Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

2 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་སྙན་བརྒྱུད་ཟངས་སྦུབས་མ།
  
  
  
  
  
  
  
  
 
  
 
  
  
  
  
  


2 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousགུ་རུ་རྡོ་རྗེ་གྲོ་ལོད་ཀྱི་སྙན་བརྒྱུད་ཟངས་སྦུབས་མ།next

གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་སྙན་བརྒྱུད་ཟངས་སྦུབས་མ།


KMC020_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་རྡོ་རྗེ་གྲོ་ལོད་ལས༔ སྙན་བརྒྱུད་ཟངས་སྦུབས་མ་བཞུགས་སོ༔


KMC020_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་མ་ཧཱ་གུ་རུ་པདྨ་སཾ་བྷ་ཝ་ཡེ་ཛྙཱ་ན་ཌཱ་ཀི་ནི་ན་མོ༔ རིག་འཛིན་པདྨ་སཾ་བྷ་ཝའི་སྙིང་ཐིག༔ གསང་སྔགས་མ་རྒྱུད་བླ་མའི་ཐུགས་བཅུད༔ གསང་བ་ཡུམ་གྱི་སྒྲུབ་པའི་ཁ་ཚར༔ སྙིང་ཐིག་ཟབ་གནད་གསང་བའི་ཡང་གསང་༔ ཡེ་གསང་ཟབ་གནད་དོན་བསྡུས་ཀྱི་ཉིང་ཁུ༔ གསང་སྔགས་མ་རྒྱུད་མཁའ་འགྲོའི་སྙིང་ཁྲག༔ ཟངས་སྦུབས་མ་འདི་ལ་དོན་རྣམ་པ་གསུམ་སྟེ༔ ལྷ་བསྐྱེད་པ༔ སྔགས་བཟླ་བ༔ རྫོགས་ཆེན་ལ་ཕབ་པའོ༔ དང་པོ་བསྐྱེད་པའི་རིམ་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ འབྱུང་བ་བཞི་ཡི་རྐྱེན་ལས་གྲུབ་པའི་ལུས་འདི་སྟོང་ཉིད་ཀྱི་ངང་དུ་ཡལ༔ ཆོས་ཀྱི་དབྱིངས་སུ་ཐིམ༔ གདོས་བཅས་ཀྱི་ལུས་


KMC020_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཨ་འཐས་ཞེན་ཆགས་ཀྱི་རྒྱུ༔ འདི་ལ་ཆགས་མཁན་ནི་རང་སེམས་དངོས་མེད་འདི་རང་༔ རིག་རྩལ་རང་གསལ་རང་ཤར་གྱི་བྱེད་ལས་ཡེ་ཤེས་ལྷའི་སྐུ༔ བསླུ་མེད་འདི་ཕྱིའི་སྐྱབས་གནས་གུ་རུ་རྡོ་རྗེ་གྲོ་ལོད་རྩལ༔ སྣང་བ་གར་གྱི་རོལ་རྩེད་སྐུ་མདོག་ཕྱག་མཚན་ནི༔ དམར་སྨུག་མེ་རིའི་འོད་ཟེར་ཡེ་ཤེས་རང་འོད་འཕྲོ༔ དུས་གསུམ་ཐོགས་མེད་དུ་གཟིགས་པའི་སྤྱན་གསུམ་དམར་ལ་ཟླུམ༔ སྙིང་རྗེས་རབ་ཏུ་བརྩེ་བའི་འཛུམ་མདངས་ཞི་མ་ཁྲོ༔ དམར་སེར་


