Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
   
   
   
རྒྱུད་སྡེ་སྤྱིའི་སྦྱིན་སྲེག་གི་ཆོ་ག་བདུད་བཞི་དང་སྒྲིབ་གཉིས་སྲེག་ཅིང་ཚོགས་གཉིས་འོད་ཟེར་འབྱེད་བྱེད་ལས་བཞི་མྱུར་འགྲུབ།


 
previousརྒྱུད་སྡེ་སྤྱིའི་སྦྱིན་སྲེག་གི་ཆོ་ག་བདུད་བཞི་དང་སྒྲིབ་གཉིས་སྲེག་ཅིང་ཚོགས་གཉིས་འོད་ཟེར་འབྱེད་བྱེད་ལས་བཞི་མྱུར་འགྲུབ།no next

རྒྱུད་སྡེ་སྤྱིའི་སྦྱིན་སྲེག་གི་ཆོ་ག་བདུད་བཞི་དང་སྒྲིབ་གཉིས་སྲེག་ཅིང་ཚོགས་གཉིས་འོད་ཟེར་འབྱེད་བྱེད་ལས་བཞི་མྱུར་འགྲུབ།


KMC009_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་སྡེ་སྤྱིའི་སྦྱིན་སྲེག་གི་ཆོ་ག་བདུད་བཞི་དང་སྒྲིབ་གཉིས་སྲེག་ཅིང་ཚོགས་གཉིས་འོད་ཟེར་འབྱེད་བྱེད་ཅེས་བྱ་བ་རིག་སྔགས་འཆང་བ་ཆེན་པོ་སློབ་དཔོན་ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད་པ་སོར་བཞག་ལས་བཞི་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ། །


KMC009_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དམ་པ་དང་ལྷག་པའི་ལྷ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ། །འདིར་དམ་ཚིག་དང་སྡོམ་པ་ལྡན་ཞིང་རིམ་གཉིས་ཀྱི་རྣལ་འབྱོར་པས་ཞི་སོགས་ཀྱི་ལས་རྣམས་བསྒྲུབ་པ་དང་། དངོས་གྲུབ་རྣམ་གཉིས་ཐོབ་བར་བྱ་བ་དང་། སྔགས་དང་ཆོ་གའི་ལྷག་ཆད་ཁ་དགང་བ་དང་། དཀྱིལ་འཁོར་གྱི་ལས་དང་། རྟེན་རབ་ཏུ་གནས་པ་ལ་སོགས་པ་དང་འབྲེལ་བའི་ཚེ་སྦྱིན་སྲེག་གི་ལས་བརྩམ་སྟེ། དཔལ་ཡང་དག་པར་སྦྱོར་བ་ལས། སྣ་ཚོགས་ལས་ནི་རབ་བསྒྲུབ་ཕྱིར། །སྦྱིན་སྲེག་ལས་ནི་བཤད་པར་བྱ། །མེ་ནི་ལྷ་ཡི་ཁ་རུ་གསུངས། །སྦྱིན་སྲེག་དེ་གཉིས་རྣམ་པར་གནས། །སྦྱིན་སྲེག་གིས་ནི་ལྷ་རྣམས་ཚིམ། །ཚིམ་ནས་དངོས་གྲུབ་རབ་


KMC009_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྩོལ། །གང་ཞིག་སྔགས་ཀྱི་ལྷག་ཆད་དག །སྦྱིན་སྲེག་གིས་ནི་དེ་ཀུན་དགང་། །ཞེས་དང་། ཅི་གསུངས་སྦྱིན་སྲེག་བྱས་ནས་ནི། །དཀྱིལ་འཁོར་དམ་པ་བཞེངས་པ་དང་། །ཞེས་དང་། བཟང་པོ་ཡོངས་བཟུང་ལས། རབ་གནས་ལ་སོགས་རྗེས་ལ་ནི། །མ་དྲན་པ་དང་མ་ནུས་པ། །ཆོ་ག་མ་ཚང་གྱུར་པ་རྣམས། །སྦྱིན་སྲེག་གིས་ནི་རྫོགས་པར་བྱ། །ཞེས་གསུངས་སོ། །དེས་ན་ལས་ཀྱི་རིམ་པ་ལ་འཇུག་པ་ལ་གསུམ་སྟེ། སྦྱོར་བ་དང་དངོས་གཞི་རྗེས་གསུམ་མོ། །དང་པོ་ལ་གསུམ་སྟེ། ལས་སོ་སོའི་ཐབ་བཅའ་བ། ཡོ་བྱེད་རྣམས་ཇི་ལྟར་བཤམ་པ། སློབ་དཔོན་གྱི་ཆས་གོས་སོགས་བསྟན་པའོ། །དང་པོ་ནི། སམྦྷུ་ཊི་ལས། ཞི་བ་ཐབ་ཁུང་ཟླུམ་པོ་ནི། །ཁྲུ་གང་ཚད་ཙམ་ཐིག་


KMC009_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

གདབ་བྱ། །བཏབ་ནས་ཁྲུ་ཕྱེད་བརྐོས་ནས་ནི། །འོག་ཏུ་ས་ལ་མཐོ་གང་ཁུང་། །ཙན་དན་དཀར་པོས་ངོས་དག་བྱུག །དེ་ཡི་ཕྱི་རོལ་ཟླུམ་པོའི་ས། །སོར་བཞི་པ་ཡི་མུ་རན་ཡིན། །རྒྱས་པའི་ཐབ་ཁུང་གྲུ་བཞི་སྟེ། །ཁྲུ་གཉིས་ཚད་དུ་རྣམ་པར་རྒྱས། །འོག་ཏུ་ཁུང་བུ་ཁྲུ་གང་པ། །མུ་རན་ལ་ནི་སོར་བརྒྱད་ཉིད། །མེ་ཏོག་སེར་པོས་བརྒྱན་པ་དང་། །དྲི་ནི་སེར་པོས་རྗེས་སུ་བྱུག །དེ་ཡི་ཕྱི་རོལ་ཟླུམ་པོའི་ས། །མངོན་སྤྱོད་ཐབ་ཁུང་གྲུ་གསུམ་པ། །རྒྱར་ནི་སོར་མོ་ཉི་ཤུ་སྟེ། །འོག་གི་ཐད་དུ་སོར་མོ་བཅུ། །མུ་རན་ལ་ནི་སོར་མོ་གསུམ། །དུར་ཁྲོད་སོལ་བས་བྱུག་པར་བྱ། །དབང་དང་དགུག་པ་ཐུན་མོང་སྟེ། །ཐབ་ཁུང་གཅིག་པའི་མཚན་ཉིད་གསུམ། །དགུག་པ་ཟླ་བ་ཕྱེད་པའི་དབྱིབས། །ཐབ་ཚང་ཁུང་བུ་ཐབ་ཀྱི་ཕྱེེད། །ཚད་བཟུང་མུ་རན་བྱས་ནས་ནི། །དྲི་ནི་དམར་པོས་བྱུག་པར་བྱ། །ཞེས་དང་། ནག་པོ་པས། མངོན་སྤྱོད་ལ་ནི་སོར་གསུམ་མོ། །དབང་དང་དགུག་པའང་དེ་དང་འདྲ། །ཞེས་དབང་དགུག་གི་མུ་རན་གྱི་ཚད་ཀྱིས་ཁ་ཁྱེར་གྱི་ཚད་ཀྱང་གསལ་བར་བསྟན་པ་ལྟར། གང་དུ་སྦྱིན་སྲེག་བྱ་བའི་གནས་སུ་སྟེགས་བུ་འདུ་བྱ་བ་སོགས་གྲུབ་ནས་ཐོག་མར་ཐིག་གདབ་པ་ནི། ཚངས་ཟུར་བཞི་པོ་ལེགས་བཏབ་སྟེ། །དབུས་ནས་ལག་སོར་བཅུ་གཉིས་དང་། །སླར་ཡང་བཞི་པ་གཉིས་རིམ་སྐོར། །རྒྱ་ཁྱོན་མཆུ་དང་ཁ་ཁྱེར་ཡིན། །དེ་དབུས་སོར་བཞི་


KMC009_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

པད་ལྟེ་བསྐོར། །ཚངས་ཟུར་དབུས་གཤག་གཅུས་ཐིག་གདབ། །པད་འ དབ་བརྒྱད་འབྱུང་ཞི་བ་འགྲུབ། །དབུས་ནས་ཚངས་སྟེང་སོར་མོ་ནི། །ཉེར་བཞི་ཚན་གཅིག་བརྒྱད་ཚན་གཉིས། །མཚན་མ་བྱས་ལ་དེ་སྟེང་ནས། །ཟུར་ཐིག་སྟེང་དུ་མཚན་མ་བྱ། །དེ་སྟེང་གྲུ་བཞི་ཕྱོགས་རེ་ལ། །གསུམ་གསུམ་བཏབ་པས་ཐབ་རྒྱ་དང་། །མུ་རན་ཁ་ཁྱེར་ཡང་དག་འབྱུང་། །སོར་མོ་བརྒྱད་དང་བཅུ་དྲུག་གི །པདྨའི་ལྟེ་བ་འདབ་མ་བསྐོར། །གཅུས་ཐིག་གདབ་པས་རྒྱས་པ་འགྲུབ། །དབུས་ནས་སོར་མོ་ཉི་ཤུ་དང་། །གསུམ་པ་གཉིས་གྱིས་ཟླུམ་པོར་བསྐོར། །རྒྱ་དང་མུ་རན་ཁ་ཁྱེར་འབྱུང་། །ངོས་གསུམ་ཟླུམ་པོ་ངོས་གཞན་ནི། །ཐིག་གིས་བཅད་དེ་ཟླ་གམ་བྱ། །ཆུ་སྐྱེས་འདབ་རྒྱས་དབུས་དབང་འགྲུབ། །དབུས་ནས་སོར་མོ་ཉི་ཤུ་དང་། །གསུམ་པ་གཉིས་ཀྱིས་ཟླུམ་པོར་བསྐོར། །དབུས་ནས་ཟླུམ་མཐའ་སོ་སོའི་ཚད། །ནུབ་ཀྱིས་ཚངས་ཟླུམ་འདུས་སྟེང་ནས། །གཡས་གཡོན་བྱ་རྗེས་བཙལ་སྟེང་དུ། །རིམ་པ་བཞིན་དུ་གྲུ་གསུམ་བཏབ། །གྲུ་གསུམ་ནང་མ་ལ་རེག་བསྐོར། །དེ་ཡི་སུམ་ཆ་ལྟེ་བ་སྟེ། །པདྨ་འདབ་བརྒྱད་དྲག་པོ་འགྲུབ། །དེ་ལྟར་ཐིག་རྣམས་གདབ་པར་བྱ། །དེ་ནས་ཐབ་ཁུང་བརྩིག་ན། ཞི་བ་ལ་མཆུའི་ཕྱི་ནང་གི་ཐིག་གཉིས་ཀྱི་བར་དུ་ཟླུམ་པོར་བརྩིག་པའི་རྒྱ་ཕྱེད་དཔངས་སུ་ཡོད་པའི་ཁ་ནས་སོར་བཞི་པའི་མཆུ་དོར་བར་


KMC009_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་དཔངས་མཉམ་པར་སོར་བཞི་པའི་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ་དང་བཅས་པ་པདྨ་རྒྱས་པའི་དབྱིབས་ལྟ་བུ་ནང་དུ་ངང་གིས་གཞོལ་བ་དེའི་ཕྱི་རོལ་གྱི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ། དབུས་སུ་པད་འདབ་བརྒྱད་དེ། ཞི་བ་ལས་ཐམས་ཅད་པ་ལ་ཕྱོགས་བཞི་དམར། མེ་རླུང་སེར། བདེན་བྲལ་ལྗང་། དབང་ལྡན་སྔོ། ལྟེ་བ་ལྗང་གུའི་སྟེང་དུ་རྡོ་རྗེ་དཀར་པོ། ཕྱོགས་ཀྱི་འདབ་མ་ལ་རིགས་བཞིའི་ལྷ་མཚན། དེ་ཡང་གཙོ་བོ་འཕོ་བའི་ཚེ་ལྷ་མཚན་འཕོ་ཚུལ་ཤེས་པར་བྱ། དཔའ་གཅིག་ལ་ཕྱོགས་ཀྱི་མཚན་མ་མི་དགོས། ཞི་བ་ཁོ་ནའི་ལས་ཡིན་ན་པདྨ་ཐམས་ཅད་དཀར་པོ་བྱེད་པ་སོགས་ལས་ཀུན་ལ་ཤེས་དགོས། ཡང་ན་པད་འདབ་ཀྱི་མལ་དུ་རང་རང་གི་དཀྱིལ་འཁོར་རྫོགས་པར་བྲིས་ལ། ལྟེ་བར་པདྨ་དང་རྡོ་རྗེ་བྲི་བ་སོགས་གོང་ལྟར་བྱ་བ་སྟེ་ཀུན་ལའོ། །བརྐོ་ཐབ་བྱེད་ན་ཁ་ཁྱེར་གྱི་རྩ་ཐིག་གི་ནང་དུ་ུཐབ་རང་རང་གི་རྒྱའི་ཕྱེད་ཟབས་སུ་བརྐོ་ཞིང་། བྲི་ཐབ་ལ་ནི་དཔངས་དངོས་སུ་མེད་ཀྱང་བསམས་པས་འགྲུབ་བོ། །ཐབ་རྣམས་ཀྱི་ཁ་དོག་དང་དབྱིབས་སོགས་ནི་གོང་གི་ལུང་དང་འོག་ཏུ་ཐབ་སོ་སོའི་བསྐྱེད་ཆོག་གིས་རྟོགས་པར་འགྱུར་རོ། །དེས་ན་འདིར་སྨྲས་པ་དེ་རྣམས་ནི་དཔེར་བརྗོད་པ་ཙམ་ཡིན་ནོ། །བུད་ཤིང་ནི་ཡམ་ཤིང་སོ་སོའི་རྒྱུ་དང་མཐུན་པའམ་ཤུག་པ་སོགས་དྲི་ཞིམ་པོ་དང་དགོན་པའི་བ་ལང་གི་ལྕི་བ་སྲོག་ཆགས་མེད་པ་ཡང་རུང་སྟེ།


KMC009_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཐབ་སོ་སོའི་དབྱིབས་དང་དཔངས་རྣམས་དང་མཐུན་པར་རྒྱས་པ་དབང་དྲག་པོ་སོགས་ཀྱང་ཐབ་ཀྱི་མཆུའི་ནང་དུ་དམ་པ་བརྩིགས་པའི་ནང་གི་ཤར་ལྷོར་རྫའི་ཀོང་བུ་ལས་མཐུན་གྱི་མར་གྱིས་བཀང་བ་སྡོང་བུ་ཅན་བཞག་གོ །གཉིས་པ་ཡོ་བྱད་རྣམས་ཇི་ལྟར་བཤམ་པ་ནི། ཞི་སོགས་གསུམ་ལ་སློབ་དཔོན་གྱི་གཡོན་ཕྱོགས་ནས་བརྩམས་ཏེ་གཡས་བསྐོར་དུ་རིམ་པ་བཞིན་ཆུ་བཞི། ཉེར་སྤྱོད་ལྔ། མར་ལ་བཅོས་པའི་གཏོར་མ་དང་བཅས་པ་སྟེགས་བུ་མཐོ་དམན་ནམ་ཕྱི་ནང་བྱས་པའི་ཁར་འདས་མ་འདས་ཀྱི་ཚར་གཉིས་བཤམ། མ་འབྱོར་ན་ཚར་གཅིག་སྤྱི་སོར་བཤམས་ལ་མཆོད་འབུལ་རེ་རེ་བཞིན་མཆོད་པ་རྣམས་བརྗེ་བའམ་ཁ་གསོ། ཡང་གཡས་ཕྱོགས་ཀྱི་མདུན་ངོས་ནས་བརྩམས་ཏེ། སྔ་མ་བཞིན་དུ་ཞི་བ་ལ་ཡམ་ཤིང་བྱང་ཆུབ་ཀྱི་ཤིང་སོགས་འོ་མ་ཅན་ལྔ་བཤད་ཀྱང་བོད་དུ་མི་འབྱོར་བས་བ་ལུ་སོགས་འོ་མ་ཅན་དུ་བཏགས་པའི་རྩེ་མོའི་ཆ་ལས་བྱུང་བ་སློབ་དཔོན་གྱི་མཐེའུ་ཆུང་གི་ཚད་ཙམ་སོར་བཅུ་གཉིས་པ་སྦྲང་། འོ་མ་མར་ཁུ་རྣམས་ཀྱིས་རྩེ་མོ་སྦགས་པ་ཇི་ཙམ་འོས་པ་དང་། བའམ་རའི་མར་གྱི་ཁུ་བ། ཏིལ་ནག །ཡུངས་དཀར། ཞོ་བག་ཕྱེ་བུ་རམ་གསུམ་མམ། འོ་མ་སྦྲང་རྩི་ཞིབ་བསྲེས་པའི་རིལ་བུའི་ཟས་མཆོག་དང་། ཞོ། འབྲས། སོ་བ། ནས། སྲན་མ། གྲོ། དུར་ཝ། ཀུ་ཤ་སྔོན་པོ་རྩ་རྩེ་མ་ཉམས་པ་མར་དང་


KMC009_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

འོ་མས་སྤགས་པ་དང་ཤིང་ཏོག་སྣ་ཚོགས་རྣམས། ཁྱད་པར་དུ་རྒྱས་པ་ལ་ཡམ་ཤིང་གི་རྒྱུ་དེ་ཉིད་ཀྱི་ཡལ་གའི་དབུས་ཀྱི་ཆ་ལས་བྱུང་བ་འོ་མ་དང་མར་གྱིས་བསྒོས་ཤིང་གུར་གུམ་གྱིས་བྱུགས་པ། སྲིད་དུ་ཁྲུ་གང་། སྦོོམས་སུ་ཆངས་གང་། དབང་ལ་ཡམ་ཤིང་ལྷའི་ཤིང་སོགས་མ་འབྱོར་ན་མེ་ཏོག་ཁ་དོག་དམར་པོ་རོ་སྐྱུར་བ་འབྲས་བུ་དམར་པོ་ཅན་གྱི་རིགས་དང་། འོམ་བུའམ་ཙནྡན་ལྟ་བུ་མངར་གསུམ་དང་བདུད་རྩིས་བྱུགས་པ། དྲག་པོ་ལ་སྐྱེར་བ་ལྟ་བུ་དང་ཤིང་ནག་པོའི་འཁྱོག་པ་ཚེར་མ་ཅན་རོ་ཁ་བ་དང་ཚ་བའི་རང་བཞིན་ཅན་གྱི་རྩ་བའི་ཆ་ལས་བྱུང་བ་སོར་བཅུ་གཉིས་པ་རྩེ་མོ་རྣོ་བ་དུག་དང་ཁྲག་དང་སྐྱེ་ཚེ་སོགས་རོ་ཁ་ཞིང་ཚ་བས་བྱུགས་པའོ། །འདིའི་བུད་ཤིང་ཡང་རོ་ཚ་བ་དང་དྲི་མི་ཞིམ་པའོ། །རྒྱས་པ་དང་དབང་ལ་འབྲི་མར་སོགས་ཀྱི་མར་ཁུ། དྲག་པོ་ལ་མར་ནག་ཚན་མོའོ། །དབང་ལ་ཏིལ་དམར་པོ། གཞན་གསུམ་ལ་ཏིལ་ནག འབྲས་སོ་བ་སོགས་ནི་སྤྱི་མཐུན་ནོ། །ཡང་ཞི་བ་ལ་ཨུ་དུམྺར་སོགས་ལྔ། རྒྱས་པ་ལ་སཱ་ལི་དམར་པོ། མེ་ཏོག་བརྒྱ་པ། བིལ་བའི་འབྲས་བུ། པདྨ། ནཱ་ག་གེ་སར། འབྲུ་དག་གོ །དབང་ལ། པྲི་ཡངྐུ། ནཱ་ག་གེ་སར། ཙམ་པ་ཀ །ཨ་ཤྭ་ཀ བ་ཀུ་ལ། ནཱ་ག །མེ་ཏོག་བརྒྱ་པ་སོགས་སོ། །མངོན་སྤྱོད་དེ་བསད་པ་ལ་ཁྲག །ལན་ཚྭ། དུག །སྐྱེ་ཚེ། བག་ཟན་ལ་དགྲ་བགེགས་ཀྱི་ལིངྒའི་ནང་དུ་མིང་བཅུག་


KMC009_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་དུག་དང་ཁྲག་གིས་བྱུགས་པ། ནིམ་བའི་ལོ་མ། རོ་ཐལ། སྐྱེས་པའི་རུས་ཕྱེ་རྣམས་སོ། །བསྐྲད་པ་ལ་བོང་བུ་དང་རྔ་མོང་གི་སྤུ། ཁྱིའི་བྲུན་དང་སྤུ། དེ་དག་གི་སེན་མོ། བྱ་རོག་གི་སྒྲོ་རྣམས་སོ། །དབྱེ་བ་ལ་འུག་པ་དང་བྱ་རོག་གི་སྒྲོ་སོགས་དགྲ་གཤེད་དུ་གྱུར་པའི་སྤུ་གང་འཛོམ། ཤ་ཆེན་ཁྱིམ་བྱའི་ཚིལ། ཚེར་མ། བསྒྲུབ་བྱའི་རྗེས་ཀྱི་ས་དང་སྐྲ་ནི་ཀུན་ལ་སྟེ་ཐམས་ཅད་མར་ནག་གིས་སྦགས་པའོ། །དྲག་པོའི་མཆོད་རྫས་ཀྱང་ཁྲག་ཆེན་ནམ་ཁྲག་གི་མཆོད་ཡོན། དུག་གམ་ཚེར་མ་ཅན་གྱི་མེ་ཏོག་ནག་པོ། གུ་གུལ་གྱི་སྤོས། ཚིལ་ཆེན་ནམ་མར་ནག་གི་མཆོད་མེ། མཁྲིས་པའི་དྲི་ཆབ། ཤ་ཁྲག་གིས་སྦགས་པའི་ལྷ་བཤོས། མི་རྐང་དང་མི་ཐོད་ཀྱི་རོལ་མོ་རྣམས་སོ། །ཞི་སོགས་གསུམ་གྱི་མཆོད་རྫས་དང་སྟེགས་བུའི་ཁ་དོག་ཀྱང་ལས་དང་མཐུན་པར་བྱ་ཞིང་། དེ་དག་གི་སྣོད་ཀྱང་ལས་ཀྱི་རིམ་པ་ལྟར་ཤེལ་ལམ་དུང་སོགས་དཀར་པོ་དང་དངུལ་སོགས་བཟང་པོ་དང་གསེར་སོགས་སེར་པོ་དང་། པདྨའམ་ཟངས་སོགས་དམར་པོ་དང་། ཐོད་པའམ་ལྕགས་སོགས་དྲག་པོ་རྣམས་སོ། །དྲག་པོ་ལ་ནི་མཆོད་རྫས་གཡས་དང་བསྲེག་རྫས་གཡོན་དུ་བཤམ་མོ། །སློབ་དཔོན་གྱི་མདུན་མེ་ཡོལ་གྱི་ནང་དུ་གཡོན་ནས་རིམ་བཞིན་མེ་ལྷའི་གདན་གྱི་ཀུ་ཤ་ཆུན་པོ་བཅུ། ནང་མཆོད་རྡོ་རྗེ། དགང་བླུགས་ཁ་སྦྱར་དྲིལ་བུ། མེ་ཏོག་བསང་


KMC009_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་གྱི་ཀུ་ཤ །རླུང་གཡབ་རྣམས་བཤམས། གཞན་ཡང་ལས་མཐུན་གྱི་ཁྲུས་རས་དང་གོས་བཟུང་དག་ཀྱང་བཤམ་མོ། །གསུམ་པ་སློབ་དཔོན་གྱི་ཆས་གོས་སོགས་བསྟན་པ་ནི། ཆས་གོས་ནི་ཞི་བ་ལ་དཀར་པོ་སོགས་ལས་དང་མཐུན་པར་བགོ །རྒྱན་ནི་ཞི་བ་ལ་ཤེལ་ལམ་མུ་ཏིག །རྒྱས་པ་ལ་གསེར་སོགས་རིན་པོ་ཆེ། དབང་ལ་པདྨ་རཱ་གའམ་བྱེ་རུ། དྲག་པོ་ལ་རུས་རྒྱན་རྣམས་སོ། །སློབ་དཔོན་གྱི་ཁ་ལྟ་ཕྱོགས་ནི། ཞི་རྒྱས་དབང་དྲག་རིམ་བཞིན། ཤར་བྱང་ནུབ་ལྷོར་ལྟ་བར་སམྦུ་ཊི་ལས་གསུངས་ཤིང་། དཀྱིལ་འཁོར་དང་འབྲེལ་ན་ཐབ་དཀྱིལ་འཁོར་གྱི་ཕྱོགས་གང་དུ་བྱ་བའང་དེ་ཉིད་ལས། ཤར་གྱི་ཕྱོགས་སུ་ཞི་བ་ཡིན། །ལྷོ་ཡི་ཕྱོགས་སུ་མངོན་སྤྱོད་ཉིད། །ནུབ་ཏུ་དབང་དང་དགུག་པ་སྟེ། །བྱང་དུ་རྒྱས་པའི་ཐབ་ཁུང་ཉིད། །ཅེས་གསུངས་པས་དཀྱིལ་འཁོར་གྱི་ཞལ་གང་དུ་ཕྱོགས་ཀྱང་རུང་། ལས་དང་མཐུན་པའི་དཀྱིལ་འཁོར་གྱི་ཕྱོགས་སུ་ཐབ་བཅའ་ཞིང་། སློབ་དཔོན་ནི་ལས་དང་མཐུན་པའི་ཕྱོགས་སུ་ཁ་ལྟ་བའམ། ཡང་ན་སྦྱིན་སྲེག་དང་འབྲེལ་བའི་སྐབས་སུ་དཀྱིལ་འཁོར་གྱི་ཞལ་ནུབ་ཕྱོགས་སུ་ལྟ་བར་བཞེངས་ན་ཞི་བ་ལ་སོགས་པའི་ལས་ཀུན་ལ་དཀྱིལ་འཁོར་གྱི་ཕྱོགས་གང་དུ་བྱ་བ་དང་། སློབ་དཔོན་གང་དུ་ཁ་ལྟ་བའི་འབྱུང་བའི་ཕྱོགས་གཉིས་ཀ་མི་འགལ་བས་ཤིན་ཏུ་འགྲིག་ཅིང་ལེགས་པར་མངོན་ནོ། །ཁ་ཅིག་


KMC009_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཀྱི་ཕྱོགས་དང་འབྱུང་བའི་ཕྱོགས་གཅིག་པའི་ཁྱབ་པ་བཅས་ནས། དཀྱིལ་འཁོར་དང་འབྲེལ་ན་ཁ་ནུབ་ཏུ་ལྟ་ཟེར་བ་སོགས་ནི་མི་རིགས་ཏེ། ཞི་བ་ལ་ཁ་ཤར་དུ་ལྟ་བར་རྒྱུད་ལས་གསུངས་པ་ལ། ནུབ་ཏུ་ལྟ་བར་བྱས་པས་དཀྱིལ་འཁོར་གྱི་དབང་དུ་བྱས་ན་ཚིག་ལ་འགལ་ཞིང་། འབྱུང་བའི་དབང་དུ་བྱས་ན་དོན་ལ་འགལ་བའི་ཕྱིར་རོ། །གལ་ཏེ་རྒྱུད་ནས་ལས་མཐུན་གྱི་ཕྱོགས་སུ་ཁ་ལྟ་བར་གསུངས་པ་ནི་དཀྱིལ་འཁོར་དང་འབྲེལ་ན་དེའི་ཕྱོགས་ལ་དགོངས་སོ་ཞེ་ན་ཡིན་དུ་ཆུག །དེ་ལྟར་གྱི་ཚེ་ཡང་འབྱུང་བའི་ལས་མི་མཐུན་གྱི་ཕྱོགས་སུ་ཁ་ལྟ་དགོས་པས་མ་ཁྱབ་སྟེ། དཀྱིལ་འཁོར་གྱི་ཕྱོགས་དང་འབྱུང་བའི་ཕྱོགས་གཅིག་པ་ཁོ་ནར་མ་ངེས་པའི་ཕྱིར་རོ། །སློབ་དཔོན་གྱི་གདན་དང་འདུག་སྟངས་ནི། ཞི་བ་ལ་འཇམ་པའི་གདན་དཀར་པོ་ལ་པདྨའི་འདུག་སྟངས། རྒྱས་པ་ལ་ཁྲིའུ་སེར་པོའི་སྟེང་དུ་བཟང་པོའི་འདུག་སྟངས། དབང་ལ་བདེ་བའི་སྟན་དམར་པོ་ལ་རྡོ་རྗེ་སྐྱིལ་ཀྲུང་བཅའ་ཏེ། འདི་དང་ཞི་བའི་འདུག་སྟངས་གོ་ལྡོག་པའང་ཡོད། དྲག་པོ་ལ་ནི་བསྒྲུབ་བྱའི་གཟུགས་ཀྱི་བྲང་ངམ། སྲ་བའི་གདན་ནག་པོའམ་གདན་མེད་ཀྱང་རུང་སྟེ། རྐང་པས་རྐང་པ་མནན་པའམ་གཡས་སྐྱིལ་ཀྲུང་དང་གཡོན་རྐང་པ་བསླང་བའམ་པུས་མོ་གཉིས་ས་ལ་བཙུགས་པས་འདུག་གོ །དུས་ནི་ཞི་བ་ལ་བཅོ་ལྔ་སོགས་ཀྱི་སྲོད་དང་


KMC009_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཐོ་རངས། རྒྱས་པ་ལ་ཡར་ངོའི་ཚེས་བརྒྱད་སོགས་ཀྱི་སྔ་དྲོ། དབང་དང་ཞི་སོགས་ལས་ཐམས་ཅད་པ་ལ་སྲོད་ཆེན། དྲག་པོ་ལ་མར་ངོའི་བརྒྱད་དང་བཅུ་བཞིའི་ཉིན་ཕྱེད་དམ་ན མ་གུང་སྟེ་ཐམས་ཅད་ལ་ལས་དང་མཐུན་བའི་ཉམས་ཀྱི་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོ་གའོ། །དང་པོ་ནི། བདག་ཉིད་ཁྲུས་བྱས་ལས་དང་མཐུན་བའི་ཚོན་དང་དྲིས་བྱུགས། སྒྲུབ་མཆོད་དང་འབྲེལ་ན་བདག་བསྐྱེད་ཐུན་བསྡུ་ཡན་འགྲོ་བས་འཐུས་ཤིང་། མ་འབྲེལ་ཀྱང་ཞི་སོགས་ལས་ཐམས་ཅད་པ་ཡིན་ན་ཆོ་ག་སོ་སོའི་བདག་བསྐྱེད་རྫོགས་པར་བསྒོམས་ཤིང་ཐུན་བསྡུས་ལ། སླར་རང་ཉིད་ལས་ཀྱི་ཧེ་རུ་ཀའམ་ལས་ཀྱི་མགོན་པོ་སོགས་སུ་གསལ་གདབ། ཞི་སོགས་ལས་ཀྱང་པ་ཡིན་ན་ལྷ་ཐམས་ཅད་དཀར་པོར་བསྒོམ་པ་སོགས་སུ་བཤད་དོ། །འདིར་བདེ་མཆོག་ལ་ཚོན་ན་བདུད་རྩི་བྱིན་རླབས། བདག་ཉིད་སྐད་ཅིག་ཧེ་རུ་ཀ །ལྷན་ཅིག་སྐྱེས་པའི་ངོ་བོར་གྱུར། །ཞེས་པ་ནས། སླར་ཡང་ལྷན་སྐྱེས་དཔའ་གཅིག་རྣམ་པར་གྱུར། །ཞེས་པའི་བར་བདག་བསྐྱེད་ཐུན་བསྡུ་སོགས་བྱའོ། །གཞན་དེས་འགྲེ་བས་ཡི་དམ་གང་མོས་ལ་སྦྱར་ཆོག །ད་ལམ་འདིར་བདེ་མཆོག་ལ་སྦྱར་བའོ། །འདི་ནས་བཟུང་སྟེ་སྦྱིན་སྲེག་མ་གྲོལ་གྱི་བར་ངག་སྨྲ་བཅད།


