Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

2 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
ཡེ་གསང་ཐུགས་གཏེར་ལས་འཇའ་ལུས་ཆོས་སྐུ་སྒྲུབ་པའི་ཐབས་འཆི་མེད་ཚེ་ཡི་རིག་འཛིན།
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  


2 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousཡེ་གསང་ཐུགས་གཏེར་ལས་འཇའ་ལུས་ཆོས་སྐུ་སྒྲུབ་པའི་ཐབས་འཆི་མེད་ཚེ་ཡི་རིག་འཛིན། next

ཡེ་གསང་ཐུགས་གཏེར་ལས་འཇའ་ལུས་ཆོས་སྐུ་སྒྲུབ་པའི་ཐབས་འཆི་མེད་ཚེ་ཡི་རིག་འཛིན།


KMC020_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་མ་ཧཱ་གུ་རུ་པདྨ་བཛྲ་ན་མ༔ ཡེ་ཤེས་གསང་བ་ཐུགས་ཀྱི་གཏེར༔ མི་བཟད་ནོར་བུའི་བང་མཛོད་ལས༔ འཇའ་ལུས་ཆོས་སྐུ་སྒྲུབ་པའི་ཐབས༔ འཆི་མེད་ཚེ་ཡི་རིག་འཛིན་བཞུགས༔ སུས་ཀྱང་བཅོས་སླད་མ་བསྲེ་ཞིག༔ ས་མ་ཡ༔ ཐུགས་རྒྱ་བརྡའ་ཐིམ༔


KMC020_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱོཾ ༔ཤྲཱི་མ་ཧཱ་གུ་རུ་པདྨ་བཛྲ་ནཱ་མ༔ སྣང་སྲིད་འཁོར་འདས་ཀུན་ལ་ཁྱབ༔ སྐུ་གསུམ་ཡེ་རྫོགས་ཆོས་ཀྱི་སྐུ༔ ཆོས་ཀྱི་སྐུ་ལ་སྐྱེ་འཆི་མེད༔ འགག་མེད་འཕྲུལ་ལས་ལོངས་སྤྱོད་རྫོགས༔ ཞི་དང་ཁྲོ་བོའི་ དཔལ་ཆེན་པོ་བླ་མ་འགྱུར་མེད་རྡོ་རྗེ་ཞེས་བྱ་བ་མཆན་ གཟུགས་སུ་སྟོན༔ འཁྲུལ་མེད་གང་འདུལ་སྤྲུལ་པའི་སྐུ༔ གློག་ལྟར་འཁྱུག་ཅིང་གཞན་དོན་སྒྲུབ༔ བདེ་བ་ཅན་དུ་ཚེ་དཔག་མེད༔ པོ་ཏ་ལ་རུ་སྤྱན་རས་གཟིགས༔ རྡོ་རྗེ་གདན་དུ་བསྟན་པའི་གཙོ༔ ངྷ་ན་ཀོ་ཤར་པདྨ་འབྱུང༔ མཆི་མེད་རྡོ་རྗེ་དྲག་པོ་རྩལ༔ མ་རུངས་ཚར་གཅོད་རྟ་མཆོག་དཔལ༔ དྲེགས་པ་འཇོམ་མཛད་མེ་ཕྲེང་ཅན༔ སྐུ་ལྔ་མཚན་བརྒྱད་རིགས་དྲུག་དང༔ རྗེ་འབངས་སྤྲུལ་དང་ཡང་


KMC020_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་རྣམས༔ གང་ལ་གང་འདུལ་སྐུར་བསྟན་ཅིང་༔ རིགས་དྲུག་འཁོར་བ་དོང་ནས་སྤྲུག༔ སྤྲུལ་པས་ཞིང་ཁམས་ཡོངས་ལ་ཁྱབ༔ འགྲོ་བའི་དོན་ལ་དུས་དྲུག་གཟིགས༔ མཐོང་ཐོས་དྲན་རེག་སྐྱེ་འགྲོ་རྣམས༔ སྐད་ཅིག་ཉིད་ལ་ལམ་སྣ་འདྲེན༔ འཇའ་ལུས་མཁའ་སྤྱོད་དངོས་གྲུབ་སྟེར༔ ཡིད་ཆེས་རྣམ་ཐར་བསྟན་པའི་ལེའུ་སྟེ་དང་པོའོ༔ ས་མ་ཡ༔ ཐུགས་རྒྱ་བརྡའ་ཐིམ༔ བརྡའ་ཡིག ༼ཧཱུྃ༽ ༔པདྨ་བཛྲ་ན་མ་ཡེ༔ ཡེ་གསང་དུག་ལྔ་རྣམ་དག་གི༔ དམ་ཡེ་དབྱེར་མེད་གསང་སྒྲུབ་འདི༔ མི་ཟད་གཏེར་གྱི་བང་མཛོད་ཡིན༔ མཐོང་བས་མ་མཐུན་བར་ཆད་ཞི༔ བཀླགས་པ་ཙམ་གྱིས་རྐྱེན་ངན་ཟློག༔ བསྒོམས་པས་ཚེ་གཅིག་འཇའ་ལུས་འགྲུབ༔ ཉམས་སུ་སུས་


KMC020_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་མི་གྲོལ་རེ༔ ཡེ་གསང་ཆོས་སྐུའི་སྒྲུབ་ཐབས་འདི༔ ཡང་གསང་ཐུགས་ཀྱི་གཏེར་ཁ་ཡིན༔ ཁ་བ་ཅན་གྱི་རྒྱལ་ཁམས་འདིར༔ གཏེར་ཆེན་གཏེར་ཕྲན་བྱེ་བ་སྦས༔ ལས་ཅན་འཕྲད་པར་སྨོན་ལམ་བཏབ༔ འགྲོོ་དྲུག་སྨིན་པར་སེམས་བསྐྱེད་ནས༔ འགའ་ཞིག་ནམ་མཁའི་ལྷ་ལ་གཏད༔ འགའ་ཞིག་ས་བདག་ཀླུ་ལ་གཏད༔ འགའ་ཞིག་དམ་ལྡན་སློབ་མ་ལ༔ མགོ་བོར་ཡེ་ཤེས་རྡོ་རྗེ་བཞག༔ དམ་ཚིག་བདུད་རྩི་བླུད་བྱས་ནས༔ ཐ་ཚིག་མི་བརྗེད་སྨོན་ལམ་བཏབ༔ ཀུན་གཞིའི་མཚོ་ལ་གཏེར་དུ་སྦས༔ འགའ་ཞིག་རྡོ་རྗེའི་བྲག་ལ་སྦས༔ དེ་ཉིད་འདོན་པའི་སྐྱེས་བུ་རྣམས༔ བྱ་ལྟར་འཕུར་ནུས་བྱིན་གྱིས་བརླབས༔ འགའ་ཞིག་གཏན་འཁྱིལ་གཡུ་མཚོར་སྦས༔ དགེ་བསྙེན་ནཱ་ག་རཱ་ཛར་གཏད༔ ཡེ་གསང་ཐུགས་ཀྱི་གཏེར་ཁ་འདི༔ གསང་ཚིག་བླ་གཏེར་སྙིང་ཐིག་ཡིན༔ བདུད་རྗེ་ནག་པོ་བཀྲག་མེད་ལ༔ གཉེར་དུ་གཏད་ཅིང་བྱིན་གྱིས་བརླབས༔ རྡོ་རྗེ་འབར་བའི་མཚོ་ལ་སྦས༔ བར་ཆད་མེད་པར་ཐོན་གྱུར་ཅིག༔ འགྲོ་དྲུག་སྨིན་ཅིང་གྲོལ་བར་ཤོག༔ རྒྱལ་བསྟན་ཉི་འོད་འབར་བར་ཤོག༔ ནད་ཡམས་དམག་འཁྲུག་ཞི་བར་ཤོག༔ ས་མ་ཡ་མ་ཧཱ་ཀཱ་ལ་ཏྲཀྴད་དུ་ཙིཏྟ་བཛྲ་ས་མ་ཡ་རཀྵ་རཀྵ་རཀྵ༔ རཀྵ་རཀྵ་རཀྵ༔ རཀྵ་རཀྵ་རཀྵཧཱུྃ༔ ཕན་ཡོན་བཤད་པ་དང་གཉེར་ཁ་གཏད་པའི་ལེའུ་སྟེ་གཉིས་པའོ༔ ས་མ་ཡ་ཐུགས་རྒྱ་བརྡའ་ཐིམ༔


