Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

2 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་རྦོད་གཏོང་ཟློག་པའི་ཐབས་ཡང་ཟབ་སྲིད་གསུམ་གཏིང་ཟློག
  
  
  
  
  
  
 
  
 
  
  
  
  
  


2 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousགུ་རུ་རྡོ་རྗེ་གྲོ་ལོད་ཀྱི་རྦོད་གཏོང་ཟློག་པའི་ཐབས་ཡང་ཟབ་སྲིད་གསུམ་གཏིང་ཟློགnext

གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་རྦོད་གཏོང་ཟློག་པའི་ཐབས་ཡང་ཟབ་སྲིད་གསུམ་གཏིང་ཟློག


KMC020_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་རྡོ་རྗེ་གྲོ་ལོད་ལས༔ ཕ་རོལ་རྦོད་གཏོང་ཟློག་པའི་ཐབས༔ ཡང་ཟབ་སྲིད་གསུམ་གཏིང་ཟློག་བཞུགས༔


KMC020_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

༼ཀ༽ ༔ཤྲཱི་མ་ཧཱ་གུ་རུ་པདྨ་སཾ་བྷ་ཝ་ཡེ་ན་མོ༔ ཕ་རོལ་རྦོད་གཏོང་ཟློག་པའི་ཐབས༔ ཡང་ཟབ་སྲིད་གསུམ་གཏིང་ཟློག་འདི༔ གསང་བ་ཡང་གསང་ཟབ་གནད་སྟེ༔ རང་ཉིད་བསྙེན་བསྒྲུབ་ཚད་དུ་བསྐྱལ༔ རྟེན་གཏོར་མཐའ་མར་རྩང་གིས་བསྐོར༔ རྩེ་མོར་ཤ་དང་ལིང་གས་བརྒྱན་༔ དུག་དང་ཁྲག་གིས་ལེགས་པར་བྱུགས༔ ལས་གཞུང་ཆ་ལག་མ་ཉམས་པ༔ སྔོན་དུ་སོང་ནས་འདི་ལྟར་བསྒོམ༔ ༼ཁ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ རང་མདུན་ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་༔ དེ་སྟེང་རཾ་ལས་མེ་ཡི་མཎྜལ་དམར༔ དེ་སྟེང་པཾ་ལས་ཆུ་ཡི་གཞལ་ཡས་དཀར༔ དེ་སྟེང་ལཾ་ལས་ས་ཡི་ཕོ་བྲང་


KMC020_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

སེར༔ དེ་སྟེང་ཀེཾ་ལས་དུར་ཁྲོད་འཇིགས་རུང་དབུས༔ མ་མོ་མཁའ་འགྲོ་ལྷ་སྲིན་སྡེ་བརྒྱད་ཚོགས༔ དྲག་གཏུམ་ཁྲོས་རྔམ་ཞེ་སྡང་དེ་ལྟར་འབར༔ མཚོན་ཆའི་བུ་ཡུག་གནམ་ལྕགས་ཐོག་སེར་འབེབས༔ འཇིགས་པའི་གཟུགས་འཆང་རྔམ་སྒྲས་སྲིད་གསུམ་གཡོ༔ སྲོག་གཅོད་ཤན་པའི་མདུན་ས་དེ་ཡི་དབུས༔ དྲེགས་པ་གཟའ་ཡི་ཐུགས་སྤྲུལ་རྒྱ་སྟག་དམར༔ ལས་ལ་ཆས་པའི་གསེར་འཛུམ་མཛེས་ཤིང་བཀྲ༔ ཁ་གདངས་མཆེ་གཙིགས་ལྗགས་དམར་གློག་ལྟར་འཁྱུག༔


KMC020_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་རྩལ་སྟོབས་ལྡན་གནམ་ལྕགས་སྡེར་བཞི་བགྲད༔ དམ་ལོག་རུ་དྲའི་སྙིང་ལ་ཐམས་སེ་ཐམ༔ རྒྱ་སྟག་སྦྲུམ་མ་ཁྲོས་པའི་ལྟོ་བའི་ནང་༔ རཀྵའི་ཡི་གེས་གསལ་བར་མཚན་པར་གྱུར༔ ༼ཁ༽ དེ་སྟེང་ཧཱུྃ་ཧཱུྃ་ཧཱུྃ་ལས་ཁྲོ་བོའི་རྒྱལ༔ གུ་རུ་རྡོ་རྗེ་གྲོ་ལོད་དྲག་པོ་རྩལ༔ དམར་ནག་ཁྲོས་པ་སྲིན་པོའི་ཆ་བྱད་ཅན༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བཞི་གཙིགས༔ ལྗགས་འདྲིལ་སྨ་ར་ཨག་ཚོམ་མེ་ལྟར་འབར༔ རལ་གཡེང་ཐོད་སྐམ་ཕྲེང་བས་སྐྲ་མཚམས་བཅིངས༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་ནམ་མཁར་འཕྱར༔ རྩེ་མོར་ཁྲོ་རྒྱལ་བྱ་ཁྱུང་འབར་བ་ལྡིང་༔ ཕྱག་གཡོན་དུག་གི་ལྕགས་ཕུར་འདྲིལ་ཞིང་འདེབས༔ རྩེ་མོར་ཐུགས་སྤྲུལ་གནམ་ལྕགས་སྡིག་པ་རྔམ༔ སྐུ་ལ་ཆོས་གོས་དམར་པོ་འཆམས་སྟབས་གསོལ༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཁྲོ་ཆས་རྫོགས༔ ཞབས་གཉིས་འདོར་སྟབས་རྒྱ་སྟག་སྟེང་དུ་གནས༔ བཀའ་བརྒྱུད་བླ་མའི་ཚོགས་


KMC020_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྤྲིན་ལྟར་གཏིབས༔ ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཆར་ལྟར་འབབ༔ དཔའ་བོ་མཁའ་འགྲོའི་ལྷ་ཚོགས་ས་ལྟར་གཡོ༔ ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཆུ་ལྟར་ཁོལ༔ དྲེགས་པའི་དམག་ཚོགས་ལས་ལ་ཐོག་ལྟར་རྒྱུག༔ བཟོད་དཀའི་གཟི་བྱིན་འབར་བའི་ལྷ་ཚོགས་རྣམས༔ བཀྲ་གསལ་མངོན་སུམ་གསལ་བའི་སྣང་བར་གྱུར༔ ༼ང༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ ཟླ་གམ་དམར་ནག་དབང་དྲག་གཞལ་ཡས་ནས༔ ཆེ་བའི་ཆེ་མཆོག་པདྨ་ཧེ་རུ་ཀ༔ ཁྲོ་རྒྱལ་རིག་འཛིན་རྡོ་རྗེ་དྲག་པོ་རྩལ༔ འཁོར་འདས་སྣང་སྲིད་ཟ་བྱེད་སྐུ་བཞེངས་ཤིག༔ ༼ཅ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ སྤྲུལ་པའི་འཁོར་ལོ་འབར་བའི་གཞལ་ཡས་ནས༔ སྐུ་སྤྲུལ་ཁྲོ་བོའི་ལྷ་ཚོགས་སྐུ་བཞེངས་ཤིག༔ དམར་ནག་ཆོས་འབྱུང་བསྣོལ་མའི་གཞལ་ཡས་ནས༔ གསུང་སྤྲུལ་ཁྲོ་མོའི་ལྷ་ཚོགས་སྐུ་བཞེང་ཤིག༔ ༼ཆ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ རྡོ་རྗེ་རྩེ་ལྔ་འབར་བའི་གཞལ་ཡས་ནས༔ ཐུགས་སྤྲུལ་རིག་འཛིན་ལྷ་ཚོགས་སྐུ་


KMC020_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་ཤིག༔ སེར་གསལ་རིན་ཆེན་འབར་བའི་གཞལ་ཡས་ནས༔ ཡོན་ཏན་དཔའ་བོའི་ལྷ་ཚོགས་སྐུ་བཞེངས་ཤིག༔ ༼ཇ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ ལྗང་ནག་གྲུ་གསུམ་འབར་བའི་གཞལ་ཡས་ནས༔ ཕྲིན་ལས་མཁའ་འགྲོའི་ལྷ་ཚོགས་སྐུ་བཞེངས་ཤིག༔ རོ་དང་ཀེང་རུས་ཚང་ཚིང་དཀྱིལ་འཁོར་དང་༔ མཚོན་ཆ་བུ་ཡུག་འཚུབས་པའི་གཞལ་ཡས་ནས༔ ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་སྐུ་གཞེངས་ཤིག༔ ༼ཉ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ སྲིད་གསུམ་རབ་འབྱམས་ཁམས་གསུམ་ཞིང་ཁམས་ནས༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་སྐུ་བཞེངས་ཤིག༔ གླིང་བཞི་འཇིག་རྟེན་བཀོད་ལེགས་ཡུལ་གྲུ་ནས༔ དྲེགས་པའི་སྡེ་དཔོན་སུམ་ཅུ་སྐུ་བཞེངས་ཤིག༔ འཛམ་གླིང་དག་པའི་རྒྱ་བོད་ཡུལ་ལྗོངས་ནས༔ མ་སྲིང་བརྟན་མ་བཅུ་གཉིས་སྐུ་བཞེངས་ཤིག༔ སྟེང་ཕྱོགས་རྣམ་པར་རྒྱལ་བའི་ཁང་བཟང་ནས༔ ཡེ་ཤེས་ལྷ་ཡི་དམག་ཚོགས་སྐུ་བཞེངས་ཤིག༔ འོག་ཕྱོགས་ས་བླ་ས་འོག་ས་སྟེང་ནས༔ ས་