KMC020_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

རལ་པའི་གསེབ་ཏུ་ཚེ་དཔག་ཡབ་ཡུམ་བཞུགས༔ ཐོད་སྐམ་རིན་ཆེན་ཕྲེང་བ་རིགས་ལྔའི་དབང་རྟགས་རྫོགས༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་ནམ་མཁའི་དབྱིངས་སུ་གསོར༔ ལྟེ་བ་ཁོང་སེང་གི་དབུས་སུ་མནྷཱ་ར་བ་དཀར༔ རྩེ་མོར་གནམ་ལྕགས་ཀྱི་བྱ་ཁྱུང་གཤོག་སྒྲ་ལྡི་རི་རི༔ ལྟོ་བར་གཞལ་ཡས་ཁང་པར་གསང་བདག་གཏུམ་པོ་མཐིང་༔ ཕྱག་གཡོན་དུག་གི་ཕུར་བུ་ཟུར་གསུམ་དབལ་དང་ལྡན༔ ལྟེ་བ་རྒྱ་མདུད་ཀྱི་དབུས་སུ་རྡོ་རྗེ་ཕུར་པ་ལྗང་༔ རྩེ་མོར་གནམ་ལྕགས་ཀྱི་སྡིག་པ་མགོ་དགུ་རྭ་བཅོ་བརྒྱད༔ ལྟོ་བར་མེ་རླུང་གི་དབུས་སུ་ཡཀྴ་མེ་དབལ་སྨུག༔ སྐུ་ལ་རུས་ཆེན་གྱི་རྒྱན་དྲུག་དུར་ཁྲོད་ཀྱི་ཆས་བརྒྱད་གསོལ༔ ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་འདོར་སྟབས་ཚུལ་དུ་བཞུགས༔ གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གེའི་གདོང་པ་ཅན༔ མཐིང་གསལ་ནམ་མཁའི་མདངས་ལྡན་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཕྱག་གཉིས་གྲི་གུག་ཐོད་ཁྲག་


KMC020_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཤེས་དབྱེར་མེད་ངང་༔ ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་ཡབ་ལ་གཉིས་མེད་སྦྱོར༔ རྡོ་རྗེ་པདྨ་ཟུང་འཇུག་ཆགས་མེད་བདེ་གསལ་མི་རྟོག་པ༔ བམ་རོ་ཉི་ཟླ་པདྨའི་གདན་ལ་གསལ་བར་བསྐྱེད་པའོ༔ དེ་ནས་རྩེ་བསྐྱེད་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ རང་ཉིད་རྡོ་རྗེ་གྲོ་ལོད་ཡབ་ཡུམ་གཉིས་སུ་མེད་པའི་སྐུ་ཡི་ནང་གི་རྩ༔ དབུ་མ་དབུས་ཏེ་སྔོ་ལ་གཡས་པ་རོ་མ་དཀར༔ གཡོན་པ་རྐྱང་མ་དམར་བའི་མར་སྣེ་ལྟེ་བར་འདུས༔ རྩ་གསུམ་དཀར་མཐིང་དམར་བའི་ཡར་སྣེ་སྤྱི་བོར་ཟུག༔ ཀླད་པ་དུང་ཁང་གི་རྩ་མདུད་འཁོར་ལོའི་ལྟེ་བར་རུ༔ སྣང་བ་མཐའ་ཡས་གོས་དཀར་ཡབ་ཡུམ་དམར༔ ཞི་འཛུམ་མཉམ་བཞག་རྡོར་སྐྱིལ་ཕྱེད་སྐྱིལ་འཁྲིལ༔ ཉི་ཟླ་པདྨའི་གདན་ལ་མཚན་དཔེས་བརྒྱན་བཞིན་བཞུགས༔ དེ་ལ་རྒྱལ་བ་རབ་འབྱམས་སྤྲིན་ལྟར་གཏིབས་པས་བསྐོར༔ འཇའ་འོད་ཐིག་ལེ་ཐིག་ཕྲན་མིག་མི་བཟོད་པར་བསྐྱེད༔ མགྲིན་པའི་རྩ་འཁོར་རྩ་


