Nitartha Digital Library
Tibetan
 
previousརྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ལྷ་ཁྲིད་ཀྱི་ཉམས་ལེན་འདོན་བསྒོམ་དང་སྦྱར་དུ་རུང་བ་ཉུང་འདུས་སུ་བཀོད་པ།next

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ལྷ་ཁྲིད་ཀྱི་ཉམས་ལེན་འདོན་བསྒོམ་དང་སྦྱར་དུ་རུང་བ་ཉུང་འདུས་སུ་བཀོད་པ།


KMC015_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ལྷ་ཁྲིད་ཀྱི་ཉམས་ལེན་འདོན་བསྒོམ་དང་སྦྱར་དུ་རུང་བ་ཉུང་འདུས་སུ་བཀོད་པ་བཞུགས། །


KMC015_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་མ་སྒྲུབ་པ་ལ་ཕྱི་སྒྲུབ། ནང་སྒྲུབ། གསང་སྒྲུབ་གསུམ་དུ་ཡོད་པ་ལས། དང་པོ་ཕྱི་སྒྲུབ་བམ་བསྐྱེད་མའི་ལག་ལེན་ནི། གནས་དབེན་པར་ཕག་མོའི་བྲིས་འབུར་གང་རུང་གི་རྟེན་བཀྲམ་པའི་མདུན་དུ་སྟེགས་ཀྱི་ཁར་གཏོར་མ་ལྔ་ཚོམ་རྒྱན་ལྡན་བཞག་པ་མཐའ་མཆོད་པས་བསྐོར། མཆོད་བཤམས་ཀྱི་འོག་ཟུར་གང་འོས་སུ་གཏོར་ཁ་གསོ་རྒྱུ་དང་སྔོན་འགྲོའི་གཏོར་མ་བཞག །རང་གི་མདུན་དུ་གཡོན་ནས་རིམ་བཞིན་ནང་མཆོད། རྡོར་དྲིལ། ཌཱ་མ་རུ་བཞག །བདུད་རྩི་བྱིན་རླབས་བྱ་ཚུལ་ནང་སྒྲུབ་དང་མཐུན། སྔོན་གཏོར་ལ་བདུད་རྩི་བྲན། སྔོན་འགྲོ་གཏོར་མ་ནས། དེ་ནས་ཚོགས་ཞིང་གི་ཡེ་ཤེས་པ་རྣམས་རང་གི་སྙིང་གའི་གནས་སུ་ཐིམ་


KMC015_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར། ༀ་ཨཱཿཧཱུྃ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སོགས་ཀྱི་བར་ཆོ་ག་ནས་འབྱུང་བ་ལྟར་སྒྲ་ཇི་བཞིན་དང་། དེ་ནས། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། གཟུང་བ་དང་འཛིན་པས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པདྨ་རོ་དང་ཉི་མའི་སྟེང་དུ་རང་གི་སེམས་ཉིད་ཝཾ་དམར་པོ། དེ་ལས་འོད་འཕྲོས་སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྡོ་རྗེ་


KMC015_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་མ་གཅེར་བུ་རུས་རྒྱན་ཅན་གྲི་ཐོད་དང་ཁ་ཊཱཾ་ག་འཛིན་པ། གར་སྟབས་ཀྱིས་བཞེངས་པ། ཐོད་སྐམ་གྱི་དབུ་རྒྱན་དང་ཐོད་རློན་གྱི་དོ་ཤལ་ཅན། ཁྲོ་མོ་སྤྱན་གསུམ་པ་དབུ་སྐྲ་གྱེན་དུ་བརྫེས་ཤིང་མེ་དཔུང་གི་ནང་ན་བཞུགས་པ། དེའི་ཐུགས་ཀར་པད་ཉི་ལ་ཝཾ་ཡིག་གི་མཐར་སྔགས་ཀྱིས་བསྐོར་བར་གྱུར། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཨོ་རྒྱན་གྱི་གནས་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་རིགས་བཞི་མཁའ་འགྲོའི་ཚོགས་དང་བཅས་པ། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁའི་གནས་སུ་བཛྲ་ས་མཱ་ཛཿ ༀ་ཤྲཱི་བཛྲ་ཝཱ་རཱ་ཧཱི་བཛྲ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། སོགས་ནས། མ་ཏངྒི་ཞེས་པའི་བར་གྱིས་མཆོད། དེ་རྣམས་ཀྱི་སྐུ་ལས་རྗེ་བཙུན་མ་གཙོ་འཁོར་གྱི་སྐུ་དཔག་ཏུ་མེད་པ་བྱོན་སོགས་ནས། ལྷ་མོ་དེ་རྣམས་རང་རང་གི་སྐུ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། ལྷ་སྐུ་གསལ་ལ་རྟོག་མེད་ཅི་ནུས་


KMC015_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྒོམ། ཐུགས་ཀའི་ས་བོན་ལས་འོད་ཟེར་དམར་པོ་འཕྲོས། ལུས་གང་། ནད་གདོན་སྡིག་སྒྲིབ་དག །འོད་ཕྱིར་འཕྲོས། སྣོད་ཆོས་འབྱུང་གི་གཞལ་ཡས་ཁང་དང་བཅུད་ཡི་དམ་གྱི་སྐུར་གྱུར་ཅིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡི་དམ་གྱི་རྣམ་པར་སྤྱན་དྲངས་། ཐུགས་ཀའི་ས་བོན་ལ་ཐིམ་པར་གྱུར། ༀ་ༀ་ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞྞ་ཎཱི་ཡེ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་དང་། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཅི་ནུས་བཟླ། ཐུན་མཐར་མཆོད་བསྟོད་ནི། རྒྱལ་བའི་སྐུ་ལ་ཉོན་མོངས་མི་མངའ་ཡང་། །སོགས་ནས། ཤཔྡ་བར་དང་། ༀ་ཤྲཱི་བཛྲ་ཝཱ་རཱ་ཧཱི་ༀ་ཨཱཿཧཱུྃ། བཛྲ་ཌཱ་ཀི་ནི་ༀ་ཨཱཿཧཱུྃ། སོགས་ཀྱིས་ནང་མཆོད་དང་། མ་ཏངྒིས་མཆོད། །བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ། །སོགས་ནས། རྡོ་རྗེ་འཕྲུལ་མོ་ཆེ་ལ་ཕྱག་འཚལ་ལོ། ཞེས་པའི་བར་གྱིས་བསྟོད། མདོར་བསྡུ་ན་སྔགས་ཙམ་གྱིས་མཆོད་པའམ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །


KMC015_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་བསྟོད་པ་བསྡུས་པ་གང་རུང་ཞིག་བྱ། ༀ་ཨཱཿབིགྷྣཱ་ན་སོགས་ནས། བདུད་རྩི་གཏོར་མ་གསོལ་བས་སྐུ་གསུང་ཐུགས་ཤིན་ཏུ་མཉེས་པར་གྱུར་ཏོ། །པུཥྤེ་སོགས། །བཅོམ་ལྡན་རྣམ་ཀུན་རྡོ་རྗེ་ཕག་མོ་ཆེ། །སོགས་ནས། རྣལ་འབྱོར་འདོད་པའི་དབང་ཕྱུག་མ་ལ་འདུད། ༀ་ཁ་ཁ་ཁཱ་ཧི་སོགས་བཞི། ༀ་ཧྲིཾ་ ཧྲིཾ་ཧཾ་ཧཾ་སོགས་གསུམ། ཞིང་སྐྱོང་ཆེན་པོ་བརྒྱད་རྣམས་དང་། །སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཞེས་པའི་བར་གྱིས་གཏོར་ཆོག་ལྟར་གཏོར་མ་འབུལ། མ་འབྱོར་བ་དང་ཉམས་པ་དང་། །ཞེས་པ་ནས། ནད་དང་གདོན་ལས་ཐར་པ་ཡི། །བར་ཆད་མེད་པའི་བཀྲ་ཤིས་ཤོག །ཞེས་པའི་བར་དང་། རྟེན་ཡོད་ན་བཀྲ་ཤིས་ཀྱི་གོང་དུ་རྟེན་བཞུགས་དང་། མེད་ན་སྐབས་འདིར་གཏོར་མགྲོན་རྣམས་གཤེགས་གསོལ་བྱ། ཕྱི་རོལ་སྣོད་བཅུད་རྟེན་གཞལ་ཡས་ཁང་སོགས་ནས། སྐུ་མདོག་དམར་མོ་ཕྱག་རྒྱ་ལྔས་བརྒྱན་པ་གསལ་བར་གྱུར། ཞེས་པའི་བར་བྱ་བའམ། ཡང་ན་ལྔ་ཚན་ལྔའི་ནང་ན་བཞུགས་པའི་ཕག་མོ་ལྷ་ལྔ་དེ་ཡང་ཝཾ་སྐྱེད་མ་ཡིན་པས་དེ་དང་མཐུན་པར་མཛད། སྐབས་འདིར་འཁོར་མ་


KMC015_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་འདུག་པས་འདི་ལྟར་བྱ་སྟེ་ཚུལ་འདི་ཉིད་ཀྱིས་ཐུན་བཞིར་བཅད་དེ་བཟླས་པ་གྲུབ་པའི་ཐུན་མཐར་མཆོད་བསྟོད་ནས་རྫོགས་རིམ་གྱི་བར་བྱ་ཞིང་སྔགས་གཉིས་ལ་བསྙེན་པ་འབུམ་ཕྲག་བཞི་འགྲོ་བར་བྱའོ། །ཞེས་པ་ཕྱི་སྒྲུབ་བོ། ༈ །དེ་ནས་ནང་སྒྲུབ་ནི་རི་བོའི་རྩེ་དང་། ཞེས་པ་ལ་སོགས་པའི་གནས་དེ་དག་གང་རུང་དང་། ཁྱད་པར་བྲག་དམར་པོ་བྱ་ཐལ་གྱི་མ་གོས་པ་ཞེས་སོགས་ཀྱི་གནས་དེ་ལྟ་བུར་སྒྲུབ་ན་དེ་རྣམས་གང་རྙེད་བྱ་ཞིང་། དེ་རྣམས་ཆེད་དུ་མི་འཚོལ་ཡང་གནས་དབེན་པ་སྐྱེ་བོའི་རྒྱུ་ལམ་སོགས་མེད་པ་ཡིད་དུ་འོང་བ་གཙང་མར་བསྒྲུབ་བོ། །ཐོག་མར་བསངས་ཆུའི་དོན་དུ་ལག་མཆོད་ནི། སྐྱེས་པའི་ཐོད་ཆེན་ཆ་གཅིག་པའམ་གསུམ་པར་མྱོས་བྱེད་ཆང་སྣ་བཞི་གང་རུང་གིས་འཐུས་པར་གསུངས། བླུགས་ལ་མདུན་དུ་གཞག་ལ་རང་ཉིད་ཕག་མོར་གསལ་བས། ལག་གཡོན་གྱི་མཐེབ་སྲིན་སྦྱར་བ་སྟེང་དུ་བསྟན་ནས་བཅས་ཏེ་འོག་ཏུ་སྦུབ་ནས། ནང་མཆོད་ནས་བདུད་རྩི་བླངས་ཏེ་དེ་ཉིད་ལ་འཐོར་ཞིང་། ༀ་ཨཱཿབིགྷྣནྟ་སོགས་ནས། ལག་པའི་ལྷ་ཚོགས་རྣམས་ཆང་ནང་གི་ལྷ་ཚོགས་ལ་ཐིམ་པས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་ཧ་ཧོཿཧྲིཿ ཞེས་པའི་བར་བརྗོད་