KMC020_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཀླུ་གཉན་བཞི་བདག་སྐུ་བཞེངས་ཤིག༔ བཞེངས་ཤིག་བསྐུལ་ལོ་འབོད་དོ་མྱུར་དུ་བྱོན༔ ཆོས་ཤིག་དམ་ལོག་འདུལ་ཕྱིར་གནས་འདིར་བྱོན༔ མཛོད་ཅིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ སྒྲུབས་ཤིག་རྣལ་འབྱོར་ཕྲིན་ལས་མྱུར་དུ་སྒྲུབས༔ སྲུངས་ཤིག་སྔོན་གྱི་དམ་ཚིག་གཉན་པོ་སྲུངས༔ དེ་རིང་དབང་དྲག་འབར་བའི་དམ་ལ་འདུས༔ དེ་རིང་ཐུགས་དམ་དུས་ལས་མ་འདའ་ཞིག༔ ཨཱོཾ་ཨཱཿཧཱུྃ་ཤྲཱི་ཧེ་རུ་ཀ་མ་ཧཱ་གུ་རུ་པདྨ་སཾ་བྷ་ཝ་བཛྲ་ཀྲོ་ངྷ་རཱ་ཛཿ ཙིཏྟ་བཛྲ་ས་མ་ཡ་ཛཿཛཿ ཕེཾ་ཕེཾ༔ ཧཱུྃ་ཧཱུྃ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ལོ་ཀ་ན་ཐ་ཤཱ་ས་ན་རཀྵ་སཱ་ག་ར་ག་ཎ་བཛྲ་ས་མ་ཡ་ཛཿཛཿ ཨཾ་ཀུ་ཤ་ཛཿཧཱུྃ༔ ༼ཏ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ རཀྟ་བདུད་རྩི་རྣམས་འདིར་འབུལ་མཆན་ གསོལ་ལོ་མཆོད་དོ་རྡོ་རྗེ་དྲེགས་འཇོམ་རྩལ༔ སྣང་སྲིད་ཟིལ་གནོན་རྡོ་རྗེ་གྲོ་ལོད་རྩལ༔ ཁམས་གསུམ་དབང་སྡུད་རྡོ་རྗེ་དྲག་པོ་རྩལ༔ རྩལ་ལྡན་ཡེ་ཤེས་ཁྲོ་རྒྱལ་ལྷ་ཆེན་པོ༔ སྣང་སྲིད་འཁོར་


KMC020_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

འདས་འདི་དག་བཞེས་སུ་གསོལ༔ ཆོས་དབྱིངས་རྣམ་དག་ཆེན་པོར་ད་རོལ་ཅིག༔ འཆི་མེད་རྡོ་རྗེའི་ལྷ་ཁྱོད་མངའ་གསོལ་ལོ༔ གསང་རྫས་སྨན་གཏོར་རཀྟ་མཆོད་པར་འབུལ༔ མཐུན་རྫས་དུར་ཁྲོད་ཆས་བརྒྱད་ཡོ་བྱད་འདིས༔ ཐུགས་དམ་བསྐང་ངོ་ཉམས་ཆག་དག་གྱུར་ཅིག༔ ནོངས་པ་བཤགས་སོ་དག་གཙང་དངོས་གྲུབ་སྩོལ༔ ཕྲིན་ལས་རྣམ་བཞིའི་འགྲོ་དོན་ལྷུག་གྲུབ་ཤོག༔ ༼ཐ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ གསོལ་ལོ་མཆོད་དོ་ཁྲོ་བོ་ཁྲོ་མོའི་ཚོགས༔ སྐུ་སྤྲུལ་ཡེ་ཤེས་ཁྲོ་བཅུའི་ལྷ་ཚོགས་དང་༔ གསུང་སྤྲུལ་དབང་ཕྱུག་ཕྲ་མེན་ཉེར་བརྒྱད་ཚོགས༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་ཁྲོ་བོའི་ཚོགས༔ སྣང་སྲིད་འཁོར་འདས་འདི་དག་བཞེས་སུ་གསོལ༔ ཆོས་དབྱིངས་རྣམ་དག་ཆེན་པོར་ད་རོལ་ཅིག༔ སྐུ་སྤྲུལ་ཁྲོ་བོ་ཁྲོ་མོ་མངའ་གསོལ་ལོ༔ གསང་རྫས་སྨན་གཏོར་རཀྟ་མཆོད་པར་འབུལ༔ མཐུན་རྫས་དུར་ཁྲོད་ཆས་བརྒྱད་ཡོ་བྱད་འདིས༔ ཐུགས་དམ་བསྐང་ངོ་


KMC020_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ཆག་དག་གྱུར་ཅིག༔ ནོངས་པ་བཤགས་སོ་དག་གཙང་དངོས་གྲུབ་སྩོལ༔ ཕྲིན་ལས་རྣམ་བཞིའི་འགྲོ་དོན་ལྷུན་གྲུབ་ཤོག༔ ༼ད༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ གསོལ་ལོ་མཆོད་དོ་བླ་མ་རིག་འཛིན་ཚོགས༔ ཐུགས་རྗེའི་གཏེར་མངའ་རྡོ་རྗེ་ཐོད་ཕྲེང་རྩལ༔ ཀུན་བཟང་ཡབ་ཡུམ་རིགས་ལྔའི་སངས་རྒྱས་དང་༔ རིགས་གསུམ་མགོན་པོ་སྐུ་གསུམ་མཁའ་འགྲོའི་ཚོགས༔ སྤྲུལ་པ་ཡང་སྤྲུལ་རྗེ་འབངས་ཉེར་ལྔའི་ཚོགས༔ སྣང་སྲིད་འཁོར་འདས་འདི་དག་བཞེས་སུ་གསོལ༔ ཆོས་དབྱིངས་རྣམ་དག་ཆེན་པོར་ད་རོལ་ཅིག༔ ཐུགས་མཆོག་བླ་མ་རིག་འཛིན་མངའ་གསོལ་ལོ༔ གསང་རྫས་སྨན་གཏོར་རཀྟ་མཆོད་པར་འབུལ༔ མཐུན་རྫས་དུར་ཁྲོད་ཆས་བརྒྱད་ཡོ་བྱད་འདིས༔ ཐུགས་དམ་བསྐང་ངོ་ཉམས་ཆག་དག་གྱུར་ཅིག༔ ནོངས་པ་བཤགས་སོ་དག་གཙང་དངོས་གྲུབ་སྩོལ༔ ཕྲིན་ལས་རྣམ་བཞིའི་འགྲོ་དོན་ལྷུན་གྲུབ་ཤོག༔ ༼ན༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ གསོལ་ལོ་


KMC020_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་དོ་དཔའ་བོ་རྟ་མཆོག་དཔལ༔ ཐབས་ཀྱི་ཆོ་འཕྲུལ་དཔའ་བོ་ཧ་ཡ་གྲཱི༔ གིང་ཆེན་དཔའ་བོ་བྱེ་བ་ས་ཡའི་ཚོགས༔ འགྲོ་འདུལ་ཐབས་མཁས་ཐུགས་རྗེའི་སྐུར་སྟོན་རྣམས༔ སྣང་སྲིད་འཁོར་འདས་འདི་དག་བཞེས་སུ་གསོལ༔ ཆོས་དབྱིངས་རྣམ་དག་ཆེན་པོར་ད་རོལ་ཅིག༔ ཐབས་ཀྱི་རང་བཞིན་དཔའ་བོ་མངའ་གསོལ་ལོ༔ གསང་རྫས་སྨན་གཏོར་རཀྟ་མཆོད་པར་འབུལ༔ མཐུན་རྫས་དུར་ཁྲོད་ཆས་བརྒྱད་ཡོ་བྱད་འདིས༔ ཐུགས་དམ་བསྐང་ངོ་ཉམས་ཆག་དག་གྱུར་ཅིག༔ ནོངས་པ་བཤགས་སོ་དག་གཙང་དངོས་གྲུབ་སྩོལ༔ ཕྲིན་ལས་རྣམ་བཞིའི་འགྲོ་དོན་ལྷུན་གྲུབ་ཤོག༔ ༼པ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ གསོལ་ལོ་མཆོད་དོ་མ་མོ་མཁའ་འགྲོའི་ཚོགས༔ ཤེས་རབ་ཕར་ཕྱིན་རྡོ་རྗེ་ཕག་མོ་དང་༔ སྐུ་སྤྲུལ་མཁའ་འགྲོ་སེང་གེའི་གདོང་པ་ཅན༔ སྤྲུལ་པ་རྡོ་རྗེ་རིན་ཆེན་པདྨ་ལས༔ སངས་རྒྱས་མཁའ་འགྲོ་ལ་སོགས་བྱེ་བ་འབུམ༔ ཤེས་རབ་རང་བཞིན་ཤེས་


KMC020_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཕར་ཕྱིན་ཚོགས༔ སྣང་སྲིད་འཁོར་འདས་འདི་དག་བཞེས་སུ་གསོལ༔ ཆོས་དབྱིངས་རྣམ་དག་ཆེན་པོར་ད་རོལ་ཅིག༔ ཤེས་རབ་རང་བཞིན་མཁའ་འགྲོ་མངའ་གསོལ་ལོ༔ གསང་རྫས་སྨན་གཏོར་རཀྟ་མཆོད་པར་འབུལ༔ མཐུན་རྫས་དུར་ཁྲོད་ཆས་བརྒྱད་ཡོ་བྱེད་འདིས༔ ཐུགས་དམ་བསྐང་ངོ་ཉམས་ཆག་དག་གྱུར་ཅིག༔ ནོངས་པ་བཤགས་སོ་དག་གཙང་དངོས་གྲུབ་སྩོལ༔ ཕྲིན་ལས་རྣམ་བཞིའི་འགྲོ་དོན་ལྷུན་གྲུབ་ཤོག༔ ༼ཕ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ གསོལ་ལོ་མཆོད་དོ་བསྟན་སྲུང་རྒྱ་མཚོའི་ཚོགས༔ ཁྲོ་རྒྱལ་ཁྲག་འཐུང་མ་ནིང་ནག་པོ་ཆེ༔ ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཡོངས་ཀྱི་རྗེ༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་རྒྱལ་པོ་སྟེ༔ ཕྲིན་ལས་ཐོགས་མེད་ལས་ཀྱི་ཤན་པའི་ཚོགས༔ སྣང་སྲིད་འཁོར་འདས་འདི་དག་བཞེས་སུ་གསོལ༔ ཆོས་དབྱིངས་རྣམ་དག་ཆེན་པོར་ད་རོལ་ཅིག༔ ཕྲིན་ལས་བསྟན་སྲུང་རྒྱ་མཚོ་མངའ་གསོལ་ལོ༔ གསང་རྫས་སྨན་


