Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

2 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གསེར་སྐྱེམས་དགོས་འདོད་ཀུན་འབྱུང་དགྲ་བོ་ཆོམ་འབེབས།
  
  
  
 
  
 
  
  
  
  
  


2 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousགསེར་སྐྱེམས་དགོས་འདོད་ཀུན་འབྱུང་དགྲ་བོ་ཆོམ་འབེབས།next

གསེར་སྐྱེམས་དགོས་འདོད་ཀུན་འབྱུང་དགྲ་བོ་ཆོམ་འབེབས།


KMC020_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་སྐྱེམས་དགོས་འདོད་ཀུན་འབྱུང་དགྲ་བོ་ཆོམ་འབེབས་ཞེས་བྱ་བ་བཞུགས་སོ། །གང་ཞིག་རྣལ་འབྱོར་པས་མངོན་སྤྱོད་དྲག་པོའི་ལས་བྱེད་ན། སྔོན་དུ་ལམ་སེལ་གྱི་གསེར་སྐྱེམས་བཏང་བ་ནི། རིན་ཆེན་སྣོད་དུ་དུག་ཅན་དང་རྩི་དན་མ་འདྲེས་པའི། སྨན་སྣ་འབྲུ་སྣ་རིན་ཆེན་ལྔ་བརྡར་བའི་ཇ་ཆང་ཕུད་བཤམས་ལ། ཨོཾ་ཨཱཿཧཱུྃ་རིན་ཆེན་སྣོད་མཆོག་རྒྱ་ཆེ་གཏིང་ཟབ་ནང་། །འབྲུ་མཆོག་རིན་ཆེན་ལྔ་ལས་ལེགས་གྲུབ་པའི། །ཟག་མེད་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྃ་གིས་འདོད་ཡོན་དཔག་མེད་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་བརྗོད། ཀྱེ་ཀུན་བཟང་རྡོ་རྗེ་འཆང་ཆེན་སྣང་མཐའ་ཡས། །སྤྱན་རས་གཟིགས་དབང་རིག་འཛིན་པདྨ་འབྱུང་། །ཡེ་ཤེས་མཚོ་རྒྱལ་མཁའ་འགྲོ་རྒྱ་མཚོའི་ཚོགས། །ཆོས་རྒྱལ་མུ་ཁྲི་རྗེ་འབངས་ཉི་ཤུ་ལྔ། །དྲིན་ཆེན་བླ་མ་ནུས་ལྡན་རྡོ་རྗེ་དང་། །ཆོས་བདག་སྐྱེས་མཆོག་གཏེར་ལུང་བརྒྱུད་པ་ལ། །གསེར་སྐྱེམས་ཕུད་ཀྱི་མཆོད་པ་འདི་འབུལ་ལོ། །རིགས་ལྔ་ཡབ་ཡུམ་ཡེ་ཤེས་ཁྲོ་བོ་བཅུ། །རྟ་ཕག་ཡབ་ཡུམ་ཁྲོ་མོ་ཆེན་མོ་བཅུ། །རྡོ་རྗེ་དྲེགས་འཇོམས་


KMC020_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་སེང་གདོང་མ། །དྲེགས་པ་སྡེ་བརྒྱད་སྤྲུལ་པའི་དམག་ཚོགས་ལ། །གསེར་སྐྱེམས་ཕུད་ཀྱི་མཆོད་པ་འདི་འབུལ་ལོ། །མ་མགོན་ལྕམ་དྲལ་ཆོས་སྐྱོང་སྲུང་མའི་ཚོགས། །ཁྱད་པར་བཀའ་ཡི་སྲུང་མ་དྲག་རྩལ་ཅན། །ཏྲཀྴད་ནག་པོ་གཟའ་བདུད་རཱ་ཧུ་ལ། །ཡེ་ཤེས་ཆོས་སྐྱོང་དམ་ཅན་རྒྱ་མཚོ་ལ། །གསེར་སྐྱེམས་ཕུད་ཀྱི་མཆོད་པ་འདི་འབུལ་ལོ། དེ་རིང་མ་གཡེལ་གཟུ་དང་དཔང་པོ་མཛོད། །བདག་ནི་ཉམ་ཆུང་དོན་གྱི་རྣལ་འབྱོར་པ། །དམ་ལོག་ལས་ངན་བསྟན་པའི་དགྲ་བོ་འདིས། །བླ་མ་ལྷ་དང་ཆོས་ལ་སྨད་པ་བུས། །བཀའ་སྲུང་སྨོས་ཅིང་རྣལ་འབྱོར་བདག་ལ་སྡང་། །ད་ནི་ཆོས་སྐྱོང་བཀའ་སྲུང་ར་ཟླར་བསྐུལ། །རྣོ་མྱུར་ཕོ་ཉའི་ཚོགས་ཀྱི་དུས་ལ་བབ། །མ་ཉེས་དཔང་དུ་རིག་འཛིན་ལྷ་ཚོགས་བཞུགས། །ལྷ་སྲིན་སྡེ་བརྒྱད་བདག་གི་སྡོང་གྲོགས་མཛོད། །ཀྱཻ་ཐེ་སེ་རྒྱལ་བློན་ལོ་ཟླ་ཞག་དུས་ལྷ། །ཁྲ་ཆ་ཧལ་ཁྱི་བྱི་ལམ་སྔོན་མོ་དང་། །ཟིན་ཕུང་ཉི་ནག་དབང་ཕྱུག་ཡབ་ཡུམ་རྣམས། །ཐེབ་ལྡོག་གང་ལ་