KMC009_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པ་རྡོར་དྲིལ། ཡིད་ཏིང་ངེ་འཛིན་དང་མ་བྲལ་བར་དགོས་ཤིང་། རྡོར་དྲིལ་བྱིན་རླབས་སྔར་བྱས་པ་མེད་ན་འདིར་བྱིན་བརླབ་དགོས་པས་ཆོ་ག་སོ་སོ་ལས་འབྱུང་བ་ལྟར་རམ། ཡང་ན་རྡོར་དྲིལ་ལ་ནང་མཆོད་གཏོར་ལ། ༀ་ཁཎྜརོ་ཧེ་ཧུཾ་ཧཱུཾ་ཕཊ། ཀྱིས་བསངས། སྭ་བྷཱ་ཝ་སོགས་ཀྱིས་སྦྱངས། རྡོར་དྲིལ་མི་དམིགས་སྟོང་ཉིད་གྱུར། །སྟོང་པའི་ངང་ལས་པད་ཟླའི་སྟེང་། །ཧཱུཾ་ལས་རྡོར་སེམས་ཡབ་ཡུམ་དཀར། །ཞལ་ཅིག་ཕྱག་གཉིས་རྡོར་དྲིལ་འཛིན། །སྣང་ལ་རང་བཞིན་མེད་པའི་སྐུའི། །གནས་གསུམ་ༀ་ཨཱཿཧཱུཾ་གིས་མཚན། །ཧཱུཾ་ལས་འོད་འཕྲོས་ཡེ་ཤེས་པ། །དབང་གི་ལྷར་བཅས་སྤྱན་དྲངས་ཏེ། །ཛཿཧཱུཾ་བཾ་ཧོཿཡེ་ཤེས་པ། །དམ་ཚིག་པ་དང་དབྱེར་མེད་གྱུར། །སླར་ཡང་དབང་ལྷ་འཁོར་བཅས་ཀྱིས། །དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷར་སྤྱི་བོར་བརྟན་པ་ལ། །མི་བསྐྱོད་པ་ཡི་དབུ་བརྒྱན་གྱུར། །རྡོར་སེམས་ཡབ་ཡུམ་ཞུ་བ་ལས། །རྡོར་དྲིལ་མཚན་ཉིད་ལྡན་པར་གྱུར། །ལག་མཐིལ་གཡས་སུ་ཟླ་བ་


KMC009_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །གཡོན་དུ་ཉི་མའི་དཀྱིལ་འཁོར་གསལ། །བར་བསམས་ཏེ་པད་ཀོར་དང་བཅས་པས། ༀ་མ་ཧཱ་བཛྲ་ཧཱུྃ། ཞེས་རྡོ་རྗེ་བླངས་ཏེ་གསོར། ༀ་བཛྲ་གྷཎྚེ་ཨཱཿ། ཞེས་པད་ཀོར་དང་བཅས་ཏེ་དྲིལ་བུ་བླངས་ལ་སླར་ཡང་པད་ཀོར་དང་བཅས་པས། ༀ་སརྦ་ཏ་ཐཱ་ག་ཏ་སིངྔྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟཾ་ངྷཱ་ར་ཡཱ་ཱམི་བཛྲ་སཏྭ་ཧཱི་ཧི་ཧི་ཧི་ཧི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་བཞིན་པས་རྡོ་རྗེ་ལན་གསུམ་གསོར། སླར་བསྟོད་དེ་སྙིང་གར་བཟུང་ངོ་། །དེ་ནས་དྲིལ་བུ་གནས་བརྒྱད་དུ་བསྐོར་ཞིང་གསིལ་བ་སྟེ་དྲིལ་ལྕེ་དྲིལ་བུའི་ནང་གི་ཕྱོགས་མཚམས་བརྒྱད་དུ་རེ་མོས་ཀྱིས་རེག་པར་གསིལ་བཞིན་པར། ༀ་བཛྲ་གྷཎྚེ་ར་ཎི་ཏ་པྲ་ར་ཎི་ཏ་སཾ་པྲ་ར་ཎི་ཏ་སརྦ་བུངྔྷ་ཀྵེ་ཏྲ་པྲ་ཙཱ་ཱལི་ནི་པྲཉྫྙཱ་པཱ་ར་མི་ཏཱ་ནཱ་ཱད་སཾ་བྷ་བི་ཏ་བཛྲ་ངྷརྨ་ཧྲྀ་ད་ཡཾ་སནྟོ་ཥ་ཎི་ཧཱུྃ་ཧཱུྃ་ཧཱུྃ་ཧོཿཧོཿཧོཿཨཱ་ཁཾ་སྭཱ་ཧཱ། ཞེས་བརྗོད་ལ་པད་ཀོར་བྱས་ཏེ་རྡོ་རྗེ་སྙིང་གར་བཟུང་ཞིང་དྲིལ་བུ་སྒྲ་ཆེ་བ་གསུམ་བཀྲོལ་བས་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྒྲ ས་བསྐུལ་ཞིང་མཆོད་པར་བསམ་ཏེ་གྲགས་སྟོང་དུ་མཉམ་པར་བཞག་གོ །དེ་ནས་སྔོན་འགྲོ་གཏོར་མ་ལ་བདུད་རྩི་སོགས་བྲན། ༀ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། དང་། ༀ་སྭ་བྷཱ་ཝ་སོགས་ཀྱིས་


KMC009_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

བསངས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པའི་བར་གྱིས་གཏོར་མ་བཏང་། ༀ་སུམྦྷ་ནི་སུམྦྷ་སོགས་བརྗོད། དྲག་སྔགས་བཟླས་པའི་ཡུངས་དཀར་གྱིས་རྫས་དང་ཡོ་བྱད་ཀུན་ལ་བྲབ་ཅིང་བགེགས་བསྐྲད་བསྲུང་འཁོར་བརྟན་པར་བསྒོམ་མོ། །བསྲུང་འཁོར་ནི། ༀ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུཾ་ཕཊ། ཅེས་པ་ནས། ༀ་ཙཀྲ་པྲཱ་ཀཱ་ཱར་ཧཱུྃ། ཞེས་པའི་བར་དང་། མེ་སྤར་བ་ནི། ཞི་རྒྱས་ལ་གཙུབས་ཤིང་ལས་བྱུང་བའམ་རུང་ཁང་ལས་བྱུང་བའི་མེ་ཁྱད་པར་རྒྱས་པ་ལ་ནགས་ལ་མེ་མཆེད་པ་ལས་བྱུང་བའང་མེ་ཤེལ་ལས་བྱུང་བ། དབང་དགུག་ལ་རྒྱལ་རིགས་སམ་སྨད་འཚོང་མའི་ཁྱིམ་ལས་བྱུང་བ། དྲག་པོ་ལ་གཤན་པའི་ཁྱིམ་ལས་བྱུང་བའམ་རོ་སྲེག་གིའམ་དེའི་སྡོང་དུམ་ལས་བྱུང་བའི་མེ་མེ་སྣོད་དུ་བཞག །བསངས་ཆུ་གཏོར་ལ། ༀ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། ཀྱིས་བསངས། དཔལ་འབར་ལ་སྦར་ཏེ་སླར་ཡང་བསངས་ཆུ་གཏོར་ལ། ༀ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། ཀྱིས་བསངས། ༀ་བཛྲ་ཛྭ་ལ་ཛྭལ་ཧཱུྃ། ཞེས་ཐབ་ཀྱི་ཤར་ལྷོར་བཞག །ༀ་ཨཱཿཧཱུྃ། ཞེས་བརྗོད་དེ་རླུང་གཡབ་ཀྱིས་གཡབ་ཅིང་སྦར་རོ། །ཡང་བུད་ཤིང་ཉུང་བ་ལྟ་བུས་མགྱོགས་པར་དགོས་ཚེ་མེ་ལྷའི་གདན་


KMC009_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བཤམས་ནས་སམ་མེ་ལྷ་བསྐྱེད་ནས་མེ་སྦར་བའང་ཡོད་དོ། །དེ་ནས་དཀྱིལ་འཁོར་གང་ཡིན་དེའི་ལས་སྔགས་སམ་སོ་སོའི་སྙིང་པོ་བཟླ་དགོས་པར་གསུངས་པས་འདིར། ༀ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། ཅེས་མར་ཁུ་དགང་བླུགས་གསུམ་མམ་བདུན་ཕུལ་བས་མེ་གསོས་ལ་སམྦུཊིར། ཐབ་ཁུང་ཀུན་དུ་ཀུ་ཤ་ཡི། རྩེ་མོ་དྲང་པོར་ཡོངས་སུ་བསྐོར། ཞེས་པ་ལྟར་ཀུ་ཤའི་ཆུན་པོ་མ་ཉམས་ཤིང་ཧ་ཅང་རིང་ཟུང་སྤངས་པ་འཐུང་དུ་བྱས་པ་དག་རིམ་པར་བླངས་ཏེ་ལག་གཉིས་ཀྱིས་བཟུང་བ་ཅུང་ཟད་པད་ཀོར་དང་བཅས་ཏེ། ༀ་ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེེད་པ། །ས་ལས་སྐྱེས་པའི་འདབ་མའི་སྙིང་། །བདག་གིས་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། ༀ་བཛྲ་ས་ཏྭ་ཨཱཿ ཞེས་ཆུན་པོ་ཆེ་བ་ཟུང་ཞིག་ཐབ་ཀྱི་སྟེང་དུ་རྩེ་ཤར་དུ་བལྟ་བས་བཞག་སྟེ་མེ་ལྷའི་གདན་དུ་བསམ། ཆུན་པོ་གཞན་དག་ནི་རང་གི་ཕྱོགས་གཡོན་ནས་བརྩམས་ཏེ་གཡས་བསྐོར་དུ་རིམ་པ་ལྟར་རྩེ་མོ་ཤར་དང་ལྷོ་དང་ནུབ་དང་བྱང་དུ་བལྟ་བར་སྟེགས་བུ་གཡོགས་ཤིང་རྒྱས་པ་དང་དབང་དང་མངོན་སྤྱོད་ལའང་སློབ་དཔོན་ཁ་བལྟ་ཕྱོགས་བཞིན་དུ་ཀུ་ཤའི་


KMC009_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་མོ་རྒྱས་པ་ལ་ཐོག་མར་བྱང་དང་ཤར་ལྷོ་ནུབ་དང་དབང་ལ་ཐོག་མར་ནུབ་དང་དེ་ནས་བྱང་། ཤར་ལྷོ་གཡས་བསྐོར་དང་། མངོན་སྤྱོད་ལ་ལྷོར་བསྟན་ཏེ་གཡོན་བསྐོར་སྔ་མའི་རྩེ་མོ་ཕྱི་མའི་རྩ་བས་ནོན་པ་སྐོར་ཐབས་སུ་དགྲམ་མོ། །འདིར་ཞི་བ་ལ་ཀུ་ཤའི་རྩེ་མོ་ཐོག་མར་ཤར་དུ་བསྟན་ཏེ་བཞག་པར་བཤད་པའི་ཤར་ཞེས་པ་འབྱུང་བའི་ཤར་ལ་བསམས་ནས་རྩེ་མོ་སྔོན་དུ་འགྲོ་བས་སྔ་མའི་རྩེ་མོ་ཕྱི་མའི་རྩ་བས་ནོན་པར་དགྲམ་པ་དང་། ཡང་ཤར་ཞེས་པ་དཀྱིལ་འཁོར་གྱི་ཤར་ལ་བསམས་ནས་རྩ་བ་སྔོན་དུ་འགྲོ་བས་རང་གི་གཡོན་ཕྱོགས་ནས་བརྩམས་ཏེ་གཡས་སྐོར་དུ་སྔ་མའི་རྩ་བ་ཕྱི་མའི་རྩེ་མོས་ནོན་པར་དགྲམ་པ་སྟེ། ལུགས་གཉིས་ལས་སྔ་མའི་དབང་དུ་བྱས་པ་སྟེ། འདི་ནི་མེ་ལྷའི་གདན་དང་སྦྱིན་སྲེག་གི་བྱ་བ་ལ་སྲུང་འཁོར་དུ་ཡང་འགྱུར་བས་ཐོག་མར་བྱ་ཞིང་ཐབ་བསྐྱེད་པའི་གོང་ངམ་འོག་ཏུ་བྱེད་པའང་ཡོད་དོ། །དེ་ནས་མཆོད་རྫས་བྱིན་རླབས་ནི། ༀ་བཛྲ་ཨརྒྷཾ་གྱིས་མཆོད་ཡོན། པཱདྱཾ་གྱིས་ཞབས་བསིལ། ཨ་ཙ་མཱ་ནཾ་གྱིས་ཞལ་བསིལ། སརྦ་སཾ་ཤྭ་ངྷ་ནི་ཞེས་པའམ། པྲོཀྵ་ཎཾ་གྱིས་འཐོར་འཐུང་སྟེ། ཆུ་བཞིའི་གོ་རིམ་རྒྱུད་སོ་སོ་ནས་ངེས་མེད་དུ་གསུངས་པས་གང་འོས་སུ་སྦྱར་ཏེ། ཆོ་ག་སོ་སོའི་གཞུང་ལྟར་བྱིན་རླབས་བྱ་དགོས་པས་འདིར་བདེ་མཆོག་ལྟར་བྱིན་གྱིས་བརླབ་བསྲེག་


KMC009_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་རྣམས་ཀྱང་ཆོ་ག་སོ་སོའི་གཏོར་མའམ་ནང་མཆོད་ལྟར་བྱིན་གྱིས་བརླབ་ལ་འདིར། ༀཁཎྜ་རོ་ཧེ་ཞེས་པ་ནས། དམ་ཚིག་བདུད་རྩིར་གཅིག་ཏུ་གྱུར། །ཅེས་པའི་བར་གྱིས་བྱིན་གྱིས་བརླབས་ལ། དེ་ནས། ངོ་བོ་བདུད་རྩིའི་རང་བཞིན་ལ། །རྣམ་པ་བསྲེག་རྫས་སོ་སོར་གྱུར། །ཞེས་སྦྱར་ཏེ། ༀ་ཨཱཿ ཧཱུྃ། ༀ་ཋཿཋཿཋཿཋཿཋཿཋཿཋཿ ཞེས་ཞི་སོགས་གསུམ་ལ་ལག་གཡས་རྡོ་རྗེ་དང་བཅས་པས་བླུགས་གཟར་དང་གཡོན་དྲིལ་བུ་དང་བཅས་པས་དགང་གཟར་བཟུང་བ་ཁ་སྦྱར། དྲག་པོ་ལ་དགང་བླུགས་བཟུང་བ་གོ་བཟློག་སྟེ་མར་ཁུ་ལ་རེག་ཅིང་། ༀ་ཨཱཿསྭཱ་ཧཱ། ཡམ་ཤིང་ལ་རེག་སྟེ། ༀ་ཤྲིཾ་སྭཱ་ཧཱ། འབྲུ་ཐམས་ཅད་ལ་རེག་སྟེ། ༀ་ཛྲིཾ་སྭཱ་ཧཱ། རྫས་སྦྱང་བའོ། །ཡང་སྲེག་རྫས་ཐམས་ཅད་ལ་རིམ་བཞིན་རེག་སྟེ། ༀ་སྭཱ་ཧཱ། རྫས་བཀྲུ་བའོ། །ཡང་རྫས་ཐམས་ཅད་ལ་རིམ་པར་རེག་སྟེ། ༀ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་ནས་ཐབ་བསྐྱེད་པ་ནི། ལས་སྔགས་ཀྱིས་བསངས་དགོས་པས། འདིར་འདོན་བྱ་ལ། ཞི་བ་ནི། ༀ་ཁཎྜརོ་ཧེ་ཧུཾ་ཧཱུཾ་ཕཊ། ཀྱིས་བསངས། སྭ་བྷ་བས་སྦྱངས། འདི་ཡན་ཞི་རྒྱས་དབང་དྲག་ཐམས་ཅད་འདོན་བྱ་གཅིག་ལ། དེ་ནས་ལས་མི་གཅིག་པའི་བསྒྱུར་ཁ་ལ། ཐབ་


KMC009_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཁུང་མི་དམིགས་སྟོང་ཉིད་གྱུར། སྟོང་པའི་ངང་ལས་པད་ཉིའི་སྟེང་། ཧཱུྃ་ལས་ཞི་ཐབ་ཟླུམ་པོ་དཀར། ལག་ཁྲུ་གང་གི་རྒྱ་ཁྱོན་ཅན། རྒྱ་ཕྱེད་དཔ ངས་ལྡན་སོར་བཞི་ཡི། མཆུ་དང་ཁ་ཁྱེར་དེ་སྟེང་དུ། རྡོ་རྗེ་དཀར་པོའི་ཕྲེང་བ་དང་། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་སྤྲས། །དེ་དབུས་པདྨ་འདབ་བརྒྱད་ལྟེར། །ཞི་བའི་རྡོ་རྗེས་མཚན་པར་གྱུར། །ཐབ་ཀྱི་དབུས་སུ་མེ་དཀྱིལ་ནང་། །པད་ཉིའི་སྟེང་དུ་རཾ་ཡིག་ལས། །ཞི་བའི་མེ་ལྷ་དཀར་པོ་ནི། །ཞལ་གཅིག་ཕྱག་གཉིས་མེ་ཐབ་དང་། །རིལ་བ་འཛིན་པ་དྲང་སྲོང་ཚུལ། །རལ་པའི་ཚོགས་ཅན་ཞི་ཉམས་ལྡན། །གསུས་འཕྱང་ཚང ས་སྐུད་དཀར་པོས་བརྒྱན། རྒྱས་པ་ལ། ཐབ་ཁུང་མི་དམིགས་སྟོང་ཉིད་གྱུར། །སྟོང་པའི་ངང་ལས་པད་ཉིའི་སྟེང་། །རྒྱས་པའི་ཐབ་ཁུང་གྲུ་བཞི་སེར། །ལག་ཁྲུ་དོ་ཡི་རྒྱ་ཁྱོན་ཅན། །རྒྱ་ཕྱེད་དཔངས་ལྡན་སོར་བརྒྱད་ཀྱི། །མཆུ་དང་ཁ་ཁྱེར་དེ་སྟེང་དུ། །རིན་ཆེན་སེར་པོས་ཕྲེང་


KMC009_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། །གྲྭ་བཞིར་རིན་ཆེན་དག་གིས་སྤྲས། །དེ་དབུས་པདྨ་འདབ་བརྒྱད་ལྟེར། །རྒྱས་པའི་རིན་ཆེན་སེར་པོའི་མཚན། །ཐབ་ཀྱི་དབུས་སུ་མེ་དཀྱིལ་ནང་། །པད་ཉིའི་སྟེང་དུ་རཾ་ཡིག་ལས། །རྒྱས་པའི་མེ་ལྷ་སེར་པོ་ནི། །ཞལ་གཅིག་ཕྱག་གཉིས་མེ་ཐབ་དང་། །རིལ་བ་འཛིན་པ་དྲང་སྲོང་ཚུལ། །རལ་པའི་ཚོགས་ཅན་བརྗིད་ཉམས་ལྡན། །གསུས་འཕྱང་ཚངས་སྐུད་སེར་པོས་བརྒྱན། དབང་ལ། ཐབ་ཁུང་མི་དམིགས་སྟོང་ཉིད་གྱུར། །སྟོང་པའི་ངང་ལས་པད་ཉིའི་སྟེང་། །དབང་གི་ཐབ་ཁུང་ཟླ་གམ་དམར། །སོར་མོ་ཉི་ཤུའི་རྒྱ་ཁྱོན་ཅན། །རྒྱ་ཕྱེད་དཔངས་ལྡན་སོར་གསུམ་གྱི། །མཆུ་དང་ཁ་ཁྱེར་དེ་སྟེང་དུ། །པད་མཚན་ལྕགས་ཀྱུའི་ཕྲེང་བ་དང་། །ཞེས་སམ། པདྨ་དམར་པོའི་ཕྲེང་བ་དང་། གྲྭ་བཞིར་ཨུཏྤལ་དམར་པོས་སྤྲས། དེ་དབུས་པདྨ་འདབ་བརྒྱད་ལྟེར། །དབང་གི་པདྨ་མཚན་པར་གྱུར། །ཐབ་ཀྱི་དབུས་སུ་མེ་དཀྱིལ་ནང་། །པད་ཉིའི་སྟེང་དུ་རཾ་


KMC009_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་ལས། །དབང་གི་མེ་ལྷ་དམར་པོ་ནི། །ཞལ་གཅིག་ཕྱག་གཉིས་མེ་ཐབ་དང་། །རིལ་བ་འཛིན་པ་དྲང་སྲོང་ཚུལ། །རལ་པའི་ཚོགས་ཅན་ཆགས་ཉམས་ལྡན། །གསུས་འཕྱང་ཚངས་སྐུད་དམར་པོས་བརྒྱན། །དྲག་པོ་ལ། ཐབ་ཁུང་མི་དམིགས་སྟོང་ཉིད་གྱུར། །སྟོང་པའི་ངང་ལས་པད་ཉིའི་སྟེང་། །དྲག་པོའི་ཐབ་ཁུང་ཟུར་གསུམ་ནག །སོར་མོ་ཉི་ཤུའི་རྒྱ་ཁྱོན་ཅན། །རྒྱ་ཕྱེད་དཔངས་ལྡན་སོར་གསུམ་གྱི། །མཆུ་དང་ཁ་ཁྱེར་དེ་སྟེང་དུ། །རྡོ་རྗེ་ནག་པོའི་ཕྲེང་བ་དང་། །གྲྭ་བཞིར་རྡོ་རྗེ་ནག་པོས་སྤྲས། །དེ་དབུས་པདྨ་འདབ་བརྒྱད་ལྟེར། །དྲག་པོའི་རྡོ་རྗེས་མཚན་པར་གྱུར། །ཐབ་ཀྱི་དབུས་སུ་མེ་དཀྱིལ་ནང་། །པད་ཉིའི་སྟེང་དུ་རྃ་ཡིག་ལས། །དྲག་པོའི་མེ་ལྷ་ནག་པོ་ནི། །ཞལ་གཅིག་ཕྱག་གཉིས་མེ་ཐབ་དང་། །རིལ་བ་འཛིན་པ་དྲང་སྲོང་ཚུལ། །རལ་པའི་ཚོགས་ཅན་དྲག་ཉམས་ལྡན། །གསུས་འཕྱང་ཚངས་སྐུད་ནག་པོས་བརྒྱན། །


KMC009_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཞི་ག་འདོན་ཆ་གཅིག་པ་ནི། ར་སྐྱེས་ལ་གནས་འཁོར་བཅས་ཀྱི། །གནས་གསུམ་ༀ་ཨཱཿཧཱུྃ་གིས་མཚན། །ཧཱུྃ་ལས་འོད་འཕྲོས་ཤར་ལྷོ་ནས། །མེ་ལྷ་འཁོར་བཅས་སྤྱན་དྲངས་ཏེ། །ༀ་ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །ལྷ་ཡི་རྒྱལ་པོ་བྲམ་ཟེ་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་རབ་སྒྲུབ་པ། །ཐུགས་རྗེས་སེམས་ཅན་དོན་གྱི་ཕྱིར། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ༀ་ཊཀྐི་ཧཱུྃ་ཛཿ ཞེས་ཞི་སོགས་གསུམ་ལ་ལག་པ་གཡོན་པས་གཡས་པའི་མཁྲིག་མ་ནས་བཟུང་སྟེ། ཀུ་ཤ་དང་བཅས་མི་འཇིགས་པའི་ཕྱག་རྒྱ་བཅས་ལ་ཐེ་བོང་གིས་སྲིན་ལག་གི་རྩ་བར་གཡོབ་ཅིང་། དྲག་པོ་ལ་གཡས་གཡོན་གོ་བཟློག་པས་སྤྱན་དྲངས་ཏེ། ཐབ་ཀྱི་ཤར་ལྷོར་མེ་ཏོག་གཅིག་འཕངས་ལ། ཐབ་ཀྱི་ཤར་ལྷོར་ཀུ་ཤ་ཡི། །གདན་ལ་མེ་ལྷ་ཡེ་ཤེས་པ། །འཁོར་དང་བཅས་པ་བཞུགས་པར་གྱུར། །ཅེས་བརྗོད། བཟེད་ཞལ་སོ་སོར་ཆུ་བཞི་སྦྲེེང་ཏེ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་


KMC009_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཱཧཱ། དེ་བཞིན་དུ་སྔགས་ཐོག་མཐའ་འདྲ་བར། པཱདྱཾ། ཨ་ཙ་མཱ་ཱནཾ། པྲོཀྵ་ཎཾ། ཞེས་པ་ཆུ་བཞི་དབུལ། དེ་ནས་ལག་གཡས་རྡོ་རྗེ་དང་བཅས་པའི་མཐེ་བོང་གིས་མཐེའུ་ཆུང་མནན་པ་རྩེ་གསུམ་གྱི་ཕྱག་རྒྱ་བཅས་ལ། ༀབཛྲ་ཨ་ན་ལ་མ་ཧཱ་ཱབྷཱུ་ཏ་ཛྭ་ལ་ཡ་སརྦ་བྷ་སྨིན་ཀུ་རུ་སརྦ་དུཥྚཱཾ་ཧཱུྃ་ཕཊ། དྲྀཤྱ་ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཧྃ། ཞེས་དམ་ལ་བཞག ཛ་ཧཱུྃ་བཾ་ཧོཿཡེ་ཤེས་པ། །དམ་ཚིག་པ་དང་དབྱེར་མེད་གྱུར། །སླར་ཡང་ཐུགས་ཀའི་ཧཱུྃ་འོད་ཀྱིས། །རིགས་ལྔ་འཁོར་བཅས་སྤྱན་དྲངས་ཏེ། །དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ཞབས་སྤྱི་བོར་བརྟན་པ་ལས། །ཞི་བ་ལ། རྣམ་སྣང་མཛད་ཀྱིས་དབུ་བརྒྱན་གྱུར། །ཅེས་དང་། རྒྱས་པ་ལ། རིན་འབྱུང་གིས་ནི་དབུ་བརྒྱན་གྱུར། །ཅེས་དང་། དབང་ལ། འོད་དཔག་མེད་ཀྱིས་དབུ་བརྒྱན་གྱུར། །ཅེས་དང་། དྲག་པོ་ལ། མི་བསྐྱོད་པ་ཡིས་དབུ་བརྒྱན་གྱུར། །ཅེས་སྦྱར། ཐམས་ཅད་ཀྱི་མཇུག་ཏུ་འདྲ་བར། ༀ་ཨགྣ་ཡེ་ས་པ་རིཝཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། དྷཱུ་པེ། ཨ་ལོ་


KMC009_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཀེ། གནྡྷེ། ནཻཝི་དྱ། ཤཔྡའི་བར་གྱིས་གདན་མཆོད་དབུལ། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་བསྟོད། དགང་བླུགས་ཁ་ལ་ཧཱུྃ་ཡིག་གསལ། །མེ་ལྷ་ཅུང་ཟད་ཞལ་གདངས་པའི། །ལྗགས་ལ་རཾ་ཡིག་གིས་མཚན་པས། །བསྲེག་རྫས་བདུད་རྩི་བཞེས་པར་གྱུར། ན་མསྶ་མནྟ་བུ ངྔྷཱ་ནཱཾ་ༀ་ཨགྣ་ཡེ་ཧ་བྱ་ཀ་བྱ་བཱ་ཱཧ་ནཱ་ཡ་ཨཱ་དི་བྱ། ཞེས་ལག་གཉིས་རྡོར་དྲིལ་དང་དགང་བླུགས་འཛིན་ཞིང་བྱང་ཆུབ་མཆོག་གི་ཕྱག་རྒྱས་མར་ཁུ་དགང་བླུགས་གསུམ་མམ་བདུན་བྱོན་ཟན་དུ་འབུལ་ཏེ། སྤེལ་ཚིག་ནི་ཞི་བ་ལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་ཀུན། །སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྒྱས་པ་ལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་


KMC009_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་སྦྱོར་དང་། །ཚེ་དང་བསོད་ནམས་དཔལ་འབྱོར་དང་། །ནོར་དང་ལོངས་སྤྱོད་སྙན་གྲགས་སོགས། །སརྦ་པུཥྚིཾ་ཀུ་རུ་ༀ། དབང་ལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་འཚོ་རྐྱེན་དང་། །སྲིད་གསུམ་སྐྱེ་དགུ་འཇིག་རྟེན་གྱི། །ཚེ་དཔལ་འབྱོར་པ་སྲོག་བཅུད་རྣམས། །སརྦ་ཝ་ཤཾ་ཀུ་རུ་ཧོ། དྲག་པོ་ལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ཅེས་འདོད་དོན་གསོལ་ཞིང་སྔགས་ཚིག་རྣམས་བརྗོད་བཞིན་པས། ལག་གཉིས་རྡོར་དྲིལ་དང་བཅས་པའི་རྡོ་རྗེའི་ཁུ་ཚུར་ལས། མཛུབ་མོ་གཉིས་བརྐྱང་པས་དགང་བླུགས་བཟུང་། གཡས་པའི་བླུགས་གཟར་གྱིས་མར་ཁུ་གསུམ་མམ་བདུན་སོགས་དགང་གཟར་དུ་བླུགས་ཏེ་གང་བ་དང་། ལག་གཉིས་སྔར་བཅས་པའི་བྱང་ཆུབ་མཆོག་གི་ཕྱག་རྒྱ་དེ་ཁ་སྦྱར། བླུགས་གཟར་མར་ཁུས་གང་བ་དགང་གཟར་གྱི་སྟེང་དུ་འཛིན་པའམ་ཁ་སྦྱར་ལ་ཞི་སོགས་གསུམ་ལ་གྲུ་མོགཉིས་པུས་མོ་