KMC020_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

བརྡའ་ཡིག ༼ཏྲཱྃ༽ ༔པདྨ་བཛྲ་ན་མ༔ ཞལ་གདམས་མི་རྟག་རྒྱུད་བསྐུལ་ནི༔ བསམ་བརྗོད་བྲལ་བའི་སེམས་ཉིད་འདི༔ རྒྱུ་ནི་སངས་རྒྱས་ཡིན་ན་ཡང༔ ལས་ཉོན་འཁོར་བར་འཁྲུལ་པས་ཁྲིད༔ རིགས་དྲུག་འཁོར་བའི་འཁོར་ལོར་བརྒྱུད༔ ལས་ངན་བག་ཆགས་ངང་གིས་འཕེལ༔ ཨ་འཐས་རེ་དོགས་རྒྱ་རུ་ཚུད༔ འབྲས་བུ་ད་རུང་འཁོར་བར་འཁྱམས༔ ལུས་ངན་ཕུང་པོ་གྲངས་མེད་བླངས༔ རྣམ་སྨིན་མི་ཁོམ་གཟུགས་བརྒྱད་བླངས༔ ད་རུང་རང་སེམས་ཞལ་མ་མཐོང༔ གཉུག་མའི་སེམས་ནི་གདོང་དང་འདྲ༔ ལས་ཉོན་མུན་པས་མ་བསྒྲིབས་སམ༔ བསམ་བཞིན་སྙིང་རྩ་འཁྲུགས་པར་གདའ༔ སྒྱུ་ལུས་མི་རྟག་འཆི་བའི་རོ༔ ཕྱི་སྣོད་མི་རྟག་དུས་བཞི་འགྱུར༔ ནང་བཅུད་མི་རྟག་སྐྱེ་འགྲོའི་གཟུགས༔ ནད་མཚོན་དམག་འཁྲུགས་དུས་མིན་འཇིགས༔ ཚེ་ཚད་མི་རྟག་སུམ་ཅུ་རལ༔ ལྷ་སྲིན་འབྱུང་པོ་སྐར་ལྟར་འཁྲུགས༔ སད་སེར་མི་ནད་ཕྱུགས་ནད་འཚུབས༔ གཙུག་ལག་དགེ་འདུན་སྡེ་རྣམས་འཇིག༔ མཆོག་གསུམ་བླ་མ་འོ་རེ་བརྒྱལ༔ བོད་ཁམས་མི་ལ་བདེ་བ་མེད༔ དེ་འདྲའི་དུས་སུ་པད་འབྱུང་བདག༔ སངས་རྒྱས་ཀུན་འདུས་ཐུགས་རྗེ་མྱུར༔ དམ་ཆོས་ཀུན་འདུས་བསྒྲུབ་ཐག་ཉེ༔ ཡི་དམ་ཀུན་འདུས་མ་བསྒྲུབས་འགྲུབ༔ ཆོས་སྐྱོང་ཀུན་འདུས་དྲག་ཤུལ་ལྡན༔ དེ་ཡང་སྔོན་ཚེ་སྨོན་ལམ་མཐུས༔


KMC020_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

སྙིགས་དུས་བདག་ཀྱང་དེ་ལྟར་ཡིན༔ མི་རྟག་དུས་ཚོད་བསྟན་པའི་ལེའུ་སྟེ་གསུམ་པའོ༔ ས་མ་ཡ་ཐུགས་རྒྱ་བརྡའ་ཐིམ༔ བརྡའ་ཡིག ༼ཧྲཱིཿ༽ ༔པདྨ་བཛྲ་ན་མ༔ སྔོན་ཚེ་དུས་གསུམ་སངས་རྒྱས་དུས༔ ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ཡང་༔ ཉོན་མོངས་དུག་ལྔའི་གཉེན་པོར་གསུངས༔ ཆ་སྙོམས་རྒྱུད་སྡེ་བཞི་པོ་ཡང་༔ རྫོགས་ལྡན་ཟུང་གཉིས་རྩོད་ལྡན་དུས༔ བླ་མེད་གསང་སྔགས་རྗེས་སུ་གནང་༔ ལས་ཅན་རྣམས་ཀྱིས་ཤེས་པར་གྱིས༔ ཁྱད་པར་ཨ་ཏི་ཁྱབ་གདལ་རྒྱུད༔ རིགས་ཀུན་བདག་པོས་ཞུས་པའི་ངོར༔ བཅོམ་ལྡན་རྒྱལ་བ་ཤཱཀྱ་ཐུབ༔ ཀུན་ཏུ་བཟང་པོར་སྤྲུལ་ནས་གསུངས༔ གནས་ནི་འོག་མིན་ཆོས་ཀྱི་དབྱིངས༔ འཁོར་ནི་རིག་འཛིན་ཕོ་མོའི་ཚོགས༔ དུས་ནི་ཆོས་འཁོར་བསྐོར་བའི་དུས༔ ཆོས་ནི་རྩོད་ལྡན་སྙིགས་མའི་དོན༔ ཚེ་གཅིག་འཇའ་ལུས་འགྲུབ་པའི་གནད༔ གསང་བ་ཡེ་ཤེས་སྒྲུབ་པ་འདི༔ ཕྱི་སྣོད་སྣང་སྲིད་དཀྱིལ་འཁོར་བཞེངས༔ ནང་བཅུད་ཞི་ཁྲོའི་སྐུ་ཡིས་གཏམས༔ རིག་རྩལ་འཁྲུལ་མེད་ཕོ་བྲང་བཏབ༔ རེ་དོག་མེད་པའི་རྒྱན་རྣམས་རྫོགས༔ སྤངས་བླངས་བྲལ་བའི་ལྕགས་རིས་བསྐོར༔ མོས་གུས་འགྱུར་མེད་ཉི་ཟླས་བརྒྱན༔ ཡེ་སྟོང་རིག་རྩལ་སྒྱུ་འཕྲུལ་ལས༔ འགག་མེད་བསྐྱེད་རིམ་བླ་མ་བསྒོམ༔ སྤྲུལ་བསྒྱུར་སྣ་ཚོགས་དུས་དང་བསྟུན༔ གྲགས་སྟོང་སྔགས་ཀྱི་འཁོར་ལོ་བསྐོར༔ འགྱུར་


