Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

2 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ཀྱི་ཟོར་ལས་སྐོར།
  
  
 
  
 
  
  
  
  
  


2 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ཀྱི་ཟོར་ལས་སྐོར།next

ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ཀྱི་ཟོར་ལས་སྐོར།


KMC020_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ཀྱི་ཟོར་ལས་སྐོར་རྣམས་བཞུགས། །


KMC020_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿ ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། བྱིན་རླབས་ཀྱི་རྩ་བ་བླ་མ་དམ་པ་རྣམས་ཀྱི་བཀའ༴ དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀའ༴ ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀའ༴ བཅོམ་ལྡན་འདས་དཔལ་ཆེ་མཆོག་ཧེ་རུ་ཀ་རིགས་ལྔ་བདེར་གཤེགས་འདུས་པ་རྒྱལ་


KMC020_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ༴ དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་སློབ་དཔོན་པདྨ་འབྱུང་གནས་སྐུ་ལྔ་མཚན་བརྒྱད་ལྷ་ཚོགས་འཁོར་དང་བཅས་པའི་བཀའ༴ དུས་གསུམ་རྒྱལ་བའི་ཡུམ་གཅིག་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སྤྲུལ་པ་ཡང་སྤྲུལ་མ་མོ་མཁའ་འགྲོ་བྱེ་བ་དུང་ཕྱུར་གྱི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ༴ དཔལ་ཁྲོ་བོའི་རྒྱལ་པོ་གུ་རུ་རྡོ་རྗེ་གྲོ་ལོད་དྲེགས་འཇོམས་རྩལ་གྱི་ལྷ་ཚོགས་ཁྲོ་བོ་བཅུ་སྣང་སྲིད་ཟིལ་གནོན་བཀའ་སྡོད་དྲེགས་


KMC020_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྡེ་བརྒྱད་ཀྱི་དམག་ཚོགས་རྣམས་ཀྱི་བཀའ༴ དཔལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དྲག་མོ་སེང་གེའི་གདོང་པ་ཅན་དུག་གྲི་ནག་མོ་སྲིད་གསུམ་དབང་སྒྱུར་མ་མོ་བྱེ་བ་འབུམ་སྡེའི་ལྷ་ཚོགས་རྣམས་ཀྱི་བཀའ༴ ཆེ་མཆོག་གུ་རུ་དྲག་པོ་དམར་ནག་མེའི་ཕྲེང་བ་དྲེགས་པའི་སྲོག་ཏིག་དམར་ནག །སྐུ་མཆོག་འཇམ་དཔལ་གྱི་ལྷ་ཚོགས། གསུང་མཆོག་རྟ་མགྲིན་གྱི་ལྷ་ཚོགས། ཐུགས་མཆོག་ཕྱག་ན་རྡོ་རྗེའི་ལྷ་ཚོགས། ཡོན་ཏན་ལྕགས་སྡིག་ནག་པོ། ཕྲིན་ལས་ཡཀྴ་མེ་དབལ། སྐུ་སྤྲུལ་ཀླུ་ཡི་མགོན་པོ། གསུང་སྤྲུལ་བཙན་གྱི་མགོན་པོ། ཐུགས་སྤྲུལ་བདུད་ཀྱི་མགོན་པོ་རྣམས་ཀྱི་བཀའ༴ དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོ་དུག་རླུང་སྤུ་གྲི་རེག་གཅོད་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ༴ བདུད་མགོན་ཏྲཀྴད་ནག་པོ་འཁོར་དང་བཅས་པ་དམ་ཉམས་ཀྱི་སྙིང་འབྱིན། བསྟན་དགྲའི་སྲོག་གཅོད། དུག་གི་སྤུ་གྲི་ལ་སོགས་པ་གཞན་ཡང་འཇིག་རྟེན་ལས་འདས་པ་དང་མ་