KMC015_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་བརྡའ་གསུམ་དཀྱིལ་འཁོར་གསུམ་མཆོད་པ་གསུམ་རྣམས་དམིགས་པ་དང་བཅས་ཆོ་གའི་སྐབས་ཀྱི་གོ་རིམ་བཞིན་ནོ། །དེ་ནས་ས་ཆོག་གི་དོན་དུ་སྔོན་འགྲོ་གཏོར་མ་ཉེར་སྤྱོད་ལྔ་དང་བཅས་པ་བཤམས་ལ། བདུད་རྩི་འཐོར་ཏེ། ༀ་ཨཱཿབིགྷྣཱནྟ་སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཀྱི་བརྗོད་བར་གཏོར་མ་ཕྱི་རོལ་དུ་དོར་ཞིང་དཀར་ཕྱོགས་ལ་གྲོགས་གཞོལ། གང་དག་ནག་པོའི་ཕྱོགས་གྱུར་ཅིང་། །སོགས་ནས། །མགོ་བོ་ཚལ་པ་བརྒྱར་འགས་འགྱུར། །ༀ་སུམྦྷ་ནི་སོགས་ཀྱིས་ནག་ཕྱོགས་བསྐྲད། འོག་ཐམས་ཅད་རྡོ་རྗེའི་ས་གཞི་སོགས་ནས། གུར་བླ་བྲེས་སུ་གྱུར། བདུད་རྩི་སྟེང་འོག་ཕྱོགས་མཚམས་སུ་འཐོར་ཞིང་། རང་ཉིད་ཀྱི་ལྟེ་བའི་ཧྲཱིཿལས་སེང་གདོང་མ་དཀར་མོ་གྲི་ཐོད་འཛིན་པ་དཔག་མེད་སྟེང་ཕྱོགས་སུ་འཕྲོས། ༀ་སིཾ་ཧ་མུ་ཁ་སྱཻ་ཧཱུྃ་ཧཱུྃ་ཕཊ། ཁྭ་གདོང་མ་ནག་མོ༴ ཤར་ཕྱོགས་སུ་འཕྲོས། ༀ་ཀཱ་ཀ་སྱེ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། འུག་གདོང་མ་ལྗང་གུ༴ བྱང་དུ་འཕྲོས། ༀ་ཨཱུ་ལུ་ཀ་སྱེ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། ཁྱི་གདོང་མ་དམར་མོ༴ ནུབ་ཏུ་འཕྲོས། ༀ་ཤྭ་ན་ཀ་སྱཻ་མུ་ཁ་ཧཱུྃ་


KMC015_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཕཊ། ཕག་གདོང་མ་སེར་མོ༴ ལྷོར་འཕྲོས། ༀ་སཱུ་ཀ་ར་སྱཻ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། སྟག་གདོང་མ་ནག་མོ༴ དཔག་མེད་འོག་ཏུ་འཕྲོས། ༀ་བྱཱ་གྷྲ་སྱཻ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། གཤིན་རྗེ་བརྟེན་མ་དང་ཕོ་ཉ་མ་དང་མཆེ་བ་མ་དང་འཇོམས་མ་རྣམས་ཕྱེད་གཟུགས་ཅན་གྲི་ཐོད་སོགས་མཚོན་ཆ་སྣ་ཚོགས་འཛིན་པ་དཔག་མེད་མེ་བདེན་བྲལ་རླུང་དབང་ལྡན་སོགས་མཚམས་སུ་འཕྲོས། ༀ་ཡ་མ་དྲྀཌྷ་ཧཱུྃ་ཧཱུྃ་ཕཊ། ཡ་མ་དཱུ་ཏཱི༴ ཡ་མ་དཾཥྚཱི་ཎཱི༴ ༀ་ཡ་མ་མ་ཐཱ་ནཱི་ཧཱུྃ་ཧཱུྃ་ཕཊ། །ཧཱུྃ་འདི་ལྟར་ལྷ་མོ་ཡ་མཚན་སོགས་ནས། ཕྱི་ནང་བར་ཆད་བཟློག་ཏུ་གསོལ། །གྱི་བར་གྱིས་བཀའ་བསྒོས་ཏེ་ཐམས་ཅད་ཀྱང་ཉི་ཟེར་གྱི་རྔུལ་ལྟར་འཁྲུགས། སྲུང་བཟློག་གི་ལས་མཛད། བགེགས་ཐམས་ཅད་ཕུར་བུས་བཏབ་པར་བསམ་ལ། ༀ་བཛྲ་ཝཱ་རཱ་ཧཱི་གྷཱ་གྷཱ་གྷཱ་ཏ་ཡ་གནོད་བྱེད་སརྦ་དུཥྚཾ་ཧཱུྃ་ཕཊ་སྭཱ་ཧཱ། སྲུང་འཁོར་དགུ་རིམ་སྤྲོ་ཡང་ལྷ་ཁྲིད་ལས་འབྱུང་བ་ལྟར་བསྒོམ་མོ། །དེ་ནས་ས་བྱིན་གྱིས་བརླབ་པའི་ཕྱིར་བྱུག་པའི་རྫས་ནི་མི་རྟ་ཁྱི་གསུམ་གྱི་ཁྲག་དང་ག་བུར་གླ་རྩི་སིཧླ་སོགས་དྲི་བཟང་བོ་དང་། སྐྱེས་པས་


KMC015_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་མ་སྤྱོད་པའི་པདྨ་རཀྟ་གཙང་མ་དང་ལག་མཆོད་ཀྱི་བདུད་རྩི་དང་དེ་རྣམས་བསྲེས་ཏེ་གནས་ཁང་གི་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ལ་འཐོར་བའམ་ཆག་ཆག་བཏབ་ཏེ་བྱུག་པར་བྱ་ཞིང་ཡེ་ཤེས་ཀྱི་རང་བཞིན་དུ་བསམ། མཆོད་བཤམ་རྒྱས་པར་དབུས་སུ་སྟེགས་བུ་མཐོ་ཞིང་མདུན་དང་གཡོན་གཉིས་ཅུང་དམའ་བ་རྒྱ་དཔངས་ཇི་ཙམ་མཚམས་པ་བྱས་སྟེ། གོང་གི་རྫས་དེ་རྣམས་དང་བའི་ཁ་ཆུ་མིག་ཆུ་སྣ་ཆུ་གཅིན་ལྕི་བ་སྟེ་བ་བྱུང་ལྔ་དང་བསྲེས་ནས་སྲབ་མཐུག་བའི་ཀོ་བ་ཙམ་དུ་བྱུག །ལྷ་ཁྲིད་ནས་བཤད་པ་སྐབས་འདིར་ནམ་མཁའི་དཀྱིལ་འཁོར་བསྐྱེད་དེ་དཀྱིལ་འཁོར་བྲི་བར་གནང་བ་ཞུས་ནས། ལྟར་ཐིག་བཏབ་སྟེ་རྡུལ་ཚོན་གྱི་དཀྱིལ་འཁོར་ཡོངས་རྫོགས་བྲི་བའམ། དེ་ཙམ་མ་ཐུབ་ན་ཕག་མོའི་དཀྱིལ་ཐང་བཀྲམ་པའམ། དེ་ཡང་མ་ཐུབ་ན་མཚལ་སོགས་ཀྱིས་གཞི་དམར་པོར་ཁོད་སྙོམས་པར་བྱུགས་པ་ལ་བབ་བླ་སོགས་ཚོན་གང་རུང་གིས་པདྨ་འདབ་བཞི་ཕྱག་མཚན་སོ་སོ་དང་བཅས་པ་ཆོས་འབྱུང་བསྣོལ་མ་དགའ་འཁྱིལ་ཐོད་རྭ་རྡོར་རྭ་མེ་རི་དང་བཅས་པ་ཆ་ཚང་བྲི། ཕྱག་མཚན་སོ་སོའི་ལྟེ་བར་ནས་སམ་འབྲས་སོགས་རྒྱ་སྐྱེགས་ཀྱིས་ཁ་བསྒྱུར་བའི་མེ་ཏོག་དམར་པོའི་ཚོམ་བུ་བཀོད། དེ་ནས་སཧླི་དང་གུར་གུམ་དང་ལག་མཆོད་ཀྱི་བདུད་རྩི་རྣམས་སྦྱར་བ་ཐོད་པའི་ནང་། དར་དམར་གྱི་ངོས་མེ་ལོང་གི་ནང་ངོས་རྣམས་ལ་ཟླུམ་བསྐོར་ཆོས་འབྱུང་པདྨ་


KMC015_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་བཞི་ས་བོན་ལྔ་དགའ་འཁྱིལ་དྲུག་དང་བཅས་པ་རྣམས་བྲིས་ཏེ་དེ་རྣམས་ལེགས་པར་གྲུབ་པ་དང་མདུན་དུ་བཤམས་ལ། ནང་མཆོད་ནས་མདུན་གྱི་ནམ་མཁར་འཐོར་ཏེ། ༀ་ཨཱཿབིགྷྣཱནྟ་ཀྲྀ་ཏྲ་ཀྱིས་བསངས་ཏེ་མཐེབ་སྲིན་གྱིས་བདུད་རྩི་བླངས་ཏེ་བྲི་བའི་ཚུལ་གྱིས་སྨིན་མཚམས་ནས་རྣ་བ་གཡས་པའི་ཕྱོགས་སུ་བསྐོར་བ་སྭ་བྷཱ་ཝ་བརྗོད་བཞིན་དུ་ཟླུམ་བསྐོར་བྱ། དེ་ནས་ཡི་གེ་གསུམ་བརྗོད་བཞིན་པས་རྣ་བ་གཡོན་ནས་གཡས་ཀྱི་བར་དང་། དེ་ནས་ནུབ་དང་སླར་རྣ་བ་གཡོན་དུ་འཐེན་ཏེ་གད ན་ཐབས་ཀྱི་ཆོས་འབྱུང་བསམ། སླར་ཡི་གེ་གསུམ་བརྗོད་ཅིང་སྨིན་མཚམས་ནས་རླུང་དང་བདེན་བྲལ་དང་། དེ་ནས་ཤར་སྨིན་མཚམས་སུ་འཐེན་ཏེ་ཁང་ཐབས་ཀྱི་ཆོས་འབྱུང་བྲི། ༀ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཕཊ་སྭཱ་ཧཱ། བརྗོད་ཅིང་དབུས་སུ་བདུད་རྩིའི་ཐིགས་པ་འཐོར་སྟེ་ཐིག་ལེ་དམར་པོ་བསམ། དེ་བཞིན་དུ། ༀ་བཛྲ་ཌཱ་ཀི་ནཱི་ཡེ་སོགས་བརྗོད་ཅིང་ཤར་དུ་ཐིག་ལེན་སྔོན་པོ། རཏྣ་ཌཱ་ཀི༴ པདྨ་ཌཱ་ཀི༴ ཀརྨ་ཌཱ་ཀི༴ སོགས་བརྗོད་ཅིང་བདུད་རྩི་ཐིག་པ་གཏོར་བྱས་སྟེ་ཕྱོགས་སོ་སོར་རང་མདོག་གི་ཐིག་ལེ་བསམ། དེ་རྣམས་ལས་འོད་འཕྲོས། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པར་བསམ།


