Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

2 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
ཏྲཀྴད་ལས་འགྱེད།
  
  
  
  
  
  
  
  
  
  
 
  
 
  
  
  
  
  


2 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousཏྲཀྴད་ལས་འགྱེད།next

ཏྲཀྴད་ལས་འགྱེད།


KMC020_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲཀྴད་ལས་འགྱེད་བཞུགས་སོ༔


KMC020_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། འབོད་དོ་བསྐུལ་ལོ་ཏྲཀྴད་བདུད༔ འཁོར་འདས་སྲིད་གསུམ་རབ་འབྱམས་ནས༔ ལས་ཀྱི་མགོན་པོ་དྲག་ཤུལ་ཅན༔ མ་ཧཱ་ཀཱ་ལ་མཐུ་བོ་ཆེ༔ དྲེགས་པའི་རྒྱལ་པོ་ཏྲཀྴད་བདུད༔ མ་མོ་བཞི་དང་བདུད་མགོན་བརྒྱད༔ བདུད་དམག་ས་ཡ་དྲུག་འབུམ་དང་༔ གཤིན་རྗེ་ས་ཡ་དྲུག་འབུམ་དང་༔ མ་མོ་ས་ཡ་དྲུག་འབུམ་དང་༔ བདུད་བྱ་ས་ཡ་དྲུག་འབུམ་དང་༔ ཁྱི་ནག་དོམ་བུ་དྲུག་འབུམ་དང་༔ ལས་མཁན་སྲོག་བདག་དྲུག་འབུམ་དང་༔ ལྷ་ཆེན་བརྒྱད་དང་ཀླུ་ཆེན་


KMC020_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད༔ གཟའ་བརྒྱད་རྒྱུ་སྐར་ཉི་ཤུ་བརྒྱད༔ གནོད་སྦྱིན་བརྒྱད་དང་ཕྱོགས་སྐྱོང་བཅུ༔ འཇིགས་བྱེད་དགུ་དང་ལས་མཁན་བརྒྱད༔ གཙང་རིས་མགོན་པོ་བདུན་ཅུ་གཉིས༔ འཁོར་དང་སྤྲུལ་པ་ཡང་སྤྲུལ་ཚོགས༔ ཡེ་གསང་ཐུགས་གཏེར་སྲུང་མ་རྣམས༔ ཡིད་ཀྱི་མགོན་ཤེས་རྫུ་འཕྲུལ་གྱིས༔ འདིར་བྱོན་བཀའ་ཡི་གཏོར་མ་བཞེས༔ ཧཱུྃ༑ ཉོན་ཅིག་གསོན་དང་ཏྲཀྴད་བདུད༔ འཁོར་དང་སྤྲུལ་པའི་དམག་ཚོགས་རྣམས༔ རྣལ་འབྱོར་བདག་གིས་མི་འབོད་རྒྱུའི༔


KMC020_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་རེ་ལྟོས་ཁྱོད་ལ་བཅས༔ རྣལ་འབྱོར་བདག་དང་ཆོས་སྐྱོང་ཁྱོད༔ ཚེ་རབས་སྔོན་ནས་སངས་རྒྱས་བར༔ སྨོན་ལམ་དབང་གིས་ལྷན་ཅིག་འགྲོགས༔ ཁྱོད་ཀྱིས་བདག་ལ་སྙིང་མ་རིང་༔ ཤག་རོགས་དཔུང་དུ་ཁྱོད་སྒྲུབ་ན༔ དམ་ཚིག་གཉན་ཁྱོད་མནའ་མ་ཟ༔ མཛའ་དང་གྲོགས་ལྟར་ཁྱོད་བསྟེན་ན༔ རང་གིས་རང་ལ་ཁྲེལ་མ་གཡུག༔ འདི་ཕྱིའི་གཏད་སོ་གང་བསམ་རྣམས༔ ཏྲཀྴད་ཁྱོད་ཀྱིས་མྱུར་དུ་སྒྲུབས༔ རྣལ་འབྱོར་བདག་དང་ཆོས་བརྒྱུད་ལ༔ སྡང་དགྲའི་དམག་དཔུང་བྱུང་གྱུར་ན༔ དམག་མི་འོག་རྟ་བྲན་གཡོག་བཅས༔ སྐད་ཅིག་ཉིད་ལ་ཐལ་བར་རློག༔ གཟིར་ཅིག་རེམས་ཤིག་མ་ཤོར་ཅིག༔ མ་བྲོས་མ་སྔངས་རི་ལྟར་འགྱིང་༔ འགྱུར་མེད་རྡོ་རྗེའི་ཏིང་འཛིན་བརྟན༔ ཕ་རོལ་བན་བོན་བྱད་མ་རྣམས༔ ལྷ་སྲུང་མགོ་བསྐོར་གཤེད་དུ་ཕོབ༔ ནམ་ཕྱེད་བན་བོན་གཉིད་ལོག་རྣམས༔ སྙིང་ཁྱེར་སྲོག་ཆོད་ཐལ་བར་རློག༔ ཇག་རྐུན་གློ་བུར་སྡང་


KMC020_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དགྲ༔ ཧུར་ཐུམ་སྙིང་གཟེར་རྒྱུག་འགྱེལ་ཕོབ༔ སེམས་ཉིད་མར་མེ་ནག་སྐེམ་ཐོང་༔ སློབ་མ་དམ་ལོག་བྱུང་གྱུར་ན༔ སྐད་ཅིག་ཉིད་ལ་དོན་སྙིང་ལོངས༔ ཡི་གཉིས་ཐེ་ཚོམ་ཅན་བྱུང་ན༔ དྲག་པོས་ཚར་ཆོད་དབང་དུ་སྡུས༔ བཀའ་ཡི་གཏོར་མ་ང་ཡིས་སྦྱིན༔ དགོས་པའི་དོན་འདི་ཁྱོད་ཀྱིས་སྒྲུབས༔ དམ་རྫས་གཏོར་མ་འདི་ལོངས་ལ༔ ང་ཡང་དམ་ལས་མི་འདའ་འཚལ༔ ཁྱོད་ཀྱང་དམ་ལས་མ་འདའ་ཞིག༔ ཞི་རྒྱས་དབང་དྲག་ཕྲིན་ལས་ཀུན༔ མྱུར་དུ་སྒྲུབས་ཤིག་ཏྲཀྴད་བདུད༔ རང་དམ་མ་བཀྲལ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱིས་ཏྲཀྴད་ལ་ཞལ་ཆེམས་ལས་འགྱེད་དུ་ཕུལ་བ། ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་


KMC020_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousཏྲཀྴད་ལས་འགྱེད།next