Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

2 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་མཁའ་འགྲོ་མན་དྷཱ་ར་བའི་གསང་སྒྲུབ་བམ་སྒྲོལ་ལས་མཐའ།
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  


2 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousགུ་རུ་རྡོ་རྗེ་གྲོ་ལོད་ཀྱི་མཁའ་འགྲོ་མན་དྷཱ་ར་བའི་གསང་སྒྲུབ་བམ་སྒྲོལ་ལས་མཐའ། next

གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་མཁའ་འགྲོ་མན་དྷཱ་ར་བའི་གསང་སྒྲུབ་བམ་སྒྲོལ་ལས་མཐའ།


KMC020_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་རྡོ་རྗེ་གྲོ་ལོད་ལས༔ མཁའ་འགྲོ་མནྡྷཱ་ར་བ་ཡི༔ གསང་སྒྲུབ་བམ་སྒྲོལ་ལས་མཐའ་བཞུགས༔ སུས་ཀྱང་བཅོས་བསླད་མ་བསྲེ་ཞིག༔ ཤོག་དྲིལ་ལྕགས་སྦུབས་མ་ཡིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔


KMC020_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

༼ཀ༽ ༔ཤྲཱི་མ་ཧཱ་གུ་རུ་པདྨ་སཾ་བྷ་ཝ་ཡེ་ན་མོ༔ འཁོར་བ་དོང་སྤྲུག་འགྲོ་བའི་མགོན༔ བསྟན་པའི་སྒྲོན་མེ་སྙིང་རྗེའི་མཛོད༔ རིག་འཛིན་པདྨ་འབྱུང་གནས་ཀྱི༔ ཟབ་གནད་སྙིང་ཁྲག་ཐིགས་པ་འདི༔ ཡང་སྤྲུལ་བར་ཆད་བསལ་ཕྱིར་སྦས༔ མ་འོངས་སུམ་ཅུ་ཁ་རལ་དུས༔ ཕྱི་སྣོད་འཇིག་རྟེན་ཞིང་ཁམས་སུ༔ འདྲེ་སྲིན་འབྱུང་པོ་འུར་རྒྱུག་བྱེད༔ ནང་བཅུད་སྐྱེ་འགྲོ་ཐམས་ཅད་ཀྱི༔ ལུས་སྲོག་དུས་མིན་ངེས་མེད་འཇིག༔ འབྱུང་བཞིའི་ནད་ཀྱིས་འགྲོ་ཀུན་གཟིར༔ དབང་མེད་བར་དོར་དུས་མིན་འཁྱམ༔ ཆོས་བྱེད་ཡོངས་ཀྱི་འདུན་ས་ཞིག༔ དམ་སྲི་འབྱུང་པོའི་བསྟན་པ་དར༔ བོད་ཁམས་ཡོངས་ལ་ཧབ་ཐོབ་ཟ༔ བོད་ཀྱི་བསོད་ནམས་ངང་གིས་ཟད༔ སྐྱབས་དང་


KMC020_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་གཉེན་དགྲ་ལ་བཙལ༔ ཐར་མེད་རྒྱལ་པོའི་ཆད་པས་གཙེས༔ རང་ནོར་རང་གཤེད་དགྲ་ཡི་གྲོགས༔ བདེ་བའི་གོ་སྐབས་ཡད་མ་ཡུད༔ དཔེར་ན་སྤྲིན་བར་ཉི་ཟེར་ལྟར༔ དེ་འདྲའི་བསྐལ་པ་ཤར་བའི་ཚེ༔ བདག་གི་སྤྲུལ་པ་མང་ལགས་ཀྱང་༔ ཕལ་ཆེར་བར་ཆད་བྱེད་དབང་འགྲོ༔ ཕལ་ཆེར་འཇིགས་པ་བརྒྱད་ཀྱིས་སྡང་༔ ཕལ་ཆེར་རིག་སྔགས་དུག་དང་མཚོན༔ བསམ་ངན་མཐོ་གནོན་ལོག་ལྟས་སྔང་༔ ཚེ་སྲོག་འཕྲོག་པའི་དུས་བསྐལ་དེར༔ རྟགས་ཙམ་འཛིན་པའི་བསྟན་པ་ཡིན༔ གསང་སྔགས་བསྐྱེད་རྫོགས་གདམས་པ་ནུབ༔ དགེ་སློང་མཚོན་ཆའི་འཁོར་ལོ་བསྐོར༔ སངས་རྒྱས་བསྟན་པ་ནང་འཁྲུགས་བྱེད༔ དགེ་བཤེས་ཆོས་གོས་ལེའུ་ནས༔ དུག་དང་མཚོན་གྱི་གཏེར་


KMC020_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་བརྡོལ༔ བསོད་ཟད་རྣམས་ལ་སྐོམ་དུ་སྟེར༔ ཞིམ་མངར་རོ་བཅུད་ཆེའོ་སྙམ༔ གཅེས་པར་བཟུང་དང་དུག་ལྔ་འཕེལ༔ བཅོམ་ལྡན་ཐུབ་པའི་བསྟན་པ་ནི༔ ཕྱི་ལེགས་ནང་སྐྱོན་མཐའ་དབུས་འཁྲུགས༔ པད་འབྱུང་བདག་གི་ཟབ་གཏེར་ཡང་༔ ཐེ་ཚོམ་སྐྱོན་ཡོན་ཟུང་འབྲེལ་འཆར༔ བསྟན་འཛིན་སྐྱེས་བུ་ཐམས་ཅད་ཀྱང་༔ ང་རྒྱལ་ཆེ་བཙན་ནུས་རྩལ་འགྲེན༔ མངའ་བདག་རྒྱལ་པོ་ཆོས་སྐྱོང་རྣམས༔ ང་བདག་རྩོད་པས་བསྟན་པ་བཤིག༔ གྲུབ་ཐོབ་རྟོགས་ལྡན་མང་གྱུར་ཀྱང་༔ གྲུབ་རྟགས་ཐོན་པ་ཉིན་སྐར་ཙམ༔ བདག་གི་སྤྲུལ་པ་ཡང་སྤྲུལ་ཡང༔ གཏེར་ཆོས་རྙེད་ངེས་ཉིན་སྐར་རྩམ༔ སྔགས་ནག་ཕུར་ཐོགས་མང་པོ་ཡང་༔ ཕ་རོལ་རྒོལ་འཇོམས་ཉི་སྐར་ཙམ༔ ཡོན་བདག་དམ་ཚིག་སྲུང་བ་ནི༔ བརྒྱ་སྙེད་ཙམ་ལས་རྡོག་པོ་གཅིག༔ དེ་ལྟར་བསྐལ་དུས་འཆར་བའི་ཚེ༔ བར་ཆད་བདུད་དཔུང་འཇོམས་པའི་ཕྱིར༔ ཡེ་ཤེས་མཁའ་འགྲོའི་གསང་སྒྲུབ་བསྟན༔ དེ་ཡང་ཕྱི་ནང་གསང་བ་གསུམ༔ ཐ་ཚིག་ལོ་རྒྱུས་འདི་ལྟ་སྟེ༔ ༼ཁ༽ ༔ཛྙཱ་ན་དྷཱ་ཀི་ན་མོ་ཡེ༔ སྔོན་བྱུང་སྲིད་པའི་དང་པོ་ལ༔ མཁའ་གསང་བདེ་གསལ་དཀྱིལ་འཁོར་ཤར༔ མ་འགགས་རོལ་རྩེད་རྟེན་འབྲེལ་ལས༔ བཅོམ་ལྡན་ཀུན་ཏུ་བཟང་མོ་བྱུང་༔ ཕྱི་ལྟར་ཕར་ཕྱིན་རྒྱལ་ཀུན་ཡུམ༔ ནང་ལྟར་རྡོ་རྗེ་ཕག་མོ་ཁྲོས༔ གསང་ལྟར་དྷཱ་ཀི་སེང་གེའི་གདོང༔ སྤྲུལ་པ་མཁའ་འགྲོ་སྡེ་ལྔར་ཤར༔


KMC020_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྤྲུལ་དབང་ཕྱུག་ཉེར་བརྒྱད་དང་༔ ཉིང་སྤྲུལ་མ་སྲིང་བརྟན་མར་བཅས༔ དེ་ནི་སྔོན་བྱུང་ལོ་རྒྱུས་སོ༔ ༼ཁ༽ ༔དེ་འོག་བར་གྱི་བསྐལ་པ་ལ༔ བཅོམ་ལྡན་ཐུབ་པའི་སྤྱན་སྔ་རུ༔ སྲིང་མོ་གངྒཱའི་ལྷ་མོས་ཀྱང་༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་༔ བསྟན་པའི་རྒྱལ་མཚན་ལེགས་པར་འཛུགས༔ འགྲོ་ཀུན་ཐར་པའི་ལམ་ལ་བཀོད༔ རྒྱལ་བའི་སྲིང་གྱུར་མནྡྷཱ་ར༔ དེ་ནི་བར་བྱུང་ལོ་རྒྱུས་སོ༔ ༼ང༽ ༔དེ་འོག་ཐ་མའི་བསྐལ་པ་ལ༔ ཟ་ཧོར་རྒྱལ་སྲས་མནྡྷཱ་ར༔ འཁོར་བ་ཞེན་ལོག་བྲམ་ཟེ་མོ༔ པད་འབྱུང་གསང་ཡུམ་དྷཱ་ཀི་མ༔ མེ་ཆུ་དུག་མཚོན་གཞོམ་གཞིག་བྲལ༔ འབྱུང་བཞིར་དབང་བསྒྱུར་སིདྡྷི་བརྙེས༔ ཡེ་ཤེས་མཁའ་འགྲོ་འབུམ་གྱི་རྒྱལ༔ པདྨ་བདག་དང་དགོངས་པ་མཉམ༔ རྩལ་ལྡན་བསིལ་ཁང་བྲག་ཕུག་ཏུ༔ འཆི་མེད་ཚེ་ཡི་རིག་འཛིན་བསྒྲུབས༔ ཚེ་དཔག་མེད་པ་དངོས་སུ་མཇལ༔ སྐྱེ་འཆི་མེད་པའི་ཡེ་ཤེས་སྐུ༔ མཁའ་སྤྱོད་གནས་བགྲོད་དངོས་གྲུབ་བརྙེས༔ དེ་ནི་ཐ་དུས་ལོ་རྒྱུས་སོ༔ ༼ཅ༽ ༔དེ་འོག་རྩོད་ལྡན་དང་པོའི་དུས༔ གདོང་དམར་སྲིན་པོའི་ཡུལ་ལྗོངས་སུ༔ རིགས་གསུམ་མགོན་པོའི་རྣམ་འཕྲུལ་གྱིས༔ སངས་རྒྱས་བསྟན་པའི་རྒྱལ་མཚན་བཙུགས༔ ལོ་པཎ་རྣམས་ཀྱི་ཉི་འོད་བརྡལ༔ པད་འབྱུང་བདག་གིས་བདུད་སྡེ་བཅོམ༔ འཇམ་དཔལ་སྤྲུལ་པས་དར་རྒྱས་མཛད༔ ཕྱག་རྡོར་སྤྲུལ་པས་སྲོལ་ཀ་བཏོད༔