KMC020_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

མདུད་ཀྱི་གཞལ་ཡས་དབུས༔ འཇིག་རྟེན་དབང་ཕྱུག་ཡབ་ཡུམ་དཀར་གསལ་ཟླ་བའི་མདོག༔ ཞི་འཛུམ་ཕྱག་བཞི་ཐལ་སྦྱར་ཤེལ་ཕྲེང་པད་དཀར་འཛིན༔ ཡབ་ཡུམ་གཉིས་མེད་འཁྲིལ་སྦྱོར་རྡོར་སྐྱིལ་ཕྱེད་སྐྱིལ་བཞུགས༔ ཉི་ཟླ་པདྨའི་གདན་སྟེང་འཇའ་འོད་ཀློང་དུ་བསྒོམ༔ བླ་མ་ཡི་དམ་ལྷ་ཚོགས་སྤྲིན་ལྟར་གཏིབས་པར་བསྐྱེད༔ སྙིང་གའི་རྩ་འཁོར་རྩ་མདུད་ཀྱི་གཞལ་ཡས་དབུས༔ གུ་རུ་པདྨ་འབྱུང་གནས་ཡབ་ཡུམ་དཀར་དམར་འོད་ཆགས་མུ་ཏིག་མདངས་དང་ལྡན༔ ཞི་འཛུམ་མཛེས་ཤིང་ཡིད་འོང་དཔའ་ཞིང་སྒེག་པའི་ཉམས༔ རྡོ་རྗེ་ཐོད་པ་ཚེ་བུམ་བསྣམས་ཤིང་གཉིས་མེད་འཁྲིལ་སྦྱོར་རོལ༔ ཞབས་གཉིས་རྡོར་སྐྱིལ་ཕྱེད་སྐྱིལ་ཉི་ཟླ་པདྨའི་གདན་ལ་བཞུགས༔ དཔའ་བོ་མཁའ་འགྲོའི་ལྷ་ཚོགས་སྤྲིན་ལྟར་གཏིབས་པར་བསྐྱེད༔ ལྟེ་བའི་རྩ་མདུད་རྩ་འཁོར་གྱི་གཞལ་ཡས་དབུས༔ ཡེ་ཤེས་མཚོ་རྒྱལ་ཡབ་ཡུམ་གསེར་མདངས་ཉིད་འོད་འབར༔


KMC020_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་འཛུམ་མཛེས་ཤིང་ཡིད་འོང་བདེ་གསལ་གྱི་ཉམས་དང་ལྡན༔ ཕྱག་གཉིས་རྡོ་རྗེ་ཐོད་པ་མདའ་དར་རྔ་ཡབ་འཛིན༔ ཞབས་གཉིས་རྡོར་སྐྱིལ་ཕྱེད་སྐྱིལ་པད་ཟླའི་གདན་ལ་བཞུགས༔ དེ་ལ་ཡེ་ཤེས་ཆོས་སྐྱོང་སྤྲིན་ལྟར་གཏིབས་པར་བསྐྱེད༔ འཇའ་འོད་མེ་དཔུང་ཐིག་ལེ་ཐིག་ཕྲན་འཁྲིགས་པར་བསྐྱེད༔ གསང་གནས་རྩ་འཁོར་རྩ་མདུད་ཀྱི་གཞལ་ཡས་དབུས༔ ཧེ་རུ་ཀ་དཔལ་ཏྲཀྴད་ནག་པོ་ལྗང་༔ ཞི་མ་ཁྲོ་འཛུམ་སྤྱན་གསུམ་དམར་ལ་ཟླུམ༔ དར་ལྗང་བེར་གསོལ་རུ་དར་ལྕགས་ཀྱུ་འཛིན༔ རྟ་ནག་བརྗིད་ལྡན་སྟེང་དུ་གནས་བཞིན་གསལ་བར་བསྐྱེད༔ དེ་ལ་རང་འདྲའི་སྤྲུལ་པ་བརྒྱད་ཀྱིས་བསྐོར་བའོ༔ མེ་རླུང་དམར་ནག་འཚུབས་པའི་ཀློང་དུ་གསལ་བར་བསྒོམ༔ དེ་ནི་ལུས་ཀྱི་ལྷ་བསྐྱེད་པའི་རིམ་པའོ༔ གསང་སྔགས་དམིགས་གཏད་དུ་བཟླ་བ་ནི༔ ཕྱི་སྟོང་རའི་རང་ཉིད་རྡོ་རྗེ་གྲོ་ལོད་ཡབ་ཡུམ་ལ་དམིགས་ཏེ༔ ཨཱོཾ་ཨཱཿཧཱུྃ་ཤྲཱི་ཧེ་རུ་ཀ་མ་ཧཱ་གུ་རུ་པདྨ་སཾ་བྷ་ཝ་བཛྲ་ཀྲོ་ངྷ་