KMC020_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་རཀྟ་མཆོད་པར་འབུལ༔ མཐུན་རྫས་དུར་ཁྲོད་ཆས་བརྒྱད་ཡོ་བྱད་འདིས༔ ཐུགས་དམ་བསྐང་ངོ་ཉམས་ཆག་དག་གྱུར་ཅིག༔ ནོངས་པ་བཤགས་སོ་དག་གཙང་དངོས་གྲུབ་སྩོལ༔ ཕྲིན་ལས་རྣམ་བཞིའི་འགྲོ་དོན་ལྷུན་གྲུབ་ཤོག༔ ༼བ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ གསོལ་ལོ་མཆོད་དོ་སྣང་སྲིད་ལྷ་འདྲེའི་ཚོགས༔ སྔོན་ཚེ་བར་དང་ཐ་དུས་བསྐལ་པའི་བར༔ ལྷ་སྲིན་སྡེ་བརྒྱད་གཙང་རིགས་མགོན་པོའི་ཚོགས༔ དྲེགས་པའི་སྡེ་དཔོན་སུམ་ཅུ་བརྟན་མ་དང་༔ གཞན་ཡང་ཡུལ་ལྷ་ཟོ་དོར་རིགས་དྲུག་མགྲོན༔ སྣང་སྲིད་འཁོར་འདས་འདི་དག་བཞེས་སུ་གསོལ༔ ཆོས་དབྱིངས་རྣམ་དག་ཆེན་པོ་ད་རོལ་ཅིག༔ གསང་རྫས་སྨན་གཏོར་རཀྟ་མཆོད་པར་འབུལ༔ མཐུན་རྫས་དུར་ཁྲོད་ཆས་བརྒྱད་ཡོ་བྱད་འདིས༔ ཐུགས་དམ་བསྐང་ངོ་ཉམས་ཆག་དག་གྱུར་ཅིག༔ ནོངས་པ་བཤགས་སོ་དག་གཙང་དངོས་གྲུབ་སྩོལ༔ ཕྲིན་ལས་རྣམ་བཞིའི་འགྲོ་དོན་ལྷུན་གྲུབ་ཤོག༔


KMC020_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

༼མ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ ལིངྒ་ལྕགས་ཁང་རང་མདུན་ཨེ་ལས་ལྕགས་ཁང་གྲུ་གསུམ་འབར༔ སྐུ་གསུམ་ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ དེ་དབུས་ནྲྀ་ཏྲི་ལས་བྱུང་གདོན་བགེགས་གཟུགས༔ དབང་པོ་སྒོ་དྲུག་མ་ཉམས་ལེགས་གསལ་ཞིང་༔ རྣམ་ཤེས་ཚོགས་བརྒྱད་དྲན་རིག་རབ་གསལ་བའི༔ རྒྱན་སྤྲས་དམིགས་བྱའི་གཟུགས་སུ་གསལ་བར་གྱུར༔ ༼ཙ༽ ༔ན་མོ༔ འགུགས་གཞུག $དཀོན་མཆོག་གསུམ་དང་ཡི་དམ་ཞི་ཁྲོའི་ལྷ༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་ཚོགས༔ རྒྱལ་བ་རབ་འབྱམས་རྣམས་ཀྱི་བདེན་སྟོབས་ཀྱིས༔ བསྟན་དང་འགྲོ་ཀུན་བདག་ཅག་འཁོར་བཅས་ལ༔ གནོད་ཅིང་འཚེ་བའི་འདྲེ་གདོན་འབྱུང་པོ་དང་༔ གཟུགས་ཅན་གཟུགས་མེད་རུ་དྲ་དམ་ལོག་རྣམས༔ སྣང་སྲིད་འཁོར་འདས་རིགས་དྲུག་ལམ་རྒྱུད་ལྔ༔ སྐྱེ་བའི་གནས་བཞི་གར་ནས་གར་འདུག་ཀྱང་༔ སྐད་ཅིག་རང་དབང་མེད་པར་འདིར་ཁུག་ཅིག༔ དམིགས་པའི་རྟེན་ལ་སིབ་


KMC020_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

སིབ་ཐིམ་པར་གྱུར༔ ནྲྀ་ཏྲི་ཨཱ་ཀཪྵ་ཡ་ཛཿཛཿ ཛཿཧཱུྃ་བཾ་ཧོཿ མཱ་ར་ཡ་ནན་ནན༔ བྷནྡྷ་བྷནྡྷ་ཧོཿ ༼ཚ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ ཕུར་བསྐྱེད་རང་ཉིད་སྐད་ཅིག་རྫུས་སྐྱེས་སུ༔ གུ་རུ་རྡོ་རྗེ་གྲོ་ལོད་རྩལ༔ དབྱེར་མེད་རྡོ་རྗེ་ཕུར་པ་ལྗང་༔ རལ་གཡེང་གཤོག་ལྡིང་མེ་དཔུང་འབར༔ ཞལ་བགྲད་མཆེ་གཙིགས་སྤྱན་གསུམ་གཡོ༔ ཁྲོས་རྔམ་ཕྱག་གཉིས་ཕུར་པ་འདྲིལ༔ སྐུ་སྨད་ཕུར་བུ་ཟུར་གསུམ་འབར༔ གནས་ལྔར་རྒྱལ་བ་རིགས་ལྔ་དང་༔ སྤྱི་བོར་ཀུན་བཟང་ཡབ་ཡུམ་བཞུགས༔ བཀྲག་མདགས་གཟི་བརྗིད་འོད་ཟེར་འབར༔ ཨཱོཾ་ཨཱཿཧཱུྃ༔ ཤྲཱི་ཧེ་རུ་ཀ་མ་ཧཱ་གུ་རུ་པདྨ་སཾ་བྷ་ཝ་བཛྲ་ཀྲོ་ངྷ་རཱ་ཛཿ ཛྙཱ་ན་བཛྲ་ཀརྨ་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ༔ ༼ཛ༽ ལྷ་དབྱེ་༔འཻ་ལས་ངན་ཁྱོད་ཀྱི་དཔུང་དང་གྲོགས༔ ཕྱི་ནང་གསང་བ་ཡང་གསང་ལྷ༔ ལྷ་སྲུང་མགོན་བྱེད་ཕྲ་རགས་ཀུན༔ ཏིང་འཛིན་ལྷ་སྔགས་འཕྲོ་འདུ་ཡི༔ བདེན་སྟོབས་ནུས་པས་འུབ་ཀྱིས་བསྡུས་༔ རང་ཉིད་ལྷ་དང་དབྱེར་མེད་འདྲེས༔ ཕ་རོལ་རུ་དྲ་


KMC020_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཉམས་ཀྱི༔ ཕུང་ཁམས་རླག་བྱེད་གཤེད་མར་གྱུར༔ ༼ཝ༽ ཕུར་གདབ་༔འཻ་དམ་ཉམས་རུ་དྲ་ལས་ངན་ཁྱོད༔ འཁོར་འདས་སྲིད་ནས་ད་ལྟའི་བར༔ ལས་ཉོན་འཁོར་བར་འཁོར་ཞིང་འཁྱམས༔ ད་ལན་དེ་ལས་སྒྲོལ་བའི་ཕྱིར༔ ཀུན་བཟང་ཡབ་ཡུམ་ཕུར་བུས་གདབ༔ དམ་ཉམས་རུ་དྲ་ལས་ངན་ཁྱོད༔ དུག་ལྔའི་ཕུང་ཁམས་བརླག་པའི་ཕྱིར༔ ཡེ་ཤེས་ལྔ་ཡི་ཕུར་བུས་གདབ༔ དམ་ཉམས་རུ་དྲ་ལས་ངན་ཁྱོད༔ དུག་གསུམ་ལུས་ངག་ཡིད་གསུམ་ལ༔ སྐུ་གསུམ་ལྷུན་གྲུབ་ཕུར་བུས་གདབ༔ རྣམ་ཤེས་རྟེན་དང་ཕྲལ་བར་གྱུར༔ ཕུང་ཁམས་སྐྱེ་མཆེད་རྡུལ་དུ་རློག༔ རྡོ་རྗེ་ཕུར་བུས་མཱ་ར་ཡ༔ བཛྲ་ཀཱི་ལ་ས་མ་ཡ༔ ཨཱོཾ་ཨཱཿཧཱུྃ་ཤྲཱི་ཧེ་རུ་ཀ་མ་ཧཱ་གུ་རུ་པདྨ་སཾ་བྷ་ཝ་བཛྲ་ཀྲོ་ངྷ་རཱ་ཛཿ ཛྙཱ་ན་ཀརྨ་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ༔ རུ་དྲའི་ཙིཏྟ་ལ་མཱ་ར་ཡ་རྦད་རྦད༔ ༼ཞ༽ འཕོ་བ་འདེབས་པ་༔འཻ་ལས་ངན་ཁྱོད་ཀྱི་རྣམ་ཤེས་ནི༔ སྤྱི་བོའི་གཙུག་ཐོན་དམིགས་མེད་བསྟིམ༔ སྡང་སེམས་