KMC020_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་འབངས་ཉེར་ལྔས་གྲུབ་པ་བརྙེས༔ དུས་དེར་ལྷ་ལྕམ་མནྡྷཱ་ར༔ འགྲོ་བའི་དོན་དུ་སྤྲུལ་སྐུར་བཞེངས༔ མཁར་ཆེན་མཚོ་རྒྱལ་ཞེས་སུ་གྲགས༔ མོན་ཁ་ནེ་རིང་གནས་མཆོག་ཏུ༔ ཕྲིན་ལས་ཕུར་པའི་ལྷ་ཚོགས་བསྒྲུབས༔ ཞལ་མཇལ་སིདྡྷི་རྣམ་གཉིས་ཐོབ༔ བསད་པ་གསོ་ནུས་དངོས་གྲུབ་བརྙེས༔ དེ་ནི་རྩོད་ལྡན་དང་པོར་བྱུང་༔ ༼ཆ༽ ༔དེ་འོག་ཟངས་མདོག་དཔའ་རིའི་རྩེར༔ པདྨ་འོད་ཀྱི་གཞལ་ཡས་སུ༔ པད་འབྱུང་བདག་ཀྱང་གཤེགས་པའི་རྗེས༔ ལྷོ་ནུབ་སྲིན་ཡུལ་འདུལ་བྱའི་ཕྱིར༔ བདེ་ཆེན་དབང་གི་རྒྱལ་མོ་ཞེས༔ སྲིན་ཚོགས་ཆོས་ལ་འཛུད་པར་འགྱུར༔ སྤྲུལ་པས་འཁོར་བ་དོང་ནས་སྤྲུག༔ རྗེས་འཇུག་བུ་སློབ་ཐམས་ཅད་ལ༔ ཞལ་བསྟན་ལུང་སྟོན་དངོས་གྲུབ་སྟེར༔ མཁའ་སྤྱོད་གནས་སུ་འདྲེན་མཛད་མ༔ ཡེ་ཤེས་ལུས་ཐོབ་ཕ་རོལ་ཕྱིན༔ བདེ་ཆེན་དབང་གི་རྒྱལ་མོར་གྲགས༔ དེ་ཡི་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་སྤྲུལ་པ་སྣ་ཚོགས་ཏེ༔ གཅིག་ཏུ་མ་ངེས་རབ་འབྱམས་སྐུ༔ ཞི་རྒྱས་དབང་དྲག་ཕྲིན་ལས་སྟོན༔ དེ་ནི་རྩོད་ལྡན་གཉིས་པར་འབྱུང་༔ ༼ཇ༽ ༔དེ་ལྟར་དྡྷ་ཀི་མནྡྷཱ་རའི༔ གསང་སྒྲུབ་དབང་སྡུད་ལྕགས་ཀྱུ་བསྟན༔ རང་མདུན་མཁའ་དཀྱིལ་འོད་ཀྱི་གུར༔ ཁ་དོག་ལྔ་ལྡན་གསལ་བའི་དབུས༔ ཡུམ་མཆོག་ཡེ་ཤེས་མཁའ་འགྲོ་བསྐྱེད༔ རང་ཉིད་སྔགས་ཆས་བཟང་པོས་བཀླུབས༔ རིག་འཛིན་རྡོ་རྗེ་དྲག་པོ་རྩལ༔


KMC020_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཞུང་རྩ་ཆིངས་ནང་ལྟར་བསྐྱེད༔ འོད་ཞུ་རང་ཉིད་མཁའ་འགྲོར་བསྒོམ༔ མདུན་དུ་པད་སྣོད་ཡངས་པའི་ནང་༔ བམ་རོ་ལེགས་གཟུགས་རྒྱན་ལྡན་བཤམས༔ མྱོས་བྱེད་ཆང་དང་སྟོབས་ལྡན་ཤ༔ ཐབས་ཤེས་ཟུང་འཇུག་གསང་རྫས་བཤམ༔ གཞན་ཡང་ཟས་སྣ་སྣ་ཚོགས་རྣམས༔ བམ་རོ་དེའི་མཐར་ལེགས་པར་བཀྲམ༔ མཁའ་འགྲོ་དབང་སྡུད་དར་སྣ་ལྔ༔ མདའ་ཡི་མགུལ་དུ་ལེགས་པར་བཏགས༔ སིནྡྷུ་ར་ཡིས་སྔགས་འདི་བྲི༔ ཨཱོཾ་ཧྲཱིཿདྷཱ་ཀི་ཛྙཱ་ན་སཱ་ག་ར་རཱ་ཛ་ཧ་རི་ནི་ས་མ་བྷྱོ༔ སིདྡྷི་སརྦ་ཛཿཧཱུྃ༔ ཡེ་ཤེས་མཁའ་འགྲོའི་སྲོག་སྔགས་འདི༔ ཡིག་འབྲུ་དབུ་ཅན་འབྲུ་ཚུགས་བཀོད༔ མཁའ་འགྲོ་དབང་སྡུད་བྱ་རྒོད་ལྤགས༔ དྲི་བཟང་བྱུགས་པའང་མགུལ་དུ་བཏགས༔ བསུར་ཆེན་དྲི་བཟང་སྤོས་དུད་སྒྲེངས༔ རྐང་གླིང་ཐོད་རྔ་རྔ་བོ་ཆེ༔ རོལ་ཆས་སྒྲ་ལྡན་གདུང་བའི་དབྱངས༔ བསྐྱེད་རྫོགས་གསལ་བས་འདི་སྐད་དོ༔ ༼ཉ༽ ཧཱུྃ་བྷྱོ༔ རིག་རྩལ་མ་འགགས་འཕྲོ་འདུ་ལས༔ འགྱུར་མེད་དབྱིངས་རིག་དཀྱིལ་འཁོར་ཤར༔ འཁོར་འདས་རབ་འབྱམས་ཀུན་ལ་ཁྱབ༔ མ་འགགས་རང་གསལ་འཕྲོ་འདུ་ལས༔ ཡེ་སྟོང་ཁྱབ་གདལ་ཕོ་བྲང་ཆེ༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ ཕྱི་ནང་མ་སྒྲིབ་


KMC020_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཀྱི་གུར༔ ༼ཏ༽ ༔དེ་དབུས་པད་ཉི་དབུགས་བྲལ་ཁྲིར༔ བྷྱོ་ལས་ཡེ་ཤེས་མཁའ་འགྲོ་མ༔ བདེ་ཆེན་དབང་ཕྱུག་མཚོ་རྒྱལ་མ༔ དཀར་གསལ་མུ་ཏིག་འོད་མདངས་འཚེར༔ ཞི་འཛུམ་སྤྱན་གསུམ་ངང་རྒྱུད་རིང་༔ དབུ་སྐྲ་ཐོར་ཚུགས་བཅིངས་ལྷག་གྲོལ༔ མེ་ཏོག་དམར་པོའི་ཕྲེང་བ་དང་༔ ཐོད་སྐམ་རིན་ཆེན་སྐྲ་མཚམས་བཅིངས༔ སྤྱི་བོར་སྣང་མཐའ་ཡབ་ཡུམ་བཞུགས༔ དར་སྣ་ལྔ་ཡི་ཅོད་པན་ལྡན༔ ཕྱག་གཡས་མདའ་དར་རྔ་ཡབ་དང་༔ རྡོ་རྗེ་རྩེ་ལྔ་ནམ་མཁར་ཕྱར༔ ཕྱག་གཡོན་ཐོད་པ་རིན་ཆེན་བུམ༔ ཟག་མེད་བདུད་རྩིས་ལེགས་པར་གཏམས༔ དཔག་བསམ་ཤིང་ལོ་མེ་ཏོག་རྒྱས༔ ཐུགས་ཀར་མཆོད་པའི་ཚུལ་གྱིས་བསྣམས༔ དཀུ་ལ་བརྟེན་ཅིང་མཁའ་ལ་གསོལ༔ དཀར་འཛིན་ཆུ་འཛིན་བདེ་བས་རྒྱས༔ དར་སྣ་ལྔ་ཡི་ན་བཟའ་གསོལ༔ སྙན་ཆ་མགུལ་རྒྱན་སེ་མོ་དོ༔ རིན་ཆེན་སྣ་ཚོགས་ཕྲེང་བས་བརྒྱན༔ ཞབས་གཉིས་གཡས་བསྐུམ་གཡོན་


KMC020_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བརྐྱང་གར༔ འཇའ་འོད་མེ་དཔུང་འཚུབས་ཀློང་གསལ༔ བདག་མདུན་མཁའ་འགྲོ་མཚོ་རྒྱལ་མའི༔ ཀླད་པ་དུང་ཁང་འོད་ཀྱི་གུར༔ ༼ཐ༽ ༔དེ་དབུས་པདྨ་འདབ་བཞིའི་སྟེང༔ དབུས་ལྟེར་རྡོ་རྗེ་ཕག་མོ་དམར༔ ཞལ་གཅིག་སྤྱན་གསུམ་མཆེ་བཞི་གཙིགས༔ རལ་གཡེང་ཐོད་སྐམ་སྐྲ་མཚམས་བཅིངས༔ སྤྱི་གཙུག་ཕག་ཞལ་ངུར་སྒྲ་ལྡིར༔ ཁྲོས་རྔམ་སྐུ་ལ་ཁྲོ་ཆས་རྫོགས༔ ཕྱག་གཡས་གྲི་གུག་ནམ་མཁར་འཕྱར༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས༔ ཁ་ཊྭཱཾ་མཆན་བཅུག་ཡབ་ཀྱི་ཚུལ༔ རུས་རྒྱན་མགོ་ཕྲེང་དོ་ཤལ་འཕྱངས༔ ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་གར༔ པད་ཉི་རོ་ཡི་གདན་སྟེང་འགྱིང་༔ སྐུ་ལ་མེ་འོད་གློག་སྟོང་འཁྱུག༔ དམར་གསལ་ཉི་མའི་མདོག་ལྟར་བསྐྱེད༔ མདུན་དུ་རྡོ་རྗེ་མཁའ་འགྲོ་མཐིང་༔ གཡས་སུ་རིན་ཆེན་མཁའ་འགྲོ་སེར༔ རྒྱབ་ཏུ་པདྨ་མཁའ་འགྲོ་དམར༔ གཡོན་ཏུ་ལས་ཀྱི་མཁའ་འགྲོ་ལྗང་༔ ཀུན་ཀྱང་


KMC020_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

གཅེར་བུ་ཁྲོ་མོའི་གཟུགས༔ གྲི་ཐོད་ཁ་ཊྭཱཾ་ཕྱག་ན་བསྣམས༔ བརྐྱང་བསྐུམ་གར་གྱིས་གསལ་བར་བསྐྱེད༔ ༼ད༽ ༔མགྲིན་པ་གསུང་གི་གཞལ་ཡས་ན༔ སྟོང་གསལ་མ་འགགས་འོད་ལྔའི་གུར༔ དེ་དབུས་པདྨ་འདབ་བཞིའི་སྟེང༔ དབུས་ལྟེར་ཧཱུྃ་ལས་སེང་གདོང་མ༔ མཐིང་གསལ་ནམ་མཁའི་མདངས་དང་ལྡན༔ སེང་ཞལ་སྤྱན་གསུམ་དམར་ཟླུམ་འཁྱིལ༔ མཆེ་གཙིགས་ལྗགས་དམར་གློག་ལྟར་འཁྱུག༔ གཡུ་ཡི་རལ་གཡེང་ཐོད་སྐམ་ལྔས༔ སྐྲ་མཚམས་བཅིངས་ཤིང་དར་དཔྱངས་བརྒྱན༔ སེང་ཞལ་ང་རོས་སྲིད་གསུམ་འདིར༔ ཕྱག་གཉིས་གྲི་གུག་ཐོད་ཁྲག་ཐོགས༔ ཁ་ཊྲཱཾ་མཆན་བཅུག་མགོ་ཕྲེང་འཕྱངས༔ ཞབས་གཉིས་བརྐྱང་བསྐུམ་གར་སྟབས་རོལ༔ ཕྱོགས་བཞིའི་པད་སྟེང་མཁའ་འགྲོ་བཞི༔ དཀར་སེར་དམར་ལྗང་ཁྲོས་རྔམ་བརྗིད༔ སེང་ཞལ་ང་རོས་གནམ་ས་འདར༔ གྲི་ཐོད་ཁ་ཊྲཱཾ་ཕྱག་ན་བསྣམས༔ བརྐྱང་བསྐུམ་གར་གྱིས་རོལ་སྟབས་འཕྱོ༔