KMC020_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

རཱ་ཛཿ ཙིཏྟ་བཛྲ་ས་མ་ཡ་ཛཿཛཿ ཕེཾ་ཕེཾ༔ ཧཱུྃ་ཧཱུྃ༔ ཡབ་ཀྱི་སྙིང་པོའོ༔ ཨཱོཾ་ཧྲཱིཿདྷཱ་ཀི་ཛྙཱ་ན་སཱ་ག་ར་རཱ་ཛ་ཧ་རི་ནི་ས་མ་བྷྱོ༔ སིདྡྷི་སརྦ་ཛཿཧཱུྃ༔ ཡུམ་གྱི་སྙིང་པོའོ༔ སྔགས་འཁོར་ཐུགས་ཀའི་གུ་རུ་ཡབ་ཡུམ་ལ་བསྐོར་བ་གནད་ཡིན་ནོ༔ སྤྱི་བོར་སྣང་བ་མཐའ་ཡས་ཡབ་ཡུམ་ལ་དམིགས་ཏེ༔ ཨཱོཾ་ཨཱཿཧཱུྃ་ཨ་མི་ཏ་བྷ་ཧྲཱིཿཨཱ་ཡུཿསིདྡྷི་ཛཿ མགྲིན་པར་འཇིག་རྟེན་དབང་ཕྱུག་ཡབ་ཡུམ་ལ་དམིགས་ཏེ༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཐུགས་ཀར་པདྨ་འབྱུང་གནས་ཡབ་ཡུམ་ལ་དམིགས་ཏེ༔ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཧྲཱིཿཧཱུྃ་ཧ་རི་ནི་ས་ཨཱ་ཡུཿསིདྡྷི་ཛཿ ལྟེ་བར་ཡེ་ཤེས་མཚོ་རྒྱལ་དང་རྡོ་རྗེ་འདྲེགས་འཇོམས་ཡབ་ཡུམ་ལ་དམིགས་ཏེ༔ ཨཱོཾ་ཧྲཱིཿདྷཱ་ཀི་ཛྙཱ་ན་སཱ་ག་ར་གཱ་ཛ་ཧ་རི་ནི་ས་མ་བྷྱོ༔ སིདྡྷི་སརྦ་ཛཿཧཱུྃ༔ གསང་བར་ཏྲཀྴད་དང་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་ལ་དམིགས་ཏེ༔ ཨཱོཾ་མ་ཧཱ་ཀཱ་ལ་ཏྲཀྴད་ཛཿ ཕྱི་སྣོད་ཀྱི་འཇིག་རྟེན་རྡོ་རྗེ་གྲོ་ལོད་དུ་དམིགས་ཏེ༔ ཨཱོཾ་ཨཱཿཧཱུྃ་ཤྲཱི་ཧེ་