KMC020_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

དུག་ལྔ་རང་སར་ཡལ༔ སྙིང་རྗེ་བྱང་ཆུབ་སེམས་ལྡན་ཞིང་༔ དུག་གསུམ་གདུག་པའི་བསམ་སྦྱོར་ཞི༔ ལས་ངན་རྣམ་སྨིན་དག་གྱུར་ཏེ༔ འགྲོ་ལ་ཕན་པའི་སེམས་ལྡན་ཞིང་༔ སྐད་ཅིག་སངས་རྒྱས་སར་འགོད་ཤོག༔ ཨ་ཨ་ཨ༔ ཕཊ་ཕཊ་ཕཊ༔ ༼ཟ༽ ཧཱུྃ་ཧཱུྃ་ཧཱུྃ༔ ལིང་རོ་ཞལ་བསྟབ་དམ་ཉམས་ལས་ངན་རུ་དྲ་ཡི༔ ཕུང་ཁམས་བསྒྲལ་བའི་ཤ་ཁྲག་རུས༔ མི་གཙང་དངོས་པོ་རཾ་གྱིས་བསྲེགས༔ མ་དག་དྲི་མ་ཁཾ་གྱིས་བཀྲུས༔ ཉེས་སྐྱོན་རྟོག་ཚོགས་ཡཾ་གྱིས་གཏོར༔ དག་གཙང་དམ་ཚིག་བདུད་རྩི་འདི༔ ཨཱོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབས༔ ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ ཀུན་བཟང་རིགས་ལྔའི་སངས་རྒྱས་དང་༔ རྒྱལ་བ་རབ་འབྱམས་ཞལ་དུ་བསྟབ༔ བླ་མ་ཡི་དམ་དཔའ་བོ་དང་༔ མཁའ་འགྲོ་ཆོས་སྐྱོང་ཞལ་དུ་བསྟབ༔ བཀའ་སྲུང་དམ་ཅན་རྒྱ་མཚོ་དང་༔ ལྷ་སྲིན་སྡེ་བརྒྱད་ཞལ་དུ་བསྟབ༔ དྲེགས་པའི་སྡེ་དཔོན་སུམ་ཅུ་དང་༔ བརྟན་མ་བཅུ་གཉིས་


KMC020_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་དུ་བསྟབ༔ ཡུལ་ལྷ་ཟོ་དོར་གཉན་པོ་དང་༔ གཏེར་སྲུང་བདུད་མགོན་ཞལ་དུ་བསྟབ༔ སྣང་སྲིད་འཁོར་འདས་ལྷ་འདྲེ་དང་༔ རིགས་དྲུག་ལན་ཆགས་ཞལ་དུ་བསྟབ༔ ཞལ་དུ་བསྟབ་པོ་ཆེམ་ཆེམ་ཟོ༔ མགུལ་དུ་སྒྲིམས་ཤིག་ལྗིབ་ལྗིབ་རོལ༔ ལྷག་མ་མེད་པར་ཚིམ་པར་བཞེས༔ ཕྲིན་ལས་རྣམ་བཞི་མྱུར་འགྲུབ་ཤོག༔ ཨཱོཾ་ཨཱཿཧཱུྃ་ཤྲཱི་ཧེ་རུ་ཀ་མ་ཧཱ་གུ་རུ་པདྨ་སཾ་བྷ་ཝ་བཛྲ་ཀྲོ་ངྷ་རཱ་ཛཿ ཙིཏྟ་བཛྲ་ས་མ་ཡ་ཛཿཛཿ ཕེཾ་ཕེཾ༔ ཧཱུྃ་ཧཱུྃ༔ འདྲེ་གདོན་འབྱུང་པོ་རུ་དྲ་དམ་ལོག་གི་ཤ་ཁྲག་རུས་གསུམ་དོན་སྙིང་རྣམ་ལྔ་གཟུགས་དང་ཕུང་ཁམས་སྐྱེ་མཆེད་འདི་ལྷག་མ་མེད་པར་བཞེས་སུ་གསོལ་ཁཱ་ཧི༔ ༼འ༽ དྲག་པོའི་ལས་བསྐུལ༔ ༔ཧཱུྃ་ཧཱུྃ་ཧཱུྃ༔ ཆེ་བའི་ཆེ་མཆོག་པདྨ་ཧེ་རུ་ཀ༔ རྒྱལ་བ་རབ་འབྱམས་མཐུ་སྟོབས་གཅིག་བསྡུས་པ༔ རིག་འཛིན་ཁྲོ་རྒྱལ་རྡོ་རྗེ་དྲག་པོ་རྩལ༔ འཇིགས་རུང་དྲག་པོའི་སྐུར་སྟོན་ལས་ལ་ཆོས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་


KMC020_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བབ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྦས་གསང་གབ་པའི་ཡེ་ཤེས་ཁྲོ་བོ་བཅུ༔ དགྱེས་པའི་གད་རྒྱངས་རྔམ་པའི་དྲག་ཤུལ་ལྡན༔ ཁྲོས་པའི་ཆ་བྱད་རྣོ་བའི་མཚོན་ཆ་འཛིན༔ ཡེ་ཤེས་ཁྲོ་བཅུ་ལྷ་ཚོགས་ལས་ལ་ཆོས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔༼ཡ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ སྦས་གསང་གབ་པའི་འཇིགས་རུང་ཁྲོ་མོའི་ཚོགས༔ མ་གཅིག་སྲིད་པའི་རྒྱལ་མོ་མུ་ཁ་ལེ༔ སྤྲུལ་པའི་ཁྲོ་མོ་དབང་ཕྱུག་ཉེར་བརྒྱད་ཚོགས༔ བརྡའ་དོན་རྟགས་ཀྱི་མགོ་བརྙན་སྣ་ཚོགས་སྟོན༔ འཁོར་བའི་ཞེན་པ་ཟློག་པའི་ཕྱག་མཚན་བསྣམས༔ འཇིགས་རུང་ཁྲོ་མོའི་ལྷ་ཚོགས་ལས་ལ་ཆོས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ ༼ར༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ སྦས་གསང་གབ་པའི་དྲག་པོ་ཐུགས་ཀྱི་ལྷ༔ ཁྲོ་རྒྱལ་རྡོ་རྗེ་གཏུམ་པོ་གྲོ་ལོད་རྩལ༔ ཀུན་བཟང་ཡབ་ཡུམ་རིགས་ལྔའི་སངས་རྒྱས་དང་༔ མཁའ་འགྲོ་སྡེ་ལྔ་རྗེ་འབངས་ཉེར་ལྔའི་ཚོགས༔ བླ་མ་རིག་འཛིན་ལྷ་ཚོགས་ལས་ལ་ཆོས༔


KMC020_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ ༼ལ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ སྦས་གསང་གབ་པའི་ཡོན་ཏན་ལྷ་ཚོགས་ནི༔ དཔལ་ཆེན་ཁྲག་ཐུང་རྟ་མཆོག་རྒྱལ་པོ་དང་༔ རྒྱལ་ཀུན་ཡུམ་ཆེན་རྡོ་རྗེ་ཕག་མོ་ཆེ༔ ཕྲིན་ལས་ཀུན་བདག་མཁའ་འགྲོ་སེང་གེའི་གདོང་༔ སྤྲུལ་པ་རྡོ་རྗེ་རིན་ཆེན་པདྨ་ལས༔ མ་མོ་མཁའ་འགྲོ་ཐེར་འབུམ་ཐེར་འབུམ་ཕྲག༔ ཡོན་ཏན་མཁའ་འགྲོ་མ་ཚོགས་ལས་ལ་ཆོས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ ༼ཤ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ སྦས་གསང་གབ་པའི་ཕྲིན་ལས་ལྷ་ཚོགས་ནི༔ རབ་འབྱམས་རྒྱལ་བའི་བསྟན་སྲུང་མཐུ་རྩལ་ལྡན༔ མ་ནིང་ནག་པོ་སྲོག་བདུད་དགྲ་བོའི་གཤེད༔ ལས་ཀྱི་དྲེགས་པ་ཏྲཀྴད་ནག་པོ་བདུད༔ བསྟན་སྲུང་དམ་ཅན་རྒྱ་མཚོའི་འཁོར་ཚོགས་བཅས༔ ཕྲིན་ལས་ཆོས་སྐྱོང་ལྷ་ཚོགས་ལས་ལ་ཆོས༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ལས་ལ་ཆོས༔ དྲེགས་པའི་སྡེ་དཔོན་སུམ་ཅུ་ལས་ལ་ཆོས༔ དགེ་བསྙེན་སུམ་བརྒྱ་དྲུག་ཅུ་


KMC020_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལ་ཆོས༔ མ་སྲིང་བརྟན་མ་བཅུ་གཉིས་ལས་ལ་ཆོས༔ སྣང་སྲིད་འཁོར་འདས་ལྷ་འདྲེ་ལས་ལ་ཆོས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ ༼ས༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ རིག་འཛིན་རྡོ་རྗེ་གྲོ་ལོད་སྤྱན་སྔ་རུ༔ སྔོན་ཚེ་ཞལ་བཞེས་དམ་བཅའ་ཇི་བཞིན་དུ༔ དམ་ཚིག་སྲུངས་ལ་ཕྲིན་ལས་མྱུར་འགྲུབ་མཛོད༔ མ་གཡེལ་མ་འདའ་དམ་ཅན་རྒྱ་མཚོའི་ཚོགས༔ དམ་ལས་འདས་ན་རྡོ་རྗེའི་དམྱལ་བར་ལྟུང་༔ དེ་བས་དུས་གསུམ་སངས་རྒྱས་བཀའ་བཞིན་སྒྲུབས༔ བཅོམ་ལྡན་གསང་བའི་བདག་པོའི་གསུང་བཞིན་སྒྲུབས༔ རྡོ་རྗེ་གྲོ་ལོད་རྩལ་གྱིས་དམ་བཞག་ལྟར༔ ཐ་ཚིག་སྨོན་ལམ་གཉེར་གཏད་དྲན་པ་གྱིས༔ ཐུགས་དམ་དུས་ལས་མ་འདའ་ས་མ་ཡ༔ ༼ཧ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ དུས་གསུམ་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་རྣམས༔ ཞལ་བཞེས་ཐུགས་དམ་དུས་ལས་མ་འདའ་བར༔ བརྩེ་བ་ཆེན་པོས་བདག་ལ་དགོངས་སུ་གསོལ༔ བདག་ནི་ཁྱོད་ལས་སྐྱབས་གཞན་