KMC020_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དོན་དམ་རང་ཞལ་བལྟ༔ དུག་ལྔའི་རང་ཞལ་རང་ཆས་བལྟ༔ རྟོག་ཚོགས་བཟང་ངན་དབྱེ་བ་མེད༔ གང་ཤར་ཤར་གྲོལ་ཆོས་དབྱིངས་གདལ༔ རྒྱུད་ཀྱི་ལོ་རྒྱུས་དང་དཀྱིལ་འཁོར་བཤད་པའི་ལེའུ་སྟེ་བཞི་པའོ༔ ས་མ་ཡ་ཐུགས་རྒྱ་བརྡའ་ཐིམ༔ བརྡའ་ཡིག ༼ཨཱ༔༽ ༔པདྨ་བཛྲ་ན་མ༔ སྤྲུལ་བསྒྱུར་གར་གྱི་རོལ་རྩེད་ཀློང༔ ཉམས་ལེན་ཡེ་ཤེས་གསང་བ་ཡི༔ འཇའ་ལུས་ཆོས་སྐུ་བསྒྲུབ་ཐབས་ནི༔ རང་ལུས་སྣང་སྟོང་པད་འབྱུང་བསྒོམ༔ གནད་དྲུག་ཕྱག་རྒྱས་ལུས་ཁམས་སྦྱང༔ རྩ་གསུམ་དཀར་མཐིང་དམར་པོའོ༔ འཁོར་ལོ་བཞི་རིམ་གདུགས་འདེགས་ལྟར༔ སྟེང་འོག་ཧཾ་ཨེ་བསྲེ་བའོ༔ སྙིང་གར་འོད་ལྔའི་ཐིག་ལེ་གནས༔ རང་ཞལ་གཅེར་གྱིས་ལྟ་བའོ༔ རླུང་ནི་འཇམ་དལ་དབྱུང་རྔུབས་སོ༔ རླུང་སྐྱོན་ཧཱུྃ་གིས་བསལ་བའོ༔ རླུང་རོ་ཧ་ཡིས་འདོན་པའོ༔ ཐིག་ལེ་འོད་ཟེར་ལུ་གུ་རྒྱུད༔ ཕྱག་རྒྱ་ལས་རྒྱ་གར་སྟབས་བསྒྱུར༔ རྩ་རླུང་ཐིག་གསུམ་དབྱེར་མེད་འདྲེས༔ རང་རིག་རྗེན་པ་ཟང་ཐལ་རྟོགས༔ འཇའ་ལུས་མཁའ་སྤྱོད་དངོས་གྲུབ་ཐོབ༔ གཞི་རྩ་ཐིག་རླུང་གསུམ་གྱི་སྦྱོང་ཐབས་བསྟན་པའི་ལེའུ་སྟེ་ལྔ་པའོ༔ ས་ཡ་མ་ཡ་ཐུགས་རྒྱ་བརྡའ་ཐིམ༔ ༔གུ་རུ་པདྨ་བཛྲ་གྱི༔ ལས་རིམ་བསྐྱེད་རྫོགས་གདམས་པ་བསྟན༔ མཎྜལ་གྲུ་བཞི་གང་འཚམས་བརྩིགས༔ དེ་སྟེང་པདྨ་འདབ་བརྒྱད་དཀར༔ དབུས་


KMC020_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རྡོ་རྗེ་རྩེ་ལྔ་དམར༔ ལྟེ་བར་འབྲུ་གསུམ་ཡེ་གེ་བརྩེགས༔ དར་ཟབ་རས་ཤོག་ན་བཟའ་དགབ༔ དེ་སྟེང་དཔལ་གཏོར་ཚེ་བུམ་ལ༔ པད་འདབ་ཚེ་རིལ་ཕྱུར་བུར་སྤུངས༔ རིན་ཆེན་ཉི་ཟླ་རྡོ་རྗེ་ཐོད༔ ཤིང་གི་ཡལ་གས་བཀླུབས་པར་བརྒྱན༔ ཕྱོགས་བཞིར་མཁའ་འགྲོ་སྡེ་ལྔ་ཡི༔ གཏོར་མ་ཟླུམ་པོར་ཕྱག་མཚན་བརྒྱན༔ མདུན་དུ་སྨན་རཀ་གཏོར་མ་ཕུད༔ མདའ་དར་སྣ་ལྔ་ཚེ་རིལ་དང་༔ ཚེ་ཆང་ཚེ་ཤ་བདུད་རྩི་འགོད༔ དེ་མཐར་མཆོད་པའི་ཚོགས་ཀྱིས་བསྐོར༔ རོལ་ཆས་སྒྲ་ཡིས་གཟི་བྱིན་བསྐྱེད༔ དད་མོས་གདུང་བའི་ང་རོ་ཡིས༔ མ་ཡེངས་ངང་དུ་འདི་ལྟར་བསྒོམ༔ ༼ཀ༽ ༼ཧཱུྃ༽ བཀའ་བརྒྱུད་བླ་མའི་བྱིན་རླབས་དང་༔ ཡི་དམ་ལྷ་ཡི་ཏིང་འཛིན་དང་༔ དཔའ་བོ་མཁའ་འགྲོའི་རྟེན་འབྲེལ་དང་༔ ཆོས་སྐྱོང་སྲུང་མའི་དྲག་རྩལ་གྱིས༔ བདག་ཅག་བྱང་ཆུབ་སྒྲུབ་པ་ལ༔ ས་ལམ་བགྲོད་ལ་བར་ཆད་བདུད༔ གདོན་བགེགས་འབྱུང་པོ་ལོག་འདྲེན་ཚོགས༔ ཕྲ་རགས་གླགས་ལྟར་གྱུར་པ་རྣམས༔ མཁའ་དབྱིངས་ཀློང་དུ་ཚར་ཆོད་ཅིག༔ ༼ཁ༽ ༔ཧཱུྃ༑ རྣམ་རྟོག་གཉིས་འཛིན་འཁྲུལ་སྣང་བདུད༔ དམིགས་མེད་ངང་དུ་རང་སར་ཞི༔


KMC020_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་གདལ་ཀློང་དུ་རང་སར་དག༔ བདེན་མེད་ངང་དུ་འཇའ་ལྟར་ཡལ༔ རང་སེམས་རེ་དོགས་མཁན་གྱི་བདུད༔ ཡེ་སྟོང་ཀློང་དུ་མཚམས་བཅད་དོ༔ སརྦ་བིགྷྣན་ཤནྟིཾ་ཀུ་རུ་དྷརྨ་དྷཱ་ཏུ་ཤནྟིཾ་ཀུ་རུ་ཨཿ ༼ག༽ ༔ཧཱུྃ༑ རང་རིག་བླ་མར་གསལ་བ་ཡི༔ རིག་རྩལ་འཕྲོ་འདུའི་ཆོ་འཕྲུལ་ལས༔ སྣང་སྟོང་ཡབ་ལས་ཁྲོ་ཚོགས་འཕྲོས༔ སྣང་སྲིད་འཁོར་འདས་ལྷ་རུ་གསལ༔ བདེ་སྟོང་དབྱིངས་ལས་ཁྲོ་མོའི་ཚོགས༔ སྲིད་གསུམ་གནས་ཡུལ་མེར་གྱིས་གང༔ ཟུང་འཇུག་རིག་རྩལ་ཐིག་ལེ་འཕྲོས༔ རྡོ་རྗེ་མེ་རིའི་གུར་ཁང་འབར༔ ཧྲིཿཧཱུྃ་བྷྱོ་ཧཾ་ཨེ་བཛྲ་རཀྵ་ཛྭ་ལ་བྷྲཱུྃ་ཨ་ཨ་ཨཿ ༼ང༽ ༔ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའི་ཚོགས༔ སྐྱབས་གནས་དམ་པ་ཁྱེད་རྣམས་ལ༔ དེང་ནས་སངས་རྒྱས་འགྲུབ་ཀྱི་བར༔ དབྱེར་མེད་ངང་དུ་སྐྱབས་སུ་མཆི༔ ༼ཅ༽ ༔ཧོ༔ སྐུ་གསུམ་བླ་མའི་སྤྱན་ལམ་དུ༔ ལས་ཉོན་སྡིག་སྒྲིབ་མཐོལ་ལོ་འཆགས༔ གནོང་ངོ་འགྱོད་དོ་དག་གྱུར་