KMC020_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཀྱང་སྐུ་ལ་མེ་དཔུང་འབར༔ གཏུམ་རྔམ་དྲག་ཤུལ་ལྡན་པར་བསྐྱེད༔ ༼ན༽ ༔སྙིང་ག་ཐུགས་ཀྱི་གཞལ་ཡས་ན༔ འཇའ་འོད་ལྔ་ལྡན་ཐིག་ལེའི་དབུས༔ པདྨ་འདབ་བརྒྱད་གེ་སར་རྒྱས༔ ཧྲཱིཿལས་རྡོ་རྗེ་དྲག་པོ་རྩལ༔ ཞི་མ་ཁྲོ་འཛུམ་སྐུ་མདོག་དཀར༔ པད་ཞྭ་ཕོད་ཀ་ཆོས་གོས་གསོལ༔ རྡོ་རྗེ་ཐོད་བུམ་ཁ་ཊྲཱཾ་བསྣམས༔ མཚན་དཔེས་རབ་བརྒྱན་འོད་ཟེར་འབར༔ རྡོར་སྐྱིལ་རྒྱ་ཡིས་ལྷམ་མེར་བཞུགས༔ མཐའ་བསྐོར་པད་འདབ་བརྒྱད་ཀྱི་སྟེང་༔ ཧྲཱིཿལས་པདྨ་འབྱུང་གནས་བརྒྱད༔ སྐུ་མདོག་ཕྱག་མཚན་གཙོ་བོ་ལྟར༔ མཚན་དཔེས་རབ་བརྒྱན་འོད་ཟེར་འབར༔ སྣང་སྲིད་ཟིལ་གནོན་ཚུལ་དུ་བསྒོམ༔ ༼པ༽ ༔ལྟེ་བ་ཡོན་ཏན་གཞལ་ཡས་སུ༔ རིན་ཆེན་འབར་བའི་འོད་ཀྱི་གུར༔ དེ་དབུས་པད་ཉི་རོ་ཡི་སྟེང་༔ ཧཱུྃ་ལས་རྡོ་རྗེ་གྲོ་ལོད་རྩལ༔ དམར་སྨུག་གཏུམ་རྔམ་སྤྱན་གསུམ་འབུར༔ ཞལ་བསྒྲད་མཆེ་གཙིགས་རལ་པ་གཡེང་༔ ཐོད་སྐམ་དབུ་རྒྱན་ཕྱག་


KMC020_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ཀྱིས༔ རྡོ་རྗེ་བྱ་ཁྱུང་ནམ་མཁར་འཕྱར༔ ཕྱག་གཡོན་ལྕགས་ཕུར་སྡིག་པ་བསྣམས༔ ཆོས་གོས་དམར་པོ་འཆམས་སྟབས་གསོལ༔ རུས་རྒྱན་གོ་ཕྲེང་ག་ཤལ་འཕྱངས༔ ཞབས་གཉིས་འདོར་སྟབས་རྒྱ་སྟག་གི༔ སྟེང་དུ་གནས་བཞིན་མེ་དཔུང་འབར༔ རང་འདྲའི་ཁྲོ་བོ་བརྒྱད་ཀྱིས་བསྐོར༔ ཀུན་ཀྱང་སྐུ་ལ་མེ་འོད་འཕྲོ༔ ཁམས་གསུམ་དབང་སྡུད་ཚུལ་དུ་བསྐྱེད༔ ༼ཕ༽ ༔གསང་གནས་ཕྲིན་ལས་གཞལ་ཡས་སུ༔ ཨེ་ལས་ཆོས་འབྱུང་འབར་བའི་དབུས༔ པད་ཉི་རོ་ཡི་གདན་སྟེང་དུ༔ ཧེ་རུ་ཀ་དཔལ་ཏྲཀྴད་བདུད༔ མཐིང་ནག་ཁྲོ་གཏུམ་སྤྱན་གསུམ་གཡོ༔ ཞལ་གདངས་མཆེ་གཙིགས་ལྗགས་དམར་བསྐྱོད༔ རལ་གཡེང་ཐོད་སྐམ་ཕྲེང་བས་བརྒྱན༔ སྐུ་ལ་བདུད་བེར་ལྷབ་ལྷུབ་གསོལ༔ ཕྱག་གཉིས་རུ་དར་ལྕགས་ཀྱུ་འཛིན༔ སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན༔ འཁོར་གསུམ་བརྗིད་ལྡན་རྐེད་པར་བཅིངས༔ རྟ་ནག་རྒྱན་ལྡན་ཆིབས་སུ་བཅིབས༔ རང་འདྲའི་


KMC020_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་མགོན་བརྒྱད་ཀྱིས་བསྐོར༔ ཀུན་ཀྱང་མེད་རླུང་དབུས་སུ་འགྱིང་༔ ཆུང་སྲི་གནོད་བྱེད་འབྱུང་པོའི་ཚོགས༔ ཚར་གཅོད་ཕྲིན་ལས་སྒྲུབ་བཞིན་བཞུགས༔ དེ་ལྟར་བསྐྱེད་པའི་ལུས་དཀྱིལ་ལྷ༔ གསལ་འཚེར་ལྷུན་ཆགས་འོད་དུ་འབར༔ ༼བ༽ ༔རང་རང་ཐུགས་སྲོག་ཡིག་འབྲུ་ལས༔ འོད་ཟེར་དཔག་ཡས་འཕྲོས་པ་ཡིས༔ རབ་འབྱམས་རྒྱ་མཚོའི་ཞིང་ཀུན་ཁྱབ༔ གསང་སྔགས་མ་རྒྱུད་བླ་མ་ཡི༔ ལྷ་ཚོགས་མ་ལུས་འཁོར་བཅས་ཀྱི༔ ཐུགས་རྗེའི་ཐུགས་དམ་རྒྱུད་བསྐུལ་ཏེ༔ སྤྱན་དྲངས་རང་ལ་སིབ་སིབ་ཐིམ༔ དབང་བསྐུར་བྱིན་གྱིས་བརླབས་པར་གྱུར༔ ༼མ༽ ༔བདག་མདུན་དབྱེར་མེད་ཐུགས་ཀ་ནས༔ འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན༔ ཕྱོགས་བཅུའི་མཐའ་ཀླས་གང་བར་འཕྲོས༔ མ་ཚོགས་མཁའ་འགྲོ་དབང་དུ་བསྡུས༔ དྲེགས་པ་ལྷ་སྲིན་བྲན་དུ་ཁོལ༔ ཞི་རྒྱས་དབང་དྲག་ཕྲིན་ལས་ཀུན༔ ཐོགས་མེད་མྱུར་དུ་བསྒྲུབས་གྱུར་ཏེ༔ འགྱུར་


KMC020_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བདེ་བླག་འགྲུབ་པར་བསམ༔ ༼ཙ༽ ༔དེ་ནས་འཛབ་འདིས་སྤྱན་དྲངས་ཏེ༔ ཨཱོཾ་ཧྲཱིཿདྷཱ་ཀི་ཛྙཱ་ན་སཱ་ག་ར་རཱ་ཛ་ཧ་རི་ནི་ས་མ་བྷྱོ༔ སིདྡྷི་སརྦ་ཛཿཧཱུྃ༔ སྲོག་སྔགས་ཡིག་འབྲུ་ཉེར་གསུམ་འདི༔ མ་རྒྱུད་ཡོངས་ཀྱི་སྲོག་སྙིང་ཡིན༔ དེ་ལྟར་བདག་བསྐྱེད་གསལ་བར་བསྒོམ༔ ཕྱི་རིམ་འཁོར་ཚོགས་འདི་ལྟར་བསྐྱེད༔ ༼ཚ༽ ༔རང་ཉིད་ཡེ་ཤེས་མཚོ་རྒྱལ་གྱི༔ ཕྱོགས་བཞི་མཚམས་བཞི་སྟེང་འོག་ཏུ༔ ཤར་དུ་རྡོ་རྗེ་མཁའ་འགྲོ་འབུམ༔ རྡོ་རྗེ་ཐོད་པ་ཁ་ཊྭཱྃ་བསྣམས༔ དར་དཀར་ན་བཟའ་སྐུ་ལ་གསོལ༔ མེ་ཏོག་དཀར་པོས་ཕྲེང་བས་བརྒྱན༔ གདོན་བགེགས་ཞི་བའི་ལས་ལ་བརྩོན༔ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་འབུམ༔ རིན་ཆེན་གཏེར་བུམ་ཕྱག་ན་བསྣམས༔ དར་སེར་ན་བཟའ་སྐུ་ལ་གསོལ༔ མེ་ཏོག་སེར་པོའི་ཕྲེང་བས་བརྒྱན༔ ཚེ་བསོད་རྒྱས་མཛད་ལས་ལ་བརྩོན༔ ནུབ་ཕྱོགས་པདྨ་མཁའ་འགྲོ་འབུམ༔ པདྨ་ལྕགས་ཀྱུ་ཕྱག་ན་བསྣབས༔ དར་དམར་ན་བཟའ་སྐུ་ལ་གསོལ༔ མེ་ཏོག་དམར་པོའི་ཕྲེང་བས་བརྒྱན༔


KMC020_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་སྲིད་གསུམ་འགུགས་པར་བྱེད༔ བྱང་ཕྱོགས་ཀརྨ་མཁའ་འགྲོ་འབུམ༔ རྒྱ་གྲམ་ཐོད་ཁྲག་ཕྱག་ན་བསྣམས༔ དར་ལྗང་ན་བཟའ་སྐུ་ལ་གསོལ༔ མེ་ཏོག་ལྗང་གུའི་ཕྲེང་བས་བརྒྱན༔ གདོན་བགེགས་བསྒྲལ་བའི་ལས་ལ་བརྩོན༔ ཤར་ལྷོར་འགུགས་བྱེད་མཁའ་འགྲོ་འབུམ༔ ལྕགས་ཀྱུ་འཁོར་ལོ་ཕྱག་ན་བསྣམས༔ སྣང་སྲིད་འཁོར་འདས་འགུགས་པར་བྱེད༔ ལྷོ་ནུབ་འཆིང་བྱེད་མཁའ་འགྲོ་འབུམ༔ ཞགས་པ་པར་བུ་ཕྱག་ན་བསྣམས༔ སྣང་སྲིད་འཁོར་འདས་བཅིང་བར་བྱེད༔ ནུབ་བྱང་སྡོམ་བྱེད་མཁའ་འགྲོ་འབུམ༔ ལྕགས་སྒྲོག་ཧོམ་ཁུང་ཕྱག་ན་བསྣམས༔ སྣང་སྲིད་འཁོར་འདས་སྡོམ་པར་བྱེད༔ བྱང་ཤར་མྱོས་བྱེད་མཁའ་འགྲོ་འབུམ༔ རལ་གྲི་དྲིལ་བུ་ཕྱག་ན་བསྣམས༔ སྣང་སྲིད་འཁོར་འདས་མྱོས་པར་བྱེད༔ ༔སྟེང་ཕྱོགས་ཡེ་ཤེས་མཁའ་འགྲོ་འབུམ༔ ཕྱག་གཉིས་ཉི་ཟླའི་ཆ་ལང་རྡེབ༔ ཐབས་ཤེས་ཟུང་དུ་འཇུག་


