Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

2 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
སྦས་གསང་དོན་བསྡུས་ཚེ་སྒྲུབ།
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  


2 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousསྦས་གསང་དོན་བསྡུས་ཚེ་སྒྲུབ།next

སྦས་གསང་དོན་བསྡུས་ཚེ་སྒྲུབ།


KMC020_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

སྦས་གསང་དོན་བསྡུས་ཚེ་སྒྲུབ་བཞུགས་སོ༔


KMC020_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་མ་ཧཱ་གུ་རུ་པདྨ་བཛྲ་ཡེ༔ འཁོར་འདས་ཀུན་ཁྱབ་ཡེ་ཤེས་རང་སྣང་ལས༔ སྐད་ཅིག་དྲན་རྫོགས་གུ་རུ་ཡབ་ཡུམ་གྱི༔ ཐུགས་སྲོག་ཧཱུྃ་ལས་འོད་ཟེར་དཔག་མེད་འཕྲོས༔ རྒྱལ་བ་རབ་འབྱམས་མཉེས་པའི་མཆོད་པ་ཕུལ༔ བྱིན་རླབས་དངོས་གྲུབ་འཆི་མེད་བདུད་རྩིའི་རྒྱུན༔ རང་གཞན་སེམས་ཅན་ཀུན་གྱི་ལུས་ལ་ཕོག༔ འཆི་མེད་རྡོ་རྗེའི་སྐུ་བརྙེས་འཇའ་ལུས་འགྲུབ༔ འགྱུར་མེད་ཡེ་ཤེས་ལུས་མཆོག་ཐོབ་པར་གྱུར༔ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་


KMC020_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཧྲཱིཿཧཱུྃ་ཧ་རི་ནི་ས་ཨཱ་ཡུཿསིདྡྷི་ཛཿ རང་ཉིད་གུ་རུ་ཡབ་ཡུམ་ཐུགས་ཀ་ནས༔ འོད་དམར་ལྕགས་ཀྱུའི་དབྱིབས་ཅན་གྲངས་མེད་འཕྲོས༔ ཡི་དམ་ཞི་ཁྲོ་རབ་འབྱམས་མཉེས་མཆོད་ཕུལ༔ ཐུགས་རྗེའི་ནུས་རྩལ་འཆི་མེད་བདུད་རྩིའི་རྒྱུན༔ རང་གཞན་སེམས་ཅན་ཀུན་གྱི་ངག་ལ་ཕོག༔ ཚངས་དབྱངས་ཡན་ལག་དྲུག་ཅུའི་ཡོན་ཏན་མ་ལུས་རྫོགས༔ འགག་མེད་གྲགས་སྟོང་ནུས་རྩལ་འགྲུབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་


KMC020_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཧྲཱིཿཧཱུྃ་ཧ་རི་ནི་ས་ཨཱ་ཡུཿསིདྡྷི་ཛཿ རང་ཉིད་གུ་རུ་ཡབ་ཡུམ་ཐུགས་ཀ་ནས༔ མཐིང་གསལ་འོད་ཟེར་སྣང་སྲིད་ཁྱབ་པར་འཕྲོས༔ དཔའ་བོ་མཁའ་འགྲོར་དགྱེས་པའི་མཆོད་པ་ཕུལ༔ བྱང་སེམས་དཀར་དམར་བྱང་ཆུབ་བདུད་རྩིའི་རྒྱུན༔ རང་གཞན་སེམས་ཅན་ཀུན་གྱི་ཡིད་ལ་ཕོག༔ བདེ་སྟོང་དབྱེར་མེད་སྣང་སྟོང་མི་རྟོག་པའི༔ འཆི་མེད་རིག་རྩལ་ཆོས་སྐུའི་དོན་རྟོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཧྲཱིཿཧཱུྃ་ཧ་རི་ནི་ས་ཨཱ་ཡུཿསིདྡྷི་ཛཿ རང་ཉིད་གུ་རུ་ཡབ་ཡུམ་ཐུགས་ཀ་ནས༔ འོད་ཟེར་ལྗང་ནག་འཁོར་འདས་ཁྱབ་པར་འཕྲོས༔ དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐངས་གྱུར་ཏེ༔ ཕྲིན་ལས་རྣམ་བཞིའི་ཡོན་ཏན་དངོས་གྲུབ་བདུད་རྩིའི་རྒྱུན༔ རང་གཞན་སེམས་ཅན་ཀུན་ལ་སིབ་སིབ་ཐིམ༔ རབ་འབྱམས་རྒྱལ་བའི་ཡོན་ཏན་ཕྲིན་ལས་ཀྱིས༔ འགྲོ་འདུལ་ཐབས་མཁས་


KMC020_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཀུན་རེ་བསྐང་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཧྲཱིཿཧཱུྃ་ཧ་རི་ནི་ས་ཨཱ་ཡུཿསིདྡྷི་ཛཿ རང་ཉིད་གུ་རུ་ཡབ་ཡུམ་འོད་དུ་ཞུ༔ དམིགས་གཏད་མཚན་འཛིན་བྲལ་བའི་ཀློང་དུ་ཐིམ༔ གདོས་བཅས་མཚན་མའི་ལུས་སྣང་དབྱིངས་སུ་ཡལ༔ འཆི་མེད་རིག་རྩལ་འཁོར་ཡུག་སྐྱེ་འཆི་བྲལ༔ རང་རིག་རིག་པའི་ཀུན་བཟང་འགྲུབ་གྱུར་ཏེ༔ འགྲོ་རྣམས་དེ་ཡི་ས་ལ་གནས་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཧྲཱིཿཧཱུྃ་ཧ་རི་ན་ས་ཨཱ་ཡུཿསིདྡྷི་ཛཿ དེ་ཡང་འདི་ཕྱི་སྐྱེ་བ་ཐམས་ཅད་དུ༔ ལས་སྒྲིབ་རྒྱུན་ཆད་ཚེ་ཡི་བར་ཆད་ཞི༔ ཚེ་འདིར་ཚེ་རིང་སྲོག་གི་བར་ཆད་ཞི༔ ཐུན་མོངས་དངོས་གྲུབ་མྱུར་ཐོབ་ཐེ་ཚོམ་མེད༔ འཆི་(ཕྱི་)མ་བདེ་བ་ཅན་དུ་སྐྱེས་བར་འགྱུར༔ འཆི་མེད་དོན་དམ་སིདྡྷི་དུས་དེར་རྙེད༔ སྐྱེ་ནས་སྐྱེ་བར་རྗེས་སུ་འཛིན་པར་འགྱུར༔ མ་འོངས་སེམས་ཅན་ཐུགས་ལ་དེ་ལྟར་ཞོག༔ འདི་ནི་སྦས་གསང་དོན་བསྡུས་ཚེ་སྒྲུབ་ཡིན༔ ཡང་གསང་ཆོས་འདི་མ་ཧཱ་ཀཱ་ལས་སྲུངས༔ ས་མ་ཡ་ཐུགས་རྒྱ་བརྡའ་ཐིམ༔ མ་ཧཱ་ཀཱ་ལ་


KMC020_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲཀྴད་དུ་ས་མ་ཡ་རཀྴ་རཀྴ་རཀྴ་ཧཱུྃ༔ རིག་འཛིན་མི་འགྱུར་རྡོ་རྗེའི་གཏེར་མ་བསླད་མེད་པའོ༔ ༈ མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousསྦས་གསང་དོན་བསྡུས་ཚེ་སྒྲུབ།next