KMC020_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག༔ འཇའ་ལུས་སྒྲུབ་པར་དམ་བཅའོ༔ རིགས་དྲུག་འཁོར་བའི་སེམས་ཅན་རྣམས༔ སངས་རྒྱས་ཐོབ་ཕྱིར་སེམས་བསྐྱེད་དོ༔ དད་མོས་གདུང་བས་ཕྱག་འཚལ་ལོ༔ རང་ལུས་བཞུགས་པའི་རྟེན་དུ་འབུལ༔ རང་རིག་ཆོས་སྐུ་མངོན་འགྱུར་ཤོག༔ བཟའ་བ་ཞལ་ཟས་ཚོགས་སུ་འབུལ༔ གྲགས་སྟོང་བརྗོད་མེད་ངང་དུ་བསྟོད༔ སྐྱབས་ཡུལ་རང་ལ་ཐིམ་པར་གྱུར༔ ལས་ཉོན་སྡིག་སྒྲིབ་ཉེས་ལྟུང་རྣམས༔ སྤྲིན་མེད་མཁའ་ལྟར་དག་གྱུར་ཅིག༔ ༼ཆ༽ ༔བདག་མདུན་བྱིན་རློབ་བྱིན་འབེབས་ནི༔ ༔ཧཱུྃ༔ སྐྱེ་མེད་ཆོས་དབྱིངས་ཕོ་བྲང་ནས༔ བཀའ་བརྒྱུད་བླ་མས་བྱིན་ཕོབ་ཅིག༔ འགག་མེད་མཁའ་སྤྱོད་ཕོ་བྲང་ནས༔ ཞི་ཁྲོ་རབ་འབྱམས་བྱིན་ཕོབ་ཅིག༔ འཁྲུལ་མེད་ཐུགས་རྗེའི་ཀློང་ཡངས་པར༔ སྤྲུལ་སྐུ་རབ་འབྱམས་བྱིན་ཕོབ་ཅིག༔ རྩ་རླུང་སྣང་སྟོང་ཕོ་བྲང་དུ༔ དཔའ་བོ་མཁའ་འགྲོའི་བྱིན་ཕོབ་ཅིག༔ རིག་རྩལ་སྒྱུ་འཕྲུལ་དྲྭ་བ་ལས༔ ཆོས་སྐྱོང་སྲུང་མས་བྱིན་ཕོབ་ཅིག༔ ཕྱི་སྣོད་


KMC020_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་ཁང་དུ་བསྒྱུར༔ ནང་བཅུད་ལྷ་ཡི་འཁོར་ལོར་བསྒྱུར༔ ༼ཇ༽ ༔ཨོཾ་ཨཱཿཧཱུྃ༔ རྒྱལ་བ་རབ་འབྱམས་ཐམས་ཅད་ཀྱི༔ སྐུ་ཡི་བྱིན་རླབས་དངོས་གྲུབ་ཐོབ༔ འཇའ་ལུས་གས་ལ་སྟོང་སྒྲིབ་གཡོགས་བྲལ༔ འཆི་མེད་ཆོས་སྐུ་མངོན་དུ་གྱུར༔ ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི༔ གསུང་གི་བྱིན་རླབས་དངོས་གྲུབ་ཐོབ༔ འགག་མེད་ཚངས་དབྱངས་ལོངས་སྐུར་གྱུར༔ གྲགས་སྟོང་སྔགས་ཀྱི་ནུས་མཐུ་གྲུབ༔ དཔའ་བོ་མཁའ་འགྲོའི་རྟེན་འབྲེལ་གྱིས༔ རྩ་རླུང་ཐིག་གསུམ་དབྱེར་མེད་འདྲེས༔ བར་ཆད་བདུད་ལས་རྣམ་པར་རྒྱལ༔ ཡེ་སྟོང་རིག་རྩལ་མངོན་དུ་གྱུར༔ ཆོས་སྐྱོང་སྲུང་མའི་དྲག་རྩལ་གྱིས༔ ལས་བཞིའི་ཕྲིན་ལས་དངོས་གྲུབ་ཐོབ༔ ས་ལམ་བགྲོད་ལ་བར་ཆད་བདུད་༔ རང་སར་གྲོལ་ཞིང་ཞི་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ཧཾ་ཨེ་དྷརྨ་དྷཱ་ཏུ་ཛྙཱ་ན་ཡེ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཛཿཧཱུྃ༔ ༼ཉ༽ ༔ཨཱོཾ་ཨཱཿཧཱུྃ༔ འདིར་བཤམས་མཆོད་རྫས་འདོད་ཡོན་ཚོགས༔ ཟག་མེད་ཀུན་


KMC020_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་མཆོད་པའི་སྤྲིན༔ རབ་འབྱམས་དཔག་པར་དཀའ་བ་རྣམས༔ ཏིང་འཛིན་མཉམ་ཉིད་ཆེན་པོར་གྱུར༔ ཨཱོཾ་ཨཱཿཧཱུྃ་ས་མ་ཡ་ཨ་མྲྀ་ཏ་སཱ་ག་ར་ཨཱོཾ་ཨཱཿཧཱུྃ༔ ཨཱོཾ་ཨཱཿཧཱུྃ་ཛྙཱ་ན་པཉྩ་ཨ་མྲྀ་ཏ་སཱ་ག་ར་ཨོཾ་ཨཱཿཧཱུྃ༔ ཨཱོཾ་ཨཱཿཧཱུྃ་ཛྙ་ན་པཉྩ་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུྃ༔ འཇའ་ལུས་ཆོས་སྐུའི་བསྐྱེད་རྫོགས་ནི༔ ༔ཨ་ཨ་ཨ༔ ཡང་དག་དོན་ནི་སྐྱེ་འཆི་བྲལ༔ རང་རིག་བཟོ་མེད་ངོ་བོ་སྟོང༔ གང་ཤར་རིག་རྩལ་མཁའ་ལྟར་དག༔ དམིགས་མེད་བློ་འདས་བརྗོད་དུ་མེད༔ དྷཱརྨ་དྷ་ཏུ་ཛྙཱ་ན་གརྦྷ་ཨ་ཨ་ཨ༔ ༼ཐ༽ ༔ཧྲཱི༔ མཁའ་དབྱིངས་ཡེ་ཤེས་ཀློང་ཡངས་པར༔ རིག་རྩལ་སྐད་ཅིག་རྫུས་སྐྱེས་སུ༔ པདྨ་ཉི་ཟླ་བརྩེགས་པའི་ཁྲིར༔ རིག་འཛིན་རྡོ་རྗེ་དྲག་པོ་རྩལ༔ སྣང་ལ་རང་བཞིན་མེད་པའི་སྐུ༔ སྐུ་ཡིས་ཞིང་ཁམས་ཡོངས་ལ་ཁྱབ༔ ཞིང་ཁམས་རབ་འབྱམས་སྐུ་ལ་རྫོགས༔ དཀར་དམར་མདངས་ལྡན་ཞི་མ་ཁྲོ༔ སྤྱན་གསུམ་ཉི་ཟླ་ལྟ་བུར་འཁྱིལ༔ ལྟ་སྟངས་ཆོས་ཉིད་དབྱིངས་སུ་འདྲིལ༔ ཤངས་ནས་ཧཱུྃ་


KMC020_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་འབྲུག་ལྟར་ལྡིར༔ ཞལ་ནས་ཕེཾ་སྒྲས་སྲིད་གསུམ་གཡོ༔ པད་ཞཱ་རྒོད་ལྡེམ་ཉི་ཟླས་བརྒྱན༔ དར་གྱི་ཅོད་པན་ཕྱོགས་བཅུར་འཕྱོ༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པས་མཚན་ལྡན་ཀ་པཱ་ལ༔ འཆི་མེད་བདུད་རྩིས་བཀང་བའི་དབུས༔ ཚེ་བུམ་ཡིད་བཞིན་ནོར་བུས་བརྒྱན༔ མཉམ་བཞག་རྒྱ་ཡིས་འཛིན་པའོ༔ སྐུ་གསུམ་མཚོན་པའི་ཁ་ཊྭཱྃ་ག༔ ཐོད་མཁར་ཚེ་བུམ་རྒྱ་གྲམ་བརྩེགས༔ ཡུ་བ་བརྒྱད་བཞོགས་དཀར་གསལ་ལྡེམ༔ དར་དཔྱངས་ཌཱ་རུ་དྲིལ་ཆུང་བརྒྱན༔ སྦས་ཡུམ་ཚུལ་དུ་གྲུབ་མོར་བཅུག༔ སྐུ་ལ་རིན་ཆེན་དྲྭ་བས་བརྒྱན༔ ཕོད་ཁ་ཆོས་གོས་རྣམ་གསུམ་དམར༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ འཇའ་འོད་ཟེར་གསུམ་ཀློང་དུ་གསལ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཐུགས་ཀར་ཉི་ཟླའི་དཀྱིལ་འཁོར་དབུས༔ རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ༔ ཐ་མར་སྔགས་ཕྲེང་ལུ་གུ་རྒྱུད༔ མེ་ལོང་ནང་གི་


