Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

2 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཚེ་སྒྲུབ་འཁོར་འདས་རོ་གཅིག
  
  
  
  
 
  
 
  
  
  
  
  


2 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousགུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཚེ་སྒྲུབ་འཁོར་འདས་རོ་གཅིགnext

གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཚེ་སྒྲུབ་འཁོར་འདས་རོ་གཅིག


KMC020_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་རྡོ་རྗེ་གྲོ་ལོད་ལས༔ ཚེ་སྒྲུབ་འཁོར་འདས་རོ་གཅིག་བཞུགས༔


KMC020_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱི༔ དཀོན་གསུམ་དང་ཡི་དམ་ལྷ༔ དབྱེར་མེད་རྡོ་རྗེ་གྲོ་ལོད་ལ༔ ཕྱག་འཚལ་སྐྱབས་མཆི་སྡིག་སྒྲིབ་བཤགས༔ ཕྱི་ནང་སྣོད་བཅུད་མཆོད་པར་འབུལ༔ ཁྱོད་ཀྱི་ཐུགས་དམ་མ་གཡེལ་བར༔ བདག་ལ་བྱིན་ཕོབ་ཚེ་དབང་སྩོལ༔ རང་རིག་ཡེངས་མེད་ཏིང་འཛིན་གསལ༔ བྱེད་ལས་རིག་པའི་རང་མདངས་ལས༔ ཧྲཱིཿ བདག་ཉིད་སྣང་སྲིད་ཟིལ་གནོན་སྐུ༔ རྡོ་རྗེ་གྲོ་ལོད་རྩལ་དམར་ནག༔ ཟུར་ཞལ་གཡོན་གཟིགས་ཞལ་ཨམ་གཙིགས༔ དམར་ཟླུམ་སྤྱན་གསུམ་ཁྲོ་


KMC020_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར་གཡོ༔ ཐོད་སྐམ་དབུ་རྒྱན་ཐོར་ཚུགས་བཅིངས༔ སྐྲ་གསེབ་ཚེ་དཔག་ཡབ་ཡུམ་མཐིང་༔ ཕྱག་གཡས་རྡོ་རྗེ་བྱ་ཁྱུང་འཕྱོ༔ གཡོན་པས་ཕུར་གཟིར་ལྕགས་སྡིག་འགྱེད༔ ཆོས་གོས་རྣམ་གསུམ་མགོ་ཕྲེང་སྤྲུལ༔ རུས་རྒྱན་དྲུག་དང་རིན་ཆེན་བརྒྱན༔ མི་ལྤགས་སྟག་ལྤགས་གླང་ཀོ་རློན༔ བསྣོལ་མར་གསོལ་ཞིང་ཞབས་འདོར་སྟབས༔ རྒྱ་སྟག་གསེར་མིག་རང་ཞལ་ལྟ༔ བརྗིད་རྔམ་རྩལ་ལྡན་སྡེར་མོས་དགྲའི༔ སྙིང་འདྲེན་ཁྲག་ཏུ་སྐྱུགས་པར་གཟིར༔ སྤུ་ཞོལ་


