Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
   
དཔལ་ལྡན་ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་དཀྱིལ་འཁོར་གྱི་ཆོ་ག་གསང་ཆེན་མཆོག་གི་མྱུར་ལམ་གསལ་བའི་འདྲེན་པ།
   
   


 
previousདཔལ་ལྡན་ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་དཀྱིལ་འཁོར་གྱི་ཆོ་ག་གསང་ཆེན་མཆོག་གི་མྱུར་ལམ་གསལ་བའི་འདྲེན་པ།next

དཔལ་ལྡན་ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་དཀྱིལ་འཁོར་གྱི་ཆོ་ག་གསང་ཆེན་མཆོག་གི་མྱུར་ལམ་གསལ་བའི་འདྲེན་པ།


KMC009_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་དཀྱིལ་འཁོར་གྱི་ཆོ་ག་གསང་ཆེན་མཆོག་གི་མྱུར་ལམ་གསལ་བའི་འདྲེན་པ་བཞུགས་སོ། །


KMC009_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་སརྦ་སྭསྟི་སིདྡྷི་ཧཱུྃ། བླ་མ་རིགས་བདག་ཧེ་རུ་ཀ་དཔལ་དང་། །རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ཏེ། །མངོན་རྟོགས་མཆོད་ཕྲེང་སློབ་མ་རྗེས་འཛིན་རྣམས། །འཇུག་པ་བདེ་བར་འགྲིག་ཆགས་གསལ་བརྗོད་བྱ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་རྣལ་འབྱོར་མའི་མངོན་པར་རྟོགས་པ་བསྒོམ་ཞིང་སློབ་མ་གཞུག་པར་འདོད་པའི་རྣལ་འབྱོར་པས། རི་བོའི་རྩེ་དང་། དུར་ཁྲོད་ལ་སོགས་པ་གནས་དབེན་པར་ཡར་ངོའི་ཚེས་བཅུ་ལ་སོགས་པ་དུས་ཁྱད་པར་ཅན་ལ། ཁྲུ་གང་བའི་མཎྜལ་ཟླུམ་པོ་བ་བྱུང་དང་། ཆང་དང་དྲིའི་ཆུས་བྱུགས་ཤིང་། དེར་ཚོན་གྱིས་ཆོས་འབྱུང་དམར་པོ་གྲུ་


KMC009_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བསྣོལ་བའི་ནང་དུ། པདྨ་འདབ་བཞི་ཕྱོགས་ཀྱི་མདོག་ཅན་ལ། ལྟེ་བར་གྲི་གུག །ཤར་དུ་རྡོ་རྗེ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་རལ་གྲི་བཀོད། ཕྱི་རོལ་དུ་ཐོད་ཕྲེང་དང་རྡོ་རྗེའི་ར་བ་མེ་རིས་བསྐོར་བའི་སྟེང་དུ། ཁྲིའི་ཁར་རིན་པོ་ཆེའི་བུམ་པ་དམར་པོ་ལ་བིགྷྣཱནྟ་ཀྲྀ་ཏ་སོགསཀྱིས་བགེགས་བསྐྲད་ནས། ལྔ་ཚན་ལྔའི་རྫས་དང་། ཆུ་གཙང་མས་བཀང་ཞིང་། ཁ་དོག་ལྔ་པའི་དར་གྱིས་མགྲིན་པ་དཀྲིས་ལ། ཧཱུྃ་ལན་བདུན་བཟླས་པའི་སྐུད་པ་དམར་པོ་བདུན་གྱིས་བཅིངས། མེ་ཏོག་འབྲས་བུ་དམར་པོ་ཅན་གྱི་ཡལ་འདབ་ཀྱིས་ཁ་བརྒྱན་པའི་སྟེང་དུ། ཐོད་པ་བདུད་རྩི་རིལ་བུ་དང་ལྡན་པའི་བཏུང་བ་བཟང་པོས་བཀང་བ་ཧཱུྃ་གིས་བསྔགས་ནས་བཞག་ལ། དར་དམར་པོས་


KMC009_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

དགབ། མེ་ལོང་ལ་སིནྡྷཱ་ར་བྱུགས་ཏེ་གསེར་གྱི་སྨྱུག་གུས་ཆོས་འབྱུང་བསྣོལ་མ་པདྨ་དང་བཅས་པའི་ལྟེ་བར་ཧྲཱིཿ ཕྱོགས་བཞིར་ཧ་རི་ནི་ས། མཐའ་མར་བཻ་རོ་ཙ་ནཱིའི་སྔགས་ཀྱིས་བསྐོར་བའི་སྔགས་མགོ་རང་ལ་བསྟན་ཞིང་ཐོད་པའི་སྟེང་དུ་བཞག །སྐུ་གསུང་ཐུགས་ཀྱི་རྟེན་དགྲམ་ཞིང་། གནས་མཛེས་པར་བརྒྱན། ཤ་སྣ་ཚོགས་ཀྱི་གཏོར་མ་ལྔ་དང་། མཆོད་ཡོན། མེ་ཏོག །སྤོས་ཀྱི་རེང་བུ། དྲི་ཆབ། ལྷ་བཤོས་ལ་སོགས་པའི་མཆོད་པ་རྣམས་ཀྱང་ལྔ་ཚན་དུ་བཤམས། དུས་བཟང་གི་ཚོགས་མཆོད་ལ་སོགས་པའི་དུས། དཀྱིལ་འཁོར་གྱི་གཡོན་ཕྱོགས་སུ་ཚོན་གྱིས་ཆོས་འབྱུང་དམར་པོ་བྲིས་པའི་སྟེང་དུ་ཤེས་རབ་ཀྱི་རྫས་འབྲུ་དང་། བུ་རམ་དང་། རྒུན་འབྲུམ་དང་། སྦྲང་རྩི་ལས་བྱུང་བའི་བཏུང་བ་བཟང་པོ་རྣམས་བཞག །གཡས་ཕྱོགས་སུ་དགའ་བ་འཁྱིལ་བ་དཀར་པོ་བྲིས་པའི་སྟེང་དུ། ཐབས་ཀྱི་རྫས་ཤ་དང་། ཟན་དང་། འབྲས་ཆན་དང་། ཁུར་བ་ལ་སོགས་པའི་བཟའ་བ་རྣམས་བཞག །མདུན་དུ་ལག་མཆོད་དང་། ཌཱ་མ་རུ། རྡོ་རྗེ་དྲིལ་བུ་བཀོད་དེ། རྣམ་པར་རྟོག་པ་ནུབ་པའི་བརྡར་ཁ་ནུབ་ཏུ་ཕྱོགས་པས་འཁོད་ལ། སྔོན་འགྲོ་གཏོར་མ་བཤམས་ནས། བདུད་རྩི་ལྔའི་ཆུས་བསང་ཞིང་། བདག་ཉིད་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་ཕྱག་


KMC009_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་རྡོ་རྗེས་མཚན་པའི་གྲི་གུག་དང་གཡོན་པས་ཐོད་པ་བདུད་རྩིས་གང་བ་བསྣམ་པ། གྲུ་མོ་ན་ཁ་ཊྭཱཾ་ག་ཡོད་པ། རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུར་གྱུར། ༀ་ཨཱཿབིགྷྣཱནྟ་ཀྲྀ་ཏ་ཧཱུྃ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷ རྨཱཿ སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་ཆང་ཟུང་ལ་ཡཾ་དང་། མཆོག་མ་གཉིས་ལ་གཡོ་བའི་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རཾ་གྱིས་མཚན་པ། དེའི་སྟེང་དུ་ཀཾ་གསུམ་ལས་ཐོད་པ་བུམ་རིལ་གྱི་སྒྱེད་པུ་ལྟག་པ་ནང་དུ་བསྟན་པ་གསུམ་གྱི་སྟེང་དུ། ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ། དུམ་བུ་གཅིག་པ་དཔྲལ་བ་རང་ལ་བསྟན་པ། རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ། དེའི་དབུས་སུ་མུ་ལས་དྲི་ཆུ་བཻ་ཌཱུརྱ་ལྟ་བུ། ཤར་དུ་བི་ལས་དྲི་ཆེན་ཤེལ་ལྟ་


KMC009_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བུ། ལྷོར་ར་ལས་རཀྟ་གསེར་བཙོ་མ་ལྟ་བུ། ནུབ་ཏུ་ཤུ་ལས་བྱང་སེམས་དཀར་པོ། བྱང་དུ་མ་ལས་ཀླད་པ། སླར་ཡང་དབུས་སུ་ན་ལས་མིའི་ཤ། ཤར་ལྷོར་གོ་ལས་བ་ལང་གི་ཤ། ལྷོ་ནུབ་ཏུ་ཀུ་ལས་ཁྱིའི་ཤ། ནུབ་བྱང་དུ་ད་ལས་གླང་པོ་ཆེའི་ཤ། བྱང་ཤར་དུ་ཧ་ལས་རྟའི་ཤ། དེ་རྣམས་སླར་ཡང་ཡི་གེ་དེ་དག་གིས་མཚན་པའོ། །རང་གི་སྣ་བུག་གཡོན་པ་ནས་རླུང་ཧཱུྃ་གི་དབྱིབས་ཅན་འཕྲོས། རླུང་གི་དཀྱིལ་འཁོར་ལ་ཕོག །བ་དན་བསྐྱོད་པས་རླུང་གཡོས་མེ་སྦར་ཐོད་པ་དྲོས། རྫས་རྣམས་ཁོལ། ཉེས་པའི་སྐྱོན་རྣམས་ཕྱིར་ལུད། དེའི་སྟེང་དུ་ༀ་ཨཱཿཧཱུྃ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ། ལན་གསུམ་བརྗོད་པས་བྱིན་གྱིས་བརླབས། འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་ཞིང་། ཕེཾ་ཕེཾ་ཕེཾ། ཞེས་གཏོར་མགྲོན་སྤྱན་དྲངས།


KMC009_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

པད་ཀོར་རྡོ་རྗེ་ཐལ་མོ་ཁ་ཕྱེ་བས། ༀ་བཛྲ་ཨཱ་རལླི་ཧོཿཛཿཧཱུྃ་བཾ་ཧོཿབཛྲ་ཌཱ་ཀི་ནི་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོཿ ཞེས་ལན་གསུམ་མམ་བཞིའམ་ལྔར་བརྗོད། སོ་སོའི་ཕྱག་རྒྱས། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། ༀ་བཛྲ་པུཥྤེ༴ དྷཱུ་པེ༴ ཨཱ་ལོ་ཀེ༴ གནྡྷེ༴ ནཻ་བིདྱེ༴ ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། པད་ཀོར་རྡོ་རྗེ་ཐལ་མོ་ཁ་ཕྱེ་བས། ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤ་ཙ་ཨུནྨ་ད་ཨ་པ་སྨ་ར་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ། ཨི་དམ་བ་ལིཾ་གྲྀཧྣནྟུ་ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྡྷི མྨེ་པྲ་ཡཙྪནྟུ་ཡ་ཐཻ་བཾ་ཡ་ཐཻཥྚཾཿབྷཱུཉྫ་ཐ་ཛི་གྷྲ་ཐ་པི་བ་ཐ་མ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱ་ར་ཏ་ཡ་སཏྟ་སུ་ཁཾ་བི་ཤུདྡྷ་ཡེ། སཱ་ཧཱ་ཡི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལན་བཞིར་བརྗོད། ཞིང་སྐྱོང་ཆེན་པོ་བརྒྱད་རྣམས་དང་། །མཁའ་འགྲོ་སུམ་ཅུ་སོ་གཉིས་སོགས། །མ་ལུས་འཁོར་བཅས་འདིར་བྱོན་ཞིང་། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །


KMC009_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །གང་དག་ནག་པོའི་ཕྱོགས་གྱུར་ཞིང་། །གསང་སྔགས་ཟབ་མོའི་ཆོ་ག་ལ། །ཉན་དང་ལྟ་བར་མི་དབང་བ། །དེ་དག་ཐམས་ཅད་གཞན་དུ་དེངས། །གལ་ཏེ་བཀའ་ལས་འདའ་བྱེད་ན། །རྡོ་རྗེ་ཁ་ཊྭཱཾ་རབ་འབར་བས། །མགོ་བོ་ཚལ་པ་བརྒྱར་འགས་འགྱུར། །གཏོར་མ་ཕྱི་རོལ་དུ་དོར་ཞིང་། ༀ་སུམྦྷ་ནི་སུམྦྷ་ནི་ཧཱུྃ་ཧཱུྃ་ཕཊ། ༀ་གྲྀཧྞ་གྲྀཧྞ་ཧཱུྃ་ཧཱུྃ་ཕཊ། ༀ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་


KMC009_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཧཱུྃ་ཕཊ། ༀ་ཨཱ་ན་ཡ་ཧོཿབྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ། འོག་ཐམས་ཅད་རྡོ་རྗེའི་ས་གཞི་བར་ཐམས་ཅད་རྡོ་རྗེའི་ར་བ། སྟེང་ཐམས་ཅད་རྡོ་རྗེའི་དྲ་བ་དང་། གུར་བླ་བྲེས་སུ་གྱུར། ཧཱུྃ་འདི་ལྟར་ལྷ་མོ་ཡ་མཚན་ཅན། །ལྷ་མོའི་ལུས་ལ་སེང་གདོང་མ། །བཛྲ་སིངྷ་ཞེས་བྱ་བ། །སྟེང་སྒོ་སྲུང་བའི་ཕྲ་མེན་མ། །ཛཿཕྲ་མེན་རྡོ་རྗེའི་དུས་ལ་བབ། །སྟེང་གི་བར་ཆད་བཟློག་ཏུ་གསོལ། །ཧཱུྃ་འདི་ལྟར་ལྷ་མོ་ཡ་མཚན་ཅན། །ལྷ་མོའི་ལུས་ལ་ཁྭ་གདོང་མ། །བཛྲ་ཀཱ་ཀ་ཞེས་བྱ་བ། །ཤར་སྒོ་སྲུང་བའི་ཕྲ་མེན་མ། །ཛཿཕྲ་མེན་རྡོ་རྗེའི་དུས་ལ་བབ། །ཤར་གྱི་བར་ཆད་བཟློག་ཏུ་གསོལ། །ཧཱུྃ་འདི་ལྟར་ལྷ་མོ་ཡ་མཚན་ཅན། །ལྷ་མོའི་ལུས་ལ་འུག་གདོང་མ། །བཛྲ་ཨུ་ལུ་ཞེས་བྱ་བ། །བྱང་སྒོ་སྲུང་བའི་ཕྲ་མེན་མ། །ཛཿཕྲ་མེན་རྡོ་རྗེའི་དུས་ལ་བབ། །བྱང་གི་བར་ཆད་བཟློག་ཏུ་གསོལ། །ཧཱུྃ་འདི་ལྟར་ལྷ་མོ་ཡ་མཚན་ཅན། །ལྷ་མོའི་ལུས་ལ་ཁྱི་གདོང་མ། །བཛྲ་ཤྭ་ན་


KMC009_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ། །ནུབ་སྒོ་སྲུང་བའི་ཕྲ་མེན་མ། །ཛཿཕྲ་མེན་རྡོ་རྗེའི་དུས་ལ་བབ། །ནུབ་ཀྱི་བར་ཆད་བཟློག་ཏུ་གསོལ། །ཧཱུྃ་འདི་ལྟར་ལྷ་མོ་ཡ་མཚན་ཅན། །ལྷ་མོའི་ལུས་ལ་ཕག་གདོང་མ། །བཛྲ་སུ་ཀ་ཞེས་བྱ་བ། །ལྷོ་སྒོ་སྲུང་བའི་ཕྲ་མེན་མ། །ཛཿཕྲ་མེན་རྡོ་རྗེའི་དུས་ལ་བབ། །ལྷོ་ཡི་བར་ཆད་བ ཟློག་ཏུ་གསོལ། །ཧཱུྃ་འདི་ལྟར་ལྷ་མོ་ཡ་མཚན་ཅན། །ལྷ་མོའི་ལུས་ལ་སྟག་གདོང་མ། །བཛྲ་བྱ་གྷྲི་ཞེས་བྱ་བ། །འོག་སྒོ་སྲུང་བའི་ཕྲ་མེན་མ། །ཛཿཕྲ་མེན་རྡོ་རྗེའི་དུས་ལ་བབ། །འོག་གི་བར་ཆད་བཟློག་ཏུ་གསོལ། །ཧཱུྃ་འདི་ལྟར་ལྷ་མོ་ཡ་མཚན་ཅན། །སྒོ་མ་རྣམས་ཀྱིས་སྒོ་སྲུངས་ལ། །མཚམས་མ་རྣམས་ཀྱིས་མཚམས་སྡོམས་ཤིག །ཕྱི་ནང་བར་ཆད་བཟློག་ཏུ་གསོལ། །ༀ་བཛྲ་བཱ་རཱ་ཧི་ཧྲཱིཿགྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། གནོད་བྱེད་སརྦ་དུཥྚན་ཧཱུྃ་ཕཊ་སྭཱ་ཧཱ། མཚམས་བཅད་དོ། །ལས་ཀྱི་རྡོ་རྗེས་ཕྱག་འཚལ་ནས། ཏིང་ངེ་འཛིན་ལ་བསྐུལ་བ་ནི། རྡོ་རྗེ་འཛིན་སོགས་དགོངས་སུ་གསོལ། །དཔའ་བོ་མཁའ་འགྲོ་


KMC009_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

མཉེས་བྱ་དང་། །ཡོན་བདག་བསོད་ནམས་བསྐྱེད་བྱའི་ཕྱིར། །གཉིས་མེད་ཏིང་འཛིན་ས་ལ་བཞུགས། །ས་མཱ་དྷི་ཀྲ་མ་ཧོ། མཆོད་པ་བྱིན་གྱིས་བརླབ་པ་ནི། ༀ་ཨཱཿབིགྷྣཱནྟ་ཀྲྀ་ཏ་ཧཱུྃ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷ རྨཱཿ སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཡིག་གི་ཚོགས་དཔག་ཏུ་མེད་པ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་རྡོ་རྗེའི་མཆོད་ཡོན། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་དངོས་པོ་དྭངས་ཤིང་ཐོགས་པ་མེད་པ་བྱང་ཆུབ་སེམས་དཔའ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལས་ཀྱང་ཆེས་ཆེར་ལྷག་པའི་མཆོད་པའི་སྤྲིན་གྱི་ཕུང་པོ་རབ་འབྱམས་ནམ་མཁའི་མཐའ་ཀླས་པའི་བར་རྒྱས་པར་འགེངས་ཤིང་། འཕགས་པ་རྣམས་མཉེས་པར་བྱེད་པ།


KMC009_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རྒྱུན་མི་ཆད་པར་འབྱུང་བའི་རང་བཞིན་དུ་གྱུར། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། པུཥྤེ༴ དྷཱུ་པེ༴ ཨཱ་ལོ་ཀེ༴ གནྡྷེ༴ ནཻ་བིདྱེ༴ ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོར་གྱུར་པ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་


KMC009_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་མའི་ཚོགས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །གསུམ་མམ། ཉེར་གཅིག་གམ། བརྒྱ་ལ་སོགས་པ་བྱ། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བཅོམ་ལྡན་རྡོ་རྗེ་འཛིན་དབང་པོ། །རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །སེམས་ཅན་རྣམས་ཀྱི་དོན་སླད་དུ། །བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ལྟར། །དེ་བཞིན་བདག་གིས་སེམས་བསྐྱེད་དོ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བསོད་ནམས་ཡེ་ཤེས་བྱང་ཆུབ་ལམ། །ཐབས་དང་ཤེས་རབ་གོམ་པས་བགྲོད། །དེ་བཞིན་བདག་གིས་ལམ་བགྲོད་དོ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཐམས་ཅད་མཁྱེན་པར་སངས་རྒྱས་ནས། །མཁའ་མཉམ་སེམས་ཅན་དོན་མཛད་ལྟར། །དེ་བཞིན་བདག་གིས་དོན་བགྱིའོ། །མ་བསྒྲལ་བ་རྣམས་སྒྲལ་བ་དང་། །མ་གྲོལ་བ་རྣམས་དགྲོལ་བ་དང་། །


KMC009_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་། །འགྲོ་ཀུན་མྱ་ངན་འདའ་བ་དང་། །ཀུན་ཀྱང་སངས་རྒྱས་ཐོབ་པར་ཤོག །ཅེས་སེམས་བསྐྱེད། བདག་ཉིད་ཀྱི་སྤྱི་བོར་པད་ཟླ་ལ་ཧཱུྃ་ལས་རྡོར་སེམས་ཧེ་རུ་ཀ་སྐུ་མདོག་དཀར་པོ། ཞལ་གཅིག་ཕྱག་གཉིས་ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་སྙེམས་པ་དཀུར་བརྟེན་པ། དར་དང་རུས་པ་དང་རིན་པོ་ཆེས་བརྒྱན་པ། ཞབས་སེམས་སྐྱིལ་གྱིས་བཞུགས་པའི་པང་དུ་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་ཐོད་ཅན་གྱིས་འཁྱུད་པ། གཉིས་ཀའི་གནས་གསུམ་དུ་ཡིག་འབྲུ་གསུམ་དང་ཁྱད་པར་ཡབ་ཀྱི་ཐུགས་ཀར་ཟླ་བ་ལ་ཧཱུྃ་གི་མཐར་ཡིག་བརྒྱ་དཀར་པོས་བསྐོར་བ། དེ་ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། དམ་ཚིག་པ་ལ་ཐིམ། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ཧཱུྃ་གི་འོད་ཀྱིས་དབང་ལྷ་སྤྱན་དྲངས་ཏེ་དབང་བསྐུར། བདུད་རྩིས་སྐུ་གང་། ཆུ་ལྷག་སྤྱི་བོར་འཁྱིལ་པ་ལས་མི་


KMC009_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་པས་དབུ་བརྒྱན་པར་གྱུར། བཅོམ་ལྡན་འདས་བདག་གི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། ཐུགས་ཀའི་སྔགས་འཁོར་ལས་བདུད་རྩི་བབས། །རྡོར་སེམས་ཀྱི་སྐུ་གང་། སྦྱོར་མཚམས་ནས་ལུད་དེ་རང་གི་སྤྱི་བོ་ནས་ཞུགས་པས་སྡིག་སྒྲིབ་ཉེས་ལྟུང་རྣམ་སྨིན་གྱི་ཕུང་པོ་དང་བཅས་པ་དག་ནས་རང་ལུས་འོད་གསལ་བར་གྱུར། ༀ་བཛྲ་ས་ཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ། དྲྀཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿ ཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿབྷ་ག་ཝན། སརྦ་ཏ་ཐཱ་ག་ཏཱ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་ཅི་ནུས་བཟླས། ༀ་བཛྲ་སཏྭ་ཧཱུྃ། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་


KMC009_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བོ་རྡོ་རྗེ་འཛིན་པ་ཀྱེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །ཞེས་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་གོ་ཞེས་གསུངས་ཤིང་མཐར་རྡོར་སེམས་འོད་དུ་ཞུ་ནས་རང་ཉིད་ལ་ཐིམ་པར་གྱུར། ཅེས་པ་འདི་ནི་༧རྗེ་དཔའ་བོ་གཙུག་ལག་རྒྱ་མཚོས་མཛད་པའོ། །མདུན་གྱི་ནམ་མཁར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལྷ་ལྔའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་གསལ་བར་གྱུར། བདག་ཉིད་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་རྩ་གསུམ་འདུས་མདོར་ཡི་གེ་ཧྲཱིཿདམར་པོ་ཚེག་དྲག་དང་བཅས་པ་དེ་ལས་འོད་ཟེར་འཕྲོས་པས། ཨོ་ཌྱན་གྱི་གནས་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་རིགས་བཞི་མཁའ་འགྲོ་མའི་ཚོགས་དང་བཅས་པ་ལ། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁའི་གནས་སུ། བཛྲ་


KMC009_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ས་མཱ་ཛཿ ཧཱུྃ་བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ནི། །སེམས་ཅན་དོན་ལ་དགོངས་པའི་བླ་མེད་དཀོན་མཆོག་གསུམ། །དངོས་དང་ཡིད་ཀྱིས་བཤམས་ཤིང་མཆོད་པའི་གནས་འདི་རུ། །རྒྱལ་བ་འཁོར་བཅས་མ་ལུས་སྤྱན་འདྲེན་གཤེགས་སུ་གསོལ། །བཛྲ་ས་མཱ་ཛཿ བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པར་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་པདྨ་ཀ་མ་ལཱ་ཡ་སྟྭཾ། ནམ་མཁའི་དཀྱིལ་འཁོར་དང་གཉིས་སུ་མེད་པར་གྱུར། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད། །


KMC009_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདས་ཡོན་ཏན་དཔལ་དང་ལྡན། །བཀའ་བརྒྱུད་རིན་པོ་ཆེ་ལ་ཕྱག་འཚལ་བསྟོད། །བླ་མ་སངས་རྒྱས་བླ་མ་ཆོས། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་བསྟོད། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །གྲགས་ཆེན་ཤེས་རབ་ཆེན་པོ་པ། །ཐུབ་ཆེན་དཔའ་བོ་ཆེན་པོ་


KMC009_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

པ། །སྲིད་པའི་མྱ་ངན་བརྒལ་བ་པོ། །བསྐལ་བཟང་སངས་རྒྱས་སྟོང་ལ་སོགས། །སྲས་དང་བཅས་ལ་ཕྱག་འཚལ་བསྟོད། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་མ་ལུས་དང་། །བྱང་ཆུབ་སེམས་དང་རྒྱལ་སྲས་མ་ལུས་ཚོགས། །རྡུལ་གཅིག་སྟེང་ན་རྡུལ་སྙེད་བཞུགས་པ་ཡི། །བླ་མེད་འཕགས་པའི་ཚོགས་ལ་ཕྱག་འཚལ་བསྟོད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོ་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པ་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །ལྟེ་བའི་དབུས་ནས་འབྱུང་བཞི་འཕྲོ། །ཆོས་དང་ལོངས་སྤྱོད་རྫོགས་པར་ལྡན། །མཁའ་འགྲོ་མ་རྣམས་སྡུད་མཛད་མ། །རྗེ་བཙུན་མ་ལ་ཕྱག་འཚལ་བསྟོད། །ཅེས་ཕྱག་འཚལ། ལྟེ་བའི་ས་བོན་ལས་འཕྲོས་པའི་འོད་ཟེར་གྱི་ཚོགས་ལས་བྱུང་