KMC009_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལས་མི་འདའ་བར་གཡས་སུ་བསྐོར། དྲག་པོ་ལ་དགང་བླུགས་འཛིན་པ་གོ་བཟློག་པས་གྲུ་མོ་གཉིས་པུས་མོའི་ནང་དུ་མ་ཤོར་བ་གཡོན་དུ་བསྐོར་ཞིང་། མར་ཁུ་དགང་གཟར་གསུམ་མམ་བདུན་གྱིས་བྱོན་ཟན་དབུལ། མེ་པྲ་སྐབས་འདི་ཁོ་ནར་བརྟགས་པ་དང་འདི་ནས་བརྩམ་སྟེ་ཇི་སྲིད་ཐབས་ཀྱི་བུད་ཤིང་རྣམས་ཀྱི་ནུས་པ་མ་རྫོགས་པ་དེ་སྲིད་དུ་བརྟགས་པ་སྟེ་ལུགས་གཉིས་ལས་སྔ་མ་ལྟར་བརྟག་ལ། དེའི་ཚུལ་ནི། སྦྱིན་སྲེག་འོད་ཀྱི་སྙེ་མར། རབ་བསྔགས་དགེ་བའི་མེ་ཡི་འོད། །དཔལ་བེའུ་དང་ནི་རྔ་ཡབ་གདུགས། །རྒྱལ་མཚན་པདྨ་ལྟ་བུ་དང་། །རྩེ་གསུམ་པ་དང་རལ་གྲི་ཉ། །བཀྲ་ཤིས་ཨིནྡྲ་ནཱི་ལའི་མདོག །རྡོ་རྗེ་དུང་ལ་སོགས་པ་དང་། །དགང་གཟར་བླུགས་གཟར་རྣམ་པ་དང་། །དཀར་དང་འཇའ་འདྲ་མདོག་སྡུག་དང་། །གཡས་སུ་འཁྱིལ་དང་ཤིན་ཏུ་སྣུམ། །བྱི་རུ་དང་ནི་གསེར་མདོག་འདྲ། །དངུལ་དང་རིན་ཆེན་བཻ་ཌཱུཪྻ། །ཉི་འོད་འབར་མཚུངས་དྲི་མ་མེད། །དུ་བ་མེད་ཅིང་དྲི་ཞིམ་པ། །མྲྀ་དང་ག་ཡི་སྒྲ་ལྡན་མཆོག །ཅེས་པ་རྣམ་པའི་ལྟས་དགེ་བར་ཤེས་པར་བྱ་ལ། འོན་ཏེ་མི་དགེ་བའི་མཚན་མ་ཡང་དེ་ཉིད་ལས། དུ་བ་དཀུ་ཞིང་མེ་སྟག་འཕྲོ། །ཀུན་ནས་ལྡང་ཞིང་སྒྲ་དང་བཅས། །མྱུར་དུ་ཆད་ཅིང་ཞན་པ་དང་། །མདངས་རྩུབ་པ་ལ་ཤ་ཡི་མདོག །དེ་བཞིན་བ་ལང་མགོ་འདྲ་དང་། །མི་རོའི་དྲི་དང་ཉ་ཡི་དྲི། །བོང་བུའི་དྲི་ཅན་


KMC009_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ཡོད་ཡིན། །ཞེས་བསྟན་པ་རྣམས་ཀྱིས་མེ་པྲ་བརྟག་ངན་ན་བསང་ཆུ་གཏོར་ཞིང་ལས་སྔགས་དང་སུཾ་བྷ་ནིས་བགེགས་བསྐྲད། ཧ་བྱ་སོགས་བྱོན་ཟན་གྱི་སྐབས་ལྟར་མར་ཁུ་དགང་བླུགས་གསུམ་མམ་བདུན་དབུལ་ལོ། །འོན་ཀྱང་འདི་ལ་དངོས་སུ་གསལ་ཁ་མ་བྱུང་ཀྱང་། དྲག་པོ་ལ་ནི་ཅུང་ཟད་རྩུབ་ཉམས་ཀྱི་རྟགས་སོགས་ཀྱང་འབྱུང་སྲིད་པས་སྐྱོན་མེད་སྙམ་མོ། །དེ་ནས་བསྲེག་རྫས་དབུལ་ཏེ། ཡམ་ཤིང་རྣམས་བྱང་ཆུབ་ཀྱི་ཤིང་དུ་མོས་ལ་རྩེ་མོ་སྟེང་དུ་བསྟན་ལ་གཡས་པའི་མཐེབ་སྲིན་ནམ་གུང་མཐེབ་ཀྱིས་དབུལ་ཞིང་། ༀ་ཨགྣ་ཡེ་ས་པ་རི་ཝཱ་ཱར་ༀ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཞེས་སྔགས་རེ་དང་ཡམ་ཤིང་རེ་བསྟུན་ཏེ་དབུལ་ཞིང་སྔགས་བཟླ་གྲོགས་ཡོད་ན་དུ་ཡོད་ཀྱི་གྲངས་དང་མཉམ་པའི་ཡམ་ཤིང་སྔགས་རེ་ལ་དབུལ། གྲངས་འཛིན་པ་པོས་ཀྱང་དེ་ཉིད་ཀྱི་གྲངས་འཛིན་པ་སྟེ། དེང་སང་སྦྱིན་སྲེག་ལ་གྲངས་ཀུན་བྱེད་པའང་འདི་ནས་འཆུགས་པ་ཡིན་པས་གྲངས་ཀུན་མི་བྱེད་ཅིང་ཚར་གསུམ་རེའམ་བདུན་རེའི་མཐར། ༀ་བོ་ངྷི་བྲྀཀྵཱ་ཡ། ཞེས་པའི་རྗེས་སུ། ཞི་བའི་འདོད་གསོལ་ནི། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གཟི་བརྗིད་ཕུན་སུམ་ཚོགས་པ་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་


KMC009_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྡུག་བསྔལ་རྒྱུ་བཅས་ཀུན། སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་བཞིན་དུ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་ཨགྣེ་ཡེ་སྭཱ་ཧཱ། ཞེས་མར་ཁུ་དགང་བླུགས་ཀྱིས་དབུལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །འབྱོར་པ་ཕུན་སུམ་ཚོགས་པ་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ཱར་ༀ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་ཏིལ་ནག་མཐེབ་སྲེན་ནམ་གུང་མཐེབ་ཀྱིས་དབུལ། འབྲུ་གཞན་རྣམས་དང་ཀུ་ཤ་དང་དཱུཪྺ་ཡང་མཐེབ་སྲིན་ནམ་གུང་མཐེབ་ཀྱིས་དབུལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །སྡིག་སྒྲིབ་ཞི་བྱེད་ལས་རྣམས་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ༀ་ཨགྣ་ཡེ་ས་པ་རི་ཝ་ར་ༀ་སརྦ་ཨརྠ་སིངྔྷ་ཡེ་སྭཱ་ཧཱ། ཡུངས་ཀར་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གནོད་བྱེད་གདོན་བགེགས་ཐམས་ཅད་དང་། །བར་དུ་གཅོད་པར་བྱེད་རྣམས་


KMC009_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་སརྦ་སམྦ་དེ་སྭཱ་ཧཱ། ཟས་མཆོག་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །བདེ་བ་ཕུན་སུམ་ཚོགས་པ་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་ཡང་ཟས་མཆོག་རིལ་བུ་ཡིན་ན་མཐེབ་མཛུབ་དང་ཕྱེ་མ་ཡིན་ན་བླུགས་གཟར་གྱིས་སོ། །ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་སརྦ་སམྦ་དེ་སྭཱཧཱ། ཞོ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཤེས་རབ་ཕུན་སུམ་ཚོགས་པ་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བླུགས་གཟར་གྱིས་དབུལ། ༀ་ཨགྣ་ཡེ་ས་པ་རི་ཝ་ར་ༀ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་སོ་བ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཁྱིམ་གྱི་དཔལ་འབྱོར་རྒྱས་པ་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་


KMC009_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཀུན། །སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ཱར་ༀ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། སོ་བ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀུན། །ནོར་དང་འབྲུ་རྣམས་རྒྱས་པ་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ཱར་ༀ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་ཤུགས་རྣམས་རྒྱས་པ་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྲན་མ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་སྟོབས་རྣམས་རྒྱས་པ་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ཱར་ༀ་བཛྲ་གྷསྨ་རེ་སྭཱ་ཧཱ། གྲོ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་


KMC009_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །ལུས་ཀྱི་ནད་རྣམས་མེད་པ་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ། དཱུཪྺ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཚེ་སྲོག་རིང་དུ་གནས་པ་ལ། །བར་དུ་གཅོད་བར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ༀ་ཨགྣ་ཡེ་ས་པ་རི་ཝ་ར་ༀ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། ཀུ་ཤ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །མི་མཐུན་ཕྱོགས་རྣམས་སྲུང་བ་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ཱར་ༀ་བཛྲ་ཥཱི་བཱ་ཡ་སྭཱ་ཧཱ། ཤིང་ཐོག་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །རིགས་རྒྱུད་ཕུན་སུམ་ཚོགས་པ་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་


KMC009_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་ཡང་སྡིག་པ་ཞི་བར་འདོད་ན་ཏིལ་ལྷག་པར་དབུལ་ཞིང་གཞན་རྣམས་གང་འབྱོར་རམ་མ་འབྱོར་ཀྱང་རུང་ངོ་། །དེ་བཞིན་དུ་ཚེ་རིང་བར་འདོད་ན་དཱུཪྺ་དབུལ་བ་སོགས་ཀུན་ལ་ཤེས་པར་བྱ། མར་ཁུ་དང་ཡམ་ཤིང་ནི་ཐམས་ཅད་ལ་དགོས་སོ། །གཤིན་དོན་དང་ཞི་རྐྱང་ལ་ནི་སྤེལ་ཚིག །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །ཞེས་སམ། ཆེ་གེའི་སྡིག་སྒྲིབ་རྒྱུ་བཅས་ཀུན། །ཞེས་པ་ཙམ་གྱིས་ཆོག རྒྱས་པའི་བསྲེག་རྫས་འདོད་གསོལ་དང་བཅས་པ་ནི། ཡམ་ཤིང་འབུལ་ལུགས་ཁ་གྲངས་སོགས་གོང་དང་འདྲ་བར་ཐོག་མར་ཡམ་ཤིང་མཐེབ་སྲིན་གྱིས་དབུལ་ཞིང་། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་བོ་ངྷི་བྲིཀྵཱ་ཡ་སྭཱ་ཧཱ། ཞེས་སྔགས་རེ་དང་བསྟུན་འབུལ་ལུགས་གོང་བཞིན། དེའི་མཐར། ༀ་བོངྷི་བྲིཀྵཱ་ཡ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གཟི་བརྗིད་ཕུན་སུམ་ཚོགས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་ཨགྣ་ཡེ་སྭཱ་ཧཱ། མར་ཁུ་དགང་བླུགས་ཀྱིས་དབུལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །


KMC009_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ་ཕུན་སུམ་ཚོགས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་ཏིལ་ནག་མཐེབ་སྲིན་ནམ་གུང་མཐེབ་ཀྱིས་དབུལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །སྡིག་སྒྲིབ་ཞི་བྱེད་ལས་རྣམས་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ཱར་ༀ་སརྦ་ཨརྠ་སིངྔྷ་ཡེ་སྭཱ་ཧཱ། ཡུངས་ཀར་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གདོན་བགེགས་ཞི་བྱེད་ལས་རྣམས་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ཱར་ༀ་སརྦ་སམྦ་དེ་སྭཱ་ཧཱ། ཟས་མཆོག་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །བདེ་བ་ཕུན་སུམ་ཚོགས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་


KMC009_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་སརྦ་སམྦ་དེ་སྭཱ་ཧཱ། ཞོ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཤེས་རབ་ཕུན་སུམ་ཚོགས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་སོ་བ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀུན། །ཁྱིམ་གྱི་དཔལ་འབྱོར་རྒྱས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཨགྣ་ཡེ་ས་པ་རིཝཱ་ར་ༀ་བཛྲ་བཱི་ཛཱ་ཱཡ་སྭཱ་ཧཱ། སོ་བ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ནོར་དང་འབྲུ་རྣམས་རྒྱས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་ཏེ། བདག་ཅག་དཔོན་སློབ་


KMC009_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཅས་ཀྱི། །ལུས་ཀྱི་ཤུགས་རྣམས་རྒྱས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་མ་ཧཱ་བཱ་ལཱ་ཡ་སྭཱ་ཧཱ། སྲན་མ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་སྟོབས་རྣམས་རྒྱས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ཱར་ༀ་བཛྲ་གྷསྨ་རེ་སྭཱ་ཧཱ། གྲོ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་ནད་རྣམས་མེད་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བ་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུཪྺ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཚེ་སྲོག་གོང་དུ་འཕེལ་བ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་


KMC009_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཀུ་རུ་ༀ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །མི་མཐུན་ཕྱོགས་རྣམས་སྲུང་བ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བ ཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་བཛྲ་ཥཱི་བཱ་ཡ་སྭཱ་ཧཱ། ཤིང་ཐོག་སྣ་ཚོགས་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །རིགས་རྒྱུད་ཕུན་སུམ་ཚོགས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ༀ། དེ་ནི་རྒྱས་པའོ། །དབང་ལ་སྲེག་རྫས་འབུལ་ལུགས་གོང་བཞིན་ལ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་བོ་ངྷི་བྲྀཀྵཱ་ཡ་སྭཱ་ཧཱ། གྲངས་གོང་བཞིན་ལ་དེའི་མཐར། ༀ་བོ་ངྷི་བྲྀཀྵཱ་ཡ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གཟི་བརྗིད་ཕུན་སུམ་ཚོགས་པ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། སརྦ་ཝ་ཤཾ་ཀུ་རུ་ཧོཿ དེ་བཞིན་དུ། ༀ་ཨགྣ་ཡེ་ས་པ་རི་


KMC009_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཝཱ་ར་ༀ་ཨགྣ་ཡེ་སྭཱ་ཧཱ། ཞེས་མར་ཁུ་དགང་བླུགས་ཀྱིས་དབུལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །འབྱོར་པ་ཕུན་སུམ་ཚོགས་པ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། སརྦ་ཝ་ཤཾ་ཀུ་རུ་ཧོཿ ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་ཏིལ་ནག་མཐེབ་སྲིན་ནམ་གུང་མཐེབ་ཀྱིས་དབུལ། འབྲུ་གཞན་རྣམས་དང་ཀུ་ཤ་དང་དཱུཪྺ་ཡང་མཐེབ་སྲིན་ནམ་གུང་མཐེབ་ཀྱིས་དབུལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །སྡིག་སྒྲིབ་ཞི་བྱེད་ལས་རྣམས་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། སརྦ་ཝ་ཤཾ་ཀུ་རུ་ཧོཿ ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་སརྦ་ཨརྠ་སིདྡྷ་ཡེ་སྭཱ་ཧཱ། ཡུངས་ཀར་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གདོན་བགེགས་ཞི་བྱེད་ལས་རྣམས་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། །སརྦ་ཝ་ཤཾ་ཀུ་རུ་ཧོཿ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་


KMC009_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་སརྦ་སམྦ་དེ་སྭཱ་ཧཱ། ཟས་མཆོག་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །བདེ་བ་ཕུན་སུམ་ཚོགས་པ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམས་བཞིའི་འགྲོ་བ་ཀུན། སརྦ་ཝ་ཤཾ་ཀུ་རུ་ཧོཿ ༀ་ཨགྣ་ཡེ་ས་པ་རི་ཝཱ་ཱར་ༀ་སརྦ་སམྦ་དེ་སྭཱ་ཧཱ། ཞོ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཤེས་རབ་ཕུན་སུམ་ཚོགས་པ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། །སརྦ་ཝ་ཤཾ་ཀུ་རུ་ཧོཿ ༀ་ཨགྣ་ཡེ་ས་པ་རི་ཝཱ་ཱར་ༀ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་སོ་བ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཁྱིམ་གྱི་དཔལ་འབྱོར་རྒྱས་པ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། སརྦ་ཝ་ཤཾ་ཀུ་རུ་ཧོཿ ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། སོ་བ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ནོར་དང་འབྲུ་རྣམས་རྒྱས་པ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །


KMC009_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པ་རྣམ་བཞིའི་འགྲོ་བ་ཀུན། སརྦ་ཝ་ཤཾ་ཀུ་རུ་ཧོཿ ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་ཤུགས་རྣམས་རྒྱས་པ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། སརྦ་ཝ་ཤཾ་ཀུ་རུ་ཧོཿ ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྲན་མ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་སྟོབས་རྣམས་རྒྱས་པ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། སརྦ་ཝ་ཤཾ་ཀུ་རུ་ཧོཿ ༀ་ཨགྣ་ཡེ་ས་པ་རི་ཝ་ར་ༀ་བཛྲ་གྷསྨ་རི་སྭཱ་ཧཱ། གྲོ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་ནད་རྣམས་མེད་པ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། སརྦ་ཝ་ཤཾ་ཀུ་རུ་ཧོཿ ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་བཛྲ་ཨཱ་ཡུ་ུཥེ་སྭཱ་ཧཱ། དཱུཪྺ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་


KMC009_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །ཚེ་སྲོག་གོང་དུ་འཕེལ་བ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། སརྦ་ཝ་ཤཾ་ཀུ་རུ་ཧོཿ ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །མི་མཐུན་ཕྱོགས་རྣམས་སྲུང་བ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། སརྦ་ཝ་ཤཾ་ཀུ་རུ་ཧོཿ ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་བཛྲ་ཥཱི་བཱ་ཡ་སྭཱ་ཧཱ། ཤིང་ཐོག་སྣ་ཚོགས་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །རིགས་རྒྱུད་ཕུན་སུམ་ཚོགས་པ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། སརྦ་ཝ་ཤཾ་ཀུ་རུ་ཧོཿ ཞེས་དང་། དྲག་པོ་ལ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་བོ་ངྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཚར་གྲངས་གོང་དང་འདྲ། ༀ་བོ་དྷི་བྲྀཀྵཱ་ཡ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གཟི་བརྗིད་ཕུན་སུམ་ཚོགས་པ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་


KMC009_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་ཨགྣ་ཡེ་སྭཱ་ཧཱ། མར་ནག་མར་ཁུ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །འབྱོར་པ་ཕུན་སུམ་ཚོགས་པ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། སརྦ་མཱ་ར་ཡ་ཕཊ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཏིལ་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །སྡིག་སྒྲིབ་ཞི་བྱེད་ལས་རྣམས་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། སརྦ་མཱ་ར་ཡ་ཕཊ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་སརྦ་ཨརྠ་སིངྔྷ་ཡེ་སྭཱ་ཧཱ། ཡུངས་དཀར་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གདོན་བགེགས་ཞི་བྱེད་ལས་རྣམས་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། སརྦ་མཱཾ་ར་ཡ་ཕཊ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་སརྦ་


KMC009_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

སམྦ་དེ་སྭཱ་ཧཱ། ཟས་མཆོག་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །བདེ་བ་ཕུན་སུམ་ཚོགས་པ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། སརྦ་མཱ་ར་ཡ་ཕཊ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་སརྦ་སམྦ་དེ་སྭཱ་ཧཱ། ཞོ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཤེས་རབ་ཕུན་སུམ་ཚོགས་པ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། སརྦ་མཱ་ཱར་ཡ་ཕཊ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་སོ་བ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཁྱིམ་གྱི་དཔལ་འབྱོར་རྒྱས་པ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། སརྦ་མཱ་ར་ཡ་ཕཊ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། སོ་བ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ནོར་དང་འབྲུ་རྣམས་རྒྱས་པ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །


KMC009_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་གནོད་བྱེད་མ་ལུས་པ། སརྦ་མཱ་ར་ཡ་ཕཊ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་ཤུགས་རྣམས་རྒྱས་པ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། སརྦ་མཱ་ར་ཡ་ཕཊ། ༀ་ཨགྣ་ཡེ་ས་པ་རི་ཝ་ར་ༀ་མ་ཧཱ་བ་ལ་ཡ་སྭཱ་ཧཱ། སྲན་མ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་སྟོབས་རྣམས་རྒྱས་པ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། སརྦ་མཱ་ར་ཡ་ཕཊ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་བཛྲ་གྷསྨ་རི་སྭཱ་ཧཱ། གྲོ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་ནད་རྣམས་མེད་པ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། སརྦ་མཱ་ར་ཡ་ཕཊ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུཪྺ་ཏེ། བདག་ཅག་དཔོན་


KMC009_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་འཁོར་བཅས་ཀྱི། །ཚེ་སྲོག་རིང་དུ་གནས་པ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། སརྦ་མཱ་ར་ཡ་ཕཊ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །མི་མཐུན་ཕྱོགས་རྣམས་སྲུང་བ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། སརྦ་མཱ་ར་ཡ་ཕཊ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་བཛྲ་ཥཱི་བཱ་ཡ་སྭཱ་ཧཱ། ཤིང་ཐོག་སྣ་ཚོགས་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །རིགས་རྒྱུད་ཕུན་སུམ་ཚོགས་པ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། སརྦ་མཱ་ར་ཡ་ཕཊ། ཅེས་སྦྱར་རོ། །བདེ་མཆོག་སྡོམ་འབྱུང་སོགས་ལས་ནི། ཡམ་ཤིང་ནི་འོད་ཀྱི་དཀྱིལ་འཁོར་ལའོ། །ཁུ་བའི་རྫས་རྣམས་ནི་ཞལ་དུའོ། །གོང་བུའི་རྫས་རྣམས་ནི་ཕྱག་ཏུའོ། །ཀུ་ཤ་ནི་གདན་དུའོ། །དཱུཪྺ་དང་མེ་ཏོག་ནི་དབུ་ལའོ། །ཞེས་འབྱུང་བ་ལྟར་བྱེད་པའང་ཡོད་དོ། །མེ་གསོ་བའི་ཕྱིར་བར་བར་དུ་


KMC009_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

མར་ཁུ་དགང་བླུགས་ཀྱིས་དབུལ་ལོ། །དེ་དག་ནི་ཞི་རྒྱས་དབང་དྲག་བཞིའི་སྦྱིན་སྲེག་གོ །དེ་ཡང་སྡིག་པ་ཞི་བར་འདོད་ན་ཏིལ། ཚེ་རིང་བར་འདོད་ན་དཱུཪྺ། བགེགས་ཞི་བར་འདོད་ན་ཡུངས་དཀར་སོགས་མང་བར་དབུལ། གྲངས་ཀྱང་གཙོ་བོར་དེ་ལ་སོགས་པ་ལྟར་སོ་སོའི་སྐབས་ཐོབ་དང་བསྟུན། མར་ཁུ་དང་ཡམ་ཤིང་ནི་ཀུན་ལ་མེད་ཀ་མེད་དོ། །དེ་ནས་མེ་ལྷ་ཐམས་ཅད་ཚིག་འོག་འདྲ་བར་མཆོད་བསྟོད་ནི། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་མེ་ཏོག་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་འཕྲིན་ལས་མཛོད། །དེ་བཞིན་དུ། རྒྱས་པའི༴ དབང་གི༴ དྲག་པོའི་ཕྲིན་ལས་མཛོད། །ཅེས་ལས་སོ་སོར་སྦྱར་རོ། །ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིིཙྪ་སྭཱ་ཧཱ། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་བདུག་སྤོས་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། བཞེས་ནས༴ ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་དྷཱུ་པེ་པྲ་ཏཱིཙྪ་སྭཱ་ཧཱ། གཙང་ཞིང་གཙང་མར༴ ལྷ་རྫས་དམ་པའི་སྣང་གསལ་འདི། །དྲང་སྲོང་མེ་ལྷའི༴ །བཞེས་ནས༴ ༀ༴ ཨ་ལོ་


KMC009_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཀེ༴ གཙང་ཞིང་༴ ལྷ་རྫས་དམ་པའི་དྲི་ཆབ་འདི། །དྲང་སྲོང་༴ བཞེས་ནས༴ ༀ༴ གནྡྷེ༴ གཙང་ཞིང་༴ ལྷ་རྫས་དམ་པའི་ཞལ་ཟས་འདི། །དྲང་སྲོང་༴ བཞེས་ནས༴ ༀ༴ ནཻ་ཝིདྱ༴ གཙང་ཞིང་༴ ལྷ་རྫས་དམ་པའི་རོལ་མོ་འདི། །དྲང་སྲོང་༴ བཞེས་ནས༴ ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱ། གཙང་ཞིང་༴ ལྷ་རྫས་འཆི་མེད་བདུད་རྩི་འདི། །དྲང་སྲོང་༴ བཞེས་ནས༴ ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་པཉྩ་ཨ་མྲི་ཏ་པྲ་ཏཱིཙྪ་སྭཱ་ཧཱ། གཙང་ཞིང་༴ ཟུང་འཇུག་བདེ་ཆེན་མཆོད་པ་འདི། །དྲང་སྲོང་༴ བཞེས་ནས༴ ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་མ་ཏཾ་གི་པྲ་ཏཱི ཙྪ་སྭཱ་ཧཱ། ཞེས་མཆོད། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད། དྲང་སྲོང་ཆེན་པོ་མེ་ལྷ་ཡིས། །སྔོན་གྱི་དམ་བཅས་མནའ་དོར་བ། །ལྷ་རྣམས་


KMC009_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ནི་མེ་ཡིན་ཏེ། །སྦྱིན་སྲེག་དེ་ནི་མེ་ལ་གནས། །ༀ་ཨགྣ་ཡེ་སྭཱ་ཧཱ། ཞེས་མར་ཁུ་དགང་བླུགས་གསུམ་ཕུལ་ནས། བདེ་མཆོག་ལ། ༀ་ཁནྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། ཅེས་པ་ལྟ་བུ་ཆོ་ག་གང་ཡིན་གྱི་ལས་སྔགས་དང་བསང་ཆུས་མེ་དང་ཡོ་བྱད་རྣམས་བསངས་ལ། མེ་ལྷ་འཁོར་དང་བཅས་པ་རྣམས། །འོད་ཞུ་འབར་བའི་རྣམ་པར་གྱུར། །བར་བསམ་མོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ཆོ་ག་ནི། མེ་ལྷའི་ལྟོོ་བའམ་ཐུགས་ཀའམ་མེ་ལྷ་འབར་བའི་རྣམ་པར་གྱུར་པའི་དབུས་སུ་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་བསྐྱེད་པ་སྟེ་ལུགས་གསུམ་ལས་ཕྱི་མ་ལྟར་བྱས་ཏེ། དེའི་དབུས་སུ་ཞེས་མཚམས་སྦྱར་ལ་ཆོ་ག་སོ་སོའི་བདག་བསྐྱེད་ཁ་སྤོས་ཏེ་མདུན་བསྐྱེད་དབང་བསྐུར་རྒྱས་གདབས་ཀྱི་བར་ཡན་ལག་བཞི་རྫོགས་སུ་སྒོམ་པ་ལས་འདིར་བདེ་མཆོག་ལ་མཚོན་ན། དེ་ཡི་དབུས་སུ་ཨེ་ལས་ཆོས་འབྱུང་གནས། །ཞེས་པ་ནས། བཞི་ལ་བཅོམ་ལྡན་རིན་འབྱུང་དབུ་བརྒྱན་གྱུར། །ཞེས་པའི་བར་བྱས་ལ། དྲག་པོ་ལ། སྐད་ཅིག་ཉིད་ལ་འཁོར་ལོ་སྡོམ་པའི་ཚོགས། །སྙིང་རྗེའི་དབང་གིས་དྲག་པོའི་སྐུར་བཞེངས་ཏེ། །མ་རུངས་བསྒྲལ་ནས་ཡང་


KMC009_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལམ་ལ་བཀོད། དྲག་པོའི་ཕྲིན་ལས་སྒྲུབ་ལ་མངའ་བརྙེས་གྱུར། །ཅེས་འདོན་སྒོམ་གསལ་བཏབ་ན་རུང་བས་སྤྲོ་ན་བྱེད་མི་སྤྲོ་ན་དམིགས་པ་ཙམ་བྱས་ནའང་ཡོང་། དེ་ནས་བྱོན་ཟན་དབུལ། ཡང་རྡུལ་མཚོན་ནམ་རས་བྲིས་ལྟ་བུའི་དཀྱིལ་འཁོར་སྒྲུབ་མཆོད་དང་འབྲེལ་བའམ། རབ་གནས་ཀྱི་ལྷ་ལ་སྦྱིན་སྲེག་འབུལ་ན། འདི་ལ་རྒྱུད་སྡེ་དང་དབང་པོའི་རིམ་པ་དང་བསྟུན་བསྐྱེད་ཚུལ་དང་གསལ་གདབ་ཚུལ་ལ་སྒྲིབ་གཉིས་སྲེག་བྱེད་དུ། རིན་ཆེན་སེང་ཁྲིར་ལེགས་བཞུགས་པའི། །རྟེན་གྱི་གནས་ནས་དཀྱིལ་འཁོར་པ། །ཞེས་སམ། དཀྱིལ་འཁོར་ཁང་པའི་དབུས་བཞུགས་པའི། །རྡུལ་ཚོན་གནས་ནས་དཀྱིལ་འཁོར་པ། །ཞེས་སྐབས་ཐོབ་བཞིན་སྦྱར་ནས། རྟེན་དང་རྟེན་བཅས་སྤྱན་དྲངས་ཏེ། །ཐབ་ཀྱི་དབུས་སུ་བཞུགས་པར་གྱུར། །ཅེས་མོས་པ་ཙམ་གྱིས་སྤྱན་དྲངས་ཏེ་བྱོན་ཟན་དབུལ་བ་ཕྱིན་གྱི་ཆོ་ག་ལ་འཇུག་པ་ནི་བླ་མེད་ཀྱི་རྣལ་འབྱོར་པ་དབང་རྣོན་གྱི་ལུགས་དང་། ཡང་རྒྱུད་སྡེ་འོག་མ་ལྟར་ཐབ་དབུས་སུ་རྟེན་གྱི་དཀྱིལ་འཁོར་བསྐྱེད་ལ་དེར་འོག་ནས་འབྱུང་བ་བཞིན་གྱི་དཀྱིལ་འཁོར་པ་སྤྱན་དྲངས་ཏེ་ཞུགས་པར་མོས་པ་ལ་བྱོན་ཟན་སོགས་འབུལ་བ་དང་། ཡང་དེ་ཙམ་གྱི་


KMC009_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་གསལ་མ་ཐུབ་ན་ཐབ་ཀྱི་ནམ་མཁར་བཞུགས་པ་ལ་མཆོད་པ་ཚར་བ་དང་གཙོ་འཁོར་སོ་སོའི་སྐུ་མདོག་རྒྱན་ཆ་ལུགས་ཐམས་ཅད་ཚིག་གིས་གསལ་བཏབ་ལ་སོ་སོའི་སྙིང་པོའི་མཐར། བཛྲ་ས་མ་ཡ་སྟྭཾ། ཞེས་མེ་ཏོག་དོར་ཞིང་ཐབ་ཏུ་བཞུགས་པ་ལ་རྒྱས་གདབ་ཡན་གྱི་ཆོ་གའི་ཡན་ལག་རྣམས་སྤྲོ་ན་བྱེད། མི་སྤྲོ་ན་རྡུལ་ཚོན་སོགས་ནས་སྤྱན་དྲངས་པའི་ལྷ་དེ་དག་ཉིད་ཡན་ལག་ཐམས་ཅད་རྫོགས་པ་ཡིན་པས་མ་བྱས་ཀྱང་རུང་བ་དང་། ཡང་ཐབ་དུ་རྟེན་བརྟེན་པ་ཐམས་ཅད་རྫོགས་པར་བསྐྱེད་ནས་ཡེ་ཤེས་པ་སྤྱན་འདྲེན་གྱི་སྐབས་སུ་རྡུལ་ཚོན་སོགས་ནས་སྤྱན་དྲངས་པ་སྔ་མ་དང་དབྱེར་མེད་དུ་བཞུགས་པ་ལ་རྒྱས་གདབ་ཡན་གྱི་ཆོ་གའི་ཡན་ལག་སྐྱར་མ་སྦྱོར་མི་སྦྱོར་ཡང་རུང་པ་དང་བཞི་ཡོད་པ་ལས་ད་རེས་ཕྱི་མ་ལྟར་ཐང་དབུས་སུ་དཀྱིལ་འཁོར་དམ་ཚིག་པ་བསྐྱེད་དེ། དེ་ཡང་བདེ་མཆོག་ལ་མཚོན་ན། དེ་ཡི་དབུས་སུ་ཨེ་ལས་ཆོས་འབྱུང་གནས། །སོགས། དུད་ཁ་རྣམས་ཀྱིས་ཡང་དག་མཚན་པར་གྱུར། །ཅེས་པའི་རྗེས་སུ་སློབ་དཔོན་ནམ་ལས་ཀྱི་རྡོ་རྗེས་དཀྱིལ་འཁོར་གྱི་དྲུང་དུ་ཡིག་བརྒྱ་བརྗོད་བཞིན་པས་མཆོད་ཡོན་སྦྲེང་སྤོས་ཕོར་འཛིན་པས། རྟེན་ནི་རྡུལ་ཚོན་དཀྱིལ་འཁོར་ལ། །བཞུགས་པའི་རྟེན་པ་དཀྱིལ་