KMC015_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འབྱུང་གྲུ་གསུམ་གྱི་གཞལ་ཡས་ཁང་ཆེན་པོའི་དབུས་སུ་གདན་པདྨ་རོ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་དབུས་སུ་ཧྲཱིཿདམར་པོ་ལས་ཧྲཱིཿཧ་རི་ནི་ས་སྟེ་ས་བོན་གྱི་ཡི་གེ་ལྔར་གྱུར། པོ་སོགས་ནས། དབུས་སུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་སོགས་ནས། གཡོན་པ་རྣམས་ཀྱིས་ཐོད་པ་བདུད་རྩིས་གང་བ་བསྣམས་པ། གྲུ་མོ་ན་ཁ་ཊྭཱཾ་ག་བཅུག་པ་བརྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། ཞེས་པ་ཙམ་མ མ། ཡང་ན་མདུན་བསྐྱེད་ལྟར་གཟུང་བ་དང་འཛིན་པས་བསྡུས་པའི་སོགས་རྒྱས་པར་བསྐྱེད། གཙོ་མོའི་གསང་གནས་སུ་ཆོས་འབྱུང་གྲུ་གསུམ་སོགས་ནས། མདུན་གྱི་ནམ་མཁའི་གནས་སུ་བཛྲ་ས་མཱ་ཛཿ ཧཱུྃ་སྣང་བ་ཆོས་སྐུའི་གཞལ་ཡས་ནས། །སོགས་ནས། ༀ་ཤྲཱི་བཛྲ་ཝཱ་རཱ་ཧཱི་པདྨ་ཀ་མ་ལཱ་ཡ་སྟྭཾ། ༀ་ཤྲཱི་བཛྲ་ཝཱ་རཱ་ཧཱི་བཛྲ་ཨརྒྷཾ་སོགས་ནས། མ་ཏངྒིའི་བར་གྱིས་མཆོད། དེ་རྣམས་ཀྱི་སྐུ་ལས་སོགས་ནས། ལྷ་མོ་དེ་རྣམས་རང་རང་གི་སྐུ་ལ་ཐིམ་པས་གཉིས་སུ་མེད་པར་


KMC015_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། བཟླས་པ་ཅུང་ཟད་བྱས་ཏེ། ཤྲཱི་བཛྲ་ཝཱ་རཱ་ཧཱི་ཨརྒྷཾ་ནས། མ་ཏངྒིའི་བར་གྱིས་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །སོགས་ནས། རྣལ་འབྱོར་འདོད་པའི་དབང་ཕྱུག་མ་ལ་འདུད། །ནམ་མཁའི་ལྷ་ཚོགས་རྣམས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ཐིམ་པས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ། ཞེས་བརྗོད། དེ་བཞིན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་ཞེས་པ་འདོན་པ་བསྒྱུར་ཏེ་མེ་ལོང་གི་ནང་། ཐོད་པ། དར་དམར་གྱི་དཀྱིལ་འཁོར་རྣམས་ལ་ཡང་སོ་སོ་ཆ་ཚང་རེ་བསྟིམ། སྟེགས་བུའི་སྟེང་དུ་དཀྱིལ་འཁོར་བྲི་བའི་སྔོན་དུ་ཡང་དེ་བཞིན་དུ། རྣལ་འབྱོར་འདོད་པའི་དབང་ཕྱུག་མ་ལ་འདུད། །ཀྱི་བར་བྱས་ལ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལྷ་ལྔ་འཁོར་དང་བཅས་པས་ཕྱོགས་འདིར་རང་གཞན་གྱི་དོན་དུ་སྒྲུབ་ཅིང་མཆོད་པའི་ཕྱིར་དཀྱིལ་འཁོར་བྲི་བའི་གནང་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་སྟེ། ཕྱོགས་འདིར་དཀྱིལ་འཁོར་བྲིས་ལ་རང་གཞན་གྱི་དོན་གྱིས་ཤིག་པར་གནང་བ་བྱིན་པར་བསམ། དེ་ནས་མེ་ལོང་གི་ཕྱི་ངོས་ལ་ལག་མཆོད་ཀྱི་རྫས་བྱུག་སྟེ། སིནྡྷུ་ར་དར་ཚགས་ཀྱིས་ཁོད་སྙོམས་པར་


KMC015_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་སྟེ་ཟླུམ་བསྐོར་ཆོས་འབྱུང་སོགས་ཐོད་པའི་དཀྱིལ་འཁོར་སོགས་དང་འདྲ་བར་བྱ། པདྨའི་ལྟེ་བར་ཧྲཱིཿའི་མཐར། ༀ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧ་ར་ནི་ས་རི་ནི་ས་ཧ་ནི་རི་ཧ་ས་ས་ནི་རི་ཧ་ཨཱ་ཀཪྵ་ཡ་ཧྲཱིཿཛཿ ཞེས་ཧྲཱིཿའི་མདུན་ནས་བརྩམ་སྟེ་གཡོན་བསྐོར་དུ་བྲི། གོང་བཞིན་ནམ་མཁའི་དཀྱིལ་འཁོར་བསྐྱེད་དེ་བསྟིམ་ལ་བཞག །དེ་ནས་བུམ་པ་གཙང་མ་གུ་གུལ་གྱིས་བདུག །དར་གྱི་མགུལ་ཆིངས་སྲོག་ལྔ་པར་བྱས་པའི་ནང་དུ་ལྔ་ཚན་ལྔའི་རྫས་བླུགས་རྒྱུ་ནི། སེ་བའི་མེ་ཏོག །ཨུཏྤལ་སྔོན་པོ། ཀཎྜ་ཀ་རཱི། ཤུ་དག་དཀར་པོ། ཅོ་ག་མགོ་སྨན་སྟེ་སྨན་ལྔ་དང་། ནས་གྲོ་ཏིལ་དཀར་འབྲས་སོ་བ། ཕུབ་མ་མ་བཤུས་པ། མོན་སྲན་ མོན་སྲན་སྡེའུ་སྟེ་ནག་པོ་ནར་མ་དེའོ།། བཅས་པ་འབྲུ་ལྔའོ། །གསེར་དངུལ་ཟངས་ལྕགས་གཤའ་ཚེ་སྟེ་རིན་ཆེན་ལྔ། ག་བུར་ལི་ཤི་ཛཱ་ཏི་དང་། གུར་གུམ་ཙནྡན་དྲི་ལྔའོ། །སྦྲང་རྩི་བུ་རམ་ལན་ཚྭ་དམར། ཨ་རུ་ར་སྟེ་སྙིང་པོ་ལྔའོ། །དེ་ལྟར་རྫས་ཉེར་ལྔ་པོ་ཁྲོལ་བུར་བླུག །བདུད་རྩི་རིལ་བུ་བཏབ། ཆུ་གཙང་གིས་ཕྱེད་མཐོ་ཙམ་དུ་བཀང་། དར་རས་གོས་ཆེན་གང་རུང་ལྗང་གུ་ཤིང་ལོའི་དབྱིབས་འདབ་མ་བཞི་པ་དབུས་སུ་མེ་ཏོག་དང་འབྲས་བུའི་རྣམ་པར་ཡོད་པས་ཁ་བརྒྱན་ཏེ་དཀྱིལ་འཁོར་གྱི་དབུས་སུ་མ ཉྫིའི་སྟེང་དུ་བཞག་གོ །དེའི་སྟེང་ནས་ཤིང་རྐང་གསུམ་མམ་མཉྫི་ཅུང་ཆེ་བ་སོགས་ཕུབ་པའི་སྟེང་དུ་ཐོད་


KMC015_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཀྱིལ་འཁོར་ནང་དུ་མྱོས་བྱེད་བུ་རམ་སོགས་བདུད་རྩི་རིལ་བུ་བཏབ་པ་ཕྱེད་ཙམ་བླུགས་པའི་དཔྲལ་བ་མདུན་ལ་བསྟན་ཏེ་བཞག །དེའི་ཁར་ཤིང་གི་རྒྱ་གྲམ་སུམ་བརྩེགས་རྩིབས་དྲུག་པ་བཀབ་པའི་སྟེང་དུ་དར་དམར་གྱི་དཀྱིལ་འཁོར་ཟུར་བཞི་སྟེང་མ་འོག་ཏུ་ལྟབ་སྟེ་ཟླུམ་བསྐོར་གྱི་ཁྱོན་རན་པར་བྱས་ལ་ཡར་ཞལ་བསྟན་གདོང་མདུན་དུ་བསྟན་ཏེ་བཀབ། དེའི་སྟེང་དུ་མེ་ལོང་གི་དཀྱིལ་འཁོར་ཕྱི་ནང་གཉིས་སྦྲགས་གདོང་མདུན་དུ་བསྟན་ཏེ་བཞག །མེ་ལོང་གི་མདུན་གྱི་མཐར་གཟུངས་ཐག་རྡོ་རྗེ་བཞག །དེ་རྣམས་ཀྱི་སྟེང་ནས་ཤིང་གི་རྐང་གསུམ་ཕུབ་ལ་དར་དམར་གྱི་གུར་གཡོགས། དེ་རྣམས་ཀྱི་ཐོག་མར་དཀྱིལ་འཁོར་དང་བཅས་པའི་སྒྲུབ་པ་མི་བྱེད་ན་འདི་ནས་འགོ་བརྩམ་ཆོག རྒྱབ་དཀྱིལ་འཁོར་གྱི་ནུབ་ངོས་སུ་ཕྱེ་མར་ལས་གྲུབ་པའི་ཕག་མོའི་གཏོར་མ་ལྔ་སྦྲེང་སྨུག་རྩི་གསོལ་བའམ་མ་གསོལ་བ་གང་རུང་རྒྱན་དང་ལྡན་པ་བཞག །དཀྱིལ་འཁོར་གྱི་མཐར་མཆོད་པས་བསྐོར། སྔོན་འགྲོ་གཏོར་མ། གཏོར་ཁ་གསོ་རྒྱུའི་ཐེབ་ཀྱུས་གང་བའི་སྣོད་སོགས་དཀྱིལ་འཁོར་གྱི་མཐའ་གང་འོས་དེར་བཞག །དཀྱིལ་འཁོར་ཞལ་ཤར་དུ་བསྟན་ཅིང་རང་ཉིད་ཁ་དཀྱིལ་འཁོར་ལ་ཕྱོགས་ཏེ་ཞལ་སྤྲོད་དུ་འདུག་པས་ནུབ་ཕྱོགས་ཨཽ་རྒྱན་ལ་བལྟ་བར་མོས་ཏེ་ཁ་ནུབ་ཏུ་ཕྱོགས་པས་འདུག །རང་གི་མདུན་དུ་གཡོན་ནས་བརྩམས་སྟེ་ནང་མཆོད། རྡོ་རྗེ།


