པ་དང་ལྷན་ཅིག་སྤྱན་དྲངས་པའི། །དབང་ལྷ་ནམ་མཁར་བཞུགས་ལ་མཆོད་པར་བྱ། །ༀ་བཛྲ་བཱི་ནེ། ཝཾ་ཤེ། མྲྀ་དཾ་གེ །མུ་ར་ཛེ། ཧཱ་སྱེ། ལཱ་སྱེ། གཱི་ཏི། ནྲྀ་ཏྱེ། པུཥྤེ། དྷུ་པེ། དཱི་པེ། གནྡྷེ། ༀ་རཱུ་པ་བཛྲི། ར་ས། སྤཪྴེ། དྷརྨ་དྷཱ་ཏུ་བཛྲི་ཧུཾ་ཧཱུཾ་ཕཊ། ཞེས་ཐོག་མཐའ་སྤེལ་བས་མཆོད། དེ་བཞིན་གཤེགས་ཀུན་ལྷ་ལ་དབང་བསྐུར་གསོལ། །གསོལ་བཏབ་མོད་ལ་སྒོ་མཚམས་མ་བརྒྱད་ཀྱིས། །བགེགས་བསྐྲད་དཔའ་


KMC009_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བོ་རྣམས་ཀྱིས་ཤིས་པ་བརྗོད། །དཔའ་མོས་གླུ་ལེན་ཡུམ་བཞི་ཕག་མོར་བཅས། །རིན་ཆེན་བུམ་པ་བདུད་རྩིས་གང་བསྣམས་ནས། །ཇི་ལྟར་བལྟམས་ཚེ་བཅོམ་ལྡན་ཁྲུས་གསོལ་ལྟར། །ལྷ་ཆུ་དག་པས་འདིར་ནི་ཁྲུས་བགྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཤྲཱི་ཡེ་ཧཱུཾ། ཞེས་གསུངས་ཡེ་ཤེས་བདུད་རྩིའི་རྒྱུན་མཆོག་གིས། །དབང་བསྐུར་ལྷ་རྣམས་སོ་སོར་ལྷ་ལ་ཐིམ། །ཆུ་ལྷག་བཅོམ་ལྡན་འདས་ལ་མི་བསྐྱོད་པ། །རྡོ་རྗེ་ཕག་མོར་སྣང་མཛད་མཁའ་འགྲོ་མ། །བཞི་ལ་བཅོམ་ལྡན་རིན་འབྱུང་དབུ་རྒྱན་གྱུར། །དེ་ནས། ༀ་ཁཎྜ་རོ་ཧེས་བསངས། ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཐོད། །ནང་དུ་ཧཱུཾ་ལས་མཆོད་ཡོན་དང་། །ཞལ་བསིལ་བསངས་གཏོར་ཞབས་བསིལ་བ། །མེ་ཏོག་བདུག་སྤོས་སྣང་གསལ་དང་། །དྲི་ཆབ་ཞལ་ཟས་རོལ་མོ་རྣམས། །དྭངས་ཤིང་ཐོག་མེད་ཀུན་ཏུ་བཟང་། །རྣམ་ཐར་ཇི་བཞིན་མཆོད་པའི་སྤྲིན། །


KMC009_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོ་རྣལ་འབྱོར་དགྱེས་བསྐྱེད་གྱུར། །ༀ་བཛྲ་ཨརྒྷཾ་ཨཱཿཧཱུཾ། དེ་བཞིན་དུ། ཨཱ་ཙ་མཱ་ནཾ། པྲོཀྵ་ནཾ། པཱ་དྱཾ། པུཥྤཾ། དྷུ་པཾ། ཨཱ་ལོ་ཀཾ གནྡྷཾ། ནཻ་ཝིདྱཾ། ཤཔྡཾ་ཨཱཿཧཱུཾ། ཞེས་པས་མཆོད་པ་བྱིན་རླབས་བྱས་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་བསྟོད་པའི་མཆོད་པ་དང་ལྔའི། དང་པོ་ལའང་། ཆུ་བཞི། ཕྱི་ནང་གི་ཉེར་སྤྱོད་རོལ་མོ་ལ་སོགས་དབུལ་བ་ནི། མཆོག་ཏུ་གཙང་ཞིང་ཡིད་གར་འོང་ལ་སོགས། །ཡན་ལག་བརྒྱད་དང་ལྡན་པའི་མཆོད་ཡོན་འདི། །བཅོམ་ལྡན་དཔའ་བོའི་དབང་ཕྱུག་བཙུན་མོར་བཅས། །དཔའ་བོ་རྣལ་འབྱོར་མ་རྣམས་མཆོད་པར་བགྱི། །རྣམ་ལྔ་འདོད་སྐོར་བྱ་ཞིང་རྡོ་རྗེ་ཐལ་མོ་ཁ་ཕྱེ་བས་མཆོད་ཡོན་སྦྲེང་ལ། ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གི་ནི་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། ཞེས་པའི་མཐར་སེ་གོལ་དང་བཅས་བྱའོ། །ཤིན་ཏུ་དག་ཅིང་དྲི་མ་དང་བྲལ་ཡང་། །ལྷ་རྫས་དྲི་བཟང་དང་བཅས་ཞལ་བསིལ་འདི། །འགྲོ་བའི་ཉོན་མོངས་དྲི་ང་སེལ་བའི་ཕྱིར། །བཞེས་ནས་དངོས་གྲུབ་དམ་པའི་བཀའ་དྲིན་སྩོལ། །གཡས་ཁུ་


KMC009_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཚུར་གྱི་མཐེབ་མཛུབ་སྦྱར་བས་མེ་ཏོག་བཟུང་སྟེ། མཐེའུ་ཆུང་ནས་བཀྲོལ་ཞིང་། ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གི་ནི་བཛྲ་ཨཱ་ཙ་མཱ་ནཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། ཉེས་པའི་ཚ་གདུང་ཀུན་ཏུ་བཅིལ་གྱུར་ཀྱང་། །སྐྱེ་དགུའི་གདུང་བ་མཐའ་དག་ཞི་སླད་དུ། །རབ་ཏུ་ཚིམ་པ་སྐྱེད་པའི་བསངས་གཏོར་གྱིས། །དཀྱིལ་འཁོར་ལྷ་རྣམས་རྟག་ཏུ་མཉེས་པར་བྱ། །བསངས་གཏོར་བྱས་ཏེ། ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གི་ནི་བཛྲ་པྲོཀྵ་ནཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། སྒྱུ་འཕྲུལ་དྲྭ་བ་དབང་པོའི་གཞུ་འདྲའི་སྐུ། །ཕྲ་རབ་རྡུལ་གྱིས་གོས་པའི་གནས་མིན་ཀྱང་། །ཀུན་རྟོག་བག་ཆགས་དྲི་མ་སྦྱང་བའི་ཕྱིར། །ཞབས་བསིལ་ཡོ་བྱད་དག་གིས་བསྙེན་བཀུར་བགྱི། །གཡས་པའི་ཁུ་ཚུར་གྱི་མཐེབ་མཛུབ་ཀྱིས་མེ་ཏོག་བཟུང་བ་ཁ་གྱེན་དུ་ཕྱོགས་ཤིང་རོལ་པའི་ཚུལ་གྱིས་མཛུབ་མོ་ནས་རིམ་གྱིས་བཀྲོལ་ཏེ། ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གི་ནི་བཛྲ་པཱདྱཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་


KMC009_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་སྭཱ་ཧཱ། ཞེས་པས་བཟེད་ཞལ་དུ་དབུལ་ལོ། །འཇིག་རྟེན་འདིའམ་འཇིག་རྟེན་གཞན་དག་ན། །ཆུ་དང་ཐང་སྐྱེས་ཡིད་ལས་བྱུང་བ་ཡི། །མེ་ཏོག་རྣམ་པ་ཇི་སྙེད་ཡོད་པ་ཀུན། །ཧེ་རུ་ཀ་དཔལ་འཁོར་དང་བཅས་ལ་འབུལ། །ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གི་ནི་བཛྲ་པུཥྤཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། འཇིག་རྟེན་འདིའམ་འཇིག་རྟེན་གཞན་དག་ན། །སྤོས་ཀྱི་ཤིང་དང་ལྷ་ཡི་བདུག་པ་སོགས། །བདུག་སྤོས་རྣམ་པ་ཇི་སྙེད་ཡོད་པ་ཀུན། །ཧེ་རུ་ཀ་དཔལ་འཁོར་དང་བཅས་ལ་འབུལ། །ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གི་ནི་བཛྲ་དྷཱུ་པཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། འཇིག་རྟེན་འདིའམ་འཇིག་རྟེན་གཞན་དག་ན། །རིན་ཆེན་ཉི་ཟླ་སྒྲོན་མེ་ལ་སོགས་པའི། །སྣང་གསལ་རྣམ་པ་ཇི་སྙེད་ཡོད་པ་ཀུན། །ཧེ་རུ་ཀ་དཔལ་འཁོར་དང་བཅས་ལ་འབུལ། །ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གི་ནི་བཛྲ་ཨཱ་ལོ་ཀཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་


KMC009_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡེ་ཧཱུཾ་སྭཱ་ཧཱ། འཇིག་རྟེན་འདིའམ་འཇིག་རྟེན་གཞན་དག་ན། །སྦྱར་དང་ཡོངས་སུ་གྱུར་བ་ལས་བྱུང་བའི། །དྲི་ཆབ་རྣམ་པ་ཇི་སྙེད་ཡོད་པ་ཀུན། །ཧེ་རུ་ཀ་དཔལ་འཁོར་དང་བཅས་ལ་འབུལ། །ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གི་ནི་བཛྲ་གནྡྷེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། འཇིག་རྟེན་འདིའམ་འཇིག་རྟེན་གཞན་དག་ན། །བཟའ་དང་བཏུང་བའི་བྱེ་བྲག་མཐའ་ཡས་པའི། །ཞལ་ཟས་རྣམ་པ་ཇི་སྙེད་ཡོད་པ་ཀུན། །ཧེ་རུ་ཀ་དཔལ་འཁོར་དང་བཅས་ལ་འབུལ། །ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གི་ནི་བཛྲ་ནཻ་ཝིདྱཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། འཇིག་རྟེན་འདིའམ་འཇིག་རྟེན་གཞན་དག་ན། །གླུ་དབྱངས་ཡིད་འཕྲོག་དུ་མ་དང་སྦྱར་བའི། །རོལ་མོ་རྣམ་པ་ཇི་སྙེད་ཡོད་པ་ཀུན། །ཧེ་རུ་ཀ་དཔལ་འཁོར་དང་བཅས་ལ་འབུལ། །ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གི་ནི་བཛྲ་ཤཔྡཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་


KMC009_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། ཞེས་དང་། ཡང་དག་དགའ་བའི་མེ་ཏོག་གིས། །རྡོ་རྗེ་ཉི་མ་པདྨར་བྱུང་། །མེ་ཏོག་བདག་ཉིད་ལ་མཆོད་པ། །རྡོ་རྗེ་གསུམ་གྱི་དམ་ཚིག་མཆོག །ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གི་ནི་བཛྲ་པུཥྤཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། རྣམ་རྟོག་ཚོགས་ཀྱི་ཡུལ་མིན་ཅིང་། །ལྟེ་བར་གཏུམ་མོའི་མེ་ཡིས་ནི། །ངེས་པར་སྲེག་པ་དེ་ནི་སྤོས། །ཐུགས་ཀྱི་རྡོ་རྗེ་ལ་དབུལ་བྱ། །ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གི་ནི་བཛྲ་དྷཱུ་པཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། ཡི་གེ་ཧཱུྃ་ལས་ཡང་དག་བྱུང་། །སྔགས་ཀྱི་འོད་ཟེར་ཤིན་ཏུ་གསལ། །མར་མེ་འབར་བ་ཡང་དག་འོད། །ཐུགས་ཀྱི་རྡོ་རྗེ་ལ་དབུལ་བྱ། །ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གི་ནི་བཛྲ་ཨ་ལོ་ཀཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། བདེ་བ་ཆེན་པོའི་གཞི་ལ་གནས། །བྱང་ཆུབ་སེམས་ནི་སད་པ་དང་། །དེ་ཉིད་ཀྱིས་ཀྱང་བྱུག་པ་དག །ཐུགས་ཀྱི་རྡོ་རྗེ་ལ་


KMC009_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དབུལ་བྱ། །ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གི་ནི་བཛྲ་གནྡྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། འདིར་ནི་གང་དང་གང་ལོངས་སྤྱོད། །དབང་པོ་ཐམས་ཅད་ཡང་དག་བརྟེན། །དེ་དག་ཐམས་ཅད་ཐུགས་རྡོ་རྗེ། །བཟའ་བའི་སྣོད་དུ་མཆོད་པར་བྱ། །ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གི་ནི་བཛྲ་ནཻ་ཝིདྱཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། རྡོ་རྗེ་པདྨ་ཡང་དག་སྦྱར། །ཞུགས་པ་ལ་སོགས་རིམ་ལས་བྱུང་། །རྣལ་འབྱོར་པ་ཡི་མི་ཤིགས་སྒྲ། །ཐུགས་ཀྱི་རྡོ་རྗེ་ལ་དབུལ་བྱ། །ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གི་ནི་བཛྲ་ཤཔྡཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། རིག་མ་བཅུ་དྲུག་གི་མཆོད་པ་ནི། རྡོ་རྗེ་ལྷ་མོ་པི་ཝཾ་བརྡུང་། །མཐའ་གཉིས་རྡོ་རྗེ་དྲིལ་བུ་བསྣམས། །རོལ་པའི་ལྷ་མོ་སྐུ་མདོག་སྔོ། །བླ་མ་ཡི་དམ་མཁའ་འགྲོ་མཆོད། །པད་ཀོར་དང་གཡོན་ཁུ་ཚུར་བསྒྲེང་བ་པི་ཝང་འཛིན་པ་ལ་གཡས་ཀྱི་སོར་མོས་རྒྱུད་བསྐུལ་བ་ལྟར་བྱ་ཞིང་། ༀ་བཛྲ་བཱི་ཎེ་ཧུཾ་ཧཱུཾ་


KMC009_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ། རྡོ་རྗེ་ལྷ་མོ་གླིང་བུ་འབུད། །མཐའ་གཉིས་རྡོ་རྗེ་དྲིལ་བུ་བསྣམས། །རོལ་པའི་ལྷ་མོ་སྐུ་མདོག་སེར། །བླ་མ་ཡི་དམ་མཁའ་འགྲོ་མཆོད། །ལག་གཉིས་ཀྱིས་སོར་མོས་གླིང་བུ་བསྒྱུར་ཚུལ། ༀ་བཛྲ་ཝཾ་ཤེ་ཧུཾ་ཧཱུཾ་ཕཊ། རྡོ་རྗེ་ལྷ་མོ་རྔ་ཆེན་བརྡུང་། །མཐའ་གཉིས་རྡོ་རྗེ་དྲིལ་བུ་བསྣམས། །རོལ་པའི་ལྷ་མོ་སྐུ་མདོག་དམར། །བླ་མ་ཡི་དམ་མཁའ་འགྲོ་མཆོད། །ལག་གཉིས་ཀྱིས་རྔ་ཁ་གྱེན་བསྟན་སྟེང་ནས་བརྡུང་ཚུལ། ༀ་བཛྲ་མྲྀ་དཾ་གེ་ཧུཾ་ཧཱུཾ་ཕཊ། རྡོ་རྗེ་ལྷ་མོ་རྫ་རྔ་བརྡུང་། །མཐའ་གཉིས་རྡོ་རྗེ་དྲིལ་བུ་བསྣམས། །རོལ་པའི་ལྷ་མོ་སྐུ་མདོག་ལྗང་། །བླ་མ་ཡི་དམ་མཁའ་འགྲོ་མཆོད། །ཐལ་མོ་གཉིས་རྔ་ཁ་འཕྲེད་བསྟན་བརྡུང་ཚུལ། ༀ་བཛྲ་མུ་ར་ཛེ་ཧུཾ་ཧཱུཾ་ཕཊ། བཞད་པ་རྡོ་རྗེ་ལྷ་མོ་ནི། །དམར་སྐྱ་ཕྱག་གཉིས་བཞད་དང་བཅས། །མཐའ་གཉིས་ཐོད་པ་ཅང་ཏེའུ་བརྡུང་། །གསང་བ་མཆོག་གི་དགྱེས་པར་རོལ། །རྡོ་རྗེ་ཁུ་ཚུར་གཉིས་ཁ་ཕྱིར་བསྟན་ཏེ་ཁ་འགྲམ་དུ་བཞག་ལ། ༀ་བཛྲ་ཧཱ་སྱེ་ཧུཾ་ཧཱུཾ་ཕཊ། སྒེག་པ་རྡོ་རྗེ་ལྷ་མོ་ནི། །སྔོན་མོ་ཕྱག་