KMC020_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ཀ་མ་ཧཱ་གུ་རུ་པདྨ་སཾ་བྷ་ཝ་བཛྲ་ཀྲོ་ངྷ་རཱ་ཛཿ ཙིཏྟ་བཛྲ་ས་མ་ཡ་ཛཿཛཿ ཕེཾ་ཕེཾ༔ ཧཱུྃ་ཧཱུྃ༔ ནང་བཅུད་ཀྱི་སེམས་ཅན་རྡོ་རྗེ་གྲོ་ལོད་དུ་དམིགས་ཏེ༔ ཨཱོཾ་ཨཱཿཧཱུྃ་ཤྲཱི་ཧེ་རུ་ཀ༴ འཁོར་འདས་སྣང་སྲིད་ཐམས་ཅད་རྡོ་རྗེ་གྲོ་ལོད་ཀྱིས་གང་བར་དམིགས་ཏེ༔ ཨཱོཾ་ཨཱཿཧཱུྃ་ཤྲཱི་ཧེ་རུ་ཀ༴ འགྲོ་བ་རིགས་དྲུག་གི་དཀྱིལ་འཁོར་རྡོ་རྗེ་གྲོ་ལོད་དུ་དམིགས་ཏེ༔ ཨཱོཾ་ཨཱཿཧཱུྃ་ཤྲཱི་ཧེ་རུ་ཀ་མ་ཧཱ་ག་རུ་པདྨ་སཾ་བྷ་ཝ་བཛྲ་ཀྲོ་ངྷ་རཱ་ཛཿ ཙིཏྟ་བཛྲ་ས་མ་ཡ་ཛཿཛཿ ཕེཾ་ཕེཾ༔ ཧཱུྃ་ཧཱུྃ༔ དེ་ཐམས་ཅད་དམིགས་མེད་ཁྱབ་གདལ་བློ་འདས་བརྗོད་མེད་ཀྱི་ཡེ་ཤེས༔ ཡེ་གདོད་མ་ནས་བཞུགས་པའི་ལྷན་སྐྱེས་ཀུན་ཏུ་བཟང་པོ་འདི་ཉིད་ཀྱི་ངང་དུ་ཡེངས་མེད་དུ་དྲན་པས་ཟིན་བཞིན་ནམ་མཁའ་ལ་རླུང་རྒྱབ་ལྟར་བལྟ་བར་བྱའོ༔ ཞེ་སྡང་གི་ངོ་བོ་གསལ་བའི་རང་མདངས་གཅེར་གྱིས་བལྟས་ཤིང་དེ་ཡི་ངང་དུ་མ་ཡེངས་ཀློད་ལ་བཞག་པའོ༔ གཏི་མུག་གི་ངོ་བོ་གང་ཤར་གྱི་སྣང་བའི་ཡུལ་ལ༔ བག་


KMC020_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་སུ་ཞེན་པ་དེ་ཡི་ངོ་བོ་ལ་མ་ཡེངས་པར༔ རང་སེམས་དྲན་རྫི་དང་མ་བྲལ་བར༔ ཤར་གྲོལ་གྱི་ངང་དུ་ཀློད་ལ་བཞག་པའོ༔ འདོད་ཆགས་ཀྱི་ངོ་བོ་ཞེ་འདོད་ཀྱིས་ཀུན་ནས་སློང་བའི་ནོར་རྫས་དང་ཡོ་བྱད༔ གཉེན་འདུན་དང་ཟླ་གྲོགས་ལ་སེམས་ཨ་འཐས་སུ་སོང་ཞིང་༔ རེ་དོགས་ཀྱིས་རློམ་པའི་བློ་ཐམས་ཅད༔ དམིགས་གཏད་དང་མཚན་འཛིན་མེད་པར༔ རང་གྲོལ་འཛིན་མེད་གང་ཤར་ངོས་ཟིན་པའི་ངང་དུ་ཤར་གྲོལ་དུས་མཉམ་དུ་བཞག་པར་བྱའོ༔ འཁོར་འདས་ཀུན་ལ་ཁྱབ་པའི་ཡེ་ཤེས་ནི༔ སངས་རྒྱས་ཀྱིས་མ་བསྒྲུབས༔ སེམས་ཅན་གྱིས་མ་བསླད༔ མངོན་དུ་གྱུར་པའི་རང་རིག་ཡེ་ཤེས་འདི་ཁོ་ནའོ༔ ས་མ་ཡ༔ ཐུགས་རྒྱ་བརྡའ་ཐིམ༔ དེ་ནས་བླ་མ་ཡབ་ཡུམ་གྱི་དྲག་དམིགས་ནི༔ རང་ཉིད་རྡོ་རྗེ་གྲོ་ལོད་དང་མཁའ་འགྲོ་སེང་གདོང་དབྱེར་མེད་པ་ལ་དམིགས་ཏེ༔ ཨཱོཾ་ཨཱཿཧཱུྃ་ཨ་རྩིག་ནེ་རྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿབྷྱོཿཧྲཱིཿཧཱུྃ༔