KMC020_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད༔ འོག་ཕྱོགས་འཇིག་རྟེན་མཁའ་འགྲོ་འབུམ༔ ཐོག་སེར་འབེབས་ཤིང་རི་རབ་བསྙིལ༔ ཁམས་གསུམ་མ་ལུས་ཟ་བར་བྱེད༔ ༔གཞན་ཡང་གིང་དང་དཔའ་བོའི་ཚོགས༔ ལ་ལས་རྒྱ་མཚོ་ཧུབ་ཀྱིས་འདེབས༔ ལ་ལས་མཚོན་ཆའི་འཁོར་ལོ་སྐོར༔ ལ་ལས་གནམ་ས་སྟེང་འོག་སྒྱུར༔ ལྷ་ཚོགས་དེ་དག་ཐམས་ཅད་ཀྱང་༔ ཐབས་ཤེས་ཟུང་འཇུག་ཉམས་རྩལ་འབར༔ ཧཱུྃ་ཕཊ་མ་བྷྱོ་ཕེཾ་གྱི་སྒྲས༔ འཁོར་འདས་རབ་འབྱམས་གཡོ་བར་བྱེད༔ གར་དབྱངས་རོལ་རྩེད་བྲོ་རྡུང་བས༔ རིགས་དྲུག་འཁོར་ལོ་གཞོམ་པར་བྱེད༔ དེ་ལྟར་འཁོར་གྱི་མཁའ་འགྲོ་ཡི༔ ཐུགས་སྲོག་འོད་ཀྱི་ལྕགས་ཀྱུ་ཡིས༔ ཨོ་རྒྱན་མཁའ་སྤྱོད་ཞིང་ཁམས་ནས༔ དཔའ་བོ་མཁའ་འགྲོ་གིང་གི་ཚོགས༔ སྐད་ཅིག་ཉིད་ལ་གནས་འདི་རུ༔ ཉི་ཟེར་རྡུལ་ལྟར་འཚུབས་པར་གྱུར༔ ཨཱོཾ་ཧྲཱིཿདྷཱ་ཀི་ཛྙཱ་ན་སཱ་ག་ར་རཱ་ཛ་ཧ་རི་ནི་ས་མ་བྷྱོ༔ སིདྡྷི་སརྦ་ཛཿཧཱུྃ༔ ༼ཛ༽ ༔ཧཱུྃ༑ ང་ནི་དཔལ་ཆེན་ཧེ་རུ་ཀ༔ རིག་


KMC020_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པདྨ་སཾ་བྷ་ཝ༔ ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་རྩལ༔ སྐུ་གསུམ་ཡེ་རྫོགས་ཆོས་ཀྱི་སྐུ༔ སྐུ་ལྔ་ཡེ་རྫོགས་འདུས་མ་བྱས༔ ང་ཡི་དབང་དུ་མི་འདུ་མེད༔ རབ་འབྱམས་ཞིང་ཀུན་རབ་གང་བའི༔ གསང་སྔགས་མ་རྒྱུད་བླ་མ་དང་༔ འཁོར་འདས་ཀུན་གང་དཔའ་བོའི་ཚོགས༔ སྲིད་གསུམ་གནས་གང་མཁའ་འགྲོའི་ཚོགས༔ ཡེ་ཤེས་ལས་དང་འཇིག་རྟེན་གྱི༔ དཔའ་བོ་མཁའ་འགྲོའི་ལྷ་ཚོགས་རྣམས༔ ཐུགས་རྗེའི་ཐུགས་དམ་རྗེས་དགོངས་ལ༔ མྱུར་བ་ཉིད་དུ་འདིར་འདུས་ཤིག༔ ཧཱུྃ༑ ང་ནི་ཡེ་ཤེས་མཚོ་རྒྱལ་མ༔ ཡེ་གདོད་ཉིད་ནས་ཆོས་ཀྱི་སྐུ༔ ཐབས་ཀྱི་ཆོ་འཕྲུལ་ལོངས་སྐུར་བསྟན༔ འགྲོ་བའི་དོན་ལ་སྤྲུལ་སྐུར་བཞེངས༔ ང་ཡི་དབང་དུ་མི་འདུ་མེད༔ རབ་འབྱམས་ཞིང་ཀུན་རབ་གང་བའི༔ གསང་སྔགས་མ་རྒྱུད་བླ་མ་དང་༔ འཁོར་འདས་ཀུན་གང་དཔའ་བོའི་ཚོགས༔ སྲིད་གསུམ་གནས་གང་མཁའ་འགྲོའི་ཚོགས༔ ཡེ་ཤེས་ལས་དང་འཇིག་རྟེན་


KMC020_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

གྱི༔ ཡི་དམ་ཞི་ཁྲོ་རབ་འབྱམས་ཚོགས༔ སྔོན་གྱི་དམ་ཚིག་དྲན་མཛོད་ལ༔ སྐད་ཅིག་ཉིད་ལ་འདིར་འདུས་ཤིག༔ ཧཱུྃ༑ ང་ནི་གུ་རུ་ཡབ་ཡུམ་སྐུ༔ ཐབས་དང་ཤེས་རབ་གཉིས་སུ་མེད༔ རིག་འཛིན་རྡོ་རྗེ་དྲག་པོ་རྩལ༔ ང་ཡི་བཀའ་ལས་འདའ་མ་བྱེད༔ རབ་འབྱམས་ཞིང་ཀུན་རབ་གང་བའི༔ གསང་སྔགས་མ་རྒྱུད་བླ་མ་དང་༔ འཁོར་འདས་ཀུན་གང་དཔའ་བོའི་ཚོགས༔ སྲིད་གསུམ་གནས་གང་མཁའ་འགྲོའི་ཚོགས༔ ཡེ་ཤེས་ལས་དང་འཇིག་རྟེན་གྱི༔ ཆོས་སྐྱོང་སྲུང་མ་རྒྱ་མཚོའི་ཚོགས༔ ཁས་བླངས་དམ་བཅས་དྲན་མཛོད་ལ༔ དམ་སྲི་འདུལ་ཕྱིར་འདིར་འདུས་ཤིག༔ ལོག་འདྲེན་བསྒྲལ་ཕྱིར་གཤེགས་སུ་གསོལ༔ གདོན་བགེགས་བརླག་ཕྱིར་གནས་འདིར་བྱོན༔ ཨཱོཾ་ཧྲཱིཿདྷཱ་ཀི་ཛྙཱ་ན་སཱ་ག་ར་རཱ་ཛ་ཧ་རི་ན་ས་མ་བྷྱོ༔ སིདྡྷི་སརྦ་ཛཿཧཱུྃ༔ ༼ཝ༽ ༔ཧཱུྃ་བྷྱོ༔ རབ་འཇིགས་གཏུམ་རྔམ་དུར་ཁྲོད་ཆེ༔ འགྱུར་མེད་རྡོ་རྗེའི་བྲག་རི་མཛེས༔ པདྨ་ཉི་ཟླའི་དཀྱིལ་འཁོར་


KMC020_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གསལ༔ འབར་བའི་གདན་འདིར་བཞུགས་སུ་གསོལ༔ ༼ཞ༽ ༔ཧཱུྃ་བྷྱོ༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་ལ༔ དད་གུས་དམ་ཚིག་གདུང་བའི་སེམས༔ དག་གཙང་དང་བའི་མོས་བློ་ཡིས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ༼ཟ༽ ༔ཧཱུྃ་བྷྱོ༔ སྐུ་ལྔ་ལྷུན་གྱིས་གྲུབ་པའི་རྫས༔ ཤ་ཆེན་ལྔ་དང་བདུད་རྩིའི་མཚོ༔ རིག་རྩལ་མཐུ་སྟོབས་བསྐྱེད་པའི་རྫས༔ དཔའ་བོ་རྒྱས་པ་མྱོས་བྱེད་ཆང་༔ བདེ་སྟོང་ཉམས་རྩལ་འབར་བའི་རྫས༔ མཁའ་འགྲོ་དགྱེས་པ་རཀྟའི་ཚོགས༔ ཐབས་ཤེས་གཉིས་མེད་དམ་རྫས་འདི༔ མཆོད་དོ་འབུལ་ལོ་དགྱེས་པར་རོལ༔ བར་ཆད་གདོན་བགེགས་འདུལ་བར་མཛོད༔ ༼འ༽ ༔ཧཱུྃ་བྷྱོ༔ དག་པ་རིགས་ལྔའི་བྱང་སེམས་རྒྱུན༔ མི་གཙང་རྣམ་དག་ཁྲུས་ཆབ་བསིལ༔ མིག་འབྲས་ལྟར་སྲུང་དམ་ཚིག་རྫས༔ མེ་ཏོག་དཀར་དམར་ཕྲེང་བ་མཛེས༔ བསླབ་གསུམ་རྣམས་དག་བདུག་པའི་སྤྲིན༔ དྲི་ཞིམ་བདུག་སྤོས་སྤྲིན་ལྟར་


KMC020_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

གཏིབས༔ མ་རིག་མུན་ཁྱབ་རབ་གསལ་བའི༔ ཞུན་ཆེན་སྣང་གསལ་ཉི་འོད་འབར༔ ཐོལ་སྐྱེས་རྦད་ཆོད་ཟང་ཐལ་རྟོགས༔ བདུད་རྩི་ལྔ་དང་བྱུག་པ་བརྡལ༔ སྟོབས་ཀྱི་ཕར་ཕྱིན་འབྲས་ཆེན་ཟན༔ ཆང་གིས་སྤགས་པའི་ཞལ་ཟས་བཀྲམ༔ སྟོང་ཉིད་བཅོ་བརྒྱད་ལེགས་སྟོན་བརྡའ༔ སྒྲགས་སྟོང་དབྱངས་སྙན་རོལ་མོའི་སྒྲ༔ མཐུན་པའི་ཡོ་བྱད་འདི་དག་ཀུན༔ མཆོད་དོ་འབུལ་ལོ་དགྱེས་པར་རོལ༔ བར་ཆད་གདོན་བགེགས་འདུལ་བར་མཛོད༔ ༼ཡ༽ ༔ཧཱུྃ་བྷྱོ༔ ཕ་རོལ་ཕྱིན་དྲུག་རྫོགས་པའི་རྫས༔ རུས་པའི་རྒྱན་དྲུག་ཁྲལ་ཁྲོལ་རྔམས༔ སྨོན་ལམ་བདེན་སྟོབས་འགྲུབ་པའི་རྫས༔ གར་གྱི་ཉམས་དགུའི་རོལ་རྩེད་འཕྱོ༔ སྟོབས་བཅུའི་རྫུ་འཕྲུལ་ཐོགས་མེད་བརྡའ༔ ཞིང་ཆེན་གླང་ཀོ་ལྷབ་ལྷུབ་བརྒྱན༔ ང་རྒྱལ་ཆེ་བཙན་གཞོམ་པའི་བརྡའ༔ སྟག་ལྤགས་འཇའ་འོད་དྲྭ་བས་འབྲེལ༔ འདུ་བྱེད་ལྔ་ཅུ་དག་པའི་རྫས༔ ཐོད་པ་སྐམ་རློན་ཕྲེང་བ་འཁྱུག༔ མི་རྟག་