KMC009_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་པ། །ཐབ་ཀྱི་དབུས་ཀྱི་དཀྱིལ་འཁོར་དུ། །དེང་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཞེས་སམ། རིན་ཆེན་སེང་ཁྲིར་ལེགས་བཞུགས་པའི། །རྟེན་གྱི་གནས་ནས་དཀྱིལ་འཁོར་པ། །ཐབ་ཀྱི་དབུས་སུ་དཀྱིལ་འཁོར་དུ། །དེང་འདིར་སྤྱན་འདྲེན་གཤེགས་སུ་གསོལ། ཞེས་བསྙན་གསན་དབབ་སྟེ་གཙོ་འཁོར་སོ་སོའི་སྙིང་པོ་བརྗོད་བཞིན་པས་མེ་ཏོག་ལྷའི་ངོ་བོར་མོས་ཏེ། རྡུལ་ཚོན་ནས་ལེན་པའི་ཚུལ་གྱིས་རིན་པོ་ཆེའི་སྣོད་དུ་བླངས་ཤིང་བཀུར་སྟི་དང་བཅས་པས་སྦྱིན་སྲེག་ཁང་པར་སྤྱན་འདྲེན་བཞིན་པར་ཆོ་ག་སོ་སོ་ནས་འབྱུང་བའི་སྤྱན་འདྲེེན་གྱི་ཚིག་བརྗོད་དགོས་པས་འདིར་བདེ་མཆོག་ལ་མཚོན་ན། ཕེཾ་ཕེཾ་གྱི་སྒྲས་བསྐུལ་ནས་ཐབ་ཀྱི་སྟེང་གི་ནམ་མཁར་བཞུགས་པ་ལ་མཆོད་པ་ནི། ༀ་བཛྲ་བཱི་ཎེ་ཧུཾ་ཧཱུཾ་ཕཊ། ཅེས་པ་ནས། ༀ་དྷརྨ་དྷཱ་ཏུ་བཛྲི་ཧུཾ་ཧཱུཾ་ཕཊ། ཅེས་པའི་བར་ཏེ་རིག་མ་བཅུ་དྲུག་གིས་མཆོད་ནས་སོ་སོའི་སྙིང་པོའི་མཐར། བཛྲ་ས་མ་ཡ་སྟྭྃ། བརྗོད་ཅིང་མེ་ཏོག་འཐོར་བས་ཐབ་ཏུ་བཞུགས་པ་སྔར་བསྐྱེད་པ་དང་དབྱེར་མེད་དུ་ལྟ་བའམ། བསྡུ་ན་སོ་སོའི་སྙིང་པོའི་མཐར། བཛྲ་ས་མཱ་ཛཿ ཞེས་སྦྱར་བས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་ཏེ་ལྷ་སོ་སོའི་མཚན་


KMC009_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བརྗོད་ཅིང་། ཐབ་ཀྱི་པདྨའི་དབུས་སུ་བཞུགས་པར་གྱུར། །ཅེས་བརྗོད་ནས་ཐབ་ཀྱི་དབུས་སུ་མེ་ཏོག་གཅིག་དོར་ཏེ་ཐབ་ཏུ་སྔར་བསྐྱེད་པ་དང་དབྱེར་མེད་དུ་བཞུགས་པ་དེ་ལ་སྤྲོ་ན་ཡེ་ཤེས་པ་གཞུག་པར་བྱ་བ་སོགས་ཀྱང་གསུངས་པས། འདིར་བདེ་མཆོག་ལ་མཚོན་ན། ཕེཾ་ཕེཾ། སྙིང་གར་ཉི་མ་ལ་གནས་ཧཱུཾ་འོད་ཀྱིས། །ཡེ་ཤེས་འཁོར་ལོ་ཕྱོགས་བཅུའི་ཁམས་བཞུགས་པའི། །དཔའ་བོ་རྣལ་འབྱོར་མར་བཅས་དབང་གི་ལྷ། །མདུན་གྱི་ནམ་མཁར་སྤྱན་དྲངས་བཞུགས་སུ་གསོལ། །དེ་ལ་རིག་མ་བཅུ་དྲུག་གིས་གོང་དུ་སྨོས་པ་ལྟར་མཆོད་ནས། ཛཿཧཱུྃ་བཾ་ཧོཿཡེ་ཤེས་པ་དང་དམ་ཚིག་གཉིས་མེད་གྱུར། ༀ་ཡོ་ག་ཤུདྡྷཱཿསརྦ་དྷརྨཱཿ ཡོ་ག་ཤུངྔྷོ྅་ཧཾ། ཆོས་རྣམས་ཐབས་ཤེས་དབྱེར་མེད་ངང་དུ་དག །ཅེས་པ་ནས། བཞི་ལ་བཅོམ་ལྡན་རིན་འབྱུང་དབུ་བརྒྱན་གྱུར། །ཅེས་པའི་བར་བྱས་ལ་བྱོན་ཟན་འབུལ་བ་སོགས་ལ་འཇུག་པའམ། ཡང་ན་གཉིས་པ་རྒྱུད་སྡེ་འོག་མ་དང་སྒོ་བསྟུན་པའི་ལུགས་ལྟར་ཐབ་ཏུ་རྟེན་གྱི་དཀྱིལ་འཁོར་བསྐྱེད་ནས་བརྟེན་པ་རྡུལ་ཚོན་སོགས་ནས་སྤྱན་དྲངས་ཏེ་བཞུགས་པ་མོས་པ། བདེ་མཆོག་ལ་


KMC009_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ན། དེ་ཡི་དབུས་སུ་ཨེ་ལས་ཆོས་འབྱུང་གནས། །ཞེས་པ་ནས། འཇིག་དུས་ཕྱོགས་འདབ་དབུགས་བྲལ་གདན་བཅས་གསལ། །ཞེས་པའི་བར་གྱིས་ཐབ་དབུས་སུ་རྟེན་གྱི་དཀྱིལ་འཁོར་བསྐྱེད་ནས། དེར་བརྟེན་པ་དཀྱིལ་འཁོར་པ་རྡུལ་ཚོན་སོགས་ནས་སྦྱན་དྲངས་པའི་ཕྱིར་སློབ་དཔོན་ནམ་ལས་ཀྱི་རྡོ་རྗེས་རྟེན་ནམ་དཀྱིལ་འཁོར་གྱི་དྲུང་དུ་ཡིག་བརྒྱ་བརྗོད་བཞིན་པས་མཆོད་ཡོན་སྦྲེང་སྤོས་ཕོར་འཛིན་པས། རྟེན་ནི་རྡུལ་ཚོན་དཀྱིལ་འཁོར་ལ། །སོགས་ཀྱི་ཚིགས་བཅད་གོང་དུ་སྨོས་པ་སྐབས་ཐོབ་ལྟར་བརྗོད་པས་སྙན་གསན་ཕབས་ལ། ༀ་ཤྲཱི་བཛྲ་སོགས་གཙོ་འཁོར་སོ་སོའི་སྙིང་པོ་བརྗོད་བཞིན་པས་མེ་ཏོག་ལྷའི་ངོ་བོར་མོས་ཏེ་རྡུལ་ཚོན་ལྟ་བུ་ལས་ལེན་པའི་ཚུལ་གྱིས་རིན་པོ་ཆེའི་སྣོད་དུ་བླངས་ཤིང་། ཕེཾ་ཕེཾ་གྱི་སྒྲས་བསྐུལ་ནས་བཀུར་སྟི་དང་བཅས་པས་སྦྱིན་སྲེག་ཁང་པར་སྤྱན་དྲངས་ལ། སྤྱན་དྲངས་པའི་ལྷ་རྣམས་ཐབ་སྟེང་གི་ནམ་མཁར་བཞུགས་པར་མོས་ལ། གོང་ལྟར་རིག་མ་བཅུ་དྲུག་གིས་མཆོད་པའི་མཐར། སོ་སོའི་སྙིང་པོ་ལ། བཛྲ་ས་མ་ཡ་སྟྭྃ། བཏགས་པ་བརྗོད་བཞིན་ཐབ་ཏུ་མེ་ཏོག་དོར་ཏེ། ཐབ་ཀྱི་པདྨའི་དབུས་སུ་སོ་སོའི་གདན་ལ་ཞུགས་པར་གྱུར་པར་བསམ་


KMC009_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། ཡང་དེ་ཙམ་གྱི་དམིགས་པ་གསལ་མི་ནུས་ན་རྡུལ་ཚོན་སོགས་ནས་སྤྱན་དྲངས་པའི་ལྷ་ཐབ་སྟེང་གི་ནམ་མཁར་བཞུགས་པ་ལ་མཆོད་པའི་བར་གོང་བཞིན་ལ། མཆོད་པ་ཚར་བ་དང་། དབུས་སུ་བཅོམ་ལྡན་ཧེ་རུ་ཀ་སྐུ་མདོག །ཟར་མའི་མེ་ཏོག་གསར་པ་ལྟར་སྔོ་སངས་སོགས་ནས། །ཤ་ལྔས་གང་བའི་ཐོད་པ་གསལ་བར་གྱུར་གྱི་བར་བརྗོད་པས་གཙོ་འཁོར་སོ་སོའི་སྐུ་མདོག་རྒྱན་ཆ་ལུགས་ཐམས་ཅད་ཚིག་གིས་གསལ་བཏབ་ལ་སོ་སོའི་སྙིང་པོའི་མཐར། བཛྲ་ས་མ་ཡ་སྟྭྃ། བཏགས་པ་བརྗོད་ཅིང་མེ་ཏོག་དོར་བས། ཐབ་ཀྱི་པདྨའི་དབུས་སུ་སོ་སོའི་གདན་ལ་བཞུགས་པར་གྱུར་པར་བསམ་པས་གོང་ལྟར་ཡང་། དེ་ལ་ཡེ་ཤེས་པ་དགུག་གཞུག་ནས་རྒྱས་གདབ་ཀྱི་བར་གྱི་ཆོ་གའི་ཡན་ལག་རྣམས་གོང་དུ་སྨོས་པ་བཞིན་སྦྱོར་མི་སྦྱོར་མོས་པ་དང་བསྟུན་ཏེ། དེ་ནས་བྱོན་ཟན་དབུལ་བ་ནི། དགང་བླུགས་ཁ་ལ་ཧཱུྃ་ཡིག་གསལ། །བཅོམ་ལྡན་འདས་ཀྱི་ལྗགས་ལ་ཡང་། །ཧཱུྃ་ཡིག་དག་གིས་མཚན་པ་ཡི། །བསྲེག་རྫ ས་བདུད་རྩི་བཞེས་པར་གྱུར། །ཅེས་པའི་རྗེས་སུ་དཀྱིལ་འཁོར་གང་ཡིན་གྱི་གཙོ་བོའི་སྙིང་པོ་བདེ་མཆོག་ལ་མཚོན་ན། ༀ་ཤྲཱི་བཛྲ་ཧེ་


KMC009_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། ཌཱ་ཀི་ནི་ཛཱ་ལ་སམྦ་རཾ་སྭཱ་ཧཱ། དེ་ལྟ་བུ་ལ་སྤེལ་ཚིག་ནི། ཞི་བ་ལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །སྡིག་སྒྲིག་ཉེས་ལྟུང་ནད་གདོན་ཀུན། །སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྒྱས་པ་ལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །ཚེ་དང་བསོད་ནམས་དཔལ་འབྱོར་དང་། །ནོར་དང་ལོངས་སྤྱོད་སྙན་གྲགས་སོགས། །སརྦ་པུཥྚིཾ་ཀུ་རུ་ༀ། དབང་ལ ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་འཚོ་རྐྱེན་དང་། །སྲིད་གསུམ་སྐྱེ་དགུ་འཇིག་རྟེན་གྱི། །ཚེ་དཔལ་འབྱོར་པ་སྲོག་བཅུད་རྣམས། སརྦ་ཝ་ཤཾ་ཀུ་རུ་ཧོཿ དྲག་པོ་ལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། མཆོད་


KMC009_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་སོ་སོའི་གཞུང་བཞིན་ལས། འདིར་བདེ་མཆོག་ལ་མཚོན་ན། ༀ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། ཅེས་པ་ནས། ཤབྡའི་བར་བརྗོད་སོ་སོའི་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབས་ལ། མཆོག་ཏུ་གཙང་ཞིང་ཡི་གར་འོང་ལ་སོགས། །ཡན་ལག་བརྒྱད་དང་ལྡན་པའི་མཆོད་ཡོན་འདི། །ཞེས་པ་ནས། དེ་ནི་མཆོད་པ་ཆེན་པོར་འདོད། །ཅེས་པའི་བར་གྱིས་མཆོད། ཧཱུྃ་ཆོས་ཀྱི་སྐུ་ལ་འགྱུར་བ་མེད་རྟགས་སུ། །ཞེས་པ་ནས། འདོད་པའི་དབང་ཕྱུག་མ་ལ་འདུད། །ཅེས་པའི་བར་གྱིས་བསྟོད་ནས། བསྲེག་རྫས་འབུལ་བ་ནི། གཙོ་འཁོར་སོ་སོར་བྱེད་ན་གཙོ་བོ་ལ། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། ཌཱ་ཱཀི་ནཱི་ཛཱ་ལ་སམྦ་རཾ་སྭཱ་ཧཱ། ༀ་བོ་ངྷི་བྲྀཀྵཱ་སོགས་སོ་སོར་སྦྱར་བའམ། བསྡུ་ན་གཙོ་འཁོར་བསྡོམས་ནས་གཙོ་བོའི་སྙིང་པོ་ལ་ས་པ་རི་ཝཱ་ར་སྦྱོར་ཆོག་པར་གསུངས་པས། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། ཌཱ་ཱཀི་ནཱི་ཛཱ་ལ་སམྦ་རཾ་ས་པ་རི་ཝཱ་ར་ༀ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཞེས་སྔགས་རེ་དང་ཡམ་ཤིང་རེ་བསྟུན་ལ་འབུལ། ཟླ་གྲོགས་དུ་ཡོད་ཀྱི་གྲངས་དང་བསྟུན་ནས་འབུལ་ཞིང་གྲངས་ཀུན་མི་བྱེད་པར་གྲངས་འཛིན་པ་སོགས་གོང་འཇིག་


KMC009_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་པའི་སྐབས་ལྟར་བྱ་ཞིང་བཟླས་པའི་ཁ་སྐོང་གི་གྲངས་གསོག་པའང་འདི་བཞིན་གསོག་དགོས་སོ། །སྤེལ་ཚིག་ནི། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གཟི་བརྗིད་ཕུན་སུམ་ཚོགས་པ་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་བཞིན་དུ། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། ཌཱ་ཱཀི་ནཱི་ཛཱ་ལ་སམྦ་རཾ་ས་པ་རི་ཝཱ་ར་ༀ་ཨགྣ་ཡེ་སྭཱ་ཧཱ། ཞེས་མར་ཁུ་དགང་བླུགས་ཀྱིས་དབུལ། བདག་ཅག༴ འབྱོར་པ་ཕུན་སུམ་ཚོགས་པ་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ༀ་ཤྲཱི་བཛྲ༴ ༀ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་ཏིལ་ནག་མཐེབ་སྲིན་ནམ་གུང་མཐེབ་ཀྱིས་དབུལ། འབྲུ་གཞན་རྣམས་དང་ཀུ་ཤ་དང་དཱུཪྺ་ཡང་མཐེབ་སྲིན་ནམ་གུང་མཐེབ་ཀྱིས་དབུལ། བདག་ཅག༴ སྡིག་སྒྲིབ་ཞི་བྱེད་ལས་རྣམས་ལ། །བར་དུ༴ འགྲོ་བའི༴ སརྦ༴ ༀ་ཤྲཱི༴ ༀ་སརྦ་ཨརྠ་སིདྡྷ་ཡེ་སྭཱ་ཧཱ། ཡུངས་ཀར་ཏེ། བདག་ཅག༴ གནོད་བྱེད་


KMC009_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་བགེགས་ཐམས་ཅད་དང་། །བར་དུ༴ འགྲོ་བའི༴ སརྦ༴ ༀ་ཤྲཱི༴ ༀ་སརྦ་སམྦ་དེ་སྭཱཧཱ། ཟས་མཆོག་སྟེ། བདག་ཅག༴ བདེ་བ་ཕུན་སུམ་ཚོགས་པ་ལ། །བར་དུ༴ འགྲོ་བའི༴ སརྦ༴ དེ་ཡང་ཟས་མཆོག་རིལ་བུ་ཡིན་ན་མཐེབ་མཛུབ་དང་ཕྱེ་མ་ཡིན་ན་བླུགས་གཟར་གྱིས་དབུལ། ༀ་ཤྲཱི་བཛྲ༴ ༀ་སརྦ་སམྦ་དེ་སྭཱ་ཧཱ། ཞོ་སྟེ། བདག་ཅག༴ ཤེས་རབ་ཕུན་སུམ་ཚོགས་པ་ལ། །བར་དུ༴ འགྲོ་བའི༴ སརྦ༴ ཞེས་བླུགས་གཟར་གྱིས་དབུལ། ༀ་ཤྲཱི་བཛྲ༴ ༀ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་སོ་བ་སྟེ། བདག་ཅག༴ ཁྱིམ་གྱི་དཔལ་འབྱོར་རྒྱས་པ་ལ། །བར་དུ༴ འགྲོ་བའི༴ སརྦ༴ ༀ་ཤྲཱི༴ ༀ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། སོ་བ་སྟེ། བདག་ཅག༴ ནོར་དང་འབྲུ་རྣམས་རྒྱས་པ་ལ། །བར་དུ༴ འགྲོ་བའི༴ སརྦ༴ ༀ་ཤྲཱི་བཛྲ༴ ༀ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་ཏེ། བདག་ཅག༴ ལུས་ཀྱི་ཤུགས་རྣམས་


KMC009_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ་ལ། །བར་དུ༴ འགྲོ་བའི༴ སརྦ༴ ༀ་ཤྲཱི༴ ༀ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྲན་མ་སྟེ། བདག་ཅག༴ ལུས་ཀྱི་སྟོབས་རྣམས་རྒྱས་པ་ལ། །བར་དུ༴ འགྲོ་བའི༴ སརྦ༴ ༀ་ཤྲཱི༴ ༀ་བཛྲ་གྷསྨ་རེ་སྭཱ་ཧཱ། གྲོ་སྟེ། བདག་ཅག༴ ལུས་ཀྱི་ནད་རྣམས་མེད་པ་ལ། །བར་དུ༴ འགྲོ་བའི༴ སརྦ༴ ༀ་ཤྲཱི༴ ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུཪྺ་ཏེ། བདག་ཅག༴ ཚེ་སྲོག་རིང་དུ་གནས་པ་ལ། །བར་དུ༴ འགྲོ་བའི༴ སརྦ༴ ༀ་ཤྲཱི༴ ༀ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤ་སྟེ། བདག༴ མི་མཐུན་ཕྱོགས་རྣམས་སྲུང་བ་ལ། །བར་དུ༴ འགྲོ་བའི༴ སརྦ་ཤཱནྟིཾ༴ ༀ་ཤྲཱི༴ ༀ་བཛྲ་ཥི་བཱ་ཡ་སྭཱ་ཧཱ། ཤིང་ཐོག་སྣ་ཚོགས་ཏེ། བདག་ཅག༴ རིགས་རྒྱུད་ཕུན་སུམ་ཚོགས་པ་ལ། །བར་དུ༴ འགྲོ་བའི༴ སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་ཡང་སྡིག་པ་ཞི་བར་འདོད་ན་ཏིལ་ལྷག་པར་དབུལ་ཞིང་། གཞན་རྣམས་གང་འབྱོར་རམ་མ་འབྱོར་ཀྱང་རུང་ལ། དེ་བཞིན་དུ་ཚེ་རིང་བར་འདོད་ན་དཱུཪྺ་སོགས་ཀུན་ལ་ཤེས་པར་བྱ། མར་ཁུ་དང་ཡམ་ཤིང་ནི་ཐམས་ཅད་ལ་དགོས། གཤིན་དོན་དང་ཞི་རྐྱང་ལ་སྤེལ་ཚིགས་ནི། འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །ཞེས་སམ། ཆེ་གེའི་སྡིག་སྒྲིབ་རྒྱུ་བཅས་ཀུན། །ཞེས་པ་ཙམ་གྱིས་ཆོག །རྒྱས་པའི་བསྲེག་རྫས་འདོད་


KMC009_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ནི། ཡམ་ཤིང་འབུལ་ལུགས་ཁ་གྲངས་སོགས་གོང་དང་འདྲ། ཐོག་མར་ཡམ་ཤིང་མཐེབ་སྲིན་གྱིས་དབུལ་ཞིང་། ༀཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་ས་པ་རི་ཝཱ་ཱར་ༀ་བོ་ངྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཞེས་སྔགས་རེ་དང་བསྟུན་འབུལ་ལུགས་གོང་བཞིན། དེའི་མཐར། ༀ་བོ་ངྷི་བྲྀཀྵཱ་ཡ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གཟི་བརྗིད་ཕུན་སུམ་ཚོགས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། སརྦ་པུ ཥྚིཾ་ཀུ་རུ་ༀ། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་ས་པ་རི་ཝཱ་ཱར་ༀ་ཨགྣ་ཡེ་སྭཱཧཱ། ཞེས་མར་ཁུ་དགང་བླུགས་ཀྱིས་དབུལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །འབྱོར་བ་ཕུན་སུམ་ཚོགས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཤྲཱི༴ ༀ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་ཏིལ་ནག་མཐེབ་སྲིན་གྱིས་འབུལ། བདག་ཅག༴ སྡིག་སྒྲིབ་ཞི༴ དམ་པའི༴ འགྲོ་བའི་


KMC009_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

བདེ༴ སརྦ༴ ༀ་ཤྲཱི༴ ༀ་སརྦ་ཨརྠ་སིངྔྷ་ཡེ་སྭཱ་ཧཱ། ཡུངས་ཀར་ཏེ། བདག་ཅག༴ གདོན་བགེགས་ཞི་བྱེད་ལས་རྣམས་དང་། །དམ་པའི༴ འགྲོ་བའི༴ སརྦ༴ ༀ་ཤྲཱི༴ ༀ་སརྦ་སམྦ་དེ་སྭཱ་ཧཱ། ཟས་མཆོག་སྟེ། བདག་ཅག༴ འབྱོར་པ་ཕུན་སུམ་ཚོགས་པ་དང་། །དམ་པའི༴ འགྲོ་བའི་བདེ༴ སརྦ༴ ༀ་ཤྲཱི༴ ༀ་སརྦ་སམྦ་དེ་སྭཱ་ཧཱ། ཞོ་སྟེ། བདག་ཅག༴ ཤེས་རབ་ཕུན་སུམ་ཚོགས་པ་ལ། །དམ་པའི༴ འགྲོ་བའི་བདེ༴ སརྦ༴ ༀ་ཤྲཱི༴ ༀ་བཛྲཔུཥྚ་ཡེ་སྭཱ་ཧཱ། འབྲས་སོ་བ་སྟེ། བདག་ཅག༴ ཁྱིམ་གྱི་དཔལ་འབྱོར་རྒྱས་པ་དང་། །དམ་པའི༴ འགྲོ་བའི་བདེ༴ སརྦ༴ ༀ་ཤྲཱི༴ ༀ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། སོ་བ་སྟེ། བདག་ཅག༴ ནོར་དང་འབྲུ་རྣམས་རྒྱས་པ་དང་། །དམ་པའི༴ འགྲོ་བའི༴ སརྦ༴ ༀ་ཤྲཱི༴ ༀ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་ཏེ། བདག་ཅག༴ ལུས་ཀྱི་ཤུགས་རྣམས་རྒྱས་པ་དང་། །དམ་པའི༴ འགྲོ་བའི་བདེ༴ སརྦ༴ ༀ་ཤྲཱི༴ ༀ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྲན་མ་སྟེ། བདག་ཅག༴ ལུས་ཀྱི་


KMC009_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་རྣམས་རྒྱས་པ་དང་། །དམ་པའི༴ འགྲོ་བའི་བདེ༴ སརྦ༴ ༀ་ཤྲཱི༴ ༀ་བཛྲ་གྣསྨ་རེ་སྭཱ་ཧཱ། གྲོ་སྟེ། བདག་ཅག༴ ལུས་ཀྱི་ནད་རྣམས་མེད་པ་དང་། །དམ་པའི༴ འགྲོ་བའི་བདེ༴ སརྦ༴ ༀ་ཤྲཱི༴ ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུཪྺ་སྟེ། བདག་ཅག༴ ཚེ་སྲོག་གོང་དུ་འཕེལ་བ་དང་། །དམ་པའི༴ འགྲོ་བའི་བདེ༴ སརྦ༴ ༀ་ཤྲཱི༴ ༀ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤ་སྟེ། བདག་ཅག༴ མི་མཐུན་ཕྱོགས་རྣམས་སྲུང་བ་དང་། །དམ་པའི༴ འགྲོ་བའི་བདེ༴ སརྦ༴ ༀ་ཤྲཱི༴ ༀ་བཛྲ་ཥཱི་བ་ཡ་སྭཱ་ཧཱ། ཞེས་ཤིང་ཐོག་སྣ་ཚོགས་ཏེ། བདག་ཅག༴ རིགས་རྒྱུད་ཕུན་སུམ་ཚོགས་པ་དང་། །དམ་པའི༴ འགྲོ་བའི་བདེ༴ སརྦ་པུཥྚིཾ་ཀུ་རུ་ༀ། དེ་ནི་རྒྱས་པའོ། །དབང་ནི། ༀ་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། ཌཱ་ཱཀི་ནཱི་ཛཱ་ལ་སམྦ་རཾ་ས་པ་རི་ཝཱ་ར་ༀ་བོ་ངྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཞེས་སྔགས་རེ་དང་བསྟུན་ནས་ཡམ་ཤིང་འབུལ། བདག་ཅག་དཔོན༴ གཟི་བརྗིད་ཕུན་སུམ་ཚོགས་པ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་


KMC009_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། སརྦ་ཝ་ཤཾ་ཀུ་རུ་ཧོཿ དེ་བཞིན་དུ། ༀ་ཤྲཱི༴ ༀ་ཨགྣ་ཡེ་སྭཱ་ཧཱ། ཞེས་མར་ཁུ་དགང་བླུགས་ཀྱིས་དབུལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱིས། །འབྱོར་པ་ཕུན་སུམ་ཚོགས་པ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། སརྦ༴ ༀ་ཤྲཱི་བཛྲ༴ ༀ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་ཏིལ་ནག་མཐེབ་སྲིན་ནམ་གུང་མཐེབ་གྱིས་དབུལ། འབྲུ་གཞན་རྣམས་དང་ཀུ་ཤ་དང་དཱུཪྺ་ཡང་མཐེབ་སྲིན་ནམ་གུང་མཐེབ་ཀྱིས་དབུལ། བདག་ཅག༴ སྡིག་སྒྲིབ་ཞི་བྱེད་ལས་རྣམས་དང་། །འགྲོ་བའི་བདེ༴ མོས་པ༴ སརྦ༴ ༀ་ཤྲཱི༴ ༀ་སརྦ་ཨརྠ་སིངྔྷ་ཡེ་སྭཱ་ཧཱ། ཡུངས་ཀར་ཏེ། བདག་ཅག༴ གདོན་བགེགས་ཞི་བྱེད་ལས་རྣམས་དང་། །འགྲོ་བའི་བདེ༴ མོས་པ༴ སརྦ༴ ༀ་ཤྲཱི༴ ༀ་སརྦ་སམྦ་དེ་སྭཱ་ཧཱ། ཟས་མཆོག་སྟེ། བདག་ཅག༴ བདེ་བ་ཕུན་སུམ་ཚོགས་པ་དང་། འགྲོ་བའི་བདེ༴ མོས་པ༴ སརྦ༴ ༀ་ཤྲཱི༴ ༀ་སརྦ་སམྦ་དེ་སྭཱ་ཧཱ། ཞོ་སྟེ། བདག་ཅག༴ ཤེས་


KMC009_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཕུན་སུམ་ཚོགས་པ་དང་། །འགྲོ་བའི་བདེ༴ མོས་པ༴ སརྦ༴ ༀ་ཤྲཱི༴ ༀ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་སོ་བ་སྟེ། བདག་ཅག༴ ཁྱིམ་གྱི་དཔལ་འབྱོར་རྒྱས་པ་དང་། །འགྲོ་བའི་བདེ༴ མོས་པ༴ སརྦ༴ ༀ་ཤྲཱི༴ ༀ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། སོ་བ་སྟེ། བདག་ཅག༴ ནོར་དང་འབྲུ་རྣམས་རྒྱས་པ་དང་། །འགྲོ་བའི་བདེ༴ མོས་པ༴ སརྦ༴ ༀ་ཤྲཱི༴ ༀ་མ་ཧཱ་ཱབེ་གཱ་ཱཡ་སྭཱ་ཧཱ། ནས་ཏེ། བདག་ཅག༴ ལུས་ཀྱི་ཤུགས་རྣམས་རྒྱས་པ་དང་། །འགྲོ་བའི་བདེ༴ མོས་པ༴ སརྦ༴ ༀ་ཤྲཱི༴ ༀ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྲན་མ་སྟེ། བདག་ཅག༴ ལུས་ཀྱི་སྟོབས་རྣམས་རྒྱས་པ་དང་། །འགྲོ་བའི་བདེ༴ མོས་པ༴ སརྦ༴ ༀ་ཤྲཱི༴ ༀ་བཛྲ་གྷསྨ་རེ་སྭཱ་ཧཱ། གྲོ་སྟེ། བདག་ཅག༴ ལུས་ཀྱི་ནད་རྣམས་མེད་པ་དང་། །འགྲོ་བའི་བདེ༴ མོས་པ༴ སརྦ༴ ༀ་ཤྲཱི༴ ༀ་བཛྲཨཱ་ཡུ་ཥེ་སྭཱ་ཧཱ། དཱུཪྺ་ཏེ། བདག་ཅག༴ ཚེ་སྲོག་གོང་དུ་འཕེལ་བ་དང་། །འགྲོ་བའི་བདེ༴ མོས་པ༴ སརྦ༴ ༀ་ཤྲཱི༴ ༀ་ཨ་པྲ་ཏི་ཧ་


