Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

2 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
རྡོ་རྗེ་གྲོ་ལོད་ལས་མཐའ་མེ་ཧོམ།
  
  
  
  
  


2 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousརྡོ་རྗེ་གྲོ་ལོད་ལས་མཐའ་མེ་ཧོམ།next

རྡོ་རྗེ་གྲོ་ལོད་ལས་མཐའ་མེ་ཧོམ།


KMC020_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གྲོ་ལོད་ལས་མཐའ་མེ་ཧོམ་བཞུགས་སོ༔


KMC020_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

༼གུ༽ ༔པདྨ་བཛྲ་ན་མ༔ ཞལ་གདམས་ལས་མཐའི་རིམ་པ་ནི༔ དྲག་པོའི་མེ་ཧོམ་བཟློག་མེད་བསྟན༔ རང་མདུན་ཨེ་ཡི་དཀྱིལ་འཁོར་ནག༔ དེ་དབུས་རྡོ་རྗེ་རྩེ་ལྔ་མཐིང་༔ རལ་གྲི་གྲི་གུག་མཐའ་མར་བརྒྱན༔ དེ་སྟེང་དུག་ཤིང་གྲུ་གསུམ་བརྩེགས༔ དགུ་ཁྲག་སྨན་རཀ་ཕུད་ཀྱིས་བྲན༔ རྡོ་རྗེ་གྲོ་ལོད་རྩལ་དུ་བསམ༔ འཁོར་དུ་ལྷ་སྲིན་སྡེ་བརྒྱད་བསྐྱེད༔ ལིང་ག་ཉའུ་ཤ་དུམ་བརྒྱ༔ བཀུག་བསྟིམ་གནོད་བྱེད་དངོས་སུ་བསམ༔ བསྐྱེད་རྫོགས་གསལ་བར་འདི་སྐད་དོ༔ ༼རུ༽ ཧཱུྃ་ཧཱུྃ་ཧཱུྃ༔ རང་རིག་རྡོ་རྗེ་གྲོ་ལོད་རྩལ༔ སྣང་སