Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

2 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
གནས་བདག་ལ་གཏོར་མ་བྱིན་པ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  


2 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousགནས་བདག་ལ་གཏོར་མ་བྱིན་པ། next

གནས་བདག་ལ་གཏོར་མ་བྱིན་པ།


KMC020_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བདག་ལ་གཏོར་མ་བྱིན་པ་ནི་འདི་ལྟ་སྟེ༔ ཐམརྒརྒརྒགླ༔ ༔ཨཱོཾ་ཨཱཿཧཱུྃ༔ རིན་ཆེན་སྣོད་མཆོག་གཏོར་གཞོང་ཡངས་པའི་ནང་༔ བྷྲཱུྃ་ལས་གཏོར་མ་རོ་བརྒྱ་ལྡན་པ་ཡི༔ ཞལ་ཟས་འདོད་ཡོན་ཟག་མེད་བདུད་རྩིར་གྱུར༔ ཨཱོཾ་ཨཱཿཧཱུྃ༔ ལན་གསུམ་གྱིས་བདུད་རྩིར་བྱིན་བརླབས་ནས༔ ༔ཧཱུྃ༑ སྟེང་གི་ལྷ་དང་འོག་གི་ཀླུ༔ ས་བདག་ཀླུ་གཉན་ཐམས་ཅད་དང་༔ ལྷ་སྲིན་སྡེ་བརྒྱད་འཁོར་བཅས་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ འདིར་བཤམས་པདྨའི་གདན་ལ་བཞུགས༔ དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ༔ ཕྱི་ནང་གསང་གསུམ་མཆོད་པ་མཆོད༔ འཇིག་རྟེན་སྐྱོང་བ་ཁྱོད་ལ་བསྟོད༔ སྔོན་ཚེ་ཤཱཀྱའི་རྒྱལ་པོ་དང་༔ བཅོམ་ལྡན་ཕྱག་ན་རྡོ་རྗེ་དང་༔ རིག་འཛིན་པདྨ་བཛྲ་གྱིས༔ བཀའ་བསྒོས་དམ་ཚིག་དྲན་མཛོད་ལ༔ བཀའ་ཡི་གཏོར་མ་འདི་བཞེས་ཤིག༔ ཕུད་སྐྱེམས་མཆོད་གཏོར་འདི་ལོངས་ལ༔ སྒྲུབ་པའི་སྡོང་གྲོགས་མཛད་དུ་གསོལ༔ ཡིད་ལ་གང་


KMC020_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་འགྲུབ་པ་མཛོད༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ཨི་དམ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧི༔ ཞེས་བརྗོད་ལ་གཏོར་མ་ས་གཙང་གནས་སུ་བསྐྱལ༔ དེ་ནས་བགེགས་ལ་གཏོར་མ་སྦྱིན་པ་ནི༔ གླུད་གཟུགས་ཡས་སྟགས་ཚང་བ་ལ༔ ཆང་བུ༔ ཏིང་ལོ༔ མར་མེ་བྱས་ཏེ་འདི་ལྟ་སྟེ༔ ༔ཧཱུྃ་བྷྱོ༔ ང་ནི་པདྨ་བཛྲ་ཡབ་ཡུམ་སྐུ༔ སྐུ་ལས་བདུད་རྩི་བབས་པས་གླུད་ལ་ཐིམ༔ གླུད་རྫས་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར༔ ཨཱོཾ་ཨཱཿཧཱུྃ་གི་ཡི་གིས་བྱིན་བརླབས་གྱུར༔ ཡེ་ཤེས་བདུད་རྩིར་བྱིན་རླབས་ནས༔ ༔ན་མོ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ ཏིང་འཛིན་ལྷ་སྔགས་བདེན་པའི་མཐུས༔ བྱང་ཆུབ་སྒྲུབ་ལ་བར་ཆད་བགེགས༔ རང་དབང་མེད་པར་འདིར་ཁུག་ཅིག༔ གླུད་གཟུགས་འདི་དང་དབྱེར་མེད་གྱུརཿ བིཾགྷྣན་སརྦ་ཨཾ་ཀུ་ཤ་ཛ༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷཱ་ར་སཾ་བྷཱ་ར་ཧཱུྃ༔ ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱེ༔ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ༔ཧཱུྃ༑ ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས་


KMC020_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཉོན༔ སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་ནི༔ བྱུང་གྱུར་བགེགས་ཀྱི་ཚོགས་རྣམས་ཐམས་ཅད་ལ༔ དམ་རྫས་གླུད་གཏོར་ཟས་སྣ་མཆོད་པར་འབུལ༔ མར་མེ་ཏིང་ལོ་ཆང་བུ་མཆོད་པར་འབུལ༔ གླུད་གཟུགས་ཡས་སྟགས་སྣ་ཚོགས་མཆོད་པར་འབུལ༔ བཀའ་ཡི་ཕ་འབབ་གླུད་གཏོར་འདི་ལོངས་ལ༔ སྒྲུབ་ལ་བར་དུ་མ་གཅོད་རང་གནས་སུ༔ མྱུར་དུ་དེངས་ཤིག་ལོག་འདྲེན་བགེགས་ཀྱི་ཚོགས༔ ཕྱོགས་མེད་ཕྱོགས་བྲལ་གནས་སུ་ཕྱིར་དེངས་ཤིག༔ སརྦ་བིགྷྣཱན་ཨུ་ཙ་ཏ་ཡ་ཕཊ༔ ཞེས་བགེགས་གཏོར་ཕྱི་རོལ་དུ་དོར༔ རྔ་དུང་རོལ་མོ་ལྡིར༔ གུ་གུ་ལ་ཤ་ཆེན་སྤོས་བསྲེག༔ ཡུངས་ཀར་བྲབ༔ དར་ནག་གཡུག༔ ཕཊ༔ དྲག་པོ་བརྗོདཿ ༈ མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


KMC020_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟིང་།


previousགནས་བདག་ལ་གཏོར་མ་བྱིན་པ། next