Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

2 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
བརྒྱུད་འདེབས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  


2 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousབརྒྱུད་འདེབས།next

བརྒྱུད་འདེབས།


KMC020_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུྃ། །སྲིད་ཞི་ལས་འདས་བདེ་སྟོང་སྒྱུ་འཕྲུལ་གར། །ཆོས་སྐུ་ཀུན་བཟང་ཡབ་ཡུམ་རྡོ་རྗེ་འཆང་། །ཡེ་ཤེས་རོལ་པ་རིགས་ལྔའི་སངས་རྒྱས་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །བདེ་ཆེན་སྣང་བ་མཐའ་ཡས་སྒྱུ་མའི་གར། །སྤྱན་རས་གཟིགས་དབང་པདྨ་ཐོད་ཕྲེང་མཆོག །རིག་འཛིན་འཆི་མེད་རྡོ་རྗེ་དྲག་པོ་རྩལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །མ་རུངས་ཚར་གཅོད་སྣང་སྲིད་ཟིལ་གྱིས་གནོན། །ཡེ་ཤེས་ཁྲོ་རྒྱལ་རྡོ་རྗེ་གྲོ་བོ་ལོད། །པདྨ་དབང་ཆེན་རྟ་མཆོག་རྒྱལ་པོ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོོལ། །རྒྱལ་བ་ཀུན་ཡུམ་རྡོ་རྗེ་རྣལ་འབྱོར་མ། །མནྡཱ་ར་བ་བདེ་ཆེན་དབང་གི་རྒྱལ། །རྡོ་རྗེ་དྲག་མོ་ཌཱ་ཀཱིའི་ཚོགས་བཅས་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཆོས་རྒྱལ་ལྷ་སྲས་མུ་ཁྲི་གསང་བའི་བདག །རིག་འཛིན་མི་འགྱུར་རྡོ་རྗེ་ནུས་ལྡན་རྩལ། །


KMC020_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བབས་ཆོས་བདག་བརྒྱུད་འཛིན་བཅས་རྣམས་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཁམས་གསུམ་ཟ་བྱེད་མ་ནིང་སྲོག་གི་བདག །མ་ཧཱ་ཀཱ་ལ་ཏྲཀྴད་དྲེགས་པའི་རྒྱལ། །བཀའ་དང་གཏེར་སྲུང་ནོར་ལྷའི་ཚོགས་བཅས་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བར་ཆད་བདུད་ཀྱི་གཡུལ་ལས་རྣམ་རྒྱལ་ཞིང་། །དབང་བཞིའི་ཡེ་ཤེས་གདོད་མའི་ཀུན་ཏུ་བཟང་། །ཆོས་དབྱིངས་མཆོག་གི་ངོ་བོར་རོ་གཅིག་ཤོག །ཅེས་པའང་མཐིང་དམར་ཅོད་པན་འཆང་བ་ཟུང་གིས་སྣིལ་མོ་བླ་མ་བསྟན་འཕེལ་གྱིས་བསྐུལ་བའི་ངོར་སྤེལ་བ་ཛ་ཡནྟུ།། ཧྲཱིཿ ཡང་དག་རྫོགས་སངས་རྒྱས་དང་དེ་ཡི་སྲས། །རྒྱལ་བ་རྒྱལ་བའི་མྱུ་གུའི་འཁོར་ལོ་ནི། །ཀུན་འདུས་རྗེ་བཙུན་པདྨ་ཐོད་ཕྲེང་རྩལ། །གསོལ་བ་འདེབས་སོ་བདག་གཞན་སེམས་ཅན་རྣམས། །ཚེ་གཅིག་སངས་རྒྱས་འགྲུབ་པར་གྱིན་གྱིས་རློབས། །སྐུ་མཆོག་འཇམ་


KMC020_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གསུང་མཆོག་སྤྱན་རས་གཟིགས། །ཐུགས་མཆོག་ཕྱག་ན་རྡོ་རྗེའི་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་བདག་གཞན་སེམས་ཅན་རྣམས། །སྐུ་གསུམ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །རྣམ་པར་སྣང་མཛད་མི་བསྐྱོད་རིན་ཆེན་འབྱུང་། །འོད་དཔག་མེད་དང་དོན་ཡོད་གྲུབ་སོགས་ལ། །གསོལ་བ་འདེབས་སོ་བདག་གཞན་སེམས་ཅན་རྣམས། །སྐུ་ལྔ་ཡེ་ཤེས་འགྲུབ་པར་བྱིན་གྱིས་རློབས། །རྡོ་རྗེ་ཕག་མོ་སྤྱན་མ་མཱ་མ་ཀཱི། །གོས་དཀར་སྒྲོལ་མ་རིགས་ལྔའི་མཁའ་འགྲོ་སོགས། །རྒྱལ་བའི་ཡུམ་མཆོག་དེ་དག་ཐམས་ཅད་ལ། །གསོལ་བ་འདེབས་སོ་བདག་གཞན་སེམས་ཅན་རྣམས། །སྐུ་བཞི་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །ཡི་དམ་ཀུན་འདུས་རྡོ་རྗེ་གྲོ་ལོད་རྩལ། །ཁྲོ་བོ་བཞི་དང་མཁའ་འགྲོའི་གཙོ་མོ་བཞི། །གིང་བཞི་དཔའ་བོ་བཞི་དང་ཤུགས་འགྲོ་བཞི། །རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས། །མཁའ་འགྲོ་གིང་དང་ཆོས་