KMC009_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྒེག་དང་བཅས། །མཐའ་གཉིས་ཐོད་པ་ཅང་ཏེའུ་བརྡུང་། །གསང་བ་མཆོག་གི་དགྱེས་པར་རོལ། །རྡོ་རྗེ་ཁུ་ཚུར་གཉིས་དཀུར་བཞག་སྟེ་འགྱིང་བའི་ཚུལ་གྱིས། ༀ་བཛྲ་ལཱ་སྱེ་ཧུཾ་ཧཱུཾ་ཕཊ། གླུ་ཡི་རྡོ་རྗེ་ལྷ་མོ་ནི། །སེར་མོ་ཏིང་ཏིང་ཤགས་དང་བཅས། །མཐའ་གཉིས་ཐོད་པ་ཅང་ཏེའུ་བརྡུང་། །གསང་བ་མཆོག་གི་དགྱེས་པར་རོལ། །ཁུ་ཚུར་གཉིས་མཐེབ་མཛུབ་སོ་སོར་སྦྱར་བ་ཏིང་ཏིང་ཤགས་བཀྲོལ་བ་ལྟར་བྱས་ལ། ༀ་བཛྲ་གཱི་ཏི་ཧུཾ་ཧཱུཾ་ཕཊ། གར་གྱི་རྡོ་རྗེ་ལྷ་མོ་ནི། །ལྗང་གུ་ཕྱག་གཉིས་གར་དང་བཅས། །མཐའ་གཉིས་ཐོད་པ་ཅང་ཏེའུ་བརྡུང་། །གསང་བ་མཆོག་གི་དགྱེས་པར་རོལ། །ཐལ་མོ་གཉིས་བསྐོར་ཞིང་གཡས་གཡོན་དུ་གར་བསྒྱུར་ལ། ༀ་བཛྲ་ནྲྀ་ཏྱེ་ཧུཾ་ཧཱུཾ་ཕཊ། མདོག་དཀར་རྡོ་རྗེ་མེ་ཏོག་ནི། །གཡས་ན་མེ་ཏོག་ཅང་ཏེའུ་དང་། །གཡོན་པས་ཐོད་པ་ཁ་ཊྭཱཾ་ག །མཆོག་རྣམས་རྡོ་རྗེ་དབྱིངས་མཉེས་མཛོད། །མེ་ཏོག་མའི་རྒྱས། ༀ་བཛྲ་པུཥྤེ་ཧུཾ་ཧཱུཾ་ཕཊ། མདོག་མཐིང་རྡོ་རྗེ་བདུག་སྤོས་ནི། །གཡས་ན་


KMC009_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བདུག་སྤོས་ཅང་ཏེའུ་དང་། །གཡོན་པས་ཐོད་པ་ཁ་ཊྭཱཾ་ག །མཆོག་རྣམས་རྡོ་རྗེ་དབྱིངས་མཉེས་མཛོད། །བདུག་སྤོས་མའི་རྒྱས། ༀ་བཛྲ་དྷུ་པེ་ཧུཾ་ཧཱུྃ་ཕཊ། མདོག་དམར་རྡོ་རྗེ་མར་མེ་ནི། །གཡས་ན་མར་མེ་ཅང་ཏེའུ་དང་། །གཡོན་པས་ཐོད་པ་ཁ་ཊྭཱཾ་ག །མཆོག་རྣམས་རྡོ་རྗེ་དབྱིངས་མཉེས་མཛོད། །མར་མེའི་རྒྱས། ༀ་བཛྲ་དཱི་པེ་ཧུཾ་ཧཱུཾ་ཕཊ། མདོག་ལྗང་རྡོ་རྗེ་དྲི་ཆབ་ནི། །གཡས་ན་དྲི་ཆབ་ཅང་ཏེའུ་དང་། །གཡོན་པས་ཐོད་པ་ཁ་ཊྭཱཾ་ག །མཆོག་རྣམས་རྡོ་རྗེ་དབྱིངས་མཉེས་མཛོད། །དྲི་ཆབ་རྒྱས། ༀ་བཛྲ་གནྡྷེ་ཧུཾ་ཧཱུཾ་ཕཊ། གཟུགས་ཀྱི་རྡོ་རྗེ་མེ་ལོང་བསྣམས། །དཀར་མོ་གཡས་མཐའ་ཅང་ཏེའུ་དང་། །གཡོན་པས་ཐོད་པ་ཁ་ཊྭཱཾ་ག །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །གཡོན་ཁུ་ཚུར་གྱི་སྟེང་དུ་གཡས་པའི་ཐལ་མོ་གྱེན་དུ་བསླང་བ་བཞག་ནས། ༀ་རཱུ་པ་བཛྲི་ཧུཾ་ཧཱུཾ་ཕཊ། རོ་ཡི་རྡོ་རྗེ་མཁར་གཞོང་བསྣམས། །དམར་མོ་གཡས་མཐའ་ཅང་ཏེའུ་དང་། །གཡོན་པས་ཐོད་པ་ཁ་ཊྭཱཾ་ག །བཞེས་ནས་བྱིན་གྱིས་


KMC009_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བརླབ་ཏུ་གསོལ། །རྡོ་རྗེ་ཐལ་མོ་ཁ་ཕྱེ་བ་ཞལ་ཟས་བསྟབ་པའི་ཚུལ་གྱིས། ༀ་ར་ས་བཛྲི་ཧུཾ་ཧཱུཾ་ཕཊ། རེག་གི་རྡོ་རྗེ་ན་བཟའ་བསྣམས། །ལྗང་གུ་གཡས་མཐའ་ཅང་ཏེའུ་དང་། །གཡོན་པས་ཐོད་པ་ཁ་ཊྭཱཾ་ག །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །གོས་བཟུང་འབུལ་ཞིང་། ༀ་སྤཪྴེ་བཛྲི་ཧུཾ་ཧཱུཾ་ཕཊ། ཆོས་དབྱིངས་རྡོ་རྗེ་ཆོས་འབྱུང་བསྣམས། །དཀར་མོ་གཡས་མཐའ་ཅང་ཏེའུ་དང་། །གཡོན་པས་ཐོད་པ་ཁ་ཊྭཱཾ་ག །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །བསྡམས་པའི་མཐེབ་མཛུབ་དང་མཐེའུ་ཆུང་སོ་སོར་རྩེ་སྤྲད་ལ། ༀ་དྷརྨཱ་དྷཱ་ཏུ་བཛྲི་ཧུཾ་ཧཱུཾ་ཕཊ། འདོད་ཡོན་ལྔས་མཆོད་པ་ནི། མཐའ་ཡས་ཞིང་ན་གཟུགས་ཀྱི་བྱེ་བྲག་ནི། །མཆོག་དམན་བར་མའི་ཁྱད་པར་ཅི་སྣང་བ། །བདེ་བ་ཆེན་པོ་སྐྱེད་པར་བྱེད་པ་ཡི། །གཟུགས་ཀྱི་རྡོ་རྗེར་སྤྲུལ་ནས་མཆོད་པར་བགྱི། །ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གཱི་ནི་རཱུ་པ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུཾ་སྭཱ་ཧཱ། །འཇིག་རྟེན་ཀུན་ཏུ་སྒྲ་ཡི་དབྱེ་བ་ནི། །ཟིན་དང་མ་ཟིན་ལ་


KMC009_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཇི་སྙེད་པ། །གྲགས་སྟོང་སྔགས་ཀྱི་རོལ་པར་འཆར་བ་དག །སྒྲ་ཡི་རྡོ་རྗེར་སྤྲུལ་ནས་མཆོད་པར་བགྱི། །རོལ་མོ་དཀྲོལ་ཞིང་། ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གཱི་ནི་ཤཔྡ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུཾ་སྭཱ་ཧཱ། རབ་འབྱམས་ཞིང་ན་དྲི་ཡི་རྣམ་པ་གང་། །ཡོངས་སུ་གྱུར་དང་དེ་བཞིན་སྦྱར་བ་སོགས། །རྣམ་ཀུན་རྡོ་རྗེ་དྲི་བརྙན་དང་ལྡན་པའི། །འདོད་ཡོན་ལྷ་མོས་རྟག་ཏུ་མཆོད་པར་བགྱི། །དྲི་མའི་རྒྱས། ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གཱི་ནི་གནྡྷེ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུཾ་སྭཱ་ཧཱ། དཔག་ཏུ་མེད་པའི་གནས་དང་ཞིང་ཁམས་སུ། །རོ་ཡི་ཁྱད་པར་རྣམ་པ་དྲུག་ལ་སོགས། །ཟག་མེད་ཏིང་འཛིན་ཟས་མཆོག་སྟེར་བྱེད་པ། །རོ་ཡི་རྡོ་རྗེར་སྤྲུལ་ནས་མཆོད་པར་བགྱི། །རོ་མའི་རྒྱས། ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གཱི་ནི་ར་ས་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུཾ་སྭཱ་ཧཱ། ཕྱོགས་བཅུའི་འཇིག་རྟེན་རྣམས་ན་རེག་བྱའི་ཚོགས། །རྣམ་པ་དུ་མར་ཉེར་སྤྱད་གཞི་རྣམས་ཀྱང་། །ཕུལ་


KMC009_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བདེ་བ་འཕོ་མེད་སྐྱེད་ནུས་པའི། །རེག་བྱའི་རྡོ་རྗེར་སྤྲུལ་ནས་མཆོད་པར་བགྱི། །གོས་ཟུང་དབུལ་ལ། ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གཱི་ནི་སྤཪྴེ་ཀ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུཾ་སྭཱ་ཧཱ། ནང་མཆོད་ནི། ལྷ་རྣམས་ལྗགས་ཧཱུྃ་རྡོ་རྗེ་རྩེ་གསུམ་དཀར། །སྦུ་གུས་བདུད་རྩི་དྲངས་ནས་གསོལ་བར་གྱུར། །ༀ་ཨཱ་མྲྀ་ཏ་སྭཱ་ད་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་ཨཱཿཧཱུཾ། རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང་། །མར་པ་མི་ལ་རྗེ་བཙུན་སྒམ་པོ་པ། །དུས་གསུམ་མཁྱེན་པ་རས་ཆེན་སྤོམ་བྲག་པ། །ཀརྨ་པ་དང་གཉན་རས་རང་བྱུང་བ། །གཡུང་སྟོན་པ་དང་འཛམ་གླིང་མཁའ་སྤྱོད་དབང་། །དེ་བཞིན་གཤེགས་པ་རཏྣ་བྷ་དྲ་དང་། །མཐོང་བ་དོན་ལྡན་ཀུན་མཁྱེན་འཇམ་དཔལ་བཟང་། །རང་བྱུང་མཚོ་སྐྱེས་སངས་རྒྱས་མཉན་པ་དང་། །མི་བསྐྱོད་རྡོ་རྗེ་དཀོན་མཆོག་ཡན་ལག་དང་། །དབང་ཕྱུག་རྡོ་རྗེ་ཆོས་ཀྱི་དབང་ཕྱུག་དང་། །ཆོས་དབྱིངས་རྡོ་རྗེ་ཡེ་ཤེས་སྙིང་པོ་དང་། །ཡེ་ཤེས་རྡོ་རྗེ་


KMC009_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་དོན་འགྲུབ་དང་། །བྱང་ཆུབ་རྡོ་རྗེ་ཆོས་ཀྱི་འབྱུང་གནས་དང་། །བདུད་འདུལ་རྡོ་རྗེ་ཆོས་གྲུབ་རྒྱ་མཚོ་དང་། །པདྨ་ཉིན་བྱེད་ཐེག་མཆོག་རྡོ་རྗེ་དང་། །བློ་གྲོས་མཐའ་ཡས་མཁའ་ཁྱབ་རྡོ་རྗེ་དང་། །པདྨ་དབང་མཆོག་མཁྱེན་བརྩེ་འོད་ཟེར་ཞབས། །ཁྱབ་བདག་རང་བྱུང་རིག་པའི་རྡོ་རྗེ་སོགས། །རྗེ་བཙུན་བླ་མའི་ཞལ་དུ་ༀ་ཨཱཿཧཱུཾ། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཌཱ་ཀི་ནི་ཛཱ་ལ་སམྦ་རཾ་ༀ་ཨཱཿཧཱུཾ། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ༀ་ཨཱཿཧཱུཾ། ༀ་ཌཱ་ཀི་ནི་ༀ་ཨཱཿཧཱུཾ། ༀ་ལཱ་མེ་ༀ་ཨཱཿཧཱུཾ། ༀ་ཁཎྜ་རོ་ཧེ་ༀ་ཨཱཿཧཱུཾ། ༀ་རཱུ་པི་ཎི་ཡེ་ༀ་ཨཱཿཧཱུཾ། ༀ་མ་ཧཱ་ཀཱ་ལཱ་ཡ་ༀ་ཨཱཿཧཱུཾ། ༀ་མ་ཧཱ་ཀཱ་ལཱེ་ༀ་ཨཱཿཧཱུཾ། ཞེས་བླ་མ་ཡི་དམ་ཆོས་སྐྱོང་རྣམས་མཆོད། བལྟ་དང་རྒོད་དང་ལག་འཛིན་དང་། །འཁྱུད་དང་གཉིས་སྤྲོད་སོགས་མཆོད་པས། །དབང་བསྐུར་བར་ནི་འགྱུར་བ་དང་། །རྒྱུད་རྣམས་ཀུན་གྱི་དོན་རྟོགས་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། འཁྱུད་ཚུལ་བྱ། རང་བཞིན་མེད་


KMC009_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་གོམས་པས། །ལྷ་ཡི་སྙིང་པོ་སྒོམ་བྱེད་པ། །དེ་ནི་མཆོད་པ་ཆེན་པོར་འདོད། །སངས་རྒྱས་ཐམས་ཅད་རྟོགས་བྱེད་པའོ། །བསྟོད་པ་བྱ་བ་ནི། ཆོས་ཀྱི་སྐུ་ལ་འགྱུར་བ་མེད་རྟགས་སུ། །སྐུ་མདོག་མཐིང་ནག་ཅུང་ཟད་སྔོ་བའི་མདངས། །བྱང་ཆུབ་སེམས་དང་སྟོང་ཉིད་དབྱེར་མེད་པ། །རྟག་ཆད་འགྲོ་འོང་བྲལ་ལ་ཕྱག་འཚལ་ལོ། །ལྷན་ཅིག་སྐྱེས་པ་བདེ་བ་ཆེན་པོའི་སྐུ། །བདུད་རྩིའི་རོ་ཡིས་ངེས་གང་ཚུལ་བསྟན་པ། །མཆོག་ལ་ཕན་མཛད་རྡོ་རྗེ་ཕག་མོ་དང་། །གཉིས་མེད་རོལ་པར་མཛད་ལ་ཕྱག་འཚལ་ལོ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བགྲད་པའི་ཚུལ། །ཕྱག་གཡས་རྡོ་རྗེ་རྣམ་རྟོག་རྩད་ནས་འཇོམས། །ཕྱག་གཡོན་དྲིལ་བུ་དངོས་པོ་འཛིན་པ་སྤོང་། །སྣང་སྟོང་གཉིས་མེད་འཁྱུད་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་སྤྱོད་གྲོལ་དབུ་སྐྲ་གྱེན་དུ་བཅིངས། །ཡེ་ཤེས་ལྔ་ལྡན་ཐོད་པའི་ཕྲེང་བས་བརྒྱན། །ཆོས་ཉིད་ཐུགས་ཆུད་རྡོ་རྗེའི་


KMC009_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་པས་བརྒྱུས། །ཡུལ་དང་ཡུལ་ཅན་དབྱེར་མེད་ཁྱོད་ལ་འདུད། །འཁོར་བའི་སྐྱོན་གྱིས་མ་གོས་པདྨའི་གདན། །བྱང་ཆུབ་མྱུ་གུ་སྨིན་བྱེད་ཉི་སྟེང་དུ། །ཞབས་གཉིས་བརྐྱང་བསྐུམ་འཇིགས་བྱེད་དུས་མཚན་མནན། །མ་རུང་ཚར་གཅོད་མཛད་ལ་ཕྱག་འཚལ་བསྟོད། །སྒྲིབ་གཉིས་སྲེག་མཛད་མེ་དཔུང་ནང་ན་བཞུགས། །ཉོན་མོངས་གདུང་སེལ་ཟླ་བ་ཕྱེད་པས་སྤྲས། །ཕྲིན་ལས་བཞི་ཡིས་སེམས་ཅན་དོན་མཛད་ཕྱིར། །སྣ་ཚོགས་རྡོ་རྗེས་མཚན་ལ་ཕྱག་འཚལ་བསྟོད། །ཡིད་བཞིན་རེ་སྐོང་ནོར་བུ་གཙུག་ན་འཛིན། །ཕ་རོལ་ཕྱིན་དྲུག་རྫོགས་པས་ཕྱག་རྒྱ་དྲུག །མཚན་དང་དཔེ་བྱད་བརྒྱན་པའི་སྐུར་གསལ་བ། །མི་བསྐྱོད་དབུ་རྒྱན་ཅན་ལ་ཕྱག་འཚལ་ལོ། །སྤང་བྱ་སྤོང་དང་གདུལ་བྱ་འདུལ་བའི་ཕྱིར། །སྟག་གི་པགས་པ་མི་མགོའི་ཕྲེང་བས་བརྒྱན། །བདུད་བཞི་འཇོམས་ཕྱིར་རྣོ་དཀར་མཆེ་བ་གཙིགས། །ཐུགས་རྗེ་འཛུམ་བཅས་ཁྲོས་ལ་ཕྱག་འཚལ་བསྟོད། །ཞི་