KMC020_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལ་བསྐུལ་བའི་རྫས༔ བམ་རོ་ཀེང་རུས་གཅལ་དུ་བཀྲམ༔ རྟག་འཛིན་ཞེན་ཆགས་ཟློག་པའི་རྫས༔ རོ་རས་བ་དན་རྒྱལ་མཚན་བསྐྱོད༔ སེམས་ཉིད་སྟོང་པར་སྟོན་པའི་བརྡའ༔ ཐལ་ཆེན་ཚོམ་བུ་སྐར་ལྟར་བཀྲ༔ འདུས་བྱས་སྒྱུ་མར་སྟོན་པའི་ཕྱིར༔ ཁྲག་གི་ཐིག་ལེ་ཉི་ལྟར་དམར༔ ཨ་འཐས་རེ་དོགས་སྤངས་པའི་ཕྱིར༔ ཞག་གི་སོར་རིས་ཟླ་ལྟར་དཀར༔ སྒྱུ་ལུས་མི་རྟག་འཇིག་པའི་བརྡའ༔ རྐང་གླིང་ཐོད་རྔ་དི་རི་རི༔ བླ་མེད་གསང་སྔགས་ཕྱག་རྒྱ་འདི༔ མཆོད་དོ་འབུལ་ལོ་དགྱེས་པར་རོལ༔ བར་ཆད་གདོན་བགེགས་འདུལ་བར་མཛོད༔ ༼ར༽ ༔ཧཱུྃ་བྷྱོ༔ སྐུ་ལྔ་ལྷུན་གྱིས་གྲུབ་པའི་རྫས༔ ཐོད་ཕྲེང་རིགས་ལྔའི་དབང་རྟགས་རྫོགས༔ སྐུ་བཞི་འདུ་འབྲལ་མེད་པའི་རྫས༔ རིན་ཆེན་སྣ་ལྔའི་ཕྲེང་བ་མཛེས༔ སེམས་ཉིད་རྣམ་པར་དག་པའི་རྫས༔ ཤེལ་དཀར་ཕྲེང་བ་ཕྱི་ནང་གསལ༔ འཁྲུལ་སྣང་རང་གཟུགས་སྟོན་པའི་རྫས༔ མེ་ལོང་གསལ་


KMC020_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དྭངས་སྣ་ཚོགས་འཆར༔ དུག་ལྔ་མ་སྤངས་རྣམ་དག་ཕྱིར༔ རྡོ་རྗེ་རྩེ་ལྔ་འོད་ཟེར་འབར༔ དུག་གསུམ་དབྱིངས་སུ་བསྒྲལ་བའི་རྫས༔ ཁ་ཊྲཱཾ་རྩེ་གསུམ་སྐུ་གསུམ་རྫོགས༔ སྐྱེ་འཆི་རྩད་ནས་གཅོད་པའི་རྫས༔ རལ་གྲི་གྲི་གུག་རྣོ་ངར་ལྡན༔ བླ་མེད་གསང་སྔགས་ཕྱག་རྒྱ་འདི༔ མཆོད་དོ་འབུལ་ལོ་དགྱེས་པར་རོལ༔ བར་ཆད་གདོན་བགེགས་འདུལ་བར་མཛོད༔ ༼ལ༽ ༔ཧཱུྃ་བྷྱོ༔ ཕྱི་ནང་གསང་བ་ཡང་གསང་གི༔ བརྡའ་དོན་རྟགས་ཀྱི་ཕྱག་རྒྱ་འདིས༔ བླ་མ་ཡི་དམ་ཐུགས་དམ་བསྐང༔ བར་ཆད་གདོན་བགེགས་གདུག་པ་ཟློག༔ དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང་༔ བར་ཆད་གདོན་བགེགས་གདུག་པ་ཟློག༔ ཆོས་སྲུང་མའི་ཐུགས་དམ་བསྐང་༔ བར་ཆད་གདོན་བགེགས་གདུག་པ་ཟློག༔ དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་༔ བར་ཆད་གདོན་བགེགས་གདུག་པ་ཟློག༔ བཀའ་སྲུང་གཏེར་བདག་ཐུགས་དམ་བསྐོང་༔ བར་ཆད་གདོན་བགེགས་གདུག་པ་ཟློག༔


KMC020_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

༼ཤ༽ ༔ཧཱུྃ་བྷྱོ༔ སྐྱེ་ནས་སྐྱེ་བར་རྗེས་བཟུང་བའི༔ ཡེ་ཤེས་སྤྱན་ལྡན་ཁྱེད་རྣམས་ལ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས༔ ཉམས་གྱུར་ཐམས་ཅད་གནོང་འགྱོད་བཤགས༔ ཡེ་དག་དབྱིངས་སུ་སོར་ཆུད་ཤོག༔ བསྐྱེད་རིམ་དངོས་པོར་བཟུང་བ་དང་༔ གསང་སྔགས་སྒྲ་ཟུར་ཉམས་པ་དང་༔ རྫོགས་རིམ་ལོག་པར་གོལ་བ་རྣམས༔ བླ་མའི་ཐུགས་དང་འགལ་བ་དང་༔ ཡི་དམ་ཆོས་སྐྱོང་སྨོད་པ་དང་༔ བཀའ་སྲུང་ཨར་ལ་གཏད་པ་རྣམས༔ ཡེ་དག་དབྱིངས་སུ་སོར་ཆུད་ཤོག༔ ལེ་ལོ་འཆལ་སྤྱོད་མངོན་ལྐོག་གིས༔ བསྟན་པའི་སྤྱི་སེམས་ཆུང་བ་དང་༔ ཉེས་མེད་སེམས་ཅན་མནར་བ་རྣམས༔ ཡེ་དག་དབྱིངས་སུ་སོར་ཆུད་ཤོག༔ གསང་སྔགས་ཆོས་ལ་མ་དད་དང་༔ མཐུན་པའི་དམ་རྫས་མ་སྤྱོད་དང་༔ མཚན་ལྡན་ཕྱག་རྒྱར་བརྙས་པ་རྣམས༔ ཆོས་དབྱིངས་ཀློང་དུ་མཐོལ་ལོ་བཤགས༔ གནོང་ངོ་འགྱོད་དོ་དག་གྱུར་ཅིག༔ ནོངས་པ་བཤགས་སོ་བྱང་


KMC020_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛོད༔ ཉམས་གྱུར་ཐམས་ཅད་སོར་ཆུད་ཅིང་༔ མཉམ་ཉིད་གཉིས་མེད་གཅིག་འདྲེས་ཏེ༔ ཁྱེད་རྣམས་སྐུ་དང་གསུང་དང་ཐུགས༔ བདག་གི་ལུས་ངག་ཡིད་གསུམ་རྣམས༔ སྐྱེ་བ་འདི་ནས་སངས་རྒྱས་བར༔ དབྱེར་མེད་ཆུ་ལ་ཆུ་བཞག་ལྟར༔ ཐུགས་ཡིད་གཅིག་འདྲེས་དབྱེར་མེད་ཤོག༔ ༼ས༽ ༔ཧཱུྃ་བྷྱོ༔ ཡེ་གདོད་ལྷུན་གྲུབ་གཞལ་ཡས་ནས༔ ཉག་གཅིག་རྩད་ཆོད་སྐྱེ་འཆི་བྲལ༔ འགྱུར་མེད་རྡོ་རྗེའི་སྐུར་སྟོན་པ༔ རྡོ་རྗེ་ཕག་མོར་ཕྱག་འཚལ་བསྟོད༔ ཆོས་དབྱིངས་རང་འོད་འཕྲོ་འདུ་ལས༔ ཡེ་ཤེས་ལྔ་ཡི་རོལ་རྩེད་བསྒྱུར༔ མ་འགགས་སྣ་ཚོགས་སྤྲུལ་པར་ཤར༔ མཁའ་འགྲོ་སྡེ་ལྔར་ཕྱག་འཚལ་བསྟོད༔ ༼ཧ༽ ༔ཧཱུྃ་བྷྱོ༔ མཁའ་དབྱིངས་རྣམ་དག་དཀྱིལ་འཁོར་ལས༔ ཐབས་ཀྱི་ཆོ་འཕྲུལ་རྒྱན་རྣམས་རྫོགས༔ ཡེ་ཤེས་ཡོན་ཏན་བཀོད་པ་ལྡན༔ ཕྲིན་ལས་རབ་འབྱམས་འཛོད་འཛིན་མ༔ ཡེ་ཤེས་མཁའ་འགྲོ་སེ་གེའི་གདོང་༔ ཁྲོ་རྒྱལ་འབར་མ་སྟོབས་


KMC020_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མོ༔ སྣང་སྲིད་འཁོར་འདས་དབང་སྒྱུར་མ༔ དུག་གྲི་ནག་མོ་ཕྲིན་ལས་བདག༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ༼ཨ༽ ༔ཧཱུྃ་བྷྱོ༔ འཁྲུལ་མེད་རང་གསལ་དཀྱིལ་འཁོར་ལས༔ རབ་འབྱམས་རྒྱལ་བའི་ཞིང་ཀུན་གྲུབ༔ ཆོས་སྒོ་གངྒཱའི་བྱེ་སྙེད་ཀྱི༔ ཐབས་སྟོན་འཁོར་བ་དོང་ནས་སྤྲུག༔ འགྲོ་འདུལ་ཐབས་མཁས་སངས་རྒྱས་ཀུན༔ དབྱེར་མེད་གཅིག་བསྡུས་ཧེ་རུ་ཀ༔ རྡོ་རྗེ་དྲག་པོ་རྩལ་ལ་བསྟོད༔ ༼གུ༽ ༔ཧཱུྃ་བྷྱོ༔ ཀུན་རྫོབ་བདེན་པའི་ཆོས་རྣམས་ཟད༔ དོན་དམ་ཨ་ཏི་དབྱིངས་སུ་འཕེལ༔ ཡོན་ཏན་མི་ཟད་མཛོད་འཛིན་ཅིང་༔ གངྒཱའི་བྱེ་སྙེད་སངས་རྒྱས་ཀྱི༔ ཕྲིན་ལས་རབ་འབྱམས་མྱུར་བསྒྲུབས་ནས༔ བར་ཆད་གདོན་བགེགས་ཞི་མཛད་པ༔ དཀྱིལ་འཁོར་ཀུན་བདག་དཔའ་བོ་ཆེ༔ རྡོ་རྗེ་གྲོ་ལོད་རྩལ་ལ་བསྟོད༔ ༼རུ༽ ༔ཧཱུྃ་བྷྱོ༔ འདས་དང་ད་ལྟ་མ་འོངས་ཀྱི༔ རྒྱལ་བ་རྒྱལ་བའི་མྱུ་གུ་ཡི༔ གསང་བའི་ཡུམ་གྱུར་མཚོ་རྒྱལ་མ༔