KMC020_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཆིས་པས༔ ཐུགས་རྗེས་བརྩེ་བར་དགོངས་ཤིག་ཐུགས་དམ་ཅན༔ ཕ་རོལ་རྦོད་གཏོང་ཟློག་པའི་ཕྲིན་ལས་མཛོད༔ ༼ཨ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ ལྷག་པའི་ལྷ་མཆོག་དམར་ནག་མེ་ཕྲེང་ཅན༔ ཆེ་བའི་ཆེ་མཆོག་ཁྲོ་རྒྱལ་ཧེ་རུ་ཀ༔ ཡང་གསང་ཡེ་དག་སྐུ་ལྔ་ཡེ་རྫོགས་ཤིང་༔ ཆོས་དབྱིངས་ཁྱབ་གདལ་འདུས་མ་བྱས་པའི་སྐུ༔ ཐབས་ཀྱི་ཆོས་འཕྲུལ་རྡོ་རྗེ་དྲག་པོ་རྩལ༔ སྟོབས་ཀྱི་ཕར་ཕྱིན་རྡོ་རྗེ་གྲོ་ལོད་རྩལ༔ ཡེ་ཤེས་ལུས་ལྡན་རྡོ་རྗེ་དྲེགས་འཇོམས་རྩལ༔ སྣོན་ལམ་བདེན་སྟོབས་དུས་ལས་མ་འདའ་བར༔ བརྩེ་བ་ཆེན་པོས་བདག་ལ་དགོངས་སུ་གསོལ༔ བདག་ནི་ཁྱོད་ལས་སྐྱབས་གཞན་མ་མཆིས་པས༔ ཐུགས་རྗེས་བརྩེ་བར་དགོངས་ཤིག་ཐུགས་དམ་ཅན༔ ཕ་རོལ་རྦོད་གཏོང་ཟློག་པའི་ཕྲིན་ལས་མཛོད༔ ༼གུ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ སྤྲུལ་པའི་ཁྲོ་རྒྱལ་ཡེ་ཤེས་ཁྲོ་བོ་བཅུ༔ ས་བཅུ་ཡེ་རྫོགས་ལྷུན་གྲུབ་རོལ་རྩེད་ལས༔ ཐབས་ཀྱི་ཆོ་འཕྲུལ་ཁྲོ་གཏུམ་འབར་


KMC020_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐུ༔ སྡིགས་པའི་མཚོན་ཆས་རུ་དྲའི་སྙིང་ལ་གཟིར༔ རྔམ་པའི་ཧཱུྃ་སྒྲས་སྣང་སྲིད་འདར་ཞིང་སྡངས༔ གར་གྱི་ཉམས་དགུ་དཔལ་གྱི་ཆས་བརྒྱད་རྫོགས༔ སྤྲུལ་པའི་ཁྲོ་བོས་རབ་འབྱམས་ཞིང་ཀུན་ཁྱབ༔ ཡེ་ཤེས་ཁྲོ་བཅུའི་ལྷ་ཚོགས་འཁོར་བཅས་རྣམས༔ ཞལ་བཞེས་ཐུགས་དམ་དུས་ལས་མ་འདའ་བར༔ བརྩེ་བ་ཆེན་པོས་བདག་ལ་དགོངས་སུ་གསོལ༔ བདག་ནི་ཁྱོད་ལས་སྐྱབས་གཞན་མ་མཆིས་པས༔ ཐུགས་རྗེས་བརྩེ་བར་དགོངས་ཤིག་ཐུགས་དམ་ཅན༔ ཕ་རོལ་རྦོད་གཏོང་ཟློག་པའི་ཕྲིན་ལས་མཛོད༔ ༼རུ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ ལས་ཀྱི་ཁྲོ་མོ་སྲིད་རྒྱལ་ཕྲིན་ལས་བདག༔ མྱུར་མགྱོགས་རྫུ་འཕྲུལ་ནམ་མཁའི་གློག་ལྟར་འཁྱུག༔ ཁྲོ་གཏུམ་རྔམ་བརྗིད་དྲག་ཤུལ་སྟོབས་དང་ལྡན༔ སྤྲུལ་པའི་ཕྲ་མེན་དབང་ཕྱུག་ཉེར་བརྒྱད་ཚོགས༔ འཇིགས་རུང་གཟུགས་འཆང་མགོ་བརྙན་སྣ་ཚོགས་ཅན༔ རྣོ་དབལ་མཚོན་ཆས་གནོད་བྱེད་དུམ་བུར་གཏུབ༔ ཤ་ཁྲག་ནང་


KMC020_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ངོམས་མེད་ཟས་སུ་ཟ༔ བགེགས་དཔུང་སྲེག་བྱེད་ཡེ་ཤེས་ཁྲོ་མོའི་ཚོགས༔ ཞལ་བཞེས་ཐུགས་དམ་དུས་ལས་མ་འདའ་བར༔ བརྩེ་བ་ཆེན་པོས་བདག་ལ་དགོངས་སུ་གསོལ༔ བདག་ནི་ཁྱོད་ལས་སྐྱབས་གཞན་མ་མཆིས་པས༔ ཐུགས་རྗེས་བརྩེ་བར་དགོངས་ཤིག་ཐུགས་དམ་ཅན༔ ཕ་རོལ་རྦོད་གཏོང་ཟློག་པའི་ཕྲིན་ལས་མཛོད༔ ༼པད༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་འཁོར་འདས་ཀུན་བདག་ཧེ་རུ་ཀ༔ ཐོག་མའི་སངས་རྒྱས་ཀུན་བཟང་ཡབ་ཡུམ་གྱི༔ སྤྲུལ་པའི་རོལ་རྩེད་རྒྱལ་བ་རབ་འབྱམས་ཤར༔ རྣམ་སྣང་མི་བསྐྱོད་རིན་འབྱུང་འོད་དཔག་མེད༔ དོན་གྲུབ་ལ་སོགས་བདེ་གཤེགས་ཕ་མཐའ་ཡས༔ སྤྲུལ་པའི་འཁོར་ལོས་སྣང་སྲིད་འཁོར་འདས་ཁྱབ༔ ཞི་རྒྱས་དབང་དྲག་ཕྲིན་ལས་སྣ་ཚོགས་སྟོན༔ རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་དེ་དག་ཀྱང་༔ སོ་སོ་མ་ཡིན་པད་འབྱུང་སྐུ་ལ་རྫོགས༔ བརྡའ་དོན་རྟགས་ཀྱི་སྐུ་མདོག་ཕྱག་མཚན་ཡང་༔


KMC020_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་གང་འདུལ་དེ་ལ་དེར་སྟོན་པའི༔ འགྲོ་འདུལ་ཐབས་མཁས་རྡོ་རྗེ་དྲག་པོ་རྩལ༔ ཕྱི་ལྟར་མཚན་གསོལ་པདྨ་འབྱུང་གནས་ཞེས༔ ནང་ལྟར་མཚན་གསོལ་པདྨ་བཛྲར་གྲགས༔ གསང་མཚན་རིག་འཛིན་རྡོ་རྗེ་དྲག་པོ་རྩལ༔ ཡང་གསང་ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་རྩལ༔ སྦས་གསང་ཁྲག་འཐུང་རྡོ་རྗེ་དྲེགས་འཇོམས་རྩལ༔ ཐུགས་གསང་དབང་ཆེན་པདྨ་ཧེ་རུ་ཀ༔ སྦས་གསང་གབ་པའི་མཚན་གསོལ་འདི་ལྟ་སྟེ༔ ཧཱུྃ་ནག་མེ་འབར་པདྨ་དྲག་པོ་རྩལ༔ མ་རིག་རྟོག་ཚོགས་ཡེ་ཤེས་མེ་ཡིས་སྲེག༔ མ་དག་རྟོག་ཚོགས་སྐུ་གསུམ་རླུང་གིས་གཏོར༔ དག་གཙང་མཆོག་གི་དངོས་གྲུབ་སྟེར་མཛད་པའི༔ བླ་མ་རིག་འཛིན་ལྷ་ཚོགས་འཁོར་བཅས་རྣམས༔ ཞལ་བཞེས་ཐུགས་དམ་དུས་ལས་མ་འདའ་བར༔ བརྩེ་བ་ཆེན་པོས་བདག་ལ་དགོངས་སུ་གསོལ༔ བདག་ནི་ཁྱོད་ལས་སྐྱབས་གཞན་མ་མཆིས་པས༔ ཐུགས་རྗེས་བརྩེ་བར་དགོངས་ཤིག་ཐུགས་དམ་ཅན༔ ཕ་རོལ་


KMC020_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

རྦོད་གཏོང་ཟློག་པའི་ཕྲིན་ལས་མཛོད༔ ༼མ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ ཡོན་ཏན་དཔག་པར་དཀའ་བའི་ཕ་རོལ་སོན༔ ཡེ་ཤེས་སྐུ་ལ་སྐྱེ་འཆི་མི་མངའ་ཕྱིར༔ ཐབས་ཀྱི་ཆོ་འཕྲུལ་དབང་ཆེན་འབར་བའི་སྐུ༔ ཧ་ཡ་གྲཱི་ཝ་དམ་ཉམས་རུ་དྲའི་གཤེད༔ གསང་བའི་ཡུམ་མཆོག་རྡོ་རྗེ་ཕག་མོ་དང་༔ ཐབས་ཀྱི་སྤྲུལ་པ་དཔའ་བོ་གིང་གི་ཚོགས༔ ཤེས་རབ་གར་སྒྱུར་མཁའ་འགྲོ་བྱེ་བ་འབུམ༔ དག་པ་མཁའ་སྤྱོད་གནས་སུ་སྐུ་བཞུགས་ཀྱང་༔ འགྲོ་བའི་དོན་དུ་དུས་ཀུན་ས་ལེར་གཟིགས༔ སྐལ་ལྡན་བུ་སློབ་མིག་འབྲས་ལྟ་བུར་སྲུང་༔ དམ་ཚིག་ཅན་གྱི་དཔའ་བོ་མཁའ་འགྲོའི་ཚོགས༔ རྣོ་དབལ་ཕྱག་མཚན་རུ་དྲའི་སྙིང་ལ་གཟིར༔ རྣམ་རྟོག་ཕུང་ཁམས་རྡུལ་རློག་དུམ་བུར་གཏུབ་༔ ཤ་ཁྲག་རུས་ལ་ཧབ་ཧབ་ཟས་སུ་ཟོ༔ རྣམ་ཤེས་སྐྱེ་མཆེད་ཆོས་ཀྱི་དབྱིངས་སུ་སྤོར༔ རུ་དྲ་འཇོམས་བྱེད་དཔའ་བོ་མཁའ་འགྲོའི་ཚོགས༔ ཞལ་བཞེས་ཐུགས་དམ་དུས་ལས་མ་


