Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

2 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
བཞེས་འབོད་སྡང་བ་རྣམ་སྲེག
 
  
 
  
  
  
  
  


2 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousབཞེས་འབོད་སྡང་བ་རྣམ་སྲེགnext

བཞེས་འབོད་སྡང་བ་རྣམ་སྲེག


KMC020_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་འབོད་སྡང་བ་རྣམ་སྲེག་ཞེས་བྱ་བ་བཞུགས་སོ། །ཧོཿ དགོངས་སུ་གསོལ་ལོ། །ལན་གསུམ། ཧོཿ གསན་དུ་གསོལ་ལོ། །ལན་གསུམ། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུ་པདྨ་འབྱུང་གནས། རིག་འཛིན་བརྡའ་བརྒྱུད། གང་ཟག་སྙན་བརྒྱུད། གསང་སྔགས་བརྡའ་བརྒྱུད། མཁའ་འགྲོ་གཏད་བརྒྱུད། གུ་རུ་མཚན་བརྒྱད། རྗེ་འབངས་ཉེར་ལྔ། གཏེར་སྟོན་བརྒྱ་དང་རྩ་བརྒྱད། ལྷ་སྲས་མུ་ཁྲི་བཙན་པོ། རིག་འཛིན་མི་འགྱུར་རྡོ་རྗེ། རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ། དྲག་མོ་སེང་གེའི་གདོང་ཅན། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཡི་དམ་རྡོ་རྗེ་གྲོ་ལོད། གུར་དྲག་རྡོ་རྗེ་ཕ་ལམ། དབང་ཆེན་རྟ་མཆོག་རྒྱལ་པོ། ཆོས་སྐྱོང་མ་ནིང་ནག་པོ། མ་ཧཱ་ཀཱ་ལ་རེ་ཏེ་ནག་པོ་ལ་སོགས་པའི་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ཀྱིས་ལེགས་ཉེས་ཀྱི་ཤན་འབྱེད་མཛོད་ཅིག །གཟུ་དང་དཔང་པོ་མཛོད་ཅིག །ཡེ་ཤེས་སྤྱན་གྱིས་གཟིགས་ཤིག


KMC020_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པའི་ཐུགས་ཀྱིས་དགོངས་ཤིག ཧོཿ དགོངས་སུ་གསོལ་ལོ། །ལན་གསུམ། ཧོཿ གསན་དུ་གསོལ་ལོ། །ལན་གསུམ། བྱང་ཕྱོགས་མུན་པའི་གླིང་ཡུལ་བདུད་ཡུལ་ཁ་རག་མགོ་དགུ། བདུད་མཚོ་ཁོལ་མའི་ནང་ཤེད་ནས། བདུད་པོ་མི་ནག་ཐོད་པའི་ཕྲེང་བ་ཅན། དུག་གི་སྤུ་གྲི། ཤན་པ་ནག་པོ་བདུད་རྒྱལ་ཉི་ཟླ་སྐར་གསུམ་གྱི་དོ་ཤལ་ཅན། མ་མོ་བཞི། བདུད་པོ་བརྒྱད། རུ་འདྲེན་བདུན། ཡེ་ཤེས་ལྷ་ཡི་དམག་ཚོགས། ལས་ཀྱི་གཤིན་རྗེའི་དམག་ཚོགས། མ་མོ་བདུད་མོའི་དམག་ཚོགས། ལས་བྱེད་བདུད་ཀྱི་དམག་ཚོགས། མྱུར་མགྱོགས་བཙན་གྱི་དམག་ཚོགས། མྱོས་བྱེད་རྒྱལ་པོའི་དམག་ཚོགས། དྲེགས་ལྡན་གཟའ་ཡི་དམག་ཚོགས། གཏུམ་བྱེད་ཀླུ་ཡི་དམག་ཚོགས། བཙན་དམར་ལས་ཀྱི་སྤུ་གྲི། དྲང་སྲོང་གཟའ་མཆོག་རཱ་ཧུ་ལ། གདོང་མོ་བཞི། གཟའ་དམག་བྱེ་བ་འབུམ་སྡེ། ཀླུ་བདུད་དགེ་བསྙེན་སྨྱོ་ཁ། གཏེར་བདག་ལྷ་བྲག་དཀར་པོ། ཕྱོགས་སྐྱོང་