KMC009_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤ་སྟེ། བདག་ཅག༴ མི་མཐུན་ཕྱོགས༴ འགྲོ་བའི་བདེ༴ མོས་པ༴ སརྦ༴ ༀ་ཤྲཱི༴ ༀ་བཛྲ་ཥཱི་བཱ་ཱཡེ་སྭཱཧཱ། ཤིང་ཐོག་སྣ་ཚོགས་ཏེ། བདག་ཅག༴ རིགས་རྒྱུད་ཕུན་སུམ་ཚོགས་པ་དང་། །འགྲོ་བའི་བདེ༴ མོས་པ༴ སརྦ་ཝ་ཤཾ་ཀུ་རུ་ཧོཿ ཞེས་དང་། དྲག་པོ་ལ། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་ས་པ་རི་ཝཱ་ར་ༀ་བོ་ངྷི་བྲྀཀྵཱ་ཡ་སྭཱ་ཧཱ། སྔགས་རེ་དང་བསྟུན་འབུལ་ལུགས་གོང་བཞིན་དེའི་མཐར། ༀ་བོ་ངྷི་བྲྀཀྵཱ་ཡ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གཟི་བརྗིད་ཕུན་སུམ་ཚོགས་པ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་བའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མ་ར་ཡ་ཕཊ། ༀ་ཤྲཱི༴ ༀ་ཨགྣ་ཡེ་སྭཱ་ཧཱ། མར་ཁུའོ། བདག་ཅག༴ འབྱོར་པ་ཕུན་སུམ་ཚོགས་པ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ༀ་ཤྲཱི༴ ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། ཏིལ་ཏེ། བདག་ཅག༴


KMC009_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་སྒྲིབ་ཞི་བྱེད་ལས་རྣམས་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ༀ་ཤྲཱི༴ ༀ་སརྦ་ཨརྠ་སིངྔྷ་ཡེ་སྭཱ་ཧཱ། ཡུངས་ཀར་ཏེ། བདག་ཅག༴ གདོན་བགེགས་ཞི་བྱེད་ལས༴ དམ་ཆོས༴ དགྲ་བགེགས༴ ༀ་ཤྲཱི༴ ༀ་སརྦ་སམྦ་དེ་སྭཱ་ཧཱ། ཟས་མཆོག་སྟེ། བདག་ཅག༴ བདེ་བ་ཕུན་སུམ་ཚོགས་པ༴ དམ་ཆོས༴ དགྲ་བགེགས ༴ སརྦ༴ ༀ་ཤྲཱི་བཛྲ༴ ༀ་སརྦ་སམྦ་དེ་སྭཱ་ཧཱ། ཞོ་སྟེ། བདག་ཅག༴ ཤེས་རབ་ཕུན་སུམ་ཚོགས་པ༴ དམ་ཆོས༴ དགྲ་བགེགས༴ སརྦ༴ ༀ་ཤྲཱི་བཛྲ༴ ༀ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་སོ་བ་སྟེ། བདག་ཅག༴ ཁྱིམ་གྱི་དཔལ་འབྱོར་རྒྱས་པ་དང་། །དམ་ཆོས༴ དགྲ་བགེགས༴ སརྦ༴ ༀ་ཤྲཱི༴ ༀ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། སོ་བ་སྟེ། བདག་ཅག༴ ནོར་དང་འབྲུ་རྣམས་རྒྱས་པ་དང་། །དམ་ཆོས༴ དགྲ་བགེགས༴ སརྦ༴ ༀ་ཤྲཱི༴ ༀ་མ་ཧཱ་ཱབེ་གཱ་ཡ་སྭཱ་ཧཱ། ནས་ཏེ། བདག་ཅག༴ ལུས་ཀྱི་ཤུགས་


KMC009_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རྒྱས་པ་དང་། །དམ་ཆོས༴ དགྲ་བགེགས༴ སརྦ༴ ༀ་ཤྲཱི༴ ༀ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྲན་མ་སྟེ། བདག་ཅག༴ ལུས་ཀྱི་སྟོབས་རྣམས་རྒྱས་པ་དང་། །དམ་ཆོས༴ དགྲ་བགེགས༴ སརྦ༴ ༀ་ཤྲཱི༴ ༀ་བཛྲ་གྷསྨ་རེ་སྭཱ་ཧཱ། གྲོ་སྟེ། བདག་ཅག༴ ལུས་ཀྱི་ནད་རྣམས་མེད་པ་དང་། །དམ་ཆོས༴ དགྲ་བགེགས༴ སརྦ༴ ༀ་ཤྲཱི༴ ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུཪྺ་ཏེ། བདག་ཅག༴ ཚེ་སྲོག་རིང་དུ་གནས་པ་དང་། །དམ་ཆོས༴ དགྲ་བགེགས༴ སརྦ༴ ༀ་ཤྲཱི༴ ༀ་ཨ་པྲ་ཏེ་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤ་ལ། བདག་ཅག༴ མི་མཐུན་ཕྱོགས་རྣམས་སྲུང་བ་དང་། །དམ་ཆོས༴ དགྲ་བགེགས༴ སརྦ༴ ༀ་ཤྲཱི༴ ༀ་བཛྲ་ཥི་བཱ་ཡ་སྭཱ་ཧཱ། ཤིང་ཐོག་སྣ་ཚོགས་སོ། །བདག་ཅག༴ རིགས་རྒྱུད་ཕུན་སུམ་ཚོགས་པ་དང་། །དམ་ཆོས༴ དགྲ་བགེགས༴ སརྦ་མཱ་ར་ཡ་ཕཊ། ཅེས་སྦྱར་དེ་ནས་གཙོ་འཁོར་སོ་སོར་འབུལ་བར་སྤྲོ་བས། བདེ་མཆོག་ལ་མཚོན་ན། གཙོ་བོ་ལ་བརྒྱ་རྩ་བརྒྱད་སོགས་སོང་ནས་ཡུམ་ལ། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ།


KMC009_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་བོ་ངྷི་བྲྀཀྵཱ་ཡ། སོགས་ནས་ཤིང་ཐོག་ཡན་ཀུན་ལ་ཚར་གང་འོས་འབུལ་ཞིང་། འཁོར་ལ། ༀ་ཌཱ་ཀི་ནཱི་ཧུཾ་ཧཱུཾ་ཕཊ། ༀ་བོ་ངྷི་བྲྀཀྵཱ་སོགས་སམ། ཡང་ན་སྦྲེལ་ནས། ༀ་ཌཱ་ཱཀི་ནཱི་ཡེ༴ ལཱ་མེ༴ ཁནྜ་རོ་ཧེ༴ རཱུ་པི་ནཱི་ཡེ་ཧུཾ་ཧཱུཾ་ ཕཊ། ༀ་བོ་དྷིི་བྲྀཀྵཱ་སོགས་སྦྱར་བ་ཚར་བདུན་ཙམ་འབུལ་བ་གང་འོས་དང་། བསྡུ་ན་བསྟན་མ་ཐག་པ་ལྟར་གཙོ་བོའི་རྙིང་པོའི་མཇུག་ཏུ། ས་པ་རི་ཝཱ་ཱར་བཏགས་པས་དོན་འགྲུབ་བོ། །མདོར་ན་བསྲེག་རྫས་ཀྱི་སྔགས་བདུན་རེ་ཙམ་གྱི་མགོར་སྙིང་པོ་ཚར་རེ་དང་མཇུག་ཏུ་སྤེེལ་ཚིག་ཚར་རེ་བྱ་བ་སྟེ། འདས་མ་འདས་གཉིས་ཀ་ལའོ། །འཇིག་རྟེན་ལས་འདས་པ་ལ་ཤིང་ཏོག །དེའི་མཇུག་ཏུ་ན་བཟའ། མེ་ཏོག་ཙན་དན་དཀར་དམར། ཨ་ཀ་རུ། སྤོས་སོགས་ཡོད་ན་རང་རང་གི་ཚིག་བཅད་སྔགས་དང་བཅས་ཆོ་ག་རང་རང་གི་གཞུང་ལ་ཡོད་ན་དེ་ཀ་ལྟར་འབུལ་བ། དཔེར་ན་བདེ་མཆོག་ལ་མཚོན་ན། ཕྱོགས་བཅུའི་འཇིག་རྟེན་ཀུན་ན་རེག་བྱའི་ཚོགས། །ཅེས་སོགས་དང་། འཇིག་རྟེན་འདིའམ་འཇིག་རྟེན་གཞན་དག་ན། །ཆུ་དང་ཐང་སྐྱེས་སོགས་དང་། སྤོས་ཀྱི་ཤིང་དང་ལྷ་ཡི་བདུག་སྤོས་སོགས། །ཞེས་སོགས་ཀྱིས་ན་བཟའ། མེ་ཏོག །སྤོས་འབུལ་བ་


KMC009_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའམ། མེད་ན་སྙིང་པོའི་མཐར། ༀ་ཨཱཿཧཱུྃ། བཏགས་ལ་འབུལ་ཞིང་། རིན་པོ་ཆེ་སྨན་སོགས་ཀྱང་སྙིང་པོའི་མཇུག་ཏུ། ༀ་ཨཱཿཧཱུྃ། བཏགས་ལ་འབུལ། གཞན་ཡང་ལས་མཐུན་གྱི་ཁྲུས་རས་དང་གོས་ཟུང་ཀྱང་བཤམ་གསུངས་པའི་རིག་པས་ཁྲུས་བྱེད་པར་སྤྲོ་ན། ཇི་ལྟར་བལྟམས་པ་སོགས། ༀསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཕྱི་བ་ནི། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ༀ་ཧཱུྃ་ཏྲཱཾ་ཧྲིཿཨཱཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་ངྷ་ནི་སྭཱ་ཧཱ། ཞེས་ཕྱི། འདི་ནི་ཁྲུས་མཆོག་སོགས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་སོགས། དེ་དག་སྐུ་ལ༴ ༀ་ཧཱུྃ་ཏྲཱཾ་ཧྲཱི་ཿཨཱཿསོགས་ཀྱིས་ཕྱི། རྒྱལ་བའི་སྐུ་གསུང་ཐུགས་ལ་ཉོན་མོངས་མི་མངའ་ཡང་། །སོགས། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བི་ཤོ་ངྷ་ནི་ཧཱུྃ། ཞེས་བཀྲུ། དེ་དག་སྐུ་ལ་སོགས་ཀྱིས་ཕྱི། ལྷག་བསམ་དག་པའི་ན་བཟའ་སོགས། སྣ་ཚོགས་དབང་པོའི་སོགས། སྲབ་འཇམ་ཡང་པ་ལྷ་ཡི་གོས། སོགས། ༀ་བཛྲ་ཝསྟྲ་ཨཱཿཧཱུྃ། ཞེས་ཁྲུས་ཕྱི་བ་གོས་ཟུང་འབུལ་བ་སོགས་བྱའོ། མི་སྤྲོ་ན་མ་


KMC009_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཀྱང་ཆད་སྐྱོན་མེད། ༈ དྲག་པོའི་སྐབས་སུ་དམིགས་གསལ་འདོན་བྱ་ནི། དངོས་སུ་མ་མཐོང་ཡང་སྒྲིབ་གཉིས་སྲེག་བྱེད་ཀྱི་དགོངས་པ་བླངས་ན་འདི་བཞིན་ཆོག་པ་དེའི་དབང་དུ་བྱས་ན། བདེ་མཆོག་དང་འབྲེལ་བའི་ཟུར་འདེབས་དྲག་པོ་བྱེད་ན་གཟུགས་ཅན་མའི་ང་རྒྱལ་དུ་འཕོ་བར་གསུངས་འདུག་ཀྱང་། འདིར་དྲག་པོ་སྤྱི་ཁྱབ་དང་མཐུན་པར་ལཱ་མའི་ང་རྒྱལ་དང་ལྡན་པས་ལས་བསྐུལ་བ་པོ་བྱའོ། །དྲག་པོའི་ལས་བྱེད་པར་མགོན་པོའི་ལྷ་ཚོགས་བཀུག །བསད་པ་ལས་བཞི་མགོན་པོ་ལྕམ་དྲལ་འཁོར་བཅས་ཀྱིས་མཛད་པར་དམིགས་ན་ཡོང་བ་འདྲ་སྙམ་པ་དེའི་དབང་དུ་བྱས་ན་འདིའི་ཟུར་འདེབས་སྦྱིན་སྲེག་རང་དུ་དམིགས་གསལ་དང་། གཞན་བསད་ལས་ཟོར་ཡང་ཙམ་བྱེད་ན་ཐོག་མར་དམིགས་པ་ཟུར་འདེབས་ནི། རང་ཉིད་སྐད་ཅིག་ལཱ་མཱ་སྐུ་མདོག་ལྗང་། །ཞལ་གཅིག་ཕྱག་གཉིས་གཡས་ཀྱིས་གྲི་གུག་དང་། །གཡོན་ཐོད་ཁྲག་བཀང་གྲུ་མོར་ཁ་ཊྭཱཾ་ལྡན། །རུས་པའི་རྒྱན་ཆ་ལྔས་མཛེས་སྤྱན་གསུམ་པ། །སྐྲ་གྲོལ་གཡས་བརྐྱང་གཡོན་བསྐུམ་སྟབས་བཞུགས་པའི། །ཐུགས་ལས་འོད་འཕྲོས་དགྲ་བགེགས་ཐམས་ཅད་བཀུག །དྲག་པོའི་ཕྲིན་ལས་


KMC009_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་སྒྲུབ་པའི་ཕྱིར། །སྐད་ཅིག་དཔལ་ལྡན་མ་མགོན་འཁོར་བཅས་རྣམས། །ལས་མཁན་ཚུལ་དུ་བསྐུལ་ཏེ་སྤྱན་དྲངས་པ། །མདུན་དུ་སྐད་ཅིག་ཉིད་ལ་མྱུར་བར་བྱོན། །དྲག་པོའི་སྐུར་བཞེངས་དགྲ་བགེགས་སྒྲོལ་བ་སོགས། ཕྲིན་ལས་ཐོགས་པ་མེད་པར་སྒྲུབ་པར་གྱུར། །ཅེས་འདོན་བསྒོམ་བྱ། ༈ །བསྒྲལ་ལས་ནི་རྒྱས་པར་སྤྲོ་བ་དང་མགོན་པོ་ཤེས་ན་མཚལ་མའི་མངོན་རྟོགས་སྤྱན་འདྲེན་ནས་མཆོད་བསྟོད་མཎྜལ་བར་བྱས། དེ་ནས་བསྲེག་རྫས་དབུལ། བསྒྲལ་ཆོག་བྱ་བའམ་ཐམས་ཅད་སྤྲོ་ན་སྨན་རག་གཏོར་གསུམ་བསྟོད་པ་བསྐང་བ་སྔགས་བར་བྱ། ལས་འགྲིག་དང་བསྟུན་བསྒྲལ་ཆོག་རྒྱས་བསྡུས་གཉིས་པོ་གང་རུང་ལ་ཞུགས་པ་སོགས་དཀྱུས་ལྟར་བྱར་རུང་ངོ་། །བསྡུ་ན་སྐད་ཅིག་གིས་མགོན་པོ་འཁོར་བཅས་སྤྱན་དྲངས་གསད་ལས་སོགས་དྲག་པོའི་ལས་མཛད་པར་བསམས་ན་རུང་བས་དེ་གང་མོས་བྱ། ད་ལམ་འདིར་དངོས་བསྟན་བྲིས་པ་ནི་ཕྱི་མའི་དབང་དུ་བྱས་པའོ། །དེ་ནས་སྨད་ལས་དགྲ་བགེགས་སྒྲོལ་བའི་ཆ་ལག་ལ་ལས་ཁུང་བསྐྱེད་ཆོག་སོགས་ཚིགས་གཅད་མ་གསར་པ་དང་ཚིག་ལྷུག་གཞུང་ཆེན་ལྟར་དང་གཉིས་ལས། དང་པོ་ལ་ལྕགས་ཁང་དང་བསད་པ་ལས་བཞི་


KMC009_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་འགྲེ་གསར་བསྒྲིགས་སོ། །ཞུད་ནི། མདུན་དུ་ཨེ་ཡིག་ཡོངས་གྱུར་གནམ་ལྕགས་ཀྱི། །གཤིན་རྗེའི་ཕོ་བྲང་བདུད་ཀྱི་བཤས་ཁང་ཆེ། །ཟུར་གསུམ་རིམ་གསུམ་སྒོ་མེད་སྐྱི་གཡའ་བ། །ནད་དང་དུག་གསུམ་རླངས་པས་གང་བའི་ནང་། །བསྐྱེད་པ་ནི། ནྲྀ་ཏྲི་ཡོངས་གྱུར་གནོད་བྱེད་དགྲ་བ གེགས་རྣམས། །མདོག་རིང་ཀྲ་གཟེངས་སྔོ་སྐྱ་ཐལ་བའི་མདོག །དངངས་ཡིད་དམིག་ཧྲིག་སྨྲེ་སྔགས་ཆོ་ངེ་འདེབས། །འགོ་བའི་ལྷ་སྲུང་གཉེན་བཤེས་དགྲར་ལངས་པ། །མྱ་ངན་ཕྱག་རྒྱས་གདུང་པ་ཞིག་ཏུ་གྱུར། །ལས་མཁན་ནི། ཧཱུྃ་ཡིག་ལས་བྱུང་ལས་མཁན་བཙོན་སྲུང་ཚུལ། །གཅེར་བུ་དུར་ཁྲོད་ཆས་བརྒྱན་སྤུ་གྲི་འཛིན། །ཤིན་ཏུ་རབ་ཁྲོས་སྟོབས་ལྡན་མ་རུངས་པ། །ཁྱོད་ཀྱིི་ཟ་སྐལ་ཉིད་དུ་དགྲ་འདི་གཏད། །ཉེས་པ་བསྒོ་བ་ནི། དམ་ཉམས་དགྲ་བགེགས་ལས་ངན་སྡིག་ཅན་འདིས། །དཀོན་མཆོག་གསུམ་སྤངས་ཕ་མ་སློབ་དཔོན་སྨོད། །འགྲོ་དྲུག་ཡོངས་ལ་འཚེ་ཞིང་བདག་


KMC009_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྡང་། །དེས་ན་འདི་ལ་བསྒྲལ་བའི་ཞིང་བཅུ་ཚང་། །ཉེས་པ་བསྒྲག་པ་ནི། བདག་མདུན་ལྷ་ཚོགས་ཀུན་གྱི་ཐུགས་ཀ་ནས། །ཁྲོ་ཆུང་རབ་འཕྲོས་ཕྱོགས་བཅུའི་བདེ་གཤེགས་ལ། །ཉེས་པ་གསོལ་བས་རྒྱས་ཀུན་རབ་ཁྲོས་ཏེ། །སྡིག་ཅན་མྱུར་དུ་སྒྲོལ་ཞེས་ལུང་བསྟན་གྱུར། །གཟུ་དཔང་ནི། བླ་མ་དཀོན་མཆོག་ཡི་དམ་ཆོས་སྐྱོང་དགོངས། །ལེགས་ཉེས་ཤན་འབྱེད་བདེན་རྫུན་དཔང་པོ་མཛོད། །བདག་གིས་མ་ཉེས་དགྲ་བགེགས་འདིས་ཉེས་པ། །མངོན་སུམ་གསལ་བས་སྙིང་རྗེས་འདི་དག་སྒྲོལ། །འགུགས་པའི་ཟུར་འདེབས་དམིགས་པ་ནི། བདག་ཉིད་ལཱ་མཱ་ལྗང་གུའི་ཐུགས་ཀ་ནས། །རྟ་དམག་རྣམ་པ་རང་མཚུངས་སྤྲོས་གྱུར་ནས། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཛིན་པས། །དགྲ་བགེགས་མ་ལུས་བཅིངས་ཤིང་རབ་དེད་པས། །དགྲ་བགེགས་ལྷ་སྲུང་དང་བཅས་རབ་ཁྲིད་དེ། །མདུན་གྱི་ལིངྒ་ཉིད་ལ་ཐིམ་པར་གྱུར། ཅེས་དང་། གཞུང་ནི། བདག་མདུན་


KMC009_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱེད་ཀུན་ཀྱི་ཐུགས་ཀ་ནས། །ལྷ་བཙན་ཀླུ་བདུད་གནོད་སྦྱིན་སྣ་ཚོགས་དང་། །དྲེགས་བྱེད་ཕྱག་རྒྱ་བཞི་ལྡན་མང་སྤྲོས་ཏེ། །དགྲ་བགེགས་ལྷ་སྲུང་འཁོར་བཅས་འདིར་ཁུག་ཅིག །ཚིག་གིས་འགུགས་པ་ནི། ན་མོ་བླ་མ་ཡི་དམ་ཆོས་སྐྱོང་དང་། །གསང་སྔགས་རིགས་སྔགས་སྙིང་པོ་ཕྱག་རྒྱར་བཅས། །ཁྲོ་བོ་ཁྲོ་མོ་ལྕམ་དྲལ་བྲན་གཡོག་གི །བདེན་མཐུས་དགྲ་བགེགས་འཁོར་བཅས་འདིར་ཁུག་ཅིག །ༀ་བཛྲ་ཨངྐུ་ཤ་ཛཿ སོགས། ཨུ་ནི་ཨུ་ནི་ལ་ར་ཛཿཛ། ཞེས་བའི་བར་གྱིས། ལྷ་དབྱེ་ནི། སྡིག་ཅན་འདི་ལ་སྐྱོབ་པའི་ལྷ་སྲུང་རྣམས། །བདེ་གཤེགས་བཀའ་ཉོན་མགོན་སྐྱོབས་མ་མཛད་པར། །ལྷ་ལྔས་སྤངས་ཤིང་གཤེད་ལྔར་རབ་གྱུར་ནས། །དགྲ་བགེགས་མ་ལུས་རྡུལ་ཕྲན་བཞིན་དུ་མཛོད། ༀ་མ་ཧཱ་ཀཱ་ལ་ཀཱ་ལི་ཏྲག་རཀྵ་ཁཾ་ཁཾ་བུཾ་བུཾ་ཤཱནྟིཾ་ཤག་དེ་ཝ་སརྦ་ཨུ་ཙ་ཏ་ཡ་དགྲ་བོ་མཱ་ཱར་ཡ་ཕཊ། ཅེས་དང་། དེ་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་བ་ཙིཏྟ་ཤཱནྟིཾ༴ ཙིཏྟ་མ་ཁ་


KMC009_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱནྟིཾ༴ ས་མ་ཡ་གྷ་ཊ༴ མ་མ་ཀ་ཆུ༴ ཏ་པ་ཏི་ཋ༴ ནཱ་ག་པུཥྤ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ཕྱེ། དེ་ནས་ཕུར་གདབ་དམིགས་པ་དང་དངོས་གཉིས་ལས་དང་པོ་དམིགས་པ་ཟུར་འདེབས་ནི། ཕུར་པའི་སྐུ་ལས་དེ་འདྲ་དཔག་མེད་སྤྲོས། །དགྲ་བོ་མི་ནོར་ཐན་ཤིག་རེའི་སྟེང་། །ཕུར་པའི་སྐུ་མཆོག་རང་འཚམས་དཔག་མེད་སྤྲོས། །སྟེང་བཞུགས་དགྲ་བགེགས་ཐལ་བར་རློག་པར་གྱུར། །ཅེས་དང་། གཉིས་པ་ཕུར་པ་བསྐྱེད་པ་ཕུར་གདབ་དང་རྣམ་ཤེས་སྤར་བ་སྦྱར་བ་གཞུང་གསར་ནི། བསྐྱེད་ཆོག་སྤྲོ་ན་བསངས་སྦྱངས། སྟོང་པའི་ངང་ལས་པད་ཉི་རོ་གདན་སྟེང་། །ཧཱུྃ་བྷྱོ་མཐིང་ནག་ཡོངས་སུ་གྱུར་པ་ལས། །དཔལ་ལྡན་མགོན་པོ་ལྕམ་དྲལ་ཟུང་འཇུག་པ། །ཕྱག་གཡས་གྲི་གུག་གཡོན་པས་ཐོད་པ་འཛིན། །ཐོད་པ་སྦྲུལ་དང་ཁྲོ་བོའི་ཆས་ཀྱིས་རྒྱན། །ཁྲོ་གཏུམ་སྐུ་སྨད་རྡོ་རྗེ་ཕུར་བུ་འབར། །གནས་གསུམ་ཡིག་གསུམ་ཧཱུྃ་བྷྱོ་ལས་འོད་འཕྲོས། །རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། །ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། །


KMC009_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལྷ་སྤྱན་དྲངས་དབང་བསྐུར་དྲི་མ་དག །སྤྱི་བོར་མི་བསྐྱོད་པ་ཡིས་བརྒྱན་པར་གྱུར། ༀ་མ་ཧཱ་ཀཱ་ལ་ཀཱ་ལི་བཛྲ་ཀཱི་ལཱ་ཡ་པྲ་ཏིཥྛཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་ཉེར་གཅིག་གམ་བདུན་གྱིས་རབ་གནས་བྱ། དེ་ནས་ཕུར་པ་ཐོགས་ལ། དཔལ་ལྡན་སྲས་མཆོག་ནག་པོ་ཡབ་ཡུམ་ནི། ཞལ་གཅིག་ཕྱག་གཉིས་སྐུ་མདོགམཐིང་ནག་ཅན། །གཡས་ཀྱིས་གྲི་གུག་གཡོན་གྱིས་ཐོད་ཁྲག་འཛིན། །སྐུ་སྐེད་ཆུ་སྲིན་ཁ་གདངས་དུག་རླངས་འཕྱོ། །སྐུ་སྨད་རྡོ་རྗེ་ཕུར་བུ་ཟུར་གསུམ་གྱིས། །དམ་ཉམས་དགྲ་བགེགས་སྲོག་ལ་ཀཱི་ལཱ་ཡ། །ཅེས་སོ། །བསྡུ་ན་བསྐྱེད་ཆོག་ཕུར་གདབ་སྦྲགས་པ་འོག་མ་འདིས་ཆོག །དེ་ནས། སྲས་མཆོག་ཡབ་ཡུམ་རིགས་ཀྱི་ཕུར་པ་འདི། །དགྲ་བགེགས་གནས་བཅུ་རྣམས་སུ་བཏབ་བྱས་པས། །རྟེན་དང་ཕྲལ་ཞིང་སྐྱེ་བའི་རྒྱུན་བཅད་ནས། །རྣམ་ཤེས་བླ་མེད་གནས་སུ་དྲང་བར་མཛོད། །ཅེས་ཕུར་པ་གདབ་ཅིང་རྣམ་ཤེས་སྤར། བསད་པའི་དམིགས་པ་ཟུར་འདེབས་ནི། རང་ཉིད་ལཱ་མཱར་


KMC009_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བའི་ཐུགས་ཀ་ནས། །གནམ་ལྕགས་ལྟ་བུའི་འོད་ཟེར་རབ་འཕྲོས་ཏེ། །དགྲ་བགེགས་ལ་ཕོག་མར་མེ་བསད་པ་ལྟར། །ཐུམས་ཀྱིས་བསད་དེ་ཐལ་བར་རློག་པར་གྱུར། །དམིགས་པའོ། བསད་པའི་གཞུང་གསར་དངོས་ནི། ནྲྀ་ཏྲི་ལས་བྱུང་དགྲ་བགེགས་ཀྱི། །སྲོག་རྩའི་རྒྱུད་ནས་ནད་རྣམས་དང་། །མཚོན་ཆ་ཐུན་རྫས་ཆར་དུ་བབས། །ལུས་སེམས་རབ་མྱོས་རྟེན་དང་ཕྲོལ། །བསྒྲལ་བ་དངོས་གཞུང་གསར་ནི། དཔལ་གྱི་ཕོ་ཉ་ལས་ཀྱིས་གཤིན་རྗེ་ཡིས། །ཆུ་གྲི་ངར་ལྡན་མཚོན་ཆའི་འཁོར་ལོ་བསྣམས། །དམིགས་བྱའི་ཚངས་བུག་ནས་ཞུགས་སྙིང་གར་སླེབ། །ཤ་ཁྲག་དོན་སྙིང་ཏིལ་ཙམ་གཏུབས་པར་མཛོད། ༀ་ཤྲཱི་མ་ཧཱ་ཀཱ་ཡ་མ་ཧཱ་ཀཱ་ལི་ས་པ་རི་ཝཱ་ར་དགྲ་བགེགས་ཀྱི་སྲོག་ལ་ནྲྀ་ཏྲི་ཧུར་ཐུམ་ཛཿ མཱ་ར་ཡ་རྦད་རྦད་སོད་སོད། ཅེས་དང་། དེ་ནས་ལིངྒ་བཏུབས་ཐུན་གཏོར་ལ་བྲན་ཏེ། ཆོས་སྐྱོང་མ་མགོན་འཁོར་དང་བཅས་རྣམས་ཀྱང་། །ཐབ་དབུས་བཞུགས་པའི་བཅོམ་ལྡན་དཀྱིལ་


KMC009_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་པའི། །འཁོར་དུ་དགྲ་བགེགས་ཤ་ཁྲག་གཏོར་མ་ལ། །རོལ་ཕྱིར་སྐད་ཅིག་གིས་ནི་བཞུགས་པར་གྱུར་པར་བསམ་ནས་བསྟབས་ལ་དམིགས་པ་ཟུར་འདེབས་དང་དངོས་གཉིས་ལས་དང་པོ་ནི། བདག་མདུན་ཐུགས་ལས་ལས་མགོན་ཁྲོ་བོའི་ཚོགས། །སྟག་སེང་ལ་སོགས་གཅན་གཟན་གཟུགས་སུ་གྱུར། །དགྲ་བགེགས་ཁྱུར་མིད་བྱས་ཏེ་ཚུར་འོངས་ནས། །གཏོར་མའི་སྟེང་སྐྱུགས་ཡེ་ཤེས་བདུད་རྩིར་གྱུར། །དགྲ་བགེགས་ཤ་ཁྲག་མ་དག་པ་རྣམས་སྦྱངས། །དག་པར་གྱུར་པ་ཆོས་སྐྱོང་གིས་བཞེས་གྱུར། །གཉིས་པ་ནི། ཧཱུྃ་དགྲ་བགེག་བསྒྲལ་བའི་ཤ་ཁྲག་རུས། །ནག་པོ་ལྕམ་དྲལ་ཞལ་དུ་བསྟབ། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི། །ཞི་རྒྱས་དབང་དྲག་ལས་རྣམས་སྒྲུབས། ༀ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་རཾ་ཁཱ་ཧི། མ་མོ་ནག་མོ་བེ་ཏཱ་ལི། ཀུ་ལུ་ཀུ་ལུ། མ་ཧཱ་མཾ་ས་ལ། མ་ཧཱ་རཀྟ་ལ། ཙིཏྟ་ལ། ཀི་ནི་རི་ཏི། བ་སུ་ཏ། གོ་རོ་ཙ་