KMC015_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བུ། ཌཱ་མ་རུ་རྣམས་བཞག་ལ། ཆོ་ག་བྱ་ཚུལ་ནི། ལག་མཆོག་ཀྱི་ཐིགས་པ་ལྕེ་ཐོག་ཏུ་མྱོང་། དེ་ནས་སྔོན་འགྲོ་གཏོར་མ་བསངས་ཏེ་བདུད་རྩི་འཐོར་ནས། ༀ་ཨཱཿབིགྷྣཱན་སོགས་སྔོན་འགྲོ་གཏོར་མ་ནས་སྐྱབས་སེམས་ཀྱི་གཤམ། ཀུན་ཀྱང་སངས་རྒྱས་ཐོབ་པར་ཤོག །ཞེས་པའི་བར་བྱ། བདག་ཉིད་ཀྱི་སྤྱི་བོར་པད་ཟླ་ལ་ཧཱུྃ་ལས་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་སྐུ་མདོག་དཀར་པོ་ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་སྙེམས་པས་བསྐུར་བརྟེན་པ། དར་དང་རུས་པ་དང་རིན་པོ་ཆེས་བརྒྱན་པ། ཞབས་སེམས་སྐྱིལ་གྱིས་བཞུགས་པའི་པང་དུ་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་ཐོད་ཅན་གྱིས་འཁྱུད་པ། གཉིས་ཀའི་གནས་གསུམ་དུ་ཡིག་འབྲུ་གསུམ་དང་ཁྱད་པར་ཡབ་ཀྱི་ཐུགས་ཀར་ཟླ་བ་ལ་ཧཱུྃ་གི་མཐར་ཡིག་བརྒྱ་དཀར་པོས་བསྐོར་བ། དེ་ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་སྤྱན་དྲངས་ཏེ་དམ་ཚིག་པ་ལ་ཐིམ། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ཧཱུྃ་གི་འོད་ཀྱིས་དབང་ལྷ་སྤྱན་དྲངས་ཏེ་དབང་


KMC015_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར། བདུད་རྩིས་སྐུ་གང་། ཆུ་ལྷག་སྤྱི་བོར་འཁྱིལ་བས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། བཅོམ་ལྡན་འདས་བདག་གི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་ཐུགས་ཀའི་སྔགས་འཁོར་ལས་བདུད་རྩི་བབ། རྡོར་སེམས་ཀྱི་སྐུ་གང་། སྦྱོར་མཚམས་ནས་ལུད་དེ་རང་གི་སྤྱི་བོ་ནས་ཞུགས་པས་སྡིག་སྒྲིབ་ཉེས་ལྟུང་རྣམ་སྨིན་གྱི་ཕུང་པོ་དང་བཅས་པ་དག་ནས་རང་ལུས་འོད་གསལ་བར་གྱུར། ༀ་བཛྲས་ཏྭ་ས་མ་ཡ ༴ སྟོབས་བཞིའི་སྒོ་ནས་བཤགས་ཤིང་འབུམ་བཟླས་བྱ་བའི་བསམ་པས་ཐུན་རེ་ལ་མང་བར་བཟླ་བའམ་ཡང་ན་ཉེར་གཅིག་རེ་བཟླ་བ་སྔགས་ཀྱི་ལྟུང་བ་བྱིན་རླབས་དུ་གསུངས་པས་དེ་གཉིས་གང་རུང་གཅིག་བྱ། ཅི་ནུས་གྲངས་ཅན་བཟླ། འཕྲོ་འཇོག་ཀའི་ཚེ། མགོན་པོ་བདག་ནི་མི་ཤེས་རྨོངས་པ་སྟེ། སོགས་ནས། འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །ཞེས་གསོལ་བས་རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་གོ་ཞེས་གསུང་ཞིང་མཐར་རྡོར་སེམས་


KMC015_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དུ་ཞུ་ནས་བདག་ཉིད་ལ་ཐིམ་པར་གྱུར། །ཕུང་ཁམས་སྐྱེ་མཆེད་བྱིན་རླབས་ནི། རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་གཟུགས་ཕུང་རྣམ་པར་སྣང་མཛད། ཚོར་བ་རྡོ་རྗེ་ཉི་མ། འདུ་ཤེས་པདྨ་གར་དབང་། འདུ་བྱེད་རྡོ་རྗེ་རྒྱལ་པོ། རྣམ་ཤེས་རྡོ་རྗེ་སེམས་དཔའ། དེ་བཞིན་གཤེགས་པ་ཐམས་ཅད་དབྱེར་མེད་པ་དཔལ་ལྡན་ལྷན་ཅིག་སྐྱེས་མའོ། །མིག་གཏི་མུག་རྡོ་རྗེ། རྣ་བ་ཞེ་སྡང་རྡོ་རྗེ། སྣ་སེར་སྣ་རྡོ་རྗེ། ཁ་འདོད་ཆགས་རྡོ་རྗེ། ལུས་ཕྲག་དོག་རྡོ་རྗེ། སྐྱེ་མཆེད་དབང་ཕྱུག་རྡོ་རྗེ། ས་ཁམས་ལྟུང་བྱེད་མ། ཆུ་ཁམས་གསོད་བྱེད་མ། མེ་ཁམས་འགུགས་བྱེད་མ། རླུང་ཁམས་གར་གྱི་དབང་ཕྱུག་མ། མཁའ་ཁམས་པདྨ་ཅན་གྱི་བདག་ཉིད་དོ། །མདུན་གྱི་ནམ་མཁར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལྷ་ལྔའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་གསལ་བར་གྱུར། རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་རྩ་གསུམ་འདུས་མདོར་སོགས་ནས། བཏང་སྙོམས་ཆེན་པོ་ལ་


KMC015_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པར་གྱུར་ཅིག །གི་བར་ཆོ་ག་ནས་འབྱུང་བ་སྒྲ་ཇི་བཞིན་འདོན་བསྒོམ་བྱ། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། གཟུང་བ་དང་འཛིན་པས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་བའི་ངང་ལས་སྲུང་འཁོར་གྱི་ནང་དུ་དུར་ཁྲོད་བརྒྱད་བསྒོམ་པར་གསུངས་པ་ནི་གང་ཟག་ཐ་མ་ལ་མི་རྟག་པ་དང་འབྲིང་ལ་བདག་མེད་པ་རབ་ལ་འཁོར་འདས་རོ་མཉམ་དུ་སྟོན་པ་སྟེ་རྒྱས་བར་ལྷ་ཁྲིད་དུ་བལྟ། དེ་ནས་ལུས་གནད་བཅས་ཏེ་སྟོང་ར་དང་རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་ཆོས་དྲུག་ནས་འབྱུང་བ་ལྟར་བསྒོམ་པར་གསུངས་ཤིང་མངོན་རྟོགས་རྣམས་འདོན་བསྒོམ་བྱ། ཀྱི་དབུས་སུ་ཨེ་ལས་ཆོས་ཀྱི་འབྱུང་གནས་སོགས་ནས། ཞབས་བརྐྱང་བསྐུམ་གྱི་གར་སྟབས་སུ་བཞུགས་པའོ། །ཞེས་པའི་བར་རྣམ་དག་དྲན་པས་བསྒོམ། དེའི་དབུ་མའི་ལྷ་ཡས་ནས་མར་གསལ་གདབ་པར་གསུངས་པས། ཡས་སྣའི་རང་བཞིན་སྤྱི་བོར་ཐོར་ཚུགས་ཀྱི་ནང་རྡོ་རྗེ་ཕྱེད་པའི་ལྟེ་བ་སྦུགས་སྟོང་གི་ནང་དུ་རིགས་ཀྱི་བདག་པོ་བླ་མ་རྣམ་སྣང་ཧེ་རུ་ཀའི་རྣམ་པས་པད་ཉི་ལ་བཞུགས་པ། དེའི་འཁོར་དུ་བརྒྱུད་པའི་བླ་མ་དང་གྲུབ་ཐོབ་ཀྱི་


KMC015_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་སྤྲིན་ལྟར་དུ་གཏིབས་པ། འཁོར་ལོའི་དབུས་སོ་སོར་པད་ཉི་རེ་རེ་ལ་གནས་པའི་སྤྱི་བོར་བདེ་ཆེན་གྱི་འཁོར་ལོའི་དེ་བཞིན་དུ་མགྲིན་པ་ལོངས་སྤྱོད་ཀྱི། སྙིང་ག་ཆོས། ལྟེ་བ་སྤྲུལ་པའི་སོགས་ནས་དྲུག་ཅུ་རྩ་བཞིས་བསྐོར་བའོ།། དབུས་ཀྱི་པད་ཉི་ལ་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་སོགས་ནས། གྲུ་མོ་ན་ཁ་ཊྭཱཾ་ག་བཅུག་པ་རྩ་སྒོ་སོ་གཉིས་སུ་དེ་བཞིན་དུ་བཅུ་དྲུག་སོགས། རྒྱན་ཆ་ལུགས་དེ་དང་འདྲ་བའི་དཔའ་མོ་སུམ་བཅུ་སོ་གཉིས་ཀྱིས་བསྐོར་བ། གཙོ་མོའི་གསང་གནས་སུ་རྩ་གསུམ་འདུས་མདོར་ཡེ་ཤེས་ཀྱི་མེའི་རང་བཞིན་ཆོས་འབྱུང་ས་བོན་གྱི་ཡི་གེ་མས་ནས་འགོད་པར་གསུངས་པས། བསྣོལ་མ་གདན་ཐབས་ཀྱི་དབུས་སུ་པདྨ་འདབ་བཞིའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧྲཱིཿདམར་པོའི་མཐར་སྙིང་པོའི་སྔགས་ཕྲེང་འགལ་མེའི་འཁོར་ལོ་ལྟ་བུ་གཡས་སུ་བསྐོར་བ། འདབ་མ་བཞི་ལ་ཧ་རི་ནི་ས་དང་ཁུགས་དྲུག་ཏུ་དགའ་བ་འཁྱིལ་བ་དཀར་པོ་གཡོན་དུ་འཁྱིལ་བ་རེས་མཚན་


KMC015_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །འཁོར་ལོ་བཞིའི་གཙོ་མོའི་ཐུགས་ཀར་པདྨ་རང་མདོག་གི་ལྟེ་བ་ཅན་འདབ་བཞིའི་ལྟེ་བར་ཉི་མའི་དཀྱིལ་འཁོར་རེས་མཚན་པ་སོ་སོར་གསལ་བར་གྱུར་པ་ནི། ལྟེ་བར་ལས་ཀྱི་མཁའ་འགྲོའི་ཐུགས་ཀར་དབུས་སུ་ས་ཡིག་ལྗང་གུ། འདབ་བཞི་ལ་མདུན་ནས་གཡས་བསྐོར་དུ་ཧྲཱིཿབྱང་དུ། ཧ་རི་ནི་དང་། འཁོར་རྣམས་༦༤ ཀྱི་ཐུགས་ཀར་ས་ཡིག་ལྗང་གུ་རེས་མཚན་པ། སྙིང་གར་པདྨ་མཁའ་འགྲོའི་ཐུགས་ཀར་ནི་དམར་པོ། འདབ་བཞི་ལ་ཧྲཱིཿནུབ། ཧ་རི་ས་དང་། འཁོར་༨ རྣམས་ཀྱི་ཐུགས་ཀར་ནི་དམར་པོ་རེས་མཚན་པ། མགྲིན་པར་རིན་ཆེན་མཁའ་འགྲོའི་ཐུགས་ཀར་རི་སེར་པོ། འདབ་བཞི་ལ་ཧྲཱིཿལྷོ། ཧ་ནི་སཱ་དང་། འཁོར་རྣམས་༡༦ ཀྱི་ཐུགས་ཀར་རི་ཡིག་རེས་མཚན་པ། སྤྱི་བོར་རྡོ་རྗེ་མཁའ་འགྲོའི་ཐུགས་ཀར་ཧ་སྔོན་པོ། འདབ་བཞི་ལ་ཧྲཱིཿཤར། རི་ནི་ས་དང་། འཁོར་རྣམས་༣༢ ཀྱི་ཐུགས་ཀར་ཧ་ཡིག་རེས་མཚན་པར་