KMC020_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

འདའ་བར༔ བརྩེ་བ་ཆེན་པོས་བདག་ལ་དགོངས་སུ་གསོལ༔ བདག་ནི་ཁྱོད་ལས་སྐྱབས་གཞན་མ་མཆིས་པས༔ ཐུགས་རྗེས་བརྩེ་བར་དགོངས་ཤིག་ཐུགས་དམ་ཅན༔ ཕ་རོལ་རྦོད་གཏོང་ཟློག་པའི་ཕྲིན་ལས་མཛོད༔ ༼སིད༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ བཅོམ་ལྡན་ཀུན་བཟང་ཆེ་མཆོག་ཧེ་རུ་ཀའི༔ ཐབས་ཀྱི་ཆོ་འཕྲུལ་མ་ནིང་ནག་པོའི་སྐུ༔ བསྟན་སྲུང་རྒྱལ་པོ་སྲོག་བདུད་རྟ་ནག་ཞོན༔ གསང་མཚན་ཏྲཀྴད་ཤན་པ་ལག་དམར་ཞེས༔ བསྟན་དགྲའི་སྲོག་གཅོད་དུག་གི་སྤུ་གྲི་བདུད༔ གསང་བའི་ཡུམ་བཞི་ཐུགས་སྤྲུལ་བདུད་མགོན་བརྒྱད༔ ཡང་སྤྲུལ་མ་མོ་གཤིན་རྗེ་བདུད་དམག་འབུམ༔ བྱ་ནག་ཁྱི་ནག་སྟོབས་ལྡན་གླང་ཆེན་འབུམ༔ ལས་ཀྱི་ཕོ་ཉ་ལྷ་སྲིན་སྡེ་བརྒྱད་དང་༔ དྲེགས་པའི་སྡེ་དཔོན་མ་སྲིང་བརྟན་མ་སོགས༔ ཕྲིན་ལས་མགོན་པོའི་ལྷ་ཚོགས་འཁོར་བཅས་རྣམས༔ ཞལ་བཞེས་ཐུགས་དམ་དུས་ལས་མ་འདའ་བར༔ བརྩེ་བ་ཆེན་པོས་བདག་ལ་དགོངས་སུ་གསོལ༔


KMC020_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ནི་ཁྱོད་ལས་སྐྱབས་གཞན་མ་མཆིས་པས༔ ཐུགས་རྗེས་བརྩེ་བར་དགོངས་ཤིག་ཐུགས་དམ་ཅན༔ ཕ་རོལ་རྦོད་གཏོང་ཟློག་པའི་ཕྲིན་ལས་མཛོད༔ ༼དྷི༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ གཏོར་རྫོང་བསྐུལ་ལོ་རྦད་དོ་རབ་འབྱམས་ཞི་ཁྲོའི་ལྷ༔ འབོད་དོ་གཡབ་བོ་ཡི་དམ་མཁའ་འགྲོའི་ཚོགས༔ འགྱེད་དོ་ཆོས་ཤིག་ཆོས་སྐྱོང་དམ་ཅན་རྣམས༔ མ་གཡེལ་མ་འདའ་ཕྲིན་ལས་དུས་ལ་བབ༔ སྔོན་གྱིས་དམ་བཅའ་མ་བསྙེལ་དམ་ཚིག་ཅན༔ རང་དམ་རང་གིས་མ་བཀྲལ་བསྟན་སྲུང་ཚོགས༔ རང་སྲོག་རང་གིས་མ་གཅོད་ས་མ་ཡ༔ ཐུགས་རྗེའི་ཐུགས་དམ་གནད་ནས་ད་སྐུལ་ཅིག༔ མངོན་སྤྱོད་ཕྲིན་ལས་གནད་ནས་ད་སྐུལ་ཅིག༔ ནུས་རྩལ་རྫུ་འཕྲུལ་གནད་ནས་ད་སྐུལ་ཅིག༔ སྨོན་ལམ་བདེན་སྟོབས་གནད་ནས་ད་སྐུལ་ཅིག༔ ཁས་བླངས་དམ་བཅའ་གནད་ནས་ད་སྐུལ་ཅིག༔ མྱུར་མགྱོགས་དྲག་ཤུལ་གནད་ནས་ད་སྐུལ་ཅིག༔ ཀུན་གཞི་ཁྲོ་གཏུམ་གནད་ནས་ད་སྐུལ་ཅིག༔


KMC020_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

དུག་ལྔའི་དབལ་ཟེར་གནད་ནས་ད་སྐུལ་ཅིག༔ དུག་གསུམ་གདུག་རྩུབ་གནད་ནས་ད་སྐུལ་ཅིག༔ ནུས་རྩལ་བདེན་སྟོབས་ཅི་འདུག་ད་ལེན་ལྟ༔ རང་གིས་རང་ཉིད་མ་སླུ་ས་མ་ཡ༔ ད་ལེན་ཕ་རོལ་བྱད་མ་མ་ཐུབ་ན༔ རང་རང་དམ་ཚིག་ཉམས་སོ་ན་ར་ཀན༔ དེ་བས་མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ ༼ཧཱུྃ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ རྡོ་རྗེ་དྲེགས་འཇོམས་ལྷ་ཚོགས་དགྲ་ལ་བྷྱོ༔ ཕ་རོལ་དགྲ་བགེགས་བྱད་མའི་སྲོག་ལ་རྦད༔ གཟུགས་ཕུང་ཐལ་བར་རློག་ཅིག་མཱ་ར་ཡ༔ རྣམ་ཤེས་རྟེན་དང་ཕྲོལ་ཅིག་ས་མ་ཡ༔ ཡེ་ཤེས་ཁྲོ་བཅུའི་ལྷ་ཚོགས་དགྲ་ལ་བྷྱོ༔ ཕ་རོལ་ལྷ་སྲུང་གཉན་པོ་རྡུལ་དུ་རློག༔ སྲུང་བའི་གུར་ཁང་རྡོ་རྗེའི་མཚོན་གྱིས་ཤིག༔ ཕ་རོལ་བྱད་མ་རང་གཤེད་སྟེང་དུ་ཕོབ༔ སྲིད་རྒྱལ་ཕྲ་མེན་ཉེར་བརྒྱད་དགྲ་ལ་བྷྱོ༔ ཕ་རོལ་ལྷ་སྲུང་མི་སྡུག་ཆོ་འཕྲུལ་ཚོགས༔ ལྟས་ངན་མགོ་བརྙན་ཕ་རོལ་གཤེན་དུ་ཕོབ༔ མི་རུང་སྣ་ཚོགས་ཐན་ལྟས་དགྲ་ལ་རྦད༔ བླ་མ་རིག་འཛིན་ལྷ་


KMC020_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དགྲ་ལ་བྷྱོ༔ ཕ་རོལ་བྱད་མ་ལྷ་སྲུང་འཁོར་བཅས་ཀྱི༔ སྣང་སྲིད་དགྲར་ལངས་གདུག་པའི་དབལ་ཟོར་དང་༔ འཁོར་འདས་དགྲར་ལངས་གཏད་ཁྲམ་ཐུན་ཟོར་རྣམས༔ ཕ་རོལ་བྱེད་མའི་སྲོག་ལ་གཤེད་དུ་ཕོབ༔ ཕ་རོལ་བྱ་མ་ལྷ་སྲུང་འཁོར་བཅས་རྣམས༔ ཁ་ཕུང་རྗེས་མེད་རྨེང་ནས་སྐེམ་པར་གྱིས༔ ཕ་རོལ་བྱད་མའི་སེམས་ཉིད་རྟེན་དང་ཕྲོལ༔ ལྷག་མ་མིང་ཙམ་མེད་པར་རྡུལ་དུ་རློག༔ དཔའ་བོ་མཁའ་འགྲོའི་ལྷ་ཚོགས་དགྲ་ལ་བྷྱོ༔ ཕ་རོལ་བྱད་མ་ལྷ་སྲུང་འཁོར་བཅས་ཀྱི༔ དྲག་སྔགས་རྫས་བསྲེགས་མནན་གཏད་འཁོར་ལོ་དང་༔ ཏིང་འཛིན་ནུས་རྩལ་དུག་ལྔའི་འཕྲུལ་འཁོར་རྣམས༔ ཕ་རོལ་དགྲ་བགེགས་བྱེད་མའི་གཤེད་དུ་ཕོབ༔ ལོ་ཟླ་ཞག་དུས་སྐད་ཅིག་མ་འགྱངས་པར༔ ཕ་རོལ་བྱད་མའི་སེམས་ཉིད་མར་མེ་སྐེམ༔ དུག་ལྔའི་ཕུང་ཁམས་འབྱུང་ལྔའི་ནད་ཀྱིས་ཤིག༔ བསྟེན་པའི་ལྷ་སྲུང་སྲོག་གཅོད་གཤེད་དུ་ཕོབ༔


KMC020_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་དུས་ལས་མ་གཡེལ་རྟ་མཆོག་དཔལ༔ ནུས་རྩལ་གཏིང་སྤྲུག་རྡོ་རྗེ་ཕག་མོ་ཡུམ༔ སྤྲུལ་པའི་མཁའ་འགྲོ་གྲངས་མེད་དགྲ་ལ་རྦད༔ དགྲ་ཡུལ་དབེན་ཁང་ཡུལ་གྲུ་རྡུལ་དུ་རློག༔ ཆོས་སྐྱོང་སྲུང་མའི་ལྷ་ཚོགས་དགྲ་ལ་བྷྱོ༔ དམ་ཅན་ཕོ་རྒྱུད་མོ་རྒྱུད་དགྲ་ལ་བྷྱོ༔ དྲེག་པ་ཕོ་རྒྱུད་མོ་རྒྱུད་དགྲ་ལ་བྷྱོ༔ སྣང་སྲིད་འཁོར་འདས་ལྷ་འདྲེ་དགྲ་ལ་བྷྱོ༔ དྲེགས་པའི་སྡེ་དཔོན་སུམ་ཅུ་དགྲ་ལ་བྷྱོ༔ དགེ་བསྙེན་སུམ་བརྒྱ་དྲུག་ཅུ་དགྲ་ལ་བྷྱོ༔ མ་སྲིང་བརྟན་མ་བཅུ་གཉིས་དགྲ་ལ་བྷྱོ༔ གཏེར་སྲུང་བདུད་མགོན་འཁོར་བཅས་དགྲ་ལ་བྷྱོ༔ ཤན་པ་ལྷ་སྲིན་སྡེ་བརྒྱད་དགྲ་ལ་བྷྱོ༔ བྷྱོ་བྷྱོ་ཕ་རོལ་བྱད་མའི་ལུས་ལ་བྷྱོ༔ ཟོར་ཟོར་ཕ་རོལ་བྱད་མའི་ངག་ལ་ཟོར༔ ཐུན་ཐུན་ཕ་རོལ་བྱད་མའི་སེམས་ལ་ཐུན༔ གཏད་དོ་སྣང་སྲིད་ལྷ་འདྲེའི་ཚོགས་ལ་གཏད༔ སྒྲོལ་ཅིག་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས༔ སྔོན་ཚེ་རྡོ་རྗེ་དྲེགས་འཇོམས་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་མནའ་བསྐྱལ་དཔང་