KMC020_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ལྟར་གསལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ༼ད༽ ༔དབུ་གཙུག་པདྨ་ཉི་ཟླའི་སྟེང༔ འཇིག་རྟེན་དབང་ཕྱུག་དཀར་གསལ་འཛུམ༔ ཞལ་གཅིག་ཕྱག་བཞི་རྡོར་སྐྱིལ་ཞབས༔ རྩ་ཕྱག་ཐལ་སྦྱར་ཚེ་བུམ་བསྣམས༔ འོག་གཉིས་ཤེལ་ཕྲེང་པད་དཀར་འཛིན༔ ལོངས་སྤྱོད་རྫོགས་པའི་སྐུ་རུ་གསལ༔ འཇའ་སྤྲིན་གསལ་འཚེར་ཀློང་དུ་བསྐྱེད༔ ༼ན༽ ༔དེ་སྟེང་པདྨ་ཉི་ཟླའི་སྟེང༔ རིགས་བདག་སྣང་བ་མཐའ་ཡས་དམར༔ ཞི་འཛུམ་མཉམ་བཞག་ཚེ་བུམ་བསྣམས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ སྣང་བཞིན་གསལ་སྟོང་ཆོས་ཀྱི་སྐུ༔ འོད་ལྔའི་ཐིག་ལེའི་ཀློང་དུ་གསལ༔ ༼པ༽ ༔རང་ཉིད་བླ་མའི་ཕྱོགས་བཞི་མདུན༔ རྡོ་རྗེ་རིན་ཆེན་པདྨ་ལས༔ སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ༔ མཐིང་སེར་དམར་ལྗང་དཀར་བའི་མདོག༔ དར་སྣ་ལྔ་ཡི་ན་བཟས་བཀླུབས༔ ཚེ་ཡི་དངོས་གྲུབ་འགུགས་པའི་རྫས༔


KMC020_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱུ་ཞགས་པ་ལྕགས་སྒྲོགས་དྲིལ༔ མདའ་དར་ཚེ་བུམ་ཀུན་གྱིས་བསྣམས༔ བཞེངས་པའི་སྟབས་ཀྱིས་བཞུགས་པར་གསལ༔ ༼ཕ༽ ༔རང་གི་ཐུགས་ཀའི་ཧཱུྃ་ཡིག་ལས༔ ཛཿཡིག་རྡོ་རྗེའི་ལྕགས་ཀྱུ་འཕྲོས༔ ཞིང་ཁམས་རབ་འབྱམས་མེར་གྱིས་གང་༔ བླ་མ་སྐུ་གསུམ་མཁའ་འགྲོའི་ཚོགས༔ སྐུ་གསུང་ཐུགས་ཀྱི་ཐུགས་རྒྱུད་བསྐུལ༔ འགྲོ་བའི་དོན་ལ་རྩེར་དགོངས་ནས༔ སྐད་ཅིག་ཉིད་ལ་སྤྱན་དྲངས་ཏེ༔ བསྒྲུབ་པའི་གནས་འདིར་གཤེགས་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཧྲཱིཿཧཱུྃ་ཧ་རི་ནི་ས་བཛྲ་ས་མ་ཡ་ཛཿཛཿ ༼བ༽ ༔སྤྱན་འདྲེན་ཚིགས་རྐང་བདུན་མ་ནི༔ ༔ཧཱུྃ༑ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ ངྷ་ན་ཀོ་ཤའི་མཚོ་གླིང་དུ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ སྤྱན་


KMC020_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་ཚིགས་རྐང་བདུན་མ་འདི༔ བྱིན་རླབས་ནམ་མཁའི་ཐོག་ལྟར་མྱུར༔ ཉིན་མཚན་ལན་དྲུག་བརྩོན་གྱུར་ན༔ གུ་རུས་བྱིན་བརླབ་ཞལ་ཡང་སྟོན༔ ༼མ༽ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ༼ཙ༽ ༔ཧཱུྃ༔ ཆོས་དབྱིངས་བདེ་ཆེན་ཞིང་ཁམས་ནས༔ སྣང་བ་མཐའ་ཡས་གཤེགས་སུ་གསོལ༔ རི་བོ་ཏ་ལའི་ཕོ་བྲང་ནས༔ འཇིག་རྟེན་དབང་ཕྱུག་གཤེགས་སུ་གསོལ༔ ཕྱོགས་བཞི་འཇིགས་རུང་དུར་ཁྲོད་དང༔ ཨོ་རྒྱན་མཁའ་སྤྱོད་ཞིང་ཁམས་ནས༔ མ་ཚོགས་མཁའ་འགྲོ་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཧྲཱིཿཧཱུྃ་ཧ་རི་ནི་ས་བཛྲ་ས་ཡ་མ་ཛཿཛཿ ༼ཚ༽ ༔ཧཱུྃ༑ ཉི་ཟླ་པདྨ་འབར་བའི་གདན༔ མདངས་གསལ་ཡིད་འོང་ལྟ་ན་སྡུག༔ འཇིགས་བྲལ་སེང་གེས་བཏེགས་པའི་ཁྲིར༔ དགྱེས་པའི་ཚུལ་གྱིས་བཞུགས་སུ་


KMC020_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ༔ གུ་རུ་དེ་ཝ་དྷཱ་ཀི་ནི་ཡེ༔ པཾ་པདྨ་མཎྜ་ལ༔ མ་སཱུརྻ་མནྜ་ལ༔ ཨ་ཙནྡྲ་མནྜ་ལ༔ ཏིཥྛ་བྷྲཱུྃ༔ ༼ཛ༽ ༔ཧཱུྃ༑ མོས་གུས་གདུང་ཤུགས་དྲག་པོ་ཡིས༔ སྐུ་གསུམ་བླ་མ་མཁའ་འགྲོ་ལ༔ དག་སྣང་ངང་དུ་གསོལ་བ་འདེབས༔ ལས་སྒྲིབ་སྦྱང་ཕྱིར་ཕྱག་འཚལ་ལོ༔ གུ་རུ་དེ་ཝ་དྷཱ་ཀི་ནི་ན་མོ༔ ༼ཝ༽ ༔ཧཱུྃ༑ སྐུ་གསུམ་བླ་མ་མཁའ་འགྲོ་ལ༔ སྣང་སྲིད་འཁོར་འདས་མཆོད་པར་འབུལ༔ ཡེ་སྟོང་ངང་དུ་བཞེས་སུ་གསོལ༔ སྐུ་ལྔ་ཡེ་ཤེས་དངོས་གྲུབ་སྩོལ༔ གུ་རུ་དེ་ཝ་དྷཱ་ཀི་ནི་སརྦ་པཱུ་ཛ་ཧོ༔ ༼ཞ༽ ༔ཧཱུྃ༑ སྐུ་གསུམ་བླ་མ་མཁའ་འགྲོ་ལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ ཉེར་སྤྱོད་ལྔ་དང་འདོད་ཡོན་ཚོགས༔ ཚོགས་གཉིས་རྫོགས་ཕྱིར་མཆོད་པ་འབུལ༔ སྒྲིབ་གཉིས་སྦྱང་བར་བྱིན་གྱིས་རློབས༔ གུ་རུ་དེ་ཝ་དྷཱ་ཀི་ནི་མ་ཧཱ་པཱུ་ཛ་ཧོ༔ ༼ཟ༽ ༔ཧཱུྃ༑ སྐུ་གསུམ་བླ་མ་མཁའ་འགྲོ་ལ༔ འབྲུ་བཅུད་སྟོང་སྦྱར་བདུད་རྩིའི་མཆོག༔ སྨན་མཆོག་བཟང་དྲུག་ཕྱེ་མ་བཏབ༔ ནད་