KMC015_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། ཡི་གེ་ལྔ་ཡང་ན་རྣམས་བརྗོད་ཀྱང་རུང་། ལས་འོད་ཟེར་འཕྲོས་པས་ཨཽ་ཌྱན་གྱི་གནས་ནས་སོགས་དང་། མ་ཏངྒིའི་བར་གྱིས་མཆོད། དེ་རྣམས་ཀྱི་སྐུ་ལས་རྗེ་བཙུན་མ་གཙོ་འཁོར་གྱི་སྐུ་དཔག་ཏུ་མེད་པ་བྱོན་སོགས་ནས། ལྷ་མོ་དེ་རྣམས་རང་རང་གི་སྐུ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། ཞེས་ཅི་གནས་སུ་མཉམ་པར་བཞག །དེ་ནས་བཟླས་པ་བྱ་བ་ནི། ཕྲེང་བ་ཕྲེང་ཐག་ཟུང་མ་ཡིན་པ་མདུད་འཛིན་ཉིས་བརྩེགས་ཅན། ལག་མཐིལ་གཡོན་པདྨ་འདབ་མ་གསུམ་པར་བསམ་པའི་དབུས་སུ་སྦྲུལ་བསྐྱིལ་བ་ལྟར་བཞག །གཡས་རྡོ་རྗེ་རྩེ་ལྔ་པར་མོས་པས་སྟེང་ནས་བཀབ་སྟེ། སྭ་བྷཱ་ཝ་སོགས། ཕྲེང་བ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྙིང་པོའི་སྔགས་ཕྲེང་ཕྲེང་རྡོག་ཨཱ་ལི་ཀཱ་ལི་ཡང་ན་ས་བོན་སོ་སོའམ་ཞེས་ཀྱང་གསུངས། ལས་འཁོར་མཁའ་འགྲོ་ལྔའི་ཚོགས་དང་། མདུད་འཛིན་འོག་མ་རྡོ་རྗེ་རྣལ་འབྱོར་མའི་རྣམ་པ་གཟུགས་སྐུའི་རང་བཞིན་དང་། སྟེང་མ་ཡང་འཁོར་ལོ་སྡོམ་པ་ཆོས་སྐུའི་བདག་ཉིད་སྟེ་ཁ་སྦྱོར་གྱི་སྐུ་སངས་རྒྱས་དཀོན་མཆོག་གི་ངོ་བོར་གསལ་


KMC015_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བ། དེ་རྣམས་ལས་འོད་འཕྲོས་རང་འདྲའི་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་པ་རྣམས་དམ་ཚིག་པ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་པ་ལ་པུཥྤེ་སོགས་ནས། མ་ཏངྒིའི་བར་དང་། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །སོགས་ནས། རྗེ་བཙུན་མ་ལ་ཕྱག་འཚལ་བསྟོད། །ལྷ་ཚོགས་རྣམས་ཐིམ་ཞིང་ཞུ་བ་ལས་རྣམ་པ་འདུ་བྱེད་ལྔ་བཅུ་རྩ་གཅིག་དག་པའི་ཐོད་རློན་ལྔ་བཅུ་རྩ་གཅིག་གི་ཕྲེང་བ་ངོ་བོ་སྔགས་ཀྱི་དཀོན་མཆོག་གསུམ་གྱི་བདག་ཉིད་དུ་གྱུར། ༀ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་མཐེ་བོང་གཡོན་པ་རྡོ་རྗེ་ལྕགས་ཀྱུའི་རྣམ་པས་ཕྲེང་རྡོག་རེ་རེ་བཞིན་རྡོ་རྗེ་རྣལ་འབྱོར་མ་ལྷ་ལྔའི་ངོ་བོར་སྤྱན་དྲངས་ཏེ་རང་གི་ལྟེ་བའི་ཧྲཱིཿཡིག་ལ་ཐིམ་པས་ལྷ་དབང་དུ་གྱུར་པར་བསམ་སྟེ་སོར་མོ་བཞི་སྦྱར་བའི་མཛུབ་མོའི་སྟེང་དུ་བགྲང་བར་བྱ་ཞིང་དེ་ཡང་མི་སྡོད་པ་གསུམ་གྱི་སྒོ་ནས་བཟླ་བ་སྟེ། དེ་ཡང་འོག་རླུང་ཅུང་ཟད་འཐེན་སྟེང་རླུང་གློད་དེ་ལུས་མི་སྡོད་པ་གཡོ་འགུལ་དང་བཅས་ནས། ངག་མི་སྡོད་པ་མི་ཚིག་གིས་བར་མ་ཆོད་པ། སེམས་མི་སྡོད་


KMC015_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་པོར་དམིགས་པ་ལ་སེམས་རྩེ་གཅིག་ཏུ་སྡུད་ཅིང་མཐར་རྣམ་རྟོག་གཅིག་གིས་ཀྱང་བར་མ་ཆོད་པར་བཟླའོ། །དེ་ལ་དམིགས་པ་བརྟན་པ་དང་གནས་པ་ལས་སུ་རུང་བ་ཅུང་ཟད་ཐོབ་ནས། ཐུན་མོངས་མ་ཡིན་པའི་བཟླས་པ་ལ་སྐུ་གསལ་གདབ་ཀྱི་བཟླས་པ། འགོག་བཟླས་ཆུང་ངུ་། སྤྲོ་བསྡུའི་བཟླས་པ། རྡོ་རྗེའི་བཟླས་པ། འགོག་བཟླས་ཆེན་པོ་སྟེ་ལྔའོ། །འདི་རྣམས་ཀྱི་དམིགས་པ་སེམས་ཀྱིས་བསྒོམ་པར་བྱ་བ་མ་གཏོགས་ངག་འདོན་དུ་བྱ་བར་མི་འོས་པས་བསྒོམ་ཚུལ་ནི་རྒྱས་པ་ལྷ་ཁྲིད་དུ་བལྟ་ཞིང་སྔ་མ་ལ་དམིགས་པ་བརྟན་པ་དང་ལས་སུ་རུང་བ་ཐོབ་ནས་ཕྱི་མ་ཕྱི་མ་གོ་རིམ་བཞིན་བསྒོམ་པར་བྱའོ། །དབང་པོ་རབ་ཀྱིས་ནི་ལུས་ལྷ་སྐུ་སྣང་སྟོང་དབྱེར་མེད་ཕྱག་རྒྱ་ཆེན་པོ། ངག་གྲགས་སྟོང་སྔགས་ཀྱི་སྒྲ་དབྱངས་བྲག་ཆ་ལྟ་བུ། སེམས་རིག་སྟོང་འོད་གསལ་གཞི་རྩ་དང་བྲལ་བ་ཆོས་ཉིད་ཕྱག་རྒྱ་ཆེན་པོ་ལ་གཡོ་བ་མེད་པར་བཞག་སྟེ་བཟླ་བ་ནི་གཞུང་ཞལ་གདམས་ཀྱི་དགོངས་པ་དངོས་ཡིན་ལ། དེ་ལྟར་མི་ནུས་པའི་ལས་དང་པོ་པ་ལ་བཟླས་རིམ་སྔ་མ་བཞིས་རིམ་བཀྲི་དགོས་པ་ཡིན་པར་གསུངས་སོ། ཐུན་གསུམ་ཙམ་དུ་གྲངས་སུ་བཅད་ནས་བྱེད་དམ། དེ་ལས་མང་ཉུང་གང་བྱེད་ཀྱང་ཐུན་འཇོག་ཀའི་ཚེ་ཐུན་སོ་སོའི་མཐར། ཕྱི་རོལ་སྣོད་བཅུད་རྟེན་གཞལ་ཡས་ཁང་འཁོར་དང་བཅས་པ་སོགས་ནས། ཕྱག་


KMC015_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ལྔས་བརྒྱན་པ་གསལ་བར་གྱུར། གྱི་བར་བྱས་ཏེ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་པར་བྱའོ། །ཐུན་གསུམ་བྱེད་ན་ཐུན་ཐའི་བཟླས་པ་སོང་བའི་རྗེས་སུ། ༀ་ཨཱཿབིགྷྣཱན་སོགས་ལག་མཆོད་ནས། ལག་པའི་ལྷ་ཚོགས་རྣམས་ཆང་ནང་གི་ལྷ་ཚོགས་ལ་ཐིམ་པས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་བཛྲ་བཻ་རོ་ཙ་ནཱི་སོགས་དང་བདུད་རྩི་འཐོར་ཏེ། ཕྱི་རོལ་གྱི་བགེགས་དང་མ་དག་པའི་ཚོགས་ཚར་བཅད་དེ་སོགས་གནས་སྲུང་བ། བདག་སྲུང་བ། རྣལ་འབྱོར་སྲུང་བ་རྣམས་བྱ། དེ་ནས་མཐེབ་སྲིན་གྱིས་བདུད་རྩི་བླངས་ཏེ། ན་མོ་སྐུ་བཞིའི་བདག་ཉིད་དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ༀ་ཨཱཿཧཱུྃ། སོགས་སྨིན་མཚམས་ནས་འཐོར་བས་རྩ་བརྒྱུད་ཀྱི་བླ་མ་རྣམས་དང་། ༀ་བཛྲ་བཻ་རོ་ཙ་ནཱི་ཡཻ་ༀ་ཨཱཿཧཱུྃ། སོགས་སྙིང་ག་ནས་ཡི་དམ་ཆོས་སྐྱོང་། ནོར་ལྷ་གཏེར་བདག་རྣམས་ཀྱི་ཞལ་དུ། ཡུལ་ལྷ་གཞི་བདག་རྣམས་ཀྱི་ཞལ་དུ། ལམ་རྒྱུད་ལྔ་སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་རིགས་དྲུག་ལྷར་གསལ་བ་རྣམས་ཀྱི་ཞལ་


KMC015_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

དུ། ཞེས་པུས་མོ་གཡོན་གྱི་ཐད་ནས་གཞི་བདག་དང་རིགས་དྲུག་ལྷར་གསལ་བ་ལ་འབུལ་ཞིང་། མཐར་ༀ་ཨཱཿཧཱུྃ། ཞེས་བདུད་རྩིའི་ཐིགས་པ་ལྕེ་ཐོག་དུ་བཞག་སྟེ་ལུས་ཀྱི་ལྷ་མཉེས་པར་བྱའོ། ༈ །དེ་ནས་བུམ་པ་སོགས་སྒྲུབ་པ་ན། དཀྱིལ་འཁོར་ལ་དམིགས་པའི་བདུད་རྩི་འཐོར་ཏེ། ༀ་ཨཱཿབིགྷྣཱན་སོགས། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་བུམ་པ་དམར་པོ་རྩ་བ་དང་ནག་པོ་མེད་པ་སོགས་ནས། སྐུ་གསུང་ཐུགས་བྱང་སེམས་དཀར་དམར་གྱི་བདུད་རྩི་སྤྱན་དྲངས། བཛྲ་ས་མཱ་ཛཿ ༀ་ཤྲཱི་བཛྲ་ཝཱ་རཱ་ཧཱི་བཛྲ་ཨརྒྷཾ་སོགས་ནས། མ་ཏངྒིའི་བར་དང་། མེ་ལོང་གི་སྔགས་འཁོར་དང་ཐོད་པའི་བདུད་རྩི་བུམ་པའི་ལྷ་ཚོགས་རྣམས་ལ་ཛཿཧཱུྃ་བཾ་ཧོཿ ཞེས་སིནྡྷུ་རའི་མཎྜལ་གྱི་སྟེང་དུ་གཟུངས་ཐག་རྡོ་རྗེ་བཞག་པའི་སྣ་ནས་བཟུང་ལ། སིནྡྷུ་རའི་མཎྜལ་གྱི་སྟེང་དུ་ཧྲཱིཿཡིག་དམར་པོ་ཚོན་གང་བ་བསམ། ས་བོན་རྣམས་ཀྱི་འོད་ཀྱིས་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་རྣམ་པས་སྟེང་གི་ནམ་མཁར་སྤྱན་དྲངས་ཏེ་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབ་པས་ཧྲཱིཿཡིག་ལ་རྒྱུན་མི་ཆད་པར་ཐིམ་ཞིང་། ཧྲཱིཿཡིག་དེ་ལྕི་ཞིང་སྣུམ་པས་བདུད་རྩིའི་རྒྱུན་བབ་སྟེ་སིནྡྷུ་