KMC020_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་སྒྲས་སྣང་སྲིད་འཁོར་འདས་ཀྱི་གཟུགས་ཅན་གཟུགས་མེད་ཐམས་ཅད་རྒྱ་མཚོ་ལ་ཆར་བབ་པ་ལྟ་བུར༔ རང་ཉིད་གུ་རུ་ཡབ་ཡུམ་ལ་ཐིམ་པས༔ སྟོབས་བཅུའི་རྩལ་རྫོགས་པར་བསམ་མོ༔ དེ་བཞིན་སྤྱི་བོའི་སྣང་བ་མཐའ་ཡས་ཡབ་ཡུམ་པདྨ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་པ༔ དམར་པོ་སྤུ་གྲིའི་གཤོག་པ་ཅན༔ གཡས་གསུམ་རྡོ་རྗེ་གྲི་གུག་རལ་གྲི༔ གཡོན་གསུམ་ཁ་ཊྭཱཾ་ཐོད་ཁྲག་སྡིག་པ༔ ཞལ་གཡས་དཀར་དབུས་དམར་གཡོན་མཐིང་༔ ཞབས་བཞི་འདོར་སྟབས་ཡུམ་དང་འཁྲིལ་བར་དམིགས་ཏེ༔ དྲག་སྔགས་གཉིས་བཟླའོ༔ མགྲིན་པའི་འཇིག་རྟེན་དབང་ཕྱུག་ཡབ་ཡུམ་རྟ་མགྲིན་དམར་པོ་ཡབ་ཡུམ་དམར་གསལ་ཕྱག་གཉིས་ཐོད་དབྱུག་དང་མེ་ཡི་ཞགས་པ་འཛིན་པ༔ སྤྱི་གཙུག་རྟ་ཞལ་ཕག་གདོང་གི་མཚན་པ༔ སྐུ་འཁྲིལ་སྦྱོར་ཞབས་འདོར་སྟབས་ཁྲོས་རྔམ་ཅན་དུ་བསྐྱེད་ལ༔ དྲག་སྔགས་གཉིས་བཟླའོ༔ སྙིང་གའི་གུ་རུ་