KMC020_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཁྱོད་ནི་མཐོང་ཐོས་དྲན་རེག་ཀུན༔ བདེ་འགྲོའི་བདེ་བར་འདྲེན་མཛད་ཅིང་༔ རིགས་དྲུག་སྡུག་བསྔལ་སེལ་མཛད་མ༔ བདེ་ཆེན་དབང་གི་རྒྱལ་མོར་བསྟོད༔ འགྲོ་ཀུན་བུ་གཅིག་མ་བཞིན་དུ༔ དུས་ཀུན་ཐུགས་རྗེས་སྲུང་ཞིང་སྐྱོབ༔ སྤྲུལ་པས་འགྲོ་ཀུན་བདེ་འགྲོར་འདྲེན༔ སྤྲུལ་པའི་མཁའ་འགྲོ་རྣམས་ལ་བསྟོད༔ ༼པད༽ ༔ཧཱུྃ་བྷྱོ༔ རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་གྱི༔ ཕྲིན་ལས་ཀུན་སྒྲུབ་ནག་པོ་ཆེ༔ བདུད་མགོན་ཏྲཀྴད་ནག་པོར་གྲགས༔ ཞི་རྒྱས་དབང་དྲག་ལས་རབ་སྒྲུབ༔ གསང་སྔགས་བཀའ་ཡི་བྱ་ར་བ༔ དམ་ཉམས་སྲོག་གི་སྤུ་གྲི་བདུད༔ དགྲ་སྲོག་མྱུར་གཅོད་ཤན་པ་ཆེ༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ༼མ༽ ༔ཧཱུྃ་བྷྱོ༔ བསྟོད་བྱ་ཀུན་བཟང་རྣམ་དག་གསང་༔ བསྟོད་བྱེད་ཀུན་ཏུ་བཟང་མོའི་མཁའ༔ མཁའ་གསང་བདེ་གསལ་དཀྱིལ་འཁོར་ཆེ༔ ཆོས་དབྱིངས་ལྷུན་གྲུབ་ཆེན་པོར་བསྟོད༔


KMC020_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

༼སིད༽ ༔ཧཱུྃ་བྷྱོ༔ རྒྱལ་བ་རབ་འབྱམས་རྒྱ་མཚོ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ ཐུགས་རྗེའི་ནུས་རྩལ་བྱིན་རླབས་ཀུན༔ སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི༔ རྣམ་པར་སྤྱན་དྲངས་ཚངས་བུག་ནས༔ རྡོ་རྗེ་ཕག་མོ་ལྷ་ལྔར་ཐིམ༔ འཆི་མེད་རྡོ་རྗེའི་སྐུ་མཆོག་ཐོབ༔ དེ་ལས་བྱིན་རླབས་བདུད་རྩིའི་རྒྱུན༔ ཆར་ལྟར་བབས་ཏེ་མགྲིན་པར་ཐིམ༔ མཁའ་འགྲོ་སེང་གདོང་ཐུགས་རྒྱུད་བསྐུལ༔ འཆད་རྩོད་རྩོམ་པའི་ཆོས་སྒོ་གྲུབ༔ དེ་ལས་བྱིན་རླབས་བདུད་རྩིའི་རྒྱུན༔ སྙིང་གའི་བླ་མའི་སྐུ་ལ་ཐིམ༔ གཅེར་མཐོང་ཤར་གྲོལ་རང་ས་ཟིན༔ འཆི་མེད་ཆོས་སྐུའི་གདེང་མཆོག་ཐོབ༔ དེ་ལས་བྱིན་རླབས་བདུད་རྩིའི་རྒྱུན༔ ལྟེ་བའི་གྲོ་ལོད་རྩལ་ལ་ཐིམ༔ ཡོན་ཏན་རྒྱ་མཚོའི་ཕ་རོལ་ཕྱིན༔ དེ་ལས་བྱིན་རླབས་བདུད་རྩིའི་རྒྱུན༔ གསང་བའི་ཏྲཀྴད་མགོན་པོར་ཐིམ༔ ཕྲིན་ལས་རབ་འབྱམས་ལྷུན་གྲུབ་གྱུར༔ གཞན་ཡང་ལུས་ཀུན་འོད་ཀྱིས་ཁེངས༔ ཡེ་ཤེས་ལུས་ཐོབ་


KMC020_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་འགྲུབ༔ སྙིང་གའི་གུ་རུའི་ཐུགས་ཀར་ཧཱུྃ༔ དེ་ལ་སྔགས་ཕྲེང་གཡོན་བསྐོར་གསལ༔ ཨཱོཾ་ཧྲཱིཿདྷཱ་ཀི་ཛྙཱ་ན་སཱ་ག་ར་རཱ་ཛ་ཧ་རི་ནི་ས་མ་བྷྱོ༔ སིདྡྷི་སརྦ་ཛཿཧཱུྃ༔ ༼དྷི༽ ༔སྔགས་ཕྲེང་གསལ་དྭངས་རང་སྒྲར་བཅས༔ རིམ་གྱིས་བླ་མའི་སྐུ་ལ་ཐིམ༔ གསང་བའི་མགོན་པོ་ལྟེ་བ་ཡི༔ རྡོ་རྗེ་གྲོ་ལོད་སྐུ་ལ་ཐིམ༔ རྡོ་རྗེ་གྲོ་ལོད་སྙིང་ག་ཡི༔ རྡོ་རྗེ་དྲག་པོ་རྩལ་ལ་ཐིམ༔ རྡོ་རྗེ་དྲག་རྩལ་མགྲིན་པ་ཡི༔ མཁའ་འགྲོ་སེང་གདོང་མ་ལ་ཐིམ༔ མཁའ་འགྲོ་སེང་གདོང་སྤྱི་བོ་ཡི༔ རྡོ་རྗེ་ཕག་མོའི་ཐུགས་ཀར་ཐིམ༔ སྟོང་རའི་ལྷ་སྐུ་རྐང་མཐིལ་ནས༔ འོད་ཞུ་རང་རིག་ཕག་མོར་ཐིམ༔ ཕག་མོ་དམིགས་མེད་སྟོང་པར་ཡལ༔ དྲན་རིག་རྗེན་པ་མཁའ་ལྟར་དག༔ འཆི་མེད་དོན་དམ་ཡེ་ཤེས་འགྲུབ༔ འགྱུར་མེད་ཀུན་བཟང་མྱུར་རྟོགས་ཤོག༔ ཨེ་མ་ཧོ༔ ཨ་ལ་ལ་ཧོ༔ ༼ཧཱུྃ༽ ༔དེ་ལྟར་མཁའ་འགྲོ་མཚོ་རྒྱལ་གྱི༔ སྙན་བརྒྱུད་གདམས་ངག་ཟབ་གནད་འདི༔ དངོས་གྲུབ་ཐོག་དམར་ལས་ཀྱང་མྱུར༔ ཚེ་འདིར་འགལ་རྐྱེན་བར་ཆད་ཞི༔


KMC020_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ནད་གདོན་བགེགས་ཀྱི་གཡུལ་ལས་རྒྱལ༔ ཕྱི་མ་ཨོ་རྒྱན་མཁའ་སྤྱོད་དུ༔ ལམ་སྣ་འདྲེན་པར་ཐེ་ཚོམ་མེད༔ མཆོག་གི་སིདྡྷི་ཚེ་འདིར་ཐོབ༔ འཆི་མེད་ཡེ་ཤེས་དངོས་གྲུབ་བརྙེས༔ ཐོད་པ་བོར་ཆོག་གདམས་ངག་འདི༔ གུ་རུ་རྡོ་རྗེ་གྲོ་ལོད་ཀྱི༔ གསང་བ་ཡུམ་གྱི་སྒྲུབ་ཐབས་ཡིན༔ དབང་བསྐུར་རང་དོན་གཞན་དོན་སོགས༔ ཀུན་བཟང་ཡབ་ཡུམ་གཞུང་དུ་གསལ༔ འདི་ཉིད་གུད་དུ་སྒྲུབ་པའི་ཚེ༔ སྔོན་འགྲོ་མཚམས་གཅོད་སྐྱབས་སེམས་སོགས༔ རྩ་ཆིངས་དྲག་པོ་རྩལ་ལྟར་བྱ༔ གྲོ་ལོད་རྩལ་དང་ཏྲཀྴད་བདུད༔ ལས་གཞུང་མཆོད་ཕྲེང་དབྱེར་མེད་སྒྲག༔ ༔འདི་ཡི་འགྲུབ་རྟགས་ཚར་ཚད་ནི༔ བུད་མེད་མང་པོ་འདུ་བ་དང༔ རོ་རུལ་དྲེ་དང་བྱ་རྒོད་དྲི༔ དངོས་སམ་ཉམས་སུ་གསལ་བར་འབྱུང་༔ དེ་ནི་ཕྱི་ཡི་འགྲུབ་རྟགས་སོ༔ ༔དེ་ནས་ནང་གི་འགྲུབ་རྟགས་ནི༔ བུད་མེད་དགའ་ཞིང་རྒོད་པ་དང་༔ ཐབས་ཤེས་ཟུང་འཇུག་བདེ་སྟེར་དང་༔ བུད་མེད་རྒན་ནམ་གཞོན་པ་ཡིས༔ བྷནྡྷ་སྨན་རཀ་གཏོར་མ་དང་༔ ཟས་སམ་འབྲུ་སྣ་ཆུ་ཆང་གིས༔ བཀང་ནས་བྱིན་ནམ་འཐུང་བ་དང་༔ གཞན་ཡང་རིན་ཆེན་དར་ཟབ་གོས༔ དངོས་གྲུབ་སྟེར་བའི་ངེས་ཤེས་འཆར༔ དེ་ནི་ནང་གི་འགྲུབ་རྟགས་ཡིན༔ ༔དེ་ནས་གསང་བའི་འགྲུབ་རྟགས་ནི༔ བུད་མེད་རྒན་ནམ་གཞོན་ཡང་རུང་༔ མདའ་དར་ཚེ་རིལ་ཚེ་ཆང་དང་༔ དཀར་གསུམ་མངར་


KMC020_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྟེར་བ་དང་༔ ལུས་སྦྱོར་བདེ་བ་སྟེར་བ་དང་༔ བྷ་ག་བསྟན་ཅིང་དྲི་ཆུ་འཐོར༔ ཕྱག་མཚནཁ་ཊྲཱཾ་གྲི་གུག་སོགས༔ ཐོད་རྔ་རྐང་གླིང་རུས་རྒྱན་དང་༔ གཞན་ཡང་རྟགས་རྣམས་ངེས་པ་མེད༔ དེ་ནི་གསང་བའི་འགྲུབ་རྟགས་ཡིན༔ ༔དེ་ནས་སྦས་གསང་འགྲུབ་རྟགས་ནི༔ ཡེ་ཤེས་མཚོ་རྒྱལ་མཇལ་བ་དང་༔ རྡོ་རྗེ་ཕག་མོའམ་སེང་གདོང་མ༔ དངོས་སམ་ཉམས་སྣང་རྨི་ལམ་དུ༔ ཞལ་མཇལ་ལུང་སྟོན་འགྲོགས་པར་འགྱུར༔ དེ་ནི་སྦས་གསང་འགྲུབ་རྟགས་ཡིན༔ ༔དེ་ནས་དམ་ཚིག་གསོ་བའི་ཐབས༔ རྨི་ལམ་སྣང་བར་འདི་ལྟར་བརྟག༔ ངུ་དང་ངོ་ནག་ཁྲོས་པ་དང་༔ གོས་དང་རྒྱན་ཆ་ཤ་མདོག་ཉམས༔ ཉམས་ཆུང་སྤྲང་ནས་སྦྱིན་པ་སློང་༔ དེ་སོགས་དམ་ཚིག་ཉམས་པ་དང་༔ ཚོགས་གཏོར་ཞན་པའི་རྟགས་ཡིན་པས༔ བརྩོན་འགྲུས་དག་སྣང་མོས་གུས་བསྐྱེད༔ ལས་གཞུང་བསྐང་བཤགས་གཏོར་མར་བརྩོན༔ དེས་ནི་ཉམས་ཆག་བྱང་བར་འགྱུར༔ སིདྡྷི་རྣམ་གཉིས་མྱུར་དུ་ཐོབ༔ ཐོད་པ་བོར་ཆོག་གདམས་ངག་གོ༔ ༼མཱ༽ ༔གཟུགས་ཅན་གཟུགས་མེད་གང་ཞིག་གིས༔ ཐོ་འཚམས་གླགས་ལྟར་གྱུར་པ་ན༔ དེ་ཚེ་བམ་སྒྲོལ་ལས་མཐའ་འདི༔ མ་ཡེངས་རྩེ་གཅིག་ངང་དུ་བྱ༔ ༔ཧཱུྃ་བྷྱོ༔ བཅོམ་ལྡན་ཀུན་བཟང་སྣང་མཐའ་ཡས༔ རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས༔ དཔའ་བོ་མཁའ་