KMC009_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཆོད་པའི་ལྷ་མོ་སྣ་ཚོགས་པ་དག་གིས་མངོན་པར་མཆོད་དེ། ཕྱག་རྒྱ་དང་བཅས་པས། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཤྲཱི་བཛྲ་ཡོ་གི་ནཱི་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་འདོན་པ་བསྒྱུར་ཏེ། པུཥྤེ༴ དྷཱུ་པེ༴ ཨཱ་ལོ་ཀེ༴ གནྡྷེ༴ ནཻ་བིདྱེ༴ ཤབྡ༴ ཞེས་དང་། པཉྩ་ཨ་མྲྀ༴ ཞེས་དང་། བཛྲ་མཱ་ཏངྒི༴ ཞེས་པས་མཆོད་དེ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་


KMC009_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ཡང་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་


KMC009_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་ཆེན་པོའི་ཕྱིར་བསྔོའོ། །མཎྜལ་འབུལ་བ་ནི། ༀ་བཛྲ་སཏྭ་ས་མ་ཡ།


KMC009_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནུ་པཱ་ལ་ཡ། བཛྲ་ས ཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ུཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཿ ཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་ས་ཏྭ་ཨཿ ༀ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་རྣམ་པར་དག་པ་རྡོ་རྗེའི་རང་བཞིན་གྱི་ས་གཞི། ༀ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་རྡོ་རྗེའི་རིའི་འཁོར་ཡུག་གི་ར་བས་ཡོངས་སུ་བསྐོར་བའི་དབུས་སུ་རིའི་རྒྱལ་པོ་རི་བོ་མཆོག་རབ། ཤར་ལུས་འཕགས་པོ། ལྷོ་ཛམྦུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། བྱང་ཤར་དུ་ཟླ་བ། ལྷོ་ནུབ་ཏུ་ཉི་མ། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ། རབ་འབྱམས་རྒྱ་མཚོའི་རྡུལ་གྱི་གྲངས་ལས་འདས་པ་མངོན་པར་བཀོད་དེ། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་


KMC009_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་རྡོ་རྗེ་སློབ་དཔོན་དང་། །ཡི་དམ་ལྷ་ཚོགས་འཁོར་དང་བཅས། །དུས་གསུམ་བདེ་གཤེགས་མ་ལུས་ལ། །གླིང་བཞི་རི་རབ་བཅས་པ་དང་། །གླིང་བཞི་བྱེ་བ་ཕྲག་བརྒྱ་དང་། །བྱེ་བ་འབུམ་དང་དུང་ཕྱུར་ཏེ། །མཎྜལ་གཅིག་ཏུ་བསྡུས་ནས་ནི། །མོས་བློས་གོང་མ་རྣམས་ལ་འབུལ། །ཐུགས་རྗེས་བརྩེར་དགོངས་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ༀ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །དུས་གསུམ་བདེ་གཤེགས་དགོངས་པ་རྟོགས་པ་དང་། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང་། །ནམ་མཁའ་མཉམ་པའི་འགྲོ་བ་སྒྲོལ་བར་ཤོག །བདག་དང་མཐའ་ཡས་


KMC009_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་ཅན་ཐམས་ཅད་ཀྱི་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་ཐམས་ཅད་བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་འབུལ་བར་བགྱིའོ། །བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་གོང་ནས་གོང་དུ་ཡོངས་སུ་རྫོགས་པར་གྱུར་ཅིག །དེའི་བསོད་ནམས་གང་ལགས་པ་དེ་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ལ་བྱིན་པས་རིགས་དྲུག་སོ་སོའི་སྡུག་བསྔལ་དང་ཉེས་དམིགས་ཅི་ཡོད་པ་ལས་གྲོལ་ཞིང་ཐར་ནས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །ཐམས་ཅད་མཁྱེན་གཟིགས་ལྷ་རྣམས་དགོངས་སུ་གསོལ། །ཐོག་མ་མེད་པའི་དུས་ནས་བདག་ཅག་གིས། །དུག་གསུམ་དབང་གིས་ལུས་ངག་ཡིད་གསུམ་གྱིས། །སྡོམ་གསུམ་རྒྱལ་བའི་བཀའ་ལས་འདས་གྱུར་པ། །ཉེས་ལྟུང་སྡིག་པའི་ལས་བགྱིས་མཐོལ་ལོ་


KMC009_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས། །སླན་ཆད་མི་བགྱིད་མྱོང་བར་མ་གྱུར་ཅིག །དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་ལོ། །དགེ་བ་འདི་ཡིས་ཉེ་བར་མཚོན་ནས་ནི། །སེམས་ཅན་རྣམས་ཀྱིས་དུས་གསུམ་བསགས་པ་ཡི། །ཟག་བཅས་ཟག་མེད་ཟུང་འཇུག་དགེ་བ་རྣམས། །བླ་མེད་བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །འགྲོ་ཀུན་ཐམས་ཅད་མཁྱེན་པ་ཐོབ་པར་ཤོག །ན་མོ་གུ་རུ་བྷྱཿ ཟུང་འཇུག་བདེ་བ་ཆེན་པོའི་ཕོ་བྲང་ནས། །བདེ་གཤེགས་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། འགྲེའོ། །གཉིས་མེད་མཁའ་དབྱིངས་དག་པའི་ཕོ་བྲང་ནས། །རྒྱལ་སྲས་ཏཻ་ལོ་པ་ལ༴ རང་སེམས༴ གསལ་སྟོང་འཇའ་ཚོན་ལྟ་བུའི་ཕོ་བྲང་ནས། །མཁས་མཆོག་ནཱ་རོ་པ་ལ༴ རང་སེམས༴ སྤྲོས་བྲལ་མཚན་མ་མེད་པའི་ཕོ་བྲང་ནས། །མར་པ་ལྷོ་བྲག་པ་ལ༴ རང་སེམས༴ སྣང་སྟོང་སྒྱུ་མ་ལྟ་བུའི་ཕོ་བྲང་ནས། །དབང་ཕྱུག་མི་ལའི་སྐུ་ལ༴ རང་


KMC009_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སེམས༴ སྐྱེ་འགག་གནས་དང་བྲལ་བའི་ཕོ་བྲང་ནས། །མཉམ་མེད་སྒམ་པོ་པ་ལ༴ རང་སེམས༴ ཟག་མེད་ཤེས་བྱ་ཀུན་མཁྱེན་ཕོ་བྲང་ནས། །དཔལ་ལྡན་དུས་གསུམ་མཁྱེན་ལ༴ རང་སེམས༴ དྲི་མེད་ཡོན་ཏན་ཕུན་ཚོགས་ཕོ་བྲང་ནས། །འགྲོ་མགོན་རས་ཆེན་པ་ལ༴ རང་སེམས༴ བསྐྱེད་རྫོགས་བརྟན་པ་ཐོབ་པའི་ཕོ་བྲང་ནས། །རྒྱལ་སྲས་སྤོམ་བྲག་པ་ལ༴ རང་སེམས༴ སྣང་སྲིད་དབང་དུ་འདུས་པའི་ཕོ་བྲང་ནས། །གྲུབ་ཆེན་ཀརྨ་པ་ལ༴ རང་སེམས༴ ཤེས་དང་ཤེས་བྱ་ཀུན་མཁྱེན་ཕོ་བྲང་ནས། །མཁས་གྲུབ་ཨུ་རྒྱན་པ་ལ༴ རང་སེམས༴ རང་གཞན་དོན་གཉིས་གྲུབ་པའི་ཕོ་བྲང་ནས། །ཆོས་རྗེ་རིན་པོ་ཆེ་ལ༴ རང་སེམས༴ སྣང་བ་ཆུ་ཟླ་ལྟ་བུའི་ཕོ་བྲང་ནས། །རྒྱལ་བ་གཡུང་སྟོན་པ་ལ༴ རང་སེམས༴ སྐུ་གསུམ་དབྱེར་མེད་ལྷུན་གྲུབ་ཕོ་བྲང་ནས། །རང་བྱུང་སྤྲུལ་པའི་སྐུ་ལ༴ རང་སེམས༴ སྟོང་ཉིད་སྙིང་རྗེ་དབྱེར་མེད་ཕོ་བྲང་ནས། །


KMC009_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་མེད་མཁའ་སྤྱོད་དབང་ལ༴ རང་སེམས༴ མཁྱེན་བརྩེ་ནུས་མཐུ་རྨད་བྱུང་ཕོ་བྲང་ནས། །ཐུབ་ཆེན་ཆོས་ཀྱི་རྗེ་ལ༴ རང་སེམས༴ ཀུན་གཟིགས་དབང་འབྱོར་ལྷུན་གྲུབ་ཕོ་བྲང་ནས། །རིག་པའི་རལ་གྲིའི་ཞབས་ལ༴ རང་སེམས༴ ཟབ་ཡངས་རྣམ་ཐར་རྒྱ་མཚོའི་ཕོ་བྲང་ནས། །མཐོང་བ་དོན་ལྡན་ཞབས་ལ༴ རང་སེམས༴ ཆོས་རྣམས་མཁའ་ལྟར་དག་པའི་ཕོ་བྲང་ནས། །འཇམ་དཔལ་བཟང་པོའི་ཞབས་ལ༴ རང་སེམས༴ རྣམ་དག་ཕྲིན་ལས་རྒྱ་མཚོའི་ཕོ་བྲང་ནས། །དཔལ་འབྱོར་དོན་འགྲུབ་ཞབས་ལ༴ རང་སེམས༴ ལྷུན་གྲུབ་རྒྱུན་མི་ཆད་པའི་ཕོ་བྲང་ནས། །རང་བྱུང་མཚོ་སྐྱེས་ཞབས་ལ༴ རང་སེམས༴ ཆོས་དབྱིངས་རབ་འབྱམས་ཡངས་པའི་ཕོ་བྲང་ནས། །བཀྲ་ཤིས་དཔལ་འབྱོར་ཞབས་ལ༴ རང་སེམས༴ ཟབ་ཞི་སྤྲོས་དང་བྲལ་བའི་ཕོ་བྲང་ནས། །མི་བསྐྱོད་རྡོ་རྗེའི་ཞབས་ལ༴ རང་སེམས༴ དབྱིངས་དང་ཡེ་ཤེས་དབྱེར་མེད་ཕོ་བྲང་


KMC009_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །དཀོན་མཆོག་ཡན་ལག་ཞབས་ལ ༴ རང་སེམས༴ ཀུན་ཁྱབ་ཐུགས་རྗེ་ཆེན་པོའི་ཕོ་བྲང་ནས། །དབང་ཕྱུག་རྡོ་རྗེའི་ཞབས་ལ༴ རང་སེམས༴ འགྲོ་བའི་རེ་འདོད་སྐོང་བའི་ཕོ་བྲང་ནས། །ཆོས་ཀྱི་དབང་ཕྱུག་ཞབས་ལ༴ རང་སེམས༴ ཕྲིན་ལས་ལྷུན་གྱིས་གྲུབ་པའི་ཕོ་བྲང་ནས། །ཆོས་དབྱིངས་རྡོ་རྗེའི་ཞབས་ལ༴ རང་སེམས༴ མཁའ་ཁྱབ་རྡོ་རྗེ་འཛིན་པའི་ཕོ་བྲང་ནས། །ཡེ་ཤེས་སྙིང་པོའི་ཞབས་ལ༴ རང་སེམས༴ ཟབ་གསལ་གཉིས་མེད་ཆོས་དབྱིངས་ཕོ་བྲང་ནས། །ཡེ་ཤེས་རྡོ་རྗེའི་ཞབས་ལ༴ རང་སེམས༴ དོན་གཉིས་ལྷུན་གྱིས་གྲུབ་པའི་ཕོ་བྲང་ནས། །ཆོས་ཀྱི་དོན་གྲུབ་ཞབས་ལ༴ རང་སེམས༴ མཐའ་ཡས་འགྲོ་རྣམས་སྒྲོལ་བའི་ཕོ་བྲང་ནས། །བྱང་ཆུབ་རྡོ་རྗེའི་ཞབས་ལ༴ རང་སེམས༴ དྲི་མེད་ཟབ་གསལ་གར་གྱི་ཕོ་བྲང་ནས། །ཆོས་ཀྱི་འབྱུང་གནས་ཞབས་ལ༴ རང་སེམས༴ ཕྱོགས་ལས་རྣམ་རྒྱལ་ཆོས་ཀྱི་ཕོ་བྲང་


KMC009_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །བདུད་འདུལ་རྡོ་རྗེའི་ཞབས་ལ༴ རང་སེམས༴ རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཕོ་བྲང་ནས། །ཆོས་གྲུབ་རྒྱ་མཚོའི་ཞབས་ལ༴ རང་སེམས༴ བདེ་སྟོང་ཆོས་དབྱིངས་འགྱུར་མེད་ཕོ་བྲང་ནས། །པདྨ་ཉིན་བྱེད་དབང་པོར་༴ རང་སེམས༴ བྲལ་སྨིན་ཡོན་ཏན་ལྷུན་རྫོགས་ཕོ་བྲང་ནས། །ཐེག་མཆོག་རྡོ་རྗེའི་ཞབས་ལ༴ རང་སེམས༴ རླུང་སེམས་དྷཱུ་ཏིར་དག་པའི་ཕོ་བྲང་ནས། །བློ་གྲོས་མཐའ་ཡས་ཞབས་ལ༴ རང་སེམས༴ སྣང་སྲིད་རྣམ་དག་ལྷུན་འགྲུབ་ཕོ་བྲང་ནས། །མཁའ་ཁྱབ་རྡོ་རྗེའི་ཞབས་ལ༴ རང་སེམས༴ བདེ་ཆེན་འགྱུར་བ་མེད་པའི་ཕོ་བྲང་ནས། །པདྨ་དབང་མཆོག་ཞབས་ལ༴ རང་སེམས༴ སྣང་སྟོང་སྤྲོས་དང་བྲལ་ཕོ་བྲང་ནས། །མཁྱེན་བརྩེའི་འོད་ཟེར་ཞབས་ལ༴ རང་སེམས༴ འགྱུར་མེད་ལྷན་སྐྱེས་རྒྱལ་བའི་ཕོ་བྲང་ནས། །རིག་པའི་རྡོ་རྗེའི་ཞབས་ལ༴ རང་སེམས༴ སྤྱི་གཙུག་བདེ་བ་ཆེན་པོའི་ཕོ་བྲང་ནས། །རྩ་བའི་བླ་མའི་ཞབས་ལ༴


KMC009_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

རང་སེམས༴ བདུད་བཞི་གཡུལ་ལས་རྒྱལ་བའི་ཕོ་བྲང་ནས། །རྡོ་རྗེ་རྣལ་འབྱོར་མ་ལ༴ རང་སེམས༴ བགེགས་དང་ལོག་འདྲེན་འཇོམས་མཛད་ཕོ་བྲང་ནས། །ཆོས་སྐྱོང་མ་མགོན་གཉིས་ལ་གསོལ་བ་འདེབས། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །ཁྱོད་ལ་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །འགྲོ་རྣམས་མ་རིག་མུན་པ་རབ་གསལ་ནས། །ཐར་པ་ཆེན་པོའི་ལམ་མཆོག་རབ་བགྲོད་དེ། །རྣམ་མཁྱེན་སངས་རྒྱས་གོ་འཕང་ཐོབ་པར་ཤོག །ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ལྔའི་རང་བཞིན་གྱི་འོད་ཟེར་ཁ་དོག་ལྔ་བྱུང་ནས་བདག་གི་གནས་ལྔར་ཐིམ་པས་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་ནས་རང་ཉིད་ལྷ་མོ་ལྔའི་རང་བཞིན་དུ་བྱས་ཏེ། དེ་ནས་ཚོགས་ཞིང་གི་ཡེ་ཤེས་པ་ཐམས་ཅད་རང་གི་སྙིང་གའི་གནས་སུ་ཐིམ་པར་གྱུར། ༀ་ཨཱཿཧཱུྃ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་


KMC009_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག །ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། གཟུང་བ་དང་འཛིན་པས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ། རྩ་བ་ཕྲ་བ་ཐུར་དུ་ཟུག་པ། ཁ་གདེངས་ཆེ་བ་གྱེན་དུ་བསྟན་པ། ཕྱི་དཀར་ལ་ནང་དམར་བ། ཡངས་ཤིང་རྒྱ་ཆེ་བ་དེའི་དབུས་སུ་གདན་པདྨ་རོ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་གྱི་སྟེང་དུ། རང་གི་རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་ཚེག་དྲག་དང་བཅས་པ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། །སེམས་ཅན་ཐམས་ཅད་ལ་ཕོག །སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་ནས་ཇོ་མོའི་སྐུར་གྱུར། ཚུར་འདུས་ཧྲཱིཿལ་ཐིམ་པས་ཆུ་ལ་ཉ་


KMC009_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ལྡང་བའི་ཚུལ་དུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར་པ་ནི། དེ་ཡང་ཆོས་ཐམས་ཅད་ཆོས་ཀྱི་སྐུར་རོ་གཅིག་པའི་ཕྱིར་ཞལ་གཅིག་དང་ལྡན་པ། ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་ཕྱིར་ཕྱག་གཉིས་དང་ལྡན་པ། རབ་ཏུ་འཇིགས་པའི་སྐུ་བདུད་དཔུང་གི་ཚོགས་ལ་ཁྲོས་ཤིང་ཆེར་ཁྲོས་པ། སྐུ་མདོག་དམར་ཞིང་འོད་ཟེར་རབ་ཏུ་འབར་བས་སྟོང་གསུམ་ཐམས་ཅད་ཁྱབ་ཅིང་བརྟན་པ་དང་གཡོ་བའི་བཅུད་འཕྲོག་པར་བྱེད་པ། ཕྱག་གཉིས་ཀྱིས་རྡོ་རྗེའི་གྲི་གུག་དང་ཐོད་ཁྲག་བསྣམས་ཤིང་གར་སྟབས་སུ་འགྱིང་བ། ཡབ་ཧེ་རུ་ཀ་སྦས་པའི་ཚུལ་དུ་སྦྱོར་བས་ཁ་ཊྭཱཾ་ག་མཆན་ཁུང་ན་ཡར་བསྒྲེང་བ། བཅུ་དྲུག་ལོན་པའི་ན་ཚོད་ལྟར་བཅུད་ཀྱིས་རྒྱས་ཤིང་ནུ་མ་འབུར་བ། དུས་གསུམ་མཁྱེན་ཕྱིར་རབ་ཏུ་གཏུམ་པའི་སྤྱན་གསུམ་ཁྲག་ལྟར་དམར་ཞིང་ཟླུམ་ལ་གཡོ་བ། བདུད་བཞི་འདུལ་བའི་ཕྱིར་ཁྲོ་གཉེར་དང་མཆེ་བ་རྣམ་པར་གཙིགས་ཤིང་མ་


KMC009_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

མཆུ་ཚེམས་ཀྱིས་མནན་པ། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ་ལ་རིགས་ལྔས་མཚན་པའི་ཕྱིར་ཐོད་པ་སྐམ་པོ་ལྔའི་ཕྲེང་བས་དབུ་ལ་བརྒྱན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་ཕྱིར་ཐལ་བ་སྤངས་པའི་ཕྱག་རྒྱ་ལྔས་བརྒྱན་པ། འདུ་བྱེད་ལྔ་བཅུ་རྩ་གཅིག་ཡོངས་སུ་དག་པའི་ཕྱིར་ཐོད་རློན་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་བྱས་པ། མེ་ཏོག་དམར་པོའི་ཕྲེང་བ་དང་དྲིལ་བུ་གཡེར་ཁ་དང་རུས་པའི་རྒྱན་ཆ་དུ་མས་བརྒྱན་པ། འཁོར་འདས་གཉིས་ཀྱི་མཐའ་ལ་མི་གནས་པའི་ཕྱིར་གདན་པདྨ་རོ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་གྱི་སྟེང་དུ་ཞབས་བརྐྱང་བསྐུམ་གྱིས་གར་སྟབས་སུ་བཞུགས་པའོ། །གཞུང་དུ། དེ་ཡི་འཁོར་ལོ་རྣམ་བཞི་ལ། །མཁའ་འགྲོ་སྡེ་བཞི་འཁོར་བཅས་བསྐྱེད། །ཅེས་དང་། མར་པའི་ཞལ་གདམས་ལས། དེའི་སྤྱི་བོར་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་རྡོ་རྗེས་མཚན་པའི་གྲི་གུག་དང་། གཡོན་པས་ཐོད་པ་བདུད་རྩིས་


KMC009_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བཀང་བ་བསྣམས་པ། གྲུ་མོ་ན་ཁ་ཊྭཱཾ་ག་བཅུག་པ། འཁོར་རྒྱན་ཆ་ལུགས་དེ་དང་འདྲ་བའི་དཔའ་མོ་སུམ་ཅུ་སོ་གཉིས་ཀྱིས་བསྐོར་བ། མགྲིན་པར་རི་ལས་རིན་ཆེན་མཁའ་འགྲོ་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་རིན་པོ་ཆེས་མཚན་པའི་གྲི་གུག་དང་། གཡོན་པས་ཐོད་པ་བདུད་རྩིས་བཀང་བ་བསྣམས་པ། གྲུ་མོ་ན་ཁ་ཊྭཱཾ་ག་བཅུག་པ། འཁོར་རྒྱན་ཆ་ལུགས་དེ་དང་འདྲ་བའི་དཔའ་མོ་བཅུ་དྲུག་གིས་བསྐོར་བ། སྙིང་གར་ནི་ལས་པདྨ་མཁའ་འགྲོ་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་པད་མས་མཚན་པའི་གྲི་གུག་དང་། གཡོན་པས་ཐོད་པ་བདུད་རྩིས་བཀང་བ་བསྣམས་པ། གྲུ་མོ་ན་ཁ་ཊྭཱཾ་ག་བཅུག་པ། འཁོར་རྒྱན་ཆ་ལུགས་དེ་དང་འདྲ་བའི་དཔའ་མོ་བརྒྱད་ཀྱིས་བསྐོར་བ། ལྟེ་བར་ས་ལས་ལས་ཀྱི་མཁའ་འགྲོ་མ་སྐུ་མདོག་ལྗང་ཁུ་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་རལ་གྲིས་མཚན་པའི་གྲི་གུག་


KMC009_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གཡོན་པས་ཐོད་པ་བདུད་རྩིས་བཀང་བ་བསྣམས་པ། གྲུ་མོ་ན་ཁ་ཊྭཱཾ་ག་བཅུག་པ། འཁོར་རྒྱན་ཆ་ལུགས་དེ་དང་འདྲ་བའི་དཔའ་མོ་དྲུག་ཅུ་རྩ་བཞིས་བསྐོར་བའོ། །གཙོ་མོའི་གསང་གནས་སུ་ཆོས་འབྱུང་གྲུ་གསུམ་མེ་ཡི་དཀྱིལ་འཁོར་ལྟ་བུའི་དབུས་སུ་ཡི་གེ་ཧྲཱིཿདམར་པོ་འཁོར་གྱི་མཁའ་འགྲོ་མ་བཞིའི་ཐུགས་ཀར་ཧ་རི་ནི་ས་ཡི་གེ་ལྔ་ལས་འོད་ཟེར་འཕྲོས་པས། ཨོ་ཌྱན་གྱི་གནས་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་རིགས་བཞི་མཁའ་འགྲོའི་ཚོགས་དང་བཅས་པ་ལ་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁའི་གནས་སུ་བཛྲ་ས་མཱ་ཛཿ དེ་རྣམས་ཀྱི་སྐུ་ལས་རྗེ་བཙུན་མ་གཙོ་འཁོར་གྱི་སྐུ་དཔག་ཏུ་མེད་པ་བྱོན། སྤྱི་བོར་ཐིམ། བདེ་བ་དང་ནུས་པ་བསྐྱེད། དེ་རྣམས་ཀྱི་གསུང་ལས་སྔགས་ཨཱ་ལི་ཀཱ་ལི་དཀར་པོ་དང་དམར་པོའི་ཕྲེང་བ་བྱུང་། མགྲིན་པར་ཐིམ། མཐུ་དང་ནུས་པ་བསྐྱེད། དེ་


KMC009_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཐུགས་ལས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་ཡེ་ཤེས་ལྔའི་རང་བཞིན་བྱོན། སྙིང་གར་ཐིམ། བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས། ལྷ་མོ་དེ་རྣམས་རང་རང་གི་སྐུ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། གཙོ་མོའི་གསང་གནས་སུ་ཆོས་འབྱུང་གི་དབུས་ན་ཧྲཱིཿདམར་པོ་ལ་གཡོན་དུ་བསྐོར་བའི་སྔགས་ཕྲེང་དང་མཁའ་འགྲོ་མ་བཞིའི་ཐུགས་ཀའི་ཡི་གེ་ལ་དམིགས་ཏེ་བཟླས་པ་བྱ། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། རྫོགས་རིམ་ནི། ཕྱི་རོལ་སྣོད་བཅུད་རྟེན་གཞལ་ཡས་ཁང་འཁོར་དང་བཅས་པ་བདག་ཉིད་ལ་འདུས། བདག་ཉིད་ཀྱང་སྤྱི་བོ་དང་ཞབས་མཐིལ་ནས་འདུས་ཏེ། གསང་གནས་ཀྱི་སྔགས་འཁོར་དང་ཧྲཱིཿལ་ཐིམ། དེ་ཡང་ཐིག་ལེ་དང་ནཱ་ད་ལས་འདས་ནས་དོན་དམ་པ་སྟོང་པ་ཉིད་དོ། །ཞེས་ཅི་གནས་སུ་བཞག་ལ། སླར་ཡང་དེ་ཉིད་ཀྱི་ངང་ལས་སྟོང་བཞིན་དུ་ཉེ་བར་སྣང་བ་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་ཁྱད་པར་དུ་བྱས་པའི་ཟུང་འཇུག་གཟུགས་ཀྱི་སྐུ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་