KMC009_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དབང་དང་དགུག་པའི་ལས་བཞི་དང་། །ལུས་ཚོར་སེམས་ཆོས་དྲན་པ་ཉེར་བཞག་རྣམས། །དགའ་དང་མཆོག་དགའ་དགའ་བྲལ་ལྷན་སྐྱེས་དགའ། །སྙིང་པོའི་རྣལ་འབྱོར་མ་བཞི་ལ་ཕྱག་འཚལ། །རྟག་པ་ལ་སོགས་དེ་བཞིན་གཤེགས་པ་བཞི། །བུམ་པ་བཞི་དང་བདུད་རྩིས་གང་བའི་སྣོད། །མཚམས་སུ་མཆོད་པའི་གཟུགས་ཀྱིས་གནས་པ་ཡི། །ཐབས་ཤེས་དབྱེར་མེད་དེ་ལ་ཕྱག་འཚལ་ལོ། །ཞེས་དང་རྐང་བརྒྱད་ཀྱིས་བསྟོད་པར་འདོད་ན། ༀ་བཅོམ་ལྡན་དཔའ་བོའི་དབང་པོ་ལ་ཕྱག་འཚལ། །བསྐལ་པ་ཆེན་པོའི་མཐའ་ཡི་མེ་ལྟ་བུ། །རལ་པའི་ཚོགས་ཀྱི་ཅོད་པན་བཅིངས་པ་སྟེ། །མཆེ་གཙིགས་དྲག་ཅིང་འཇིགས་སུ་རུང་བའི་ཞལ། །ཕྱག་ནི་འོད་ཟེར་སྟོང་ཕྲག་འབར་བ་པོ། །དགྲ་སྟྭ་ཞགས་འཕྱར་མདུང་དང་ཁ་ཊྭཱཾ་འཛིན། །སྟག་གི་པགས་པའི་ན་བཟའ་འཆང་བར་མཛད། །དུ་བ་མུན་ཆེན་མདོག་མཚུངས་སྐུ་ལ་འདུད། །ༀ་བཅོམ་ལྡན་འདས་


KMC009_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྡོ་རྗེ་ཕག་མོ་ལ་ནི་ཕྱག་འཚལ་ལོ། །འཕགས་མ་འཇིག་རྟེན་གསུམ་ཡུམ་གཞན་གྱིས་མི་ཐུབ་རིག་པའི་དབང་ཕྱུག་ཆེ། །འབྱུང་པོ་ཐམས་ཅད་འཇིགས་མཛད་ཀུན་ཏུ་འབེབས་མ་རྡོ་རྗེ་ཆེན་མོ་ཉིད། །རྡོ་རྗེ་གདན་མ་མི་ཕམ་གཞན་གྱིས་མི་ཐུབ་དབང་མཛད་གཡོ་བའི་སྤྱན། །དུག་ཀྱང་སྐེམ་པར་མཛད་མ་འཇིགས་སུ་རུང་བའི་ཁྲོ་མོ་གཙིགས་བྱེད་མོ། །སྐྲག་བྱེད་གསོད་བྱེད་རབ་ཏུ་འབྱེད་པར་བྱེད་ཅིང་ཕ་རོལ་ལས་རྒྱལ་མ། །རྣམ་པར་རྒྱལ་མ་རྨུགས་པར་བྱེད་ཅིང་རེངས་དང་རྨོངས་པར་མཛད་པ་མོ། །རྡོ་རྗེ་ཕག་མོ་རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་མ་ལ་འདུད། །ཞེས་བྱ་བ་དག་གོ །བཟླས་པ་བྱ་བ་ནི། གཙོ་བོའི་ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ལྟེར། །ས་བོན་ཧཱུཾ་ཡིག་འོད་ཟེར་དཀར་པོ་བྱུང་། །ཡབ་ཞལ་ཡུམ་ཞལ་དུ་ཞུགས་སྐུ་ཡི་དབྱིབས། །བརྒྱུད་དེ་ཡུམ་གྱི་མཁའ་ནས་རྡོ་རྗེ་ཡི། །ནོར་བུ་ནས་སོང་ཐུགས་ཀའི་ཧཱུྃ་ལ་ཐིམ། །ནད་གདོན་བར་ཆད་ཞི་དང་འོད་


KMC009_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

སེར་ལས། །ཚེ་དཔལ་འབྱོར་རྒྱས་དམར་ལས་ལོངས་སྤྱོད་བསྡུས། །མཐིང་གས་གནོད་བྱེད་ཐམས་ཅད་ཚར་གཅོད་པའོ། །ཞེས་སྒོམ་བཞིན་པས། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་སྭཱ་ཧཱ། ༀ་ཧྲཱིཿཧ་ཧ་ཧུཾ་ཧཱུཾ་ཕཊ། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ༀ་སརྦ་བུདྡྷ་ཌཱ་ཀི་ནི་ཡེ་བཛྲ་ཝརྞ་ནི་ཡེ་ཧུཾ་ཧཱུཾ་ཕཊ། ༀ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ༀ་ལཱ་མེ་ཧུཾ་ཧཱུཾ་ཕཊ། ༀ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། ༀ་རཱུ་པི་ཎི་ཡེ་ཧུཾ་ཧཱུཾ་ཕཊ། གཙོ་བོའི་སྙིང་པོ་བརྒྱ་རྩ་བརྒྱད་དང་། འཁོར་གྱི་སྔགས་ཅི་འགྲུབ་བཟླ་བར་བྱའོ། །བཅུ་གཅིག་པ་ཕྱི་རོལ་པའི་གཏོར་མ་བཏང་ཞིང་ཉེ་རེག་བྱས་ཏེ་ནང་དུ་འོང་ཞིང་གསོལ་བ་གདབ་པ་ནི། སྒྲུབ་པའི་གྲོགས་དཀྱིལ་འཁོར་དུ་སྲུང་དུ་བཅུག །སློབ་དཔོན་གཞན་རྣམས་ཕྱི་རོལ་དུ་སོང་སྟེ། འཇིག་རྟེན་པའི་གཏོར་མ་ཆུ་གཉིས་ཉེར་སྤྱོད་དང་བཅས་པ་བཤམས། ༀ་ཁཎྜ་རོ་ཧེས་བསངས། ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་། །རཾ་ལས་མེ་ཡི་དཀྱིལ་འཁོར་སྟེང་། །ༀ་ཨཱཿཧཱུཾ་ལས་ཐོད་སྒྱེད་གསུམ། །དེར་གནས་ཨ་ལས་ཐོད་པ་ནི། །ཡངས་ཤིང་རྒྱ་


KMC009_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་དབུས་ཕྱོགས་བཞིར། །ཧཱུྃ་ༀ་ཁྃ་ཨྃ་ཏྲཱྃ་དང་ནི། །བཱྃ་ལཱྃ་མཱྃ་པཱྃ་ཏཱྃ་ཡིག་ལས། །ལྕགས་ཀྱུ་ལྔ་དང་སྒྲོན་མ་ལྔར། །གྱུར་པ་རང་རང་ས་བོན་མཚན། །རླུང་བསྐྱོད་མེ་སྦར་བསྐོལ་བ་ལས། །ས་བོན་དང་བཅས་རྫས་རྣམས་ཞུ། །འཆར་ཁའི་ཁ་དོག་ལྟ་བུར་འབར། །དེ་ཡི་རླངས་པ་ལས་གྲུབ་པའི། །དངུལ་ཆུའི་མདོག་མཚུངས་ཁ་ཊྭཱཾ་ག །འོག་ཏུ་ཁ་ལྟ་དེ་ཡང་ཞུ། །བཅུད་དང་དབྱེར་མེད་འདྲེས་པའི་སྟེང་། །ཨཱ་ལི་ཀཱ་ལི་ཡོངས་གྱུར་ལས། །བརྩེགས་པའི་ༀ་དང་ཨཱཿཧཱུྃ་ལས། །དཀྱིལ་འཁོར་པ་སྤྲོས་སེམས་ཅན་གྱི། །དོན་བྱས་སྙོམས་པར་ཞུགས་པ་ནས། །ཡིག་གསུམ་ལ་ཐིམ་ཡིག་གསུམ་ཡང་། །དམ་ཚིག་བདུད་རྩིར་གཅིག་ཏུ་གྱུར། །ཞེས་བྱིན་གྱིས་བརླབས། ཨིནྡྲ་ས་པ་རི་ཝཱ་རཱ་ན་ཨཱ་ཀཪྵ་ཡ་ཛཿ དེ་བཞིན་དུ། ཡ་མ་ས་པ་རི་ཝཱ་ར༴ བ་རུ་ཎ་ས་པ་རི༴ ཀུ་བེ་ར༴ མ་ཧཱ་བྷུ་ཏ༴ ཨཱགྣི༴ རཱཀྵ་ས༴ བཱ་ཡུ་དེ་ཝ་ཏ༴ ཙནྡྲ༴ སཱུརྱ༴ བྲཧྨ༴ ཨ་དེ་ཝ༴ བེ་མ་ཙི་ཏྲི༴ པྲི་ཐི་ཝི་དེ་ཝ་ཏཱ་ས་པ་


KMC009_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཝཱ་རཱ་ན་ཨ་ཀཪྵ་ཡ་ཛཿ ཞེས་པ་དང་། ཛཿཧཱུྃ་བཾ་ཧོཿ སཾ་ཏྲྀཔྟཿསརྦ་དེ་ཝ་ཏཱཿསཱ་དྷ་ཀ་སྱ་ཤནྟིཾ་ཀུ་རུ། པཱུཥྚིཾ་ཀུ་རུ། སརྦ་ཀཪྻན་ཏུ་སིདྡྷིརྦྷ་བ་ཏུ་ཡ་ཐཱ་སུ་ཁཾ་སུ་ཁཻཿ ཞེས་སྤྱན་འདྲེན་ཞིང་འདོད་དོན་གསོལ། ༀ་ད་ཤ་དི གློ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ། པུཥྤེ། དྷུ་པེ། ཨ་ལོ་ཀེ། གནྡྷེ། ནཻ་ཝིདྱེ། ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད། ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཀྵ་ས་བྷུ་ཏ་པྲེ་ཏ་པི་ཤཱ་ཙོནྨ་ད་བ་སྨཱ་ར་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡཿ ཨི་མཾ་བ་ལིང་གྲྀཧྞནྟུ། ས་མ་ཡ་རཀྵནྟུ། སརྦ་སིདྡྷིམྨེ་པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐཻཥྚཾ། བྷུཉྫ་ཐ། པི་བ་ཐ། ཛི་གྷྲ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦཱ་ཀཱ་ར་ཏ་ཡཱ་སཏྶུ་ཁཾ་བེ་ཤུདྡྷ་ཡེ་ས་ཧཱ་ཡི་ཀཾ་བྷ་ཝནྟུ་ཧུཾ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ། ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང་། །འབྱུང་པོ་ཡི་དྭགས་ཤ་ཟའི་ཚོགས། །སྨྱོ་བྱེད་བརྗེད་བྱེད་མཁའ་འགྲོ་མ། །མ་མོའི་ཚོགས་རྣམས་མ་ལུས་པ། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །


KMC009_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱིས་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་ཕྲིན་ལས་བཅོལ། ༀ་བཛྲ་ཧེ་རུ་ཀ་ས་ཏྭ་ས་མ་ཡ་སོགས་ས་ཏྭ་ཨཱཿཧཱུྃ་ཕཊ། ཅེས་ཡིག་བརྒྱས་ལྷག་ཆད་ཁ་བསྐང་། འཇིག་རྟེན་པ་རྣམས་རང་གནས་གཤེགས་པར་གྱུར། །ཞེས་གཤེགས་སུ་གསོལ་ནས། ཙོག་པུར་འདུག་པའི་


KMC009_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པ་གཉིས་པུས་མོའི་ནང་དུ་སོན་པར་བྱ་ཞིང་། གཡོན་པས་དྲི་བཟང་དང་སྦྱར་བའི་ཆུའི་སྣོད་བཟུང་། གཡས་པའི་ཐལ་མོ་བཀན་པའི་གུང་མོ་དང་། མིང་མེད་ཅུང་ཟད་བསྐུམ་པས་ཆུ་ལ་རེག་ནས། མི་སྨྲ་བར་མཆུ་ལ་མང་དུ་བྱབ་ཅིང་། རྣ་བའི་བུ་ུག་གཉིས་དང་། མིག་གཉིས་དང་། སྣའི་བུ་ག་དག་དང་། ལག་པ་དང་། ལྟོ་བ་དང་། མགོ་བོར་ལན་གསུམ་དུ་ཉེ་རེག་བྱས་ལ། སློབ་དཔོན་གྱིས་རྟིང་མནན་ནང་དུ་འོང་སྟེ། རྡོ་རྗེ་དྲིལ་བུ་འཛིན་ཅིང་དཀྲོལ་བཞིན་པས། ༀ་སུམྦྷ་ནི་སུམྦྷ་སོགས་བརྗོད་ནས་དཀྱིལ་འཁོར་ལ་བསྐོར་བ་དངོས་སམ་ཡིད་ཀྱིས་བྱ་ཞིང་ནུབ་ཀྱི་སྒོར་གནས་པ་ལ་གཡས་བརྐྱང་གི་སྟབས་དང་ལག་པ་གཉིས་ཁུ་ཚུར་བཀན་པ་ལས་མཛུབ་མོ་བརྐྱང་པ་བསྣོལ་ཐབས་སུ་བཞག་པ་སོ་སོར་བསྐྱེད་ཅིང་སྒོ་ཕྱེ་བར་བསམ་ལ། ༀ་བཛྲོད་གྷཱ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། ཞེས་ཚར་བཞི་བརྗོད་ཅིང་། ལྷོ་ནས་བྱང་། བྱང་ནས་ལྷོ། ཤར་ནས་ནུབ་ཀྱི་སྒོ་ཕྱེ་ནས། དེ་བཞིན་དུ་གནས་བཞིན་པས། མེ་ཏོག་ཕྲེང་བ་ཐོགས་ཏེ། ༀ་པ་ར་མ་སུ་ཁཱ་ཤ་ཡ་སུ་ལ་ལི་ཏ་བི་ལཱ་ས་ན་མ་ཏི་ན་མ་ཏེ་ན་མཱ་མི་བྷ་ག་བནྟཾ་ཛཿཧཱུཾ་བཾ་ཧོཿ ཧི་ཧི་ཧི་ཧི་ཧཱིཿ པྲ་ཏཱིཙྪ་ཀུ་སུ་མཱཉྫ་ལི་ནཱ་ཐ་ཧོཿ ཞེས་དཀྱིལ་འཁོར་དུ་དོར་ཞིང་། སླར་ཡང་ཕྲེང་བས་དབང་བསྐུར་བའི་མོས་པས། རང་


KMC009_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྤྱི་བོར་བཅིངས་ཏེ་ཕྱག་བྱས་ལ། དེ་རིང་འགྲོ་བ་ཀུན་ལ་དངོས་གྲུབ་མཆོག །ལུས་པ་མེད་པའི་བཀའ་དྲིན་སྩོལ་བར་མཛོད། །ཅེས་གསོལ་བ་བཏབ་བོ། །བཅུ་གཉིས་པ་བདག་ཉིད་འཇུག་པའམ། གཞན་ལ་དབང་བསྐུར་བ་ནི། ལས་བུམ་གྱི་ཆུས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་སོགས་བྱ། ས་གཞི་སྤོས་ཆུས་བྱུག་ཅིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་སོགས་ཀྱིས་མཎྜལ་ཕུལ་ནས་འཁོད་པ་ལ། བུ་ཁྱོད་ཅི་ཡིན་དངོས་པོ་ཅི་ལ་དགའ། །ཞེས་དྲིས་ལ། སློབ་མས། སྐལ་བཟང་བདག་ནི་བདེ་བ་ཆེན་པོ་ལའོ། །ཞེས་ལན་བཏབ། ༀ་ཙཀྵུརྦནྡྷ་ཝ་ར་མཱ་ནཱ་ཡ་ཧཱུཾ། གིས་གདོང་གཡོགས་དམར་སེར་བཅིངས། ཨཱ་ཁཾ་བཱི་ར་ཧཱུཾ། གིས་མེ་ཏོག་ལག་ཏུ་བཟུང་ནས། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་


KMC009_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་པར་འཚལ། །ཞེས་ལན་གསུམ་རྗེས་ཟློས་བྱེད་དུ་བཅུག་ནས། བདག་གིས་སྡིག་པ་བགྱིས་པ་དང་། །བགྱིད་དུ་སྩལ་དང་ཡི་རང་བ། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །དེ་དག་བདག་གིས་བཤགས་པར་བགྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱི། །སྒོམ་དང་བཟླས་བརྗོད་བསོད་ནམས་གང་། །དེ་ལ་བདག་ནི་ཡི་རང་ངོ་། །སེམས་བསྐྱེད་མངོན་པར་སངས་རྒྱས་དང་། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཀྱི་མཆོག །དེ་ལ་བདག་ནི་སྐྱབས་སུ་མཆི། །སངས་རྒྱས་འབྱུང་བ་ཇི་ལྟ་བར། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ལྟར། །དེ་ཉིད་དུ་ནི་སེམས་བསྐྱེད་དོ། །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་འདིར་ནི་མྱུར་དུ་སངས་