KMC020_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཆོས་སྐྱོང་རྣམས༔ སྔོན་བྱུང་བསྐལ་བའི་དང་པོ་ལ༔ འགྱུར་མེད་ཡེ་ཤེས་སྐུར་བཞེངས་ཏེ༔ ཉོན་མོངས་དུག་ལྔ་དབྱིངས་སུ་བསྒྲལ༔ བདེ་བ་ཆེན་པོའི་བམ་ཆེན་རོལ༔ དེ་འོག་བར་གྱི་བསྐལ་པ་ལ༔ མ་ཏྲཾ་རུ་དྲ་སྟོབས་པོ་ཆེ༔ ཐབས་ཤེས་དབྱེར་མེད་ངང་དུ་བསྒྲལ༔ རུ་དྲ་ཐར་པའི་ལམ་ལ་བཀོད༔ གསང་སྔགས་བསྟན་པའི་གཞི་མར་གྲུབ༔ དགོས་འདོད་ཀུན་འབྱུང་བམ་ཆེན་རོལ༔ དེ་འོག་ཐ་མའི་བསྐལ་པ་ལ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ༔ རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས༔ ཉམ་ང་རྣམ་རྟོག་གཅད་པའི་ཕྱིར༔ བདག་མེད་མི་རོའི་བམ་ཆེན་རོལ༔ ཉག་གཅིག་ཆོས་སྐུའི་རང་ཞལ་མཐོང་༔ དེ་འོག་རྩོད་ལྡན་སྙིགས་མའི་དུས༔ རིག་འཛིན་པདྨ་སཾ་བྷ་ཝས༔ ཕྱི་རབས་རྗེས་འཇུག་སྐྱོབ་པའི་ཕྱིར༔ འབྲུ་བཅུད་སྟོང་སྦྱར་བམ་ཆེན་ལ༔ གདོན་བགེགས་བཀུག་པའི་ལས་བརྩམས་ཏེ༔ བསྒྲལ་བར་བྱ་བའི་བཀའ་ཡང་བསྒོས༔


KMC020_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་ཞི་བར་ཞལ་ཡང་བཞེས༔ རྐྱེན་ངན་བཟློག་པར་དམ་ཡང་བཅས༔ ད་ལན་དེ་ཡི་དུས་ལ་བབ༔ དུས་ལ་བབ་པོ་ས་མ་ཡ༔ ༼ར༽ ༔ཧཱུྃ་བྷྱོ༔ བླ་མ་ཡི་དམ་ཞི་ཁྲོའི་ཚོགས༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས༔ ཐུགས་རྗེའི་གཏུམ་རྔམ་ཤུགས་ཕྱུང་ལ༔ བདེན་སྟོབས་ནུས་རྩལ་མཐུ་མ་ཆུང་༔ སྔོན་གྱི་སྨོན་ལམ་རྩལ་སྤྲུག་ལ༔ ལོག་འདྲེན་འགུགས་པའི་དུས་ལ་བབ༔ ཧཱུྃ་བྷྱོ༔ རིག་འཛིན་བདག་ལ་འཚེ་བྱེད་པའི༔ གཟུགས་ཅན་སྡང་དགྲ་གཟུགས་མེད་བགེགས༔ དམ་སྲི་འབྱུང་པོ་ལོག་འདྲེན་རྣམས༔ སྲིད་གསུམ་འཁོར་འདས་རིགས་དྲུག་གནས༔ གང་དུ་འདུག་ཀྱང་འདིར་ཁུག་ཅིག༔ མྱུར་བ་ཉིད་དུ་འདིར་ཁུག་ཅིག༔ བམ་རོ་འདི་དང་དབྱེར་མེད་གྱུར༔ རུ་དྲ་བིགྷྣཱན་སརྦ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ༼ཡ༽ ༔ཧཱུྃ་བྷྱོ༔ ང་ནི་སྣང་སྲིད་ཀུན་ཏུ་བཟང་༔ བམ་བསྒྲལ། མཁའ་གསང་ཐབས་ཤེས་དབྱིངས་རིག་སྐུ༔ གཞོམ་གཞིག་བྲལ་བའི་ཡེ་ཤེས་ཆེ༔ ཁྲོ་


KMC020_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་རྡོ་རྗེ་གྲོ་ལོད་རྩལ༔ གཡས་ཀྱི་ཕྱག་ན་རྡོ་རྗེ་ཕྱར༔ དུག་ལྔ་ཡེ་ཤེས་ལྔ་རུ་བསྒྲལ༔ རྩེ་མོར་སྤྲུལ་པའི་བྱ་ཁྱུང་ལྡིང་༔ རྣམ་རྟོག་ཚོར་བའི་ཕུང་པོ་གསོད༔ གཡོན་གྱི་ཕྱག་ན་ཕུར་བུ་འདྲིལ༔ དུག་གསུམ་སྐུ་གསུམ་ཀློང་དུ་བསྒྲལ༔ རྒྱ་མདུད་སྟེང་ནས་སྡིག་པ་འགྱེད༔ དམ་སྲི་འབྱུང་པོ་ཧབ་ཧབ་ཟ༔ མ་རུང་གདུག་པའི་རུ་དྲ་རྣམས༔ ད་ལན་བསྒྲལ་བའི་དུས་ལ་བབ༔ ད་ལན་སྙིང་རྗེས་མ་བསྒྲལ་ན༔ ལས་ངན་དམ་ལོག་རུ་དྲ་རྣམས༔ ངན་སོང་གནས་སུ་ལྟུང་ངེས་པས༔ རྡོ་རྗེ་ཕུར་བུས་གདབ་པར་བྱ༔ ཀུན་བཟང་ཀློང་དུ་བསྟིམ་པར་བྱ༔ ཧཱུྃ་བྷྱོ་དྷརྨ་དྷཱ་ཏུ་ཛྙཱ་ན་བཛྲ་ཀཱི་ལ་ཡ༔ ཧཱུྃ་བྷྱོ་རྦད་ཡ་རུ་དྲ་ས་མཱ་ར་ཡ་ཕཊ༔ ༼ཧཱུྃ༽ ༔ཧཱུྃ་བྷྱོ༔ རྒྱལ་བ་རབ་འབྱམས་ཞི་ཁྲོའི་ལྷ༔ $བམ་ཤ་ཆང་གཏོར་མར་གསོ། སྙིང་རྗེ་ཆེན་པོས་གཏུམ་རྔམ་ཁྲོས༔ ཉི་ཟླ་ལྟ་བུའི་སྤྱན་གསུམ་བསྒྲད༔ གནམ་ས་ཙམ་གྱི་ཞལ་ཕྱེས་ལ༔ གངས་རི་ལྟར་དཀར་མཆེ་བ་གཙིགས༔ གློག་སྟོང་འཁྱུག་


KMC020_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

འདྲའི་ལྗགས་དམར་བསྐྱོད༔ རྟོག་མེད་བམ་ཆེན་བ་ལིཾ་ཏ༔ དགྱེས་པ་ཆེན་པོར་བཞེས་སུ་གསོལ༔ དུག་ལྔ་བསྒྲལ་བའི་བམ་ཆེན་འདི༔ བརྩེ་བ་ཆེན་པོར་བཞེས་སུ་གསོལ༔ དུག་གསུམ་བསྒྲལ་བའི་ཤ་ཁྲག་རུས༔ གདུང་བ་ཆེན་པོར་བཞེས་སུ་གསོལ༔ རྣམ་རྟོག་བསྒྲལ་བའི་དོན་སྙིང་ཚོགས༔ ཆོས་དབྱིངས་ཀློང་དུ་བཞེས་སུ་གསོལ༔ ཚོགས་དྲུག་བསྒྲལ་བའི་སྐྱེ་མཆེད་ཚོགས༔ ཡེ་སྟོང་ཀློང་དུ་བཞེས་སུ་གསོལ༔ བཞེས་ཤིག་ཚིམ་པར་མཛད་དུ་གསོལ༔ བཞེས་ཤིག་ཐུགས་དམ་བསྐང་གྱུར་ཅིག༔ བར་ཆད་གདོན་བགེགས་གདུག་པ་ཟློག༔ ཧཱུྃ་བྷྱོ༔ བླ་མ་ཡི་དམ་ལྷ་ཚོགས་རྣམས༔ སྙིང་རྗེ་ཆེན་པོས་གཏུམ་རྔམ་ཁྲོས༔ ཉི་ཟླ་ལྟ་བུའི་སྤྱན་གསུམ་བསྒྲད༔ གནམ་ས་ཙམ་གྱི་ཞལ་ཕྱེས་ལ༔ གངས་རི་ལྟར་དཀར་མཆེ་བ་གཙིགས༔ གློག་སྟོང་འཁྱུག་འདྲའི་ལྗགས་དམར་བསྐྱོད༔ རྟོག་མེད་བམ་ཆེན་བ་ལིཾ་ཏ༔ དགྱེས་པ་ཆེན་པོར་བཞེས་སུ་གསོལ༔ དུག་ལྔ་བསྒྲལ་


KMC020_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བམ་ཆེན་འདི༔ བརྩེ་བ་ཆེན་པོར་བཞེས་སུ་གསོལ༔ དུག་གསུམ་བསྒྲལ་བའི་ཤ་ཁྲག་རུས༔ གདུང་བ་ཆེན་པོར་བཞེས་སུ་གསོལ༔ རྣམ་རྟོག་བསྒྲལ་བའི་དོན་སྙིང་ཚོགས༔ ཆོས་དབྱིངས་ཀློང་དུ་བཞེས་སུ་གསོལ༔ ཚོགས་དྲུག་བསྒྲལ་བའི་སྐྱེ་མཆེད་ཚོགས༔ ཡེ་སྟོང་ཀློང་དུ་བཞེས་སུ་གསོལ༔ བཞེས་ཤིག་ཚིམ་པར་མཛད་དུ་གསོལ༔ བཞེས་ཤིག་ཐུགས་དམ་བསྐང་གྱུར་ཅིག༔ བར་ཆད་གདོན་བགེགས་གདུག་པ་ཟློག༔ ཧཱུྃ་བྷྱོ༔ དཔའ་བོ་མཁའ་འགྲོའི་ལྷ་ཚོགས་རྣམས༔ སྙིང་རྗེ་ཆེན་པོས་གཏུམ་རྔམ་ཁྲོས༔ ཉི་ཟླ་ལྟ་བུའི་སྤྱན་གསུམ་བསྒྲད༔ གནམ་ས་ཙམ་གྱི་ཞལ་ཕྱེས་ལ༔ གངས་རི་ལྟར་དཀར་མཆེ་བ་གཙིགས༔ གློག་སྟོང་འཁྱུག་འདྲའི་ལྗགས་དམར་བསྐྱོད༔ རྟོག་མེད་བམ་ཆེན་བ་ལིཾ་ཏ༔ དགྱེས་པ་ཆེན་པོར་བཞེས་སུ་གསོལ༔ དུག་ལྔ་བསྒྲལ་བའི་བམ་ཆེན་འདི༔ བརྩེ་བ་ཆེན་པོར་བཞེས་སུ་གསོལ༔ དུག་གསུམ་བསྒྲལ་བའི་ཤ་ཁྲག་