KMC020_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བཙུགས་ལྟར༔ མངོན་སྤྱོད་དྲག་པོས་དགྲ་བོ་རྡུལ་དུ་རློག༔ བཅོལ་བའི་ལས་ལ་ཐུགས་དམ་མ་གཡེལ་ཅིག༔ བསྒོས་པའི་དོན་འདི་མྱུར་དུ་སྒྲུབས་པར་མཛོད༔ སྡང་བའི་དགྲ་འདི་སྐད་ཅིག་སྲོག་རྩ་ཆོད༔ གནོད་པའི་བགེགས་ཚོགས་ཕྱེ་མར་ཐལ་བར་རློག༔ ཐུགས་རྗེའི་གཏུམ་རྔམ་དགྲ་ལ་མཱ་ར་ཡ་ཕཊ༔ $འདིར་གཏོར་མ་འཕེན༔ ཨཱོཾ་ཨཱཿཧཱུྃ་བོ་དྡྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཨཱོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཕ་རོལ་བྱད་མ་མཱ་ར་ཡ་ཕཊ༔ ཕ་རོལ་བྱད་མའི་ཏིང་ངེ་འཛིན་གྱི་ནུས་རྩལ་བདེན་པའི་མཐུ་སྟོབས་ཐམས་ཅད་རྒྱལ་བ་རབ་འབྱམས་ཀྱི་ཐུགས་རྗེའི་ནུས་རྩལ་གྱིས་བཟློག་པར་གྱུར་ཅིག༔ མེད་པར་གྱུར་ཅིག༔ ཞི་བར་གྱུར་ཅིག༔ ཆོས་དབྱིངས་ཨ་ཏི་ཁྱབ་གདལ་གྱི་ཀློང་དུ་དག་པར་གྱུར་ཅིག༔ ཏ་ཐཱ་ག་ཏ་སརྦ་བཛྲ་ས་མ་ཡ༔ ཕ་རོལ་བྱད་མ་མཱ་ར་ཡ་བྷྱོ་བྷྱོ༔ ཟློག་ཟློག༔ སྣང་སྲིད་འཁོར་འདས་དགྲར་ལྡངས་པའི་ཆོ་འཕྲུལ་ཐམས་ཅད༔ ཡེ་སྟོང་ཨ་ཏི་ཁྱབ་


KMC020_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

གདལ་གྱི་ནུས་པས་བྱད་གཏད་ཐམས་ཅད་དབྱིངས་སུ་བཟློག་པར་གྱུར་ཅིག༔ མེད་པར་གྱུར་ཅིག༔ ཞི་བར་གྱུར་ཅིག༔ རང་གསལ་རང་གྲོལ་དམིགས་མེད་བློ་འདས་ཆེན་པོའི་ཀློང་དུ་དག་པར་གྱུར་ཅིག༔ ཨཱོཾ་ཨཱཿཧཱུྃ་བྷ་ག་ཝཱན་བཻ་རོ་ཙ་ན་ཨཱོཾ༔ ཕ་རོལ་བྱད་མ་མཱ་ར་ཡ་བྷྱོ་བྷྱོ༔ ཟློག་ཟློག༔ གཏི་མུག་ས་ཡི་མནན་གཏད༔ ཨ་འཐས་དམིགས་གཏད་ཀྱི་ཐུན་ཟོར་ཐམས་ཅད༔ ཆོས་དབྱིངས་མི་རྟོག་པའི་ཨ་ཏི་ཞི་གནས་བདེ་སྟོང་གི་ནུས་པས་བྱད་གཏད་ཐམས་ཅད་བཟློག་པར་གྱུར་ཅིག༔ མེད་པར་གྱུར་ཅིག༔ ཞི་བར་གྱུར་ཅིག༔ ཆོས་དབྱིངས་ཡེ་ཤེས་ཀྱི་ཀློང་དུ་དག་པར་གྱུར་ཅིག༔ ཨཱོཾ་ཨཱཿཧཱུྃ་ཨཱཀྵོ་བྷྱ་བཛྲ་ཧཱུྃ༔ ཕ་རོལ་བྱད་མ་མཱ་ར་ཡ་བྷྱོ་བྷྱོ༔ ཟློག་ཟློག༔ ཞེ་སྡང་གདུག་པའི་དུག་གཟེར༔ ཐུན་ཟོར་རྔམ་པའི་ཐོག་རྒོད་ཐམས་ཅད༔ མེ་ལོང་ལྟ་བུའི་ཡེ་ཤེས་རང་གསལ་གཉིས་འཛིན་དང་བྲལ་བའི་རིག་རྩལ་ཐོག་ལྟར་མྱུར་བའི་ནུས་པས་བྱད་གཏད་ཐུན་ཟོར་གཟིར་


KMC020_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

རྦད་ཐམས་ཅད༔ བཟློག་པར་གྱུར་ཅིག༔ མེད་པར་གྱུར་ཅིག༔ ཞི་བར་གྱུར་ཅིག༔ མེ་ལོང་ཡེ་ཤེས་ཀྱི་ཀློང་དུ་དག་པར་གྱུར་ཅིག༔ ཨཱོཾ་ཨཱཿཧཱུྃ་རཏྣ་སཾ་བྷ་ཝ་ཏྲཱྃ༔ ཕ་རོལ་བྱད་མ་མཱ་ར་ཡ་བྷྱོ་བྷྱོ༔ ཟློག་ཟློག༔ ང་རྒྱལ་ཆེ་བཙན་གྱི་འགྲན་སེམས༔ མ་ཉེས་ཉེས་བསྐལ༔ བསམ་ངན་མཐོ་ནོན་རྦབ་ལྟར་འདྲིལ་བ་ཐམས་ཅད༔ མཉམ་པ་ཉིད་ཀྱི་ཡེ་ཤེས་རྒྱ་མཚོ་ལྟ་བུའི་ནུས་རྩལ་གྱིས་འཇིགས་པ་བརྒྱད་དང་བཅུ་དྲུག་ཐམས་ཅད་བཟློག་པར་གྱུར་ཅིག༔ མེད་པར་གྱུར་ཅིག༔ ཞི་བར་གྱུར་ཅིག༔ མཉམ་ཉིད་ཡེ་ཤེས་རེ་དོགས་མེད་པའི་ཀློང་དུ་དག་པར་གྱུར་ཅིག༔ ཨཱོཾ་ཨཱཿཧཱུྃ༔ ཨ་མི་ཏ་བྷ་ཧྲཱིཿ ཕ་རོལ་བྱད་མ་མཱ་ར་ཡ་བྷྱོ་བྷྱོ༔ ཟློག་ཟློག༔ ཞེ་འདོད་སྲིད་པའི་ཆགས་པ༔ ཚེ་ལ་རྐུ་བ༔ སྲོག་ལ་འཇབ་པ༔ བླ་ལ་ཁྱེར་བ༔ ཡིད་ལ་རློམ་པའི་འདྲེ་དོན་འབྱུང་པོ་ཐམས་ཅད༔ སོ་སོར་རྟོག་པའི་ཡེ་ཤེས་སྣ་ཚོགས་སུ་འཆར་བ༔ ཡེངས་མེད་རྗེན་པ་རླུང་ལྟར་རྒྱུ་བའི་ནུས་


KMC020_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

པས་གཟུགས་ཅན་གཟུགས་མེད་ཐམས་ཅད་ཀྱིས་ཐོ་འཚམས་པ་ཐམས་ཅད༔ བཟློག་པར་གྱུར་ཅིག༔ མེད་པར་གྱུར་ཅིག༔ ཞི་བར་གྱུར་ཅིག༔ སོ་སོར་རྟོག་པའི་ཡེ་ཤེས་ཡེངས་མེད་རིག་རྩལ་རི་དྭགས་རྫིས་ཐེབ་པ་འདྲ་བའི་ཀློང་དུ་དག་པར་གྱུར་ཅིག༔ ཨཱོཾ་ཨཱཿཧཱུྃ་ཨ་མོ་གྷ་སིདྡྷི་ཨཱ༔ ཕ་རོལ་བྱད་མ་མཱ་ར་ཡ་ཕཊ༔ ཕྲག་དོག་རབ་ཏུ་གཡོ་བའི་སྡང་བྱེད་ཀྱི་དགྲ་བོས་ཐོ་འཚམས་པ་ཐམས་ཅད་བྱ་བ་གྲུབ་པའི་ཡེ་ཤེས་ལེ་ལོ་སྙོམ་ལས་རང་སར་དག་པའི་དྲན་རིག་སོ་མ་ངར་དང་ལྡན་པ༔ བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་འདིའི་ནུས་པས༔ ཕ་རོལ་གྱི་རྒོལ་བ༔ ནད་རིམས་དལ་ཡམས༔ ཐིའུ་རང་གི་སྟོང་འཁྲུགས༔ ཕྲག་དོག་གི་རླུང་དམར་ལྡངས་བའི་གཟེར་འདེབས་ཐམས་ཅད༔ བཟློག་པར་གྱུར་ཅིག༔ མེད་པར་གྱུར་ཅིག༔ ཞི་བར་གྱུར་ཅིག༔ བྱ་བ་གྲུབ་པའི་ཡེ་ཤེས༔ རིག་རྩལ་གྱི་འཁོར་ཡུག་ཆེན་པོ་འཁྲུལ་མེད་དུ་འཁོར་བ་འདི་ཡི་ཀློང་དུ་དག་པར་གྱུར་ཅིག༔