KMC020_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ། རྒྱལ་ཆེན་སྡེ་བཞི། བརྟན་མ་བཅུ་གཉིས། སྐྱོང་མ་བརྒྱ། གཙང་རིས་མགོན་པོ་བདུན་ཅུ་རྩ་གཉིས། སྡེ་དཔོན་སུམ་ཅུ་སྤྲུལ་པ་ཡང་སྤྲུལ་ཉིད་སྤྲུལ་གྱི་དམག་ཚོགས་སྲོག་ལ་རྔམས་པ་ཤ་ཁྲག་ལ་དགའ་བ། སྙིང་རྗེ་མེད་པ་ཁྱེད་རྣམས་ཀྱིས་དམ་ཉམས་ལས་ངན་འདི་ཡིས་སངས་རྒྱས་ཀྱི་བསྟན་པ་གཤིག །དགེ་འདུན་གྱི་སྡེ་བཅོམ། འགྲོ་དྲུག་ཡོངས་ལ་འཚེ་བ། འཚམས་མེད་ལྔ་ལ་སྤྱོད་པ། མི་དགེ་བ་བཅུ་ལ་རྔམས་པ། ངོས་བསྟོད་ལྐོག་སྨྲ་བྱེད་མི། ཁྱད་པར་དུ་ཀརྨ་ཀཾ་ཚང་དང་དགོན་སྡེ་འདི་ཉིད་ལ་བསམ་ངན་སྦྱོར་རྩུབ་འཆང་མི། དགྲ་སྣ་སྟོན་མི། རྐུ་སྣ་སྟོན་མི། དམག་སྣ་སྟོན་མི། བྱད་ཁ་ཕུར་ཁ་ཟོར་ཁ་སྟོན་མི། ཁ་འོ་མ་བས་འཇམ་པ། སྙིང་ཚེར་མ་བས་རྩུབ་པ། བསྲུངས་བའི་ལེའུ་ལྷ་ལོག །བསླབས་པའི་སློབ་བུ་དམ་ལོག །བཞག་པའི་བྲན་འཁོར་སྙིང་རིང་། རུས་ཀྱི་ཕ་ཚན་རྒྱབ་ལོག །བཅོས་པའི་ནད་པ་གསོས་ལོག །གཏམ་པའི་


KMC020_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཤག་རོག་མནའ་ཟན། བསྟེན་པའི་མགོ་དཔོན་ཁྲེལ་མེད། བཀའ་ལ་འཁུ་བ། དམ་ལོག་པའི་དགྲ་འདྲེ་བྱད་མ་གཟུགས་ལིང་ག་ལ་བྲིས་པ། མིང་བྱང་བུ་ལ་བཏབ་པ། དཀར་བྱང་ལ་བྲིས་པ། དམར་བྱང་ལ་ཐེབས་པ། དམ་ཉམས་དགྲ་བོ་འདི་རྣམས་ལོ་དང་ཟླ་བར་མ་འགྱངས་པར་བཞེས་ཤིག། །།ཅེས་པ་འདི་བདུད་མགོན་ནག་པོ་ཆེན་པོ་བསྟན་དགྲའི་གཡུལ་དུ་འགྱེད་པའི་ཆེད་དུ་རྡོ་རྗེ་གཏུམ་པོ་རྩལ་དང་དབྱེར་མ་མཆིས་པའི་ཀརྨ་རིགས་སྔགས་གྲུབ་པའི་རྒྱ་མཚོས་ཆུ་སྤྲེལ་ལོ་མཇུག་སྐུ་རིམ་ཆེན་མོའི་སྐབས་སུ་སྩལ་བ་སརྦ་མངྒ་ལཾ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousབཞེས་འབོད་སྡང་བ་རྣམ་སྲེགnext