KMC020_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

རིམས་དལ་ཡམས་ཞི་ཕྱིར་མཆོད༔ དགྱེས་པའི་ཚུལ་གྱིས་བཞེས་ནས་ཀྱང་༔ འཇིག་རྟེན་ཁམས་ཀུན་བདེ་བ་དང་༔ མི་ནད་ཕྱུགས་ནད་ཞི་བར་མཛོད༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ གུ་རུ་དེ་ཝ་དྷཱ་ཀི་ནི་ཨ་མྲྀ་ཏ་པཱུ་ཛ་ཧོ༔ ༈ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ལོངས་སྐུ་རྒྱལ་བ་རིགས་ལྔའི་ཞལ་དུ༴ སྤྲུལ་སྐུ་རྒྱལ་དབང་པདྨ་ཞལ་དུ༴ ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ཞལ་དུ༴ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞལ་དུ༴ ལྷ་སྲས་མུ་ཁྲི་བཙན་པོའི་ཞལ་དུ༴ རིག་འཛིན་མི་འགྱུར་རྡོ་རྗེའི་ཞལ་དུ༴ དྲིན་ཅན་རྩ་བརྒྱུད་བླ་མའི་ཞལ་དུ༴ དཔལ་མགོན་ཏྲཀྴད་ནག་པོའི་ཞལ་དུ༴ གཏེར་སྲུང་ནོར་ལྷ་རབ་འབྱམས་ཞལ་དུ༴ གཞན་ཡང་མཆོད་འོས་རྒྱ་མཚོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ༼འ༽ ༔ཧཱུྃ༑ རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས༔ དུག་ལྔ་ཡེ་ཤེས་ལྔ་རུ་བསྒྲལ༔ དུག་གསུམ་སྐུ་གསུམ་ངོ་བོར་སྦྱངས༔ ཆགས་མེད་ཆགས་


KMC020_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་རཀྟའི་མཆོག༔ གསང་བ་ཡེ་ཤེས་བདུད་རྩི་འདི༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་འབུལ༔ དགྱེས་པའི་ཚུལ་གྱིས་བཞེས་ནས་ཀྱང་༔ དབང་དང་བྱིན་རླབས་དངོས་གྲུབ་སྩོལ༔ གུ་རུ་དེ་ཝ་དྷཱ་ཀི་ནི་མ་ཧཱ་རཀྟ་པཱུ་ཛ་ཧོ༔ ༼ཡ༽ ༔ཧཱུྃ༑ གསལ་འཚེར་ཉི་ཟླའི་སྣོད་ཡངས་པར༔ བ་ལིཾ་ལྷུན་པོ་ལྟ་བུར་བརྗིད༔ ཤ་ལྔ་བདུད་རྩི་ལྔ་ཡི་དངོས༔ ཟད་མེད་མཁའ་དང་མཉམ་པ་འདི༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་འབུལ༔ དགྱེས་པའི་ཚུལ་གྱིས་བཞེས་ནས་ཀྱང་༔ ཟས་ནོར་ལོངས་སྤྱོད་འཕེལ་བ་དང་༔ མཐུ་སྟོབས་གཟི་བརྗིད་དངོས་གྲུབ་སྩོལ༔ གུ་རུ་དེ་ཝ་དྷཱ་ཀི་ནི་མ་ཧཱ་བ་ལིང་ཏ་པཱུ་ཛ་ཧོཿ ཛྙཱ་ན་པཉྩ་ག་ཎ་ཙཀྲ་ཁཱ་ཧི་ཁཱ་ཧི༔ ༼ར༽ ༔ཧཱུྃ༑ ཆོས་དབྱིངས་རྣམ་དག་དཀྱིལ་འཁོར་ནས༔ སྐུ་གསུམ་བླ་མའི་ཐུགས་དམ་བསྐང་༔ བདེ་སྟོང་དབྱེར་མེད་དཀྱིལ་འཁོར་ནས༔ སྐུ་གསུམ་བླ་མའི་ཐུགས་དམ་བསྐང་༔ སྣང་སྟོང་ཟུང་འཇུག་དཀྱིལ་འཁོར་ནས༔ སྐུ་


KMC020_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བླ་མའི་ཐུགས་དམ་བསྐང་༔ གསལ་སྟོང་རིག་རྩལ་དཀྱིལ་འཁོར་ནས༔ མཁའ་འགྲོ་སྡེ་ལྔའི་ཐུགས་དམ་བསྐང་༔ བསྐང་མེད་ཆོས་དབྱིངས་ཀློང་དུ་བསྐང་༔ སྦྱོར་མེད་ཁམས་གསུམ་དབྱིངས་སུ་སྦྱོར༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ རྡོ་རྗེ་ཚེ་དང་བདུད་རྩི་སྨན༔ གྲུབ་ཆེན་བརྒྱད་དང་མངོན་ཤེས་ལྔ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དབང་བཞི་བསྐུར་ལ་བྱིན་ཆེན་ཐོབ༔ འཆི་མེད་ཆོས་སྐུ་མྱུར་རྟོགས་ཤོག༔ ༼ལ༽ ༔ཧོཿ སྐུ་གསུམ་བླ་མ་མཁའ་འགྲོའི་ཚོགས༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ བདག་ནི་ལས་ཉོན་དབང་གྱུར་པར༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས༔ ཉམས་པར་གྱུར་པ་མཐོལ་ལོ་བཤགས༔ དུག་གསུམ་དབང་གིས་ཉམས་པ་རྣམས༔ སྐུ་གསུམ་ཀློང་དུ་མཐོལ་ལོ་བཤགས༔ དུག་ལྔའི་དབང་གིས་ཉམས་པ་རྣམས༔ ཡེ་ཤེས་ལྔ་ཡི་ཀློང་དུ་བཤགས༔ བག་ཆགས་འཁྲུལ་པས་ཉམས་པ་རྣམས༔ རང་


KMC020_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

རིག་སྐྱེ་མེད་ངང་དུ་བཤགས༔ རེ་དོགས་དབང་གིས་ཉམས་པ་རྣམས༔ རང་གྲོལ་འཛིན་མེད་ངང་དུ་བཤགས༔ བཤགས་བྱ་བཤགས་བྱེད་དག་སྣང་རྩལ༔ རང་རིག་ཨ་ཏི་ཁྱབ་གདལ་ཀློང༔ འཆི་མེད་རིག་རྩལ་མྱུར་རྟོགས་ཤོག༔ ༼ཤ༽ ༔ཧཱུྃ༑ ཆོས་དབྱིངས་སྐྱེ་མེད་མཁའ་ལྟར་དག༔ འགག་མེད་ལོངས་སྐུ་སྤྲིན་ལྟར་གཡོ༔ ཐབས་མཁས་འགྲོ་འདུལ་སྤྲུལ་པས་ཁྱབ༔ སྐུ་གསུམ་བླ་མའི་ཚོགས་ལ་བསྟོད༔ འགྲོ་དྲུག་ལས་སྒྲིབ་སྦྱང་བྱའི་ཕྱིར༔ ཡེ་ཤེས་ལྔ་ཡི་རོལ་རྩེད་ལས༔ གང་འདུལ་སྐུར་སྟོན་ཞི་ཁྲོའི་ཚུལ༔ སྐུ་གསུམ་བླ་མའི་ཚོགས་ལ་བསྟོད༔ ༔ཧཱུྃ༑ དུས་མིན་འཆི་བ་འཇོམས་མཛད་པ༔ སྣང་བ་མཐའ་ཡས་སྐུ་ལ་བསྟོད༔ འཁོར་བ་དོང་སྤྲུག་ཐུགས་རྗེ་ཅན༔ འཇིག་རྟེན་དབང་ཕྱུག་སྐུ་ལ་བསྟོད༔ ༔ཧཱུྃ༑ སྐྱེ་འཆི་མེད་པ་ཆོས་ཀྱི་སྐུ༔ པདྨ་འབྱུང་གནས་སྐུ་ལ་བསྟོད༔ བསྟན་པའི་སྒྲོན་མེ་པཎྜི་ཏ༔ བློ་ལྡན་མཆོག་སྲེད་ཁྱོད་ལ་བསྟོད༔ རྒྱལ་བའི་