KMC020_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་ཐམས་ཅད་ལ། །གསོལ་བ་འདེབས་སོ་བདག་གཞན་སེམས་ཅན་རྣམས། །མཆོག་ཐུན་ལས་བཞི་འགྲུབ་པར་བྱིན་གྱིས་རློབས། །ཨཱརྱ་ཛཾ་བྷ་དེ་ཝ་ཀཱ་ལ་དང་། །བསྐལ་བཟང་སངས་རྒྱས་རྒྱལ་པོ་རྣམ་ཐོས་སྲས། །ནོར་བདག་བརྒྱད་དང་ནོར་ལྷ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བདག་གཞན་སེམས་ཅན་རྣམས། །བསོད་ནམས་མངའ་ཐང་རྒྱས་པར་བྱིན་གྱིས་རློབས། །མགོན་པོ་བཀའ་བརྒྱད་མ་ནིང་ཏྲཀྴད་དང་། །ཡེ་ཤེས་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ལ། །གསོལ་བ་འདེབས་སོ་བདག་གཞན་སེམས་ཅན་རྣམས། །ས་ལམ་བར་ཆད་ཞི་བར་བྱིན་གྱིས་རློབས། །དེ་ལྟར་རྒྱལ་བ་རབ་འབྱམས་དཀྱིལ་འཁོར་ལ། །རྩེ་གཅིག་ཡིད་ཀྱིས་གསོལ་བ་བཏབ་པའི་མཐུས། །རང་ལུས་ཡི་དམ་ལྷ་རུ་གསལ་བར་ཤོག །ཨ་འཐས་འཆིང་བའི་དགྲ་དང་བྲལ་ནས་ཀྱང་། །གསལ་སྟོང་རིག་སྟོང་བདེ་སྟོང་འདྲེས་གྱུར་ཅིག །ངག་གི་བཟླས་པ་དབུགས་ཀྱི་འབྱུང་རྔུབས་


KMC020_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་། །འབྲུ་གསུམ་རྡོ་རྗེའི་བཟླས་པ་ལུ་གུ་རྒྱུད། །མ་ཡེངས་རང་བབ་ངང་དུ་འགྲུབ་གྱུར་ཅིག །གྲགས་སྟོང་རང་དབང་ཐོབ་པར་བྱིན་གྱིས་རློབས། །དྲན་རིག་མཁའ་ལྟར་དག་པའི་དབྱིངས་རུམ་དུ། །དྲན་ཤེས་ངོ་བོ་ཨོ་རྒྱན་དོན་རྟོགས་ནས། །སྤྲོས་བྲལ་ལྷན་སྐྱེས་རྫོགས་པ་ཆེ་འགྲུབ་ཤོག། ༈ །།ཧཱུྃ་ཧཱུྃ་ཧཱུྃ། །ལྕང་ལོ་ཅན་དུ་གསང་བའི་བདག །རྡོ་རྗེ་གདན་དུ་མ་འགགས་པ། །ཁ་བ་ཅན་གྱི་ཡུལ་ལྗོངས་སུ། །རིག་འཛིན་ལྷ་སྲས་མུ་ཁྲི་བཙན། །སློབ་དཔོན་པདྨའི་ཕོ་ཉ་བྲན། །རྒོད་ལྡེམ་རྡོ་རྗེ་གླིང་པ་དང་། །པདྨ་གླིང་པ་ཞིག་པོ་གླིང་། །རིན་ཆེན་ཕུན་ཚོགས་འཇའ་ཚོན་སྙིང་། །དེང་འདིར་ནུས་ལྡན་རྡོ་རྗེ་སོགས། །དྲིན་ཆེན་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གཞན་དོན་འཁོར་བ་དོང་སྤྲུག་ལ། །ཐམས་ཅད་མངོན་སངས་རྒྱས་གྱུར་ཅིག །ཅེས་གཏེར་ཆེན་རིན་པོ་ཆེ་ཉིད་ཀྱིས་མཛད་པའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་


KMC020_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousབརྒྱུད་འདེབས།next