KMC015_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

རའི་མཎྜལ་གང་། ཕྱིར་ལུད་པས་མཁའ་འགྲོ་དབང་སྡུད་ཀྱི་འཁོར་ལོ་གང་། སླར་ལུད་པས་དར་དམར་གྱི་དཀྱིལ་འཁོར་གང་། དེ་ནས་ཡང་ལུད་པས་ཐོད་པ་གང་། སླར་ལུད་པས་བུམ་པ་གང་ཞིག་བུམ་ཐོད་ཀྱི་རྟེན་བརྟེན་པ་ཡང་བདུད་རྩིར་ཞུ་བར་བསམ་ཞིང་སྙིང་པོ་བརྒྱ་སྟོང་སོགས་མང་ཉུང་ཅི་རིགས་བཟླ། མཐར། མེ་ལོང་ཐོད་པ་བུམ་པ་བདུད་རྩིས་རིམ་བཞིན་ཁེངས་ཏེ་བུམ་ལྷ་ཞུ་བར་གྱུར། ༈ །དེ་ནས་མདུན་བསྐྱེད་ནི། མདུན་གྱི་ནམ་མཁར་བདུད་རྩི་གཡོན་པའི་མཐེབ་སྲིན་གྱིས་འཐོར་ཏེ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་དཀྱིལ་ཐང་སོགས་ལ་དམིགས་ནས། ༀ་ཨཱཿབིགྷྣཱན་སོགས། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་སྲུང་འཁོར་དུར་ཁྲོད་དང་བཅས་པའི་དབུས་སུ་ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་ ཞེས་གདན་ཐབས་ཀྱི་ཆོས་འབྱུང་དང་ཁང་ཐབས་ཀྱི་ཆོས་འབྱུང་སྟེང་འོག་གཉིས་ཀ་བསྒོམ། སོགས་ནས། ཞབས་བརྐྱང་བསྐུམ་གྱི་གར་སྟབས་སུ་བཞུགས་པའོ། །དེའི་ཤར་དུ་ཧ་ལས་སོགས་ནས། ལྷ་མོ་དེ་རྣམས་རང་རང་གི་སྐུ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་གྱི་བར་དང་། དེ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གསུམ་


KMC015_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་ཀྱི་བཟླས་པ་བྱ་བ་ནི། བདག་བསྐྱེད་ཀྱི་དཔྲལ་བ་ནས་མགྲིན་པ་ནས་སོགས། སྐུའི་འོད་ཟེར་དཀར་པོ་འཕྲོས། དམར་པོ་སོགས། མདུན་བསྐྱེད་ཀྱི་དཔྲལ་བར་ཐིམ། མགྲིན་པར་སོགས། མདུན་བསྐྱེད་གཙོ་འཁོར་གྱི་དཔྲལ་བ་ནས་ མགྲིན་པ་ནས་སོགས། སྐུའི་གསུང་སོགས། འོད་ཟེར་དཀར་པོ་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་ཐམས་ཅད་ཀྱི་དཔྲལ་བར་མགྲིན་པར་སོགས། ཐིམ་པས་དེ་ཐམས་ཅད་ཀྱི་སྐུའི་གསུང་གི་སོགས། ཡོན་ཏན་དང་ནུས་མཐུ་དང་བྱིན་རླབས་ཐམས་ཅད་སྐུའི་འོད་ཟེར་དཀར་པོའི་གསུང་གི་འོད་ཟེར་དམར་པོ་སོགས། རྣམ་པར་ཚུར་བྱོན། མདུན་བསྐྱེད་གཙོ་འཁོར་གྱི་དཔྲལ་བར་མགྲིན་པར་སོགས། ཐིམ་པས་མདུན་བསྐྱེད་གཙོ་འཁོར་གྱི་སྐུའི་གསུང་གི་སོགས། བྱིན་རླབས་ཐམས་ཅད་བསྡུས་ཏེ་དཔྲལ་བ་ནས་འོད་ཟེར་དཀར་པོའི་མགྲིན་པ་ནས་འོད་ཟེར་དམར་པོ་སོགས། རྣམ་པར་ཚུར་བྱོན་བདག་ཉིད་ཀྱི་དཔྲལ་བར་ཐིམ་པས་སྐུའི་གསུང་གི་སོགས། བྱིན་རླབས་ཐམས་ཅད་ཐོབ་སྟེ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་གསུང་གི་


KMC015_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། བདག་ཉིད་ངའོ། །བདག་བསྐྱེད་ཀྱི་མགྲིན་པ་ནས་སོགས། གོང་བཞིན་ཕྲིན་ལས་ཀྱི་བར་སྦྱར་སྟེ། ཕྲིན་ལས་ཀྱི་བདག་ཉིད་ངའོ། །ཞེས་པའི་བར་བརྗོད་ལ་མདུན་བསྐྱེད་ལ་དམིགས་པའི་བཟླས་པ་བྱའོ། །ཐུན་མཐར། ཨེ་མ་ཧོཿ ངོ་མཚར་རྨད་ཀྱི་ཆོས་སོགས་མཆོད་བཞི་བསྟོད་བཞི་ནས་བདག་འཇུག་སྤྲོ་ན་ཚར་རེ་དང་མི་ལན་ན་ཚོགས་ཆོག་གཏོར་འབུལ་ཚོགས་ལྷག་སོགས་ནས། ཕྱག་རྒྱ་ལྔས་བརྒྱན་པ་གསལ་བར་གྱུར། །དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་ལོ། །སོགས་ཀྱི་བར་བྱའོ། ༈ །དང་པོར་བསྙེན་པའི་དོད་དུ་དཀྱིལ་འཁོར་མ་བཅས་པར་བདག་བསྐྱེད་རྐྱང་པས་བསྒྲུབས་ནས། དེ་ལ་དམིགས་པ་གོམས་པ་དང་ལས་སུ་རུང་བ་ཐོབ་ནས། ཕྱིས་དཀྱིལ་འཁོར་དང་བཅས་པའི་སྒྲུབ་པ་བྱ་ལ། བདག་བསྐྱེད་གཙོ་བོར་སྒྲུབ་ན་བདག་བསྐྱེད་ལ་ཐུན་གསུམ་དུ་བྱས་ཏེ་ཐུན་ཕྱི་མའི་མཐར་མདུན་བསྐྱེད་ཀྱི་བསྒོམ་བཟླས་བྱེད་ཅིང་བདག་བསྐྱེད་ཀྱི་གཞལ་ཡས་ཁང་གི་ནང་དུ་མདུན་བསྐྱེད་ཀྱི་སྲུང་འཁོར་སོགས་ཚུད་པར་བསྒོམ་ལ། མདུན་བསྐྱེད་གཙོ་བོར་སྒྲུབ་པའི་ཚེ་ཐུན་གསུམ་དུ་བྱེད་པའི་དབང་དུ་བྱས་ནས་ཐུན་དང་པོའི་མགོར་བདག་བསྐྱེད་ཀྱི་བསྒོམ་བཟླས་བྱེད་ལ་བདག་བསྐྱེད་ཀྱི་སྲུང་འཁོར་སོགས་ཀྱང་


KMC015_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་བསྐྱེད་ཀྱི་ཆོས་འབྱུང་ནང་དུ་ཚུད་པར་བྱས་ནས་ཕལ་ཆེར་མདུན་བསྐྱེད་དུ་བསྒྲུབ་བོ། ཆ་མཉམ་དུ་སྒྲུབ་པའི་ཚེ་གཞལ་ཡས་ཁང་ཐ་དད་པའམ་ཡང་ན་བདག་བསྐྱེད་བསྡུས་ནས་མདུན་བསྐྱེད་དུ་འཕོ་བའམ་ཐུན་རེ་བཞིན་ཐུན་སྟོད་བདག་བསྐྱེད་ཐུན་སྨད་མདུན་བསྐྱེད་དུ་བསྒྲུབ་པར་གསུངས་ལ། སྤྱིར་དང་པོར་བདག་བསྐྱེད་གཙོ་བོར་བསྒྲུབ། གྲངས་བསྙེན་ཙམ་ཐིམ་ནས་ཆ་མཉམ་དང་། བདུད་རྩི་སྒྲུབ་པ་སོགས་ལ་མདུན་བསྐྱེད་གཙོ་ཆེ་བས་བསྒྲུབ་ཅིང་། བརྟན་པ་ལེགས་པར་ཐོབ་ནས་བདག་མདུན་དང་མཉམ་རྗེས་སོགས་ཐ་དད་མེད་པར་བསྐྱེད་རྫོགས་དབྱེར་མེད་ཀྱིས་བསྒྲུབ་པ་ལྷ་ཁྲིད་དུ་གསུངས་སོ། །དཀྱིལ་འཁོར་དང་བཅས་པའི་སྒྲུབ་པའི་ཚེ་ནི་མཐར་སྒྲུབ་པ་གྲོལ་ཁར་བདག་འཇུག་བརྒྱ་སྟོང་སོགས་བླང་ངོ་། །དཀྱིལ་འཁོར་བསྡུ་བ་ནི། བུམ་ཆུ་དབང་གི་དུས་སུ་དངོས་གྲུབ་ཏུ་བླང་། སིནྡྷུ་རའི་ཕྱི་ནང་གི་མཎྜལ་མཐའ་ནས་བསྡུས་སྟེ་ལྟེ་བ་དང་སྙིང་གར་བྱུག །ལྷག་མ་ཟ་མ་ཏོག་ཏུ་བཅང་། ཐོད་པའི་བཅུད་ནང་མཆོད་ཡིན་ན་དངོས་གྲུབ་ཏུ་བཏུང་ཞིང་། སྨན་ནམ་རིལ་བུ་ཡིན་ན་གྲུབ་ནས་ཕུད་བླ་མ་ལ་དབུལ་ཞིང་ཆ་གཅིག་སྒྲུབ་པའི་གྲོགས་ལ་སྦྱིན། ལྷག་མ་རིལ་བུ་ཡུངས་ཀར་གྱི་འབྲུ་ཙམ་པ་བྱས་ལ་ནང་རེ་བཞིན་མྱོང་། ཐོད་པ་སིནྡྷུ་ར་དང་མེ་ལོང་དང་བཅས་པ་དར་དམར་དཀྱིལ་འཁོར་ཅན་དེས་དྲིལ་སྟེ་འགྲོ་ན་མཆན་འོག་གམ་སྡོད་ན་