KMC020_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་འཚོབ་འགྲོ་བའི་མགོན་༔ ཤཱཀྱ་སེང་གེ་ཁྱོད་ལ་མཆོག༔ དྲེགས་པ་དགྲ་བགེགས་གཏན་ནས་འཇོམས༔ རྡོ་རྗེ་གྲོ་ལོད་ཁྱོད་ལ་བསྟོད༔ བདུད་དང་རུ་དྲ་མུ་སྟེགས་འཇོམས༔ སེཾ་ཧ་སྒྲ་སྒྲོག་ཁྱོད་ལ་བསྟོད༔ སྡེ་བརྒྱད་ལྷ་སྲིན་ཆོས་ལ་བཀོད༔ པདྨ་སཾ་བྷ་ཁྱོད་ལ་བསྟོད༔ རྒྱལ་རིགས་རྗེ་འབངས་འདུལ་མཛད་པ༔ པདྨ་རྒྱལ་པོ་ཁྱོད་ལ་བསྟོད༔ འགྲོ་དྲུག་མུན་པ་སེལ་མཛད་པའི༔ སཱུརྻ་འོད་ཟེར་ཁྱོད་ལ་བསྟོད༔ རྒྱལ་བ་རབ་འབྱམས་ཀུན་གྱི་དྲུང་༔ ཁྱོད་ཀྱི་སྤྲུལ་པས་གང་བར་མཛད༔ འགྲོ་འདུལ་འཁོར་བ་དོང་སྤྲུག་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཐུགས་སྤྲུལ་བཀའ་སྡོད་མཁའ་འགྲོའི་ཚོགས༔ རྡོ་རྗེ་རིན་ཆེན་པདྨ་ལས༔ སངས་རྒྱས་རིགས་སོགས་ཚེ་ཡི་བདག༔ དངོས་གྲུབ་སྟེར་མཛད་རྣམས་ལ་བསྟོད༔ ༼ས༽ ༔ཨཱོཾ་ཨཱཿཧཱུྃ༔ བླ་མ་རིག་འཛིན་ལྷ་ཚོགས་ཀྱི༔ སྐུ་ལས་འབྲུ་གསུམ་ཡེ་གེ་འཕྲོས༔ རང་གི་གནས་གསུམ་མེར་གྱིས་གང་༔


KMC020_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བཞི་ཐོབ་ཅིང་སྐུ་བཞི་ཡི༔ ས་བོན་རྒྱུད་ལ་བཞག་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཧྲཱིཿཧཱུྃ་ཧ་རི་ནི་ས་སིདྡྷི་ཨཱ་ཡུཿསིདྡྷི༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་དྷརྨ་དྷཱ་ཏུ་མ་ཧཱ་ཛྙཱ་ན་པཉྩ་ཨ་བྷི་ཥིཉྩ་ཨེ་ཧཾ་ཨཱཿ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཀཱ་ཡ་བཛྲ༔ ཝཱ་ཀ་བཛྲ༔ ཙིཏྟ་བཛྲ༔ ཛྙཱ་ན་བཛྲ༔ སརྦ་བཛྲ༔ ཀརྨ་སཱ་ག་ར་བཛྲ༔ ཨ་བྷི་ཥིཉྩ་ཏིཥྛ་ཏིཥྛ་ཏིཥྛ༔ ཨོཾ་ཤྲཱི་མ་ཧཱ་གུ་རུ་པདྨ་ཧེ་རུ་ཀ་ཀྲོ་ངྷ་རཱ་ཛ་ཨོཾ་ཨཱཿཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ་བྷྲཱུཾ་བྷྲཱུཾ་བྷྲཱུཾ་རཀྵ་རཀྵ་རཀྵ་སྭཱ་ཧཱ༔ མངྒ་ལཾ་ཤྲཱི་ཛྭ་ལ་སཱུརྻཙནྡྲ་ཙཀྲ་མཎྜལ་ཏིཥྛ༔ ཧཱུྃ་དུ་ཨ་བྷི་ཥིཉྩ༔ ཧཱུྃ་དུ་ཙཀྲ༔ ཀརྨ་ཙཀྲ༔ ཧཱུྃ་དུ་རཀྵ་བྷྲཱུྃ་སྭཱ་ཧཱ༔ ས་མ་ཡ་རཀྵ༔ ༔ཧཱུྃ༑ སྐུ་གསུམ་བླ་མ་མཁའ་འགྲོའི་ཚོགས༔ རང་གི་ལུས་ངག་ཡིད་གསུམ་ལ༔ མཁའ་ལ་སྤྲིན་ལྟར་ཐིམ་པར་གྱུར༔ ཆུ་ལ་ཆུ་བཞག་ལྟ་བུར་གྱུར༔ ༔ཧཱུྃ༑ རང་རིག་བླ་མར་གསལ་བ་ཡི༔ ཐུགས་ཀར་པདྨ་ཉི་ཟླའི་སྟེང༔


KMC020_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ༔ མཐའ་མར་སྔགས་ཕྲེང་འཁོར་བའི་སྒྲས༔ རྒྱལ་བ་རབ་འབྱམས་ཐུགས་རྒྱུད་བསྐུལ༔ ཡི་དམ་ལྷ་ཚོགས་ཐུགས་རྒྱུད་བསྐུལ༔ དཔའ་བོ་མཁའ་འགྲོའི་ཐུགས་རྒྱུད་བསྐུལ༔ ཆོས་སྐྱོང་སྲུང་མའི་ཐུགས་རྒྱུད་བསྐུལ༔ ཐམས་ཅད་སྤྱན་དྲངས་རང་ལ་བསྟིམ༔ དེ་བཞིན་སྣང་སྲིད་འཁོར་འདས་ཀྱི༔ མཐུ་སྟོབས་གཟི་བརྗིད་ཚེ་བསོད་དཔལ༔ སྙན་གྲགས་དབང་ཐང་རང་ལ་བསྟིམ༔ མཚོ་ལ་ཆར་བབ་ལྟ་བུར་བསྟིམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཤམ་བུ་མཁའ་འགྲོའི་སྲོག་སྔགས་ནི༔ ཧྲཱིཿཧཱུྃ་ཧ་རི་ནི་ས་ཨཱ་ཡུཿསིདྡྷི་ཛཿ མ་ཡེངས་ངང་དུ་སྔགས་འདི་བཟླས༔ མི་ཚིག་བར་མ་ཆོད་པ་གནད༔ སྤྲོ་བསྡུ་དམིགས་པ་སྦར་བ་གནད༔ དུས་དྲུག་དུས་མིན་ཐམས་ཅད་དུ༔ སྤྱན་འདྲེན་ཚིགས་རྐང་བདུན་མ་བརྗོད༔ མོས་གུས་དད་འདུན་མ་ཞན་པར༔ བློ་བཀལ་པདྨ་འབྱུང་ལ་གྱིས༔ རབ་ཀྱིས་ཞག་བདུན་དག་གིས་འགྲུབ༔ འབྲིང་གིས་ཉི་ཤུ་རྩ་ལྔར་འགྲུབ༔ ཐ་མའང་ཟླ་གཅིག་འགྲུབ་པར་ངེས༔ གཉིས་འཛིན་ཐེ་ཚོམ་མེད་པ་གནད༔ ལེ་ལོ་སྙོམ་


