Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
བདེ་མཆོག་ལྷ་ལྔའི་སྐོང་བ།
   
   
   


 
previousབདེ་མཆོག་ལྷ་ལྔའི་སྐོང་བ།next

བདེ་མཆོག་ལྷ་ལྔའི་སྐོང་བ།


KMC009_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། ཆོས་སྐུ་གདོད་ནས་སྐྱེ་འགག་མི་མངའ་ཡང་། །དག་སྣང་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ། །ནམ་མཁའི་རང་བཞིན་བཅོམ་ལྡན་ཧེ་རུ་ཀ །ལྷན་སྐྱེས་བདེ་ཆེན་སྐུ་ཡི་ཐུགས་དམ་བསྐང་། །སྐུ་མདོག་མཐིང་ནག་མི་འགྱུར་ཐུགས་ཀྱི་རིགས། །ཞལ་གཅིག་ཕྱག་གཉིས་སྟག་གི་ཤམ་ཐབས་ཅན། །ཤེས་རབ་རང་བཞིན་རྡོ་རྗེ་ཕག་མོར་འཁྱུད། །གཉིས་མེད་ཞལ་སྦྱོར་ཧེ་རུ་ཀ་ཡི་ཐུགས་དམ་བསྐང་། །དབུ་ཡི་གཙུག་ཏོར་ཡིད་བཞིན་ནོར་བུས་སྤྲས། །མ་རིག་མུན་སེལ་ཟླ་ཚེས་གཡོན་དུ་མཛེས། །ཡེ་ཤེས་ལྔ་ལྡན་བཅུ་ཕྱེད་ཐོད་པའི་ཕྲེང་བས་བརྒྱན། །མི་བསྐྱོད་དབུ་རྒྱན་ཧེ་རུ་ཀ་ཡི་ཐུགས༴ སྒེག་ཅིང་དཔའ་བ་མི་སྡུག་སྐུ་ཡི་ཉམས། །དགོད་ཅིང་དྲག་ཤུལ་འཇིགས་རུང་གསུང་གི་ཉམས། །སྙིང་རྗེ་རྔམ་དང་ཞི་བ་ཐུགས་ཀྱི་ཉམས། །གར་དགུའི་ཉམས་ལྡན་ཧེ་རུ་ཀ་ཡི༴ ཆུ་སྐྱེས་ཉི་མའི་གདན་ལ་འགྱིང་བག་ཅན། །བརྐྱང་བསྐུམ་ཞབས་ཀྱིས་


KMC009_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་བྱེད་དུས་མཚན་མནན། །མ་རུངས་འདུལ་ཕྱིར་ཐོད་པའི་ཕྲེང་བས་བརྒྱན། །དྲེགས་པ་འདུལ་མཛད་ཧེ་རུ་ཀ་ཡི༴ རྒྱན་དྲུག་ཕ་རོལ་ཕྱིན་དྲུག་རྫོགས་པའི་རྟགས། །སྤྱན་གསུམ་བགྲད་པས་དུས་གསུམ་མཁྱེན་པའི་རྟགས། །ཡེ་ཤེས་མེ་དཔུང་ནང་བཞུགས་བརྗིད་པའི་སྐུ། །གཟི་བརྗིད་མཚུངས་མེད་ཧེ་རུ་ཀ་ཡི༴ སྲིད་གསུམ་ཟིལ་གནོན་རྣོ་དཀར་མཆེ་བ་གཙིགས། །ཕྲིན་ལས་རྣམ་བཞིས་འགྲོ་དོན་མཛད་པའི་ཕྱིར། །སྣ་ཚོགས་རྡོ་རྗེས་དབུ་བརྒྱན་འོད་ཟེར་འཕྲོ། །དངོས་གྲུབ་འབྱུང་གནས་ཧེ་རུ་ཀ་ཡི༴ དཔའ་བོ་དཔའ་མོ་སུམ་ཅུ་རྩ་བདུན་དང་། །ཉི་ཤུ་རྩ་བཞིའི་གནས་དང་ཉེ་བའི་གནས། །བཅོམ་ལྡན་སྐུ་ལ་དབྱེར་མེད་བཞུགས་པའི་ཕྱིར། །མཁའ་འགྲོའི་དབང་ཕྱུག་ཧེ་རུ་ཀ་ཡི༴ ནམ་མཁའ་དང་མཉམ་ཆོས་སྐུ་བསམ་མི་ཁྱབ། །མཚན་དཔེས་རབ་བརྒྱན་ལོངས་སྐུ་བསམ་མི་ཁྱབ། །ཆུ་ཟླ་དང་མཉམ་སྤྲུལ་སྐུ་བསམ་མི་ཁྱབ། །སྐུ་གསུམ་དབྱེར་