KMC020_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཧྲཱིཿཧཱུྃ་ཧ་ཧ་རི་ནི་ས༔ ཕ་རོལ་བྱད་མ་མཱ་ར་ཡ་ཕཊ༔ དུག་གསུམ་དྲག་ཏུ་འཁྲུགས་པའི་གནོད་པ༔ སྲིད་གསུམ་དགྲར་ལྡངས་བ༔ ལྷ་འདྲེའི་ཆོ་འཕྲུལ༔ གཟུགས་ཅན་མིའི་གནོད་པ༔ དམག་དཔུང་འགྱེད་ཅིང་མཚོན་ཆའི་རྣོ་དབལ་གྱི་ཁ་འདེབས་པའི་གནོད་པ་ཐམས་ཅད༔ སྐུ་གསུམ་ཡེ་ནས་རྫོགས་པའི་ཨ་ཏི་ཐིག་ལེ་ཉག་གཅིག༔ སྐུ་ལྔ་རང་ཆས་སུ་གྲུབ་པའི་དྲན་རིག་རྗེན་པ་ས་ལེར་གནས་པ༔ གཉུག་མའི་ངོ་བོ་ཡེ་ནས་མ་བཅོས་པའི་འོད་སྐུ༔ སྐྱེ་འཆི་དང་བྲལ་བའི་ཡེ་ཤེས་བདེ་གསལ་མི་རྟོག་པ༔ ཡེ་ཤེས་ཀྱི་གཟུགས་ལ་གཞོམ་གཞིག་མེད་པ་འདིའི་ནུས་པས༔ སྣང་སྲིད་འཁོར་འདས་དགྲར་ལྡངས་པའི་གཟུགས་ཅན་གཟུགས་མེད་ཀྱིས་འགྲས་ཚོལ་ཞིང་ཡ་བོ་བཟུང་བའི༔ རྣོ་བ་མཚོན་ཆའི་གཟེར་འདེབས༔ དུག་ཆུའི་མགོ་བསྐོར༔ སྲོག་འཕྲོག་པ༔ ལྕགས་


KMC020_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཅུག་ཅིང་༔ བཙོན་དུ་བཟུང་བ་ཐམས་ཅད་ཕ་རོལ་བྱད་མ་ཁོ་རང་གི་གཤེད་དུ་ཕོབ་ཅིག༔ སྟོང་གསལ་མ་འགགས་པ་ཡེ་ཤེས་ལྔའི་རང་འོད་འཕྲོ་བ༔ སྐུ་གསུམ་ལྷུན་གྲུབ་རོལ་པའི་ཁྱབ་གདལ་ཆེན་པོའི་ཀློང་དུ་ཞི་བར་གྱུར་ཅིག༔ དག་པར་གྱུར་ཅིག༔ བྱང་བར་གྱུར་ཅིག༔ གཏན་ནས་འཇོམས་པར་གྱུར་ཅིག༔ གཏིང་ནས་བཟློག་པར་གྱུར་ཅིག༔ བྷྱོ་བྷྱོ༔ ཟློག་ཟློག༔ ཕ་རོལ་བྱད་མ་ཁོ་རང་གི་གཤེད་དུ་མཱ་ར་ཡ་ཕཊ་ཕཊ༔ མཱ་ར་ཡ་རྦད་རྦད༔ ཅེས་པས་ཐལ་མོ་བརྡབ་ཅིང་འདོན་བསྒོམ་བསྒྲག༔ མ་ཡེངས་རྩེ་གཅིག་བསྒྲིམས་ནས་འདི་ལ་འབད༔ རྒྱལ་བ་རབ་འབྱམས་རྒྱ་མཚོའི་བཀའ་ཆད་དང་༔ ཧེ་རུ་ཀ་ཡི་གདུག་པའི་དབལ་ཐོར་ཡང་༔ སྐད་ཅིག་ཉིད་ལ་ཁོ་རང་གཤེད་དུ་འབབ༔ ཡི་དམ་ཆོས་སྐྱོང་གཞན་ལ་ལྟ་ཅི་སྨོས༔ ལྷ་སྲིན་སྡེ་བརྒྱད་གཞན་ལ་སྨོས་ཅི་དགོས༔ དེ་ཕྱིར་འདི་ལ་ནན་ཏན་བསྐྱེད་ཅིག་བུ༔ ཕ་ཡི་ཁ་ལ་ཉོན་ཅིག་གཅེས་པར་ཟུངས༔ དམ་མེད་ལག་ཏུ་མ་ཤོར་དམ་བཅས་སྲུངས༔ དམ་ལྡན་སློབ་མའི་དོན་དུ་མ་གསང་སྤེལ༔ ཡང་ཟབ་རི་རབ་གཏིང་ཟློག་ཟབ་གནན་འདི༔ བོད་ཡུལ་ཁ་བ་ཅན་དུ་འདི་ལས་མེད༔ གཏེར་གནས་


KMC020_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་ཀུན་རྫོབ་ཟློག་པ་སྦས༔ ཡེ་གསང་གྲོ་ལོད་སྐབས་འདིར་སྙིང་ཐིག་བསྡུས༔ ཐུགས་གསང་གསང་བའི་ཡང་གསང་ཡེ་བཟློག་འདི༔ དོན་དམ་ཆོས་རྣམས་དོན་བསྡུས་སྙིང་ཁྲག་ཐིག༔ ཡིད་གཉིས་ཐེ་ཚོམ་མ་ཟ་སྙིང་ལ་འཆང་༔ དོན་དམ་ཨ་ཏིའི་ཟློག་པ་སྦས་གསང་འདི༔ ནམ་མཁའི་རླུང་ལས་མྱུར་བར་ཐེ་ཚོམ་མེད༔ ཚེ་འདིར་གང་གནོད་མ་ལུས་རྡུལ་དུ་རླག༔ ཕྱི་མའི་མུ་མཐར་ས་ལམ་བར་ཆད་ཟློག༔ ཁ་བ་ཅན་འདིར་གཏེར་བུམ་བསམ་འདས་སྦས༔ བོད་ཁམས་ཡོངས་ལ་གུ་རུ་སྐུ་དྲིན་ཆེ༔ དྲིན་ལེན་ཆུང་དུ་མ་གསན་སེམས་ཅན་རྣམས༔ བཟང་ལེན་ངན་གྱི་མ་འཇལ་མ་འོངས་བུ༔ བློ་གཏད་སྙིང་རྐུ་མ་བྱེད་རྗེ་འབངས་རྣམས༔ རང་གིས་རང་ཉིད་མ་བསླུ་ས་མ་ཡ༔ དེ་ལྟར་མ་འོངས་དུས་ཀྱི་ཐ་མ་ལ༔ སངས་རྒྱས་བསྟན་པ་ནང་འཁྲུག་དམ་སེལ་ཞུགས༔ བླ་མ་ཡི་དམ་ཐ་དད་མེད་ན་ཡང་༔ ང་དང་བདག་ཏུ་བཟུང་ནས་སོ་སོར་རྩོད༔ བཀའ་སྲུང་ཆོས་སྐྱོང་གཞན་ལ་ལྟ་ཅི་སྨོས༔ རང་གིས་རང་ཉིད་དམྱལ་བར་ལྟུང་བའི་རྒྱུ༔ ལས་ངན་མ་བསགས་རྒྱལ་ཆེན་མུ་ཁྲི་བཙན༔ མ་འོངས་རྩོད་ལྡན་སྙིགས་མ་ལྔ་བདོའི་དུས༔ ཆོས་བདག་ཨ་མི་ཏ་ལ་སྔོན་དུ་གཏོད༔ དེ་ནས་མ་འགྱང་པརྞའི་མིང་ཅན་ལ༔ མ་གསང་གཏོད་དང་ང་བདག་རྩོད་པ་ཞི༔ དེ་ཚེ་ཕ་ངས་བུ་ཁྱོད་རྟག་ཏུ་སྐྱོབ༔ སྲོག་ལ་རྒོལ་བར་བྱུང་ན་ནུས་རྩལ་སྟོན༔ དེ་ལས་


KMC020_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་བསྟན་ན་དམ་ལས་འདས༔ དམ་ཚིག་སྲུངས་ཤིག་རྒྱལ་པོ་མུ་ཁྲི་བཙན༔ ཁྱོད་ཉིད་གསང་བའི་བདག་པོའི་རྣམ་འཕྲུལ་ཏེ༔ ང་ཉིད་དུས་གསུམ་སངས་རྒྱས་ཤཱཀྱ་ཐུབ༔ སྙིགས་དུས་འགྲོ་ལ་ཐུགས་རྗེས་ཟེར་གྱིས་སྐྱོང་༔ དུས་ལས་མི་འདའ་སྨོན་ལམ་བདེན་པའི་སྟོབས༔ སྐྱེ་ནས་སྐྱེ་བར་ཁྱོད་ལ་གུ་རུས་སྲུངས༔ དད་འདུན་མོས་གུས་མ་ཞེན་གསོལ་བ་ཐོབ༔ སྙིང་ལ་གཅེས་སོ་སྐལ་ལྡན་རིགས་ཀྱི་བུ༔ དམ་ཚིག་མཐའ་བཙན་རྒྱལ་པོ་ལྷ་ཡི་སྲས༔ སངས་རྒྱས་བསྟན་ལ་བྱ་བ་བྱེད་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཐུགས་རྒྱ༔ བརྡའ་ཐིམ༔ ཨྠྀི༔ རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱིས་གཏེར་ནས་གདན་དྲངས་པའོ༔ ༔ ༈ མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousགུ་རུ་རྡོ་རྗེ་གྲོ་ལོད་ཀྱི་རྦོད་གཏོང་ཟློག་པའི་ཐབས་ཡང་ཟབ་སྲིད་གསུམ་གཏིང་ཟློགnext