KMC009_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ན་པཱུ་ཛ་ཁཱ་ཧི། དེ་ནས་ཐུན་གཏོར་ལ་དམིགས་ན། ན་མོ་རཏྣ་ཏྲ་ཡཱ་ཡ། སོགས་ཀྱི་འགུགས་པའམ་གོང་ལྟར། ན་མོ་བླ་མ་ཡི་དམ་ཆོས་སྐྱོང་དང་། །ཞེས་པ་ནས། ཛཿཛཿཛཿའི་བར་གྱིས་གཏོར་མ་བཀུག་ནས་འབུལ་བ་ནི། དམིགས་བྱའི་དགྲ་བགེགས་བཀུག་ནས་བསྒྲལ་བྱས་ཏེ། །ཤ་ཁྲག་རི་ལྟར་སྤུངས་ཤིང་མཚོ་ལྟར་བསྐྱིལ། །བསྟན་སྲུང་འཁོར་དང་བཅས་པ་མ་ལུས་པ། །དགྲ་བགེགས་མྱུར་དུ་སྒྲོལ་ཕྱིར་འབུལ་བར་བགྱི། །སྲེག་པ་ནི། འཇིག་རྟེན་འཇིག་རྟེན་འདས་པའི་མེ་ལྷའི་ཚོགས། །མེ་དཔུང་ཕྱོགས་བཅུར་འབར་བར་གྱུར་པ་དང་། །ཆོས་སྐྱོང་འཁོར་བཅས་ཞལ་ནས་མེ་འབར་ཞིང་། །ཁ་གདངས་མཆེ་བ་གཙིགས་པ་འདིའི་ནང་དུ། །གནོད་བྱེད་དགྲ་བགེགས་དམིགས་ཡུལ་འདི་དག་རྣམས། །ལྷག་མ་རྗེས་ཤུལ་མེད་པར་སྲེག་པར་མཛོད། །ཅེས་པ་ཙམ་མམ། སྤྲོ་ན། ཧཱུྃ་ཕྱོགས་བཞིའི་དབུས་བཅས་སྲེག་ཁང་བར་བ་ན། །མ་ཏྲཾ་རུ་ཏྲ་བརྩེགས་པའི་གདན་སྟེང་དུ། །མ་མོ་མཁའ་འགྲོ་ཤ་ཟ་བྱེ་


KMC009_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དབུས། །དཔལ་ཆེན་ནག་པོ་ལྕམ་དྲལ་ཞལ་ཕྱེས་ཤིག །དྲག་པོའི་མེ་ལྷ་ཐམས་ཅད་ཞལ་ཕྱེས་ཤིག །མཁའ་འགྲོ་ཀུན་གྱི་དབང་ཕྱུག་ཞལ་ཕྱེས་ཤིག །དམ་ཅན་ཆོས་སྐྱོང་སྲུང་མ་ཞལ་ཕྱེས་ཤིག །རྣལ་འབྱོར་ཀུན་གྱི་དགྲ་ལྷ་ཞལ་ཕྱེས་ཤིག །དམ་ཉམས་ཀུན་གྱི་སྲོག་གཅོད་ཞལ་ཕྱེས་ཤིག །སངས་རྒྱས་བསྟན་ལ་སྡང་བའི་དགྲ་བགེགས་འདིའི། །ཤ་ཁྲག་རུས་གསུམ་སྲོག་དབུགས་དྲོད་དང་བཅས། །ཉེ་དུ་ཉེ་འབྲེལ་སྲུང་སྐྱོབ་ལྷ་དང་བཅས། །འཁོར་གཡོག་འབངས་དང་རིགས་རྒྱུད་ཉེ་འཁོར་བཅས། །སྲུང་འཛིན་རིག་སྔགས་ཡོ་བྱད་རྫས་དང་བཅས། །ས་གཞི་ནོར་རྫས་སྐྱེད་ཚལ་གྲོགས་བཤེས་བཅས། །བྱད་མ་རྦོད་གཏོང་འདུན་གྲོགས་སྲིད་དང་བཅས། །བསོད་ནམས་ལོངས་སྤྱོད་ཁ་རྗེ་དབང་ཐང་བཅས། །ཁྱོད་ཀྱི་ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །ཁྱོད་ཀྱི་མགུལ་དུ་སྒྲིམས་ཤིག་ཨཱ་ར་ལཱི། །ཁྱོད་ཀྱི་ཕྱག་ཏུ་གཏད་དོ་མ་ཤོར་


KMC009_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ཁྱོད་ཀྱི་ཞབས་སུ་མནན་ནོ་སྟཾ་བྷ་ཡ། །ཁྱོད་ཀྱི་ཞལ་དུ་སྲེག་གོ་ཛྭ་ལ་རཾ། །འདིར་གཤེགས་དམ་རྫས་རྒྱན་གྱི་གཏོར་མ་བཞེས། །འདིར་གཤེགས་དངོས་འབྱོར་ཡིད་སྤྲུལ་མཆོད་པ་བཞེས། །འདིར་གཤེགས་དགྲ་བོའི༴ ཞེས་སམ། དགྲ་བགེགས༴ ཞེས་པ་གང་རུང་སྦྱར། དེས་འདི་རིགས་འགྲེ། ཤ་ཁྲག་རུས་གསུམ་བཞེས༴ འདིར་གཤེགས་དགྲ་བོ་མི་ནོར་འཁོར་བཅས་བཞེས། །བསྟན་ལ་སྡང་བའི་དགྲ་བོ་སྡིག་ཅན་འདི། །ལོ་ཟླ་ཞག་དང་ཟ་མར་མ་འགྱངས་བར། །མྱུར་དུ་སྒྲོལ་ཞིང་སྲེགས་ལ་རྗེས་མེད་དུ། །ཐལ་བའི་རྡུལ་བཞིན་རློག་པའི་ལས་མཛོད་ཅིག །ༀ་བཛྲ་ཨརྒྷཾ་སོགས་དང་། རྦད་སྔགས་དང་། མ་ཧཱ་མཾ་ས་སོགས་དང་། དགྲ་བགེགས་ཞེས་སམ། མ་ཧཱ་ཀཱ་ལ་ཀཱ་ལཱི་ཛྭ་ལ་རཾ། ཞེས་ཤ་དུམ་སྨན་རཀ་ལིང་རོ་དུག་ཁྲག་བྲན་པའི་གཏོར་ཆུང་བཅུ་སྡེབས་ལ་འབུལ་བསྐུལ་བ། གསོན་ཅིག་མའམ། འདས་དང་མ་གང་འོས་བྱས་གཏོར་མ་འབུལ། བསྐུལ་འདི་རྣམས་ཤེས་ན་དེ་ཀ་ལེགས། འོག་མ་འདི་མི་དགོས། མི་ཤེས་ན་ཚིག་ཉུང་པར་དོན་འདུས་ཙམ་


KMC009_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གཞུང་གསར་བསྐུལ་ནི། མཁའ་འགྲོ་ཆོས་སྐྱོང་ཡེ་ཤེས་སྤྱན་ལྡན་པ། །ལེགས་ཉེས་ཤན་འབྱེད་ཉམས་པའི་སྲོག་གཅོད་དེ། །མྱུར་མགྱོགས་མཐུ་ལྡན་ཁྱོད་ཀྱིས་དགྲ་བགེགས་རྣམས། །ལྷག་མ་རྗེས་ཤུལ་ཙམ་ཡང་མེད་པར་མཛོད། །མ་གཡེལ་མ་གཡེལ་བཀའ་སྡོད་རྒྱ་མཚོའི་ཚོགས། །འབོད་དོ་མཆོད་དོ་སྙན་སྲ་རྒྱང་མ་རིང་། །བཅོམ་ལྡན་སྤྱན་སྔར་ཞལ་བཞེས་མ་གཡེལ་བར། །དགྲ་བགེགས་མྱུར་དུ་སྒྲོལ་བའི་ལས་མཛོད་ཅིག །ཅེས་ཐུན་གཏོར་མེ་ལ་འབུལ། མགོན་པོ་རྒྱས་བསྡུས་གཉིས་ཀ་བསམ་བྱ་འདོན་བྱ་འདི་ནས་འདྲ་བར་གཏོར་འབུལ་བསྲེག་རྫས་འབུལ་བ་ཐམས་ཅད་ཀྱི་སྐབས་སུ་དགྲ་བགེགས་ཐམས་ཅད་གཏོར་མ་བསྲེག་རྫས་རྣམས་དང་མཉམ་དུ་མགོ་སྟེང་རློག་རྐང་མཐིལ་སྐྱ་ལྷག་ལྷག །ལྷག་མ་མ་ལུས་པར་ཞལ་དུ་གསོལ་བར་གྱུར་སྙམ་དུ་བསམ་ལ་འདི་དམིགས་པ་ཙམ་གྱིས་ཀྱང་ཆོག །ཡང་གསལ་བཏབ་པར་འདོན་སྒོམ་སྤྲོ་ན། འོག་བཞིན་ནོ། །དེ་ནས་ཆོས་སྐྱོང་དང་ལཱ་ཱམའི་གཤེགས་གསོལ་འོག་ཚིག་ལྷུག་ན་ཡོད་པ་ལྟར་ཁྲག་གི་རྒྱ་མཚོ་ནས་མེ་ལོང་གཟུགས་བརྙན་ལྟ་བུ་གསལ་བར་གྱུར། ཞེས་པའི་བར་ལྟར་


KMC009_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །འདིའི་བསད་པ་ལས་བཞི་མགོན་པོའི་གཞུང་ལ་ཡོད་པ་དང་ཁོ་བོས་བྱས་པའི་རྒྱས་འབྲིང་བསྡུས་གསུམ་གང་རུང་དང་སྦྱར་འདོད་པ་དང་བློ་ལ་ཡོད་ན་དེ་བཞིན་བྱེད། ཡང་འདིར་མ་ཚང་བ་མེད་ཙམ་ཚིག་སྣ་བསྡུས་པ་ཚིགས་བཅད་དུ་བསྒྲིགས་པ་འདིའང་རྣམ་གྲངས་ཙམ་དུ་བྲིས་པ་ཡིན་པས་མདོར་ན་གང་མོས་ཞིག་དང་སྦྱར་ཆོག །སྦྱིན་སྲེག་འདི་ཀའི་བསམ་བྱ་ཚིག་ལྷུག་སོགས་ལ་ཡོང་བ་རྣམས་འདོན་སྒོམ་དུ་བྱས་ན་གསལ་ཐེབས་ཚེ་ཚིགས་གཅད་ལྷུག་གཉིས་སུ་བྱས་གཉིས་ཀ་བྲིས་ཏེ། དེ་ལ་ཟུར་འདེབས་ཞེས་བཏགས། བསད་པ་ལས་བཞི་དགོས་ངེས་དངོས་ལ་གཞུང་གསར་དུ་བཏགས་ཡོད་པས་སྤྲོ་ན་གཉིས་ཀ་འདོན། ཡང་ཟུར་འདེབས་རྣམས་བསམ་བྱར་བྱས་གཞུང་གསར་རྣམས་འདོན་བྱར་བྱས་ཀྱང་འཐུས་སོ། དེ་ནི་བསྒྲལ་ལས་དང་འབྲེལ་བའི་ཟུར་འདེབས་བསྡུས་པའོ།། ༈ །།གཉིས་བ་ཚིག་ལྷུག་མ་གཞུང་ཆེན་ལྟར་ནི། ཡང་མགོན་པོའི་ཆོ་ག་ཤེས་པ་དང་སྒྲུབ་པ་དང་འབྲེལ་བའི་སྦྱིན་སྲེག་དང་། རྒྱས་པར་སྤྲོ་ན་གཞུང་ཆེན་ལ་ཡོད་པ་འདི་ག་བྱིན་རླབས་ཆེ་ཞིང་ལེགས་པས་དེ་བྱེད་པར་སྤྲོ་ན། སྟོད་ལས་བྱང་ཆུབ་སྒྲུབ་པ་ལེགས་པར་གྲུབ་ནས་སྨད་ལས་དགྲ་བགེགས་བསྒྲལ་བ་སྐབས་སུ་བབས་ན། ལས་བྱང་གཞུང་ལས་གསུངས་པ་ནི། རྣལ་འབྱོར་པ་ནུས་པ་དང་ལྡན་པ་བསད་གསོ་ནུས་པ་དག་གིས་བསྒྲལ་


KMC009_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

བར་འོས་པའི་ཞིང་བཅུ་ཚང་བ་དང་། བླ་མའི་སྐུ་དགྲ། རྣལ་འབྱོར་པའི་དགོས་དགྲ། བསྟན་པའི་དགྲ་བོ་བསྒྲལ་བར་བྱ་སྟེ། དེའི་རིམ་པ་ནི་འདི་ལྟ་སྟེ། ཐུན་གཏོར་རྣམས་བཤམས། ལིངྒ་མཐོང་བ་བརྒྱུད་པ་བཞིན་བྱས། ལྕགས་ཁང་འདོན་བྱ་དང་མཐུན་པ། ཕུར་པ་ཆས་སོགས་ཚོགས་པར་བྱས་ནས། ལས་ཁུང་རྡོ་རྗེ་སློབ་དཔོན་གྱི་མདུན་དུ་བཤམས། གཏོར་མ་དཀར་དམར་གཉིས་ཕོ་རོག་འུག་སྒྲོ་ལྷ་དབྱེའི་རྫས་སོགས་བཤམས་ལ། ལྕགས་ཁང་། སྐྱེད་ཆོག །ཉ་བོ་གསལ་གདབ་འདི་གཉིས་གཟུ་དཔང་གི་རྗེས་འགུགས་གཞུག་གི་གོང་དུ་བྱ་བ་དང་འདིར་བྱ་བ་གཉིས་ཀ་ཡོད་པ་ལས་འདིར་བྱེད་ན། ༀ་དཾཥྚྲཱོཏྐ་ཊ་བྷཻ་སོགས་ཀྱིས་བསངས་སྦྱངས། སྟོང་པའི་ངང་ལས་ཁཾ་ཡོངས་སུ་གྱུར་པ་ལས། ལྕགས་ཀྱི་ཁང་སྒྲོམ་འབར་བ་གྲུ་གསུམ་པ། ཟུར་གསུམ་པ། ལྡེབས་གསུམ་པ། བང་རིམ་གསུམ་པ། ཁ་ཁྱེར་ཡངས་པ། གཏིང་ཟབ་པ། མཚོན་ཆའི་བརྡབ་ཆར་དྲག་པོ་འཕྲོ་བ། ཕྱི་ནས་ཕྲག་དོག་གི་རླུང་དམར་གྱིས་འདེད་པ། ནང་ནས་ཞེ་སྡང་གདུག་པའི་མེ་འབར་བ། སྟེང་ནས་གཏི་མུག་གི་མུན་པ་འཐིབས་པ། འོག་ནས་འདོད་ཆགས་


KMC009_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་གི་རྒྱ་མཚོ་གཏིང་མེད་འཕྱོ་བ། ལོགས་ལ་རྣག་ཁྲག་གི་རྦ་རླབས་འཁྲུགས་པ། སྒོ་མེད་གཤིན་རྗེའི་ལྕགས་ཁང་ཆེན་པོ། ནད་ཀྱི་རླངས་པ་སྔོ་དམར་དུ་ཕྱུར་ཅིང་དུག་གི་རླངས་པ་ཁམ་ནག་ཏུ་འཐེབས་པ། ན་བུན་སྔོ་སྐྱ་ཆི་ལི་ལི་འཁྲུག་པ། འབྲུག་དང་སེར་བའི་དྲག་ཆར་འབབ་པ། ཚ་ལ་རྩུབ་པ། ནག་ལ་རྔམས་པ། དྲག་ལ་འཇིགས་པ། དམར་ལ་གློག་འཁྱུག་པ། དཀར་སེར་དམར་ལྗང་མཐིང་གའི་འོད་ཟེར་འཕྲོ་བ། བདུད་དང་བཤན་བའི་ཕོ་བྲང་། རིགས་དྲུག་གི་དུར་ས། དགྲ་བོའི་བཙོན་དོང་། སྡིག་ཅན་གྱི་བཤས་ཁང་། སྲིད་པ་ལས་ཀྱི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བ། ཤིན་ཏུ་ཡ་ང་བ། འཇིགས་སུ་རུང་བ། འུར་སྒྲ་དང་། ཚེག་སྒྲ་དང་། ཆོམ་སྒྲ་དང་། ཐུག་སྒྲ་དང་། འབོབ་སྒྲ་དང་། སྡིགས་སྒྲ་དང་བཅས་པ། དེའི་ནང་དུ་འཆི་བདག་གཞིན་རྗེའི་ལས་མཁན་དང་ཟ་བྱེད་མགོན་པོའི་སྤྲུལ་པ་གྲི་གུག་ཐོད་ཁྲག་ཐོགས་པ་དཔག་ཏུ་


KMC009_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས་དགྲ་བོ་ཐམས་ཅད་རང་དབང་མེད་པར་དེད་ཅིག །ཟུང་ཞིག །ཆིངས་ཤིག །ཁྱིགས་ཤིག །སྡོམས་ཤིག །སྒོངས་ཤིག །སྒྲིལ་ཅིག །རྒྱོབ་ཅིག །རྡུངས་ཤིག །བཙོགས་ཤིག །སོད་ཅིག །བྲོབས་ཤིག །སྒྲོལ་ཅིག །རྡུལ་དུ་རློག་ཅིག་ཅེས་པའི་སྒྲ་སྒྲོགས་པ་ཞིག་ཏུ་གྱུར། དེ་ནས་ལིངྒ་ལས་ཁུང་དུ་བཅུག་ལ་ཉ་བོ་གསལ་གདབ་པ་ནི། དགྲ་བོའི་རྣམ་པར་ཤེས་པའི་ངོ་བོ་ནྲྀ་སྔོ་ལྗང་གསལ་བ་མར་མེ་ལྟ་བུ་ཡོད་པ་དེ་ཡོངས་སུ་གྱུར་པ་ལས། དམ་ཉམས་དགྲ་བོ་འདིའི་ལུས་ངག་ཡིད་གསུམ། ཕྱི་ཤ་གཟུགས་བཞི། དབང་པོ་སྒོ་ལྔ། རྣམ་ཤེས་ཚོགས་བརྒྱད། ནང་ཆ་བུ་དགུ། ལྷུ་བཅུ་གཉིས་མགོ་དང་བཅུ་གསུམ་ཚང་བ། མི་སྡུག་པའི་གཟུགས་ཅན་ཁ་དོག་ནག་པོ། དུག་ལྔ་རྒྱས་པའི་ལུས་སྟོབས་ཆུང་བ། སྔོ་ལ་ཧཾ་པ་སྐྱ་བ་ཉམས་ཆུང་ཞིང་སྒྱིད་པ་ཕྲ་བ། ཤ་ཆུང་བ་རིད་པ། གཅེར་བུ་ཉམ་ཐག་པ། ཉོན་མོངས་པ། ངུ་འབོད་དང་ཆོ་ངེ་འདེབས་པ། ཁ་


KMC009_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཉེ་འབྲེལ་གྱི་མིང་ནས་འབོད་ཅིང་མྱ་ངན་གྱི་སྨེ་སྔགས་འདོན་པ། ཕྱི་གན་དུ་ཡོད་པ། ལྕེས་བྲང་ཁེབས་པ། མགོ་ལྷོ་ནུབ། རྐང་པ་བྱང་ཤར། ལག་པ་རྒྱབ་ལག །མིག་ཤི་མིག །སྐྲ་གཟིངས་པ། བ་སྤུ་གཟིར་བ། ལུས་ཀྱི་དབང་པོ་སྒོ་ལྔ་ནས་ཁྲག་དང་རྣག་འཛག་པ། དྲི་ངན་བྲོ་བ། རྐང་པ་ཤི་འཕྲས་གཡབ་གཡབ། མིག་རྩ་ཧྲིག་ཧྲིག་བྱེད་ཅིང་འདར་ཕྲི་ལི་ལི། འཕར་ལིང་ལིང་། ཡར་སྟོད་སྟོད། མཆི་མ་ཁྲ་ལ་ལ། དབུགས་ཐུམ་ཐུམ། སྐྲག་ངམ་ངམ། དངངས་ཡེད་ཡེད། སྐྱི་ཟིང་ཟིང་། ཟིལ་ཁྲོམ་ཁྲོམ། འགུལ་བ་མི་ནུས་པ་ཞིག་ཏུ་གྱུར། དེ་ནས་ཉེས་པ་བསྒོ་བསྒྲག་ནི། དཔལ་ལྡན་བདེ་གཤེགས་ཐུབ་པའི་བསྟན་པ་ལ། །ལོག་པར་ཞུགས་བའི་སྐྱེས་བུ་འདི་ཉིད་ལ། །འགྲོ་བ་ཀུན་གྱི་ཉོན་མོངས་ལྔ་ལ་སོགས། །མཐའ་དག་བསྡུས་ཏེ་སེམས་ལ་རབ་ཞུགས་པས། །དེ་ཡི་དབང་གྱུར་རྣམ་པར་བརྣག་པའི་བློས། །མི་དགེ་སྤྱོད་པའི་ངང་ཚུལ་ལྡན་པ་དང་། །


KMC009_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་མེད་ལྔ་སོགས་ཉེས་བྱས་རབ་བསྐྱེད་ཅིང་། །ལོག་པའི་ལམ་དུ་ཞུགས་པ་ཉིད་དུ་གྱུར། །བདག་གི་ཐུགས་ཀའི་ཧཱུྃ་ལས་ཁྲོ་བོའི་རྒྱལ། །མཐིང་ནག་སྙིང་གར་ཐལ་མོ་སྦྱར་བ་ཅན། །འཕྲོས་ཏེ་ཕྱོགས་བཅུའི་བདེ་བར་གཤེགས་རྣམས་ལ། །གསལ་བའི་ཚིག་གིས་གསོལ་བ་འདེབས་པར་གྱུར། །ཉམས་པའི་དགྲ་བོ་འདིས་སངས་རྒྱས་ཀྱི་བསྟན་པ་བཤིག །དཀོན་མཆོག་གི་དབུ་འཕང་སྨད། བླ་མའི་སྐུ་ལ་བསྡོོས། རིག་འཛིན་ཀྱི་བརྒྱུད་པ་བཅད། དགེ་འདུན་གྱི་སྡེ་བཤིག །དབེན་རི་གཉེན་པོ་བཅོམ། མཚམས་མེད་ལྔ་ལ་སྤྱད། མི་དགེ་བ་བཅུ་ལ་རྔམ་པ་འདི་ནི་བསྒྲལ་བར་བྱ་བའི་འོས་སོ། །གསད་པར་བྱ་བའི་མཆོག་གོ །ཤིན་ཏུ་མ་རུངས་གདུག་པ་ཅན། །ཞི་བས་འདུལ་བར་མི་འགྱུར་བ། །ཐབས་དང་ཤེས་རབ་སྦྱོར་བ་ཡི། །ཁྲོ་བོར་དེ་བཞིན་གཤེགས་སྤྲུལ་མཛད། །འདིས་ནི་ངན་འགྲོ་རྣམ་པར་བསྒྲུབ། །ཞི་བའི་བདེ་ལ་རྒྱབ་


KMC009_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཕྱོགས། །དེ་ནི་རྣམ་པར་དགྲོལ་བའི་སླད། །ཇི་ལྟ་བུ་ཡིས་སྐྱོབས་པར་བྱ། །ཞེས་གསོལ་བ་ལ། གང་ཞིག་མི་དགེ་བཅུ་ལ་སྤྱོད། །དེ་ནི་ཤིན་ཏུ་བསྒྲལ་བྱ་སྟེ། །དེ་ཉིད་ངན་འགྲོ་ལས་བཟློག་ཕྱིར། །དྲག་པོའི་ཐབས་ཀྱིས་འདུལ་བར་གྱིས། ཞེས་བཀའ་སྩལ་བའི་ངག་དང་ལྡན་པའི་ཁྲོ་བོ་རང་ཉིད་ལ་ཐིམ་པར་གྱུར། དེ་དག་ནི་ཉེས་པ་བསྒོ་བསྒྲག་གི་རིམ་པའོ། །མཁྱེན་པར་གསོལ་ཞིང་གཟུ་དཔང་བཅོལ་བ་ནི། གང་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་དབྱིངས་ཀྱི་མཐུས་བསྐུལ་བའི་བཅོམ་ལྡན་འདས་མཐའ་དག་རྒྱལ་བའི་མྱུ་གུ་བསམ་གྱིས་མི་ཁྱབ་པས་བསྐོར་བ་རྣམས་མདུན་དུ་གནས་པའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་པདྨོ་མཆོད་པའི་ཚོགས་དུ་མའི་ཡལ་འདབ་རྣམ་པར་རྒྱས་པའི་སྙིང་པོར་བརྟན་པར་བཞུགས་པས། བདེན་པ་དང་བྲལ་བ་རྣམ་པར་དབྱེ་བར་མཛད་པར་གྱུར། སྙམ་དུ་དམིགས་ཏེ། ཧཱུྃ་ཐམས་ཅད་གཟིགས་ཤིག་ཐམས་ཅད་གསོན། །


KMC009_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

གཟུ་དཔང་དཀོན་མཆོག་གསུམ་ལ་གསོལ། །ཉེས་དང་མ་ཉེས་ཤན་ཕྱེ་ལ། །བདེན་རྫུན་གཉིས་ཀྱི་མགོ་མ་སྙོམས། །སྡང་བའི་དགྲ་བོ་ལས་ངན་འདིས། །རྒྱལ་བའི་བསྟནཔ་གཤིག་མ་གཤིག །དཀོན་མཆོག་དབུ་འཕངས་སྨད་མ་སྨད། །འདི་ཡང་དཀོན་མཆོག་དཔང་དུ་བཞུགས། །སྡང་བའི་དགྲ་བོ༴ བླ་མའི་སྐུ་ལ་བསྡོས་མ་བསྡོས། །རིགས་འཛིན་བརྒྱུད་པ་བཅད་མ་བཅད། །འདི་ཡང་༴ སྡང་བའི༴ དབེན་རི་གཉེན་པོ་བཅོམ་མ་བཅོམ། །དགེ་འདུན་འདུས་པ་བཤིག་མ་བཤིག །འདི་ཡང་༴ སྡང་བའི་དགྲ་བོ༴ མཚམས་མེད་ལྔ་ལ་སྤྱད་མ་སྤྱད། །མི་དགེ་ནག་པོ་བསྒྲུབས་མ་བསྒྲུབས། །འདི་ཡང་༴ དམིགས་གསལ་ཡོད་ན། དགྲ་འདིས་བདག་ཅག་དཔོན་སློབ་ལ། སྔ་དགྲ་ལག་གིས་བརྡར་མ་བརྡར། ཕྱི་དགྲ་ཡིད་ལ་སེམས་མ་སེམས། ད་དགྲ་ཐད་དུ་བཙུགས་མ་གཙུགས། འདི་ཡང་དཀོན་མཆོག་དཔང་དུ་བཞུགས། ཞེས་སྦྱར། རིག་འཛིན་དམ་ལ་གནས་པ་བདག །རྒྱལ་བའི་བསྟན་ལ་ཞུགས་མ་


KMC009_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས། །དགེ་བཅུ་དང་དུ་བླངས་མ་བླངས། །འདི་ཡང་༴ རིག་འཛིན༴ བསྟན་པའི་སྤྱི་དོན་བསྒྲུབས་མ་བསྒྲུབས། །གཞན་ལ་གནོད་པ་བྱས་མ་བྱས། །འདི་ཡང་༴ ད་ནི་རྣལ་འབྱོར་ཆེན་པོ་བདག །དམ་ཉམས་ལོག་པར་ལྟ་བ་འདི། །ངན་སོང་གསུམ་དུ་ལྷུང་དོགས་པས། །སྙིང་རྗེས་བསྒྲལ་བའི་ལས་ཤིག་བརྩམ། །ཁྲོ་རྒྱལ་ཆེན་པོ་ཁྱོད་རྣམས་ཀྱིས། །བདག་གི་གཟི་བྱིན་བསྐྱེད་དུ་གསོལ། །བཀའ་སྲུང་དམ་ལ་གནས་པ་རྣམས། །མ་ཐོགས་བདག་གི་ལས་འདི་སྒྲུབ། ཞེས་འདོན་བསྒོམ་བྱ། དེ་ནས་རྡོ་རྗེ་སློབ་དཔོན་གྱིས་རྡོ་དྲིལ་འཛིན་པས་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅས་ལ་ཆས་གོས་ནག་པོ་བགོས། འགུགས་པའི་དམིགས་པ་དོན་ཚན་བདུན་སོགས་ཡོད་པ་རྒྱས་པ་ཐམས་ཅད་དང་། བསྡུས་ན་འདིར་སྦྱིན་སྲེག་དང་འབྲེལ་བའི་དམིགས་པ་ཟུར་འདེབས་ནི། བདག་མདུན་གྱི་ལྷ་ཚོགས་དེ་དག་གི་ཐུགས་ཀ་ནས་ལྷ་ཚོགས་དེ་དག་རྟ་དམག་གི་རྣམ་པར་ཆས་ཤིང་ཕྱག་ཏུ་ལྕགས་ཀྱུ་དང་ཞགས་པ་ལྕགས་སྒྲོག །དྲིལ་བུ་འབའ་ཞིག་ཁྱེར་ཏེ་


KMC009_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་ཐམས་ཅད་བཀྱིགས་ཏེ་དྲིལ་སྒྲས་དེད་ནས་ཁུར་བྱུང་བ་གཅེར་བུ་ངུ་འབོད་དང་བཅས་ཏེ་རང་དབང་མེད་པར་ཁྲིད་དེ་ལིངྒ་ལ་ཐིམ་པར་གྱུར། སྙམ་དུ་བསམ། འགུགས་པའི་ཚིག་ནི་འབྲིང་དུ་ན། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་དང་། རིགས་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཆོས་ཉིད་དེ་བཞིན་ཉིད་ཀྱི་བདེན་པ་དང་། དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀཱ་ལ་བེར་ནག་པོ་ཅན་ལྕམ་དྲལ་བྲན་གཡོག་འཁོར་དང་བཅས་པ་རྣམས་ཀྱི་བདེན་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་བཤིག་པ། དཀོན་མཆོག་གི་དབུ་འཕངས་སྨད་པ། བླ་མའི་སྐུ་ལ་བསྡོ་བ། རིགས་འཛིན་གྱི་བརྒྱུད་པ་བཅད་པ། དགེ་འདུན་གྱི་སྡེ་བཤིག་པ། དབེན་རི་གཉེན་པོ་བཅོམ་པ། མཚམས་མེད་ལྔ་ལ་སྤྱད་


KMC009_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

པ། མི་དགེ་བ་བཅུ་ལ་རྔམ་པ། ཁྱད་པར་དུ་དཔལ་ལྡན་ཀརྨ་པའི་བསྟན་པ་བསྟན་འཛིན་བརྒྱུད་པ་དང་བཅས་པ་རྣམས་ལ་ཕོད་གཙུགས་པ། དོ་བསྡོ་བ། འགྲས་འཚོལ་བ། ཡ་བོ་བཟུང་བ། སྔ་དགྲ་ལག་གིས་བདར་བ། ཕྱི་དགྲ་ཡིད་ལ་བསམ་པ། ད་དགྲ་ཐད་དུ་བཙུགས་པའི་དགྲ་བགེགས་བྱད་མ་རྦོད་གཏོང་དང་བཅས་པ་རྣམས་ཀྱི་བླ་སྲོག་རྣམ་པར་ཤེས་པ་སྲིད་པ་གསུམ་གྱི་ཁོང་གང་ན་ཡོད་ཀྱང་ལིངྒ་འདི་ལ་ཁུག་ཅིག །ༀ་བཛྲ་ཨངྐུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྤོཊ་བྃ། བཛྲ་གྷཎྜེ་ཧོཿ དེ་ནས་བསྡུ་ན། ན་མོ་རཏྣ་ཏྲ་ཡཱ་ཡ། སངས་རྒྱས་ཀུན་དངོས་བླ་མ་མཆོག །བརྒྱུད་པར་བཅས་པ་ཐམས་ཅད་དང་། །ལྷ་མིའི་སྟོན་པ་བཅོམ་ལྡན་འདས། །རྣམ་གྲོལ་མཆོག་སྦྱིན་ཆོས་ཀྱི་མཆོག །དེར་གནས་རྒྱལ་བའི་སྲས་རྣམས་དང་། །ཡི་དམ་ལྷ་དང་མཁའ་འགྲོའི་ཚོགས། །ཁྱད་པར་དཔལ་ལྡན་ནག་པོ་ཆེ། །འཁོར་དང་བཅས་པའི་བཀའ་བདེན་ཅིང་། །བདེན་པ་