KMC009_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པ་བསྣམས་པ་སྐུ་མདོག་དམར་མོ་ཕྱག་རྒྱ་ལྔས་བརྒྱན་པ་གསལ་བར་གྱུར། བདག་བསྐྱེད་དོ། །ལག་པ་མཆོད་པའི་ཆོ་ག་ནི། བདུད་རྩི་རིལ་བུ་དང་ལྡན་པའི་མྱོས་བྱེད་ལ། ༀ་ཨཱཿབི་གྷྣཱན་ཏཱ་ཀྲྀ་ཏ་ཧཱུྃ་ཕཊ། ཀྱིས་བསང་། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཟླུམ་བསྐོར། ༀ་ཨཱཿཧཱུྃ། གིས་ཆོས་འབྱུང་དབུས་དང་ཕྱོགས་བཞིར། ཧྲཱིཿཧ་རི་ནི་ས། ཐིག་ལེ་ལྔ་བྱ། ཆོས་འབྱུང་གྲུ་གསུམ་གྱི་གཞལ་ཡས་ཁང་ཆེན་པོའི་དབུས་སུ་གདན་པདྨ་རོ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་གྱི་སྟེང་དུ། དབུས་སུ་ཧྲཱིཿདམར་པོ། ཤར་དུ་ཧ་སྔོན་པོ། ལྷོར་རི་སེར་པོ། ནུབ་ཏུ་ནི་དམར་པོ། བྱང་དུ་ས་ལྗང་གུ། དེ་དག་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ལ་ཕོག །སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་ནས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལྷ་ལྔའི་རང་བཞིན་དུ་གྱུར། ཆང་གཏོར་ཞིང་། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ལག་གཉིས་བསངས། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་


KMC009_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

དྷརྨཿསྭ་བྷཱ་ཝ་ཤུདྡྷོ ྅་ཧཾ། ལག་པ་གཡོན་པའི་མཐིལ་དུ་ཟླུམ་བསྐོར། ༀ་ཨཱཿཧཱུྃ། གིས་ཆོས་འབྱུང་བྱ། ཧྲཱིཿཧ་རི་ནི་ས། དབུས་དང་ཕྱོགས་བཞིར་ཐིག་ལེ་ལྔ་བྱ། ཆོས་འབྱུང་གྲུ་གསུམ་གྱི་གཞལ་ཡས་ཁང་ཆེན་པོའི་དབུས་སུ་གདན་པདྨ་རོ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་གྱི་སྟེང་དུ། དབུས་སུ་ཧྲཱིཿདམར་པོ། ཤར་དུ་ཧ་སྔོན་པོ། ལྷོར་རི་སེར་པོ། ནུབ་ཏུ་ནི་དམར་པོ། བྱང་དུ་ས་ལྗང་ཁུ། དེ་དག་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ལ་ཕོག །སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་ནས། ཚུར་འདུས་ཡོངས་སུ་གྱུར་པ་ལས། དབུས་སུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་གཉིས་ཕྱག་གཡས་རྡོ་རྗེས་མཚན་པའི་གྲི་གུག་དང་། གཡོན་པས་ཐོད་པ་བདུད་རྩིས་བཀང་བ་བསྣམས་པ། གྲུ་མོ་ན་ཁ་ཊྭཱཾ་ག་ཡོད་པ། རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། དེའི་ཤར་དུ་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་སྔོན་མོ། ལྷོར་རི་


KMC009_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རིན་ཆེན་མཁའ་འགྲོ་མ་སྐུ་མདོག་སེར་མོ། ནུབ་ཏུ་ནི་ལས་པདྨ་མཁའ་འགྲོ་མ་སྐུ་མདོག་དམར་མོ། བྱང་དུ་ས་ལས་ལས་ཀྱི་མཁའ་འགྲོ་མ་སྐུ་མདོག་ལྗང་ཁུ། དེ་དག་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས། གཡས་པ་རྣམས་ཀྱིས་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། རལ་གྲིས་མཚན་པའི་གྲི་གུག་འཛིན་ཞིང་། གཡོན་པ་རྣམས་ཀྱིས་ཐོད་པ་བདུད་རྩིས་བཀང་བ་བསྣམས་པ། གྲུ་མོ་ན་ཁ་ཊྭཱཾ་ག་ཡོད་པ། རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཤྲཱི་བཛྲ་ཡོ་གི་ནཱི་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝིདྱ། ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ་སྭཱ་ཧཱ། མཱ་ཏངྒི་ཨཱཿཧཱུྃ་སྭཱ་ཧཱ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོ་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པ་འཆིང་གཅོད་ཅིང་། །


KMC009_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །ལྟེ་བའི་དབུས་ནས་འབྱུང་བཞི་འཕྲོ། །ཆོས་དང་ལོངས་སྤྱོད་རྫོགས་པར་ལྡན། །མཁའ་འགྲོ་མ་རྣམས་སྡུད་མཛད་མ། །རྗེ་བཙུན་མ་ལ་ཕྱག་འཚལ་བསྟོད། །རང་གི་ལྟེ་བའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས་པར་བསམ་ལ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་རྡོ་རྗེ་ཕག་མོ་འཁོར་བཅས་རྣམས། །སེམས་ཅན་དོན་ལ་དགོངས་མཛོད་ལ། །སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ། །ༀ་ཨེ་ཨཱ་ར་ལི་ཧོཿབཛྲ་ཝཱ་རཱ་ཧཱི། ཛཿཧཱུྃ་བཾ་ཧོཿ བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཌཱ་ཀི་ནཱི་ཡེ། རཏྣ་ཌཱ་ཀི་ནཱི་ཡེ། པདྨ་ཌཱ་ཀི་ནཱི་ཡེ། ཀརྨ་ཌཱ་ཀི་ནཱི་ཡེ། བི་ཤྭ་ཌཱ་ཀི་ནཱི་ཡེ། ལོ་ཀ་ཌཱ་ཀི་ནཱི་ཡེ། ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོ། ཕེཾ་ཕེཾ་ཕེཾ། ༀ་ཤྲཱི་བཛྲ་ཝཱ་རཱ་ཧཱི། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། ༀ་བཛྲ་པུཥྤེ་


KMC009_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཧཱུྃ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱེ། ཤབྡ་ཨཱཿཧཱུྃ། པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ། མཱ་ཏངྒི་ཨཱཿཧཱུྃ། ༀ་བཅོམ་ལྡན་མགོན་པོ་དཔའ་བོ་ཆེན་པོ་ནི། །བསྐལ་པའི་མེ་དཔུང་ལྟ་བུར་རབ་ཏུ་འབར། །རལ་པའི་ཅོད་པན་དབུ་ཡི་རྒྱན་དུ་བཅིངས། །མཆེ་བ་རབ་གཙིགས་དྲག་ཤུལ་འཇིགས་པའི་ཞལ། །དབུ་ལ་སྤྱན་གསུམ་གཟི་བརྗིད་ལྡན་པ་པོ། །དགྲ་སྟ་ཞགས་པ་ཁ་ཊྭཱཾ་མདུང་རྩེ་བསྣམས། །རབ་འཇིགས་སྟག་གི་པགས་པ་སྐུ་ལ་གསོལ། །སྐུ་ཆེན་དུད་ཀ་བགེགས་འདུལ་མཛད་ལ་འདུད། །བཅོམ་ལྡན་རྣམ་ཀུན་རྡོ་རྗེ་ཕག་མོ་ཆེ། །འཇིག་རྟེན་གསུམ་གཞན་རྒོལ་བས་མི་ཚུགས་ཤིང་། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཕག་མོས་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་པ་ལས་རྒྱལ་ཞིང་། །བདུད་ཀྱི་འཇིགས་པ་མ་ལུས་སྐེམས་ཤིང་ཕམ་མཛད་མ། །སྐྱེས་གནས་འབྱུང་བ་ཀུན་གྱི་རང་བཞིན་གཟུགས། །ས་གསུམ་དབང་ཕྱུག་ཆོས་རྣམས་ཡོངས་རྫོགས་མཛད། །


KMC009_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་འདོད་པའི་དབང་ཕྱུག་མ་ལ་འདུད། །ནམ་མཁའི་ལྷ་ཚོགས་རྣམས་ལག་པའི་ལྷ་ཚོགས་ལ་ཐིམ། ལག་པའི་ལྷ་ཚོགས་རྣམས་ཆང་ནང་གི་ལྷ་ཚོགས་ལ་ཐིམ་པས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ། གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་བླངས་ནས་ཕྱོགས་མཚམས་སུ་གཏོར་ཞིང་། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཕྱི་རོལ་གྱི་བགེགས་དང་མ་དག་པའི་ཚོགས་ཚར་བཅད་ནས་མཁའ་འགྲོ་མའི་དྲ་གུར་བསྲུང་བའི་འཁོར་ལོའི་རང་བཞིན་དུ་གྱུར། རང་ལ་གཏོར་ལ། རང་གི་བ་སྤུའི་བུ་ག་ཐམས་ཅད་ཀྱང་མཁའ་འགྲོ་མའི་ཚོགས་ཀྱིས་གང་བར་གྱུར། ཚོགས་དང་མཆོད་རྫས་ལ་གཏོར་ལ། མཆོད་པའི་ཡོ་བྱད་ཐམས་ཅད་བདུད་རྩིའི་རང་བཞིན་དུ་གྱུར། རྩ་བ་དང་བརྒྱུད་པའི་བླ་མ་རྣམས་དང་། ཡི་དམ་ཆོས་སྐྱོང་གི་མཚན་སྨོས་ལ། ༀ་ཨཱཿཧཱུྃ། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། དངོས་གྲུབ་


KMC009_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། གཞན་ཡང་འགྲོ་བ་རིགས་དྲུག་ལམ་བརྒྱུད་ལྔ་སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཡི་དམ་གྱི་ལྷར་གསལ་བའི་ཞལ་དུ་ༀ་ཨཱཿཧཱུྃ། གིས་དབུལ་ལོ། །རང་གི་ལྕེ་ཐོག་ཏུ་བཞག་ནས་བདུད་རྩི་མྱང་ལ། ༀ་ཨཱཿཧཱུྃ། ཞེས་བརྗོད་དོ། ༈ །བུམ་བསྐྱེད་ནི། བདུད་རྩི་གཏོར་ལ། ༀ་ཨཱཿབི་གྷྣཱནྟ་ཀྲྀ་ཏ་ཧཱུྃ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱ ཿ སྭ་བྷཱ་ཝ་ཤུདྡྷོ ྅་ཧཾ། སྟོང་པ་ཉིད་དུ་ུགྱུར། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་དམར་པོ། རྩ་བ་དང་ནག་པོ་མེད་པ། ལྟོ་བ་ཡངས་པ། མགྲིན་པ་རིང་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགྲིན་པར་དཀྲིས་པ། ཙཱུ་ཏའི་ཤིང་གི་ཡལ་ག་དམར་པོས་ཁ་བརྒྱན་པ། དེའི་ནང་དུ་སྨན་ལྔ། འབྲུ་ལྔ། རིན་པོ་ཆེ་ལྔ། དྲི་ལྔ། སྙིང་པོ་ལྔ་རྣམས་དང་། ལྷའི་བདུད་རྩིའི་ཆུས་གང་བའི་དབུས་སུ་ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་


KMC009_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྩ་བ་ཕྲ་བ་ཐུར་དུ་ཟུག་པ། ཁ་གདེངས་ཆེ་བ་གྱེན་དུ་བསྟན་པ། ཕྱི་དཀར་ལ་ནང་དམར་བ། ཡངས་ཤིང་རྒྱ་ཆེ་བ་དེའི་དབུས་སུ་གདན་པདྨ་རོ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་གྱི་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་ཚེག་དྲག་དང་བཅས་པ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ལ་ཕོག །སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་ནས་ཇོ་མོའི་སྐུར་གྱུར། ཚུར་འདུས་ཧྲཱིཿལ་ཐིམ་པས་ཆུ་ལ་ཉ་ལྡང་བའི་ཚུལ་དུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར་པ་ནི། དེ་ཡང་ཆོས་ཐམས་ཅད་ཆོས་ཀྱི་སྐུར་རོ་གཅིག་པའི་ཕྱིར་ཞལ་གཅིག་དང་ལྡན་པ། ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་ཕྱིར་ཕྱག་གཉིས་དང་ལྡན་པ། རབ་ཏུ་འཇིགས་པའི་སྐུ་བདུད་དཔུང་གི་ཚོགས་ལ་ཁྲོས་ཤིང་ཆེར་འཁྲོས་པ། སྐུ་མདོག་དམར་ཞིང་འོད་ཟེར་རབ་ཏུ་འབར་བས་སྟོང་གསུམ་ཐམས་ཅད་ཁྱབ་ཅིང་བརྟན་པ་དང་གཡོ་བའི་བཅུད་འཕྲོག་པར་བྱེད་པ།


KMC009_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཉིས་ཀྱིས་རྡོ་རྗེའི་གྲི་གུག་དང་ཐོད་ཁྲག་བསྣམས་ཤིང་གར་སྟབས་སུ་འགྱིང་བ། ཡབ་ཧེ་རུ་ཀ་སྦས་པའི་ཚུལ་དུ་སྦྱོར་བས་ཁ་ཊྭཱཾ་ག་མཆན་ཁུང་ན་ཡར་བསྒྲེང་བ། བཅུ་དྲུག་ལོན་པའི་ན་ཚོད་ལྟར་བཅུད་ཀྱིས་རྒྱས་ཤིང་ནུ་མ་འབུར་བ། དུས་གསུམ་མཁྱེན་ཕྱིར་རབ་ཏུ་གཏུམ་པའི་སྤྱན་གསུམ་ཁྲག་ལྟར་དམར་ཞིང་ཟླུམ་ལ་གཡོ་བ། བདུད་བཞི་འདུལ་བའི་ཕྱིར་ཁྲོ་གཉེར་དང་མཆེ་བ་རྣམ་པར་གཙིགས་ཤིང་མ་མཆུ་ཚེམས་ཀྱིས་མནན་པ། དབུ་སྐྲ་ཁམས་ནག་གྱེན་དུ་བརྫེས་པ་ལ་རིགས་ལྔས་མཚན་པའི་ཕྱིར་ཐོད་པ་སྐམ་པོ་ལྔའི་ཕྲེང་བས་དབུ་ལ་བརྒྱན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་ཕྱིར་ཐལ་བ་སྤངས་པའི་ཕྱག་རྒྱ་ལྔས་བརྒྱན་པ། འདུ་བྱེད་ལྔ་བཅུ་རྩ་གཅིག་ཡོངས་སུ་དག་པའི་ཕྱིར་ཐོད་རློན་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་བྱས་པ། མེ་ཏོག་དམར་པོའི་ཕྲེང་བ་དང་དྲིལ་བུ་གཡེར་ཁ་དང་རུས་པའི་རྒྱན་ཆ་དུ་མས་བརྒྱན་པ། འཁོར་འདས་


KMC009_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་མཐའ་ལ་མི་གནས་པའི་ཕྱིར་གདན་པདྨ་རོ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་གྱི་སྟེང་དུ་ཞབས་བརྐྱང་བསྐུམ་གྱི་གར་སྟབས་སུ་བཞུགས་པའོ། །དེའི་ཤར་དུ་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་སྔོན་མོ། ལྷོར་རི་ལས་རིན་ཆེན་མཁའ་འགྲོ་མ་སྐུ་མདོག་སེར་མོ། ནུབ་ཏུ་ནི་ལས་པདྨ་མཁའ་འགྲོ་མ་སྐུ་མདོག་དམར་མོ། །བྱང་དུ་ས་ལས་ལས་ཀྱི་མཁའ་འགྲོ་མ་སྐུ་མདོག་ལྗང་ཁུ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། རལ་གྲིས་མཚན་པའི་གྲི་གུག་བསྣམས་པ། གཡོན་པ་རྣམས་ཀྱིས་ཐོད་པ་བདུད་རྩིས་གང་བ་བསྣམས་པ། གྲུ་མོ་ན་ཁ་ཊྭཱཾ་ག་ཡོད་པ། རྒྱན་ཆ་ལུགས་ཐམས་ཅད་གཙོ་མོ་དང་མཚུངས་པའོ། །གཙོ་མོའི་གསང་གནས་སུ་ཆོས་འབྱུང་གྲུ་གསུམ་མེའི་དཀྱིལ་འཁོར་ལྟ་བུའི་དབུས་སུ་ཡི་གེ་ཧྲཱིཿདམར་པོ་འཁོར་གྱི་མཁའ་འགྲོ་མ་བཞིའི་ཐུགས་ཀར་ཧ་རི་ནི་


KMC009_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཡི་གེ་ལྔ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་དང་ཨོ་ཌྱན་གྱི་གནས་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་རིགས་བཞི་མཁའ་འགྲོའི་ཚོགས་དང་བཅས་པ། དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱི་སྦྱོར་མཚམས་ནས་སྐུ་གསུང་ཐུགས་བྱང་སེམས་དཀར་དམར་གྱི་བདུད་རྩི་སྤྱན་དྲངས། བཛྲ་ས་མཱ་ཛཿ མེ་ལོང་གི་སྔགས་འཁོར་དང་། ཐོད་པའི་བདུད་རྩི། བུམ་པའི་ལྷ་ཚོགས་རྣམས་ལ་ཛཿཧཱུྃ་བཾ་ཧོཿ ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། དམིགས་པ་དེ་ལྟ་བུས་བུམ་པ་སོགས་ལ་བཟླས་པ་བྱ། མེ་ལོང་། ཐོད་པ། བུམ་པ་བདུད་རྩིས་རིམ་བཞིན་ཁེངས་ནས་བུམ་ལྷ་ཞུ་བར་གྱུར། ༈ །མདུན་བསྐྱེད་ནི། ༀ་ཨཱཿབི་གྷྣཱནྟ་ཀྲྀ་ཏ་ཧཱུྃ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་རྩ་བ་ཕྲ་བ་ཐུར་དུ་ཟུག་པ། ཁ་གདེངས་ཆེ་བ་གྱེན་དུ་བསྟན་པ། ཕྱི་དཀར་ལ་ནང་དམར་བ། ཡངས་


KMC009_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་རྒྱ་ཆེ་བ་དེའི་དབུས་སུ་གདན་པདྨ་རོ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་གྱི་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་ཚེག་དྲག་དང་བཅས་པ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ལ་ཕོག་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་ནས་ཇོ་མོའི་སྐུར་གྱུར། ཚུར་འདུས་ཧྲཱིཿལ་ཐིམ་པས་ཆུ་ལ་ཉ་ལྡང་བའི་ཚུལ་དུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར་པ་ནི། དེ་ཡང་ཆོས་ཐམས་ཅད་ཆོས་ཀྱི་སྐུར་རོ་གཅིག་པའི་ཕྱིར་ཞལ་གཅིག་དང་ལྡན་པ། ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་ཕྱིར་ཕྱག་གཉིས་དང་ལྡན་པ། རབ་ཏུ་འཇིགས་པའི་སྐུ་བདུད་དཔུང་གི་ཚོགས་ལ་ཁྲོས་ཤིང་ཆེར་ཁྲོས་པ། སྐུ་མདོག་དམར་ཞིང་འོད་ཟེར་རབ་ཏུ་འབར་བས་སྟོང་གསུམ་ཐམས་ཅད་ཁྱབ་ཅིང་བརྟན་པ་དང་གཡོ་བའི་བཅུད་འཕྲོག་པར་བྱེད་པ། ཕྱག་གཉིས་ཀྱིས་རྡོ་རྗེའི་གྲི་གུག་དང་ཐོད་ཁྲག་བསྣམས་ཤིང་གར་སྟབས་སུ་འགྱིང་བ། ཡབ་ཧེ་རུ་


KMC009_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་སྦས་པའི་ཚུལ་དུ་སྦྱོར་བས་ཁ་ཊྭཱཾ་ག་མཆན་ཁུང་ན་ཡར་བསྒྲེང་བ། བཅུ་དྲུག་ལོན་པའི་ན་ཚོད་ལྟར་བཅུད་ཀྱིས་རྒྱས་ཤིང་ནུ་མ་འབུར་བ། དུས་གསུམ་མཁྱེན་ཕྱིར་རབ་ཏུ་གཏུམ་པའི་སྤྱན་གསུམ་ཁྲག་ལྟར་དམར་ཞིང་ཟླུམ་ལ་གཡོ་བ། བདུད་བཞི་འདུལ་བའི་ཕྱིར་ཁྲོ་གཉེར་དང་མཆེ་བ་རྣམ་པར་གཙིགས་ཤིང་མ་མཆུ་ཚེམས་ཀྱིས་མནན་པ། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ་ལ་རིགས་ལྔས་མཚན་པའི་ཕྱིར་ཐོད་པ་སྐམ་པོ་ལྔའི་ཕྲེང་བས་དབུ་ལ་བརྒྱན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་ཕྱིར་ཐལ་བ་སྤངས་པའི་ཕྱག་རྒྱ་ལྔས་བརྒྱན་པ། འདུ་བྱེད་ལྔ་བཅུ་རྩ་གཅིག་ཡོངས་སུ་དག་པའི་ཕྱིར་ཐོད་རློན་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་བྱས་པ། མེ་ཏོག་དམར་པོའི་ཕྲེང་བ་དང་དྲིལ་བུ་གཡེར་ཁ་དང་རུས་པའི་རྒྱན་ཆ་དུ་མས་བརྒྱན་པ། འཁོར་འདས་གཉིས་ཀྱི་མཐའ་ལ་མི་གནས་པའི་ཕྱིར་གདན་པདྨ་རོ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་གྱི་སྟེང་དུ་


KMC009_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་བརྐྱང་བསྐུམ་གྱིས་གར་སྟབས་སུ་བཞུགས་པའོ། །གཞུང་དུ། ཕྱོགས་ཀྱི་པདྨ་འདབ་བཞི་ལ། །འབྱུང་བཞི་བསྐྱེད་པའི་ས་བོན་ལས། །རིགས་བཞི་མཁའ་འགྲོ་རྣམ་བཞི་བསྐྱེད། །ཅེས་དང་། ཞལ་གདམས་ཀྱི་ཐོག་མར། དེའི་ཤར་དུ་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་སྔོན་མོ། ལྷོར་རི་ལས་རིན་ཆེན་མཁའ་འགྲོ་མ་སྐུ་མདོག་སེར་མོ། ནུབ་ཏུ་ནི་ལས་པདྨ་མཁའ་འགྲོ་མ་སྐུ་མདོག་དམར་མོ། བྱང་དུ་ས་ལས་ལས་ཀྱི་མཁའ་འགྲོ་མ་སྐུ་མདོག་ལྗང་ཁུ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས། །གཡས་པ་རྣམས་ཀྱིས་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། རལ་གྲིས་མཚན་པའི་གྲི་གུག་བསྣམས་པ། གཡོན་པ་རྣམས་ཀྱིས་ཐོད་པ་བདུད་རྩིས་གང་བ་བསྣམས་པ། གྲུ་མོ་ན་ཁ་ཊྭཱཾ་ག་ཡོད་པ། རྒྱན་ཆ་ལུགས་ཐམས་ཅད་གཙོ་མོ་དང་མཚུངས་པའོ། །གཙོ་མོའི་གསང་གནས་སུ་ཆོས་འབྱུང་གྲུ་གསུམ་མེའི་དཀྱིལ་འཁོར་ལྟ་བུའི་དབུས་སུ་ཡི་གེ་ཧྲཱིཿདམར་པོ་འཁོར་གྱི་མཁའ་འགྲོ་མ་བཞིའི་ཐུགས་


KMC009_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཧ་རི་ནི་ས་ཡི་གེ་ལྔ་ལས་འོད་ཟེར་འཕྲོས་པས། ཨོ་ཌྱན་གྱི་གནས་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་རིགས་བཞི་མཁའ་འགྲོའི་ཚོགས་དང་བཅས་པ་ལ་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁའི་གནས་སུ་བཛྲ་ས་མཱ་ཛཿ ཧཱུྃ། སྣང་བ་ཆོས་སྐུའི་གཞལ་ཡས་ནས། །རྩ་བའི་བླ་མ་གཤེགས་སུ་གསོལ། །ཆོས་དབྱིངས་དག་པའི་གཞལ་ཡས་ནས། །བཀའ་བརྒྱུད་བླ་མ་གཤེགས་སུ་གསོལ། །ཆོས་སྐུ་སྤྲོས་བྲལ་དག་པ་ལ། །ལོངས་སྐུ་སྒྱུ་མའི་སྐུར་བསྟན་པ། །མཁའ་འགྲོའི་ཚོགས་བཅས་རྣལ་འབྱོར་མ། །ཕྱག་རྒྱ་ཆེན་པོའི་དབྱིངས་ནས་བཞེངས། །སེམས་ཅན་དོན་ལ་དགོངས་མཛོད་ལ། །སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ། །མི་འགྱུར་གནས་པའི་གཞལ་ཡས་ནས། །རྡོ་རྗེ་མཁའ་འགྲོ་གཤེགས་སུ་གསོལ། །བདེ་ཆེན་དག་པའི་གཞལ་ཡས་ནས། །སངས་རྒྱས་མཁའ་འགྲོ་གཤེགས་སུ་


KMC009_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །གཏེར་འབྱུང་ཡིད་བཞིན་གཞལ་ཡས་ནས། །རིན་ཆེན་མཁའ་འགྲོ་གཤེགས་སུ་གསོལ། །ཤེས་རབ་བཙུན་མོའི་བྷ་ག་ནས། །པདྨ་མཁའ་འགྲོ་གཤེགས་སུ་གསོལ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །ལས་ཀྱི་མཁའ་འགྲོ་གཤེགས་སུ་གསོལ། །མཆོད་རྟེན་དཀར་པོའི་དཔལ་གྲགས་ནས། །སྣ་ཚོགས་མཁའ་འགྲོ་གཤེགས་སུ་གསོལ། །རོ་ལངས་འཁྲུག་པའི་དུར་ཁྲོད་ནས། །འཇིག་རྟེན་མཁའ་འགྲོ་གཤེགས་སུ་གསོལ། །སྟེང་འོག་ཕྱོགས་མཚམས་སོ་སོ་ནས། །ཆོས་སྐྱོང་སྲུང་མ་གཤེགས་སུ་གསོལ། །ༀ་ཨེ་ཨཱ་ར་ལི་ཧོཿབཛྲ་ཝཱ་རཱ་ཧཱི། ཛཿཧཱུྃ་བཾ་ཧོཿ བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཌཱ་ཀི་ནཱི་ཡེ། རཏྣ་ཌཱ་ཀི་ནཱི་ཡེ། པདྨ་ཌཱ་ཀི་ནཱི་ཡེ། ཀརྨ་ཌཱ་ཀི་ནཱི་ཡེ། བི་ཤྭ་ཌཱ་ཀི་ནི་ཡེ། ལོ་ཀ་ཌཱ་ཀི་ནི་ཡེ་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོ། ཕེཾ་ཕེཾ་ཕེཾ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་