KMC009_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང་། །སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་སྒྲོལ། །ཞེས་ལན་གསུམ་གྱིས་ལྔ་རྣམ་དག་བྱ། བདག་ཉིད་ཧེ་རུ་ཀར་གསལ་སྙིང་གར་ནི། །ཀུན་རྫོབ་བྱང་སེམས་ངོ་བོ་ཟླ་དཀྱིལ་དབུས། །དོན་དམ་བྱང་སེམས་ངོ་བོའི་རྡོ་རྗེ་དཀར། །རྩེ་ལྔ་འོད་ཟེར་འབར་བས་མཚན་པར་གྱུར། །རྡོ་རྗེ་དང་མེ་ཏོག་དང་བཅས་པའི་ལག་པ་གཡས་ཀྱིས་སྙིང་གར་རེག་བཞིན་པས། ༀ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཞེས་སེམས་བསྐྱེད་དེ། ༀ་སུ་ར་ཏེ་ས་མ་ཡསྟྭཾ་ཧོཿ སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། གིས་བརྟན་པར་བྱའོ། །སངས་རྒྱས་སྲས་བཅས་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །རིག་པ་འཛིན་པ་བདག་གིས་ནི། །དུས་ནི་འདི་ནས་བཟུང་ནས་སུ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་


KMC009_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་སློབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤོང་ངོ་། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་


KMC009_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བརྒལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་གྱིས་སྡོམ་པ་བཟུང་། །གནས་གསུམ་དུ་སྲིན་ལག་གི་རྩེ་མོས་དྲིའི་ཐིག་ལེ་བྱ་ཞིང་། སྤྱི་བོར་ཟླ་བའི་སྟེང་དུ་ༀ་དཀར་པོ། །མགྲིན་པར་པདྨའི་ལྟེ་བར་ཨཱཿདམར་པོ། །སྙིང་གར་ཉི་སྟེང་ཧཱུཾ་སྔོན་ལས་འོད་འཕྲོས། །ཕྱོགས་བཅུའི་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །བྱིན་རླབས་བསྡུས་ཏེ་ཡི་གེ་སོ་སོར་ཐིམ། །གསང་བར་གདམས་པ་ནི། དེང་ཁྱོད་དེ་བཞིན་གཤེགས་ཀུན་བྱིན་རླབས་ཀྱིས། །དེ་བཞིན་གཤེགས་པ་ཀུན་གྱི་གསང་བ་འདི། །ཁྱོད་ཀྱིས་དཀྱིལ་འཁོར་མ་ཞུགས་པ་རྣམས་ལ། །སྨྲ་བར་མི་བྱ་མ་


KMC009_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་ལའང་མིན། །ལས་ཀྱི་རྡོ་རྗེས། ཧཱུཾ་ཛཿཧཱུཾ། གིས་ཡོལ་བའི་ནང་དུ་བཅུག །ༀ་ན་མསྟེ་ཧཱུཾ། ན་མཱ་མི་ཧཱུཾ། ན་མོ་ན་མཿཧཱུཾ་སྭཱ་ཧཱ། །ཞེས་སྔགས་ཚར་བཞི་བཅས་ཕྱག་བྱས་ཤིང་། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །གཙོ་བོ་ལྷ་མོར་བཅས་པ་ཡི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །ཀུན་ལ་བདག་ནི་སྐྱབས་སུ་མཆི། །ཞེས་ལན་གསུམ་གྱིས་སྐྱབས་སུ་སོང་ནས། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་གསོལ་བ་བཏབ་པས། དཀྱིལ་འཁོར་གྱི་ཤར་སྒོ་ནས་ཞུགས། སྒོ་ཁྱམས་སུ་གནས་པ་ལ། ལག་པ་གཡས་ཀྱིས་རྡོ་རྗེ་སྤྱི་བོར་བཟུང་ལ། དེང་ཁྱོད་དཔའ་བོ་རྣལ་འབྱོར་མ་ཀུན་གྱི། །རིགས་སུ་ཞུགས་ཀྱི་ངས་ཁྱོད་ལ་ཡེ་ཤེས། །གང་གི་བདེ་གཤེགས་ཀུན་གྱི་དངོས་གྲུབ་ཀྱང་། །ཐོབ་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི། །དགོས་


KMC009_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

པས་དེ་ལྟའི་ཡེ་ཤེས་བསྐྱེད་པར་བྱའི། །ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་མདུན་ཉིད་དུ། །བརྗོད་མི་བྱ་སྟེ་དམ་ཚིག་ཉམས་ཏ་རེ། །སྙིང་གར་རྡོ་རྗེ་བཞག་ལ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཐོད་པའི་བདུད་རྩི་མཐེ་བོང་མིང་མེད་སྦྱར་བས་སྦྱིན་ཞིང་། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་ཡིས་འགྲུབ། །ༀ་བཛྲ་ཨུ་ད་ཀ་ཋཿཋཿཋཿ ཞེས་དང་། དེང་ནས་བརྩམས་ཏེ་ཁྱོད་ཀྱི་དཔལ་ཧེ་རུ། །ཀ་ང་ཡིན་གྱི་ངས་འདི་གྱིས་ཤིག་ཅེས། །བསྒོ་བ་གང་ཡིན་ཁྱོད་ཀྱིས་བྱ་དགོས་ཏེ། །ང་ལ་བརྙས་པར་མ་བྱེད་གལ་ཏེ་ན། །མི་བདེ་མ་སྤངས་དུས་བྱས་དམྱལ་ཏ་རེ། །ཞེས་དམ་ལ་བཞག་ནས། དཔའ་བོ་རྣལ་འབྱོར་མ་ཀུན་བདག་བྱིན་རློབས། །ཧེ་རུ་ཀ་ཡི་ཡེ་ཤེས་བདག་ལ་ཕོབ། །ཅེས་ལན་གསུམ་བརྗོད། བདག་ཉིད་ཧེ་རུ་


KMC009_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་མཆོག་ཡབ་ཡུམ་དུ། །གསལ་བའི་ལྟེ་བར་ཨཾ་ལས་མེ་འབར་བས། །སྙིང་གའི་ཧཱུཾ་དང་མགྲིན་པའི་ༀ་བསྲེགས་པས། །སྤྱི་བོའི་ཧཾ་ལས་བདུད་རྩིའི་རྒྱུན་བབས་ཏེ། །ལུས་ཀུན་ཟག་མེད་བདེ་ཆེན་སྐྱེས་པར་གྱུར། །ཅེས་དང་། ༀ་ཧྲཱིཿཧ་ཧ་ཧུཾ་ཧཱུཾ་ཕཊ། ཅེས་མཐར། ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨ་ཨ་ཧྲཱིཿབཾ། ཞེས་པའམ། ཏིཥྛ་མ་ཧཱ་ཀྲོ་དྷ་ཨ་ཝེ་ཤ་ཡ་ཧཱུཾ། ཤྲཱི་ཧེ་རུ་ཀཱ་ཡ་བིདྨ་ཧེ་བིདྱཱ་རཱ་ཛ་ཡ་དྷཱི་མ་ཧེ་སྭཱ་ཧཱ། བརྗོད་ཅིང་རོལ་མོ་འཁྲོལ། གུ་གུལ་ལ་སོགས་པའི་དུད་པས་བདུག །ཕེབས་པར་གྱུར་ནས། མགོ་བོར་རྡོ་རྗེ་བཀོད་དེ། ཏིཥྛ་བཛྲ། ཞེས་པས་བརྟན་པར་བྱས། ཁ་དོག་བརྟགས་ལ་མེ་ཏོག་ཕྲེང་བ། པྲ་ཏིཙྪ་བཛྲ་ཧོཿ གཙོ་བོའི་དབུ་ལ་ཕུལ་བས་ལྷག་པའི་ལྷ་དེ་ཉིད་ཀྱིས། སེམས་དཔའ་སྟོབས་ཅན་ཁྱོད་ཀྱིས་ནི། །འདི་ནི་རབ་ཏུ་གཟུང་བར་གྱིས། །ཞེས་མེ་ཏོག་སྤྱི་བོར་བཞག །ༀ་བཛྲ་ནེ་ཏྲ་ཨ་བ་ཧཱ་ར་པ་ཊ་ལཾ་ཧྲཱིཿ གདོང་གཡོག་བསལ་ཏེ། རྟེན་དང་བརྟེན་པའི་དཀྱིལ་འཁོར་མངོན་སུམ་གྱུར། །དེ་ནས་དབང་བསྐུར་བ་ལ། རིག་པའི་དབང་ལྔ་བསྐུར་བ་ནི། ས་གཞི་སྤོས་ཆུས་


KMC009_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མཎྜལ་ཕུལ་ནས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། སློབ་མ་དང་དབང་རྫས། ༀ་ཁཎྜ་རོ་ཧེས་བསངས། ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སློབ་མ་དབང་གི་རྫས། །བུམ་ཆུ་དང་བཅས་པད་ཉིར་ཧཱུཾ་ཡིག་ལས། །རྡོ་རྗེ་ཧཱུཾ་མཚན་ཡོངས་གྱུར་མི་བསྐྱོད་པ། །སྐུ་མདོག་སྔོན་པོ་རྡོ་རྗེ་དྲིལ་བུ་འཛིན། །རང་འདྲའི་ཡུམ་འཁྱུད་ཕྱག་རྒྱ་ལྔ་ཡིས་བརྒྱན། །གཡས་བརྐྱང་སྟབས་བཞུགས་སྙིང་གའི་ས་བོན་ལས། །འོད་འཕྲོས་བསྐྱེད་པ་དང་འདྲའི་ཡེ་ཤེས་སེམས། །སྤྱན་དྲངས་ཛཿཧཱུཾ་བཾ་ཧོཿགཉིས་མེད་གྱུར། །མི་བསྐྱོད་ཡབ་ཡུམ་སྙོམས་ཞུགས་ཞུ་གྱུར་བས། །བུམ་པའི་ཆུ་གྱུར་སྙིང་གའི་ས་བོན་གྱི། །འོད་ཀྱིས་དྲངས་པའི་དབང་ལྷ་མཁར་བཞུགས་པའི། །དེ་བཞིན་གཤེགས་རྣམས་དབང་གི་དགོངས་པ་མཛད། །ལྷ་མོ་རྣམས་ཀྱིས་བུམ་པ་བདུད་


KMC009_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་ཡིས། །གང་བ་བསྣམས་ནས་དབང་བསྐུར་ཁྲོ་བོ་རྣམས། །བགེགས་བསྐྲད་སེམས་དཔའ་རྣམས་ཀྱིས་ཤིས་མཛད་དེ། །བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཐམས་ཅད་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །མཆོད་པའི་ལྷ་མོས་མཆོད་བཞིན་དབང་བསྐུར་རོ། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ༀ་ཧྲཱིཿཧ་ཧ་ཧུཾ་ཧཱུཾ་ཕཊ། ཅེས་མཐར། ༀ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ །ༀ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ། ༀ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ༀ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ ༀ་བུདྡྷ་ཨ་བྷི་ཥིཉྩ་ༀ། ཞེས་པའམ། བཛྲོད་ཀ་ཨ་བྷི་ཥིཉྩ་ཧཱུཾ་སུ་ར་ཏསྟྭཾ་ཨ་ཧཾ། བུམ་ཆུ་སྤྱི་བོར་བླུག །དབང་ལྷ་སློབ་མ་ལ་ཐིམ་ཆུ་ཡི་དབང་། །བསྐུར་བས་ཉོན་མོངས་ཞེ་སྡང་


KMC009_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཤེས་ཀྱི། །ཕུང་པོ་གནས་གྱུར་མེ་ལོང་ཡེ་ཤེས་མཆོག །མངོན་བྱེད་བཅོམ་ལྡན་མི་བསྐྱོད་དབུ་བརྒྱན་གྱུར། །ༀ་ཁཎྜ་རོ་ཧེས་བསངས། ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སློབ་མ་ཅོད་པན་བཅས། །པད་ཉིའི་སྟེང་དུ་ཨཱཾ་ལས་རིན་པོ་ཆེ། །ཨཱཾ་གིས་མཚན་པ་ཡོངས་གྱུར་རིན་འབྱུང་ནི། །སྐུ་མདོག་སེར་པོ་རིན་ཆེན་དྲིལ་བུ་འཛིན། །རང་འདྲའི་ཡུམ་འཁྱུད་ཕྱག་རྒྱ་ལྔ་ཡིས་བརྒྱན། །གཡས་བརྐྱང་སྟབས་བཞུགས་སྙིང་གའི་ས་བོན་ལས། །འོད་འཕྲོས་བསྐྱེད་པ་དང་འདྲའི་ཡེ་ཤེས་སེམས། །སྤྱན་དྲངས་ཛཿཧཱུཾ་བཾ་ཧོཿགཉིས་མེད་གྱུར། །རིན་འབྱུང་ཡབ་ཡུམ་སྙོམས་ཞུགས་ཞུ་གྱུར་པས། །དབུ་རྒྱན་དུ་གྱུར་སྙིང་གའི་ས་བོན་གྱི། །འོད་ཀྱིས་དྲངས་པའི་དབང་ལྷ་མཁར་བཞུགས་པའི། །དེ་བཞིན་གཤེགས་རྣམས་དབང་གི་དགོངས་པ་མཛད། །ལྷ་མོ་རྣམས་ཀྱིས་རིན་ཆེན་ལས་གྲུབ་པའི། །དབུ་རྒྱན་བསྣམས་ནས་དབང་བསྐུར་ཁྲོ་བོ་རྣམས། །བགེགས་བསྐྲད་


KMC009_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་རྣམས་ཀྱིས་ཤིས་མཛད་དེ། །བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཐམས་ཅད་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །མཆོད་པའི་ལྷ་མོས་མཆོད་བཞིན་དབང་བསྐུར་རོ། །སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ། །དབུ་རྒྱན་རིན་ཆེན་དམ་པ་སྟེ། །རིན་ཆེན་ཀུན་གྱིས་མཆོད་བྱེད་པ། །རྫོགས་སངས་རྒྱས་སུ་དབང་བསྐུར་རོ། །ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྣ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཅེས་མཐར། ༀ་ཨཱཿམུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ། སུ་ར་ཏ་སྟྭཾ་ཨ་ཧཾ། ཅོད་པན་མགོ་བོར་བཅིངས། བཛྲོད་ཀ་ཨ་བྷི་ཥིཉྩ་ཧཱུཾ་སོགས་ཀྱིས་ཆུའི་དབང་ཡང་བསྐུར། དབང་ལྷ་སློབ་མ་ལ་ཐིམ་ཅོད་པན་དབང་། །བསྐུར་བས་ང་རྒྱལ་སེར་སྣ་ཚོར་བ་ཡི། །ཕུང་པོ་གནས་གྱུར་མཉམ་ཉིད་ཡེ་ཤེས་མཆོག །མངོན་བྱས་བཅོམ་ལྡན་རིན་འབྱུང་དབུ་བརྒྱན་གྱུར། །


KMC009_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་ཁཎྜ་རོ་ཧེས་བསངས། ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སློབ་མ་རྡོ་རྗེ་བཅས། །པད་ཉིའི་སྟེང་དུ་ཛྲིཾ་ལས་པདྨ་ཛྲིཾ། །མཚན་པ་ཡོངས་སུ་གྱུར་ལས་འོད་དཔག་མེད། །སྐུ་མདོག་དམར་པོ་པདྨ་དྲིལ་བུ་འཛིན། །རང་འདྲའི་ཡུམ་འཁྱུད་ཕྱག་རྒྱ་ལྔ་ཡིས་བརྒྱན། །གཡས་བརྐྱང་སྟབས་བཞུགས་སྙིང་གའི་ས་བོན་ལས། །འོད་འཕྲོས་བསྐྱེད་པ་དང་འདྲའི་ཡེ་ཤེས་སེམས། །སྤྱན་དྲངས་ཛཿཧཱུཾ་བཾ་ཧོཿགཉིས་མེད་གྱུར། །འོད་དཔག་ཡབ་ཡུམ་སྙོམས་ཞུགས་ཞུ་གྱུར་པས། །རྡོ་རྗེར་རབ་གྱུར་སྙིང་གའི་ས་བོན་ཀྱིས། །འོད་ཀྱིས་དྲངས་པའི་དབང་ལྷ་མཁར་བཞུགས་པའི། །དེ་བཞིན་གཤེགས་རྣམས་དབང་གི་དགོངས་པ་མཛད། །ལྷ་མོ་རྣམས་ཀྱིས་རྡོ་རྗེ་འོད་འབར་བས། །གསོར་ཞིང་བསྣམས་ནས་དབང་བསྐུར་ཁྲོ་བོ་རྣམས། །བགེགས་བསྐྲད་སེམས་དཔའ་རྣམས་ཀྱིས་ཤིས་མཛད་དེ། །བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཐམས་ཅད་བདག་ཉིད་