KMC009_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་མཐུ་རྩལ་གྱིས། །སྡིག་དང་ལྡན་པའི་སྐྱེས་བུ་དེའི། །བླ་སྲོག་རྣམ་ཤེས་གར་གནས་ཀྱང་། །རང་དབང་མེད་པར་འདིར་ཁུག་ཅིག །བཛྲ་གྷནྜེ་ཧོཿ འདི་བར་བརྗོད། ཀཱ་ལ་རཱུ་པ་ནི་ཀུ་རུ་ཨ་ཀཪྵ་ཡ། ཨཱ་ཀཪྵ་ཡ། ཐེང་མ་ཐེང་མ་ཧྲི་སྟི་ག་ཡེ། ཨུ་ནི་ཨུ་ནི་ལ་ར་ཛ་ཛཿ དེ་ལྟར་རབ་ཁུག་རྟགས་མ་བྱུང་བར་དགུག །དེ་ལྟར་མ་བྱུང་ཀྱང་དམིགས་པ་རྩེ་གཅིག་པས་དགུག་གཞུག་ཚར་ཅི་མང་བྱ། དེ་ཁུག་ནས་ལིངྒ་ལ་ཐིམ་པས་ལིངྒ་དེ་ཉིད་དགྲ་བོ་དངོས་སུ་གྱུར་སྙམ་དུ་བསམ། དེ་རྗེས་སུ་ལུས་དང་ལྷའི་ཁ་སྦྱོར་དབྱེ་བ་ནི། དེ་ནས་ལས་ཁུང་གི་གཡས་གཡོན་དུ་ཕོ་རོག་དང་འུག་སྒྲོ་གཉིས་གཏོར་མ་དཀར་དམར་གཉིས་བཤམས་ལ་གཙང་མའི་ཆུ་དང་བྱིན་རླབས་མ་བྱས་པའི་ཆང་གདབ་ཅིང་། དཾཥྚྲཱོཏྐ་ཊབྷཻ་སོགས་ཀྱིས་བསངས། སྭ་བྷཱ་ཝ་སོགས་ཀྱིས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་པའི་ནང་དུ་དམ་ཚིག་ཉམས་པའི་དགྲ་བོའི་ཤ་ཁྲག་གི་ཡོ་བྱད་ལས་གྲུབ་པའི་གཏོར་མ་བདུད་རྩིའི་རང་བཞིན་ཅན། བསྒྲུབ་བྱ་ལ་བསྲུང་ཞིང་སྐྱོབ་པའི་སྲུང་མ་རྣམས་དགའ་བ་


KMC009_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པར་བལྟ་ཞིང་། རང་ཉིད་དཔལ་ནག་པོ་ཆེན་པོའི་མཐུས་དབང་མེད་དུ་ཟ་བཞིན་པར་གྱུར། གཞུང་ལ་མེད་ཀྱང་། ཨ་ཀ་རོ་ལན་གསུམ་གྱིས་བསྔོ་བར་འགའ་ཞིག་ལ་བཤད། གང་ཞིག་ཤིན་ཏུ་མི་གཙང་བའི། །རྫས་ལ་ཇི་ལྟར་མཆོག་རྣམས་བརྟེན། དེ་ལྟར་ཉམས་པའི་དགྲ་བོ་འདིའི། །ལུས་ལ་སྐྱོབ་པའི་ལྷ་རྣམས་དང་། །སྲོག་དང་སྲུང་མའི་ལྷ་རྣམས་དང་། །མ་དང་ཡུལ་དང་འགོ་བའི་ལྷ། །ཁྱོད་རྣམས་དཔལ་ཆེན་ལེགས་ལྡན་བཀས། །གཏོར་མ་འདི་ཡིས་ཚིམ་གྱིས་ལ། །འདི་ལ་མ་ཡིན་གཞན་དུ་དེངས། །ལྷ་དབྱེའི་རྫས་ཀྱི་དུས་པས་གདུག ལས་ཁུང་ཁ་བཅད། དུ་བ་རང་དང་སྒྲུབ་ཁང་ལ་མ་ཕོག་པ་བྱ། དེ་བཞིན་མི་ཤོམས་ན་གུ་གུལ་རྒོད་མ་ཙམ་གྱིས་བདུག །གཏོར་མ་གཉིས་ཕྱིར་དོར། རང་གི་ལག་གཡས་སུ་ཕོ་རོག་དང་གཡོན་དུ་འུག་སྒྲོ་ཐོགས་ཏེ་འཐབ་ཚུལ་བྱ་ཞིང་། འདི་གཞུང་ལ་མེད་ཀྱང་རྒྱས་བཀབ་པའམ། ཧཱུྃ་ཤྲཱི་མ་ཧཱ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ། ཙིཏྟ་ཁ་ཕྱེ། འབྱེད་པ་ཕྱེ་ཕྱེ། དེ་བ་ཕྱེ། ཕུ་ཕྱེ། ཨ་ཕྱེ་ཕྱེ། ཤ་ཏྲུཾ་དེ་བ་བི་དེ་ཤ་ཡ་ཧཱུྃ་ཕཊ། པྲྀ་ཏ་བྷ་ག་བ་


KMC009_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཨེ་ཛྭ་ལ། ཨེ་ཛྭ་ར་ཙ་ཕྱེ་ར་ཙ་ཕྱེ། ཨ་ཤག་ཤག །ས་མ་ཡ་ཕྱེ་ཡ། སྥུ་ཏ་སྥུ་ཏ། ཕུས་ཕུས། ལ་ལ ། སེ་ན་མ། ཕུས་ཕུས། ༀ་ཏྲཀ་རཀྵ་ཁཾ་ཁཾ། བུཾ་བུཾ། ཤཱནྟི་ཤག་དགྲ་བོ་མཱ་ར་ཡ་ཕཊ། དེ་ཝ་ཤཱནྟིངྐུ་རུ་ཡེ་སྭཱ་ཧཱ། དེ་བ་ཙིཏྟ་ཤཱནྟིངྐུ་རུ་ཡེ་སྭཱ་ཧཱ། ཙིཏྟ་མ་ཁ་ཤཱནྟིངྐུ་རུ་ཡེ་སྭཱ་ཧཱ། ས་མ་ཡ་གྷ་ཊེ་ཤཱནྟི ངྐུ་རུ་ཡེ་སྭཱ་ཧཱ། མ་མ་ཀ་ཆུ་ཤཱནྟིངྐུ་རུ་ཡེ་སྭཱ་ཧཱ། ཏ་པ་ཏིཥྛ་ཤཱནྟིངྐུ་རུ་ཡེ་སྭཱ་ཧཱ། ནཱ་ག་པུཥྤ་ཤཱནྟིངྐུ་རུ་ཡེ་སྭཱ་ཧཱ། སྤྲོ་ན་ཐུན་བྲབ་དང་བཅས་དུད་པ་ཡལ་བ་དང་བསྟུན་ལས་ཁུང་ཁ་ཕྱེའོ། རྣམ་ཤེས་སྤར་བ་གཞུང་ལ་འདིར་གསུངས་པས་འདིར་བྱས་ཀྱང་ཆོག །འོན་ཀྱང་འོག་ཏུ་བྱེད་པའང་ཡོད་པས་དེའི་དབང་དུ་བྱས་ན། དེ་ནས་ཕུར་ཆོག་ནི། ཕུར་པ་ལ་བདུད་རྩི་དྲན་ལ། འདོན་བྱ་ནི། དཾཥྚྲཱོཏྐ་ཊ་བྷཻ་སོགས་ཀྱི་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཉི་མ་དང་རོ་ལ་གནས་པའི་ཧཱུྃ་ཡིག་མཐིང་ནག་ལས་འོད་འཕྲོས། གདུག་པ་ཅན་མཐའ་དག་བཏུལ། ཚུར་འདུས་ཧཱུྃ་ལ་ཐིམ་ཞིང་། དེ་ཡོངས་སུ་གྱུར་པ་ལས་དཔལ་སྲས་མཆོག་ནག་པོ་


KMC009_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མདོག་མཐིང་ནག་གཡས་རྡོ་རྗེ་གྲི་གུག་ནམ་མཁའ་ལ་འཕྱར་བ། གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་པ། ཐོད་པ་དང་སྦྲུལ་གྱིས་བརྒྱན་པ། སྐུ་སྨད་རྡོ་རྗེའི་ཕུར་བུ་མེ་རབ་ཏུ་འབར་བའི་ཚུལ་དུ་གནས་པས་གདུགས་པ་ཅན་ཐམས་ཅད་འདུལ་བར་མཛད་བའི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་ལ་ༀ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ་ཧཱུྃ། ཞེས་པའི་སྔགས་ཀྱིས་བསྐོར་བར་གྱུར། བདག་ཉིད་ཀྱི་ཐུགས་ཀའི་ཧཱུྃ་ལས་སྤྲོས་པའི་འོད་ཀྱིས་རང་བཞིན་གྱི་གནས་ནས་དཔལ་ནག་པོ་ཆེན་པོ་དཔག་ཏུ་མེད་པ་སྤྲིན་གྱི་ཕུང་པོ་ལྟར་མདུན་གྱི་ནམ་མཁར་གཤེགས་པར་གྱུར། ༀ་མ་ཧཱ་ཀཱ་ལ་བཛྲ་ས་མཱ་ཛཿ ཨརྒྷཾ་སོགས་ཀྱིས་མཆོད། རབ་ཏུ་འཇིགས་བའི་སྐུ་འཆང་ཞིང་། །ཡེ་ཤེས་རྡོ་རྗེ་ཕུར་བུ་ཡིས། །བདུད་དང་ལོག་འདྲེན་འཇོམས་མཛད་པ། །དྲག་པོ་ཆེན་པོ་ལ་ཕྱག་འཚལ། །ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། །སླར་བདག་གི་


KMC009_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། །དབང་གི་ལྷ་རྣམས་མདུན་གྱི་ནམ་མཁར་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མཱ་ཛཿ ཨརྒྷཾ་སོགས། འདི་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་ལས། ༀ་སརྦ་ཏ་ཐཱ་ག་ཏ་ཨབྷི་ཥིཉྩ་ཏུ་མཱཾ། ཞེས་གསུང་ཞིང་དབང་བསྐུར། ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ༀ་མ་ཧཱ་ཱཀཱ་ལཱ་ཡ། བཛྲ་ཀཱི་ལཱ་ཡ། པྲ་ཏིཥྛ་ན། བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྒྱ་རྩ་བརྒྱད་ཀྱིས་རབ་ཏུ་གནས་པ་བྱས་ནས་རྡོ་རྗེ་སློབ་དཔོན་ལྷའི་ང་རྒྱལ་དང་ལྡན་པས་ཕུར་བུ་ལག་ཏུ་བླངས་ཏེ་པད་ཀོར་དང་བཅས་པས། འདིའི་སྐབས་སུ་དམིགས་པ་ཟུར་འདེབས་ནི། ཕུར་པའི་སྐུ་ལས་ཕུར་པའི་སྐུ་ཆེ་ཕྲ་དཔག་མེད་སྤྲོས་ཏེ་དགྲ་བོ་མི་ནོར་ཐ་ན་དགྲ་བོའི་ཤིག་རེའི་སྟེང་དུའང་ཕུར་པའི་སྐུ་དེ་དང་འཚམས་པ་རེ་བཞུགས་ནས་དགྲ་བོ་ཐམས་ཅད་དམྱལ་ཐག་བཅད་པར་གྱུར་པར་བསམ། ཧཱུྃ་ཧཱུྃ་ལས་བྱུང་བའི་ནག་པོ་ཆེ། །ཐུང་ཞིང་སྦོམ་ལ་གསུམ་པ་འཕྱང་། །འོད་ཟེར་བསྐལ་པའི་མེ་


KMC009_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་བཞིན། །དུག་གསུམ་བསྲེ་བྱེད་ཀཱི་ལཱ་ཡ། ཁ་ཁ་ཁཱ་ཧི་ཀཱི་ལཱ་ཡ། །མ་ར་མ་ར་ཀཱི་ལཱ་ཡ། གྲྀ་ཧྣ་གྲྀ་ཧྣ་ཀཱི་ལཱ་ཡ། བནྡྷ་བནྡྷ་ཀཱི་ལཱ་ཡ། ཧ་ན་ཧ་ན་ཀཱི་ལཱ་ཡ། ད་ཧ་ད་ཧ་ཀཱི་ལཱི་ཡ། །པ་ཙ་པ་ཙ་ཀཱི་ལཱ་ཡ། །དི་ན་མེ་ཀེ་ན་ཀཱི་ལཱ་ཡ། མ་ཧཱ་ཀཱ་ལ་ཀཱི་ལཱ་ཡ་ཧཱུྃ་ཕཊ། བ་ད་སྟཾ་བྷ་ཡ་ཀཱི་ལཱ་ཡ་ཧཱུྃ་ཕཊ། ཧཱུྃ། དམ་བཅས་བཞིན་དུ་མ་བྱས་ཤིང་། །བདག་གིས་བསྒོ་བ་མ་ཉན་ན། །ཁྱོད་ལ་གཏོར་མ་ཅི་བྱིན་པ། །ཁྱོད་ཀྱི་ལུས་ཀྱི་གནས་ཡིན་ཏེ། །ལུས་མྱགས་ཚལ་པར་འགྲོ་བར་འགྱུར། །དེ་མ་ཐག་ཏུ་དམྱལ་བར་འགྲོ། །དེ་བས་ལས་རྣམས་མྱུར་དུ་མཛོད། །དྲག་པོའི་ཕུར་བུས་གདབ་པར་གྱིས། ཧཱུྃ། དམ་བཅས༴ བདག་གིས༴ །ཁྱོད་ལ་བཟླས་པ་ཅི་བྱས་པ། །ཁྱོད་ཀྱི་ངག་གི་གནད་ཡིན་ཏེ། །ཁྱོད་ཀྱི་ལྕེ་ཡང་དུམ་བུར་འགྱུར། །དེ་མ་ཐག༴ དེ་བས༴ དྲག་པོའི ༴ ཧཱུྃ དམ་བཅས༴ བདག་གི༴ །ཁྱོད་ལ་ཏིང་འཛིན་ཅི་བྱས་པ། །ཁྱོད་ཀྱི་སེམས་ཀྱི་གནད་ཡིན་ཏེ། །ཁྱོད་ཀྱི་


KMC009_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཡང་ཚལ་པར་འགས། །དེ་མ་ཐག༴ དེ་བས༴ དྲག་པོའི༴ ཞེས་སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བ། སྨིན་མཚམས། ཁ། མིག །རྣ་བ། སྣ ། ལྕེ་སྟེ་གནས་བཅུར་ཕུར་པ་གདབ་པར་བྱ། རྣམ་ཤེས་སྤར་བ་འདིར་བྱེད་པའང་བཤད། ཕུར་གདབ་ཀྱི་གོང་དུ་བྱེད་པའང་ཡོད་མོད། ད་ལམ་འདིར་བྱ་ན། ཆོས་ཀྱི་འཁོར་ལོའི་ནང་གནས་པའི། །རྣམ་པར་ཤེས་པ་ཨ་ཡི་ཚུལ། །ཚངས་པའི་ལམ་ལས་རབ་གཤེགས་ཏེ། །བདེ་གཤེགས་ཐུགས་དང་རོ་གཅིག་གྱུར། ཞེས་རྣམ་ཤེས་སྤར་རོ། །དེ་ད ང་ཕྱོགས་མཐུན་སྦྱིན་སྲེག་དང་འབྲེལ་བའི་བསད་པའི་དམིགས་པ་ཟུར་འདེབས་ཀྱི་འདོན་བསྒོམ་ནི། རང་ཉིད་ལཱ་མཱར་གསལ་བའི་ཐུགས་ཀ་ནས་འོད་ཟེར་གནམ་ལྕགས་ཀྱི་ཐོག་ལྟ་བུ་དགྲ་བགེགས་ཀྱི་སྙིང་གར་ཕོག་པས་སྲོག་མར་མེ་ལྟ་བུ་ཐུམས་ཀྱིས་བསད་དེ་ཐལ་བར་བརླག་པར་གྱུར་པར་བསམ། གཞུང་ནི་དེ་ནས་ཕུར་པ་ཐོད་པ་འབྲུས་བཀང་བའི་སྟེང་དུ་བཞག་སྟེ། རང་ཉིད་དཔལ་ཆེན་པོའི་ཕྱག་གཡས་ཀྱི་ནམ་མཁར་གདེངས་པའི་རྡོ་རྗེ་གྲི་གུག་ལས་ཧཱུྃ་མཐིང་ནག་ཕྲ་མོ་འཕྲོས་


KMC009_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་བྱའི་དྲི་འཛིན་པའི་ཁུང་བུ་གཡོན་ནས་ཞུགས་ཤིང་། ནང་དུ་རྡོ་རྗེ་གྲི་གུག་གི་རྩིབས་དང་ལྡན་པའི་འཁོར་ལོ་རབ་ཏུ་འབར་བར་གྱུར་པ་བར་མེད་དུ་འཁོར་བ་དང་། བདག་དང་མདུན་དུ་གསལ་བར་བསྐྱེད་པའི་དཔལ་ཆེན་པོའི་ཞལ་ནས་བརྗོད་པའི་སྔགས་ཀྱི་སྒྲ་ལས་རྣམ་པ་སྣ་ཚོགས་པའི་མཚོན་ཆ་འཕྲོས་ཏེ་རྡུལ་ཕྲན་ལྟར་གཏུབས་ཤིང་ནད་དང་གདོན་གྱི་རིགས་དུ་མས་རབ་ཏུ་ཉམས་པར་གྱུར། དྲག་སྔགས་དང་ཐུན་བརྡེག །ༀ་མ་ཧཱ་ཱཀཱ་ལ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ༀ་མ་ཧཱ་ཀཱ་ལི་ཏྲག་རཀྵ། མ་ཧཱ་ཀཱ་ལ་ཀཱ་ལཱ་ཱཡ། ཡཀྵ་བེ་ཏཱ་ལི་ཧཱུྃ་ཛཿ ༀ་ཤྲཱི་མ་ཧཱ་ཱཀཱ་ལ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཛཿ ༀ་མ་ཧཱ་ཱཀཱ་ལ་ཀཱ་ལཱ་ཡ་ཡཀྵ་གུ་ཎ་ཧྲི་ད་ཧཱུྃ་ཕཊ་ཛཿསྭཱ་ཧཱ། ༀ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ༀ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ་དེ་ཝ་རཀྵ་ཛཿཧཱུྃ་བྃ་ཧོཿ། འདིར་ཤོག །འདིར་ཤོག །ཨཱ་གཙྪ་ཡ་ཨཱ་གཙྪ་ཡ། ཧཱུྃ་ཡ་ཛཿ ཧཱུྃ་ཡ་ཛཿ ༀ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། ཤོག་ཧེར་ནི་ཤོག ཧེར་མ་དུམ་རིིལ་ཤོག །འདིར་


KMC009_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་འདིར་ཤོག །འདིར་དུམ་འདིར་དུམ། གནོད་བྱེད་དགྲ་བོའི་ཙིཏྟ་བྃ་ཙིཏྟ་རྦད། ༀ་མ་ཧཱ་ཀཱ་ལཱ་ཀཱ་ལཱ་ཡ། ཤཱ་ས་ནཾ། ཨུ་པ་ཀཱ་རི་ཎཱཾ། ཨེ་ཥཱ་པཤྩི་མ་ཀཱ་ལོ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཱཾ། ཡ་ཏི་པྲ་ཏི་ཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན། མཱ་ར་ཡ་ཧཱུྃ་ཕཊ། ༀ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། དེ་ཝ་རཀྵ་དགྲ་བོའི་ཙིཏྟ་ལ་ཧུ་ར་ཧུ་ར། བེ་ར་བེ་ར། དུ་ན་དུ་ན། ཏི་ལིཾ་ཤཾ་ཀ་རུ་ཏྲི་ཏ་ཏྲག་རཀྵ་རྦད། ༀ་སྟྭཾ་བནྡྷ་སྟྭཾ་བནྡྷ་ཧཱུྃ་ཧཱུྃ་ཕཊ། ༀ་མ་མ་ཏྲག་རཀྵ། མ་ཧི་དུན་བྷྱོཿ མ་ཧཱ་ཡཀྵ། མ་ཧཱ་ཏཱིཀྵྞ། ནག་མོ་དུ ན་ཏིཾ་མ་བྷྱོཿ ༀ་ཏྲག་རཀྵ། མ་ཧི་དུན་བྷྱོཿ མ་ཧཱ་ཡཀྵ། ཏཱིཀྵྞ་ཀཱ་ལི་དུན་བྷྱོཿ ༀ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མ་ཧཱུྃ་མ་བྷྱོཿཛཿཛཿ། མ་མ་དགྲ་བོའི་སྙིང་ཁྲག་ཚལ་པ་དུན་ཏིཾ་ཧ་ལ་དུཾ་བྷྱོཿ ༀ་ཨེ་ཨཱ་རལླི་ཧོཿ ཤྲཱི་མ་ཧཱ་ཀཱ་ལཱ་ཁ་ཧི། ཏྲག་རཀྵ་ཁཱ་ཧི། ཏྲག་རཀྵ་


KMC009_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་བྷྱོ་ཁཱ་ཧི། ཏྲག་རཀྵ་རྦད་བྷྱོ་ཁཱ་ཧི། དེ་ནས་གྲི་ལྕགས་ལས་གྲུབ་པའི་གྲི་གུག་གིས་རཱུ་ཱུཔ་བཏུབས་ཅིང་རོལ་མོ་དང་བཅས་པས་དྲག་པོའི་སྔགས་འདི་ནས་མ་མོའི་སྔགས་ཡིན་པས་དེ་ལ་རྦད་པ་ནི། རག་མོ་རག་མོ་ས་མ་ཡ་དུན་བྷྱོ། ཧེད་ཧེད་མ་ཧེད་བྷྱོ། ཞེས་པའོ། །གཟེར་བདུན་གྱི་བསད་སྔགས་ནི། ༀ་བཛྲ་ཀརྟ་རི་ནི་རྦད། དགྲ་བོའི་སྙིང་ཁྲག་ཚལ་པ་རྦད། བཏུབས་ཙིཏྟ་རྦད། མྱོགས་མུག་རྦད། དགྲ་བོའི་སྙིང་ཁྲག་ཚལ་པ་ཁ་ལ་རྦད། ཚལ་བུ་སེ་ན་སེ་དུ་རྦད། དགྲ་བོའི་ཙིཏྟ་ཧུར་ཐུམ། སྲོག་ལ་མཱ་ར་ཡ་རྦད། དེ་ནས་མཁའ་འགྲོ་མས་དགྲའི་ཁྲག་ལ་རོལ་ཞིང་གསོལ་བར་བསམ་ལ་བསད་སྔགས་འདི་འདོན། རག་མོ་རག་མོ་དགྲ་བོའི་སྙིང་ཁྲག་རྩ་ལ་བྷྱོ། ཁྲག་ལ་རག་མོ་མུ། ཤ་ལ་བྷྱོ། རག་མོ་སེམས་བྱེད་སྙིང་ལ་བྷྱོ། རག་མོ་ལྟ་ཞིང་མིག་ལ་བྷྱོ། རག་མོ་ཉན་བྱེད་རྣ་བ་ལ་བྷྱོ། རག་མོ་སྣུམ་བྱེད་སྣ་ལ་བྷྱོ། རག་མོ་སྨྲ་བྱེད་ལྕེ་ལ་བྷྱོ། རག་མོ་ཚོར་བྱེད་ལུས་ལ་བྷྱོ། རག་མོ་དགྲ་བོའི་སྙིང་ལ་རྦད། སྲོག་ལ་རྦད། དགྲ་བོ་ཐུམ་རི་ལི་ལི། ཤ་རྒྱུས་


KMC009_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཕྱུངས། སྙིང་རྒྱུས་སྲོག་ཆོད། སྲོག་རྒྱུས་དབུགས་ལོང་། ཤ་ལ་ཟོ། ཁྲག་ལ་རྔུབས། དགྲ་བོའི་སྲོགས་སྙིང་ཁྱེར། མཱ་ར་ཡ་ཕཊ། བསད་སྔགས་དྲག་སྔགས་གཟེར་བདུན་མ་ལྕགས་ཕུར་མ་བདུན་གྱིས་གཟུགས་ལ་གདབ་པ་དྲག་སྔགས་གཟེར་བདུན་ནི། སྙིང་ག །སྐེད་པ། གསང་གནས་སུ་ཕུར་པ་གདབ་ལ་རྐང་མཐིལ་དུའང་གདབ། ལྕགས་ཕུར་བདུན་བསྒྲུབ་བྱའི་སྲོག་རྩར་ཞུགས་བསད་པར་བསམས་ལ། ཤ་ཏྲུཾ་བཛྲ་ཀ་རུ་ན་རྦད། སྙིང་ཁྲག་ཚལ་པ་རྦད། སྙིང་གར་བཏབ་པ་ན་སྐེད་པར་སྲོག་རྩལ། བཏུབས་ཙིཏྟ་རྦད། སྙིང་ལ་གདབ། མྱོགས་མུག་རྦད། ལྟེ་བ་དང་ལྟག་པར་གདབ། སྙིང་ཁྲག་ཁ་ལ་རྦད། ཁ་དང་མགྲིན་པར་གདབ། ཚལ་བུ་སེ་ན་སེ་དུ་རྦད། སྤྱི་བོར་ཀླད་པ་ལ་གདབ། ཧུར་ཐུམ་སྲོག་ལ་རྦད་ཡ། རྩ་ཐམས་ཅད་ལ་གདབ། ཞེས་གཡོན་གྱིས་གྲི་ལྕགས་རལ་གྲིས་གཟུགས་མནན། གཡས་ཀྱིས་ཕུར་པ་གནས་བཅུ་རྣམས་སུ་གདབ་བོ། །བསད་སྔགས་སྤུ་གྲི་ལྟ་བུའི་ཐུན་གྱིས་བྲ བ་པའི་སྔགས་ནི། ཏྲི་ནི་ར་ཙིཏྟ་ཀུ་རུ་ཧུར་ཐུམ། བུ་གར་ཏྲི་རྦད། ཤཱནྟི་ཀ་ལ་ཙིཏྟ། ཏྲག་རཀྵ། ཁ་མུ་ཏྲ། སྙིང་ཁ་ལ་རག་མོ་


KMC009_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་དུན་བྷྱོ་བྷྱོ། རག་མོ་ཁ་ལ་རཀྵ། སེ་དུན་མཱ་ར་ཡ། ཁོང་སྙིང་ཚལ་པ་ཁ་ལ་རཀྵ་མཱ་ར་ཡ་དུན་དུན་སེན་བྷྱོ། ཏྲིག་ནན། འདིར་ཤོག །སེན་སེན་མཱ་ར་ཡ་ཕཊ་ཕཊ། ༀ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མ་ཧཱུྃ་མ་བྷྱོ་ཛཿཛཿ ཡང་ཕུར་པ་གདབ། ཡུངས་ཐུན་ལ་སོགས་ལ་སྔགས་འདི་བཏབ་པས་བྲབ་ཅིང་ཐོད་ངན་དུ་ཐུན་པས་གསལ་ཟོར་འཕེན་པའི་སྔགས་ཀྱང་འདི་ཡིན། རག་མོ་ཐང་མུ་ལེ་ཐང་མུ་ལེ་རྦད། ཙ་ཐང་ཙ་ཐང་རྦད་རྦད། མུཾ་སྣི་མུཾ་སྣི་ནན། རག་མོ་ནི་རག་མོ་ནི། ཁ་ལོ་རྦད་རྦད། དུག་སྣི་དུག་སྣི་རྦད་རྦད། ཀྱི་ཁ་ལོ་ཀྱི་ཁ་ལོ་རྦད་རྦད། ཙ་ཏི་ཙ་ཏི་རྦད་རྦད། ནིར་ཏི་ནིར་ཏི་མུག་མུག །ཐུམ་ཐུམ་དུག་ཏི་རྦད་རྦད། མྱོགས་མྱོགས་རྦད་རྦད། ཤ་ཏྲུཾ་མཱ་ར་ཡ་ལིཾ་རྦད། ས་མ་ཡ་ཛཿཛཿ ཞེས་བསྒྲལ་ཏེ་ལིང་རོ་འབུལ་གཏོར་ཐུན་གཏོར་ལ་དྲན་ཞིང་། དེ་ལྟར་མ་མགོན་འཁོར་དང་བཅས་པས་བཀུག་བསད་བསྒྲལ་བའི་ཕྲིན་ལས་མཛད་ནས་དགྲ་བགེགས་ཀྱི་ཤ་ཁྲག་གཏོར་མ་ལ་རོལ་པའི་ཕྱིར་སྐད་ཅིག་གིས་ཐབ་ཀྱི་དབུས་ཀྱི་


KMC009_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་པའི་འཁོར་དུ་བཞུགས་པར་གྱུར་པར་བསམ། སླར་གཏོར་མ་ལ་དགུག་གཞུགས་བྱ། འདིའི་སྐབས་ཀྱི་སྦྱིན་སྲེག་གི་ཟུར་འདེབས་ནི། བདག་མདུན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མགོན་པོའམ་ཁྲོ་ཚོགས་ཐམས་ཅད་སེང་གེ་དང་སྟག་དང་གཅན་གཟན་ཁོ་ནའི་རྣམ་པར་གྱུར་ནས་དགྲ་བོའི་མི་ནོར་དང་མཉམ་པར་སྤྲུལ་ཏེ། དེ་རེ་རེས་དགྲ་བོ་རེ་རེ་ཁྱུར་མིད་བྱས། ཚུར་འོངས་ནས་གཏོར་མ་ཡེ་ཤེས་ཀྱི་བདུད་རྩིར་ཁོལ་བཞིན་པའི་ནང་དུ་སྐྱུགས་པས་དགྲ་བོ་རྣམས་ཀྱི་ཤ་རུས་སོགས་མ་དག་པ་ཐམས་ཅད་སྦྱངས་ནས་མ་དག་བའི་ཤ་རུས་ནམ་མཁར་སྤྲིན་དེངས་པ་བཞིན་དུ་སོང་། དེའི་དྭངས་མ་མི་ཤིགས་པ་གསུམ་ལྡན་དེ་ཡེ་ཤེས་ཀྱི་བདུད་རྩིར་གྱུར་ནས་ཆོས་སྐྱོང་གིས་བཞེས་ཕྱིར་འབུལ་བར་བགྱིའོ། །ཞེས་འདོན་བསྒོམ་བྱའོ། །བསྡུས་པ་ནི། དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་ཤའི་རི་བོ་ཁྲག་གི་རྒྱ་མཚོ་རུས་པའི་གྲམ་ཁྲོད་དུ་གྱུར། ༀ་མ་ཧཱ་ཀཱ་ལ་ཀཱ་ལི་ས་པ་