KMC009_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པར་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །ༀ་ཤྲཱི་བཛྲ་ཝཱ་རཱ་ཧཱི་པདྨ་ཀ་མ་ལ་ཡ་སྟྭཾ། ༀ་ཤྲཱི་བཛྲ་ཝཱ་རཱ་ཧཱི་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ༀ་བཛྲ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱེ། ཤབྡ་ཨཱཿཧཱུྃ། བཛྲ་ཝཱ་རཱ་ཧཱི། ༀ་ཨཱ༔ཧཱུྃ། བུདྡྷ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། བཛྲ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། རཏྣ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། པདྨ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། ཀརྨ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། བི་ཤྭ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། ལོ་ཀ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། གིས་ནང་མཆོད་འབུལ། དེ་རྣམས་ཀྱི་སྐུ་ལས་རྗེ་བཙུན་མ་གཙོ་འཁོར་གྱི་སྐུ་དཔག་ཏུ་མེད་པ་བྱོན། སྤྱི་བོར་ཐིམ། བདེ་བ་དང་ནུས་པ་བསྐྱེད། དེ་རྣམས་ཀྱི་གསུང་ལས་སྔགས་ཨཱ་ལི་ཀཱ་ལི་དཀར་པོ་དང་དམར་པོའི་ཕྲེང་བ་བྱུང་། མགྲིན་པར་ཐིམ། མཐུ་དང་ནུས་པ་བསྐྱེད། དེ་རྣམས་ཀྱི་ཐུགས་ལས་


KMC009_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་ཡེ་ཤེས་ལྔའི་རང་བཞིན་བྱོན། སྙིང་གར་ཐིམ། བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས། ལྷ་མོ་དེ་རྣམས་རང་རང་གི་སྐུ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། མདུན་བསྐྱེད་ལ་དམིགས་པའི་བཟླས་པ་བྱ། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། མཆོད་བཞི་བསྟོད་བཞི་ནི། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད། །འཁོར་འདས་ཡོན་ཏན་དཔལ་དང་ལྡན། །བཀའ་བརྒྱུད་རིན་པོ་ཆེ་ལ་ཕྱག་འཚལ་བསྟོད། །བླ་མ་སངས་རྒྱས་བླ་མ་ཆོས། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །ཀུན་གྱི་བྱེད་པ་བླ་མ་ཡིན། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཧཱུྃ་དཔལ་དང་ལྡན་པའི་བཅོམ་ལྡན་འདས་མ་ཁྱོད། །མཁའ་མཉམ་བདེ་རོལ་འགྲོ་བ་ཀུན་བདག་མོ། །ལོངས་སྤྱོད་སྒྱུ་མའི་གཟུགས་དང་ཆགས་པའི་མདངས། །མཁའ་འགྲོ་དྲྭ་བ་སྡོམ་ལ་ཕྱག་འཚལ་ལོ། །རྣམ་དག་མི་གཡོ་ཆོས་ཀྱི་


KMC009_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ཉིད་ལས། །ལྷན་ཅིག་སྐྱེས་པའི་བདེ་བ་སྟོང་པའི་ཞལ། །འགྱུར་མེད་བདེ་བ་སྟོང་པའི་གཟུགས་འཛིན་མ། །རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །རྒྱལ་བ་བདག་པོ་ལྔ་ཡི་ཕྱག་རྒྱ་ཅན། །རྣམ་དག་སྐུ་ལ་མི་བསྐྱོད་རྟགས་ཀྱིས་མཛེས། །རིགས་དྲུག་འཁོར་ལོས་སྒྱུར་བའི་གོ་ཆར་ལྡན། །འཁོར་ལོ་ཀུན་གྱི་ཡུམ་ལ་ཕྱག་འཚལ་ལོ། །ཁྱོད་ནི་རྣམ་དག་ཕུང་པོ་ལྔ་སྟོན་ཞིང་། །འབྱུང་ལྔ་རྣམ་དག་ཚངས་པའི་གནས་བཞིར་ལྡན། །བདུད་ལས་ཐར་མཛད་སྤྲུལ་པའི་ཞལ་མངའ་མ། །འཁོར་ལོ་སྡོམ་པའི་ཞབས་ལ་ཕྱག་འཚལ་ལོ། །བཛྲ་ཝཱ་རཱ་ཧཱི། ༀ་ཨཱཿཧཱུྃ། བུདྡྷ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། བཛྲ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། རཏྣ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། པདྨ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། ཀརྨ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། བི་ཤྭ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། ལོ་ཀ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། རོལ་མོ་འབུལ། རྒྱལ་བའི་སྐུ་ལ་ཉོན་མོངས་མི་མངའ་ཡང་། །སེམས་ཅན་ཉོན་མོངས་བག་ཆགས་སྦྱང་སླད་


KMC009_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། ཁམས་གསུམ་གནས་པའི་དྲི་མ་དག་གྱུར་ཅིག །ༀ་ཤྲཱི་བཛྲ་ཝཱ་རཱ་ཧཱི་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་གྱུར་པའི། །ལྷ་རྫས་དབྱིབས་ལེགས་མེ་ཏོག་དམ་པ་འདི། །ནམ་མཁའ་གང་བར་སེམས་ཀྱིས་མངོན་སྤྲུལ་ནས། །གཞལ་ཡས་ཁང་དུ་སྤྲིན་བཞིན་བཏིབས་གྱུར་ཅིག །ༀ་ཤྲཱི་བཛྲ་ཝཱ་རཱ་ཧཱི་བཛྲ་པུཥྤེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཚུལ་ཁྲིམས་དྲི་ལྡན་སྤོས་མཆོག་དམ་པ་འདི། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །སངས་རྒྱས་ཞིང་དུ་སྤོས་དྲི་ངད་ལྡང་བས། །རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་མཉེས་གྱུར་ཅིག །ༀ་ཤྲཱི་བཛྲ་ཝཱ་རཱ་ཧཱི་བཛྲ་དྷཱུ་པེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཉོན་མོངས་དུག་སྲེག་མ་རིག་མུན་སེལ་བའི། །ཤེས་རབ་གཟི་ལྡན་དཔལ་གྱི་སྒྲོན་མེ་འདི། །སྤྲིན་


KMC009_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མཁའ་ལ་ཉི་ཤར་ཇི་བཞིན་དུ། །འོད་ཟེར་སྣང་བས་ཕྱོགས་བཅུར་གསལ་གྱུར་ཅིག །ༀ་ཤྲཱི་བཛྲ་ཝཱ་རཱ་ཧཱི་བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། སྟོང་གསུམ་ཀུན་ཏུ་དྲི་དང་ངད་ལྡན་པའི། །སྤོས་དང་སྨན་སྦྱར་ཆུ་གཙང་རྒྱལ་བའི་ཁྲུས། །ཡེ་ཤེས་སྤྲིན་ཕུང་ཐུགས་རྗེའི་ཆར་རྒྱུན་གྱིས། །མི་གཙང་དྲི་མའི་ཚོགས་རྣམས་དག་གྱུར་ཅིག །ༀ་ཤྲཱི་བཛྲ་ཝཱ་རཱ་ཧཱི་བཛྲ་གནྡྷེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། རྒྱལ་བའི་སྐུ་ལ་བཀྲེས་པ་མི་མངའ་ཡང་། །འགྲོ་བའི་དོན་དུ་ལྷ་རྫས་བདུད་རྩིའི་བཤོས། །དག་ཅིང་གཙང་མར་བཤམས་ཏེ་འབུལ་ལགས་ན། །བསོད་ནམས་ཞིང་གྱུར་རྣམས་ཀྱིས་བཞེས་སུ་གསོལ། །ༀ་ཤྲཱི་བཛྲ་ཝཱ་རཱ་ཧཱི་བཛྲ་ནཻ་ཝི་དྱེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དྲིལ་ཆེན་སིལ་སྙན་རྣམ་གྲོལ་ཚངས་པའི་དབྱངས། །བསམ་དག་ངག་གིས་བསྟོད་དེ་གུས་མཆོད་འབུལ། །ས་བཅུ་རིམ་གྱིས་བགྲོད་ནས་


KMC009_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སར། །ཚོགས་གཉིས་རྫོགས་ནས་ཆོས་ཀྱི་རྒྱལ་པོར་ཤོག །ༀ་ཤྲཱི་བཛྲ་ཝཱ་རཱ་ཧཱི་བཛྲ་ཤབྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། བཛྲ་ཝཱ་རཱ་ཧཱི། ༀ་ཨཱཿཧཱུྃ། བུདྡྷ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། བཛྲ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། རཏྣ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། པདྨ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། ཀརྨ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། བི་ཤྭ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། ལོ་ཀ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ། །སྟོང་ཉིད་རྡོ་རྗེ་ལྡན་པའི་བདག་ཉིད་ཅན། །བསྐལ་པའི་མེ་འབར་འཇིགས་པའི་ཧཱུྃ་སྒྲ་སྒྲོགས། །རྡོ་རྗེ་གཏུམ་མོ་དེ་ལ་ཕྱག་འཚལ་ལོ། །ཕག་གདོང་རྟོག་མེད་ཆོས་སྐུ་འགྱུར་མེད་སྟོན། །ཁྲོ་མོའི་ཐུགས་རྗེས་འགྲོ་བའི་དོན་མཛད་མ། །འགྲོ་དོན་རྫོགས་མཛད་འཇིགས་པའི་ཆ་ལུགས་ཅན། །རྟོག་མེད་འགྲོ་དོན་མཛད་ལ་ཕྱག་འཚལ་ལོ། །འཇིགས་རུང་དཔའ་མོ་མ་རུངས་ཚར་གཅོད་མ། །སྤྱན་གསུམ་མཆེ་གཙིགས་སྐུ་གསུམ་


KMC009_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དང་ལྡན། །ཉོན་མོངས་གཅོད་མཛད་འཇིགས་པའི་ང་རོ་ཅན། །བདུད་འདུལ་འཇོམས་མའི་སྐུ་ལ་ཕྱག་འཚལ་ལོ། །སྐྲ་གྲོལ་གཅེར་བུ་སྐྱོན་བྲལ་འཇིགས་པའི་གཟུགས། །ཉོན་མོངས་སྐྱོན་བྲལ་སེམས་ཅན་དོན་མཛད་མ། །ཐུགས་རྗེའི་ལྕགས་ཀྱུས་འགྲོ་དྲུག་གནས་ནས་འདྲེན། །ཕྲིན་ལས་རྫོགས་མཛད་དེ་ལ་ཕྱག་འཚལ་ལོ། །དུར་ཁྲོད་གནས་བཞུགས་རུ་དྲ་ཕོ་མོ་འདུལ། །དྲག་མོ་འཇིགས་ཚུལ་ཕཊ་ཀྱི་སྒྲ་སྒྲོགས་ཤིང་། །ཐབས་མཁས་ཐུགས་རྗེས་འགྲོ་བའི་དོན་མཛད་མ། །བདུད་འདུལ་དྲག་མོའི་སྐུ་ལ་ཕྱག་འཚལ་ལོ། །ཆོས་ཉིད་དོན་རྟོགས་འཆི་བའི་ཚུལ་སྤངས་མ། །རོ་དང་ཉི་ཟླ་པདྨའི་གདན་གྱི་ཚུལ། །རྒྱན་རྣམས་ཀུན་གྱིས་རབ་མཛེས་ཁྲོ་མོའི་སྐུ། །ཡོན་ཏན་རྫོགས་མཛད་དེ་ལ་ཕྱག་འཚལ་ལོ། །གྲི་གུག་ཐོད་པ་ཁ་ཊྭཱཾ་ཕྱག་ན་བསྣམས། །ཉོན་མོངས་གཅོད་མཛད་ཡེ་ཤེས་འོད་དང་ལྡན། །དུག་གསུམ་གཅོད་མཛད་སྐུ་གསུམ་ལྷུན་གྱིས་


KMC009_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ། །འགྲོ་བའི་དོན་མཛད་དེ་ལ་ཕྱག་འཚལ་ལོ། །བདེ་ཆེན་རང་བྱུང་རྡོ་རྗེ་མཁའ་འགྲོ་མ། །མི་འགྱུར་ཡེ་ཤེས་རྡོ་རྗེ་ཆོས་ཀྱི་སྐུ། །རྟོག་མེད་སྤྲོས་བྲལ་ཡེ་ཤེས་ཆོས་དབྱིངས་དོན། །ཡང་དག་གཉིས་མེད་སྐུ་ལ་ཕྱག་འཚལ་ལོ། །ལྷ་མོ་དྲུག་གི་རང་བཞིན་རྡོ་རྗེའི་རིགས། །དཔལ་འབར་འཇིགས་མཛད་ཁྲོ་ཚུལ་འགྱིང་བག་ཅན། །བདེ་ཆེན་རང་བྱུང་ཕྱག་རྒྱ་ཆེན་མོའི་དོན། །ཉོན་མོངས་དགྲོལ་མཛད་དེ་ལ་ཕྱག་འཚལ་ལོ། །ཀུན་རྫོབ་དོན་དམ་རང་བཞིན་ཕག་མོ་སྟེ། །སྐུ་མདོག་དམར་བ་ཐུགས་རྗེའི་རང་འོད་ཅན། །འདོད་དགུ་ཕུན་ཚོགས་རྡོ་རྗེ་མཁའ་འགྲོ་མ། །བདེ་ཆེན་རང་བྱུང་སྐུ་ལ་ཕྱག་འཚལ་ལོ། །དུར་ཁྲོད་རྒྱན་རྣམས་སྐུ་ལ་རྫོགས་པ་སྟེ། །གྲི་གུག་ཁ་ཊྭཱཾ་ཕྱག་མཚན་སོ་སོར་བསྣམས། །ཐུགས་རྗེའི་རང་བཞིན་སྐྲ་གྲོལ་མཐུར་དུ་སྤུངས། །སྤྱན་དམར་འཛུམ་ཞལ་དེ་ལ་ཕྱག་འཚལ་ལོ། །ཕྲིན་ལས་གྲུབ་པ་རྡོ་རྗེ་མཁའ་འགྲོ་མ། །བདེ་འགྲོའི་


KMC009_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་འདྲེན་པའི་ཐུགས་རྗེ་ཅན། །སྐྱོན་བྲལ་ཡང་དག་ལྷ་ཡི་ལྷར་གྱུར་པ། །རྡོ་རྗེ་འཕྲུལ་མོ་ཆེ་ལ་ཕྱག་འཚལ་ལོ། །བཛྲ་ཝཱ་རཱ་ཧཱི། ༀ་ཨཱཿཧཱུྃ། བུདྡྷ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། བཛྲ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། རཏྣ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། པདྨ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། ཀརྨ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། བི་ཤྭ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། ལོ་ཀ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་རྗེ་བཙུན་མ་ལ་བདག་འབུལ་ན། །བཞེས་ནས་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ༀ་ཤྲཱི་བཛྲ་ཝཱ་རཱ་ཧཱི་བཛྲ་རཱུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་བརྗོད་སྒྲ་བརྙན་ཡིད་འོང་ལྡན། །མོས་བློས་རྗེ་བཙུན་མ་ལ་བདག་འབུལ་ན། །བཞེས་ནས་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ༀ་ཤྲཱི་བཛྲ་ཝཱ་རཱ་ཧཱི་བཛྲ་ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་


KMC009_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་ཙན་དན་སྦྲུལ་སྙིང་དང་། །ཨ་གར་ལ་སོགས་དབང་པོ་ཚིམ་བྱེད་དྲི། །མོས་བློས་རྗེ་བཙུན་མ་ལ་བདག་འབུལ་ན། །བཞེས་ནས་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ༀ་ཤྲཱི་བཛྲ་ཝཱ་རཱ་ཧཱི་བཛྲ་གནྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་བརྟས་བྱེད་རོ་མཆོག་ཅི་མཆིས་པ། །མོས་བློས་རྗེ་བཙུན་མ་ལ་བདག་འབུལ་ན། །བཞེས་ནས་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ༀ་ཤྲཱི་བཛྲ་ཝཱ་རཱ་ཧཱི་བཛྲ་རཱ་ས་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་འཕགས་པ་ཅི་མཆིས་པ། །མོས་བློས་རྗེ་བཙུན་མ་ལ་བདག་འབུལ་ན། །བཞེས་ནས་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ༀ་ཤྲཱི་བཛྲ་ཝཱ་རཱ་ཧཱི་བཛྲ་སྤཪྴེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། བཛྲ་ཝཱ་རཱ་ཧཱི། ༀ་ཨཱཿཧཱུྃ། བུདྡྷ་


KMC009_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། བཛྲ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། རཏྣ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། པདྨ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། ཀརྨ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། བི་ཤྭ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། ལོ་ཀ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། ཧཱུྃ། ལྟེ་བའི་དབུས་གནས་རྣལ་འབྱོར་མ། །ཞེ་སྡང་གཅོད་མཛད་གྲུབ་པ་མོ། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །རྡོ་རྗེ་ཕག་མོར་ཕྱག་འཚལ་བསྟོད། །མེ་དཔུང་འབར་བའི་ལྟེ་བ་ལ། །སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ། །ཟག་མེད་བདེ་བ་སྟེར་མཛད་མ། །སངས་རྒྱས་ཡུམ་ལ་ཕྱག་འཚལ་བསྟོད། །དྷཱུ་ཏཱིའི་འོད་ཀྱི་རང་བཞིན་མ། །དབུགས་བྲལ་ལྟེ་བ་ཉིད་ལ་བཞུགས། །ཞུ་བའི་རང་བཞིན་བདེ་ཆེན་མ། །བདེ་གཏེར་ཡུམ་ལ་ཕྱག་འཚལ་བསྟོད། །དངོས་པོ་གཤིས་ཀྱི་དོན་སྟོན་མ། །སྐུ་བཞི་དབྱེར་མེད་གཉུག་མའི་ངང་། །བདེ་བ་ཆེན་པོའི་ངོ་བོ་ཉིད། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །བདེ་ཆེན་ལམ་སྣ་འདྲེན་པའི་ཡུམ། །དུ་མ་རོ་གཅིག་དོན་སྟོན་མ། །སྣང་སྟོང་


KMC009_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་ངོ་བོ་ཉིད། །རིན་ཆེན་མཁའ་འགྲོར་ཕྱག་འཚལ་བསྟོད། །བདུད་བཞིའི་དམག་ལས་རབ་རྒྱལ་ཞིང་། །བདེ་ཆེན་བྱིན་གྱིས་བརླབས་མཛད་མ། །རྩ་རླུང་ཐིག་ལེའི་ངོ་བོ་ཉིད། །པདྨ་མཁའ་འགྲོར་ཕྱག་འཚལ་བསྟོད། །བདུད་དང་ལོག་འདྲེན་ཞི་མཛད་མ། །བར་ཆད་སྲུང་ཞིང་བྱིན་བརླབས་ཅན། །མཐུ་དང་རྫུ་འཕྲུལ་ངོ་བོ་ཉིད། །ལས་ཀྱི་མཁའ་འགྲོར་ཕྱག་འཚལ་བསྟོད། །མཆོག་དང་ཐུན་མོང་ལ་སོགས་པ། །དབང་བཞི་བསྐུར་བར་མཛད་དུ་གསོལ། །རྒྱུད་བཞི་སྨིན་པར་བྱིན་གྱིས་རློབས། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །བཛྲ་ཝཱ་རཱ་ཧཱི། ༀ་ཨཱཿཧཱུྃ། བུདྡྷ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། བཛྲ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། རཏྣ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། པདྨ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། ཀརྨ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། བི་ཤྭ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། ལོ་ཀ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། ཤ་ཆེན་བསུར་གྱི་བདུག་སྤོས་དང་། །ཞུན་ཆེན་གསལ་བའི་མར་མེ་དང་། །


KMC009_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སེམས་དཀར་དམར་བདུད་རྩི་དང་། །རྡོ་རྗེ་དྲི་ཆེན་ཞལ་ཟས་དང་། །རྡོ་རྗེ་དྲི་ཆུའི་བདུད་རྩི་དང་། །ཌཱ་མ་རུ་ཡི་སིལ་སྙན་གྱིས། །ཕ་རོལ་ཕྱིན་དྲུག་ལྷ་མོ་མཆོད། །ས་བཅུ་ནོན་ཕྱིར་བཞེས་སུ་གསོལ། །བཛྲ་ཝཱ་རཱ་ཧཱི། ༀ་ཨཱཿཧཱུྃ། བུདྡྷ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། བཛྲ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། རཏྣ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། པདྨ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། ཀརྨ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། བི་ཤྭ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། ལོ་ཀ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། ཧཱུྃ། རྡོ་རྗེ་ཕག་མོ་བདེ་གཤེགས་ཡུམ། །འདོད་པའི་དབང་ཕྱུག་སྐལ་ལྡན་མ། །མཁའ་འགྲོ་ཆེན་མོ་རྣལ་འབྱོར་གཙོ། །རྡོ་རྗེ་དབྱིངས་ཀྱི་ཁྲོ་རྒྱལ་ཡུམ། །ཕྱག་རྒྱ་ཆེན་མོ་རྡོ་རྗེའི་སྐུ། །ཧེ་རུ་ཀ་དཔལ་ཡང་དག་སྦྱོར། །དབུ་སྟོང་མ་ལ་སྤྱན་སྟོང་མ། །སྟོང་ཕྲག་བཅུ་ཡི་ཞལ་གདོང་ཅན། །ཁྲོ་གཉེར་མཆེ་བ་རབ་ཏུ་གཙིགས། །ཉི་མ་འབུམ་གྱི་གཟི་བརྗིད་ཅན། །སྤྱན་མིག་དམར་སེར་གློག་ལྟར་འཁྱུག །དབུ་སྐྲ་གྱེན་བརྫེས་ཐོག་སེར་


KMC009_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

འབེབས། །སེང་གེའི་གཟུགས་ཅན་འདབ་བཟང་གཟུགས། །གླང་པོའི་རྒྱལ་པོ་ཆེ་བའི་གཟུགས། །འཇིག་རྟེན་གསུམ་གྱི་ལྟོ་བ་ཅན། །རྒྱ་མཚོ་མཐའ་དག་སྐ་རགས་ཅན། །ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། །རྡོ་རྗེ་ཟངས་གྲིས་གདུག་པ་འཇོམས། །མི་རུས་ཕྲེང་བའི་རྒྱན་ཆ་དང་། །མི་མགོ་རློན་པའི་དོ་ཤལ་ཅན། །བདེ་གཤེགས་འབུམ་ནི་ཁྱོད་ཀྱི་འཁོར། །ཆེ་བའི་ལྷ་རྣམས་ཁྱོད་ཀྱི་བྲན། །རིག་པའི་རྒྱལ་མོ་འདོད་གཟུགས་ཅན། །རྣལ་འབྱོར་ཆེ་བའི་དངོས་གྲུབ་འབེབས། །དཔལ་ཆེན་དངོས་གྲུབ་མཆོག་སྩོལ་བའི། །ཧཱུྃ་དང་ཕཊ་ཀྱི་འབྲུག་སྒྲ་ཅན། །ཁྲོ་མོའི་གཟུགས་ཅན་ཁམས་གསུམ་འཇོམས། །རྒྱ་མཚོའི་འཇིང་རྣམས་སྐེམས་པར་མཛད། །སྣ་ཚོགས་པད་ཉི་ངེས་གནོན་ཞིང་། །སྲིད་པ་གསུམ་པོ་ཟ་བར་བྱེད། །ཟས་སུ་མ་ཧཱ་མཱཾ་ས་གསོལ། །མ་ཧཱ་རཀྟ་འཐུང་བར་བྱེད། །མ་རུངས་གདུག་པ་སྐྲག་མཛད་ཅིང་། །རྨོངས་དང་རེངས་དང་སྐྲོད་


KMC009_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་མ། །འཇིགས་པར་མཛད་ཅིང་གསོད་པར་མཛད། །ངོ་མཚར་འདོད་པའི་གཟུགས་མངའ་མ། །ཡིད་འོང་དངོས་གྲུབ་མཆོག་སྩོལ་བའི། །ཕག་མོ་ཁྱོད་ལ་ཕྱག་འཚལ་བསྟོད། །བདག་གིས་ཁྱོད་ལ་གང་གསོལ་བའི། །དོན་དེ་དེང་འདིར་སྩལ་དུ་གསོལ། །དབང་བཞི་བསྐུར་བར་མཛད་དུ་གསོལ། །རྒྱུད་བཞི་སྨིན་པར་བྱིན་གྱིས་རློབས། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །བཛྲ་ཝཱ་རཱ་ཧཱི། ༀ་ཨཱཿཧཱུྃ། བུདྡྷ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། བཛྲ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། རཏྣ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། པདྨ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། ཀརྨ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། བི་ཤྭ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། ལོ་ཀ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། ཆང་སྣ་བཞི་ཡི་ཆང་ཕུད་ལ། །ས་བཅུ་ནོན་ཕྱིར་ལག་མཆོད་བྱས། །ཤེས་རབ་གཡོན་གྱི་ལག་པ་ལ། །ཐབས་ཆེན་གཡས་ཀྱི་ལག་པས་མཆོད། །མཚན་ལྡན་རྡོ་རྗེ་ཀ་པཱ་ལ། །ཀ་ནི་གང་དུའང་མི་གནས་ཤིང་། །པཱ་ནི་མ་སྐྱེས་སྐྱེ་བ་མེད། །ལ་ནི་བློ་


KMC009_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཡིད་དང་བྲལ། །སྐུ་གསུམ་མི་འགྱུར་ཀ་པཱ་ལར། །ཟག་མེད་བདེ་བའི་ཆང་ཕུད་གཏམས། །སྐྱེ་འཆི་མེད་པའི་བདུད་རྩི་བླུག །ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས། །ༀ་གྱིས་སྐྱེ་མེད་སྤྲུལ་སྐུར་སྦྱངས། །ཨཱཿཡིས་འགག་མེད་ལོངས་སྐུར་བསྒྱུར། །ཧཱུྃ་གིས་བློ་འདས་ཆོས་སྐུར་སྤེལ། །ལན་གསུམ་དཀྲུགས་པའི་བདུད་རྩི་འདིས། །ཕ་རོལ་ཕྱིན་དྲུག་ལྷ་མོ་མཆོད། །མཉམ་ཉིད་དབྱིངས་སུ་བཞེས་སུ་གསོལ། །བཛྲ་ཝཱ་རཱ་ཧཱི། ༀ་ཨཱཿཧཱུྃ། བུདྡྷ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། བཛྲ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། རཏྣ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། པདྨ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། ཀརྨ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། བི་ཤྭ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། ལོ་ཀ་ཌཱ་ཀི་ནཱི་ཡེ། ༀ་ཨཱཿཧཱུྃ། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ།