KMC009_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །མཆོད་པའི་ལྷ་མོས་མཆོད་བཞིན་དབང་བསྐུར་རོ། །སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཉིད་དུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོངས། །བཛྲ་ཨ་བྷི་ཥིཉྩ། སྙིང་ག་སོགས་གནས་གསུམ་དུ་རེག་ཅིང་གསོར་བར་བྱའོ། །བཛྲོད་ཀ་ཨ་བྷི་ཥིཉྩ་ཧཱུྃ་སུ་ར་ཏ་སྟྭཾ་ཨ་ཧཾ། ཆུ་དབང་ཡང་བསྐུར། དབང་ལྷ་སློབ་མ་ལ་ཐིམ་རྡོ་རྗེའི་དབང་། །བསྐུར་བས་ཉོན་མོངས་འདོད་ཆགས་འདུ་ཤེས་ཀྱི། །ཕུང་པོ་གནས་གྱུར་སོར་རྟོག་ཡེ་ཤེས་མཆོག །མངོན་བྱས་བཅོམ་ལྡན་འོད་དཔག་དབུ་བརྒྱན་གྱུར། །ༀ་ཁཎྜ་རོ་ཧེས་བསངས། ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སློབ་མ་དྲིལ་བུ་བཅས། །པད་ཉིའི་སྟེང་དུ་ཁཾ་ལས་རལ་གྲི་ཁཾ། །མཚན་པ་ཡོངས་གྱུར་དོན་ཡོད་གྲུབ་པ་ནི། །སྐུ་མདོག་ལྗང་གུ་


KMC009_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲི་དྲིལ་བུ་འཛིན། །རང་འདྲའི་ཡུམ་འཁྱུད་ཕྱག་རྒྱ་ལྔ་ཡིས་བརྒྱན། །གཡས་བརྐྱང་སྟབས་བཞུགས་སྙིང་གའི་ས་བོན་ལས། །འོད་འཕྲོས་བསྐྱེད་པ་དང་འདྲའི་ཡེ་ཤེས་སེམས། །སྤྱན་དྲངས་ཛཿཧཱུཾ་བཾ་ཧོཿགཉིས་མེད་གྱུར། །དོན་གྲུབ་ཡབ་ཡུམ་སྙོམས་ཞུགས་ཞུ་གྱུར་པས། །དྲིལ་བུའི་སྒྲར་གྱུར་སྙིང་གའི་ས་བོན་གྱིས། །འོད་ཀྱིས་དྲངས་པའི་དབང་ལྷ་མཁར་བཞུགས་པའི། །དེ་བཞིན་གཤེགས་རྣམས་དབང་གི་དགོངས་པ་མཛད། །ལྷ་མོ་རྣམས་ཀྱིས་དྲིལ་བུ་སྒྲ་ལྡན་པ། །ཕྱག་ཏུ་བསྣམས་ནས་དབང་བསྐུར་ཁྲོ་བོ་རྣམས། །བགེགས་བསྐྲད་སེམས་དཔའ་རྣམས་ཀྱི་ཤིས་མཛད་དེ། །བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཐམས་ཅད་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །མཆོད་པའི་ལྷ་མོས་མཆོད་བཞིན་དབང་


KMC009_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་རོ། །སངས་རྒྱས་ཀུན་གྱི་དྲིལ་བུའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཉིད་དུ་རབ་བསྒྲུབ་ཕྱིར། །དྲིལ་བུ་འདི་ནི་ཁྱོད་ཀྱིས་ལོངས། །རྡོ་རྗེ་དྲིལ་བུ་འཛིན་པས་ལྟེ་བའི་ཐད་དུ་འཁྱུད་པའི་ཚུལ་གྱིས། ༀ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། བཛྲོད་ཀ་ཨ་བྷི་ཥིཉྩ་ཧཱུཾ་སུ་ར་ཏ་སྟྭཾ་ཨ་ཧཾ། ཞེས་ཆུ་དབང་ཡང་བསྐུར། དབང་ལྷ་སློབ་མ་ལ་ཐིམ་དྲིལ་བུའི་དབང་། །བསྐུར་བས་ཉོན་མོངས་ཕྲག་དོག་འདུ་བྱེད་ཀྱི། །ཕུང་པོ་གནས་གྱུར་བྱ་གྲུབ་ཡེ་ཤེས་མཆོག །མངོན་བྱས་བཅོམ་ལྡན་དོན་གྲུབ་དབུ་བརྒྱན་གྱུར། །ༀ་ཁཎྜ་རོ་ཧེས་བསངས། ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སློབ་མ་མིང་གི་དབང་། །པད་ཉིའི་སྟེང་དུ་བུཾ་ལས་འཁོར་ལོ་བུཾ། །མཚན་པ་ཡོངས་གྱུར་རྣམ་པར་སྣང་མཛད་ནི། །སྐུ་མདོག་དཀར་པོ་འཁོར་ལོ་དྲིལ་བུ་འཛིན། །རང་འདྲའི་ཡུམ་འཁྱུད་ཕྱག་རྒྱ་ལྔ་ཡིས་བརྒྱན། །གཡས་བརྐྱང་སྟབས་བཞུགས་སྙིང་གའི་ས་བོན་ལས། །འོད་


KMC009_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་བསྐྱེད་པ་དང་འདྲའི་ཡེ་ཤེས་སེམས། །སྤྱན་དྲངས་ཛཿཧཱུཾ་བཾ་ཧོཿགཉིས་མེད་གྱུར། །རྣམ་སྣང་ཡབ་ཡུམ་སྙོམས་ཞུགས་ཞུ་གྱུར་པས། །མཆོག་གི་མིང་གྱུར་སྙིང་གའི་ས་བོན་གྱི། །འོད་ཀྱིས་དྲངས་པའི་དབང་ལྷ་མཁར་བཞུགས་པའི། །དེ་བཞིན་གཤེགས་རྣམས་དབང་གི་དགོངས་པ་མཛད། །ལྷ་མོ་རྣམས་ཀྱིས་སྙན་པའི་དབྱངས་ཀྱིས་མིང་། །འདོགས་པར་མཛད་ནས་དབང་བསྐུར་ཁྲོ་བོ་རྣམས། །བགེགས་བསྐྲད་སེམས་དཔའ་རྣམས་ཀྱིས་ཤིས་མཛད་དེ། །བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཐམས་ཅད་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །མཆོད་པའི་ལྷ་མོས་མཆོད་བཞིན་དབང་བསྐུར་རོ། །སངས་རྒྱས་ཀུན་གྱི་མིང་གི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཉིད་དུ་རབ་བསྒྲུབ་ཕྱིར། །མིང་གི་


KMC009_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

དབང་འདི་ཁྱོད་ཀྱིས་ལོངས། །རྡོ་རྗེ་དྲིལ་བུ་མཉམ་དུ་སྤྱི་བོར་བཟུང་ལ་མིང་གི་དབང་བསྐུར། ༀ་བཛྲ་ས་ཏྭ་སྟྭཾ་ཨ་བྷི་ཥིཉྩ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་ཧེ་རུ་ཀ་ཞེས་བྱའོ། །ༀ་བཛྲོད་ཀ་ཨ་བྷི་ཥིཉྩ་ཧཱུཾ་སུ་ར་ཏ་སྟྭཾ་ཨ་ཧཾ། ཞེས་ཆུ་དབང་བསྐུར། དབང་ལྷ་སློབ་མ་ལ་ཐིམ་མིང་གི་དབང་། །བསྐུར་བས་ཉོན་མོངས་གཏི་མུག་བེམ་གཟུགས་ཀྱི། །ཕུང་པོ་གནས་གྱུར་ཆོས་དབྱིངས་ཡེ་ཤེས་མཆོག །མངོན་བྱས་བཅོམ་ལྡན་རྣམ་སྣང་དབུ་བརྒྱན་གྱུར། །བརྟུལ་ཞུགས་ལ་གཉིས་ལས། རྡོ་རྗེའི་བརྟུལ་ཞུགས་ནི། པད་ཟླའི་གདན་ལ་སློབ་མ་རྡོ་རྗེ་སེམས། །སྐུ་མདོག་དཀར་པོ་རྡོ་རྗེ་དྲིལ་བུ་འཛིན། །རིན་པོ་ཆེས་བརྒྱན་སེམས་དཔའི་སྐྱིལ་ཀྲུང་བཞུགས། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །དཔལ་ཧེ་རུ་ཀའི་ཕྱག་ན་བསྣམས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །དཔལ་ཧེ་རུ་ཀའི་བརྟུལ་ཞུགས་བརྟན། །ༀ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷཱ་ར་ཡཱ་མི་ཧཱིཿཧི་ཧི་ཧི་ཧི་ཧཱུཾ། རྡོ་རྗེ་


KMC009_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གར་བཟུང་ངོ་། །སྤྱོད་པའི་བརྟུལ་ཞུགས་ནི། ཁ་ཊྭཱཾ་སོགས་བསངས་སྦྱངས། སློབ་མ་དབང་རྫས་བཅོམ་ལྡན་སྐུ་མདོག་མཐིང་། །བཅོམ་ལྡན་རྡོ་རྗེ་ཕག་མོས་ཡོངས་སུ་འཁྱུད། །དབང་རྫས་ཡབ་ཡུམ་ཡོངས་སུ་གྱུར་པ་ལས། །དབང་རྫས་སོ་སོ་སོ་སོའི་རྣམ་པར་གྱུར། །གཡས་ཅང་ཏེའུ། གཡོན་དུ་ཐཽད་པ། གྲུ་ཁུག་གཡོན་པར་ཁ་ཊྭཱཾ་ག །ཚངས་སྐུད་སེ་རལ་ཁར་བྱིན་ཏེ། ཁ་ཊྭཱཾ་ཅང་ཏེའུ་ལྷུང་བཟེད་དག །དཔའ་བོས་བྱིན་པ་བླངས་ནས་ནི། །དཔལ་ཧེ་རུ་ཀའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །ཁ་ཊྭཱཾ་ག་ནི་ལྷ་སྐུ་བདེ་བ་ཆེ། །ཌཱ་མ་རུ་ནི་ཤེས་རབ་སྟོང་པ་ཉིད། །ཐོད་པ་དེ་གཉིས་འདུས་པ་བདེ་བ་སྐྱོང་། །ཚངས་སྐུད་རྣམ་པར་མི་རྟོག་པ་ཡི་དོན། །ལུང་སྟོན་པ་དང་དབུགས་དབྱུང་བ་ནི། དཀྱིལ་འཁོར་གྱི་གཙོ་བོ་མཆོག་གི་སྤྲུལ་པའི་སྐུའི་རྣམ་པས། འདི་ལྟར་ང་ཡིས་ལུང་སྟོན་ཏེ། །འཁོར་ལོ་གསུམ་གྱི་བདག་ཉིད་ཁྱོད། །རང་ཉིད་སངས་རྒྱས་ཀུན་རང་བཞིན། །ཧེ་རུ་ཀ་དཔལ་ཞེས་བྱ་བའི། །དེ་བཞིན་


KMC009_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཉིད་ཡིན་ནོ། །ཤྲཱི་ཧེ་རུ་ཀ་ཏེ་ནཱ་མ་ཏ་ཐཱ་ག་ཏ་སིདྡྷིཿས་མ་ཡ་སྟྭཾ། བྷཱུརྦྷུ་བཿསྭཿ ཁམས་གསུམ་ཀུན་གྱི་རྒྱལ་སྲིད་ཆེ། །དཔལ་ལྡན་ཡོན་ཏན་འབྱུང་བའི་གནས། །བདུད་ཚོགས་ཀུན་ལས་རྣམ་རྒྱལ་ཞིང་། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །སློབ་དཔོན་གྱི་དབང་ནི། ས་གཞི་སྤོས་ཆུས་སོགས་མཎྜལ་ཕུལ་ནས། ཕྱིར་མི་ལྡོག་པའི་དབང་བསྐུར་ཆེ། །དཔའ་བོ་ཆེན་པོ་བདག་ལ་སྩོལ། །འགྲོ་བ་མཚན་མ་མེད་བྱེད་པ། །དེ་ནི་དེང་འདིར་སྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་སྟེ། ཧཱུཾ་བྱུང་རྡོ་རྗེ་མ་ཧཱ་བཛྲ་ཧཱུཾ ། །ཨཱཿབྱུང་དྲིལ་བུ་བཛྲ་གྷཎྚ་ཨཱཿ ཞེས་རྡོ་རྗེ་དྲིལ་བུ་བཟུང་། སློབ་མ་སླར་ཡང་རྡོ་རྗེ་སེམས་དཔའ་དང་། །རྡོ་རྗེ་སྙེམས་མ་མཉམ་སྦྱོར་གསལ་བར་གྱུར། །རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུང་ཞིག་རྡོ་རྗེར་བྱིན་གྱིས་རློབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །དེ་ལྟར་དམ་ཚིག་གསུམ་པོ་ལྡན་པ་ལ། །དབང་ལྷ་རྣམས་


KMC009_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བུམ་པའི་དབང་བསྐུར་རོ། །ཇི་ལྟར་བལྟམས་ཚེ་བཅོམ་ལྡན་ཁྲུས་གསོལ་ལྟར། །ལྷ་ཆུ་དག་པས་འདིར་ནི་ཁྲུས་བགྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་པས་དབང་བསྐུར་སྒོ་གསུམ་དྲི་མ་དག །སྤྱི་བོར་མི་བསྐྱོད་རྡོ་རྗེས་དབུ་བརྒྱན་གྱུར། །ཁྱོད་ཀྱིས་འཇིག་རྟེན་འཇིག་རྟེན་འདས་པ་ཡི། །འགྲོ་བ་ཀུན་གྱི་སློབ་དཔོན་ཉིད་དུ་གྱིས། །དབང་ལྷ་རྣམས་ཀྱང་སློབ་མ་ཉིད་ལ་ཐིམ། །ༀ་བཛྲ་པུཥྤེ་དྷུ་པེ་ཨ་ལོ་ཀེ་གནྡྷེ་ནཻ་ཝིནྱེ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད། དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱིས། །གཟུགས་སྒྲ་དྲི་རོ་རེག་ལ་སོགས། །འདོད་ཡོན་ལྔ་ལ་སྤྱོད་པར་གྱིས། །དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས། །ལུས་དང་སྲོག་ལ་མི་ལྟ་བར། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས། །འགྲོ་བའི་དོན་ནི་དཔག་མེད་བྱོས། །ཞེས་ལྷ་མཆོད་པ་དང་འགྲོ་དོན་གྱི་རྗེས་གནང་བྱིན། ཐར་པ་ཆེན་པོའི་ཕོ་བྲང་རྣམ་སྣང་གི །རང་བཞིན་རིན་ཆེན་སྣ་ཚོགས་ལས་གྲུབ་པ། །གྲུ་བཞི་སྒོ་བཞི་རྟ་


KMC009_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བབས་དུར་ཁྲོད་དང་། །རྡོ་ར་མེ་རི་བཅས་འདི་རང་གི་སེམས། །དཀྱིལ་འཁོར་ཉིད་དུ་སྣང་བའི་ཡོན་ཏན་གྱི། །ཁྱད་པར་རྣམས་ལས་བྱང་ཆུབ་ཕྱོགས་ཀྱི་ཆོས། །སོ་བདུན་སྒོ་རྒྱན་ལ་སོགས་སྣང་བ་འདི། །དཀྱིལ་འཁོར་དེ་བཞིན་ཉིད་དུ་ཤེས་པར་གྱིས། །ཕུང་ཁམས་སྐྱེ་མཆེད་སྟོང་ཉིད་སྙིང་རྗེ་ཡིས། །རྒྱས་གདབ་རང་བཞིན་བཅོམ་ལྡན་ཡབ་ཡུམ་ནི། །ཐུགས་རྗེའི་དབང་གིས་མཁའ་འགྲོ་མ་ཚོགས་སྤྲུལ། །ལྷ་ཡང་དེ་བཞིན་ཉིད་དུ་ཤེས་པར་གྱིས། །རྡུལ་ཚོན་དཀྱིལ་འཁོར་ཉིད་ལས་བུམ་དབང་ཐོབ། །ལུས་ཀྱི་སྒྲིབ་བསལ་བསྐྱེད་རིམ་སྒོམ་ལ་དབང་། །འབྲས་བུ་སྤྲུལ་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །གསང་དབང་གི་དོན་དུ། ས་གཞི་སྤོས་ཆུས་སོགས་མཎྜལ་ཕུལ་ནས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་ལན་གསུམ་གསོལ་བ་གདབ། བྷ་གའི་དཀྱིལ་འཁོར་མ་


