Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

2 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱིས་རང་བཟོ་མངོན་སྤྱོད་ཀྱི་གསེར་སྐྱེམས།
  
 
  
 
  
  
  
  
  


2 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousརིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱིས་རང་བཟོ་མངོན་སྤྱོད་ཀྱི་གསེར་སྐྱེམས།next

རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱིས་རང་བཟོ་མངོན་སྤྱོད་ཀྱི་གསེར་སྐྱེམས།


KMC020_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱིས་རང་བཟོ་མངོན་སྤྱོད་ཀྱི་གསེར་སྐྱེམས་བཞུགས་སོ༔


KMC020_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཧོཿ དགོངས་སུ་གསོལ་ལོ༔ རིག་འཛིན་རྡོ་རྗེ་གྲོ་ལོད་རྩལ༔ ལན་གསུམ༔ ཧོཿ གསན་དུ་གསོལ་ལོ༔ རིག་འཛིན་རྡོ་རྗེ་གྲོ་ལོད་རྩལ༔ ལན་གསུམ༔ ཀྱཻ། ཉོན་ཅིག་སྣང་སྲིད་ལྷ་འདྲེ་དྲེགས་པའི་སྡེ་དཔོན་སུམ་ཅུ༔ ཀྱཻ། ཉོན་ཅིག་ཡུལ་འདི་གཞི་བདག་ཡུལ་ལྷ་ཟོ་དོར༔ དཀོན་མཆོག་གསུམ་གྱི་བཀའ་ལས་མ་འདའ་བར༔ དམ་ལ་འདུས་སོ་མྱུར་དུ་བྱོན་ཅིག༔ དགོངས་སུ་གསོལ་ལོ༔ གསན་དུ་གསོལ་ལོ༔ ཁྱོད་ཅག་འཁོར་དང་བཅས་པ་ཐམས་ཅད་ལ༔ བདག་གིས་དུས་


KMC020_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་དུས་མེད་ཐམས་ཅད་ལ༔ དཀོན་མཆོག་གསུམ་དང་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྲུང་མ་ཁྱེད་རྣམས་ལ༔ རྣལ་འབྱོར་པ་བདག་གིས་འདི་ཕྱིའི་རེ་ལྟོས་བཅའ་ཞིང་༔ ཚེ་སྲོག་གི་སྐྱབས་གནས་དང་དཔང་པོར་བཟུང་ཞིང་༔ རེ་ལྟོས་ཁྱེད་ཅག་ལས་མ་མཆིས་པས༔ སྔོན་གྱི་དམ་བཅའ་མ་བསྙེལ་ཅིག༔ བྱམས་པའི་ཆུ་རྒྱུན་མ་བཅད་ཅིག༔ ཐུགས་རྗེས་བདག་ལ་གཟིགས་ཤིག༔ བརྩེ་བས་བདག་ལ་དགོངས་ཤིག༔ ལེགས་ཉེས་ཀྱི་ཤན་འབྱེད་


KMC020_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་ཅིག༔ བསྟེན་པའི་ལྷ་ཁྱེད་གཞུང་མ་ངན༔ ཁྱེད་ཅག་རང་གིས་མ་སླུ་བར༔ དམ་ཚིག་ལ་ངོས་ལྐོག་མེད་པར༔ བདག་གིས་བཅོལ་བའི་གཉེར་གཏད་པ་འདི༔ དགོངས་སུ་གསོལ་ལོ༔ གསན་དུ་གསོལ་ལོ༔ རྣལ་འབྱོར་པ་བདག་གིས་བསྟེན་པའི་ལྷ་ཁྱེད་ཅག་ལ༔ བསྐྱེད་རྫོགས་ཀྱི་བསྙེན་སྒྲུབ་རང་དབང་ཆུབ་པར་བྱས་ཏེ༔ བསྟེན་པའི་ལྷ་སྲུང་ཁྱེད་ཅག་རྣམས་ལ་འབོད་རྫས་ཀྱི་བདུག་སྤོས་བཏང་༔ སྔགས་འཁོར་དང་གཡབ་དར་གྱིས་གཡབ༔ བསྟེན་རྫས་ལ་བསྒྲུབས་ཤིང་མཆོད་རྫས་ཀྱིས་མཆོད༔ བདུད་རྩི་དང་རཀྟའི་མཆོད་པས་མཆོད༔ བ་ལིཾ་གཏོར་མས་མཆོད༔ རོལ་ཆས་ཀྱིས་གཟི་བྱིན་དགྱེས་པར་བྱས་ཏེ༔ སྐྱིད་སྡུག་གི་རེ་ལྟོས་ཐམས་ཅད་ཁྱེད་ཅག་ལ་བཅའ་བས༔ ཅི་བསྒོས་ཀྱི་བཀའ་དང་གང་བཅོལ་གྱི་རེ་ལྟོས་ཐམས་ཅད་བཅོལ་བའི་ཕྲིན་ལས་མཛོད་ཅིག༔ གལ་ཆེའོ༔ གསེར་སྐྱེམས་ལག་ཏུ་ཐོགས་ཏེ༔ ཧཱུྃ། དཀོན་མཆོག་ཀུན་འདུས་ངོ་བོ་ཉིད༔ གུ་རུ་རྡོ་རྗེ་


KMC020_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

གྲོ་ལོད་རྩལ༔ ཁྲོ་བོ་བརྒྱད་དང་ཁྲོ་མོ་བརྒྱད༔ སྒོ་མ་བཞི་སོགས་དཀྱིལ་འཁོར་གྱི༔ ལྷ་ཚོགས་མ་ལུས་འཁོར་བཅས་ཀྱིས༔ བདུད་རྩི་གསེར་སྐྱེམས་འདི་བཞེས་ལ༔ སྔོན་གྱི་ཐུགས་དམ་མ་གཡེལ་བར༔ བདག་ལ་ཐུགས་རྗེས་བརྩེར་དགོངས་ལ༔ སྔ་མ་ལས་ཀྱི་གཏང་རག་གོ༔ བདུད་རྩི་གསེར་སྐྱེམས་འདི་བཞེས་ལ༔ ད་བཅོལ་ལས་ཀྱི་གཏང་རག་འབུལ༔ མཆོད་འབུལ་དགྱེས་བཞེས་དངོས་གྲུབ་སྩོལ༔ གང་བཅོལ་ལས་ཀུན་སྒྲུབ་པར་མཛོད༔ ཅེས་སྨན་དང་རཀྟ་གཏོར་མ་ཟུང་འབྲེལ་དུ་ནམ་མཁར་མཆོད༔ ༈ མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousརིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱིས་རང་བཟོ་མངོན་སྤྱོད་ཀྱི་གསེར་སྐྱེམས།next