KMC009_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཡི་དམ་གྱི་ལྷར་གསལ་བའི་ཞལ་དུ་ༀ་ཨཱཿཧཱུྃ། ༈ །བདག་འཇུག་དང་སློབ་མ་གཞུག་པའི་ཆོ་ག་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཁྲུས་བྱ། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །མཎྜལ་ཕུལ་ལ། བདག་ནི་འཁོར་བའི་ཆོས་ལ་སྐྱོ་བ་སྐྱེས། །འཇིག་རྟེན་བྱ་བ་ཐམས་ཅད་སྤངས་ནས་ནི། །ཐར་པ་ཆེན་པོའི་གྲོང་མཆོག་འཇུག་འདོད་ན། །དམ་པས་བདག་ནི་ངེས་པར་གཞུག་ཏུ་གསོལ། །ཞེས་པའམ། སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །བྱང་


KMC009_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་གསོལ་བ་བཏབ་ལ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་ཆོ་ག་རྒྱས་པར་བྱའོ། །ཡང་ན་བསྡུས་པ་ཙམ་བྱ་སྟེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བྱང་ཆུབ་སེམས་སུ་འདི་བགྱིད་དེ། །བདག་དང་གཞན་དོན་རབ་བསྒྲུབ་ཕྱིར། །བདག་གིས་བྱང་ཆུབ་སེམས་མཆོག་བསྐྱེད། །ཨེ་མ་ཧོ་སེམས་ཅན་ཀུན་མགྲོན་གཉེར། །བྱང་ཆུབ་སྤྱོད་མཆོག་མཛད་བཞིན་སྤྱད། །འགྲོ་


KMC009_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕན་ཕྱིར་སངས་རྒྱས་ཤོག །སློབ་མ། ༀ་ཨཱཿབི་གྷྣཱནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཀྱིས་བསངས། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷ རྨཱཿ སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། གིས་སྦྱངས། སྟོང་པའི་ངང་ལས་སློབ་མ་རྣམས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་གཉིས། ཕྱག་གཡས་རྡོ་རྗེས་མཚན་པའི་གྲི་གུག་དང་། གཡོན་པས་ཐོད་པ་བདུད་རྩིས་བཀང་བ་བསྣམས་པ། གྲུ་མོ་ན་ཁ་ཊྭཱཾ་ག་ཡོད་པ། རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུར་གྱུར། དཔྲལ་བ། མགྲིན་པ། སྙིང་གར་དྲིའི་ཆུས་བྱུགས་ལ། རྡོ་རྗེས་རེག་ཅིང་། ༀ་ཨཱཿཧཱུྃ། དཔྲལ་བར་ༀ་ལས་འཁོར་ལོ་དཀར་པོ་ༀ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཿས་མཚན་པ། སྙིང་གར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། དེ་དག་གི་འོད་ཟེར་གྱིས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བསལ་ནས་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་པར་སྒོམས་ཤིག །པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱེ་ཨཱཿཧཱུྃ།


KMC009_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

གིས་མཆོད། གནས་རྣམས་སུ་རྡོ་རྗེ་བསྡམས་པའི་གུང་མོ་གཉིས་གཤིབས་ཏེ་བརྐྱང་བ་རྡོ་རྗེའི་ཕྱག་རྒྱས་རེག་ལ། ལྟེ་བར་ཕག་མོའི་ངོ་བོ་ༀ་བཾ་དམར་མོ། །སྙིང་ཁར་གཤིན་རྗེ་མའི་ངོ་བོ་ཧཾ་ཡཾ་སྔོན་མོ། ཁ་ལ་རྨོངས་བྱེད་མའི་ངོ་བོ་ཧྲཱིཾ་མཾ་དཀར་མོ། མགོ་བོར་བསྐྱོད་བྱེད་མའི་ངོ་བོ་ཧྲཱིཾ་ཧྲཱིཾ་སེར་མོ། །སྤྱི་གཙུག་ཏུ་སྐྲག་བྱེད་མའི་ངོ་བོ་ཧཱུྃ་ཧཱུྃ་ལྗང་ཁུ། །སྨིན་མཚམས་སུ་གཏུམ་མོའི་ངོ་བོ་ཕཊ་ཕཊ་དུད་ཁ་སྟེ། གོ་ཆའི་དཔའ་མོ་དྲུག་གིས་བསྲུང་བའོ། །ཡང་ན་གསོལ་བ་གདབ་པ་ནས་འདིའི་བར་མདུན་བསྐྱེད་ཀྱི་གོང་དུ་བྱས་ཀྱང་རུང་ངོ་། །ས་གཞི་སྤོས་ཆུས་སོགས་མཎྜལ་ཕུལ་ནས་གསོལ་བ་གདབ་པ་ནི། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མའི། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །སློབ་དཔོན་གྱིས། བླ་མ་དང་ནི་ཡི་དམ་ལྷ། །ཐ་དད་དུ་ནི་མ་བལྟ་ཞིག །ངེས་པར་དངོས་གྲུབ་དམ་པ་འདི། །བདག་གིས་ཁྱོད་ལ་སྦྱིན་པར་བྱ། །ༀ་ཙཀྵུརྦནྡྷ་ཝཱ་ར་མ་ཎ་ཡེ་ཧཱུྃ། གིས་


KMC009_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་དར་བཅིང་། ༀ་ཨཱ་ཁཾ་བཱི་ར་ཧཱུྃ། གིས་མེ་ཏོག་གི་ཕྲེང་བ་ལག་ཏུ་གཏད། སྔར་གྱི་གཏོར་ཆོག་ལྟར་གཏོར་མ་བཏང་བ་ནི། ༀ་ཨཱཿབི་གྷྣཱནྟ་ཀྲྀ་ཏ་ཧཱུྃ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ་྅་ཧཾ། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་ཆང་ཟུང་ལ་ཡཾ་དང་། མཆོག་མ་གཉིས་ལ་གཡོ་བའི་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རཾ་གྱིས་མཚན་པ། དེའི་སྟེང་དུ་ཀཾ་གསུམ་ལས་ཐོད་པ་བུམ་རིལ་གྱི་སྒྱེད་པུ་ལྟག་པ་ནང་དུ་བསྟན་པ་གསུམ་གྱི་སྟེང་དུ། ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ་དུམ་བུ་གཅིག་པ་དཔྲལ་བ་རང་ལ་བསྟན་པ། རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ། དེའི་དབུས་སུ་མུ་ལས་དྲི་ཆུ་བཻ་ཌཱུརྱ་ལྟ་བུ། ཤར་དུ་བི་ལས་དྲི་ཆེན་ཤེལ་ལྟ་བུ། ལྷོར་ར་ལས་རཀྟ་གསེར་བཙོ་མ་ལྟ་བུ། ནུབ་ཏུ་ཤུ་ལས་བྱང་སེམས་དཀར་པོ། བྱང་དུ་མ་ལས་ཀླད་པ་སླར་ཡང་དབུས་སུ་


KMC009_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལས་མིའི་ཤ །ཤར་ལྷོར་གོ་ལས་བ་ལང་གི་ཤ །ལྷོ་ནུབ་ཏུ་ཀུ་ལས་ཁྱིའི་ཤ །ནུབ་བྱང་དུ་ད་ལས་གླང་པོ་ཆེའི་ཤ །བྱང་ཤར་དུ་ཧ་ལས་རྟའི་ཤ །དེ་རྣམས་སླར་ཡང་ཡི་གེ་དེ་དག་གིས་མཚན་པའོ། །རང་གི་སྣ་བུག་གཡོན་པ་ནས་རླུང་ཧཱུྃ་གི་དབྱིབས་ཅན་འཕྲོས། རླུང་གི་དཀྱིལ་འཁོར་ལ་ཕོག་བ་དན་བསྐྱོད་པས་རླུང་གཡོས་མེ་སྦར་ཐོད་པ་དྲོས། རྫས་རྣམས་ཁོལ། ཉེས་པའི་སྐྱོན་རྣམས་ཕྱིར་ལུད། དེའི་སྟེང་དུ་ༀ་ཨཱཿཧཱུྃ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ། ལན་གསུམ་བརྗོད་པས་བྱིན་གྱིས་བརླབས། འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་ཞིང་། ཕེཾ་ཕེཾ་ཕེཾ། ཞེས་གཏོར་མགྲོན་སྤྱན་དྲངས། པད་ཀོར་རྡོ་རྗེ་ཐལ་མོ་ཁ་ཕྱེ་བས། ༀ་བཛྲ་ཨཱ་ར་ལི་ཧོཿཛཿཧཱུྃ་བཾ་ཧོཿབཛྲ་ཌཱ་ཀི་ནི་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོཿ ཞེས་པ་ལན་གསུམ་མམ་བཞིའམ་


KMC009_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ལྔར་བརྗོད། སོ་སོའི་ཕྱག་རྒྱས། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། ༀ་བཛྲ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱེ། ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། པད་ཀོར་རྡོ་རྗེ་ཐལ་མོ་ཁ་ཕྱེ་བས། ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤ་ཙ་ཨུནྨ་ད་ཨ་པ་སྨ་ར་ཌཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་དམྦ་ལིཾ་གྲྀ་ཧྣནྟུ་ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྡྷི་མྨེ་པྲ་ཡ་ཙྪནྟུ་ཡ་ཐཻ་བཾ་ཡ་ཐཻཥྚཾཿབྷུཉྫ་ཐ་ཛི་གྷྲ་ཐ་བི་པ་ཐ་མ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱ་ར་ཏ་ཡ་སཏྶུ་ཁཾ་བི་ཤུདྡྷ་ཡེ། སཱ་ཧཱ་ཡི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལན་བཞི་བརྗོད། ཞིང་སྐྱོང་ཆེན་པོ་བརྒྱད་རྣམས་དང་། །མཁའ་འགྲོ་སུམ་ཅུ་སོ་གཉིས་སོགས། །མ་ལུས་འཁོར་བཅས་འདིར་བྱོན་ཞིང་། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་


KMC009_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །གང་དག་ནག་པོའི་ཕྱོགས་གྱུར་ཞིང་། །གསང་སྔགས་ཟབ་མོའི་ཆོ་ག་ལ། །ཉན་དང་ལྟ་བར་མི་དབང་བ། །དེ་དག་ཐམས་ཅད་གཞན་དུ་དེངས། །གལ་ཏེ་བཀའ་ལས་འདའ་བྱེད་ན། །རྡོ་རྗེ་ཁ་ཊྭཱཾ་རབ་འབར་བས། །མགོ་བོ་ཚལ་པ་བརྒྱར་འགས་འགྱུར། །གཏོར་མ་ཕྱི་རོལ་དུ་དོར་ཞིང་། ༀ་སུམྦྷ་ནི་སུམྦྷ་ནི་ཧཱུྃ་ཧཱུྃ་ཕཊ། ༀ་གྲྀཧྞ་གྲྀཧྞ་ཧཱུྃ་ཧཱུྃ་ཕཊ། ༀ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ༀ་ཨཱ་ན་ཡ་ཧོཿབྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ། འོག་ཐམས་ཅད་རྡོ་རྗེའི་ས་གཞི་བར་ཐམས་


KMC009_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་རྡོ་རྗེའི་ར་བ། སྟེང་ཐམས་ཅད་རྡོ་རྗེའི་དྲ་བ་དང་། གུར་བླ་བྲེས་སུ་གྱུར། ཧཱུྃ་འདི་ལྟར་ལྷ་མོ་ཡ་མཚན་ཅན། །ལྷ་མོའི་ལུས་ལ་སེང་གདོང་མ། །བཛྲ་སིངྷ་ཞེས་བྱ་བ། །སྟེང་སྒོ་སྲུང་བའི་ཕྲ་མེན་མ། །ཛཿཕྲ་མེན་རྡོ་རྗེའི་དུས་ལ་བབ། །སྟེང་གི་བར་ཆད་བཟློག་ཏུ་གསོལ། །ཧཱུྃ་འདི་ལྟར་ལྷ་མོ་ཡ་མཚན་ཅན། །ལྷ་མོའི་ལུས་ལ་ཁྭ་གདོང་མ། །བཛྲ་ཀཱ་ཀ་ཞེས་བྱ་བ། །ཤར་སྒོ་སྲུང་བའི་ཕྲ་མེན་མ། །ཛཿཕྲ་མེན་རྡོ་རྗེའི་དུས་ལ་བབ། །ཤར་གྱི་བར་ཆད་བཟློག་ཏུ་གསོལ། །ཧཱུྃ་འདི་ལྟར་ལྷ་མོ་ཡ་མཚན་ཅན། །ལྷ་མོའི་ལུས་ལ་འུག་གདོང་མ། །བཛྲ་ཨུ་ལུ་ཞེས་བྱ་བ། །བྱང་སྒོ་སྲུང་བའི་ཕྲ་མེན་མ། །ཛཿཕྲ་མེན་རྡོ་རྗེའི་དུས་ལ་བབ། །བྱང་གི་བར་ཆད་བཟློག་ཏུ་གསོལ། །ཧཱུྃ་འདི་ལྟར་ལྷ་མོ་ཡ་མཚན་ཅན། །ལྷ་མོའི་ལུས་ལ་ཁྱི་གདོང་མ། །བཛྲ་ཤྭ་ན་ཞེས་བྱ་བ། །ནུབ་སྒོ་སྲུང་བའི་ཕྲ་མེན་མ། །ཛཿཕྲ་མེན་རྡོ་རྗེའི་དུས་ལ་བབ། །ནུབ་ཀྱི་བར་ཆད་བཟློག་ཏུ་གསོལ། །ཧཱུྃ་འདི་


KMC009_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ལྷ་མོ་ཡ་མཚན་ཅན། །ལྷ་མོའི་ལུས་ལ་ཕག་གདོང་མ། །བཛྲ་སུ་ཀ་ཞེས་བྱ་བ། །ལྷོ་སྒོ་སྲུང་བའི་ཕྲ་མེན་མ། །ཛཿཕྲ་མེན་རྡོ་རྗེའི་དུས་ལ་བབ། །ལྷོ་ཡི་བར་ཆད་བ ཟློག་ཏུ་གསོལ། །ཧཱུྃ་འདི་ལྟར་ལྷ་མོ་ཡ་མཚན་ཅན། །ལྷ་མོའི་ལུས་ལ་སྟག་གདོང་མ། །བཛྲ་བྱ་གྷྲི་ཞེས་བྱ་བ། །འོག་སྒོ་སྲུང་བའི་ཕྲ་མེན་མ། །ཛཿཕྲ་མེན་རྡོ་རྗེའི་དུས་ལ་བབ། །འོག་གི་བར་ཆད་བཟློག་ཏུ་གསོལ། །ཧཱུྃ་འདི་ལྟར་ལྷ་མོ་ཡ་མཚན་ཅན། །སྒོ་མ་རྣམས་ཀྱིས་སྒོ་སྲུངས་ལ། །མཚམས་མ་རྣམས་ཀྱིས་མཚམས་སྡོམས་ཤིག །ཕྱི་ནང་བར་ཆད་བཟློག་ཏུ་གསོལ། །ༀ་བཛྲ་བཱ་རཱ་ཧཱི་ཧྲཱིཿགྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། གནོད་བྱེད་སརྦ་དུཥྚན་ཧཱུྃ་ཕཊ་སྭཱ་ཧཱ། མཚམས་བཅད་དོ། །སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་དང་བཅས་པ། སློབ་མས། ༀ་སརྦ་ཡོ་ག་ཙིཏྟཱ་ཨུཏྤ་དཱ་ཡཱ་མི། སྙིང་གར་རྡོ་རྗེ་བཞག་ལ། ༀ་སུ་


KMC009_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཏེ་ས་མ་ཡ་སྟྭཾ་ཧོཿ སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཐམས་ཅད་རྡོ་རྗེའི་རང་བཞིན་དུ་སེམས་བསྐྱེད་པ་དེ་བརྟན་པར་བྱས་སོ། །སྡོམ་པ་གཟུང་བ་ནི། མགོན་པོ་སངས་རྒྱས་རྣམས་དང་ནི། །སྲས་བཅས་བདག་ལ་དགོངས་སུ་གསོལ། །རིག་པ་འཛིན་པ་བདག་གིས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པ། །སྡོམ་པ་དེང་ནས་བརྟན་པོར་གཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་


KMC009_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བརྒལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །མགོ་བོར་རྡོ་རྗེ་བཞག་ལ། ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །ང་ཡིས་ཡེ་


KMC009_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རྡོ་རྗེ་སྦྱིན། །བྱིན་པས་དངོས་གྲུབ་ཐོབ་པར་འགྱུར། །གང་ཞིག་འདི་འདྲ་མ་མཐོང་བའི། །མདུན་དུ་སྨྲ་བར་མ་བྱེད་ཅིག །གལ་ཏེ་སྨྲས་ན་ཉམས་པར་འགྱུར། །དེ་བས་ང་རྒྱལ་བཅོམ་ནས་ནི། །བདག་ཉིད་མ་འཁྲུལ་ཤེས་པར་གྱིས། །རྡོ་རྗེ་མཁའ་འགྲོ་མ་ཁྱོད་དེང་། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་བྲལ་ཏེ་གཤེགས། །བདུད་རྩི་ལྕེ་ལ་བྱིན། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ༀ་བཛྲ་ཌཱ་ཀི་ནཱི་ཨ་མྲྀ་ཏོ་ད་ཀ་ཋ། ཐལ་མོ་མགོར། དུས་འདི་ནས་ནི་བུ་ཁྱོད་ཀྱི། །རྡོ་རྗེ་འཛིན་པ་ང་ཡིན་གྱི། །ང་ཡིས་ཇི་ལྟར་བཀའ་སྩལ་པ། །ཁྱོད་ཀྱིས་སྐྱོ་བ་མེད་པར་སྒྲུབས། །གང་ཡང་ང་ལ་མ་གུས་མིན། །དེ་བཞིན་གུས་པར་མ་བྱས་ན། །བདུད་ཀྱིས་བཅོམ་ནས་ངན་འགྲོར་འགྲོ། །དེ་བས་དམ་ཚིག་གནས་པར་གྱིས། །བདུད་རྩི་


KMC009_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ལྔས་བྱུགས་པའི་མཎྜལ་ཆོས་འབྱུང་པདྨ་མེ་ཏོག་གི་ཚོམ་བུ་བཀོད། སློབ་མའི་གྲངས་དང་མཉམ་པ་ལ། སློབ་མ་རྣམས་བཞག་ལ། སློབ་མས་གསོལ་བ་གདབ་པ་ནི། བདག་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུའི་ངོ་བོར་གྱུར་པ་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུ་ལ་སྐྱབས་སུ་མཆིའོ། །བདག་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ངོ་བོར་གྱུར་པ་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་གསུང་ལ་སྐྱབས་སུ་མཆིའོ། །བདག་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོར་གྱུར་པ་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཐུགས་ལ་སྐྱབས་སུ་མཆིའོ། །བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་རྗེ་


KMC009_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་རྡོ་རྗེ་རྣལ་འབྱོར་མ་དང་མཁའ་འགྲོ་མ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་བདག་ལ་མྱུར་དུ་དབབ་པར་མཛད་དུ་གསོལ། དེ་བཞིན་ཉིད་ཀྱི་ཡེ་ཤེས། ནམ་མཁའ་ལྟ་བུ། ནོར་བུ་ལྟ་བུ། བདུད་རྩི་ལྟ་བུས་གང་བར་མཛད་དུ་གསོལ། སྨིན་པར་མཛད་དུ་གསོལ། ཤིན་ཏུ་སྨིན་པར་མཛད་དུ་གསོལ། སློབ་མ་སྐྱིལ་ཀྲུང་ཕྱེད་པས་ལངས་ཏེ་སྤྱི་བོར་ཆོས་འབྱུང་གི་ཕྱག་རྒྱ་བྱེད་དུ་བཅུག་ལ། རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ཅན། དེའི་སྟེང་དུ་སྐད་ཅིག་གིས་ཁྱེད་རང་རྣམས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུར་གསལ་བའི་ལྟེ་བར་མེ་རབ་ཏུ་འབར་བའི་ཆོས་འབྱུང་དམར་པོའི་དབུས་ན་ཧྲཱིཿལས་སྔགས་ཕྲེང་གཡོན་དུ་དྲག་ཏུ་འཁོར་བ་དེ་ལས་འོད་ཟེར་འཕྲོས་པས་རྡུལ་ཚོན་ནམ་རས་བྲིས་སམ་མེ་ལོང་དང་ཨོ་ཌྱན་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དཔའ་བོ་མཁའ་འགྲོ་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པ་སྤྱན་དྲངས། སྔགས་འཁོར་དང་ཁྱེད་རང་རྣམས་ལ་ཐིམ། གུ་གུལ་དང་


KMC009_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཚིལ་ཆེན་སྲེགས། ཌཱ་མ་རུའི་སྒྲ་འཁྲོལ་ཞིང་། སླར་ཡང་སྔགས་འཁོར་ལས་འོད་ཟེར་དང་དགའ་འཁྱིལ་འཕྲོས། སྨིན་མཚམས་སུ་གཡོན་དུ་དྲག་ཏུ་འཁོར། དཔའ་བོ་དང་རྣལ་འབྱོར་མའི་བྱང་སེམས་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བའི་མོས་པ་མཛོད། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ། ཨ་ཨཱཿཧྲཱིཿཧྲཱིཿཕེཾ་ཕེཾ་ཕེཾ། ལྟོས་ཤིག་རང་གི་སེམས་ལ་ལྟོས། །སེམས་ཉིད་ཅིར་ཡང་གྲུབ་པ་མེད། །གྲུབ་པ་མེད་པའི་སེམས་ཉིད་འདི། །སྣ་ཚོགས་སྣང་བ་ངོ་མཚར་ཆེ། །སྣང་ཙམ་ཉིད་ནས་སེམས་སུ་འདུས། །སེམས་ཅན་ཀུན་གྱི་སེམས་ཉིད་དེ། །བདེ་བ་ཆེན་པོའི་ཡེ་ཤེས་ཡིན། །རྣམ་པར་མི་རྟོག་བསམ་མི་ཁྱབ། །གསལ་བ་དེ་ཡི་ངོ་བོར་སྣང་། །མོས་པ་དུ་མའི་སེམས་ཅན་ལ། །ཐབས་རྣམས་སྣ་ཚོགས་བསྟན་པ་སྟེ། །སྣ་ཚོགས་སྒྱུ་མའི་སྦྱོར་བ་ཡིས། །དཔའ་བོ་སེང་གེ་བཞིན་དུ་སྤྱོད། །བསམ་གྱིས་མི་ཁྱབ་གོ་འཕང་འཐོབ། །རྗེ་བཙུན་མ་ཡི་


KMC009_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་ཡིན། །བླ་མ་བརྒྱུད་པའི་རིམ་པ་ནི། །སྣ་ཚོགས་ནོར་བུ་ཇི་བཞིན་དུ། །སྐལ་ལྡན་རྣམས་ཀྱི་སྤྱོད་ཡུལ་ཡིན། །ཞེས་ངོ་སྤྲད་དེ་སྤྱི་བོར་རྡོ་རྗེ་བཞག་ལ། ཏིཥྛ་བཛྲ་ཞེས་བརྟན་པར་བྱའོ། །དཀྱིལ་འཁོར་ཁ་དོག་བརྟག །རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བྱ། །མཁའ་འགྲོའི་རིགས་ཀྱི་རིམ་པ་བཞིན། །བསོད་ནམས་གང་ཡིན་དེ་བཞིན་ཤོག །འདིས་ནི་དངོས་གྲུབ་གང་ཐོབ་པ། །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ལ་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪ་བཛྲ་ཧོཿ བཅོམ་ལྡན་འདས་མ་ཁྱོད་ཀྱིས་ནི། །འདི་ནི་རྗེས་སུ་གཟུང་བར་མཛོད། །མེ་ཏོག་གཏད་ལ་ལྷ་བསྟིམ། སྤྱན་ལྔ་རྣམ་དག་དབྱེ་དང་མི་དབྱེ་བྲལ། །འོན་ཀྱང་སྣ་ཚོགས་ཡངས་པའི་སྤྱན་ཕྱེ་བས། །ཆོས་ཀུན་སྒྲིབ་བྲལ་མཁྱེན་ཅིང་གཟིགས་པ་ཡི། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་གྱུར་ཅིག །ཞེས་པ་ཙམ་དང་། ༀ་བཛྲ་ནེ་ཏྲ་ཨ་བ་ཧ་ར་པ་


KMC009_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཊ་ལཾ་ཧྲཱིཿ གསེར་གྱི་ཐུར་མས་གདོང་གཡོགས་བསལ་ཏེ། དཀྱིལ་འཁོར་གཉེན་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་རློབས། །འགྲོ་བ་ཕུན་ཚོགས་དངོས་གྲུབ་ཀུན། །དངོས་གྲུབ་ཐམས་ཅད་འདི་ལས་འབྱུང་། །དམ་ཚིག་ཐམས་ཅད་བསྐྱང་བ་དང་། །གསང་སྔགས་འདི་ལ་བརྩོན་པར་གྱིས། །ཞེས་ལྷ་ངོ་བསྟན་ནས་མཎྜལ་ཕུལ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དང་། མཁའ་འགྲོ་མ་རྣམས་ཀྱི་སྐུ་གསུང་ཐུགས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་དུ་གསོལ། ལྷ་མོ་དཔལ་གྱི་བློ་གྲོས་ཀྱིས། །བིར་ཝ་པ་ལ་དབང་བསྐུར་ལྟར། །དེ་བཞིན་བླ་མ་ཁྱོད་ཀྱིས་ཀྱང་། །བདག་སོགས་དབང་བསྐུར་མཛད་དུ་གསོལ། །རྡོ་རྗེ་རྣལ་འབྱོར་མ་རྣམས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྒྲུབ་སླད་དུ། །དབང་བསྐུར་དམ་པ་