KMC020_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཆའི་ཆར་ཆེན་འབེབས༔ རང་བཞིན་མེ་རླུང་ཐོག་སེར་གྱི༔ དབུས་སུ་འགྱིང་རྔམ་རྩལ་ལྡན་བསྐྱེད༔ རང་ཉིད་རྡོ་རྗེ་གྲོ་ལོད་ཀྱི༔ དཔྲལ་བར་ཨཱོཾ་དཀར་ཚེ་དཔག་དཀར༔ མགྲིན་པར་ཨཱཿདམར་ཚེ་དཔག་དམར༔ སྙིང་གར་ཧཱུྃ་མཐིང་ཚེ་དཔག་མཐིང་༔ ལྟེ་བར་བྷྲཱུྃ་སེར་ཚེ་དཔག་སེར༔ གསང་བར་ཕཊ་ལྗང་ཚེ་དཔག་ལྗང་༔ ཀུན་ཀྱང་ཞི་ཞལ་ཕྱག་མཉམ་བཞག༔ དེ་དབུས་ཚེ་བུམ་ཤིང་ལོས་བརྒྱན༔ ལོངས་སྤྱོད་རྫོགས་སྐུ་ཞབས་རྡོར་སྐྱིལ༔ རང་འདྲའི་ཡུམ་དང་དབྱེར་མེད་འཁྲིལ༔ འོད་འབར་བརྗིད་རྔམ་སྐུ་རུ་བསྐྱེད༔ པད་ཟླ་རྒྱ་གྲམ་གདན་སྟེང་གསལ༔ དམ་ཡེ་དབྱེར་མེད་ཐུགས་སྲོག་སྔགས༔ དེ་ལས་འོད་ཟེར་རྣོ་མྱུར་འཕྲོས༔ རྣམ་དག་ཕྱོགས་བཅུའི་དག་ཞིང་དང་༔ ཨོ་རྒྱན་ཡུལ་དང་རྔ་ཡབ་གླིང་༔ ཟངས་མདོག་པདྨ་འོད་ཀྱི་ཞིང་༔ མཁའ་སྤྱོད་གནས་དང་འོག་མིན་ཡུལ༔ དག་པ་རྒྱལ་བའི་དཀྱིལ་འཁོར་ནས༔ རྡོ་རྗེ་གྲོ་ལོད་སྤྱན་དྲངས་གྱུར༔ ཨཱོཾ་བཛྲ་གྲོ་


KMC020_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ལོད་བཛྲ་ས་མ་ཡ་ཛཿཛཿ སླར་ཡང་ཚེ་ལྷ་གྲོ་ལོད་དང་༔ རིགས་ལྔ་ཡབ་ཡུམ་འདིར་གཤེགས་ཏེ༔ དབང་བཞི་བསྐུར་སྟེ་སྒྲིབ་བཞི་དག༔ བུམ་པས་དབང་བསྐུར་ལས་ཉོན་དག༔ བདུད་རྩིས་ལུས་ཁེངས་གྱེན་དུ་ལྷུད༔ རིགས་བདག་རྡོ་རྗེ་འཆང་ཡབ་ཡུམ༔ སྤྱི་བོར་གསལ་བར་བསྒོམ་པར་བྱ༔ དབང་ལྷ་རྣམས་ལ་ལྷ་མོས་མཆོད༔ ཨཱརྒྷཾ་སོགས་ནས་ཤབྡ་པཱུ་ཛ་ཧོཿ རྡོ་རྗེ་དཔའ་བོས་གླུ་བླངས་ཏེ༔ རྡོ་རྗེ་དཔའ་མོས་བསྟོད་པས་བསྟོད༔ ལྷ་དང་ལྷ་མོས་མཆོད་པས་མཆོད༔ དབང་ལྷ་དགྱེས་ཚིམ་རང་སྙིང་ཐིམ༔ དམ་ཡེ་དབྱེར་མེད་གཅིག་འདྲེས་གྱུར༔ ཐུགས་ཀར་ཚེ་དཔག་སྙིང་གར་ཧཱུྃ༔ མཐའ་མར་སྔགས་ཕྲེང་གསལ་བར་བསྐྱེད༔ ཚེ་བརྟན་འགྱུར་མེད་དངོས་གྲུབ་ཐོབ༔ ཨཱོཾ་བཛྲ་གྲོ་ལོད་ཨཱ་ཡུཿཛྙཱ་ན་སིདྡྷི་ཧཱུྃ༔ ཨཱོཾ་ཨཱཿཧཱུྃ་གུ་རུ་པདྨ་སཾ་བྷ་ཝ་བཛྲ་གྲོ་ལོད་ཨཱ་ཡུཿཛྙཱ་ན་སིདྡྷི་ཧཱུྃ༔ སྤྱི་དྲིལ་གལ་ཆེ་བའི་བསྙེན་སྔགས་སོ༔ ས་མ་ཡ་ཐུགས་རྒྱ་བརྡའ་ཐིམ༔ རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱི་མཚོ་


KMC020_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་འདི་ལ་བཅོས་བསླད་མ་བསྲེ་ཞིག༔ རྒྱ་རྒྱ་རྒྱ༔ ༈ མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousགུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཚེ་སྒྲུབ་འཁོར་འདས་རོ་གཅིགnext