KMC020_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་པར་གྱུར་ན་ཡང་། །གསེར་སྐྱེམས་ཕུད་ཀྱི་མཆོད་པ་འདི་འབུལ་ལོ། །ཀོ་ལོང་གདུག་རྩུབ་སྡང་བའི་དགྲ་ལ་མཛོད། །བརྟན་མ་བཅུ་གཉིས་མགུར་ལྷ་བཅུ་གསུམ་དང་། །གཟའ་དང་རྒྱུ་སྐར་ལོ་ལྷ་བཅུ་གཉིས་དང་། །སྤར་བརྒྱད་སྨེ་དགུ་ལོ་རྒན་དྲུག་ཅུའི་ལྷ། །རྒྱལ་ཆེན་སྡེ་བཞི་དཀར་ཕྱོགས་སྐྱོང་བའི་ཚོགས། །ཡུལ་ཕྱོགས་འདིར་གནས་གཞི་བདག་ཐམས་ཅད་ལ། །གསེར་སྐྱེམས་ཕུད་ཀྱི་མཆོད་པ་འདི་འབུལ་ལོ། །དགྱེས་བཞེས་བདག་གི་སྡོང་གྲོགས་མཉན་པོ་མཛོད། །ཐུན་དང་གཏོར་མའི་ཟོར་ལམ་ད་ཕྱེས་ཤིག །ཡུངས་ཀར་ཁྲོ་བོའི་ཐུན་འཕེན་ཤ་ར་ར། །རཀྟ་མཁའ་འགྲོའི་ཟོར་འཕེན་མེ་རེ་རེ། །མཚེ་ཐུན་དམར་ནག་དུག་རླངས་ཚུབས་སེ་ཚུབ། །བདག་གིས་དགྲ་ལ་ཐུན་དང་ཟོར་འཕེན་ན། །གདོང་དུ་གནས་པའི་ལྷ་ཀླུ་མཐུ་ཆེན་རྣམས། །བདག་ལ་གྲོགས་མཛོད་ཟོར་ལམ་དགྲ་ལ་སྟོན། མཐོ་བ་རྣམས་ཀྱིས་ཞབས་སྐུམས་ན་བཟའ་སྡུས། །དམའ་བ་རྣམས་ཀྱིས་དབུ་རྒུས་སྤྱན་གཡོར་


KMC020_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །བར་དུ་གནས་པ་གཡས་གཡོན་སྐུ་བཟུར་ལ། །གཏོར་མའི་གདོང་དུ་སུ་ཡང་མ་འདུག་ཅིག །གཏོར་མའི་ལམ་བསྟན་དགྲ་ལ་བསྟན། །ཕ་རོལ་དགྲ་བགེགས་བྱད་མ་ཡི། །སྲུང་བའི་བན་བོན་གང་འདུག་ཀྱང་། །རྟེན་པའི་ལྷ་སྲུང་བདུད་དུ་ཕོབ། །བླ་ཚེ་གཤིན་རྗེའི་ལག་ཏུ་ཆུག །གཏོར་ཟོར་ཐུན་ཟོར་དགྲ་ལ་བྷྱོ། །དགྲ་བགེགས་བརླག་པའི་ཕྲིན་ལས་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གསེར་སྐྱེམས་དགྲ་ཕྱོགས་སུ་མཆོད། །དད་ལྡན་བློ་ཆུང་འགའ་ཡིས་བསྐུ་བའི་ངོར། །སྤྲང་བན་གུ་རུ་ཆོས་འཛིན་ངས། །རང་དང་རང་འདྲའི་ཉམ་ཅུང་འགའ་ཞིག་ལ། །ཕན་སེམས་བཟང་པོའི་སྟོབས་ཀྱིས་སྦྱར་བའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousགསེར་སྐྱེམས་དགོས་འདོད་ཀུན་འབྱུང་དགྲ་བོ་ཆོམ་འབེབས།next