KMC009_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་སྩོལ། །སློབ་དཔོན་གྱི་ལྟེ་བའི་ས་བོན་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་རྣལ་འབྱོར་མ་དང་དཔའ་བོ་མཁའ་འགྲོ་སངས་རྒྱས་བྱང་སེམས་རྣམས་ཀྱི་ཕྱག་ན་ཡེ་ཤེས་ལྔའི་རང་བཞིན་བདུད་རྩི་བྱང་སེམས་ཀྱིས་བཀང་བའི་བུམ་པ་དང་ཐོད་པ་བཟུང་བ་རྣམས་སྤྱན་དྲངས། བཛྲ་ས་མཱ་ཛཿ སློབ་མ་ལ་དབང་བསྐུར་བར་མཛད་དུ་གསོལ། སློབ་མའི་སྤྱི་བོར་བུམ་པ་བཞག་ལ། སངས་རྒྱས་ཀུན་གྱི་བུམ་པའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །བུམ་པའི་དབང་ནི་ཁྱོད་ལ་བསྐུར། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཤྲཱི་ཧཱུྃ། རྡོ་རྗེ་ལག་ཏུ་གཏད་ཅིང་། རྡོ་རྗེ་མཁའ་འགྲོ་ཞེ་སྡང་རྣམ་དག་པ། །རྣམ་ཤེས་གནས་གྱུར་མེ་ལོང་ཡེ་ཤེས་ཀྱི། །རང་བཞིན་མི་གཡོ་མཆོག་གི་དབང་བསྐུར་བས། །


KMC009_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་ཀུན་གྱི་ཐུགས་སུ་གྲོལ་གྱུར་ཅིག །ཧ་ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཤྲཱི་ཧཱུྃ། དབང་གི་ལྷ་རྣམས་སློབ་མའི་ལུས་ལ་ཞུགས་ཏེ། བུམ་ཆུས་གཏོར་ཞིང་བཀྲུས་ལ་བླུག །དྲི་མ་ཕུང་པོ་ཉོན་མོངས་དག །སྐུ་དང་ཡེ་ཤེས་དབང་རྣམས་ཐོབ། །མགོ་བོར་ཆུ་ལས་མི་བསྐྱོད་པའོ། །སློབ་དཔོན་གྱི་ལྟེ་བའི་ས་བོན་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་རྣལ་འབྱོར་མ་དང་དཔའ་བོ་མཁའ་འགྲོ་སངས་རྒྱས་བྱང་སེམས་རྣམས་ཀྱི་ཕྱག་ན་ཡེ་ཤེས་ལྔའི་རང་བཞིན་དབུ་རྒྱན་དང་དར་དཔྱངས་བཟུང་བ་རྣམས་སྤྱན་དྲངས། བཛྲ་ས་མཱ་ཛཿ སློབ་མ་ལ་དབང་བསྐུར་བར་མཛད་དུ་གསོལ། སངས་རྒྱས་ཀུན་གྱི་དབུ་རྒྱན་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །དབུ་རྒྱན་དབང་ནི་ཁྱོད་ལ་བསྐུར། །ཇི་ལྟར་བལྟམས་པ་སོགས། ཤྲཱི་ཧཱུྃ་བར་བརྗོད། རིན་པོ་ཆེ་ལག་ཏུ་གཏད་ཅིང་། རིན་ཆེན་མཁའ་འགྲོ་ང་རྒྱལ་རྣམ་དག་པ། །ཚོར་


KMC009_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བ་གནས་གྱུར་མཉམ་ཉིད་ཡེ་ཤེས་ཀྱི། །རང་བཞིན་མི་གཡོ་མཆོག་གི་དབང་བསྐུར་བས། །བདེ་གཤེགས་ཀུན་གྱི་ཡོན་ཏན་རྫོགས་གྱུར་ཅིག །རི་ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཤྲཱི་ཧཱུྃ། དབང་གི་ལྷ་རྣམས་སློབ་མའི་ལུས་ལ་ཞུགས་ཏེ། །བུམ་ཆུས་གཏོར་ཞིང་བཀྲུས་ལ་བླུག །དྲི་མ་ཕུང་པོ་ཉོན་མོངས་དག །སྐུ་དང་ཡེ་ཤེས་དབང་རྣམས་ཐོབ། །མགོ་བོ་ཆུ་ལས་རིན་འབྱུང་ངོ་། །སློབ་དཔོན་གྱི་ལྟེ་བའི་ས་བོན་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་རྣལ་འབྱོར་མ་དང་དཔའ་བོ་མཁའ་འགྲོ་སངས་རྒྱས་བྱང་སེམས་རྣམས་ཀྱི་ཕྱག་ན་ཡེ་ཤེས་ལྔའི་རང་བཞིན་རྩེ་མོ་དགུ་པའི་རྡོ་རྗེ་བཟུང་བ་རྣམས་སྤྱན་དྲངས། བཛྲ་ས་མཱ་ཛཿ སློབ་མ་ལ་དབང་བསྐུར་བར་མཛད་དུ་གསོལ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །རྡོ་རྗེའི་དབང་ནི་ཁྱོད་ལ་བསྐུར། །ཇི་ལྟར་བལྟམས་པ་སོགས། ཤྲཱི་ཧཱུྃ་བར་བརྗོད། པདྨ་


KMC009_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཏུ་གཏད་དེ། པདྨ་མཁའ་འགྲོ་འདོད་ཆགས་རྣམ་དག་པ། །འདུ་ཤེས་གནས་གྱུར་སོར་རྟོག་ཡེ་ཤེས་ཀྱི། །རང་བཞིན་མི་གཡོ་མཆོག་གི་དབང་བསྐུར་བས། །བདེ་གཤེགས་ཀུན་གྱི་གསུང་དུ་འགྲུབ་གྱུར་ཅིག །ནི་ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཤྲཱི་ཧཱུྃ། དབང་གི་ལྷ་རྣམས་སློབ་མའི་ལུས་ལ་ཞུགས་ཏེ། བུམ་ཆུས་གཏོར་ཞིང་བཀྲུས་ལ་བླུག །དྲི་མ་ཕུང་པོ་ཉོན་མོངས་དག །སྐུ་དང་ཡེ་ཤེས་དབང་རྣམས་ཐོབ། །མགོ་བོར་ཆུ་ལས་འོད་དཔག་མེད། །སློབ་དཔོན་གྱི་ལྟེ་བའི་ས་བོན་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་རྣལ་འབྱོར་མ་དང་དཔའ་བོ་མཁའ་འགྲོ་སངས་རྒྱས་བྱང་སེམས་རྣམས་ཀྱི་ཕྱག་ན་ཡེ་ཤེས་ལྔའི་རང་བཞིན་སྒྲ་གྲགས་བཞིན་པའི་དྲིལ་བུ་བཟུང་བ་རྣམས་སྤྱན་དྲངས། བཛྲ་ས་མཱ་ཛཿ སློབ་མ་ལ་དབང་བསྐུར་བར་མཛད་དུ་གསོལ། སངས་རྒྱས་ཀུན་གྱི་དྲིལ་བུའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་


KMC009_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་ཕྱིར། །དྲིལ་བུའི་དབང་ནི་ཁྱོད་ལ་བསྐུར། །ཇི་ལྟར་བལྟམས་པ་སོགས། ཤྲཱི་ཧཱུྃ་བར་བརྗོད། རལ་གྲི་ལག་ཏུ་གཏད་དེ། ལས་ཀྱི་མཁའ་འགྲོ་ཕྲག་དོག་རྣམ་དག་པ། །འདུ་བྱེད་གནས་གྱུར་བྱ་གྲུབ་ཡེ་ཤེས་ཀྱི། །རང་བཞིན་མི་གཡོ་མཆོག་གི་དབང་བསྐུར་བས། །བདེ་གཤེགས་ཀུན་གྱི་ཕྲིན་ལས་རྫོགས་གྱུར་ཅིག །ས་ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཤྲཱི་ཧཱུྃ། དབང་གི་ལྷ་རྣམས་སློབ་མའི་ལུས་ལ་ཞུགས་ཏེ། །བུམ་ཆུས་གཏོར་ཞིང་བཀྲུས་ལ་བླུག །དྲི་མ་ཕུང་པོ་ཉོན་མོངས་དག །སྐུ་དང་ཡེ་ཤེས་དབང་རྣམས་ཐོབ། །མགོ་བོར་ཆུ་ལས་དོན་གྲུབ་བོ། །སློབ་དཔོན་གྱི་ལྟེ་བའི་ས་བོན་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་རྣལ་འབྱོར་མ་དང་དཔའ་བོ་མཁའ་འགྲོ་སངས་རྒྱས་བྱང་སེམས་རྣམས་སྤྱན་དྲངས། བཛྲ་ས་མཱ་ཛཿ སློབ་མ་ལ་དབང་བསྐུར་དུ་གསོལ། མགོ་ཐོག་ཏུ་རྡོ་རྗེ་དྲིལ་བུ་མཉམ་པོར་བཟུང་ལ། སངས་རྒྱས་ཀུན་གྱི་མིང་གི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་


KMC009_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །མིང་གི་དབང་ནི་ཁྱོད་ལ་བསྐུར། །ཀྱཻ་དཔལ་སྣང་མཛད་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཇི་ལྟར་བལྟམས་པ་སོགས། ཤྲཱི་ཧཱུྃ་བར་བརྗོད། གྲི་གུག་ལག་ཏུ་གཏད་ལ། སངས་རྒྱས་མཁའ་འགྲོ་གཏི་མུག་རྣམ་དག་པ། །གཟུགས་ཕུང་གནས་གྱུར་ཆོས་དབྱིངས་ཡེ་ཤེས་ཀྱི། །རང་བཞིན་མི་གཡོ་མཆོག་གི་དབང་བསྐུར་བས། །བདེ་གཤེགས་ཀུན་གྱི་སྐུར་ནི་འགྲུབ་གྱུར་ཅིག །ཧྲཱི་ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཤྲཱི་ཧཱུྃ། དབང་གི་ལྷ་རྣམས་སློབ་མའི་ལུས་ལ་ཞུགས་ཏེ། །བུམ་ཆུས་གཏོར་ཞིང་བཀྲུས་ལ་བླུག །དྲི་མ་ཕུང་པོ་ཉོན་མོངས་དག །སྐུ་དང་ཡེ་ཤེས་དབང་རྣམས་ཐོབ། །མགོ་བོར་ཆུ་ལས་རྣམ་སྣང་ངོ་། །དེ་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་རིག་པའི་དབང་ལྔ་སྟེ། ལུས་ལ་བུམ་པའི་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་དག་ནས་ལམ་བསྐྱེད་པའི་རིམ་པ་སྣང་སྟོང་དབྱེར་མེད་བསྒོམ་པ་


KMC009_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབང་ཞིང་། འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར་བྱས་སོ། །བླ་མ་རྡོ་རྗེ་རྣལ་འབྱོར་མ་དང་དཔལ་འཁོར་ལོ་སྡོམ་པའི་སྙོམས་འཇུག་གི་སྒྲས་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། ཞལ་ནས་ཞུགས་ཐུགས་ཀར་ཞུ། སྦྱོར་མཚམས་ནས་བབས་པའི་བདུད་རྩི་དང་། སྔར་ནས་དཔའ་བོ་མཁའ་འགྲོའི་བྱང་སེམས་ཐོད་པར་གནས་པས་སྤྱི་བོར་དབང་བསྐུར་ཞིང་། ཐོད་པ་སྤྱི་བོ་དང་མགྲིན་པར་བཞག་ལ། སངས་རྒྱས་ཀུན་གྱི་ཐོད་པའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །གསང་བའི་དབང་ནི་ཁྱོད་ལ་བསྐུར། །ༀ་ཧྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཐོད་པའི་བདུད་རྩི་འཐུང་དུ་གཞུག བྱང་ཆུབ་སེམས་ཀྱི་བདུད་རྩི་དེ་རྩ་འཁོར་ལོ་བཞི་ལ་བརྒྱུད། ལུས་ཀྱི་རྩ་གནས་ཐམས་ཅད་དུ་བདེ་བ་ཆེན་པོས་ཁྱབ་པར་སྒོམས་ཤིག །དེ་ལྟར་བླ་མ་ཡབ་ཡུམ་གྱི་ལུས་དཀྱིལ་ལ་བརྟེན་ནས་


KMC009_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ལ་གསང་བའི་དབང་བསྐུར་བས་ངག་གི་སྒྲིབ་པ་དག་ནས། ལམ་རྩ་རླུང་ཐིག་ལེ་རྫོགས་པའི་རིམ་པ་སྒྱུ་ལུས་གསལ་སྟོང་དབྱེར་མེད་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར་བྱས་སོ། །དེ་ནས་སིན་དྷཱུ་རའི་མེ་ལོང་སློབ་མའི་ལྟེ་བར་བཞག་ཅིང་། སངས་རྒྱས་ཀུན་གྱི་མེ་ལོང་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །ཤེས་རབ་ཡེ་ཤེས་དབང་ནི་ཁྱོད་ལ་བསྐུར། །ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཤྲཱི་ཧཱུྃ། མེ་ལོང་གི་དཀྱིལ་འཁོར་ལས་རྡོ་རྗེ་རྣལ་འབྱོར་མ་འཕྲོས། སློབ་མའི་ལྟེ་བར་ཞུགས། རླུང་གཟུང་བས། དཀྱིལ་འཁོར་དེ་ལས་དམར་ཆ་ཤེས་རབ་ཡེ་ཤེས་ཀྱི་མེ་འབར་བས་སྤྱི་བོའི་ཧཾ་ཡིག་ཞུ་ནས་རྩ་འཁོར་ལོ་བཞི་ལ་བརྒྱུད། ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཉམས་སུ་མྱོང་བའི་མོས་པ་མཛོད། དེ་ལྟར་སིན་དྷཱུ་རའི་དཀྱིལ་འཁོར་ལ་བརྟེན་ནས་སེམས་ལ་ཤེས་རབ་


KMC009_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་དབང་བསྐུར་བས་སེམས་ཀྱི་སྒྲིབ་པ་དག་ནས་ལམ་དགའ་བཞིའི་ཡེ་ཤེས་འོད་གསལ་བདེ་སྟོང་དབྱེར་མེད་བསྒོམ་པ་ལ་དབང་། འབྲས་བུ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར་བྱས་སོ། །ཕྱག་རྒྱ་ཆེན་པོའི་གནས་མཆོག་ན། །བྱང་ཆུབ་སེམས་དཔའ་སྤྱོད་པའི་བློ་གྲོས་བཞུགས། །དེ་ནི་མིང་ཙམ་བརྡ་ཙམ་བཏགས་པ་ཙམ། །དེ་ལྟར་ཆོས་ཐམས་ཅད་དངོས་པོ་དེ་ཉིད་དུ་མ་གྲུབ། ཁྱེད་རང་གི་སེམས་ཉིད་གཞི་མེད་རྩ་བྲལ་སྤྲོས་པའི་མཐའ་དང་བྲལ་བའོ། །སྣ་ཚོགས་སུ་སྣང་ཡང་སྣང་སེམས་གཉིས་མེད་ཆོས་ཀྱི་སྐུ་ངོས་གཟུང་མེད་པར་ངོ་ཤེས་པར་གྱིས་ཤིག །དེ་ལྟར་སྣང་སྲིད་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་ལ་བརྟེན་ནས་ལུས་ངག་ཡིད་གསུམ་ལ་བཞི་པའི་དབང་བསྐུར་བས་སྒོ་གསུམ་གྱི་སྒྲིབ་པ་མཐའ་དག་དག །ལམ་འོད་གསལ་ཟུང་འཇུག་རིག་སྟོང་དབྱེར་མེད་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་སྐུ་གསུམ་དབྱེར་མེད་དམ་ངོ་བོ་


KMC009_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར་བྱས་སོ། །བྱིན་རླབས་བསྡུས་པ་དེ་ཙམ་མམ། ཡང་སྤྲོ་ན་སློབ་མས། བླ་མ་རྡོ་རྗེ་འཛིན་པ་ཆེན་པོས་བདག་ལ་རྡོ་རྗེ་སློབ་དཔོན་གྱི་དབང་དང་རྗེས་གནང་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་ནས། སློབ་མ་རྣམས་པད་ཉི་ལ་ཧཱུྃ་དང་རྡོ་རྗེ་ལས་རྡོ་རྗེ་འཆང་དང་རྡོ་རྗེ་སྙེམས་མ་སྐུ་མདོག་སྔོན་མོ་རྡོ་རྗེ་དང་དྲིལ་བུ་འཛིན་པར་གྱུར། བུམ་པའི་དབང་བསྐུར་ཏེ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དབང་གི་ལྷ་རྣམས་ཡེ་ཤེས་པའི་ཚུལ་དུ་ཞུགས་ཤིང་སྤྱི་བོར་མི་བསྐྱོད་པས་དབུ་བརྒྱན། མེ་ཏོག་གཏོར་ཞིང་། ༀ་སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱ། རྡོ་རྗེ་ལག་པ་གཡས་སུ་གཏད་ལ། ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་ཐབས་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་ཐུགས་ཀྱི་དམ་ཚིག་ཟུངས་ཤིག །དྲིལ་བུ་གཡོན་དུ་སྦྱིན་ལ། ཨཱཿལས་བྱུང་བའི་


KMC009_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བུ་ཤེས་རབ་དེ་ཁོ་ན་ཉིད་ཀྱི་དྲིལ་བུ་གསུང་གི་དམ་ཚིག་ཟུངས་ཤིག །འཁྱུད་པའི་ཚུལ་བྱེད་དུ་བཅུག་ལ། འཁྱུད་པས་ཡུམ་དང་བཅས་པ་སྦྱོར་བ་ཁ་སྦྱོར་གྱི་རིམ་པས་ཕྱག་རྒྱ་སྐུའི་དམ་ཚིག་ཟུངས་ཤིག །ཡང་རྡོ་རྗེ་དྲིལ་བུ་གཏད་དེ། རྡོ་རྗེ་དང་ནི་དྲིལ་བུ་ལོངས། །ཤེས་རབ་ལག་པས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་པར་སྦྱོར། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་པ་ཡིན་ནོ། །དབང་བསྐུར་བ་དང་རབ་ཏུ་གནས་པ་དང་སློབ་མ་བསྡུ་བར་གྱིས་ཤིག །དམ་ཚིག་གསུམ་སྔོན་དུ་འགྲོ་བ་རྡོ་རྗེ་སློབ་དཔོན་གྱི་དབང་ངོ་། །སྤྱི་བོར་སིན་དྷཱུ་ར་བྱུགས་ལ། བླ་མ་རྡོ་རྗེ་འཆང་སྤྱི་གཙུག་ཏུ་མི་འབྲལ་བར་སྒོམས་ཤིག །ལྟེ་བར་བྱུགས་ཤིང་། ཁྱོད་ཀྱི་ལྷ་རྡོ་རྗེ་རྣལ་འབྱོར་མ་ཡིན་པས་རྟག་ཏུ་མི་འབྲལ་བར་ལུས་སེམས་རྡོ་རྗེ་རྣལ་འབྱོར་མར་སྒོམས་ཤིག །ཕྲེང་བ་གཏད་ལ། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྔགས་རྣམས་རྗེས་ཟློས་བྱེད་དུ་གཞུག །


KMC009_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པར་བྱུགས་ལ། བཟླས་པའི་རིམ་པ་རྣམས་དང་མ་བྲལ་བར་གྱིས་ཤིག །སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བའོ། །དམ་ཚིག་དང་། མཆོད་པ་དང་། བརྟུལ་ཞུགས་དང་། ལས་བཞིའི་རྗེས་སུ་གནང་བ་ཡང་སྦྱིན་ཏེ། རིགས་ལྔ་མཁའ་འགྲོའི་ཕྱི་ནང་གི །རྩ་བ་ཡན་ལག་དམ་ཚིག་རྣམས། །ཁྱོད་ཀྱིས་ལེགས་པར་བསྲུང་བར་གྱིས། །ཞེས་པ་ཙམ་མམ། སངས་རྒྱས་མཁའ་འགྲོའི་དམ་ཚིག་ཏུ། །བླ་མ་ལ་གུས་སྤྱི་བོར་བཀུར། །སེམས་ཅན་རྣམས་ལ་བྱམས་པ་བསྒོམ། །རྡོ་རྗེ་མཁའ་འགྲོའི་དམ་ཚིག་ཏུ། །ཤ་ལྔ་བདུད་རྩི་ལྔ་ལ་སྤྱད། །རྣམ་པར་མི་རྟོག་ཏིང་འཛིན་བསྒོམ། །པདྨ་མཁའ་འགྲོའི་དམ་ཚིག་ཏུ། །ཕྱག་རྒྱ་བསྟེན་ཞིང་བདེ་བ་བསྒོམ། །མེ་མཆོད་འབུལ་ཞིང་གླུ་གར་བྱ། །ལས་ཀྱི་མཁའ་འགྲོའི་དམ་ཚིག་ཏུ། །རྒྱུད་ལ་གང་སྐྱེས་ཤེས་པ་རྣམས། །མི་དགག་ཐད་ཀར་སྤྱོད་པར་བྱ། །རིན་ཆེན་མཁའ་འགྲོའི་དམ་ཚིག་ཏུ། །ཚོགས་དང་གཏོར་མ་རྒྱ་ཆེན་བྱ། །ཆགས་ཞེན་སྤངས་ལ་རི་ཁྲོད་འགྲིམ། །ཕྱི་


KMC009_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གསང་བ་དེ་ཁོ་ནའི། །མཆོད་པ་དུ་མས་ཡང་དག་མཆོད། །ཡ་ང་མི་བྱ་ཚད་གཟུང་མེད། །རིག་པ་ངར་དང་བཅས་པ་ཡིས། །མི་ཕོད་བརྫི་ཞིང་ཞེན་པ་བཟློག །འཁྲི་བ་བཙན་ཐབས་དག་ཏུ་བཅད། །བརྟུལ་ཞུགས་ཐུག་ཕྲད་ལམ་དུ་ཁྱེར། །གཅེར་བུ་སྟག་གི་ཤམ་ཐབས་བྱ། །ཕྱག་རྒྱ་ལྔས་བརྒྱན་ཅང་ཏེའུ་དང་། །དྲིལ་བུ་སིལ་སིལ་ཚངས་སྐུད་དང་། །ཐོད་པ་དང་ནི་ཁ་ཊྭཱཾ་ཐོགས། །དུར་ཁྲོད་ཀུན་དུ་རྒྱུ་བྱ་སྟེ། །རིག་པ་བརྟུལ་ཞུགས་སྤྱོད་པ་གྱིས། །བསྲུང་བ་སྦྱིན་སྲེག་ཕྱིར་ཟློག་སོགས། །ཕྲིན་ལས་རབ་འབྱམས་སྒྲུབ་པར་བྱོས། །ཞེས་བསྒོས་ལ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །སློབ་མས་བཀའ་དྲིན་གྱི་ཡོན་དུ། ས་གཞི་སྤོས་ཆུས་སོགས་མཎྜལ་འབུལ་ལོ། །དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱིས་སློབ་མར་བཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །སློབ་མ་རྗེས་སུ་འཛིན་པའི་ཆོ་གའོ།


KMC009_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

༈ །ཚོགས་རྫས་བྱིན་གྱིས་བརླབ་པ་ནི། ༀ་ཨཱཿབི་གྷྣཱནྟ་ཀྲྀ་ཏ་ཧཱུྃ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱ ཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་ཆང་ཟུང་ལ་ཡཾ་དང་། མཆོག་མ་གཉིས་ལ་གཡོ་བའི་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རཾ་གྱིས་མཚན་པ། དེའི་སྟེང་དུ་ཀཾ་གསུམ་ལས་ཐོད་པ་བུམ་རིལ་གྱི་སྒྱེད་པུ་ལྟག་པ་ནང་དུ་བསྟན་པ་གསུམ་གྱི་སྟེང་དུ། ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ། དུམ་བུ་གཅིག་པ་དཔྲལ་བ་རང་ལ་བསྟན་པ། རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ། དེའི་དབུས་སུ་མུ་ལས་དྲི་ཆུ་བཻ་ཌཱུཪྻ་ལྟ་བུ། ཤར་དུ་བི་ལས་དྲི་ཆེན་ཤེལ་ལྟ་བུ། ལྷོར་ར་ལས་རཀྟ་གསེར་བཙོ་མ་ལྟ་བུ། ནུབ་ཏུ་ཤུ་ལས་བྱང་སེམས་དཀར་པོ། བྱང་དུ་མ་ལས་ཀླད་པ། སླར་ཡང་དབུས་སུ་ན་ལས་མིའི་ཤ །ཤར་ལྷོར་


KMC009_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

གོ་ལས་བ་ལང་གི་ཤ །ལྷོ་ནུབ་ཏུ་ཀུ་ལས་ཁྱིའི་ཤ །ནུབ་བྱང་དུ་ད་ལས་གླང་པོ་ཆེའི་ཤ །བྱང་ཤར་དུ་ཧ་ལས་རྟའི་ཤ །དེ་རྣམས་སླར་ཡང་ཡི་གེ་དེ་དག་གིས་མཚན་པའོ། །རང་གི་སྣ་བུག་གཡོན་པ་ནས་རླུང་ཧཱུྃ་གི་དབྱིབས་ཅན་འཕྲོས། །རླུང་གི་དཀྱིལ་འཁོར་ལ་ཕོག་བ་དན་བསྐྱོད་པས་རླུང་གཡོས་མེ་སྦར་ཐོད་པ་དྲོས། རྫས་རྣམས་ཁོལ། ཉེས་པའི་སྐྱོན་རྣམས་ཕྱིར་ལུད། དེའི་སྟེང་དུ་ༀ་ཨཱཿཧཱུྃ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ། ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་ཏེ། ན་མོ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་འདི། རང་བཞིན་གྱིས་རྣམ་པར་དག་པ་སྐྱེ་བ་མེད་པ། ངོ་བོ་རྣམ་པར་དག་པ་ཨཱ་ལི་ཀཱ་ལི། མཚན་ཉིད་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་