KMC009_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཧེ་རུ་ཀ་ཡི༴ ལྷ་མཆོག་ཁྱོད་ལ་བསྟོད་པའི་བསོད་ནམས་ཀྱིས། །ཚེ་འདིར་བསྒྲུབ་པའི་བར་ཆད་ཞི་བ་དང་། །སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཐོབ་ནས། །མ་འོངས་དུས་སུ་འགྲོ་བ་འདྲེན་པར་ཤོག །རིན་པོ་ཆེ་ཀརྨ་པས་ཨ་ཏ་ཧོར་གྱི་ཡུལ་དུ་མཛད་པའོ། །མངྒ་ལཾ། ༈ །བདེ་མཆོག་ལྷ་ལྔའི་སྐོང་བ་ནི། ཧཱུྃ། ཕྱག་རྒྱ་ཆེན་པོའི་གཞལ་ཡས་ནས། །བཀའ་བརྒྱུད་བླ་མ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ངོ་ཚངས་པའི་དངོས་གྲུབ་སྩོལ། ཧཱུཾ། དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །གྲུབ་ཐོབ་ཕོ་མོ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ངོ་ཚངས་པའི་དངོས་གྲུབ་སྩོལ། །ཆོས་དབྱིངས་བདེ་བ་ཆེན་པོ་ནས། །འཁོར་ལོ་བདེ་མཆོག་འཁོར་བཅས་རྣམས། །ཚོགས་དང་གཏོར་མས༴ ཐུགས་དམ་བསྐང་ངོ་ཚངས་པའི༴ ཨོ་རྒྱན་གསང་བའི་དུར་ཁྲོད་ནས། །གསང་བ་ཡེ་ཤེས་འཁོར་


KMC009_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་རྣམས། །ཚོགས་དང་༴ ཐུགས་དམ་བསྐང་ངོ་༴ ཤར་ཕྱོགས་གསང་བའི་དུར་ཁྲོད་ནས། །མཁའ་འགྲོ་ཆེན་མོ་འཁོར་བཅས་རྣམས། །ཚོགས་དང་༴ ཐུགས་དམ་བསྐང་ངོ་༴ བྱང་ཕྱོགས་གསང་བའི་དུར་ཁྲོད་ནས། །ལཱ་མཱ་མཁའ་འགྲོ་འཁོར་བཅས་རྣམས། །ཚོགས་དང་༴ ཐུགས་དམ་བསྐང་ངོ་༴ ནུབ་ཕྱོགས་གསང་བའི་དུར་ཁྲོད་ནས། ཁཎྜ་རོ་ཧེ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས༴ ཐུགས་དམ་བསྐང་ངོ་༴ ལྷོ་ཕྱོགས་གསང་བའི་དུར་ཁྲོད་ནས། །གཟུགས་ཅན་མཁའ་འགྲོ་འཁོར་བཅས་རྣམས། །ཚོགས་དང་༴ ཐུགས་དམ་བསྐང་ངོ་༴ བདུད་འདུལ་ཆེན་པོའི་གཞལ་ཡས་ནས། །ཡེ་ཤེས་ཆོས་སྐྱོང་འཁོར་བཅས་རྣམས། །ཚོགས་དང་༴ ཐུགས་དམ་བསྐང་ངོ་༴ དམ་ཚིག་ཆེན་པོའི་གཞལ་ཡས། །ཕོ་ཉ་ལས་མཁན་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ངོ་ཚངས་པའི་


KMC009_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་སྩོལ། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །ཆགས་ཆེ་ཉམ་ང་བཟློག་ཏུ་གསོལ། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །ཞེས་དཔལ་འཁོར་ལོ་སྡོམ་པ་ལྷན་སྐྱེས་ཀྱི་སྐོང་བ་འདི་༧ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousབདེ་མཆོག་ལྷ་ལྔའི་སྐོང་བ།next