KMC020_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་རྡོ་རྗེ་གྲོ་ལོད་ཡབ་ཡུམ་དུ་དམིགས་ཏེ༔ དྲག་སྔགས་གཉིས་བཟླའོ༔ ལྟེ་བའི་ཡེ་ཤེས་མཚོ་རྒྱལ་མཁའ་འགྲོ་སེང་གདོང་དང་རྡོ་རྗེ་དྲེགས་འཇོམས་འཁྲིལ་སྦྱོར་དུ་དམིགས་ཏེ༔ དྲག་སྔགས་གཉིས་བཟླའོ༔ གསང་བའི་མགོན་པོ་ཏྲཀྴད་ཁྲོས་རྔམ་དང་ལྡན་པ་ལས་ཀྱི་མཁའ་འགྲོ་དང་འཁྲིལ་སྦྱོར་རྟ་ནག་ལ་ཞོན་པར་དམིགས་ཏེ༔ དྲག་སྔགས་གཉིས་དང་ཡིག་འབྲུ་དགུ་མ་བཟླའོ༔ དེ་ལྟར་ཡང་ཡང་གསལ་བཏབ་བར་བྱའོ༔ སྐུ་ལས་འོད་ཟེར་དང་མེ་རླུང་ཧཱུྃ་དང་རྡོ་རྗེ་ལྕགས་ཕུར་སྡིག་པ་བྱ་ཁྱུང་གི་ཚོགས་སྤྲོས་པས༔ སྣང་སྲིད་འཁོར་འདས་རབ་འབྱམས་ཐེམ་མེར་གྱི་གང་སྟེ༔ གཟུགས་ཅན་གཟུགས་མེད་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་རང་ལ་བསྟིམ༔ དབང་དུ་བསྡུས་དམ་ལ་བཞག་པར་དམིགས་ཏེ༔ ནན་ཏན་སྙིང་ནས་བྱས་ན༔ གཟུགས་ཅན་གཟུགས་མེད་ཐམས་ཅད་ཆོས་ལ་འཛུད་པར་ཐེ་ཚོམ་མེད་དོ༔ གསང་བ་གནད་ཀྱི་ཞལ་གདམས་ཟངས་སྦུབས་གོང་ཁུགས་མ་ས་མ་ཡ༔ སྐུ་རྒྱ༔ གསུང་རྒྱ༔ ཐུགས་རྒྱ༔ ཡོན་ཏན་རྒྱ༔ ཕྲིན་ལས་རྒྱ༔ རིག་འཛིན་པདྨ་སཾ་བྷ་


KMC020_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཝས༔ དབེན་གནས་བྲག་གི་ཡང་རྫོངས་སུ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་སྙན་དུ་བརྒྱུད༔ ཡེ་ཤེས་མཚོ་རྒྱལ་གྱིས་གསང་བ་ཕྲིན་ལས་ཀྱི་མགོན་པོ་ཏྲཀྴད་ནག་པོ་ལ་སྙན་དུ་བརྒྱུད༔ ཕྲིན་ལས་ཀྱི་མགོན་པོ་ལ་ཡི་གེར་ཐོབ་ཅེས༔ པདྨ་འབྱུང་ཡབ་ཡུམ་གྱིས་བཀའ་བསྒོས་ཏེ༔ པད་འབྱུང་ཡབ་ཡུམ་གྱི་བཀའ་ཐེམས་དང་ཕྱག་ཐམ་གྱིས་མནན་ཏེ༔ རབ་གནས་དང་སྨོན་ལམ་ཤིས་བརྗོད་ནན་ཏན་མཛད་ཅིང་བདུད་མགོན་ཉིད་ལ་གཉེར་དུ་གཏད་ཅིང་༔ སྤྲིན་དང་ན་བུན་གཉིས་ཀྱི་སོ་མཚམས༔ རི་བོ་དུང་གི་རྨོག་འདྲ་བའི་མགུལ་གབ་པའི་མཚོ་ཆེན་རྡོ་རྗེ་འབར་བའི་གཡས་ཟུར༔ བྲག་གདོང་རལ་གྲི་ལྟ་བུའི་གཡོན་ཟུར་དུ་སྦས་པའོ༔ མ་འོངས་སུམ་ཅུ་ཁ་རལ་དུས༔ ལྷ་སྲས་མུ་ཁྲིའི་སྐྱེ་མཐས་རྙེད་གྱུར་ཅིག༔ ཅེས་སྨོན་ལམ་དང་བཅས་ཏེ་སྦས་སོ༔ ས་མ་ཡ་མ་ཧཱ་ཀཱ་ལ་ཏྲཀྴད་དུ་ས་མ་ཡ་རཀྵ་ཧཱུྃ༔ རཀྵ་དུ༔ རཀྵ་ཕཊ༔ རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱི་གཏེར་མ་བསླད་མེད་པའོ༔ ༈ མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་


KMC020_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousགུ་རུ་རྡོ་རྗེ་གྲོ་ལོད་ཀྱི་སྙན་བརྒྱུད་ཟངས་སྦུབས་མ།next