KMC009_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བཏབ་པ་འདི། །བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཁཱ་ཧི། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཁཱ་ཧི། ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ཧཱུྃ་བཞེངས་ཤིག་བླ་མ་རྣམས་བཞེངས་ཤིག །བཀའ་བརྒྱུད་བླ་མ་སྐུ་བསྐྱོད་འཚལ། །རིག་འཛིན་མཁའ་འགྲོ་འབུམ་གྱི་དབུས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །དབུ་ལ་ཐོར་ཚུགས་རྒྱན་གྱིས་བརྒྱན། །གསེར་གྱི་ཅོད་པན་ལྡེམས་སེ་ལྡེམ། །རིན་ཆེན་སྙན་ཆ་ཁྲ་ལ་ལ། །ཕྱག་གདུབ་ཞབས་གདུབ་སི་ལི་ལི། །དར་གྱི་ཅོད་པན་པུ་རུ་རུ། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །སིལ་སྙན་མང་པོ་དཀྲོལ་ཞིང་བྱོན། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་ཁང་འདི་ལ་བྱིན་གྱིས་རློབས། །ཚོགས་གཏོར་འདི་ལ་བཅུད་ཅིག་


KMC009_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཕོབ། །འདིར་ཚོགས་རྣལ་འབྱོར་ཐམས་ཅད་ལ། །མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ། །ༀ་ན་མོ་གུ་རུ་ཨ་དྷིཥྛ་ན་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ཧཱུྃ་བཞེངས་ཤིག་ཡི་དམ་རྣམས་བཞེངས་ཤིག །རྡོ་རྗེ་ཕག་མོ་སྐུ་བསྐྱོད་འཚལ། །ཨོ་ཌྱན་གནས་ནས་གཤེགས་སུ་གསོལ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །དབུ་ལ་ཐོར་ཚུགས་རྒྱན་གྱིས་བརྒྱན། །གསེར་གྱི་ཅོད་པན་ལྡེམས་སེ་ལྡེམ། །རིན་ཆེན་སྙན་ཆ་ཁྲ་ལ་ལ། །ཕྱག་གདུབ་ཞབས་གདུབ་སི་ལི་ལི། །དར་གྱི་ཅོད་པན་པུ་རུ་རུ། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །སིལ་སྙན་མང་པོ་དཀྲོལ་ཞིང་བྱོན། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་ཁང་འདི་ལ་བྱིན་གྱིས་རློབས། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །འདིར་ཚོགས་རྣལ་འབྱོར་ཐམས་ཅད་ལ། །མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ། །ༀ་ཤྲཱི་བཛྲ་ཝཱ་ར་ཧི་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་


KMC009_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཧི། ཧཱུྃ་བཞེངས་ཤིག་མཁའ་འགྲོ་རྣམས་བཞེངས་ཤིག །རྡོ་རྗེ་མཁའ་འགྲོ་སྐུ་བསྐྱོད་འཚལ། །མི་འགྱུར་གནས་ནས་གཤེགས་སུ་གསོལ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །དབུ་ལ་ཐོར་ཚུགས་རྒྱན་གྱིས་བརྒྱན། །གསེར་གྱི་ཅོད་པན་ལྡེམས་སེ་ལྡེམ། །རིན་ཆེན་སྙན་ཆ་ཁྲ་ལ་ལ། །ཕྱག་གདུབ་ཞབས་གདུབ་སི་ལི་ལི། །དར་གྱི་ཅོད་པན་པུ་རུ་རུ། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །སིལ་སྙན་མང་པོ་དཀྲོལ་ཞིང་བྱོན། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་ཁང་འདི་ལ་བྱིན་གྱིས་རློབས། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །འདིར་ཚོགས་རྣལ་འབྱོར་ཐམས་ཅད་ལ། །མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ། །ༀ་བཛྲ་ཌཱ་ཀི་ནཱི་ཡེ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ཧཱུྃ་བཞེངས་ཤིག་མཁའ་འགྲོ་རྣམས་བཞེངས་ཤིག །སངས་རྒྱས་མཁའ་འགྲོ་སྐུ་བསྐྱོད་འཚལ། །བདེ་ཆེན་གནས་ནས་གཤེགས་སུ་


KMC009_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །དབུ་ལ་ཐོར་ཚུགས་རྒྱན་གྱིས་བརྒྱན། །གསེར་གྱི་ཅོད་པན་ལྡེམས་སེ་ལྡེམ། །རིན་ཆེན་སྙན་ཆ་ཁྲ་ལ་ལ། །ཕྱག་གདུབ་ཞབས་གདུབ་སི་ལི་ལི། །དར་གྱི་ཅོད་པན་པུ་རུ་རུ། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །སིལ་སྙན་མང་པོ་དཀྲོལ་ཞིང་བྱོན། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་ཁང་འདི་ལ་བྱིན་གྱིས་རློབས། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །འདིར་ཚོགས་རྣལ་འབྱོར་ཐམས་ཅད་ལ། །མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ། །ༀ་བུདྡྷ་ཌཱ་ཀི་ནཱི་ཡེ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ཧཱུྃ་བཞེངས་ཤིག་མཁའ་འགྲོ་རྣམས་བཞེངས་ཤིག །རིན་ཆེན་མཁའ་འགྲོ་སྐུ་བསྐྱོད་འཚལ། །གཏེར་འབྱུང་ཡིད་བཞིན་གནས་ནས་བཞེངས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །དབུ་ལ་ཐོར་ཚུགས་རྒྱན་གྱིས་བརྒྱན། །གསེར་གྱི་ཅོད་པན་ལྡེམས་སེ་ལྡེམ། །རིན་


KMC009_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་སྙན་ཆ་ཁྲ་ལ་ལ། །ཕྱག་གདུབ་ཞབས་གདུབ་སི་ལི་ལི། །དར་གྱི་ཅོད་པན་པུ་རུ་རུ། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །སིལ་སྙན་མང་པོ་དཀྲོལ་ཞིང་བྱོན། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་ཁང་འདི་ལ་བྱིན་གྱིས་རློབས། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །འདིར་ཚོགས་རྣལ་འབྱོར་ཐམས་ཅད་ལ། །མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ། །ༀ་རཏྣ་ཌཱ་ཀི་ནཱི་ཡེ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ཧཱུྃ་བཞེངས་ཤིག་མཁའ་འགྲོ་རྣམས་བཞེངས་ཤིག །པདྨ་མཁའ་འགྲོ་སྐུ་བསྐྱོད་འཚལ། །རང་བྱུང་བདེ་ཆེན་གནས་ནས་བཞེངས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །དབུ་ལ་ཐོར་ཚུགས་རྒྱན་གྱིས་བརྒྱན། །གསེར་གྱི་ཅོད་པན་ལྡེམས་སེ་ལྡེམ། །རིན་ཆེན་སྙན་ཆ་ཁྲ་ལ་ལ། །ཕྱག་གདུབ་ཞབས་གདུབ་སི་ལི་ལི། །དར་གྱི་ཅོད་པན་པུ་རུ་རུ། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །སིལ་སྙན་མང་


KMC009_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དཀྲོལ་ཞིང་བྱོན། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་ཁང་འདི་ལ་བྱིན་གྱིས་རློབས། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །འདིར་ཚོགས་རྣལ་འབྱོར་ཐམས་ཅད་ལ། །མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ། །ༀ་པདྨ་ཌཱ་ཀི་ནཱི་ཡེ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ཧཱུྃ་བཞེངས་ཤིག་མཁའ་འགྲོ་རྣམས་བཞེངས་ཤིག །ལས་ཀྱི་མཁའ་འགྲོ་སྐུ་བསྐྱོད་འཚལ། །དུར་ཁྲོད་གནས་ནས་གཤེགས་སུ་གསོལ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །དབུ་ལ་ཐོར་ཚུགས་རྒྱན་གྱིས་བརྒྱན། །གསེར་གྱི་ཅོད་པན་ལྡེམས་སེ་ལྡེམ། །རིན་ཆེན་སྙན་ཆ་ཁྲ་ལ་ལ། །ཕྱག་གདུབ་ཞབས་གདུབ་སི་ལི་ལི། །དར་གྱི་ཅོད་པན་པུ་རུ་རུ། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །སིལ་སྙན་མང་པོ་དཀྲོལ་ཞིང་བྱོན། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་ཁང་འདི་ལ་བྱིན་གྱིས་རློབས། །ཚོགས་གཏོར་འདི་ལ་བཅུད་ཅིག་


KMC009_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཕོབ། །འདིར་ཚོགས་རྣལ་འབྱོར་ཐམས་ཅད་ལ། །མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ། །ༀ་ཀརྨ་ཌཱ་ཀི་ནཱི་ཡི་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ཧཱུྃ་བཞེངས་ཤིག་མཁའ་འགྲོ་རྣམས་བཞེངས་ཤིག །སྣ་ཚོགས་མཁའ་འགྲོ་སྐུ་བསྐྱོད་འཚལ། །མཆོད་རྟེན་དཀར་པོའི་གནས་ནས་བཞེངས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །དབུ་ལ་ཐོར་ཚུགས་རྒྱན་གྱིས་བརྒྱན། །གསེར་གྱི་ཅོད་པན་ལྡེམས་སེ་ལྡེམ། །རིན་ཆེན་སྙན་ཆ་ཁྲ་ལ་ལ། །ཕྱག་གདུབ་ཞབས་གདུབ་སི་ལི་ལི། །དར་གྱི་ཅོད་པན་པུ་རུ་རུ། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །སིལ་སྙན་མང་པོ་དཀྲོལ་ཞིང་བྱོན། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་ཁང་འདི་ལ་བྱིན་གྱིས་རློབས། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །འདིར་ཚོགས་རྣལ་འབྱོར་ཐམས་ཅད་ལ། །མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ། །ༀ་བི་ཤྭ་ཌཱ་ཀི་ནཱི་ཡེ་པཉྩ་ཨ་མྲྀ་ཏ་


KMC009_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ཧཱུྃ་བཞེངས་ཤིག་མཁའ་འགྲོ་རྣམས་བཞེངས་ཤིག །འཇིག་རྟེན་མཁའ་འགྲོ་སྐུ་བསྐྱོད་འཚལ། །དམ་ཚིག་གནས་ནས་གཤེགས་སུ་གསོལ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གཟི་བརྗིད་བསྐལ་པའི་མེ་ལྟར་འབར། །རྒྱན་དང་ཆ་ལུགས་ལྡན་པ་ཡི། །སོ་སོའི་རིགས་ཀྱི་འཁོར་གྱིས་བསྐོར། །དུར་ཁྲོད་ཉུལ་ཞིང་རྣལ་འབྱོར་སྐྱོང་། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཕྱི་ནང་བར་ཆད་ཞི་བ་དང་། །ཕྲིན་ལས་རྣམ་བཞི་སྒྲུབ་ཏུ་གསོལ། །ༀ་ལོ་ཀ་ཌཱ་ཀི་ནཱི་ཡེ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ཧཱུྃ་བཞེངས་ཤིག་ཆོས་སྐྱོང་རྣམས་བཞེངས་ཤིག །མ་མགོན་ལྕམ་དྲལ་སྐུ་བསྐྱོད་འཚལ། །ཕྱོགས་མཚམས་ཀུན་ནས་གཤེགས་སུ་གསོལ། །འཇིགས་པའི་གད་མོ་ཧཱུྃ་སྒྲ་ཅན། །བསྟན་པ་བསྲུང་ཞིང་རྣལ་འབྱོར་སྐྱོང་། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །སྒྲུབ་ལ་བར་དུ་གཅོད་པ་ཡི། །དགྲ་


KMC009_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་མ་ལུས་ཞི་བར་མཛོད། །ༀ་མ་ཧཱ་ཀཱ་ལ་ཡ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ཧཱུྃ་བཞེངས་ཤིང་ཞིང་སྐྱོང་རྣམས་བཞེངས་ཤིག །ག་ཡ་དྷ་ར་སྐུ་བསྐྱོད་འཚལ། །ཕོ་བྲང་མཁའ་སྤྱོད་ཙ་རི་ནས། །བདུད་མགོན་སེང་གདོང་ཡབ་ཡུམ་ལ། །ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །སྒྲུབ་ལ་བར་དུ་གཅོད་པ་ཡི། །དགྲ་བགེགས་མ་ལུས་ཞི་བར་མཛོད། །ༀ་མ་ཧཱ་ཀཱ་ལ་སིངྷ་མུ་ཁ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ཞེས་ཚོགས་བསྟབ་ཅིང་། ཕུད་གཏོར་ལ་ཚོགས་ཀྱི་ཕུད་གཏོར་མའི་ནང་དུ་བླུག་ནས། དཀྱིལ་འཁོར་གྱི་ལྷ་ལ་འབུལ་བ་ནི། གཏོར་མ་ལྔ་པོ། ༀ་ཨཱཿབི་གྷྣཱནྟ་ཀྲྀ་ཏ་ཧཱུྃ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱ ཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་ཆང་ཟུང་ལ་ཡཾ་དང་། མཆོག་མ་གཉིས་ལ་གཡོ་བའི་བ་དན་


KMC009_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རཾ་གྱིས་མཚན་པ། དེའི་སྟེང་དུ་ཀཾ་གསུམ་ལས་ཐོད་པ་བུམ་རིལ་གྱི་སྒྱེད་པུ་ལྟག་པ་ནང་དུ་བསྟན་པ་གསུམ་གྱི་སྟེང་དུ། ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ། དུམ་བུ་གཅིག་པ་དཔྲལ་བ་རང་ལ་བསྟན་པ། རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ། དེའི་དབུས་སུ་མུ་ལས་དྲི་ཆུ་བཻ་ཌཱུཪྻ་ལྟ་བུ། ཤར་དུ་བི་ལས་དྲི་ཆེན་ཤེལ་ལྟ་བུ། ལྷོར་ར་ལས་རཀྟ་གསེར་བཙོ་མ་ལྟ་བུ། ནུབ་ཏུ་ཤུ་ལས་བྱང་སེམས་དཀར་པོ། བྱང་དུ་མ་ལས་ཀླད་པ། སླར་ཡང་དབུས་སུ་ན་ལས་མིའི་ཤ །ཤར་ལྷོར་གོ་ལས་བ་ལང་གི་ཤ །ལྷོ་ནུབ་ཏུ་ཀུ་ལས་ཁྱིའི་ཤ །ནུབ་བྱང་དུ་ད་ལས་གླང་པོ་ཆེའི་ཤ །བྱང་ཤར་དུ་ཧ་ལས་རྟའི་ཤ །དེ་རྣམས་སླར་ཡང་ཡི་གེ་དེ་དག་གིས་མཚན་པའོ། །རང་གི་སྣ་བུག་གཡོན་པ་ནས་རླུང་ཧཱུྃ་གི་དབྱིབས་ཅན་འཕྲོས། །རླུང་གི་དཀྱིལ་འཁོར་ལ་ཕོག་བ་དན་བསྐྱོད་


KMC009_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

པས་རླུང་གཡོས་མེ་སྦར་ཐོད་པ་དྲོས། རྫས་རྣམས་ཁོལ། ཉེས་པའི་སྐྱོན་རྣམས་ཕྱིར་ལུད། དེའི་སྟེང་དུ་ༀ་ཨཱཿཧཱུྃ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ། གི་བར་སྔར་ལྟ་བུས་བྱིན་གྱིས་བརླབས་ལ། ཕེཾ་ཕེཾ་ཕེཾ། ཞེས་གཏོར་མགྲོན་སྤྱན་དྲངས། པད་ཀོར་རྡོ་རྗེ་ཐལ་མོ་ཁ་ཕྱེ་བས། ༀ་བཛྲ་ཨཱ་ར་ལི་ཧོཿཛཿཧཱུྃ་བཾ་ཧོཿབཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོཿ ལན་གསུམ། ན་མོ་རཏྣ་གུ་རུ་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་བརྗོད། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོར་གྱུར་པ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག་དྲིན་ཆེན་རྩ་བ་དང་བརྒྱུད་པར་


KMC009_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་པོ། ཏཻ་ལོ་ཤེས་རབ་བཟང་པོ། ནཱ་རོ་ཛྙཱ་ན་སིདྡྷི། མར་པ་ཆོས་ཀྱི་བློ་གྲོས། མི་ལ་བཞད་པ་རྡོ་རྗེ། དྭགས་པོ་ཟླ་འོད་གཞོན་ནུ། དཔལ་ལྡན་དུས་གསུམ་མཁྱེན་པ། འགྲོ་མགོན་རས་པ་ཆེན་པོ། རྒྱལ་སྲས་སྤོམ་བྲག་པ། གྲུབ་ཆེན་ཀརྨ་པཀྴི། མཁས་གྲུབ་ཨོ་རྒྱན་པ། སེམས་དཔའ་རང་བྱུང་རྡོ་རྗེ། རྒྱལ་བ་གཡུང་སྟོན་ཆེན་པོ། འཛམ་གླིང་ཆོས་ཀྱི་གྲགས་པ། རྟོགས་ལྡན་མཁའ་སྤྱོད་དབང་པོ། ཆོས་རྗེ་དེ་བཞིན་གཤེགས་པ། རྗེ་བཙུན་རཏྣ་བྷ་དྲ། སྤྲུལ་སྐུ་མཐོང་བ་དོན་ལྡན། ཀུན་མཁྱེན་འཇམ་དཔལ་བཟང་པོ། བྱང་སེམས་དཔལ་འབྱོར་དོན་གྲུབ། རྒྱལ་དབང་ཆོས་གྲགས་རྒྱ་མཚོ། གྲུབ་ཆེན་བཀྲ་ཤིས་དཔལ་འབྱོར། མཚུངས་མེད་མི་བསྐྱོད་རྡོ་རྗེ། རྒྱལ་བ་དཀོན་མཆོག་ཡན་ལག །རྗེ་བཙུན་དབང་ཕྱུག་རྡོ་རྗེ། གར་དབང་ཆོས་ཀྱི་དབང་ཕྱུག །


KMC009_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ། དཔལ་ལྡན་ཡེ་ཤེས་སྙིང་པོ། མཚུངས་མེད་ཡེ་ཤེས་རྡོ་རྗེ། དཔལ་ཆེན་ཆོས་ཀྱི་དོན་གྲུབ། རྒྱལ་དབང་བྱང་ཆུབ་རྡོ་རྗེ། སི་ཏུ་ཆོས་ཀྱི་འབྱུང་གནས། རྗེ་བཙུན་བདུད་འདུལ་རྡོ་རྗེ། མི་ཕམ་ཆོས་གྲུབ་རྒྱ་མཚོ། པདྨ་ཉིན་བྱེད་དབང་པོ། ཐེག་པ་མཆོག་གི་རྡོ་རྗེ། རྗེ་བཙུན་བློ་གྲོས་མཐའ་ཡས། ཀུན་བཟང་མཁའ་ཁྱབ་རྡོ་རྗེ། པདྨ་དབང་མཆོག་རྒྱལ་པོ། དཔལ་ལྡན་མཁྱེན་བརྩེའི་འོད་ཟེར། རང་བྱུང་རིག་པའི་རྡོ་རྗེ་ལ་སོགས་པ་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སློབ་དཔོན་ཆེན་པོ་ཌོམྦི་པ། མལ་གྱོ་ལོ་ཙཱ་བ། གཉལ་པ་ཉི་མ་འབར། གཉལ་པ་ཇོ་སྲས། འགྲོ་མགོན་རས་ཆེན། རྒྱལ་སྲས་སྤོམ་བྲག་པ། ཆོས་རྗེ་ཀརྨ་པ། བླ་མ་གཉན་རས། ཆོས་རྗེ་རང་བྱུང་རྡོ་རྗེ། མགོན་པོ་རྒྱལ་མཚན། ཆོས་རྗེ་རོལ་པའི་རྡོ་རྗེ། རྟོགས་ལྡན་གྲགས་


KMC009_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

པ་སེང་གེ། དར་མ་རྒྱལ་མཚན། རྟོགས་ལྡན་མཁའ་སྤྱོད་དབང་པོ། ཀུན་དགའ་བློ་གྲོས། བླ་མ་རིན་པོ་ཆེ་རཏྣ་བྷཱ་དྲ། ཆོས་ཀྱི་བཟང་པོ། སྤྲུལ་པའི་སྐུ་དྷརྨ་ཤྲཱི་ཛྙཱ་ན་ལ་སོགས་པ་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སློབ་དཔོན་ཆེན་པོ་པདྨ་སམྦྷ་བ། པུ་རངས་པ་ཞང་བཙུན་དར་མ་རིན་ཆེན། གཙང་ལ་སྟོད་ཀྱི་ཁྱུང་པོ་སྟག་ཤམ་ཅན། ཀྱུ་ར་རྒྱལ་བའི་ཡེ་ཤེས། ཕྱག་བླ་ཆེན་མགོན་པོ། སྟོང་དཔོན་ཤེས་རབ་མགོན་པོ། ཆོས་ཀྱི་རྗེ་དཔལ་ལྡན་དུས་གསུམ་མཁྱེན་པ་ལ་སོགས་པ་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། དེའི་རྗེས་སུ། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཨི་དཾ་བ་ལིཾ་པཱུ་ཛ་ཁཱ་ཧི་ཁཱ་ཧི་གྲྀཧྣ་མ་མ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། བཛྲ་ཌཱ་ཀི་ནཱི། བུདྡྷ་ཌཱ་ཀི་ནཱི། རཏྣ་ཌཱ་ཀི་ནཱི། པདྨ་ཌཱ་ཀི་ནཱི། ཀརྨ་ཌཱ་ཀི་


KMC009_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ནཱི། བི་ཤྭ་ཌཱ་ཀི་ནཱི། ལོ་ཀ་ཌཱ་ཀི་ནཱི། ཨི་དཾ་བ་ལིཾ་པཱུ་ཛ་ཁཱ་ཧི་ཁཱ་ཧི་གྲྀཧྣ་མ་མ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། གསུམ་མམ། བདུན་ལ་སོགས་པས་གཙོ་འཁོར་དཔའ་བོ་རྣལ་འབྱོར་མ་རྣམས་ལ་ཕུལ་ཏེ། ལྷ་ཚོགས་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་དམར་པོའི་འོད་ཀྱི་སྦུ་གུས་བདུད་རྩི་གཏོར་མ་གསོལ་བས་སྐུ་གསུང་ཐུགས་ཤིན་ཏུ་མཉེས་པར་གྱུར་ཏོ། །ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཤྲཱི་བཛྲ་ཡོ་གི་ནི་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་འདོན་པ་བརྒྱུར་ཏེ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་བི་དྱེ། ཤབྡ། ཞེས་དང་། པཉྩ་ཨ་མྲྀ་ཏ། མཱ་ཏངྒི་ལ་སོགས་པས་མཆོད་དེ། ༀ་བཅོམ་ལྡན་རྣམ་ཀུན་རྡོ་རྗེ་ཕག་མོ་ཆེ། །འཇིག་རྟེན་གསུམ་གཞན་རྒོལ་བས་མི་ཚུགས་ཤིང་། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཕག་མོས་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་པ་ལས་རྒྱལ་ཞིང་། །བདུད་ཀྱི་འཇིགས་པ་མ་ལུས་སྐེམས་ཤིང་ཕམ་མཛད་མ། །སྐྱེས་གནས་འབྱུང་བ་ཀུན་གྱི་རང་བཞིན་


KMC009_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས། །ས་གསུམ་དབང་ཕྱུག་ཆོས་རྣམས་ཡོངས་རྫོགས་མཛད། །རྣལ་འབྱོར་འདོད་པའི་དབང་ཕྱུག་མ་ལ་འདུད། །ཞེས་པས་བསྟོད། ཕྱོགས་སྐྱོང་དང་ཞིང་སྐྱོང་ལ་སོགས་པའི་འབྱུང་པོ་རྣམས་ལ། ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙ་ཨུནྨ་ད་ཨ་པ་སྨཱ་ར་ཌཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་དཾ་བ་ལིཾ་གྲིཧྣནྟུ་ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྡྷིམྨེ་པྲ་ཡ་ཙྪནྟུ་ཡ་ཐཻ་བཾ་ཡ་ཋེཥྚཾཿབྷུཉྫ་ཐ་ཛི་གྷྲ་ཐ་པི་བ་ཐ་མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱ་ར་ཏ་ཡ་སཏྶུ་ཁཾ་བི་ཤུདྡྷ་ཡེ། སཱ་ཧཱ་ཡི་ཀཱ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལན་བཞིར་བརྗོད། ༀ་ཧྲིཾ་ཧྲིཾ་ཧཾ་ཧཾ་ཧེ་ཧེ་ཧི་ཧི་ཕེཾ་ཕེཾ། ཞེས་པ་གསུམ་སོགས་ཀྱིས་ལས་ཀྱི་མཁའ་འགྲོ་མ་རྣམས་ལ་འབུལ་ལོ། །དེ་ནས། ཞིང་སྐྱོང་ཆེན་པོ་བརྒྱད་རྣམས་དང་། །མཁའ་འགྲོ་སུམ་ཅུ་སོ་གཉིས་སོགས། །མ་ལུས་འཁོར་བཅས་འདིར་བྱོན་ཞིང་། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པའི་བར་གྱིས་ཕྲིན་ལས་བཅོལ་ལོ། །གཏོར་ཆོག་གཞན་ནས་འབྱུང་བ་ལྟ་བུས་ཡི་དམ་ཆོས་སྐྱོང་


KMC009_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་འབུལ། ཧཱུྃ་ཆོས་དབྱིངས་རྣམ་དག་ངང་ཉིད་ལས། །འགྲོ་བའི་དོན་མཛད་གཞན་དོན་དུ། །ཡེ་ཤེས་སྤྲུལ་པ་ཕྱོགས་བཅུར་འགྱེད། །རྗེ་བཙུན་མ་ཡི་ཐུགས་དམ་བསྐང་། །ཕག་མོ་ལྷ་ལྔའི་ཐུགས་དམ་བསྐང་། །གནས་དང་ཉེ་བའི་གནས་ལ་སོགས། །པུལླི་ར་མ་ལ་སོགས་པའི། །ཡུལ་ཆེན་ཉི་ཤུ་རྩ་བཞི་ཡི། །དཔའ་བོ་དཔའ་མོ་མཁའ་འགྲོའི་ཚོགས། །བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །དམ་ཚིག་ཉམས་ཆགས་ཚོགས་ཀྱིས་བསྐང་། །ལྟ་བ་ལོག་པ་གཏོར་མས་བསྐང་། །སྲུང་མ་གཡེལ་ན་གཏོར་མས་བསྐང་། །འདིར་བྱོན་དམ་བསྐང་ཕྲིན་ལས་མཛོད། །འདོད་པའི་དངོས་གྲུབ་བདག་ལ་སྩོལ། །ཐོག་མེད་དུས་ནས་ད་ལྟའི་བར། །རྩ་བ་ཡན་ལག་དམ་ཚིག་ལ། །ཉམས་ཆགས་འགལ་འཁྲུལ་ཅི་མཆིས་ཀུན། །མཐོལ་བཤགས་བཟོད་བཞེས་ཚངས་པར་སྩོལ། །ༀ་ས་མ་ཡ། ཨཱཿས་མ་ཡ། ཧཱུྃ་ས་མ་ཡ། ༀ་