KMC009_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བའི་བརྡར། ༀ་ཙཀྵུརྦནྡྷ་ཝ་ར་མཱ་ནཱ་ཡ་ཧཱུཾ། གིས་གདོང་གཡོག་བཅིང་། བཅོམ་ལྡན་ཡབ་ཡུམ་སྙོམས་ཞུགས་སྦྱོར་མཚམས་ནས། །བྱང་སེམས་བདུད་རྩི་སངས་རྒྱས་ཐམས་ཅད་པ། །ཞུ་བའི་ངོ་བོ་བདག་བྱིན་རློབ་པའི་ཚུལ། །གསང་བ་མཆོག་གི་ངོ་བོས་དབང་བསྐུར་རོ། །ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །བདག་གི་གསང་བའི་སེམས་རྒྱུན་གྱིས། །དེང་འདིར་ཁྱོད་ལ་དབང་བསྐུར་རོ། །དམ་རྫས་བཏུང་ཞིང་། ཨ་ཧོ་མ་ཧཱ་སུ་ཁ། བརྗོད། བླ་མ་ཡབ་ཡུམ་བྱང་ཆུབ་སེམས་ཀྱི་རྫས། །མྱོང་བས་ལུས་ཀུན་བདེ་ཆེན་ཁྱད་པར་སྐྱེས། །གཙོ་བོ་ལས་སྤྲོས་ལྷན་སྐྱེས་ཡབ་ཡུམ་ནི། །བཅོམ་ལྡན་སྣང་བ་མཐའ་ཡས་རྣམ་གྱུར་ནས། །མགྲིན་ཐིམ་རང་བཞིན་བརྒྱད་ཅུའི་རྟོག་པ་འགགས། །ༀ་བཛྲ་པུཥྤེ་དྷུ་པེ་ཨ་ལོ་ཀེ་གནྡྷེ་ནཻ་ཝིདྱེ་པྲ་ཏཱིཙྪ་སྭཱ་ཧཱ། མཆོད་ཅིང་། ༀ་བཛྲ་ནེ་ཏྲ་ཨ་པ་ཧཱ་ར་པ་ཊ་ལཾ་ཧྲཱིཿས་མིག་དར་བསལ། བྷ་གའི་དཀྱིལ་འཁོར་མཐོང་ཞིང་


KMC009_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

གསང་དབང་ཐོབ། །ངག་གི་དྲི་མ་དག་ནས་རྩ་དང་རླུང་། །སྒོམ་པར་དབང་ཞིང་ལོངས་སྐུ་འགྲུབ་པར་གྱུར། །ཤེས་རབ་ཡེ་ཤེས་ཀྱི་དོན་དུ། ས་གཞི་སྤོས་ཆུས་སོགས་མཎྜལ་ཕུལ་ནས། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་རྣལ་འབྱོར་གཅིག་བཞེད་པ། །མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ། །རྡོ་རྗེ་རྣལ་འབྱོར་ལས་བྱུང་བ། །ཇི་ལྟར་ཁྱོད་ཉིད་བདག་ཉིད་ཆེ། །མངའ་བདག་བདག་ལའང་དེ་ལྟར་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཞེས་གསོལ་བ་ལན་གསུམ་བཏབ། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་བཅིངས། ༀ་ཙཀྵུརྦནྡྷ ཝ་ར་མཱ་ནཱ་ཡ་ཧཱུཾ ། གཙོ་བོའི་ཡུམ་ལས་སྤྲོས་པའི་རྣལ་འབྱོར་མ། །མི་ཡི་བུ་མོ་གཟུགས་དང་ལང་ཚོ་ནི། །ཕུལ་དུ་བྱུང་བ་ཕྱག་གཡོན་གྱིས་བཟུང་ནས། །སློབ་མའི་ལག་པ་གཡས་སུ་གཏད་པར་གྱུར། །དགའ་སྟེར་གནས་སྟེར་ལྷ་མོ་ནི། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་


KMC009_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་རྟག་ཏུ་གྱིས། །སློབ་མ་ལྷན་སྐྱེས་ཡབ་ཡུམ་གསལ་བ་ཡི། །ཡབ་ཀྱི་གསང་བ་མི་དམིགས་པ་ལས་ཧཱུཾ། །དཀར་པོ་ལས་ནི་རྡོ་རྗེ་ནག་པོ་བྱ། །དམར་ལས་ནོར་བུའི་རྩེ་མོར་བྱ་སེར་པོ། །ཡུམ་གསང་མི་དམིགས་ཨ་ལས་པདྨ་དམར། །འདབ་གསུམ་བྱཱ་ལས་དཔའ་བོའི་བྱང་ཆུབ་སེམས། །མཚོན་པའི་ཟེའུ་འབྲུར་བྱཱ་མཚན་རང་གི་ལྟེར། །ༀ་བཛྲ་བཻ་རོ་ཙ་ནི་སྙིང་གར། །ༀ་སརྦ་བུདྡྷ་མགྲིན་པར་ༀ་ཤྲཱི། །དཔྲལ་བར་ༀ་ཧྲཱིཿལྷ་མོའི་ལྟེ་བར་ནི། །ༀ་ཤྲཱི་སྙིང་གར་ༀ་ཧྲཱིཿམགྲིན་པར་ༀ། །བཛྲ་དཔྲལ་བར་ༀ་སརྦ་ཞེས་པའི། །ཡི་གེ་གསལ་བར་ཡབ་ཡུམ་སྙོམས་ཞུགས་པས། །བྱང་སེམས་སྤྱི་ནས་མགྲིན་པར་དགའ་བ་དང་། །སྙིང་གའི་བར་དུ་མཆོག་དགའ་ལྟེ་བའི་བར། །ཁྱད་དགའ་ནོར་བུའི་རྩེ་མོར་སླེབས་པ་ན། །འཕོ་མེད་ལྷན་ཅིག་སྐྱེས་དགའ་མྱོང་བར་གྱུར། །ༀ་བཛྲ་པུཥྤེ་དྷུ་པེ་ཨ་ལོ་ཀེ་གནྡྷེ་ནཻ་ཝིདྱེ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད་ཅིང་།


KMC009_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་བཛྲ་ནེ་ཏྲ་ཨ་པ་ཧཱ་ར་པ་ཊ་ལཾ་ཧྲཱིཿ གདོང་གཡོག་བསལ། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་། །ཤེས་རབ་ཡེ་ཤེས་དབང་ཐོབ་ཡིད་ཀྱི་དྲི། །རྣམ་དག་རང་འོད་རིག་མ་བསྟེན་ལ་དབང་། །འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །དེ་ནས་བཞི་པའི་དོན་དུ། ས་གཞི་སྤོས་ཆུས་སོགས་མཎྜལ་ཕུལ། ཁྱོད་ཞབས་པདྨའི་བཀའ་དྲིན་གྱིས། །གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང་། །བཀའ་དྲིན་གྱིས་ནི་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ། དོན་དམ་བྱང་སེམས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར། ༀ་ཙཀྵུ རྦནྡྷ་ཝ་ར་མཱ་ནཱ་ཡ་ཧཱུཾ ། གིས་གདོང་གཡོགས་བཅིངས། གཙོ་བོ་ལས་སྤྲོས་ལྷན་སྐྱེས་ཡབ་ཡུམ་ནི། །སྨིན་མཚམས་ཐིམ་པས་བདེ་སྟོང་ཡེ་ཤེས་སྐྱེས། །ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཕ། །དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་ཀུན་ནི་སྐྱེད་


KMC009_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཕྱིར། །ཁྱོད་ནི་ཕ་དང་འདྲ་བ་ཡིན། །གསུམ་པའི་རྒྱུ་ལས་བཞི་པའང་ཡིན། །ༀ་བཛྲ་པུཥྤེ་དྷུ་པེ་ཨ་ལོ་ཀེ་གནྡྷེ་ནཻ་ཝིདྱེ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད་ཅིང་། ༀ་བཛྲ་ནེ་ཏྲ་ཨ་པ་ཧཱ་རཱ་པ་ཊ་ལཾ་ཧྲཱིཿ གདོང་གཡོགས་ཕྱེ། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་། །དབང་བཞི་ཐོབ་ཅིང་སྒོ་གསུམ་དྲི་མ་དག །ཕྱག་ཆེན་བསམ་མི་ཁྱབ་པ་སྒོམ་པར་དབང་། །ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །གཏང་རག་ཏུ། ས་གཞི་སྤོས་ཆུས་སོགས་མཎྜལ་ཕུལ། དེང་ནས་བརྩམ་ཏེ་བདག་བྲན་དུ། ཁྱེད་ལ་བདག་ནི་འབུལ་ལགས་ན། ཁྱེད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །དེ་ནས་བདེན་པའི་བྱིན་རླབས་བསྡུ་བ་ནི། སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་གྱུར་ཉིད། །འདོད་ཆགས་དམ་ཚིག་མཆོག་གྱུར་པའི། །བདེན་པ་གང་དག་ཡེ་ཤེས་མཆོག །ཤེས་རབ་ཐབས་བདག་


KMC009_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཡིན། །བདེན་པ་དེ་ཡིས་མགོན་ཁྱོད་ཀྱིས། །བདག་གི་འདོད་པ་རབ་རྫོགས་མཛོད། །ཅེས་དང་། སློབ་མ་གཞུག་པ་དང་འབྲེལ་ན། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང་། །དེ་བཞིན་ཉིད་ལས་ངེས་པ་སྐྱེས། །བདེན་པ་དེ་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་ནི། །གསལ་ཞིང་དྲི་མེད་མཐོང་བར་ཤོག །ཅེས་ལན་གསུམ་བརྗོད་ལ། སློབ་མ་གཞུགས་པ་དང་། དབང་བསྐུར་བ་རྣམས་སྔར་བཞིན་རང་དང་སློབ་མ་འདོན་པ་སྤོས་ལ་བྱའོ། །བཅུ་གཉིས་པ་བཟའ་བཏུང་བྱ་ན་ལག་མཆོད་ནི། ༀ་ཁཎྜ་རོ་ཧེས་བསངས། ༀ་སྭ་བྷཱ་ཝས་སྦྱངས། མེ་ཏོག་འགོད་ཅིང་། ལག་གཡོན་མཐིལ་དུ་པདྨ་འདབ་མ་ལྔ། །ༀ་བཾ་ཧཾ་ཡོཾ་ཧྲཱིཾ་མོཾ་ཧྲཱིཾ་ཧྲཱིཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ༀ་ཧ་ན་མ་ཧི་སྭཱ་ཧཱ་ཧུ་བཽ་ཥཊ་ཧེ་ཧཱུཾ་ཧཱུཾ་ཧོཿཕཊ་ཧཾ། དེ་ལྟར་ཡུམ་གྱི་གོ་ཆའི་ལྷ་མོ་རྣམས། །པདྨའི་ལྟེ་བར་ༀ་དང་གཞན་རྣམས་ནི། །གཡོན་སྐོར་ཚུལ་


KMC009_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡབ་ཀྱི་གོ་ཆ་རྣམས། །མཐེ་བོང་ལ་སོགས་ལྔ་དང་སེན་མོ་ལ། །དཀྱིལ་འཁོར་མེ་ལོང་གཟུགས་བརྙན་ལྟར་གསལ་ཁམས། །ལྔ་པོ་རྣམ་དག་ལྷ་མོ་ལྔ་རུ་གྱུར། །ༀ་བཾ་ཧཾ་ཡོཾ་ཧྲཱིཾ་མོཾ་ཧྲཱིཾ་ཧྲཱིཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ༀ་ཧ་ན་མ་ཧི་སྭཱ་ཧཱ་ཧུ་བཽ་ཥཊ་ཧེ་ཧཱུཾ་ཧཱུཾ་ཧོཿཕཊ་ཧཾ། པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། དྷུ་པཾ། ཨ་ལོ་ཀཾ། གནྡྷཾ། ནཻ་ཝིདྱཾ་སོགས་ཉེར་སྤྱོད་ལྔས་མཆོད། ༀ་ན་མོ་བྷ་ག་ཝ་ཏེ་བཱི་རེ་ཤཱ་ཡ་ཧུཾ་ཧཱུཾ་ཕཊ། ༀ་མ་ཧཱ་ཀལྤཱགྣི སནྣི་བྷཱ་ཡ་ཧུཾ་ཧཱུཾ་ཕཊ། ༀ་ཛ་ཊཱ་མ་ཀུ་ཊོཏྐ་ཊཱ་ཡ་ཧུཾ་ཧཱུཾ་ཕཊ། ༀ་དཾཥྚཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་ཧུཾ་ཧཱུཾ་ཕཊ། ༀ་ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ་ཧུཾ་ཧཱུཾ་ཕཊ། ༀ་པར་ཤུ་པཱ་ཤོདྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎེ་ཧུཾ་ཧཱུཾ་ཕཊ། ༀ་བྱཱ་གྷྲ་ཛི་ནམྦ་ར་དྷ་རཱ་ཡ་ཧུཾ་ཧཱུཾ་ཕཊ། ༀ་མ་ཧཱ་དྷཱུ་མྲཱནྡྷ་ཀ་ར་བ་པུཥཱ་ཡ་ཧུཾ་ཧཱུཾ་ཕཊ། ༀ་ན་མོ་བྷ་ག་ཝ་ཏཱི་བཛྲ་བཱ་རཱ་ཧི་བཾ་ཧུཾ་ཧཱུཾ་ཕཊ། ༀ་ན་མ་ཨཱཪྱཱ་པ་རཱ་ཛི་ཏེ་ཏྲཻ་ལོ་ཀྱ་མཱ་ཏེ་མ་ཧཱ་བིདྱེ་ཤྭ་རི་ཧུཾ་ཧཱུཾ་ཕཊ། ༀ་ན་མཿསརྦ་བྷཱུ་ཏ་བྷ་ཡཱ་བ་ཧེ་མ་ཧཱ་བཛྲེ་ཧུཾ་ཧཱུཾ་ཕཊ། ༀ་ན་མོ་བཛྲཱི་ས་ནེ་ཨ་ཛི་ཏེ་


KMC009_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་པ་རཱ་ཛི་ཏེ་བཤྱཾ་ཀ་རི་ནེ་ཏྲ་བྷྲཱ་མ་ཎི་ཧུཾ་ཧཱུཾ་ཕཊ། ༀ་ན་མཿཤོ་ཥ་ཎི་རོ་ཥ་ཎི་ཀྲོ་དྷེ་ཀ་རཱ་ལི་ནི་ཧུཾ་ཧཱུཾ་ཕཊ། ༀ་ན་མསྟྲཱ་ས་ནི་མཱ་ར་ཎི་པྲ་བྷེ་ད་ནི་ཨ་པ་རཱ་ཛ་ཡེ་ཧུཾ་ཧཱུཾ་ཕཊ། ༀ་ན་མོ་བི་ཛ་ཡེ་ཛམྦྷ་ནི། སྟམྦྷ་ནི་མོ་ཧ་ནི་ཧུཾ་ཧཱུཾ་ཕཊ། ༀ་ན་མོ་བཛྲ་བཱ་རཱ་ཧི་མ་ཧཱ་ཡོ་གི་ནི་ཀཱ་མེ་ཤྭ་རི་ཁ་གེ་ཧུཾ་ཧཱུཾ་ཕཊ། ཞེས་བསྟོད། ༀ་ཨཱཿཧཱུཾ། བརྗོད། བཟའ་བཏུང་གིས་ཀྱང་མཆོད། བདུད་རྩི་གཏོར་ཞིང་། ཧཱུཾ་ཨཱཿༀ། ཞེས་དང་། ལག་པའི་ལྷ་རྣམས་བདག་ཉིད་ལ་ཐིམ་གྱུར། །ཅེས་བརྗོད། བཅུ་གསུམ་པ་ཚོགས་ཀྱི་འཁོར་ལོ་ནི། ཐབས་ཤེས་ཀྱི་རྫས་ཚོགས་པ་སྟག་ལྤགས་ཀྱི་སྟེང་དུ་བཀོད། བདུད་རྩི་བྲན་ལ། ༀ་ཁཎྜ་རོ་ཧེས་བསངས། ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་། །རཾ་ལས་མེ་ཡི་དཀྱིལ་འཁོར་སྟེང་། །ༀ་ཨཱཿཧཱུཾ་ལས་ཐོད་སྒྱེད་གསུམ། །དེར་གནས་ཨ་ལས་ཐོད་པ་ནི། །ཡངས་ཤིང་རྒྱ་ཆེའི་དབུས་ཕྱོགས་བཞིར། །ཧཱུྃ་ༀ་ཁྃ་ཨྃ་ཏྲཱྃ་དང་ནི། །བཱྃ་ལཱྃ་མཱྃ་པཱྃ་ཏཱྃ་ཡིག་ལས། །ལྕགས་ཀྱུ་ལྔ་དང་སྒྲོན་མ་ལྔར། །གྱུར་པ་རང་རང་ས་བོན་


KMC009_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

མཚན། །རླུང་བསྐྱོད་མེ་སྦར་བསྐོལ་བ་ལས། །ས་བོན་དང་བཅས་རྫས་རྣམས་ཞུ། །འཆར་ཁའི་ཁ་དོག་ལྟ་བུར་འབར། །དེ་ཡི་རླངས་པ་ལས་གྲུབ་པའི། །དངུལ་ཆུའི་མདོག་མཚུངས་ཁ་ཊྭཱཾ་ག །འོག་ཏུ་ཁ་ལྟ་དེ་ཡང་ཞུ། །བཅུད་དང་དབྱེར་མེད་འདྲེས་པའི་སྟེང་། །ཨཱ་ལི་ཀཱ་ལི་ཡོངས་གྱུར་ལས། །བརྩེགས་པའི་ༀ་དང་ཨཱཿཧཱུཾ་ལས། །དཀྱིལ་འཁོར་པ་སྤྲོས་སེམས་ཅན་གྱི། །དོན་བྱས་སྙོམས་པར་ཞུགས་པ་ནས། །ཡིག་གསུམ་ལ་ཐིམ་ཡིག་གསུམ་ཡང་། །དམ་ཚིག་བདུད་རྩིར་གཅིག་ཏུ་གྱུར། །ཞེས་པས་བྱིན་གྱིས་བརླབས། ཚོགས་མགྲོན་སྤྱན་འདྲེན་ཞིང་བྱིན་རླབས་འབེབས་པ་ནི། གནས་རྡོ་རྗེ་བཙུན་མོའི་གསང་བ་ནས། །དཔལ་འཁོར་ལོ་སྡོམ་པ་གནས་འདིར་བྱོན། །གནས་འཁོར་ལོ་གསུམ་གྱི་དཀྱིལ་འཁོར་ནས། །རྣལ་འབྱོར་དབང་ཕྱུག་ཏཻ་ལོ་གནས་འདིར་བྱོན། །ཡུལ་དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔའ་བོ་ཆེན་པོ་ནཱ་རོ་གནས་འདིར་བྱོན། །ཡུལ་ཉི་ཤུ་རྩ་བཞིའི་


