Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

2 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
གྲོ་ལོད་ཀྱི་དཀར་ཆག་ཀུན་གསལ་མེ་ལོང་།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  


2 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousགྲོ་ལོད་ཀྱི་དཀར་ཆག་ཀུན་གསལ་མེ་ལོང་།next

གྲོ་ལོད་ཀྱི་དཀར་ཆག་ཀུན་གསལ་མེ་ལོང་།


KMC020_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གྲོ་ལོད་ཀྱི་དཀར་ཆག་ཀུན་གསལ་མེ་ལོང་ཅེས་བྱ་བ་བཞུགས་སོ། །


KMC020_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་མ་ཧཱ་གུ་རུ་པདྨ་བཛྲ་ཀཱ་ཝཱ་ཙིཏ་ན་མོ། ཆོས་སྐུ་ཞི་བའི་ངང་ལས་གཡོ་མེད་ཀྱང་། །གང་འདུལ་ཐབས་ཀྱི་རོལ་གར་ཆེར་ཁྲོས་ནས། །བསྟན་དགྲ་མ་རུང་དམ་ཉམས་རུ་དྲའི་ཀླད། །འགེམས་མཛད་དཔལ་ཆེན་རྡོ་རྗེ་གྲོ་ལོད་ལ། །གངྒའི་བྱེ་སྙེད་ལུས་སྤྲུལ་གུས་ཕྱག་འཚལ། ཞེས་མཆོད་བརྗོད་སྔོན་དུ་སོང་ནས། སྐབས་ཀྱི་མཚམས་སྦྱོར། །དེ་ཡང་ཡོངས་གེ་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱི་ཟབ་གཏེར་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་སྒྲུབ་ཐབས་གཞུང་ཆ་ལག་དང་བཅས་པའི་དཀར་ཆག་གི་རིམ་པ་བསྟན་པ་ནི། དཔེ་ཚན་གྱི་མཚན་དང་། ཤོག་


KMC020_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་རེའུ་མིག་ཏུ་ལེགས་པར་བཀོད་པ་ལས་དང་པོ། ༼ཀ༽ གསོལ་འདེབས་ཀྱི་རིམ་པ། ༼ཁ༽ སྔོན་འགྲོ་དཀར་བགེགས་ཀྱི་རིམ་པ། ༼ག༽ ཡེ་གསང་མཆི་མེད་ཚེ་ཡི་རིག་འཛིན། ༼ང༽ སྦས་གསང་དོན་བསྡུས་ཚེ་སྒྲུབ། ༼ཅ༽ ཕྱི་སྒྲུབ་ཀུན་བཟང་ལེའུ་དགུ་པའི་ཟབ་གནད། ༼ཆ༽རྒྱལ་བ་རིགས་ལྔའི་སྒྲུབ་ཐབས། ༼ཇ༽ རྡོ་རྗེ་གྲོ་ལོད་གསང་བའི་སྒྲུབ་པ། ༼ཉ༽ མཁའ་འགྲོ་མནྡྷ་ར་བའི་གསང་སྒྲུབ་བམ་སྒྲོལ་ལས་མཐའ། ༼ཏ༽ རྡོ་རྗེ་གྲོོ་ལོད་ཀྱི་གསང་བའི་


KMC020_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་མགོན་པོ་ཏྲཀྴད། ༼ཐ༽ ཏྲཀྴད་ལས་འགྱེད་ཞལ་ཆེམས། ༼ད༽ ནོར་སྒྲུབ་ཡིད་བཞིན་ནོར་བུ་བསམ་འཕེལ། ༼ན༽ སྙན་བརྒྱུད་ཟངས་སྦུབས་མ། ༼པ༽ ལས་འགྱེད་སྲིད་གསུམ་རླག་བྱེད་བ། ༼ཕ༽ ཡང་ཟབ་སྲིད་གསུམ་གཏིང་བཟློག ༼བ༽ ཏྲཀྴད་ཀྱི་རྦད་བསྐུལ། ༼མ༽ ཚེ་སྒྲུབ་འཁོར་འདས་རོ་གཅིག ༼ཙ༽ གསེར་སྐྱེམས་དགོས་འདོད་ཀུན་འབྱུང་། ༼ཚ༽ རྡོ་རྗེ་གྲོ་ལོད་ཀྱི་ཟོར་ལས་སྐོར། ༼ཛ༽རང་བཟོ་མངོན་སྤྱོད་ཀྱི་གསེར་སྐྱེམས། ༼ཝ༽ བཞེས་འབོད་སྡང་བ་རྣམ་སྲེག ༼ཞ༽ རང་བཟོ་མངོན་སྤྱོད་ཀྱི་ཟོར་ལས། ༼ཟ༽ ཟློག་བྱང་། ༼འ༽ལས་མཐའ་མེ་ཧོམ།༼ཡ༽ ལིང་ཁྲུས་བྱ་ཐབས།༼ར༽ དྲག་པོའི་རྩང་གྱེར་བཟློག་ཐབས།༼ལ༽ དཔལ་མགོན་ཏྲཀྴད་ཀླུ་བདུད་རྣམས་ཀྱི་གསོལ་ཀ་ཕྲིན་ལས་སྒྲུབ་བྱེད། ༼ཤ༽ གཏེར་སྲུང་རེ་ཏེ་ནག་པོ་སྡིག་བློན་བསྒྲལ་བའི་སྒྲུབ་ཐབས། ༼ས༽


KMC020_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་དང་། དངོས་གྲུབ་ལེན་ཆོག་བཅས། དེ་ལྟར་རིག་འཛིན་ཆེན་པོ་ནུས་ལྡན་རྡོ་རྗེའི་ཟབ་གཏེར་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཆོས་སྐོར་ལས་བླ་མ་ཞི་དྲག་མཁའ་འགྲོ་ཆོས་སྐྱོང་བཅས་པའི་ལས་བྱང་གི་རིམ་པ་བཞུགས་པ་རྣམས་ལྷག་བསམ་དད་འདུན་དྲག་པོས་གསར་དུ་བྲིས་པའི་ཞར་དུ་དཀར་ཆག་ཀྱི་རིའུ་མིག་འདིའང་བློ་དམན་རང་འདྲ་བ་འགའ་ལ་བལྟ་བདེའི་ཕྱིར་དུ། སེར་གཟུགས་ཀྱི་རྟགས་ཙམ་འཛིན་པ་ཀརྨ་ཆོས་སྐྱོང་དཔལ་ལྡན་ནས་ཐ་སྐར་ཟླ་བའི་ཚེས་གཅིག་ཉིན་སྦྱར་བ་དགེ། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousགྲོ་ལོད་ཀྱི་དཀར་ཆག་ཀུན་གསལ་མེ་ལོང་།next