KMC020_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྤོངས་ཤིག་བུ༔ ༼ཧ༽ ༔ཨེ་མ་ཧོ༔ འདི་ཡི་བསྐྱེད་རིམ་རྩལ་རྫོགས་ན༔ རབ་ནི་གཟུགས་ཅན་ཀུན་གྱིས་མཐོང་༔ འབྲིང་ནི་ལྷ་འདྲེ་ཀུན་གྱིས་མཐོང་༔ ཐ་མ་འདྲེ་གདོན་ཕྲ་མོས་མཐོང་༔ ༔བསྐྱེད་རིམ་བསྒོམས་པའི་ཕན་ཡོན་ནི༔ རབ་ནི་རང་རིག་ལྷ་རུ་འགྱུར༔ འབྲིང་ནི་འཁོར་ལོ་བསྒྱུར་རྒྱལ་ཐོབ༔ ཐམས་ཅད་བར་དོར་གྲོལ་བ་ཐོབ༔ ཡི་དམ་དེ་ཡི་འཁོར་དུ་སྐྱེ༔ བསྐྱེད་རྫོགས་ཟུང་འཇུག་བསྒོམས་པར་བྱ༔ ༔རྫོགས་རིམ་བསྒོམས་པའི་ཕན་ཡོན་ནི༔ རབ་ནི་ལུས་སྣང་སེམས་གསུམ་འདྲེས༔ འབྱུང་བ་བཞི་ལ་རང་དབང་སྒྱུར༔ པདྨ་བདག་དང་དགོངས་པ་མཉམ༔ ༔འབྲིང་གིས་ཆོས་ཉིད་བདེན་པ་མཐོང་༔ སྐྱེ་འཆི་གཉིས་ལ་རང་དབང་ཐོབ༔ ༔ཐ་མའང་རང་སེམས་རང་ངོ་འཕྲོད༔ བར་དོའི་འཇིགས་བསྐྲག་དེ་ལ་མེད༔ ༔བསྐྱེད་རྫོགས་གཉིས་ཀར་དབང་ཐོབ་ན༔ ཚེ་གཅིག་འཇའ་ལུས་ཆོས་སྐུ་འགྲུབ༔ ཕུང་པ་མེད་པར་མངོན་སངས་རྒྱས༔ ༔འབྲིང་ལ་སྐུ་གཟུགས་འཇའ་ཚོན་འཆར༔ རིང་བསྲེས་གདུང་སོགས་ཤུལ་དུ་འབྱུང་༔ འདི་ཕྱི་འཁོར་འདས་སྣང་སྲིད་ཀུན༔ མངོན་སུམ་མཐོང་ཞིང་གཞན་སེམས་ཤེས༔ ༔ཁྱད་པར་རིག་འཛིན་འགྲུབ་པའི་རྟགས༔ རབ་ནི་དངོས་སུ་ཞལ་མཐོང་འགྱུར༔ འབྲིང་ནི་རྨི་ལམ་ཡུལ་དུ་མཐོང་༔ ཐ་མའང་མོས་གུས་དྲག་པོ་སྐྱེ༔ ༔རིག་འཛིན་བསྒྲུབས་པའི་འགྲུབ་རྟགས་ནི༔ ནམ་


KMC020_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་འཇའ་སྤྲིན་གསལ་བར་འབྱུང་༔ ངེས་མེད་ཉིད་དུ་སྤོས་དྲི་དང་༔ ཚུལ་ཁྲིམས་དྲི་ཡིས་ཁྱབ་པ་འབྱུང་༔ སྨན་གཏོར་རཀྟ་དགུ་མི་འཁྱགས༔ དབྱར་ཡང་རུལ་སུམ་མི་འབྱུང་ཞིང་༔ རླངས་པ་འཐུལ་ཞིང་འཇའ་འོད་ཟུག༔ སྒྲ་དང་བཅས་ཏེ་ཁོལ་བ་འོང་༔ བུད་མེད་ན་ཆུང་མང་པོ་ཡིས༔ གྲོོ་གར་རོལ་རྩེད་རྩེ་བ་སོགས༔ དངོས་སམ་ཉམས་སྣང་རྨི་ལམ་དུ༔ དངོས་གྲུབ་སྟེར་བའི་ངེས་ཤེས་འཆར༔ ༔འཛབ་འདི་བཟླས་པའི་ཕན་ཡོན་ནི༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ མ་བསྒྲུབས་པར་ཡང་འགྲུབ་པར་འགྱུར༔ ལན་གཅིག་བཟླས་པས་སྡིག་སྒྲིབ་དག༔ ལན་གཉིས་བཟླས་པས་བར་ཆད་ཞི༔ ལན་གསུམ་བཟླས་པས་ལྷ་འདྲེ་བརྒྱལ༔ འབུམ་ཕྲག་གསུམ་གྱིས་རྟགས་རྣམས་འོང་༔ དེ་ཡང་མ་ཡེངས་ངང་དུའོ༔ སེམས་ནི་ཡུལ་ཁྱབ་ཀུན་ཏུ་རྒྱུག༔ ཡེངས་ཤིང་བཟླས་པས་འབྲས་མི་འབྱུང་༔ མ་ཡེངས་པ་ནི་གནད་ཡིན་ནོ༔ སྔགས་ནི་དལ་བྲེལ་རན་པར་བྱ༔ སྒྲ་ཟུར་མ་ཉམས་གནད་ཡིན་ནོ༔ སེམས་ནི་བསྐྱེད་རྫོགས་སྙིང་རུས་བརྩོན༔ ལེ་ལོ་མ་ཤོར་གནས་ཡིན་ནོ༔ ཡིག་འབྲུ་ཉི་ཤུ་རྩ་གཅིག་འདི༔ དྲག་པོ་རྩལ་གྱི་ཡང་ཟབ་ཡིན༔ གསང་སྔགས་དོན་གྱི་རྣལ་འབྱོར་པས༔ བརྩོན་འགྲུས་དྲག་པོ་སྐྱེད་ནུས་ན༔ ང་དང་མཇལ་བར་ཐེ་ཚོམ་མེད༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ བར་ཆད་མེད་པར་ཐོབ་པར་འགྱུར༔ འཇའ་ལུས་འགྲུབ་པར་ཐེ་


KMC020_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་མེད༔ ཚེ་གཅིག་སངས་རྒྱས་འགྲུབ་པར་འགྱུར༔ དེ་ཕྱིར་མ་འོངས་སེམས་ཅན་རྣམས༔ བརྩོན་འགྲུས་དད་འདུན་མ་ཆུང་བར༔ བློ་བཀལ་པདྨ་འབྱུང་ལ་གྱི༔ རང་དོན་ཡིན་པས་ཉམས་སུ་ལོངས༔ རིགས་དྲུག་སྡུག་བསྔལ་མིག་གིས་ལྟོས༔ བདེ་བ་ཐོབ་འདོད་བསམ་ན་འབུངས༔ སྙིང་ལ་འཆར་ཞིག་ས་མ་ཡ༔ ༼ཨ༽ ༔ཨོཾ་ཨཱཿཧཱུྃ༔ རྟེན་དང་གཏོར་མའི་ལྷ་ཚོགས་རྣམས༔ སླར་ཡང་རང་ལ་ཐིམ་པར་གྱུར༔ ལུས་སྣང་ལྷ་སྐུ་མཐའ་ནས་ཡལ༔ སྐྱེ་མེད་ཡི་གེ་ཧཱུྃ་ལ་ཐིམ༔ ཧཱུྃ་ཡང་འོད་ཞུ་ཐིག་ལེར་གྱུར༔ ཐིག་ལེ་ཁྱབ་གདལ་ཀློང་དུ་ཡལ༔ བརྗོད་མེད་ཡེ་ཤེས་གཉུག་མའི་སེམས༔ ཡེངས་མེད་རིག་རྩལ་མངོན་གྱུར་ཤོག༔ བླ་མ་སྐུ་གསུམ་གྱི་སྒྲུབ་ཐབས་སྒྲུབ་པ་སྤྱིའི་ཁོག་དབུབ་མཆོད་ཕྲེང་རིགས་དྲུག་འཕྲང་སྒྲོལ་གྱི་ལེའུ་སྟེ་དྲུག་པའོ༔ ཙིཏྟ་བཛྲ་ས་མ་ཡ༔ ཐུགས་རྒྱ་བརྡའ་ཐིམ༔ རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱི་གཏེར་མ་བསླད་མེད་པའོ༔ ༔ ༈ མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་


KMC020_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousཡེ་གསང་ཐུགས་གཏེར་ལས་འཇའ་ལུས་ཆོས་སྐུ་སྒྲུབ་པའི་ཐབས་འཆི་མེད་ཚེ་ཡི་རིག་འཛིན། next