KMC009_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མཆོག་ནས། །རྗེ་ལྷོ་བྲག་ཆེན་པོ་གནས་འདིར་བྱོན། །ཐང་སྟོང་རི་ཡི་རྩེ་མོ་ནས། །རྗེ་རས་པ་ཆེན་པོ་གནས་འདིར་བྱོན། །ཤར་དྭགས་ལྷ་དཔལ་གྱི་སྒམ་པོ་ནས། །རྗེ་ལྷ་རྗེ་ཁུ་དབོན་གནས་འདིར་བྱོན། །མཚུར་མདོ་བོ་ལུང་གི་དབེན་པ་ནས། །གྲུབ་ཐོབ་ཁམས་པ་དབུ་སེ་གནས་འདིར་བྱོན། །འོག་མིན་ཀརྨའི་གནས་མཆོག་ནས། །རྗེ་འགྲོ་མགོན་ཡབ་སྲས་གནས་འདིར་བྱོན། །ཤར་ཕྱོགས་སྤུངས་རིའི་གནས་མཆོག་ནས། །གྲུབ་ཐོབ་ཀརྨ་པཀྴི་གནས་འདིར་བྱོན། །གདུང་ཤུགས་དྲག་པོའི་དབེན་པ་ནས། །རྗེ་སངས་རྒྱས་མཉན་པ་གནས་འདིར་བྱོན། །བྱིན་རླབས་འགྱུར་བ་མེད་པ་ནས། །རྗེ་མི་བསྐྱོད་རྡོ་རྗེ་གནས་འདིར་བྱོན། །ཐུགས་རྗེ་འགག་པ་མ་མཆིས་པའི། །དྲིན་ཆེན་དཀོན་མཆོག་ཡན་ལག་གནས་འདིར་བྱོན། །དངོས་གྲུབ་ཆར་ལྟར་འབེབས་མཛད་པའི། །རྗེ་བཙུན་དབང་ཕྱུག་རྡོ་རྗེ་གནས་འདིར་བྱོན། །བདེ་སྟོང་གི་


KMC009_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ལ་རོལ་པ་ཡི། །རྗེ་ཆོས་ཀྱི་དབང་ཕྱུག་གནས་འདིར་བྱོན། །ཆོས་ཀྱི་དབྱིངས་ལས་སྤྲུལ་པའི་སྐུ། །རྗེ་ཆོས་དབྱིངས་རྡོ་རྗེ་གནས་འདིར་བྱོན། །ཆོས་དབྱིངས་གཉུག་མའི་གཞལ་ཡས་ནས། །དཔལ་ལྡན་ཡེ་ཤེས་སྙིང་པོ་གནས་འདིར་བྱོན། །ཐུགས་རྗེ་འགག་མེད་གཞལ་ཡས་ནས། །རྗེ་ཡེ་ཤེས་རྡོ་རྗེ་གནས་འདིར་བྱོན། །ཚད་མེད་བཞི་ཡི་ཐུགས་རྗེ་ཅན། །རྗེ་ཆོས་ཀྱི་དོན་གྲུབ་གནས་འདིར་བྱོན། །གནས་ཀུན་མཁྱེན་དྲ་བ་སྡོམ་པ་ནས། །རྒྱལ་དབང་བྱང་ཆུབ་རྡོ་རྗེ་གནས་འདིར་བྱོན། །གཤིས་ཀུན་ཁྱབ་འགྱུར་བ་མེད་པ་ནས། །རྗེ་ཆོས་ཀྱི་འབྱུང་གནས་གནས་འདིར་བྱོན། །བདེ་ཆེན་གྱི་འཁོར་ལོར་རྟག་རོལ་བ། །རྗེ་བདུད་འདུལ་རྡོ་རྗེ་གནས་འདིར་བྱོན། །དངོས་སྣང་སྲིད་སྒྱུ་མའི་རོལ་པ་ཅན། །རྗེ་ཆོས་གྲུབ་རྒྱ་མཚོ༴ དོན་འགྱུར་མེད་ཆོས་སྐུའི་ཕོ་བྲང་ནས། །རྗེ་པདྨ་ཉིན་བྱེད་གནས་འདིར་བྱོན། །མཆོག་རྡོ་རྗེ་གསུམ་འདུས་ཡེ་ཤེས་སྐུ། །རྒྱལ་དབང་


KMC009_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་མཆོག་རྡོ་རྗེ་གནས་འདིར་བྱོན། །དཔལ་ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་ཅན། །རྗེ་བློ་གྲོས་མཐའ་ཡས་གནས་འདིར་བྱོན། །མཆོག་བདེ་ཆེན་ཡེ་ཤེས་མངོན་གྱུར་པས། །རྒྱལ་དབང་མཁའ་ཁྱབ་རྡོ་རྗེ་གནས་འདིར་བྱོན། །དོན་འཁོར་འདས་ཡོངས་གྲོལ་ཕོ་བྲང་ནས། །རྗེ་པདྨ་དབང་མཆོག་གནས་འདིར་བྱོན། །གཞི་སྣང་རིག་འདུས་མ་བྱས་པ་ནས། །རྗེ་མཁྱེན་བརྩེའི་འོད་ཟེར་གནས་འདིར་བྱོན། །གནས་འགགས་མེད་རྒྱལ་བའི་དཀྱིལ་འཁོར་ནས། །རང་བྱུང་རིག་པའི་རྡོ་རྗེ་གནས་འདིར་བྱོན། །ཁྱེད་བཀའ་བརྒྱུད་རྣམས་སྐུ་ལ་གཟི་བརྗིད་འབར། །སྐུ་མི་བཟོད་ཆགས་པའི་ཉམས་དང་ལྡན། །ཁྱེད་གྲུབ་ཐོབ་རྣམས་གསུང་ལ་རྡོ་རྗེའི་གླུ། །བརྗོད་མེད་ནཱ་དའི་སྒྲ་རུ་འབར། །ཁྱེད་བླ་མ་རྣམས་ཐུགས་བདེ་ཆེན་གྱིས་མྱོས། །དེ་མྱོས་པས་བདུད་རྩི་ཆར་དུ་བབ། །དེ་བབས་པས་སྣོད་བཅུད་ཚོགས་སུ་གྱུར། །ཚོགས་དེ་ལ་ཡེ་ཤེས་ཀྱི་མཆོད་


KMC009_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་གྱུར། །དེ་མྱོང་ཙམ་ཕྱག་ཆེན་གྱི་དངོས་གྲུབ་ཐོབ། །བཟའ་བཏུང་ལ་བཅུད་ཅིག་དེ་ན་གདའ། །ཕ་བཀའ་བརྒྱུད་ལ་མཆོད་པ་འབུལ་སྙིང་འདོད། །དུས་དེ་ཙ་ན་གདུང་ཤུགས་མེ་ལྟར་འབར། །ཚོགས་ཕུད་གཏོར་མ་ཕུལ་ཏེ་བདུད་རྩིའི་བྲན་ལ། ༀ་ཁཎྜ་རོ་ཧེས་བསངས། ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་། །རཾ་ལས་མེ་ཡི་དཀྱིལ་འཁོར་སྟེང་། །ༀ་ཨཱཿཧཱུཾ་ལས་ཐོད་སྒྱེད་གསུམ། །དེར་གནས་ཨ་ལས་ཐོད་པ་ནི། །ཡངས་ཤིང་རྒྱ་ཆེའི་དབུས་ཕྱོགས་བཞིར། །ཧཱུྃ་ༀ་ཁྃ་ཨྃ་ཏྲཱྃ་དང་ནི། །བཱྃ་ལཱྃ་མཱྃ་པཱྃ་ཏཱྃ་ཡིག་ལས། །ལྕགས་ཀྱུ་ལྔ་དང་སྒྲོན་མ་ལྔར། །གྱུར་པ་རང་རང་ས་བོན་མཚན། །རླུང་བསྐྱོད་མེ་སྦར་བསྐོལ་བ་ལས། །ས་བོན་དང་བཅས་རྫས་རྣམས་ཞུ། །འཆར་ཁའི་ཁ་དོག་ལྟ་བུར་འབར། །དེ་ཡི་རླངས་པ་ལས་གྲུབ་པའི། །དངུལ་ཆུའི་མདོག་མཚུངས་ཁ་ཊྭཱཾ་ག །འོག་ཏུ་ཁ་ལྟ་དེ་ཡང་ཞུ། །བཅུད་དང་དབྱེར་མེད་འདྲེས་པའི་སྟེང་། །ཨཱ་ལི་ཀཱ་ལི་ཡོངས་གྱུར་ལས། །


KMC009_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་པའི་ༀ་དང་ཨཱཿཧཱུཾ་ལས། །དཀྱིལ་འཁོར་པ་སྤྲོས་སེམས་ཅན་གྱི། །དོན་བྱས་སྙོམས་པར་ཞུགས་པ་ནས། །ཡིག་གསུམ་ལ་ཐིམ་ཡིག་གསུམ་ཡང་། །དམ་ཚིག་བདུད་རྩིར་གཅིག་ཏུ་གྱུར། །ཅེས་བྱིན་གྱིས་བརླབས་ཏེ་འབར་བའི་ཕྱག་རྒྱས། ཕེཾ། གཏོར་མགྲོན་ཕྱོགས་བཅུའི་དཔའ་བོ་རྣལ་འབྱོར་མ། །དེ་དང་ལྷན་ཅིག་དབང་པོ་ལ་སོགས་སྤྱོན། །ཨིནྡྲ་ས་པ་རི་ཝཱ་རཱ་ན་ཨ་ཀཪྵ་ཡ་ཛཿ དེ་བཞིན་དུ། ཡ་མ་ས་པ་རི། བ་རུ་ཎ། ཀུ་བེ་ར། མ་ཧཱ་བྷཱུ་ཏ། ཨཱགྣི། རཱཀྵ་ས། བཱ་ཡུ་དེ་བ་ཏཱ། ཙནྡྲ། སཱུརྱ། བྲཧྨ། ཨ་དེ་བ། བེ་མ་ཙི་ཏྲི། པྲྀ་ཐི་ཝཱི་དེ་བ་ཏཱ། རྣམས་ཀྱི་རྗེས་སུ། ས་པ་རི་ཝཱ་རཱ་ན་ཨཱ་ཀཪྵ་ཡ་ཛཿ ཞེས་བཏག་པ་དང་། ཛཿཧཱུཾ་བཾ་ཧོཿ སྃ་ཏྲྀཔྟཱཿསརྦ་དེ་ཝ་ཏཱ། སཱ་དྷ་ཀ་སྱ་ཤཱནྟིཾ་ཀུ་རུ་པུཥྚིཾ་ཀུ་རུ་སརྦ་ཀཱཪྻནྟུ་སིདྡྷིརྦྷ་བ་ཏུ་ཡ་ཐཱ་སུ་ཁཾ་སུ་ཁེཿ ཞེས་སྤྱན་དྲངས་ལ། ༀ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱདྱཾ། པུཥྤཾ། དྷུ་པཾ། ཨ་ལོ་ཀཾ གནྡྷཾ། ནཻ་ཝིདྱཾ། ཤབྡཾ་ཞེས་པའི་བར་མཆོད་ནས་པད་


KMC009_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཀོར་བྱ་ཞིང་། མཁའ་འགྲོ་དྲ་བ་དམ་པའི་བདེ་བ་མཆོག །ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཞེས་ལན་གསུམ་བརྗོད། ལག་གཡོན་མཐིལ་དུ་ཨཱ་ལི་ཟླ་བ་དང་། །གཡས་པར་ཀཱ་ལི་ཉི་གྱུར་ཧཱུཾ་གིས་མཚན། །ༀ་ཨཱ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱཿཔ་ར་སྤ་ར་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱཿཨཱ་དྱནྟ། ཨ་ནུ་པྲ་བིཥྚ་སརྦ་དྷརྨཱཿ ༀ་ཨཱཿཧཱུཾ། ཉི་ཟླ་ས་བོན་ཡོངས་སུ་གྱུར་པས་རྡོ་རྗེ་ཐལ་མོས་གཏོར་མ་བཏེགས་པར་མོས་ནས། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་གསུངས་ཚིག་ཀྱང་མཆོག་ཏུ་ཚད་མ་སྟེ། །བདེན་པ་དེ་ཡིས་ལྷ་མོ་མཆོག་གིས་ནི། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །གཏོར་མགྲོན་ལྗགས་ཧཱུྃ་དཀར་པོ་ལས་བྱུང་བའི། །རྡོ་རྗེ་རྩེ་གཅིག་སྦུབས་དྲངས་གསོལ་བར་གྱུར། །ༀ་ཨཱ་རལླི་ཧོཿཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ ཞེས་ལན་གསུམ་གྱིས་གཙོ་འཁོར་རྣམས་ལ་ཕུལ་ནས། ༀ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ། པུཥྤཾ། དྷུ་པཾ། ཨ་ལོ་ཀཾ །གནྡྷཾ། ནཻ་ཝིདྱཾ། ཤབྡཾ་བར་གྱིས་མཆོད། ཧེ་རུ་ཀ་


KMC009_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་རྗེ་དབང་ཕྱུག་དང་། །རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་ཕག་མོ་དེ་ལ་འདུད། །སྲིད་དང་ཞི་བ་མཉམ་པར་ཆགས་པ་བཅོམ་ཞིང་ཀུན་ཏུ་རྟོགས་པ་འཇོམས། །ཁྱོད་ཀྱིས་དངོས་པོ་ཐམས་ཅད་མཁའ་དང་མཉམ་པའི་བདག་ཉིད་གཟིགས་པར་ལྡན། །མགོན་པོ་ཐུགས་རྗེས་ཆུ་ཡིས་ལྕིད་ཀྱིས་བརླན་པར་གྱུར་པའི་ཐུགས་ཀྱིས་ཆུས། །བདག་ལ་མཛོད་ཅིག་ལྷ་མོ་རྣམས་ཀྱིས་ཤིན་ཏུ་རྗེས་བརྩེར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་ནས། དུར་ཁྲོད་བརྒྱད་ཀྱི་ཕྱོགས་སྐྱོང་ལ་སོགས་པ་རྣམས་ལ་སྔར་ལྟར་ཕྱོགས་མཚམས་ཀྱི་རིམ་པས། ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙོནྨཱ་དཱ་པ་སྨཱ་ར་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡཿ ཨི་མཾ་བ་ལིཾ་གྲྀཧྞནྟུ། ས་མ་ཡ་རཀྵནྟུ།སརྦ་སིདྡྷིམྨེ་པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐཻཥྚཾ། བྷུཉྫ་ཐ། པི་བ་ཐ། ཛི་གྷྲ་ཐ། མཱ་ཏི་ཀྲ་མ་ཐ། སརྦཱ་ཀཱ་ར་ཏ་ཡཱ་སཏྶུ་ཁཾ་བི་ཤུདྡྷ་ཡེ་ས་ཧཱ་ཡི་ཀཱཾ་བྷ་ཝནྟུ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་སྔགས་ལན་གཉིས་


KMC009_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པས་གཏོར་མ་དབུལ། ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང་། །འབྱུང་པོ་ཡི་དྭགས་ཤ་ཟའི་ཚོགས། །སྨྱོ་བྱེད་བརྗེད་བྱེད་མཁའ་འགྲོ་མ། །མ་མོའི་ཚོགས་རྣམས་མ་ལུས་པ། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱིས་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་