KMC020_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པའི་བཀའ་སྲུང་དམ་ཅན་རྒྱ་མཚོའི་དམག་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། སྤྱིར་སངས་རྒྱས་ཀྱི་བསྟན་པ་བཤིག་པ། དཀོན་མཆོག་གི་དབུ་འཕང་སྨད་པ། བླ་མ་དམ་པའི་སྐུ་དགྲ། སྐྱེ་འགྲོ་སེམས་ཅན་ཡོངས་ལ་འཚེ་བ། སྒོས་སུ་རྒྱུ་སྦྱོར་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་ཚད་བཙུགས་པ། ཡ་བོ་བཟུང་བ། དོ་བསྡོ་བ། འགྲས་འཚོལ་བ། བསླབས་པའི་སློབ་བུ་དམ་ལོག །གསོས་པའི་ནད་པ་སོས་ལོག །གཏམ་པའི་ཤག་རོགས་མནའ་ཟན། ཉོས་པའི་ཆུང་མ་སྙིང་རིང་། བསྟེན་པའི་མགོ་དཔོན་ཁྲེལ་མེད། བསམ་ངན་སྦྱོར་རྩུབ་བྱེད་པ། དམག་སྣ་སྟོན་པ། ཇག་སྣ་སྟོན་པ། རྐུན་སྣ་སྟོན་པ། སྔ་དགྲ་གོང་དུ་བྱེད་པ། ད་དགྲ་དངོས་སུ་བྱེད་པ། ཕྱི་དགྲ་ཡིད་ལ་སེམས་པ། ལེན་པ་མེད་པར་སྲོག་ལ་རྒོལ་བ། བསྔོས་པ་མེད་པར་ནོར་ལ་འཕྲོག་པ། ཉེས་པ་མེད་པར་ཆད་པ་


KMC020_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པ། མཐོང་བ་བཞིན་དུ་ཇག་འགྱེད་པ། མ་མཐོང་བ་བཞིན་དུ་འཇབ་བུས་རྐུ་བ། མཐུ་བུ་ལོན་བཞིན་དུ་སྙེགས་པ། མི་ང་ལ་ལྷ་མེད་ཟེར་མི། ལྷ་ཁྱོད་ལ་མཐུ་མེད་ཟེར་མི། གསང་སྔགས་གྲྭ་སྡེ་ལ་ངན་སྨྲས་བྱེད་མི། དམ་ཉམས་པའི་དགྲ་བོ་མི་ནོར་འཁོར་དང་བཅས་པ་ཐམས་ཅད་མཐོ་སྲིད་པའི་རྩེ་མོ་མན་ཆད། དམའ་རླུང་གི་རྒྱ་གྲམ་ཡན་ཆད། ས་འོག་ས་སྟེང་ས་བླ་བར་མ་གར་གནས་ཀྱང་། ལྕགས་ཀྱུ་ཅན་གྱིས་སྙིང་ནས་བཟུང་། ཞགས་པ་ཅན་གྱིས་སྐེ་ནས་ཆིངས། ལྕགས་སྒྲོགས་ཅན་གྱིས་ཡན་ལག་སྡོམས། དྲིལ་བུ་ཅན་གྱིས་མྱོས་སུ་ཆུག །ལས་ཀྱི་རླུང་དམར་གྱིས་རྒྱབ་ནས་དེད། འཇིགས་པའི་མུན་ནག་གིས་མདུན་ནས་སུས། བྱིས་ཕྲུག་ཁྲས་དེད་པའམ། གཤེད་མས་བཙོན་རར་ཁྲིད་པ་བཞིན་དུ་སྐད་ཅིག་རང་དབང་མེད་པར་འདིར་ཁུག་ཅིག །ནྲྀ་ཏྲི་ཨཱ་ཀཪྵ་ཡ་ཛཿཛཿ ཅེས་ཀུན་བཟང་ཆོས་ཀྱི་རྡོ་རྗེས་མཛད་པའོ།། ༔ན་མོ༔ དཀོན་མཆོག་གསུམ་དང་ཡི་དམ་ཞི་


KMC020_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོའི་ལྷ༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་ཚོགས༔ རྒྱལ་བ་རབ་འབྱམས་རྣམས་ཀྱི་བདེན་སྟོབས་ཀྱིས༔ བསྟན་དང་འགྲོ་ཀུན་བདག་ཅག་འཁོར་བཅས་ལ༔ གནོད་ཅིང་འཚེ་བའི་འདྲེ་གདོན་འབྱུང་པོ་དང་༔ གཟུགས་ཅན་གཟུགས་མེད་རུ་དྲ་དམ་ལོག་རྣམས༔ སྣང་སྲིད་འཁོར་འདས་རིགས་དྲུག་ལམ་རྒྱུད་ལྔ༔ སྐྱེ་བའི་གནས་བཞི་གར་གནས་གར་འདུག་ཀྱང་༔ སྐད་ཅིག་རང་དབང་མེད་པར་འདིར་ཁུག་ཅིག༔ དམིགས་པའི་རྟེན་ལ་སིབ་སིབ་ཐིམ་པར་གྱུར༔ ནྲྀ་ཏྲི་ཨཱ་ཀཪྵ་ཡ་ཛཿཛཿ ཛཿཧཱུྃ་བཾ་ཧོཿ མཱ་ར་ཡ་ནན་ནན༔ བྷནྡྷ་བྷནྡྷ་ཧོཿ ༈ མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ཀྱི་ཟོར་ལས་སྐོར།next