Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

2 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
བཟློག་རྐྱང་།
 
  
  
  
  
  


2 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousབཟློག་རྐྱང་།next

བཟློག་རྐྱང་།


KMC020_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཧཱུྃ་ཧཱུྃ༔ ཁྲོ་རྒྱལ་འབར་བའི་ལྷ་ཚོགས་རྣམས༔ ཁྲོ་གཏུམ་འབར་བའི་སྐུ་བཞེངས་ལ༔ དུག་གསུམ་འབར་བའི་མཚོན་ཆ་ཡིས༔ དམ་སྲི་མཐའ་དམག་ལྟས་ངན་ཟློག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཁྲོ་རྒྱལ་འབར་བའི་ལྷ་ཚོགས་རྣམས༔ ཐུགས་རྗེའི་གཏུམ་རྔམ་མེ་ལྟར་འབར༔ རྡོ་རྗེ་འབར་བའི་ཐོག་སེར་གྱིས༔ བྱད་མ་དགྲ་བགེགས་བསྟན་ཤིག་སོད༔ གདུག་པའི་ལྷ་སྲུངས་གཡུལ་ངོ་ཟློག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཁྲོ་རྒྱལ་འབར་བའི་ལྷ་ཚོགས་རྣམས༔ ཏིང་འཛིན་འབར་བའི་ནུས་རྩལ་གྱིས༔ ནད་གདོན་འཕྲལ་རྐྱེན་སྔོན་ལས་སོགས༔ མི་རུང་འབྱུང་པོའི་དལ་ཡམས་ཟློག༔ ཨཱོཾ་ཨཱཿཧཱུྃ་ཨ་རྩིག་ནི་རྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ བྷྱོ་བྷྱོ་ཟློག་ཟློག༔ བྷྱོ་ཟློག་ཅིག༔ དགྲ་བགེགས་བྱད་མ་དམ་སྲི་དམ་ལོག་མཐའ་ཡི་དམག་དཔུང་ནད་གདོན་བར་ཆད་དལ་ཡམས་འཚེར་རྩུབ་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ སྟམྦྷ་ཡ་ནན་


KMC020_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ནན༔ མཱ་ར་ཡ་ཕཊ་ཕཊ༔ ཡཾ་རཾ་བཾ་ཁཾ་ལཾ་བྷྲཱུཾ་ཀྵཾ༔ འབྱུང་བ་ལྔ་ཡི་གནོད་པ་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ སརྦ་བིགྷྣཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ༈ མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousབཟློག་རྐྱང་།next