KMC009_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཝཱ་ར་ༀ་ཨཱཿཧཱུྃ། ཞེས་བྱིན་གྱིས་བརློབས། སྦྱིན་སྲེག་གི་ཟུར་འདེབས་ནི། བསྲེག་རྫས་གཏོར་མ་རྣམས་དང་ལྷན་ཅིག་ཏུ། །དམིགས་བྱའི་དགྲ་བགེགས་ཚོགས་རྣམས་མ་ལུས་པ། །མགོ་མཇུག་ལྡོག་སྟེ་རྐང་མཐིལ་སྐྱ་ལྷག་ཏུ། །མ་ལུས་ཆོས་སྐྱོང་ཞལ་དུ་བཞེས་པར་གྱུར། །ཅེས་འདོད་བསྒོམ་བྱར་རུང་ངོ་། །དེ་ནས་འབུལ་བ་ནི། དམིགས་བྱའི་དགྲ་བགེགས་བཀུག་ནས་བསྒྲལ་བྱས་ཏེ། །ཤ་ཁྲག་རི་ལྟར་སྤུངས་ཤིང་མཚོ་ལྟར་བསྐྱིལ། །བསྟན་སྲུང་འཁོར་དང་བཅས་པ་མ་ལུས་ལ། །དགྲ་བགེགས་མྱུར་དུ་སྒྲོལ་ཕྱིར་འབུལ་བར་བགྱི། །སྲེག་པ་ནི། འཇིག་རྟེན་འཇིག་རྟེན་འདས་པའི་མེ་ལྷའི་ཚོགས། །མེ་དཔུང་ཕྱོགས་བཅུར་འབར་བར་གྱུར་པ་དང་། །ཆོས་སྐྱོང་འཁོར་བཅས་ཞལ་ནས་མེ་འབར་ཞིང་། །ཁ་ག དངས་མཆེ་བ་གཙིགས་པ་འདི་ནང་དུ། །གནོད་བྱེད་དགྲ་བགེགས་དམིགས་ཡུལ་འདི་དག་རྣམས། །ལྷག་མ་རྗེས་ཤུལ་མེད་པར་སྲེགས་པར་མཛོད། །ཅེས་དང་། སྲེག་ཁང་ལ་བསྡུ་ན་གོང་


KMC009_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ལ། རྒྱས་པར་སྤྲོ་ན། ཧཱུྃ་ཤར་ཕྱོགས་སྲེག་ཁང་འབར་བའི་ཀློང་དཀྱིལ་ནས། །མ་ཏྲཾ་རུ་ཏྲ་བརྫེས་པའི་གདན་སྟེང་དུ། །མ་མོ་འཁའ་འགྲོ་ཤ་ཟ་བྱེ་བའི་དབུས། །དཔལ་ཆེན་ནག་པོ་ལྕམ་དྲལ་ཞལ་ཕྱེས་ཤིག །མཁའ་གྲོ་ཀུན་གྱི་གཙོ་བོ་ཞལ་ཕྱེས༴ དམ་ཅན་ཆོས་སྐྱོང་སྲུང་མ་ཞལ༴ རྣལ་འབྱོར་ཀུན་གྱི་དགྲ་ལྷ་ཞལ༴ དམ་ཉམས་ཀུན་གྱི་སྲོག་གཅོད་ཞལ་ཕྱེས་ཤིག །སངས་རྒྱས་བསྟན་ལ་སྡང་བའི་དགྲ་བོ་དམ་ཉམས་འདིའི། །ཤ་ཁྲག་རུས་གསུམ་སྲོག་དབུགས་དྲོད་དང་བཅས། །ཉེ་དུ་ཉེ་འབྲེལ་སྲུང་སྐྱོབས་ལྷ་དང་བཅས། །འཁོར་འབངས་རིགས་རྒྱུད་མཛའ་བཤེས་ཡུལ་འཁོར་བཅས། །སྲུང་འཛིན་རིགས་སྔགས་ཡོ་བྱད་རྫས་དང་བཅས། །ས་གཞིས་ནོར་ཕྱུགས་སྐྱེད་ཚལ་གྲོགས་བཤེས་བཅས། །བྱད་མ་རྦོད་གཏོང་འདུན་གྲོགས་སྲིད་དང་བཅས། །བསོད་ནམས་ལོངས་སྤྱོད་ཁ་རྗེ་དབང་ཐང་བཅས། །ཁྱོད་ཀྱི་ཞལ་དུ་བཏབ་པོ་ཁ་རཾ་ཁཱ་


KMC009_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཧི། །ཁྱོད་ཀྱི་མགུལ་དུ་སྒྲིམས་ཤིག་ཨ་རལླི། །ཁྱོད་ཀྱི་ཕྱག་ཏུ་གཏད་དོ་མ་ཤོར་ཅིག །ཁྱོོད་ཀྱི་ཞབས་སུ་མནན་ནོ་སྟྭཾ་བྷ་ཡ། །ཁྱོད་ཀྱི་ཞལ་དུ་སྲེག་གོ་ཛྭ་ལ་རཾ། དེ་བཞིན་དུ། ལྷོ་ཕྱོགས་སྲེག་ཁང་འབར་བའི་ཀློང་དཀྱིལ་ནས། སོགས་དང་། ནུབ་ཕྱོགས་སྲེག་ཁང་སོགས་དང་། བྱང་ཕྱོགས་སྲེག་ཁང་སོགས་དང་། དབུ་ཕྱོགས་སྲེག་ཁང་སོགས་སྦྱར་ཏེ། རེ་རེ་རྫོགས་པ་དང་སྤྲོ་ན། གཏོར་མ་ལིང་རོ་དང་སྦྲགས་པ་རེ་རྦད་སྔགས་དང་བཅས་ཏེ་འབུལ་ལ། བསྡུ་ན་ལིང་རོ་རེས་ཆོག །ཁྲག་ཆུ་ཆང་སོགས་ནི་ལིང་རོ་ལ་བྲན་ལ་འབུལ་ཞིང་བར་བར་དུ་འབུལ། གཏོར་མ་གཅིག་ལིང་རོ་དང་སྦྲགས་རྦད་སྔགས་ཀྱིས་འདི་དབུལ། བསྟན་ལ་སྡང་བ་ཞེ་ལ་བརྣགས་བའི་བསྟན་དགྲ་སྡིག་པོ་ཆེ་འདི་རྣམས་ལོ་དང་ཟླ་བར་མ་བཞག །ཞག་དང་ཟ་མར་མ་འགྱངས་པར་མྱུར་དུ་སྒྲོལ་བའི་ཕྲིན་ལས་མཛོད་ཅིག །ཅེས་མཇུག་ཏུ་བརྗོད། བསྐུལ། གསོན་ཅིག་མའམ། འདས་དང་མ་གང་རུང་གི་བསྐུལ་གྱི་རྗེས་སུ་ཐུན་གཏོང་མེ་འབུལ་བ་སོགས་བྱ། དེ་རྗེས་ཆོས་སྐྱོང་དང་ལཱ་མཱའི་བཤེགས་གསོལ་ནི། དེ་ནས། ༀ་ཁྲག་གི་རྒྱ་


KMC009_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་མེ་ཏོག་ཨུ་པཀྵ། སོགས་དང་། བེར་ནག་ཅན་དང་མགོན་པོ་ཕྱག་བཞི་པ། ཞེས་པ་ནས། ཆོས་སྐྱོང་སྲུང་མ་རྣམས་ལ་ཕྱག་འཚལ་བསྟོད། །ཞེས་དང་། དེ་ནས་འབུལ་གཏོར་ཞིག་ལིང་རོ་བྲན་པ་བཏང་རག་གི་ཚུལ་དུ་འབུལ་ཏེ། གཞོང་པ་རྣམ་དག་མ་དང་། ༀ་མ་ཧཱ་ཀཱ་ལ་དེ་ཝི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ། ཨ་ཀཱ་རོ༴ ལན་གསུམ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་འདོད་དོན་གསོལ། ༀ་མ་ཧཱ་ཀཱ་ལ་དེ་ཝི་ས་པ་རི་ཝཱ་ར་ༀ་ཨགྣ་ཡེ་སྭཱ་ཧཱ། ཞེས་མར་ཁུ་དགང་བླུགས་གསུམ་ཕུལ་ལ་འདོད་གསོལ་ནི། ཆོས་སྐྱོང་འཁོར་བཅས་བདག་ལ་དགོངས། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་དང་བཅས། །དགྲ་བགེགས་གནོད་བྱེད་མ་ལུས་པ། །ཐུབ་པས་བདུད་བཞི་བཅོམ་པ་ལྟར། །དྲག་པོས་ཚར་གཅོད་


KMC009_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དུ་གསོལ། །ཞེས་གསོལ་བ་བཏབ། མ་འབྱོར་པ་དང་སོགས་ཡིག་བརྒྱ་བརྗོད། དེ་ནས་ལས་མགོན་དང་ལྭ་མ་རྣམས་གཤེགས་གསོལ་རྒྱས་པ་མེད་པར་ཆོས་སྐྱོང་རྣམས་སྐད་ཅིག་གིས་རང་གནས་སུ་དགྱེས་བཞིན་གཤེགས་པར་བསམ། ལཱ་ཱམཱ་ནི་རང་གི་ཐུགས་ཀའམ་ལཱ་མཱ་རང་ལ་བསྟིམས་ལ། ༀ་མ་ཧཱ་ཀཱ་ལ་དེ་ཝི་ས་པ་རི་ཝཱ་ར་བཛྲ་མུཿ ཆོས་སྐྱོང་མ་ལུས་དགྱེས་བཞིན་རང་གནས་གཤེགས། །ལཱ་མ་འཁོར་དུ་རང་གི་གནས་སུ་འཁོད། །རང་ཉིད་སྐད་ཅིག་སྔར་བཞིན་བདེ་མཆོག་ཏུ། །མེ་ལོང་གཟུགས་བརྙན་ལྟ་བུར་གསལ་བར་གྱུར། །ཅེས་བརྗོད། འདི་ནི་མགོན་པོའི་གཞུང་ལ་ཡོད་པ་དང་བསྟུན་པའི་བསྒྲལ་ལས་ཡིན་པས་ཁྱབ་ཆེ་ཞིང་ཐུགས་མགོན་པོ་སོགས་འཛིན་པའང་ཁྱབ་ཆེ་བས་བྱུང་ན་ཕྱི་མ་འདི་ཀ་གཙོ་བོར་བྱེད། ཡང་བསྡུས་པ་དགོས་པ་དང་མགོན་པོ་མི་ཤེས་པ་དང་ཚིགས་བཅད་ལ་མོས་ན་སྔ་མ་འདིའང་ཆ་ཚང་ཙམ་ཡོད་པ་བློ་མོས་དང་སྦྱར་བར་བྱའོ།། ༈ །།དེ་ནས་ལས་བཞི་ཀུན་འདྲ་བར་དངོས་བཞི་འཇིག་རྟེན་ལས་འདས་པའི་རྗེས་ཀྱི་མཆོད་བསྟོད་གཏོར་འབུལ་ནི་བདེ་མཆོག་ལ་མཚོན་ན། མཆོག་དུ་གཙང་ཞིང་ཡིད་གར་འོང་ལ་སོགས། །ཞེས་པ་ནས།


KMC009_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཤཔྡའི་བར་བརྗོད། སྤྲོ་ན་རིག་མ་བཅུ་དྲུག་དང་། ༀ་བཅོམ་ལྡན་དཔའ་བོའི་དབང་པོ་ལ་ཕྱག་འཚལ། །ཞེས་པ་ནས། འདོད་པའི་དབང་ཕྱུག་མ་ལ་འདུད། །ཅེས་པའི་བར་གྱིས་བསྟོད། གཏོར་མ། ༀ་ཁཎྜ་རོ་ཧེས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་། །ཞེས་པ་ནས། དམ་ཚིག་བདུད་རྩིར་གཅིག་ཏུ་གྱུར། །གྱི་བར་དང་། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་སོགས་ཀྱིས་ཕྲིན་ལས་བཅོལ། འདོད་དོན་གསོལ་བ་ནི། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་སྭཱ་ཧཱ། མར་ཁུ་དགང་བླུགས་གསུམ་དབུལ། ཐལ་མོ་སྦྱར་ལ། ཞི་བ་ལ་འདོད་གསོལ་ནི། ལྷག་པའི་ལྷ་མཆོག་བཅོམ་ལྡན་འདས། །འཁོར་བཅས་བདག་ལ་དགོངས་སུ་གསོལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་


KMC009_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །ཟླ་བ་མར་གྱི་ངོ་བཞིན་དུ། །ཞི་ཞིང་མེད་པར་མཛད་དུ་གསོལ། །ཞེས་དང་། རྒྱས་པ་ལ། ལྷག་པའི་ལྷ་མཆོག༴ འཁོར་བཅས༴ བདག་ཅག༴ དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །ཟླ་བ་ཡར་གྱི་ངོ་བཞིན་དུ། །འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། །ཞེས་དང་། དབང་ལ། ལྷག་པའི༴ འཁོར་བཅས༴ བདག་ཅག༴ དམ་པའི་ཆོས་ལྡན་འཚོ་རྐྱེན་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། །སྲོག་གི་སྙིང་པོ་ཕུལ་བ་བཞིན། དབང་དུ་བསྡུ་བར་མཛད་དུ་གསོལ། །ཞེས་དང་། དྲག་པོ་ལ། ལྷག་པའི༴ འཁོར་བཅས། བདག་ཅག༴ དམ་པའི་ཆོས་ལྡན་བསམ་སྦྱོར་ལ། བར་དུ༴ འགྲོ་བའི་སྡུག་བསྔལ་རྒྱུ་དང་བཅས། །དགྲ་བགེགས་གནོད་བྱེད་མ་ལུས་པ། །ཐུབ་པས་བདུད་བཞི་བཅོམ་པ་བཞིན། །དྲག་པོས་ཚར་གཅོད་མཛད་དུ་གསོལ། །ཞེས་གསོལ་


KMC009_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདབ་བོ། །དེ་ལྟར་ལས་བཞིའི་སྦྱིན་སྲེག་བྱ་བའི་སྐབས་སུ་ཁ་བསྒྱུར་གྱི་དམིགས་པ་གསལ་འདེབས་ཚུལ་སྒྲིབ་གཉིས་སྲེག་བྱེད་ལས་གསུང་པ་ནི། དེའང་ལས་བཞིའི་སྦྱིན་སྲེག་གི་སྐབས་སུ་དམིགས་པ་ཇི་ལྟར་བྱ་བ་ནི། དཔེར་ན་བདེ་མཆོག་པས་ཞི་བ་ལ་རང་མཁའ་འགྲོ་མའི་ང་རྒྱལ་དུ་འཕོས་ཏེ་ཐུགས་ཀ་ནས་འོད་ཟེར་བདུད་རྩིའི་རྒྱུན་ལྟ་བུ་སྤྲོས་པས། བསྒྲུབ་བྱའི་སྒོ་གསུམ་བཀྲུས་ཏེ་ནད་གདོན་སྡིག་སྒྲིབ་ཞི་བར་བསྒོམ། དེ་བཞིན་དུ་རྒྱས་པ་ལ་ལཱ་མཱ། དབང་ལ་དུམ་སྐྱེས་མ། དྲག་པོ་ལ་གཟུགས་ཅན་མ་སྟེ་ལས་མཐུན་གྱི་ཕྱོགས་ཀྱི་ལྷ་མོའི་ང་རྒྱལ་དུ་འཕོས་ཏེ་ཐུགས་ཀ་ནས་རང་རང་གི་མདོག་དང་མཐུན་པའི་འོད་ཟེར་གྱི་འདོད་དགུའི་ཆར་ཕབ་པས་ཚེ་དང་བསོད་ནམས་དཔལ་དང་གཟི་བརྗིད་རྒྱས་པ་དང་། འོད་ཟེར་ལྕགས་ཀྱུ་ལྟ་བུས་གང་ལ་དམིགས་པའི་སྙིང་ནས་བཟུང་མདུན་དུ་བཀུག་སྟེ་བྲན་ལྟར་གྱུར་པ་དང་། འོད་ཟེར་གནམ་ལྕགས་ཀྱི་ཐོག་ལྟ་བུ་དགྲ་བགེགས་ཀྱི་སྙིང་གར་ཕོག་པས་སྲོག་མར་མེ་ལྟ་བུ་ཐུམ་གྱི་བསད་དེ་ཐལ་བར་བརླག་པར་བསམ་པ་སོགས་གསུངས་པ་ལྟར་སོ་སོའི་མན་ངག་བཞིན་བྱའོ། །ཁྱད་པར་དུ་དྲག་པོའི་སྐབས་འདིར་ཆོས་སྐྱོང་གིས་བདག་ལ་འདི་སྐད་གསུངས་ཏེ། དགུག་པའི་སྐབས་སུ་བདག་མདུན་གྱི་ལྷ་ཚོགས་དེ་དག་རྟ་དམག་གི་རྣམ་པར་ཆས་ཤིང་། ཕྱག་ཏུ་ཞག་པ་


KMC009_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

འབའ་ཞིག་ཁྱེར་ཏེ་དགྲ་བགེགས་ཐམས་ཅད་བཀྱིགས་ནས་འཁུར་བྱུང་བར་བསྒོམ། ཕུར་གདབ་ཀྱི་སྐབས་སུ་ཕུར་པའི་སྐུ་ལས་ཕུར་པའི་སྐུ་ཆེ་ཕྲ་དཔག་མེད་སྤྲོས་ཏེ་དགྲ་བོ་མི་ནོར་ཐ་ན་དགྲ་བོའི་ཤིག་རེའི་སྟེང་དུའང་ཕུར་པའི་སྐུ་དེ་འཚམས་པ་རེ་བཞུགས་ནས་དགྲ་བོ་ཐམས་ཅད་དམྱལ་ཐག་བཅད་པར་བསྒོམ། གཏོར་མ་ལ་དགུག་པའི་སྐབས་སུ་བདག་མདུན་གྱི་ལྷ་ཚོགས་དེ་དག་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མགོན་པོའམ་ཁྲོ་བོའི་ཚོགས་ཐམས་ཅད་སེང་གེ་དང་སྟག་མོ་ཁོ་ནར་གྱུར་པ་དགྲ་བོའི་མི་ནོར་དང་མཉམ་པར་སྤྲུལ་ཏེ་དེ་རེ་རེས་དགྲ་བོ་རེ་རེ་ཁྱུར་མི ད་བྱས་ནས་ཚུར་འོང་ཞིང་གཏོར་མ་ཡེ་ཤེས་ཀྱི་བདུད་རྩི་ཁོལ་བཞིན་པའི་ནང་དུ་སྐྱུགས་པས་དགྲ་བོ་རྣམས་ཀྱི་ཤ་རུས་སོགས་མ་དག་པའི་ཆ་ཐམས་ཅད་སྦྱངས་ནས་དག་པ་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པ་ཆོས་སྐྱོང་ལ་འབུལ་བར་བྱེད་དོ། །ཞེས་གསུངས་པ་རྣམས་དོན་སོ་སོར་སྦྱར་ཚུལ་འདི་བཞིན་བྱས་ཏེ་དགོངས་པ་བླངས་པའི་ཚུལ་དུ་བྲིས། འདིར་གཞུང་ལས་གསུངས་པ་སྒྲ་ཇི་བཞིན་པར་དྲངས་པའོ། །དེ་ནས་བཏང་རག་གི་མཆོད་བསྟོད་ནི། བསྡུ་ན་སྔགས་མཆོད་བྱ། ཅུང་ཟད་སྤྲོ་ན། མཆོག་ཏུ་གཙང་ཞིང་ཡིད་གར་འོང་ལ་སོགས། །ཞེས་པ་ནས། ཤཔྡའི་བར་གྱིས་མཆོད། རྐང་བརྒྱད་གཉིས་ཀྱིས་བསྟོད་ལ། ཧེ་རུ་ཀའི་ཡིག་བརྒྱ་བཟླ་ཞིང་།


KMC009_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡང་བདག་བློ་གཏི་མུག་པས། །ཞེས་པ་ནས། དེ་དག་ཀུན་ནས་བཟོད་པར་འོས། །ཞེས་ནོངས་པ་བཤགས་ནས་གཤེགས་གསོལ་གྱི་སྐབས་སུ། ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་ཝཱི་ར་ཡོ་གི་ནཱི་ཨ་ཙ་མཱ་ནཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གི་ནཱི་པྲོཀྵ་ཎཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། ཞེས་ཞལ་བསིལ་དང་འཐོར་འཐུང་ཕུལ་ལ་མཆོད་ཡོན་སྦྲེང་བཞིན་པས་ཡིག་བརྒྱ་བརྗོད། ༀ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ་བསྡུ། རྡུལ་ཚོན་སོགས་དང་འབྲེལ་ན། ཕར་སྤྱན་འདྲེན་དུས། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །རྟེན་གྱིའམ། །རྡུལ་མཚོན་གནས་སུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་སོ་སོའི་སྙིང་པོ་བརྗོད་བཞིན་པས་མེ་ཏོག་ཐབ་དབུས་ནས་ལེན་པའི་ཚུལ་གྱིས་སྣོད་དུ་བླངས། སློབ་དཔོན་གྱིས་སློབ་མ་ལ་གཏད། སློབ་མས་དཀྱིལ་འཁོར་ལ་མ་གནོད་པར་གཏོར་ཏེ་དཀྱིལ་འཁོར་གང་ཡིན་


KMC009_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྔགས། འདིར་བདེ་མཆོག་ལ་མཚོན་ན། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་སྭཱ་ཧཱ། བཛྲ་ས་མ་ཡ་སྟྭཾ། ཡུམ་དང་འཁོར་ལ། ༀ་བཛྲ་བེ་རོ་སོགས། བཛྲ་ས་མ་ཡ་སྟྭཾ། ཌཱ་ཀི་ནཱི་སོགས་སོ། རྡུལ་ཚོན་གྱི་ནི་དཀྱིལ་འཁོར་ལ། །ལྷ་ཚོགས་ཐམས་ཅད་ཐིམ་པར་གྱུར། །ཅེས་སམ། སྐུ་ུགསུང་ཐུགས་ཀྱི་རྟེན་རྣམས་ལ། །ལྷ་ཚོགས་ཐམས་ཅད་ཐིམ་པར་གྱུར་པར་བསམ་མོ། །གསུམ་པ་རྗེས་ཀྱི་ཆོ་ག་ནི། ༀ་ཨ གྣ་ཡེ་ཛྭ་ལ་རཾ། ཞེས་པས་མར་ཁུ་དགང་བླུགས་གསུམ་འམ་བདུན་ཕུལ་ནས། སླར་ཡང་མེ་ལྷ་འཁོར་བཅས་རྣམས། །འབར་བའི་རྣམ་པ་ལས་བཞེངས་ཏེ། །དྲང་སྲོང་དག་གི་ཆ་བྱད་ཅན། །གཟི་བརྗིད་ཕུན་སུམ་ཚོགས་པར་གྱུར་པར་བསམ་ལ། བསྲེག་རྫས་ལྷག་མ་གང་ཡོད་གྲངས་ཚད་མི་འཛིན་པར་གོང་འཇིག་རྟེན་པའི་སྐབས་སོར་བཞག་ལྟར་འབུལ་ཞིང་འདོན་དགོས་པས། ཞི་བ་ལ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ཱར་ༀ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཡམ་ཤིང་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། ཞེས་པ་ནས་ཤིང་ཐོག་ཚང་བའི་བར་བརྗོད། རྒྱས་པ་ལ་སྔགས་


KMC009_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྟུན་ལ་ཡམ་ཤིང་དབུལ་ཞིང་། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཞེས་པ་ནས་ཤིང་ཐོག་གི་བར་དང་། དབང་ལ་གོང་བཞིན། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཞེས་པ་ནས། ཤིང་ཐོག་གི་བར་དང་། དྲག་པོ་ལ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཞེས་པ་ནས། ཤིང་ཐོག་གི་བར་བརྗོད། ཁྲུས་གསོལ་སྤྲོ་ན། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་པ་ནས། ༀ་བཛྲ་ཝསྟྲ༴ ཞེས་སོགས་ཀྱི་བར་འཇིག་རྟེན་ལས་འདས་པའི་སྐབས་ལྟར་དང་། མཆོད་བསྟོད་ནི། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་མེ་ཏོག་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ཅེས་པའམ། རྒྱས་པ འི་འམ། དབང་གི་འམ། དྲག་པོའི་ཕྲིན་ལས་མཛོད། །ཅེས་སྐབས་ཐོབ་དང་སྦྱར་ལ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་པུ ཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པ་ནས། ཤཔྡ་པྲ་ཏཱིིཙྪ་སྭཱ་ཧཱ། ཞེས་པའི་བར་གྱིས་མཆོད། འཇིག་རྟེན་དབང་ཕྱུག་ཚང་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཀྐིས་དབང་བསྐུར་


KMC009_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད། མེ་ལྷའི་གཏོར་མ། ཨ་ཀཱ་རོས་བྱིན་གྱིས་བརླབས་ཏེ། དགང་བླུགས་སུ་བཟུང་ལ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་བརྗོད་བཞིན་པས་ཐབས་ཁུང་དུ་དབུལ། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་


KMC009_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པའི་བར་གྱིས་ཕྲིན་ལས་བཅོལ། འདོད་དོན་གསོལ་བ་ནི་ཐལ་མོ་སྦྱར་ཏེ། ཞི་བ་ལ། དྲང་སྲོང་ཆེན་པོ་མེ་ཡི་ལྷ། །འཁོར་བཅས་བདག་ལ་དགོངས་སུ་གསོལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །ཟླ་བ་མར་གྱི་ངོ་བཞིན་དུ། །ཞི་ཞིང་མེད་པར་མཛད་དུ་གསོལ། །རྒྱས་པ་ལ། དྲང་སྲོང་ཆེན་པོ་མེ་ཡི་ལྷ། །འཁོར་བཅས་བདག་ལ་དགོངས་སུ་གསོལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །ཟླ་བ་ཡར་གྱི་ངོ་


KMC009_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ། །འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། །དབང་ལ། དྲང་སྲོང་ཆེན་པོ་མེ་ཡི་ལྷ། །འཁོར་བཅས་བདག་ལ་དགོངས་སུ་གསོལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་འཚོ་རྐྱེན་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། །སྲོག་གི་སྙིང་པོ་ཕུལ་བ་བཞིན། །དབང་དུ་བསྡུ་བར་མཛད་དུ་གསོལ། །དྲག་པོ་ལ། དྲང་སྲོང་ཆེན་པོ་མེ་ཡི་ལྷ། །འཁོར་བཅས་བདག་ལ་དགོངས་སུ་གསོལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་དང་བཅས། །གནོད་བྱེད་དགྲ་བགེགས་མ་ལུས་པ། །ཐུབ་པས་བདུད་བཞི་བཅོམ་པ་བཞིན། །དྲག་པོས་ཚར་གཅོད་མཛད་དུ་གསོལ། །ཅེས་སོ། དེ་ནས་ཡིག་བརྒྱ་བརྗོད་ལ། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བ་


KMC009_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཟོད་པར་གསོལ། །གཤེགས་གསོལ་ནི། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨ་ཙ་མཱ་ནཾ་པྲ་ཏཱིཙྪ་སྭཱ་ཧཱ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་པྲོཀྵ་ཎཾ་པྲ་ཏཱིཙྪ་སྭཱ་ཧཱ། ཡིག་བརྒྱ་བརྗོད་བཞིན་པས་མཆོད་ཡོན་སྦྲེང་སྟེ། གཤེགས་གསོལ་གྱི་དྲིལ་སྟབས་དང་བཅས་པས། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་བྱོན་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་བཛྲ་མུཿ ཡེ་ཤེས་མེ་ལྷ་ཤར་ལྷོར་གཤེགས། །དམ་ཚིག་པ་རྣམས་སྙིང་གར་ཐིམ། །དེ་ནས་བསྔོ་བ་སྨོན་ལམ་བྱས་ངག་གྲོལ། ལྷའི་ང་རྒྱལ་གྱིས་ཐུན་མཚམས་ཀྱི་བྱ་བ་ལ་འཇུག །ལོང་ཡོད་ན་ཐབ་ཀྱི་མེ་མི་བསྒུལ་བར་བཞག །ལོང་མེད་ན་ལས་མཐུན་གྱི་ཆུས་མེ་མཐའ་ནས་ཞི་བར་བྱས་ལ་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་བསྡུས་ཏེ་རྒྱ་མཚོར་འབབ་པའི་ཆུ་བོར་འདོར་བ་སོགས་ལས་ཀྱི་རྗེས་མི་མངོན་པར་བྱས་ལ་བཀྲ་ཤིས་བརྗོད་དོ། །ཅེས་པ་འདི་དག་ནི་གཙོ་བོར་རྗེ་མི་བསྐྱོད་ཞབས་ཀྱིས་མཛད་པའི་སྒྲིབ་གཉིས་སྲེག་བྱེད་སོར་བཞག་བྱས། ལས་བཞིའི་སྦྱིན་སྲེག་བདེ་མཆོག་ལ་སྦྱར། འདོན་བྱ་ལས་བཞི་ཁ་བསྒྱུར་བ་ཙམ་སྡེབས་ལ་བྲིས། ཞི་བ་


KMC009_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཐུན་མོང་འདོན་བྱ་དཀར་པོར་བཞག །འདོད་གསོལ་སོགས་མི་འདྲ་བའི་ཁྱད་པར་རྒྱས་པར་སེར། དབང་ལ་དམར་པོ། དྲག་པོ་ལ་སྔོན་པོ་ཕྱེས། བསད་པ་ལས་བཞིའི་སྐབས་དམིགས་པ་ཟུར་འདེབས་རྣམས་གསུངས་བཞིན་སྐབས་ཐོབ་སོ་སོར་སྦྱར་བ་ཙམ་ལས་མཆོག་ཏུ་བྱས་པ་འདི། ཆོས་གྲྭ་ཆེན་པོ་འོག་མིན་སྐུ་གཞོགས་དར་རྒྱས་གླིང་དུ་ཟིན་བྲིས་སུ་སྡེབས་པའོ། །རྒྱུད་སྡེ་སྤྱིར་སྦྱར་ལས་བཞིའི་སྦྱིན་སྲེག་འདི། །མཚུངས་བྲལ་སྒྲུབ་བླ་ཀརྨ་ཆོས་གྲགས་ནས། །པར་བསྐྲུན་ཞུས་པའི་དགེ་བའི་རྩ་བ་འདིས། །སངས་རྒྱས་བསྟན་པ་དར་རྒྱས་ཡུན་གནས་ཤོག །བསྟན་འཛིན་སྐྱེས་བུ་རྣམས་ཀྱི་ཞབས་པད་བརྟན། །དགེ་འདུན་སྡེ་རྒྱས་ཐོས་བསམ་སྒོམ་གསུམ་འཕེལ། །འབྲེལ་ཐོགས་གཙོར་བྱས་འགྲོ་བ་མ་ལུས་པའི། །སྒྲིབ་གཉིས་སྲེག་ཅིང་སྐུ་བཞི་མངོན་གྱུར་ཤོག །ཤུ་བྷཾ། དགེའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །


previousརྒྱུད་སྡེ་སྤྱིའི་སྦྱིན་སྲེག་གི་ཆོ་ག་བདུད་བཞི་དང་སྒྲིབ་གཉིས་སྲེག་ཅིང་ཚོགས་གཉིས་འོད་ཟེར་འབྱེད་བྱེད་ལས་བཞི་མྱུར་འགྲུབ།no next