KMC009_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཡིག་བརྒྱ་བརྗོད། གྲུབ་ཆེན་ཀརྨ་པའི་གསར་བསྐོང་བཀྲ་ཤིས་སྒོ་མང་ལས་ཁོལ་དུ་ཕྱུང་བའོ། །ༀ་མ་དག་སྣོད་བཅུད་སྟོང་པར་སྦྱངས། །སྟོང་པའི་ངང་ལས་ཡེ་ཤེས་ཀྱི། །རླུང་མེ་ཐོད་སྒྱེད་སྟེང་ཉིད་དུ། །ཐོད་པར་ཤ་ལྔ་བདུད་རྩི་ལྔ། །རླུང་མེས་བསྐོལ་བའི་དམ་ཚིག་པའི། །བདུད་རྩི་རབ་འབར་འོད་ཉིད་དེས། །ཡེ་ཤེས་བདུད་རྩི་སྤྱན་དྲངས་ནས། །དབྱེར་མེད་ༀ་དང་ཨཱཿཧཱུྃ་གིས། །བྱིན་བརླབས་དྲི་རོ་མཚུངས་མེད་གྱུར། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས་སྤྱན་དྲངས། །མདུན་གྱི་ནམ་མཁར་སྤྲིན་བཞིན་གཏིབས་པར་གྱུར། །ཡི་དམ་ཀུན་འདུས་རྩ་བའི་བླ་མ་མཆོད། །དཀོན་མཆོག་ཀུན་འདུས་རྩ་བའི་བླ་མ་མཆོད། །ཆོས་སྐྱོང་ཀུན་འདུས་རྩ་བའི་བླ་མ་མཆོད། ཁྱད་པར་ཆོས་སྐྱོང་བེར་གྱི་ན་བཟའ་ཅན། །དཔལ་ལྡན་ལྷ་མོ་རང་བྱུང་རྒྱལ་མོ་ནི། །མཆེད་ལྕམ་འཁོར་དང་བཅས་པ་མཆོད་པར་བགྱི། །


KMC009_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་རྣམ་མང་ཐོས་སྲས་སྔགས་ཀྱི་བདག །རྡོ་རྗེ་ལེགས་པ་སྲིན་མགོན་ཞིང་སྐྱོང་དང་། །མཁར་ནག་རྡོ་རྗེ་རྒྱལ་པོ་ལ་སོགས་པའི། །ཀརྨ་པ་ཡི་བསྟན་པ་སྐྱོང་རྣམས་ལ། །ཟག་མེད་ཤ་ལྔ་བདུད་རྩི་ལྔ་མཆོག་གི །གཏོར་མ་རྩ་བརྒྱད་པཉྩ་ཨ་མྲྀ་ཏ། །ཛ་གད་རཀྟའི་ཡོན་ཆབ་མཆོད་པར་བཞེས། །འདོད་ཡོན་ལྔ་དང་གསང་བའི་མཆོད་པ་དང་། །དེ་ཁོ་ན་ཡི་ཀུན་བཟང་མཆོད་པས་མཆོད། །ཁྱོད་ཀྱི་སྐྱོན་དག་ཡོན་ཏན་རྫོགས་པ་དེའི། །གནས་ཚུལ་ཇི་བཞིན་རྟོགས་པའི་སྒོ་གསུམ་གྱི། །བསྟོད་པ་མ་ལུས་པ་ཡིས་བསྟོད་པར་བགྱི། །ཁྱོད་ལ་འདོད་དོན་གསོལ་བ་བཏབ་པ་ནི། །བདག་སོགས་ཀུན་ལ་མཆོག་དང་ཐུན་མོང་གི །དངོས་གྲུབ་སྟན་ཐོག་འདི་ལ་སྩོལ་བ་དང་། །ཁྱད་པར་ཚེ་རིང་ནད་མེད་དཔལ་འབྱོར་རྒྱས། །ཡིད་ལ་བསམ་ཚད་སྐད་ཅིག་ཙམ་ཉིད་ལ། །གྲུབ་ནས་ཀརྨ་པ་ཡི་བཞེད་པ་ཀུན། །བདག་གིས་མ་ལུས་མྱུར་དུ་འགྲུབ་པ་


KMC009_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཀརྨ་པ་ཡི་བསྟན་ལ་གནོད་བྱེད་རྣམས། །བདག་གིས་ཐལ་བ་བཞིན་དུ་རློག་པ་ཡི། །ནུས་པ་ད་ལྟ་ཉིད་དུ་སྩལ་དུ་གསོལ། །དེ་ལྟར་མཆོད་བསྟོད་དད་པའི་དགེ་བ་དེས། །མ་གྱུར་འགྲོ་བ་སེམས་ཅན་ཐམས་ཅད་ཀུན། །རྫོགས་པའི་སངས་རྒྱས་གོ་འཕང་ཐོབ་ཕྱིར་བསྔོ། །ཞེས་པ་འདི་ནི་རིན་ཆེན་དཔལ་མོས་གསོལ་བ་བཏབ་པའི་ངོར། རྗེ་བཙུན་ཀརྨ་པ་མི་བསྐྱོད་རྡོ་རྗེས་གསུངས་པའོ། །ལས་ཀྱི་རྡོ་རྗེས་གཡས་སུ་ཐབས་ཀྱི་རྫས་ཤ་ལྔ་ལ་སོགས་པ་བཟའ་བ་དང་། གཡོན་པར་ཤེས་རབ་ཀྱི་རྫས་ཆང་སྣ་བཞི་ལ་སོགས་པ་བཏུང་བ་དག་བཟུང་སྟེ། སློབ་དཔོན་ནས་བཟུང་སྟེ་རིམ་པ་ལྟར་དྲང་ཞིང་། གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་བ་གསུམ། །རང་བཞིན་གཅིག་པར་དགོངས་ཏེ་རོལ། །ལེན་པ་པོས་ཀྱང་། བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འདོད་ཆགས་དྲི་མ་དང་བྲལ་བས། །གཟུང་དང་འཛིན་པ་རྣམ་པར་སྤངས། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཨ་ལ་ལ་ཧོཿ ཞེས་བརྗོད་ཅིང་བླངས་


KMC009_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕུད་བཅད་ནས། ༀ་ཨཱ་གྲ་པིཎྜ་ཨ་ཤི་བྷྱ་སྭཱ་ཧཱ། ཞེས་ཕུད་ལ་དབང་བའི་འབྱུང་པོ་ལ་སྦྱིན་ནོ། །ཏིང་འཛིན་གསལ་བས་དམ་ཚིག་དང་མི་འགལ་བར་བཟའ་བཏུང་ལ་ལོངས་སྤྱོད་དེ། དེ་ནས་ཕུད་དང་ལྷག་མ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨདྱ་ནུཏྤནྣ་ཏྭཱ་ཏ་ༀ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཕུད་དང་ལྷག་མའི་གཏོར་མ་བཟང་ཞིང་རྒྱ་ཆེ་ལ་ཟད་མི་ཤེས་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཧཱུྃ་གཞན་ཡང་ལས་ཀྱི་མཁའ་འགྲོ་མ། །ཤིན་ཏུ་འཇིགས་པའི་ཀེང་རུས་གཟུགས། །ཡན་ལག་རུས་པའི་འཁོར་ལོས་བརྒྱན། །སྙིང་ཁྲག་རྔུབ་ཅིང་རྐན་སྒྲ་སྒྲོགས། །རྐང་མགྱོགས་བརྟུལ་ཞུགས་གདུག་རྩུབ་ཅན། །དམ་ཚིག་ཅན་གྱི་ལས་མཁན་ཡིན། །དམ་ཚིག་ཉམས་པའི་སྲོག་གཅོད་ཡིན། །ཕུད་ལྷག་བཤལ་ཆུའི་གཏོར་མ་བཞེས། །དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས། །ད་རེས་ཉུལ་ལ་མེལ་ཚེ་མཛོད། །ཧཱུྃ་འཇིག་རྟེན་མཁའ་འགྲོ་རྫུ་འཕྲུལ་ཅན། །སྲིན་པོའི་ལུས་ལ་ལྕེ་སྤྱང་གདོང་། །སྦྲུལ་


KMC009_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ནག་ལྕེ་ལ་སྤྱན་མིག་གློག ཁ་རླངས་དུག་ལ་ང་རོ་འབྲུག །མི་ལྤགས་གཡབ་མོ་ཕྱོགས་བཅུར་བརྡེབ། །རྒྱུ་ཞགས་འདོམ་དགུས་དགྲ་བོ་འཆིང་། །ཁྲོས་པའི་སྨིན་ཕྲག་སེར་ཆེན་འབེབས། །བྱེ་བ་དུང་ཕྱུར་ས་མ་ཡ། །བ་སྤུ་མཚོན་ཆ་མེ་ལྟར་འབར། །དམ་ཚིག་ཅན་གྱི་ལས་མཁན་ཡིན། །དམ་ཚིག་ཉམས་པའི་སྲོག་གཅོད་ཡིན། །ཕུད་ལྷག་བཤལ་ཆུའི་གཏོར་མ་བཞེས། །དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས། །ད་རེས་ཉུལ་ལ་མེལ་ཚེ་མཛོད། །ཧཱུྃ་ཤ་ཟའི་མཁའ་འགྲོ་ཡང་སྤྲུལ་ཚོགས། །ཡི་དྭགས་ལུས་ལ་དུར་བྱའི་གདོང་། །ཆུ་སྲིན་རྐན་ལ་ཐོད་པས་བརྒྱན། །ལུས་ལ་རྣག་ཁྲག་ཆུ་སེར་ལྷགས། །སྨྲེ་སྔགས་ཚིག་ལ་ངུ་འབོད་དབྱངས། །ཕྱི་ནས་འདྲེ་ཚུབས་སྤྲིན་བཞིན་ལྡང་། །བཀྲ་མི་ཤིས་ཤིང་རྗེས་ངན་གཏོང་། །རོ་ལངས་རྐང་པས་དུར་ཁྲོད་ཉུལ། །ཕུང་སྲི་ལག་པས་སྲོག་རྩ་གཅོད། །གཟའ་སྲིན་མིག་གིས་ཟླ་ཚེས་བལྟ། །དམ་ཚིག་ཅན་གྱི་ལས་མཁན་ཡིན། །དམ་ཚིག་ཉམས་པའི་སྲོག་གཅོད་


KMC009_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཕུད་ལྷག་བཤལ་ཆུའི་གཏོར་མ་བཞེས། །དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས། །ད་རེས་ཉུལ་ལ་མེལ་ཚེ་མཛོད། །ཧཱུྃ་གཞན་ཡང་མཁའ་འགྲོ་ཕོ་ཉའི་ཚོགས། །ལས་ལ་མྱུར་ཞིང་བསྟན་པ་བསྲུང་། །ལྕེ་སྦྱང་མང་པོ་རོལ་དུ་ཁྲིད། །བུ་ཆུང་ལུས་ལ་བྱ་རོག་གདོང་། །བཤུགས་གླུའི་དབྱངས་ལ་སྨྲེ་སྔགས་ཚིག །རི་གསུམ་འགྲིམ་ཞིང་ལུང་གསུམ་བསྐོར། །ཆུ་ལ་ཞོན་ནས་གྲིབ་སོ་འགྲིམ། །དཀྱིལ་འཁོར་མཐའ་མ་བསྐོར་ཞིང་ཉུལ། །དམ་ཚིག་ཅན་གྱི་ལས་མཁན་ཡིན། །དམ་ཚིག་ཉམས་པའི་སྲོག་གཅོད་ཡིན། །ཕུད་ལྷག་བཤལ་ཆུའི་གཏོར་མ་བཞེས། །དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས། །ད་རེས་ཉུལ་ལ་མེལ་ཚེ་མཛོད། །ༀ་ཨུ་ཙྪིཥྚ་བ་ལྱིང་བྷཀྵ་བྷཀྵ་སི་སྭཱ་ཧཱ། ཞེས་རོལ་མོ་དང་བཅས་པས་ཕྱི་རོལ་དུ་དོར་རོ། །དེ་ནས་རྒྱས་བསྡུས་གང་ཡང་རུང་བའི་མཆོད་པ་གསུམ་ཕུལ་ལ། ༀ་ཤྲཱི་བཛྲ་ཝཱ་རཱ་ཧཱི་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། དེ་


KMC009_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ། པུཥྤེ་སོགས་ནས། ཤབྡའི་བར་དང་། པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ། མཱ་ཏངྒི་ཨཱཿཧཱུྃ། ཧྲཱིཿ ཞལ་གཅིག་སྤྱན་གསུམ་ལྗགས་འདྲིལ་ཞིང་། །ཞལ་གདངས་མཆེ་བ་རྣམ་པར་གཙིགས། །སྐུ་མདོག་རབ་དམར་འོད་ཟེར་འབར། །སྣང་སྟོང་སྐྱེ་མེད་སྐུ་ལ་བསྟོད། །འཛུམ་པའི་མདངས་ལྡན་བཞད་པའི་ཞལ། །གསུང་དབྱངས་ཡན་ལག་དྲུག་ཅུ་ཡིས། །ཧཱུྃ་ཕཊ་ལ་སོགས་སྒྲ་སྒྲོགས་མ། །གྲག་སྟོང་དབྱེར་མེད་གསུང་ལ་བསྟོད། །གཡས་བསྐུམ་གཡོན་བརྐྱང་འཇིགས་བྱེད་དང་། །དུས་མཚན་བསྒྱེལ་བའི་གདན་སྟེང་ན། །སྣ་ཚོགས་མེ་འོད་བདུད་འདུལ་མ། །རྟོག་མེད་མགོ་ཕྲེང་ཅན་ལ་བསྟོད། །གཡས་ན་དམ་ཉམས་སྲོག་གཅོད་གྲི། །གཡོན་ན་བདུད་རྩིའི་ཀ་པཱ་ལ། །རིགས་སྟོང་རིགས་ལྔའི་དབུ་རྒྱན་ཅན། །ལྷ་ཡི་ལྷ་ལ་ཕྱག་འཚལ་བསྟོད། །བདེ་སྟོང་བླ་མ་ཡིད་བཞིན་གྱི། །ནོར་བུ་གཙུག་གི་རྒྱན་ལྡན་མ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡུམ་གྱུར་མ་ལ་ཕྱག་


KMC009_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་བསྟོད། །ཅེས་བསྟོད་དེ། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་ལ་བཟོད་པར་གསོལ། །གང་ཡང་བདག་བློ་རྨོངས་གྱུར་པས། །ལེགས་སྤྱད་འདི་ལ་ཉེས་གྱུར་གང་། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །དེ་ཀུན་མགོན་ཁྱོད་བཟོད་པར་གསོལ། །རྫོགས་སངས་རྒྱས་དང་ལྷ་རྣམས་དང་། །དེ་སྲས་རྣམས་དང་ཚངས་ལ་སོགས། །འཇིག་རྟེན་སྐྱོང་རྣམས་ཆོ་ག་འདིའི། །མ་ཚང་བ་དག་བཟོད་པར་མཛོད། །ཅེས་དང་། ཡི་གེ་བརྒྱ་པ་བརྗོད་པས་ལྷག་ཆད་ནོར་འཁྲུལ་ལ་སོགས་པ་རྣམས་བཟོད་པར་གསོལ་ཏེ། ཐལ་མོ་སྦྱར་བས་འདོད་པའི་དོན་ལ་གསོལ་བ་བཏབ་ཅིང་། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་གསུངས་ཚིག་ཀྱང་མཆོག་ཏུ་ཚད་མ་སྟེ། །བདེན་པ་དེ་ཡིས་ལྷ་མོ་མཆོག་གིས་ནི། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྨྱོ་མེད་ཀྱཻ་ཡི་རྡོ་རྗེ་སྟོན། །


KMC009_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལ་གུས་སྙིང་རྗེ་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང་། །བཙུན་མོའི་ཤུ་ཀྲ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །སེམས་ཅན་ཐམས་ཅད་སྡིག་མེད་ཅིང་། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །གང་གི་ལམ་ནས་འགྲོ་བ་ཡི། །སངས་རྒྱས་ཉིད་དང་འཕྲད་པར་ཤོག །མ་རྒལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །ད་ལྟ་ཉིད་དུ་རྗེས་བརྩེ་བས། །རྣལ་འབྱོར་བསྟན་བཅོས་གནས་ལ་འགོད། །བདག་དང་འགྲོ་ལ་ཐུགས་བརྩེ་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིས་པ། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །དགེ་བ་འདི་ཡིས་མྱུར་དུ་བདག །ཡི་དམ་ལྷ་ཚོགས་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སྨོན་ལམ་བཏབ་བོ། །བཀྲ་ཤིས་བརྗོད་པ་ནི། བཀའ་བརྒྱུད་བླ་མས་


KMC009_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བྱིན་པའི། །རྟག་ཏུ་ཡེ་ཤེས་ཐུགས་རྗེ་ཡིས། །གཟིགས་ཤིང་ཆོས་སྐུར་ངོ་སྤྲོད་པའི། །བྱིན་རླབས་མཆོག་གི་བཀྲ་ཤིས་ཤོག །རྡོ་རྗེ་ཕག་མོས་ལེགས་བྱིན་པའི། །གསང་སྔགས་མཆོག་གི་ཆོ་ག་ལ། །ལུས་ངག་ཡིད་གསུམ་མཐུ་གྲུབ་པའི། །དངོས་གྲུབ་མཆོག་གི་བཀྲ་ཤིས་ཤོག །རྡོ་རྗེ་མཁའ་འགྲོས་ལེགས་བྱིན་པའི། །སེམས་ཉིད་འོད་གསལ་འདུས་མ་བྱས། །གཉིས་མེད་དཔེ་བྲལ་དོན་རྟོགས་པའི། །ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག །སངས་རྒྱས་མཁའ་འགྲོས་ལེགས་བྱིན་པའི། །ཆོས་རྣམས་རང་བཞིན་རང་གི་སེམས། །རྒྱུད་འདི་ཆོས་ཀྱིས་མ་བཅིངས་པའི། །ཆོས་ཀྱི་ཕྱག་རྒྱའི་བཀྲ་ཤིས་ཤོག །རིན་ཆེན་མཁའ་འགྲོས་ལེགས་བྱིན་པའི། །ཡོན་ཏན་དཔག་ཏུ་མེད་པས་བརྒྱན། །ནད་དང་གདོན་ལས་ཐར་པ་ཡི། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །པདྨ་མཁའ་འགྲོས་ལེགས་བྱིན་པའི། །ཐབས་དང་ཤེས་རབ་གཉིས་མེད་


KMC009_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར། །བདེ་ཆེན་ཡེ་ཤེས་ཐབས་ཀྱི་མཆོག །གསང་བ་ཤེས་རབ་བཀྲ་ཤིས་ཤོག །ལས་ཀྱི་མཁའ་འགྲོས་ལེགས་བྱིན་པའི། །རྣལ་འབྱོར་དམ་ཚིག་ལྡན་པ་ལ། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་རྣམས་འགྲུབ་པའི་བཀྲ་ཤིས་ཤོག །འཇིག་རྟེན་མཁའ་འགྲོས་ལེགས་བྱིན་པའི། །འགྲོ་བའི་བསམ་པ་རབ་ཤེས་ནས། །ཐབས་རྣམས་དུ་མས་འདུལ་མཛད་པ། །མངོན་ཤེས་དྲུག་ལྡན་བཀྲ་ཤིས་ཤོག །དཔའ་བོ་རྣམས་ཀྱིས་ལེགས་བྱིན་པའི། །རྡོ་རྗེ་གསུམ་གྱི་འོད་ཟེར་གྱིས། །བགེགས་རིགས་སྟོང་ཕྲག་ཞི་བ་དང་། །སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །ལྷ་མོ་རྣམས་ཀྱིས་ལེགས་བྱིན་པའི། །འབྱུང་བ་ལྔ་ཡི་སྤྲོ་བསྡུ་ཡིས། །བདེ་བར་གཤེགས་པ་མཉེས་མཛད་པའི། །ཡང་དག་མཆོད་པའི་བཀྲ་ཤིས་ཤོག །ཆོས་སྐྱོང་རྣམས་ཀྱིས་ལེགས་བྱིན་པའི། །འཁོར་བཟང་ལོངས་སྤྱོད་ལྡན་པ་དང་། །ནད་དང་གདོན་ལས་ཐར་བ་ཡི། །བར་ཆད་མེད་པའི་བཀྲ་ཤིས་ཤོག །


KMC009_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཤེགས་སུ་གསོལ་བ་ནི། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཞིང་དུ་གཤེགས་སུ་གསོལ། །སངས་རྒྱས་ཞིང་དུ་གཤེགས་ནས་ཀྱང་། །སེམས་ཅན་རྣམས་ཀྱི་དོན་སླད་དུ། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ༀ་བཛྲ་ཝཱ་རཱ་ཧི་བཛྲ་མུཿ ཞེས་ཡེ་ཤེས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས་ནས་དམ་ཚིག་པ་རྣམས་རང་གི་སྙིང་གའི་གནས་སུ། ༀ་ཨཱཿཧཱུྃ་གིས་བསྡུ། བརྟན་བཞུགས་བྱེད་ན། བཀྲ་ཤིས་མ་བརྗོད་པའི་གོང་དུ། ཡེ་ཤེས་པ་རྣམས་སྐུ་གསུང་ཐུགས་ཀྱི་རྟེན་འདི་དག་ལ་ཇི་སྲིད་འབྱུང་བ་ཆེན་པོ་བཞིའི་གནོད་པས་མ་ཞིག་གི་བར་དེ་སྲིད་དུ་བརྟན་པར་བཞུགས་སུ་གསོལ། ༀ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་གཞུག་གོ མཆོད་སྦྱིན་གནས་འདིར་གང་ལྷག་པའི། །འབྱུང་པོ་ས་འོག་རྒྱུ་བ་དང་། །གང་ཡང་ས་སྟེང་འཁོད་པ་དང་། །ས་བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས། །སརྦ་བྷཱུ་ཏ་གཙྪ།


KMC009_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སེ་གོལ་བརྡབ་ཅིང་། འཇིག་རྟེན་པ་རྣམས་གཤེགས་སུ་གསོལ། ཕྱི་རོལ་སྣོད་བཅུད་རྟེན་གཞལ་ཡས་ཁང་ཞེས་པ་ལ་སོགས་པས་རྫོགས་པའི་རིམ་པ་ལ་མཉམ་པར་བཞག སླར་ཡང་དེ་ཉིད་ཀྱི་ངང་ལས་སོགས་ཟུང་འཇུག་གི་སྐུར་ལངས་ཏེ། དཀོན་མཆོག་རིན་ཆེན་སོགས་ནས། སངས་རྒྱས་ཐོབ་པར་ཤོག །ཅེས་བསྔོ་བ་སྨོན་ལམ་བྱའོ། །སྨྲ་བསམ་བརྗོད་སོགས་བློ་ཡི་ཡུལ་ལས་གྲོལ། །སྐྱེ་སོགས་མཐའ་བྲལ་ཤེས་རབ་ཕ་རོལ་ཕྱིན། །ལྷ་མོའི་ཚུལ་སྣང་སྒྱུ་མའི་ཕྱག་རྒྱ་ཆེ། །བརྡའ་དོན་རྟགས་ཀྱི་ཕག་མོར་ཕྱག་འཚལ་ཏེ། །དེ་ཡི་སྒྲུབ་ཐབས་དུས་བཟང་མཆོད་པར་བཅས། །སློབ་མ་གཞུག་སོགས་ཆོ་གའི་རིམ་པ་ནི། །ཁྲེགས་སུ་སྡེབས་གསལ་འཇུག་པར་བདེ་བ་ཞིག །བཀོད་ན་དོན་ཆེར་འགྱུར་ཞེས་སློབ་མའི་ཚོགས། །ལུང་རིགས་སྨྲ་བ་སངས་རྒྱས་རྒྱལ་མཚན་དང་། །མོས་འཛིན་དཔལ་འབྱོར་དོན་གྲུབ་གྲགས་པའི་འོད། །དོན་གྲུབ་བཟང་བོ་ལ་སོགས་དོན་གཉེར་འགས། །ཡང་ཡང་ནན་ཏུ་སྨྲས་པའི་བློ་ཚིམ་ཕྱིར། །རང་བྱུང་དོན་ལྡན་མིང་འཛིན་ཕྱོགས་བཅུ་པས། །གཞུང་དང་ཞལ་གདམས་ཕྱག་བཞེས་ལས་བྱུང་བ། །གོ་རིམས་བསྡེབས་ནས་གསལ་བར་བཀོད་པའི་དགེས། །འགྲོ་ཀུན་ལྷན་ཅིག་སྐྱེས་མའི་སྐུར་འགྲུབ་ཤོག །དཔལ་ལྡན་ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མའི་མན་ངག་གི་


KMC009_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས་དཀྱིལ་འཁོར་ཆོ་ག་གསང་ཆེན་མཆོག་གི་མྱུར་ལམ་གསལ་བའི་འདྲེན་པ་ཞེས་བྱ་བ། བློ་གྲོས་བཟང་པོས་ཡི་གེ་པ་བྱས་ཏེ། ཀརྨ་པས་ཁྲོ་བོའི་ལོ། སྨིན་དྲུག་གི་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུའི་ཉིན་ལ་དཔལ་ཀརྨའི་གདན་ས་ཆེན་པོར་བྲིས་པ། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། ༈ །མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousདཔལ་ལྡན་ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་དཀྱིལ་འཁོར་གྱི་ཆོ་ག་གསང་ཆེན་མཆོག་གི་མྱུར་ལམ་གསལ་བའི་འདྲེན་པ།next