KMC020_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

རུས༔ གདུང་བ་ཆེན་པོར་བཞེས་སུ་གསོལ༔ རྣམ་རྟོག་བསྒྲལ་བའི་དོན་སྙིང་ཚོགས༔ ཆོས་དབྱིངས་ཀློང་དུ་བཞེས་སུ་གསོལ༔ ཚོགས་དྲུག་བསྒྲལ་བའི་སྐྱེ་མཆེད་ཚོགས༔ ཡེ་སྟོང་ཀློང་དུ་བཞེས་སུ་གསོལ༔ བཞེས་ཤིག་ཚིམ་པར་མཛད་དུ་གསོལ༔ བཞེས་ཤིག་ཐུགས་དམ་བསྐང་གྱུར་ཅིག༔ བར་ཆད་གདོན་བགེགས་གདུག་པ་ཟློག༔ ཧཱུྃ་བྷྱོ༔ ཆོས་སྐྱོང་སྲུང་མའི་ལྷ་ཚོགས་དང་༔ གཏེར་སྲུང་ཏྲཀྴད་ལྷ་ཚོགས་རྣམས༔ སྙིང་རྗེ་ཆེན་པོས་གཏུམ་རྔམ་ཁྲོས༔ ཉི་ཟླ་ལྟ་བུའི་སྤྱན་གསུམ་བསྒྲད༔ གནམ་ས་ཙམ་གྱི་ཞལ་ཕྱེས་ལ༔ གངས་རི་ལྟར་དཀར་མཆེ་བ་གཙིགས༔ གློག་སྟོང་འཁྱུག་འདྲའི་ལྗགས་དམར་བསྐྱོད༔ རྟོག་མེད་བམ་ཆེན་བ་ལིང་ཏ༔ དགྱེས་པ་ཆེན་པོར་བཞེས་སུ་གསོལ༔ དུག་ལྔ་བསྒྲལ་བའི་བམ་ཆེན་འདི༔ བརྩེ་བ་ཆེན་པོར་བཞེས་སུ་གསོལ༔ དུག་གསུམ་བསྒྲལ་བའི་ཤ་ཁྲག་རུས༔ གདུང་བ་ཆེན་པོར་བཞེས་སུ་གསོལ༔ རྣམ་རྟོག་བྲལ་བའི་དོན་སྙིང་


KMC020_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས༔ ཆོས་དབྱིངས་ཀློང་དུ་བཞེས་སུ་གསོལ༔ ཚོགས་དྲུག་བསྒྲལ་བའི་སྐྱེ་མཆེད་ཚོགས༔ ཡེ་སྟོང་ཀློང་དུ་བཞེས་སུ་གསོལ༔ བཞེས་ཤིག་ཚིམ་པར་མཛད་དུ་གསོལ༔ བཞེས་ཤིག་ཐུགས་དམ་བསྐང་གྱུར་ཅིག༔ བར་ཆད་དོན་བགེགས་གདུག་པ་ཟློག༔ ཧཱུྃ་བྷྱོ༔ འཇིག་རྟེན་དྲེགས་བྱེད་ལྷ་ཚོགས་དང་༔ བསྟན་སྲུང་རྒྱ་མཚོའི་ལྷ་ཚོགས་རྣམས༔ སྙིང་རྗེ་ཆེན་པོས་གཏུམ་རྔམ་ཁྲོས༔ ཉི་ཟླ་ལྟ་བུའི་སྤྱན་གསུམ་བསྒྲད༔ གནམ་ས་ཙམ་གྱི་ཞལ་ཕྱེས་ལ༔ གངས་རི་ལྟར་དཀར་མཆེ་བ་གཙིགས༔ གློག་སྟོང་འཁྱུག་འདྲའི་ལྗགས་དམར་བསྐྱོད༔ རྟོག་མེད་བམ་ཆེན་བ་ལིཾ་ཏ༔ དགྱེས་པ་ཆེན་པོར་བཞེས་སུ་གསོལ༔ དུག་ལྔ་བསྒྲལ་བའི་བམ་ཆེན་འདི༔ བརྩེ་བ་ཆེན་པོར་བཞེས་སུ་གསོལ༔ དུག་གསུམ་བསྒྲལ་བའི་ཤ་ཁྲག་རུས༔ གདུང་བ་ཆེན་པོར་བཞེས་སུ་གསོལ༔ རྣམ་རྟོག་བསྒྲལ་བའི་དོན་སྙིང་ཚོགས༔ ཆོས་དབྱིངས་ཀློང་དུ་བཞེས་སུ་གསོལ༔ ཚོགས་དྲུག་


KMC020_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲལ་བའི་སྐྱེ་མཆེད་ཚོགས༔ ཡེ་སྟོང་ཀློང་དུ་བཞེས་སུ་གསོལ༔ བཞེས་ཤིག་ཚིམ་པར་མཛད་དུ་གསོལ༔ བཞེས་ཤིག་ཐུགས་དམ་བསྐང་གྱུར་ཅིག༔ བར་ཆད་གདོན་བགེགས་གདུག་པ་ཟློག༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཕཊ$ ༔ཧཱུྃ་བྷྱོ༔ བམ་སྒྲོལ་ལྷག་སྡུད་མཁའ་འགྲོ་ནི༔ ལོ་ཀ་དྷཱ་ཀི་སྤྱང་ཞོན་མ༔ མཐིང་ནག་གྲི་ཐོད་ཁ་ཊྲཱཾ་ཐོགས༔ ལྕགས་སྤྱང་མགོ་དགུ་རྟ་རུ་ཞོན༔ ཉི་མོ་སྒྲུབ་པའི་ཚོགས་ཁང་འགྲིམས༔ མཚན་མོ་དགྲ་བགེགས་སྲོག་ལ་ཉུལ༔ དུས་ཀུན་སྔགས་ཀྱི་རྣལ་འབྱོར་སྐྱོང༔ ཁྱོད་ནི་དམ་ལྡན་དྷཱ་ཀི་སྟེ༔ སྔོན་བྱུང་བསྐལ་པའི་དང་པོ་ལ༔ བཅོམ་ལྡན་རྡོ་རྗེ་ཕག་མོ་ཡིས༔ བཀའ་བསྒོས་དམ་བཞག་དབང་ཡང་བསྐུར༔ གསང་སྔགས་གཉན་གྱི་སྲུང་མར་བསྐོས༔ དེ་འོག་བར་གྱི་བསྐལ་པ་ལ༔ མཁའ་འགྲོ་སེང་གེའི་གདོང་ཅན་གྱིས༔ བཀའ་བསྒོས་དམ་བཞག་དབང་ཡང་བསྐུར༔ གསང་སྔགས་གཉན་གྱི་སྲུང་མར་བསྐོས༔ དེ་འོག་ཐ་མའི་བསྐལ་པ་


KMC020_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ རིག་འཛིན་པདྨ་སཾ་བྷ་ཝས༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ༔ མ་མོ་མཁའ་འགྲོ་དབང་དུ་བསྡུས༔ བཀའ་བསྒོས་དམ་བཞག་དབང་ཡང་བསྐུར༔ དེ་ཚེ་མཁའ་འགྲོ་སྤྱང་ཞོན་གྱིས༔ དུས་གསུམ་དུས་མེད་ཐམས་ཅད་དུ༔ ཕྲིན་ལས་སྒྲུབ་པར་དམ་ཡང་བཅས༔ དམ་ཅན་མཁའ་འགྲོ་དམ་ཚིག་ཅན༔ དམ་ལས་མ་འདའ་གཞུང་མ་ངན༔ དམ་ཚིག་སྲུངས་ལ་ཕྲིན་ལས་སྒྲུབས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ནད་གདོན་བར་ཆད་ཞི་བར་མཛོད༔ ཚེ་དང་བསོད་ནམས་རྒྱས་པར་མཛོད༔ ནོར་དང་ལོངས་སྤྱོད་འཕེལ་བར་མཛོད༔ ཁམས་གསུམ་དབང་དུ་འདུས་པར་མཛོད༔ བསྟན་དགྲ་སྒོས་དགྲ་མྱུར་དུ་སྒྲོལ༔ བཅོལ་བའི་ལས་འདི་མྱུར་འགྲུབ་མཛོད༔ ཧཱུྃ་བྷྱོ་ལོ་ཀ་དྷཱ་ཀི་ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ལོ་ཀ་དྷཱ་ཀི་ས་མ་ཡ་རཀྵ་ཧ་ན་ཧ་ན་རཀྵ་རཀྵ་ཧཱུྃ༔ ལྷག་གཏོར་ས་གཙང་གནས་སུ་བསྐྱལ༔ ཨེ་མ་ཧོ༔ གསང་སྔགས་བསྟན་སྲུང་མཐུ་རྩལ་ཅན༔ མཁའ་འགྲོ་སྤྱང་


KMC020_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཞོན་དྷཱ་ཀི་མ༔ ཡུམ་མཆོག་རྡོ་རྗེ་ཕག་མོ་ཡི༔ ཕྲིན་ལས་ནུས་པའི་སྤྲུལ་པར་ཤར༔ དུག་གི་སྤུ་གྲི་རེག་གཅོད་སྟེ༔ དགྲ་བོའི་གཤེད་དེ་བཟློག་ཏུ་མེད༔ བླ་མེད་ཡང་གསང་སྲུང་མའོ༔ གསང་བ་གནད་ཀྱི་སྙན་བརྒྱུད་འདི༔ དམ་མེད་རྣམས་ཀྱིས་མཐོང་གྱུར་ན༔ མིག་འབྲས་ཐང་ལ་ལྷུང་བར་འགྱུར༔ དམ་ལྡན་སློབ་མའི་དོན་དུ་ཡང་༔ རྨི་ལམ་ཉམས་སྣང་དངོས་ཀྱང་འོང་༔ མཁའ་འགྲོའི་ལུང་བསྟན་གསལ་བའི་དུས༔ བསྟན་ཅིང་དམ་བཅས་འགགས་པར་བྱ༔ མ་འོངས་དུས་ཀྱི་ཐ་མ་ནི༔ སུམ་ཅུ་ཁ་རལ་བྱུང་བའི་ཚེ༔ ལྷ་སྲས་མུ་ཁྲིའི་ཆོས་སྐལ་དུ༔ གནམ་ལྕགས་འབར་བའི་སྦུ་གུར་བཅུག༔ རྡོ་རྗེེ་འབར་བའི་མཚོ་ལ་སྦས༔ སྙིང་གི་ཐུགས་སྲས་དེ་ཉིད་ཀྱི༔ བར་ཆད་སེལ་བའི་མཚོན་ཆར་ཤོག༔ ས་མ་ཡ༔ སྐུ་རྒྱ༔ གསུང་རྒྱ༔ ཐུགས་རྒྱ༔ ཡོན་ཏན་རྒྱ༔ ཕྲིན་ལས་རྒྱ༔ ཙིཏྟ་བཛྲ་ཛྙཱ་ན་མཱ་ཧ་བོདྷི་གརྦྷ་ངྷྭ་ཛ་ཏིཥྛ་མངྒ་ལམ༔ ༔རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱི་གཏེར་མ་བསླད་མེད་པའོ༔ ༈ མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousགུ་རུ་རྡོ་རྗེ་གྲོ་ལོད་ཀྱི་མཁའ་འགྲོ་མན་དྷཱ་ར་བའི་གསང་སྒྲུབ་བམ་སྒྲོལ་ལས་མཐའ། next