KMC015_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

དབེན་པར་བཅང་རྡུལ་ཚོན་གྱི་དཀྱིལ་འཁོར་མཐའ་ནས་འོད་དུ་ཞུ་བར་བསམ་སྟེ་ཁྱམས་ཀྱི་བར་ཕྱི་ནས་ནང་དུ་ཕྱགས་ཏེ་ཁང་ཐབས་ཀྱི་ཆོས་འབྱུང་གི་སྟེང་དུ་ལྷ་མཚན་ལ་མ་གནོད་པར་ཐབ་བཅའ་བར་གསུངས་ཤིང་། སྟེགས་བུ་ལ་རྡུལ་ཚོན་དང་ཐིག་རྩ་སོགས་མ་གྲུབ་པར་ཚོན་བཏང་ནས་བྲིས་པ་ཡིན་ན་མཐའ་མེ་རི་ནས་ཁང་ཐབས་ཀྱི་བར་དུ་ཆུ་གཙང་མར་རས་སོགས་སྦངས་པས་དབྱི། དཀྱིལ་ཐང་བཀྲམ་པ་ཡིན་ན་དེའི་ཤུལ་སྟེགས་བུའི་དཀྱིལ་དུ་ཁང་ཐབས་ཀྱི་ཆོས་འབྱུང་པདྨ་འདབ་བཞི་ལྷ་མཚན་དང་བཅས་པ་ཙམ་ཞིག་དཀར་པོའམ་ནག་པོ་སོགས་ཚོན་གང་ཡང་རུང་བས་བྲིས་པའི་སྟེང་དུ་ཆོས་འབྱུང་གི་རྒྱ་དང་མཉམ་པར་ཤུག་པ་སོགས་དྲི་ཞིམ་པའི་ཤིང་དམར་པོས་ཆོས་འབྱུང་གི་དབྱིབས་རྒྱའི་ཕྱེད་ཀྱི་དཔངས་སུ་བརྩིགས། ལྷ་མཚན་སོགས་ལ་མ་གནོད་པར་ཤིང་དྲི་ཞིམ་པོས་ནང་ཅུང་ཟད་བཀང་། དགེ་འདུན་གྱི་ཚང་མང་གི་མེ་ཞེས་པ་རུང་ཁང་ངམ་ཐབ་ཚང་གི་མེའམ། རྒྱལ་པོའི་མེ་ཞེས་པ་དེང་སང་སྡེ་དཔོན་དུ་གྲགས་པ་རྣམས་ཀྱི་ཐབ་ཆེན་གྱི་མེ་སོགས་གང་རུང་བླངས་ཏེ་སྦར་ཞིང་དབུས་སུ་བཞུག །དཀྱིལ་འཁོར་གྱི་ལྷ་ཡེ་ཤེས་ཀྱི་མེ་ལྷར་བཞུགས་པ་ལ། སྨན་སྣ་འབྲུ་སྣ་རིན་པོ་ཆེ་སྣ་ཚོགས་དྲི་སྣ་ཚོགས་བདུད་རྩིས་སྦགས་པ་ཡེ་ཤེས་ཀྱི་བདུད་རྩིར་བསམ་ནས་ཞལ་དང་ཕྱག་ཏུ་འབུལ་བར་བསམ་སྟེ་གཡོན་གྱི་མཐེབ་སྲིན་ནམ་


KMC015_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

བླུགས་གཟར་གྱིས་འབུལ་ཞིང་སྙིང་པོའི་སྔགས་ལ་འབྲུ་གསུམ་བཏགས་པ་བརྗོད། དེ་བཞིན་དུ་མར་ཁུ་དང་ཁ་ཟས་སྣ་ཚོགས་དང་བཏུང་བ་སྣ་ཚོགས་དང་གཏོར་མ་ཡང་ཐབ་ཏུ་འབུལ། མཆོད་བཞི་བསྟོད་བཞི་བྱ། འདོད་དོན་ལ་གསོལ་བ་གདབ། གལ་ཏེ་སྤྲོས་པ་ལ་དགའ་ན་བྲིས་ཐབ་བམ་འབྲུ་ཐབ་བརྩེགས་ཐབ་གང་ཡང་རུང་བས་ཐབ་ཟུར་དུ་བྱས་ཏེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྦྱིན་སྲེག་རྫས་སྔགས་སོ་སོས་འབུལ་བ་ཡང་བྱར་རུང་ངོ་ཞེས་ན་ཡི་གཉིས་གཉིས་གསུངས་ཤིང་། སྔ་མ་ལྟར་ལག་ཏུ་ལེན་ན་ཆོ་གའི་གོ་རིམ་བྱ་ཚུལ་ནི། སྔོན་འགྲོ་གཏོར་མ་ནས་བཟུང་ཆོ་ག་ཡོངས་རྫོགས་ཞིག་ཕལ་ཆེར་བྱ་དགོས་པ་ལས་བུམ་སྒྲུབ་དང་བདག་འཇུག་གཉིས་འདོན་མི་དགོས་ཤིང་། མཆོད་པའི་ཡོ་བྱད་ཐམས་ཅད་བདུད་རྩིའི་རང་བཞིན་དུ་གྱུར། ཞེས་པའི་རྗེས་སུ་ནང་མཆོད་ཕུལ་ནས། ༀ་ཨཱཿབིགྣཱན་སོགས་བསངས་སྦྱང་བརྗོད་ཅིང་ཐབ་ལ་བདུད་རྩི་འཐོར་ཏེ། ཐབ་ཁུང་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་བའི་ངང་ལས་ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་རྩ་བ་ཕྲ་བ་ཐུར་དུ་ཟུག་པ། ཁ་གདེང་ཆེ་བ་གྱེན་དུ་བསྟན་པ། ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བར་གྱུར། དེ་ནས་


KMC015_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འབར་སྦར་ཏེ་གཡས་ཕྱོགས་སུ་བསྐོར་ཞིང་། སྟོང་པའི་ངང་ལས་ཧྲཱིཿལས་ཡེ་ཤེས་ཀྱི་མེ་ཕུང་དམར་ཞིང་གསལ་བའི་ཕུང་པོར་གྱུར། ༀ་བཛྲ་ཛྭ་ལ་ཧཱུྃ། ཞེས་ཐབ་ཁུང་དབུས་སུ་རྩེ་མོ་བཅུག །ཧཱུྃ། ཞེས་རླུང་གཡབ་ཀྱིས་གཡབ། ༀ་ཨགྣ་ཡེ་སྭཱ་ཧཱ། ཞེས་མར་ཁུ་གསོ། ཐབ་ཁུང་གི་དབུས་སུ་གདན་པདྨ་རོ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་ཚེག་དྲག་དང་བཅས་པ་དེ་ལས་སོགས་ནས། ལྷ་མོ་དེ་རྣམས་རང་རང་གི་སྐུ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། ཞེས་བཟླས་པ་བརྒྱ་ཙམ་ཞིག་སོང་བ་དང་། བསྲེག་རྫས་ལ་མཐེབ་སྲིན་གཡོན་གྱིས་བདུད་རྩི་འཐོར་ཏེ། བསྲེག་རྫས་རྣམས་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པ་བཅོམ་ལྡན་འདས་མ་འཁོར་དང་བཅས་པ་མཉེས་བཞིན་དུ་བཞེས་པར་གྱུར། ༀ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ༀ་ཨཱཿཧཱུྃ། ཞེས་བསྲེག་རྫས་རྣམས་མ་ཟད་ཀྱི་བར་དུ་འབུལ། དེ་ནས་མཆོད་བཞི་བསྟོད་བཞི་རྣམས་རིམ་པར་བྱ་ཞིང་། རྒྱལ་བའི་སྐུ་ལ་ཉོན་མོངས་མི་མངའ་ཡང་། །སོགས་ཀྱི་སྐབས་སུ་མཆོད་ཡོན་དང་བཅས་པའི་


KMC015_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་རྣམ་ལྔ་དང་། ཁ་དོག་དབྱིབས་ལེགས་ཀྱི་གཤམ་དུ་ན་བཟའ་ཐབ་ཏུ་འབུལ། འདོད་དོན་གསོལ་འདེབས་སྙིང་པོའི་སྔགས་ཀྱིས་མར་ཁུ་ཕུལ་ཏེ། ཕྱི་གདོན་གྱི་བར་ཆད་སོགས་སྦྱིན་སྲེག་ལས་འབྱུང་བ་རྒྱས་བསྡུས་གང་རུང་ལན་གསུམ་འབུལ། ཚོགས་བྱིན་རླབས་ཀྱི་གཤམ་དུ་སྨན་ཕུད་དང་ཚོགས་ཕུད་ཐབ་ཏུ་འབུལ། གཏོར་མ་ལ་ཡང་ཚོགས་ཕུད་སྦྲིན་ཏེ། ༀ་ཨཱཿབིགྷྣཱན་སོགས་བྱིན་རླབས་བྱས་ཏེ། ༀ་བཛྲ་ཨཱ་ར་ལླི་ཧོཿ སོགས་གསུམ་དང་། ༀ་བཛྲ་བཻ་རོ་ཙ་ནཱི་སོགས་ནས། མ་མ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱའི་བར་ཚར་གཉིས་སེ་གོལ་དང་རྡོར་ཐལ་དང་བཅས་ནས་འབུལ། ཚར་གསུམ་པའི་སྐབས་སུ་གཏོར་མ་ཐབ་ཏུ་འབུལ། ལྷ་རྣམས་ཀྱི་ལྗགས་སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཀྱི་བར་དང་། སླར་མཆོད་པ་གསར་དུ་བཤམས་ནས། ༀ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧ་རི་ནི་ས་ཤྲཱི་བཛྲ་ཡོ་གི་ནཱི་ཨརྒྷཾ་སོགས་ནས། མ་ཏངྒིའི་བར་གྱིས་མཆོད། ཧྲིཿཞལ་གཅིག་སྤྱན་གསུམ་སོགས་ནས། ཡུམ་གྱུར་མ་ལ་ཕྱག་འཚལ་བསྟོད། །མ་འབྱོར་བ་དང་སོགས་དང་ཡིག་བརྒྱ་བཟླ་ཞིང་ནོངས་པ་བཟོད་པར་གསོལ། ལྷ་མོ་ཚད་མ་སོགས་སྨོན་ལམ་གདབ། མདུན་བསྐྱེད་ཀྱི་


KMC015_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་བཅུད་རྟེན་བརྟེན་པ་དང་བཅས་པ་འོད་དུ་ཞུ་སྟེ་གཙོ་མོ་ལ་ཐིམ། དེ་ས་བོན་ཧྲཱིཿཡིག་ལ་ཐིམ་ཞིང་དེ་ཡང་བདག་ཉིད་ཀྱི་ཧྲཱིཿཡིག་ལ་ཐིམ་པར་གྱུར། ཕྱི་རོལ་སྣོད་བཅུད་རྟེན་གཞལ་ཡས་ཁང་འཁོར་དང་བཅས་པ་བདག་ཉིད་ལ་འདུས་སོགས་ནས། ཕྱག་རྒྱ་ལྔས་བརྒྱན་པ་གསལ་བར་གྱུར། །དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་ལོ། །སོགས་དགེ་བ་བསྔོ་བ་བྱ་སྟེ། ཐལ་བ་དང་རྡུལ་ཚོན་ཕྱགས་ཏེ་རྒྱ་མཚོར་འབབ་པའི་ཆུའམ་པཀྵུའམ་སིནྡྷུ་སོགས་དེང་སང་གཙང་པོར་གྲགས་པ་ཆེ་བ་རྣམས་དང་། རི་བོའི་རྩེར་དོར། ལས་ཀྱི་རྗེས་མི་མངོན་པར་བྱས་ཏེ་ཤིས་པ་བརྗོད་དོ། ༈ །གསང་སྒྲུབ་ནི། གནས་དུས་བཀོད་པ་བཤམ་རྣམས་སྔ་མ་ཞལ་གཅིག་པ་དང་ཁྱད་མེད་པར་གསུངས་ཤིང་། ཞལ་གཉིས་མ་ཞེས་པའི་མཚན་ལས་སྨོས་པའི་སྐབས་དོན་བསྒྱུར་རྒྱུ་ནི། བདག་བསྐྱེད་ཀྱི་གཤམ་དུ། རྒྱན་ཆ་ལུགས་དེ་དང་འདྲ་བའི་དཔའ་མོ་དྲུག་བཅུ་རྩ་བཞིས་བསྐོར་བ། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོ་ཚངས་བུ་གནས་ཐོན་པའི་ཕག་ཞལ་རང་མདོག་གཙོ་མོར་དམར་མོ། རྡོ་རྗེ་མཁའ་འགྲོ་མར་མཐིང་ནག །རིན་ཆེན་མཁའ་འགྲོ་མར་སེར་མོ་སོགས། སྤྱན་གསུམ་ནམ་མཁར་ལྟ་བ། ཟེ་བ་མདུན་