KMC009_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀུན་འགྲུབ་མཛོད། །ཅེས་ཕྲིན་ལས་བཅོལ། ཆོས་སྐྱོང་ཕྱག་བཞི་པའི་གཏོར་ཆོག་ཚིགས་བཅད་གཞུང་ལྟར་བཏང་། ལས་ཀྱི་རྡོ་རྗེས་མ་ད་ན་གཡས་སུ་བཟུང་། གཡོན་པས་བ་དན་གསུམ་པའི་ཕྱག་རྒྱ་བསྟན་ལ། མཐོང་བའི་ཆོས་ནི་དག་པ་ལ། །མེད་དོ་སྙམ་པའི་རྟོག་པ་ཐོང་། །བྲམ་ཟེ་ཁྱི་དང་གདོལ་པ་རྣམས། །ལྷན་ཅིག་སྐྱེས་པ་ཉིད་དུ་གསོལ། །ལེན་པ་པོས་གཡོན་པས་ཕྱག་རྒྱ་དེ་ཉིད་དང་གཡས་པས་བླངས་ལ། བདེ་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་དྲི་མ་དང་བྲལ་ཞིང་། །གཟུང་དང་འཛིན་པ་དང་བྲལ་བ། །དེ་ཉིད་ལ་ནི་གུས་པས་འདུད། །ཅེས་བརྗོད། བདེ་སྟོང་གི་རྟོགས་པ་དང་ལྡན་བཞིན་པས། དབྱིངས་ཀྱི་རྒྱལ་མོའི་གླུ་མངོན་བརྗོད་ནས་གསུངས་པ་ནི། བདེ་ཆེན་བདེ་བའི་གར་གྱིས་རོལ། །རྣལ་འབྱོར་མ་མཆོག་པདྨའི་བདེ། །ཨ་ལ་ལ་ལ་ལ་ལ་ཧོཿ །དགྱེས་པ་རྣམས་ཀྱི་བདེ་བའི་མཆོག །རྣལ་འབྱོར་མ་ཚོགས་མཆོད་པར་བརྗོད། །ཨ་ཨི་ཨཱ་ཨཱ་རལླི་ཧོཿ རབ་དགྱེས་མགོན་པོ་དགྱེས་བཞུགས་མཛོད། །མཁའ་འགྲོ་དྲ་བའི་བདེ་བ་


KMC009_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །དགྱེས་པའི་བདེ་བ་གསོལ་བར་མཛོད། །ཞི་བའི་གར་གྱིས་གར་མཛད་པ། །བདག་ལ་བདེ་ཆེན་བདེ་བ་སྩོལ། །ཐར་པའི་མཚན་ཉིད་ལྡན་པ་ཁྱོད། །ཨ་ལ་ལ་ལ་ལ་ལ་ཧོ། །བདེ་བ་སྤངས་པས་གྲོལ་མི་འགྱུར། །བདེ་མེད་སྡུག་བསྔལ་གྱིས་མི་གྲོལ། །བདེ་དེ་ཆུ་སྐྱེས་དབུས་ན་གནས། །ཆགས་པའི་དངོས་པོ་ཁྱོད་མ་བསྒྱུར། །བདེ་བ་ཆེ་ཡིས་གྲོལ་བར་མཛོད། །པདྨ་རྒྱས་པའི་རོ་ཉིད་ཀྱིས། །བུང་བ་ལྟ་བུར་ཚིམ་པར་མཛོད། །ཅེས་བརྗོད་ཅིང་། བདེ་བ་ཕུན་ཚོགས་ཡང་དག་ལྡན། །ནད་མེད་དགེ་བའི་སེམས་དང་ནི། །འདོད་དང་ཐར་སོགས་ཡང་དག་ཐོབ། །ཕུན་སུམ་ཚོགས་པ་འགྲུབ་གྱུར་ཅིག །ཅེས་སྨོན་ལམ་བཏབ། སློབ་དཔོན་གྱི་ལག་པ་གཉིས་མཐེ་བོང་དང་མཛུབ་མོ་རྩེ་སྤྲད། ལྷག་མ་བརྐྱང་བ་ཁའི་ཐད་དུ་བཞག་ལ། ཆང་གི་ཁ་ཕྲུ་དེའི་དབུས་ནས་ལྷག་མའི་སྟེང་དུ་བཏབ། རོལ་མོ་དང་བཅས་པས། ༀ་སརྦ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུཙྪིཥྚ་བ་ལིཾ་ཨུཙྪིཥྚ་བྷཀྵེ་བྷྱཿསྭཱ་ཧཱ། ཞེས་བརྗོད་ནས་འབྱུང་པོ་ལ་ལྷག་མ་འདོར་རོ། །བཅུ་བཞི་པ་རྗེས་ཀྱི་ཆོ་ག་ནི།


KMC009_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་རྣམས། ༀ་ཁཎྜ་རོ་ཧེས་བསངས། ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཐོད། །ནང་དུ་ཧཱུྃ་ལས་མཆོད་ཡོན་དང་། །ཞལ་བསིལ་བསང་གཏོར་ཞབས་བསིལ་བ། །མེ་ཏོག་བདུག་སྤོས་སྣང་གསལ་དང་། །དྲི་ཆབ་ཞལ་ཟས་རོལ་མོ་རྣམས། །དྭངས་ཤིང་ཐོག་མེད་ཀུན་ཏུ་བཟང་། །རྣམ་ཐར་ཇི་བཞིན་མཆོད་པའི་སྤྲིན། །དཔའ་བོ་རྣལ་འབྱོར་དགྱེས་བསྐྱེད་གྱུར། །ༀ་བཛྲ་ཨརྒྷཾ་ཨཱཿཧཱུཾ། དེ་བཞིན་དུ། ཨ་ཙ་མཱ་ནཾ། པྲོཀྵ་ནཾ། པཱདྱཾ། པུཥྤཾ། དྷུ་པཾ། ཨ་ལོ་ཀཾ གནྡྷཾ། ནཻ་ཝིདྱཾ། ཤབྡཾ་སོགས་ཀྱིས་བྱིན་རློབས། བསྡུས་པ་སྔགས་མཆོད་ནི། ༀ་ཤྲི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གི་ནི་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་ཡེ་ཧཱུཾ་སྭཱ་ཧཱ། དེ་བཞིན་དུ་སྔགས་ཐོག་མཐའ་ཤཔྡའི་བར་ཀུན་ལ་སྦྱར། ཨ་ཙ་མཱ་ནཾ། པྲོཀྵ་ནཾ། པཱ་དྱཾ། པུཥྤཾ། དྷུ་པཾ། ཨ་ལོ་ཀཾ གནྡྷཾ། ནཻ་ཝི དྱཾ། ཤབྡཾ། ཞེས་དང་། ༀ་བཛྲ་བཱི་ནེ་ཧུཾ་ཧཱུཾ་ཕཊ། དེ་བཞིན་དུ་ཐོག་མཐའ་འགྲེའོ། །བཾ་ཤེ། མྲྀ་དཾ་གེ །མུ་ར་ཛེ། ཧཱ་སྱེ། ལཱ་སྱེ། གཱི་ཏི། ནྲི་ཏྱེ། པུཥྤེ།


KMC009_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

དྷུ་པེ། དཱི་པེ། གནྡྷེ། ༀ་རཱུ་པ་བཛྲི་ཧུཾ་ཧཱུཾ་ཕཊ། ར་ས། སྤཪྴེ། དྷརྨ་དྷ་ཏུ་སོགས་ལྷ་མོ་བཅུ་དྲུག་གིས་མཆོད། དེ་ནས། ༀ། བཅོམ་ལྡན་དཔའ་བོའི་དབང་པོ་ལ་ཕྱག་འཚལ། །བསྐལ་པ་ཆེན་པོའི་མཐའ་ཡི་མེ་ལྟ་བུ། །རལ་བའི་ཚོགས་ཀྱི་ཅོད་པན་བཅིངས་པ་སྟེ། །མཆེ་གཙིག་དྲག་ཅིང་འཇིགས་སུ་རུང་བའི་ཞལ། །ཕྱག་ནི་འོད་ཟེར་སྟོང་ཕྲག་འབར་བ་པོ། །དགྲ་སྟ་ཞགས་འཕྱར་མདུང་དང་ཁ་ཊྭཱཾ་འཛིན། །སྟག་གི་ལྤགས་པའི་ན་བཟའ་འཆང་བར་མཛད། །དུ་བ་མུན་ཆེན་མདོག་མཚུངས་སྐུ་ལ་འདུད། །ༀ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལ་ནི་ཕྱག་འཚལ་ལོ། །འཕགས་མ་འཇིག་རྟེན་གསུམ་ཡུམ་གཞན་གྱིས་མི་ཐུབ་རིག་པའི་དབང་ཕྱུག་ཆེ། །འབྱུང་པོ་ཐམས་ཅད་འཇིགས་མཛད་ཀུན་ཏུ་འབེབས་མ་རྡོ་རྗེ་ཆེན་མོ་ཉིད། །རྡོ་རྗེ་གདན་མ་མི་ཕམ་གཞན་གྱིས་མི་ཐུབ་དབང་མཛད་གཡོ་བའི་སྤྱན། །དུག་ཀྱང་སྐེམ་པར་མཛད་མ་འཇིགས་སུ་རུང་བའི་ཁྲོ་མོ་གཙིགས་བྱེད་མ། །སྐྲག་


KMC009_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་གསོད་བྱེད་རབ་ཏུ་འབྱེད་པར་བྱེད་ཅིང་ཕ་རོལ་ལས་རྒྱལ་མ། །རྣམ་པར་རྒྱལ་མ་རྨུགས་པར་བྱེད་ཅིང་རེངས་དང་རྨོངས་པར་མཛད་པ་མོ། །རྡོ་རྗེ་ཕག་མོ་རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་མ་ལ་འདུད། །ཅེས་པས་བསྟོད། ལྷག་ཆད་ཁ་བསྐང་ཞིང་གཤེགས་སུ་གསོལ་བ་ནི། རྡོ་རྗེ་བཟུང་དྲིལ་བུ་གནས་བརྒྱད་དུ་བསྐྱོད་ཅིང་། ༀ་བཛྲ་ཧེ་རུ་ཀ་ས་ཏྭ་ས་མ་ཡ་སོགས་ནས། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཧཱུཾ་ཕཊ། ཅེས་ལྷག་ཆད་ཁ་བསྐང་། དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ནས་ཤར་སྒོའི་ཐད་དུ་འགྲེང་སྟེ། གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་གྱུར་གང་། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པའི། །མགོན་པོས་དེ་ཀུན་བཟོད་པར་མཛོད། །སོ་སོ་སྐྱེ་བོར་གྱུར་གང་དང་། །རྣལ་འབྱོར་མ་ཐོབ་དབང་གིས་དང་། །ཉེ་བར་མཁོ་བ་མ་ཚང་ཞིང་། །བརྗེད་དང་ཤེས་བཞིན་མ་ཡིན་པས། །ཅུང་ཞིག་ཆོ་ག་མ་ཚང་བ། །དེ་དག་ཀུན་ནས་བཟོད་པར་འོས། །ཞེས་ནོངས་པ་བཤགས། ༀ་ཁྱེད་ཀྱིས་སེམས་


KMC009_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དོན་ཀུན་མཛད། །ཅེས་སོགས་དང་། ༀ་ཨཱཿཧཱུཾ་བཛྲ་མུཿ རྡུལ་ཚོན་དང་ནི་བུམ་པའི་ཡེ་ཤེས་པ། །རང་བཞིན་གནས་གཤེགས་དམ་ཚིག་སྙིང་གར་ཐིམ། །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་གསུངས་ཚིགས་ཀྱང་མཆོག་ཏུ་ཚད་མ་སྟེ། །བདེན་པ་དེ་ཡིས་ལྷ་མོ་མཆོག་གིས་ནི། །བདག་ལ་རྗེས་སུ་འཛིན་པའི་རྒྱུ་གྱུར་ཅིག །རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྨྱོ་མེད་འཁོར་ལོ་སྡོམ་པ་སྟོན། །བླ་མ་ལ་གུས་སྙིང་རྗེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང་། །བཙུན་མོའི་ཤུ་ཀྲ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །སེམས་ཅན་ཐམས་ཅད་སྡིག་མེད་ཅིང་། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །གང་གི་ལམ་ནས་འགྲོ་བ་ཡི། །སངས་རྒྱས་ཉིད་དང་ཕྲད་པར་ཤོག །མ་རྒལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །ད་ལྟ་ཉིད་དུ་རྗེས་བརྩེ་བས། །


KMC009_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་བསྟན་བཅོས་གནས་ལ་འགོད། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་པ། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །རང་གི་སྙིང་གར་ༀ་ཧ་དཀར་མགོ་བོར། །ན་མ་ཧི་སེར་གཙུག་ཏུ་སྭཱ་ཧཱ་ཧུ། །དམར་ཕྲག་གཉིས་སུ་བཽ་ཥཊ་ཧེ་ནག་མིག །གཉིས་སུ་ཧཱུཾ་ཧཱུཾ་ཧོ་དམར་སེར་ཡན་ལག །ཐམས་ཅད་ཕཊ་ཧཾ་ལྗང་གུས་ཁྱབ་པར་གྱུར། །ༀ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུཾ་ཕཊ། ༀ་གྲྀཧྞ་གྲྀཧྞ་ཧུཾ་ཧཱུཾ་ཕཊ། ༀ་གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧུཾ་ཧཱུཾ་ཕཊ། ༀ་ཨ་ན་ཡ་ཧོཿབྷ་ག་བན་བཛྲ་ཧུཾ་ཧཱུཾ་ཕཊ། ཞེས་པས་སྲུང་ཞིང་། ཨ་ཀཱ་རོ་འདོན་བཞིན་པས་དྲིལ་བུ་འཁྲོལ་ཞིང་གཡས་རྡོ་རྗེས་མེ་རི་ནས་ཤར་སྒོ་དང་། གཙོ་བོའི་གནས་ཀྱི་བར་དབྱིས་ལ། ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པའི་དོན་དྲན་པས་རྡུལ་ཚོན་མཐའ་ནས་བསྡུས་ཏེ་བུམ་པར་བླུགས་ལ། ཀླུ་རྣམས་ཀྱིས་མཆོད་པར་བལྟས་ཏེ་བཀུར་སྟི་དང་བཅས་པས། ཆུ་ཀླུང་དུ་སྤྱན་དྲངས། ཆུ་གཙང་མས་བུམ་པ་བཀང་བ་ཁྱེར་ལ་བསང་གཏོར་བྱ། ༀ་བཛྲ་ཀཱི་ལ་ཨུཏྐཱི་ལ་ཡ་སརྦ་


KMC009_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱི་ལ་བཛྲ་དྷཱ་ར་ཨ་ཛྙཱ་པ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཧོཿ བརྗོད་ཅིང་། སྐམ་པའི་ཕྱག་རྒྱས་ཕུར་བུ་རྣམས་གདབ་རིམ་ལྟར་བཏོན་ནས། ༀ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨཱརྠཱ་སཱ་དྷ་ནི་སྭཱ་ཧཱ། བརྒྱ་རྩ་བརྒྱད་བཟླས་པའི་འོ་མས་ཕུར་བུའི་དབལ་བཀྲུ་ཞིང་ཕུར་ཁུང་དུ་གཏོར་ལ། བགེགས་ཀྱི་རྨས་པ་སོས་ཏེ་རང་གནས་དང་། །ཕུར་བུའི་ཡེ་ཤེས་རང་ལག་རྡོ་རྗེར་ཐིམ། །དེ་ནས་ཤིས་པ་བརྗོད་དེ། རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང་། །མར་པ་མི་ལ་རྗེ་བཙུན་སྒམ་པོ་པ། །དུས་གསུམ་མཁྱེན་པ་འགྲོ་མགོན་ཡབ་སྲས་སོགས། །བཀའ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཧེ་རུ་ཀ་དཔལ་བཅོམ་ལྡན་རྣལ་འབྱོར་མ། །མཁའ་འགྲོ་མ་བཞི་མཚམས་ཀྱི་བུམ་པ་བཞི། །ཐོད་པ་དང་བཅས་དཀྱིལ་འཁོར་འཁོར་ལོར་བཅས། །དཔལ་ལྡན་བདེ་བ་མཆོག་གི་བཀྲ་ཤིས་ཤོག །རྡོ་རྗེ་བེར་ཅན་ལྷ་མོ་རང་བྱུང་མ། །སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པ་དང་། །ཀླུ་བདུད་ཆེན་པོ་རྡོ་རྗེ་རྒྱལ་པོ་སོགས། །ཆོས་སྐྱོང་སྲུང་མ་རྣམས་ཀྱིས་བཀྲ་ཤིས་


KMC009_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །བཀྲ་ཤིས་གཞན་སྐབས་དང་བསྟུན། ཞེས་དཀྱིལ་འཁོར་དུ་འཇུག་པར་གསལ་བར་བྱེད་པའི་རིམ་པ་འདི་ནི། གཉན་ཆེན་པོ་རྒྱ་ལྷ་གངས་བཟང་གི་མགུལ། བསྐུངས་ཀྱི་རི་སུལ་དུ་ཀརྨ་པ་མི་བསྐྱོད་རྡོ་རྗེས་སྦྱར་བའི་དགེ་བས་སེམས་ཅན་ཐམས་ཅད་དཔལ་འཁོར་ལོ་སྡོམ་པའི་གོ་འཕང་ཐོབ་པར་གྱུར་ཅིག ༈ །དཔལ་སྤུངས་ཡངས་དབེན་བསམ་གཏན་ཆོས་གླིང་དུ། །སྒྲུབ་སློབ་བླ་མིང་ཀརྨ་དོན་གྲུབ་ནས། །གཞན་ཕན་ལྷག་བསམ་བཟང་པོའི་མཐུས་བསྐྱེད་ཀྱིས། །སྤར་དུ་བསྒྲུབས་དགེས་འགྲོ་ཀུན་འཚང་རྒྱ་ཤོག །སརྦ་མངྒ་ལཾ། དགེའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousརྗེ་དུས་གསུམ་མཁྱེན་པའི་ཐུགས་དམ་ལྔ་ཚན་ལྔ་ལས་བདེ་མཆོག་ལྷ་ལྔའི་མངོན་པར་རྟོགས་པ།next