KMC015_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སུ་ལངས་ཤིང་རྒྱབ་ཏུ་ཞལ་ལྟ་བ་མཆེ་བ་གཙིགས་ཤིང་ངུར་སྒྲ་དྲག་ཏུ་སྒྲོགས་པ་རེ་རེས་མཚན་པར་གྱུར། གཙོ་མོའི་གསང་གནས་སུ་སོགས་དང་གཞུང་བཞིན་བདག་བསྐྱེད་ཀྱི་གཤམ་དུ། ལྷ་མོ་དེ་རྣམས་རང་རང་གི་སྐུ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་ཞེས་སྐུ་གསལ་གདབ་ཀྱི་བཟླས་པ་ནས་འགོག་བཟླས་ཆེན་པོའི་བར་ཐུན་མོངས་མ་ཡིན་པའི་བཟླས་རིམ་ལྔ་པོ་ནང་སྒྲུབ་ཀྱི་སྐབས་བཞིན་བྱ་བར་གསུངས་ཤིང་། སྤྲོ་བསྡུའི་བཟླས་པའི་སྐབས་སུ་དབུ་མའི་སྟེང་སྤྲོ་སྟེང་སྡུད་ཀྱི་ཚེ་འོད་ཁ་དོག་དམར་པོ་དང་སྔགས་ཕྲེང་ཕག་ཞལ་གྱི་སྤྱན་དབུས་མའམ་ཚངས་བུག་ནས་སྤྲོ་བ་ནི་ཁྱད་པར་ཡིན་ནོ། །ཞེས་གསུངས་པས་སྐུ་གསལ་གདབ་དང་སྤྲོ་བསྡུའི་གཞི་འཛིན་པ་གཉིས་སྔོན་དུ་སོང་བའི་རྗེས་སུ་དེ་ལྟར་བསྒོམ་པར་བྱ་སྟེ་རྒྱས་པར་ལྷ་ཁྲིད་ཀྱི་བཟླས་པའི་སྐབས་སུ་བལྟའོ། །དེ་རྣམས་ཀྱིས་བསྙེན་པ་ཐེམས་ནས་གསང་སྒྲུབ་ཀྱི་སྒྲུབ་པ་གྲོལ་བའི་ཚེ། ཆོ་ག་རྒྱས་པ་ཞལ་གཉིས་མ་དང་སྦྱར་བ་ཆ་ཚང་བ་ཞིག་སོང་ནས་བཀྲ་ཤིས་ཀྱི་རྗེས་སུ། ཕྱི་རོལ་སྣོད་བཅུད་རྟེན་སོགས་ཀྱི་མཐར། སླར་ཡང་དེ་ཉིད་ཀྱི་ངང་ལས་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པ་ཡུམ་དང་བཅས་པ་


KMC015_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་གྱུར། ཐུགས་ཀའི་ཧཱུྃ་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་བྱུང་། དབུ་མ་ནས་བརྒྱུད་དེ་གསང་བ་ཡབ། ནས་མཁའ་དང་ཞལ་ནས་ཞལ་དུ་ཞུགས་ཏེ་ཐུགས་ཀའི་ཧཱུྃ་ལ་ཐིམ་པར་གྱུར། ༀ་ཧྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ། ཅེས་ཡིག་བདུན་འབུམ་ཕྲག་བཞི་བཟླའོ། །ཞེས་ལྷ་ཁྲིད་དུ་གསུངས་པས་མདོར་བསྡུ་ན་འདི་ཙམ་ལ་བསྟེན་པའོ། །སླར་ཡང་ཡབ་ཀྱི་བསྙེན་པ་གསོག་པའི་དུས་སུ་བསྐྱེད་རྫོགས་དང་མཆོད་གཏོར་སོགས་རྒྱས་པར་སྤྲོ་ཡང་། ཕག་མོའི་སྒྲུབ་པ་གྲོལ་བའི་སླར་ཧེ་རུ་ཀའི་ང་རྒྱལ་དུ་འཕོས་པའི་འཕྲོ་དེར་དམིགས་པ་མདོར་སྡུས་འདི་ཙམ་ཞིག་སྟེང་ནས་བཟླས་པ་སྟོང་རྩ་གཅིག་ཙམ་བྱས་ཏེ། དེའི་སང་ཉིན་ནས། རྗེ་དུས་མཁྱེན་ཞབས་ཀྱིས་མཛད་པའི་ཐུགས་དམ་ལྔ་ཚན་ལྔ་ལས་བདེ་མཆོག་ལྷ་ལྔ་རྩ་བ་དེ་ཙམ་ཞིག་གམ། བཀའ་རྒྱུད་གོང་མ་རྣམས་ཀྱི་བདེ་མཆོག་གི་སྒྲུབ་དཀྱིལ་ཚིག་ཉུང་ལ་དོན་རྒྱས་པ་གང་མོས་ཞིག་གི་སྒོ་ནས་ཉམས་ལེན་དུ་བྱའོ། ༈ །དེ་ལྟར་མདོར་ན་ཕྱི་སྒྲུབ་མཚམས་དམ་ལྷོད་ཅི་རིགས་པས་འབུམ་ཕྲག་བཞི། ནང་སྒྲུབ་དང་གསང་སྒྲུབ་མཚམས་དམ་ཞིང་སྐྱེ་བོའི་ཚིག་དང་མི་བསྲེ་བར་བརྩོན་འགྲུས་ཆེན་པོས་བཅུ་དྲུག །མཐར་ཡབ་ཀྱི་ང་རྒྱལ་དུ་འཕོས་ནས་


KMC015_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་བདུན་འབུམ་ཕྲག་བཞིས་གྲངས་བསྙེན་མཐར་ཕྱིན་པར་འགྱུར་ཞེས་གསུངས་ཤིང་། དེ་ཐམས་ཅད་ཀྱི་དུས་སུ་སྙེམས་ཐག་ཇི་ལྟར་བཅད་པ་ནི། །ཡ་ང་མེད་ཅིང་ཚད་གཟུང་མེད། སོགས་གསུངས་པས་ཆགས་ཞེན་དང་གཟུང་འཛིན་གྱི་མདུད་པ་གྲོལ་བ་ནམ་མཁའ་ལྟ་བུའི་རྟོགས་པ་དང་ལྡན་པས་ཤེས་པ་ཀག་ལངས་སུ་ཧུར་བསླང་ལ་བརྟུལ་ཞུགས་ཐུག་ཕྲད་དུ་བརྡེག །ནད་ལ་གཟིར་གདོན་ལ་གཟིར་ཉོན་མོངས་པ་ལ་གཟིར་བར་བྱའོ་ཞེས་གསུངས་པ་ལྟར་རྣམ་པ་བསྐྱེད་རིམ་ངོ་བོ་ཆོས་ཉིད་གཞི་རྩ་དང་བྲལ་བ་དབྱེར་མེད་དུ་ཤེས་པས་སྣང་གྲགས་རྟོག་གསུམ་གྱི་ཚོགས་ཟིལ་གྱིས་མནན་ལ་ཐད་ཀར་གཅད་པར་བྱའོ། །ཞེས་སོགས་ལས་ཚོགས་ཞལ་གདམས་བཅུ་གཉིས་དང་། མཚན་མ་འབྱུང་ཚུལ་དང་གྲུབ་ནས་སྤྱོད་པ་བྱེད་ཚུལ་དང་། སོ་སོའི་དམ་ཚིག་སྲུང་ཚུལ་ལ་སོགས་གཞུང་དང་ལྷ་ཁྲིད་མན་ངག་ལས་འབྱུང་བ་རྣམས་བརྟན་པ་ལེགས་པར་ཐོབ་ནས་རྒྱས་པར་དེ་དག་ཏུ་བལྟ་ཞིང་ཤེས་པར་བྱའོ། །སྐབས་འདིར་ནི་ལྷ་ཁྲིད་ཀྱིས་མ་འཐུས་པ་དང་དེ་བས་ཟབ་པ་གཅིག་གུད་ན་སྟོན་རྒྱུ་མེད་ཀྱང་བདག་ལྟ་བུའི་ལས་དང་པོ་པ་གོ་བ་བཟང་ངན་ཇི་ལྟར་རིགས་པ་དབང་པོ་འབྲིང་དང་ཐ་མར་ངེས་པ་རྣམས་ཀྱིས་ལྷ་ཁྲིད་ཀྱི་དམིགས་རིམ་དེ་ལག་ལེན་ཏུ་སྦྱོར་བདེ་ཞིང་ཚིག་འདྲེས་པར་བསྒོམ་བདེ་བའི་ཕྱིར་ཆོ་གའི་གཞུང་དང་སྦྱོར་བ་དང་། ཆོ་གའི་གཞུང་


KMC015_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མི་ཐོན་པའི་འདོན་བསྒོམ་དུ་འོས་པ་རྣམས་བསྒྲིགས་ཏེ་སྦྲེལ་མཚམས་རྣམས་སྦྱར་ཏེ་ལག་ཏུ་བླང་ཅུང་ཟད་བདེ་བར་བྲིས་པ་འདི་ནི། ཅོག་གྲྭ་དྲུང་པ་ཀུན་སྤོང་པ་ཀརྨ་བྱིན་རླབས་ཀྱི་གསུང་གིས་ཆེད་གཉེར་དུ་བསྐུལ་བར་མཛད་པའི་ངོར། གནས་ཀྱི་དམ་པ་མཆོག་ཏུ་གྱུར་པ་སྐྱོབ་པ་འོད་དཔག་ཏུ་མེད་པའི་ངོ་བོར་གྱུར་བ་རྒྱལ་བ་ཞྭ་དམར་ཅོད་པན་འཛིན་པ་ན་རིམ་གྱིས་བྱིན་གྱིས་བརླབས་པའི་གདན་ས་གནོད་མཛེས་མཁར་རམ་དགའ་ལྡན་མ་མོའི་གཙུག་ལག་ཁང་དུ་ཤཱཀྱའི་བིཀྵུ་ཤྲཱི་བི་ཧར་ས་མུ་དྲའི་དཔའ་བོ་གཙུག་ལག་རྒྱ་མཚོ། མིང་ཅན་གྱིས་བཀོད་པའོ། །རྡོ་རྗེ་རྣལ་འབྱོར་མའི་བསྙེན་ཡི ག་འདི་འོག་མིན་མ ཚུར་ཕུའི་ཆོས་གྲྭ་ཆེན་པོར་པར་དུ་བསྒྲུབ་པའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousརྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ལྷ་ཁྲིད་ཀྱི་ཉམས་ལེན་འདོན་བསྒོམ་དང་སྦྱར་དུ་རུང་བ་ཉུང་འདུས་སུ་བཀོད་པ།next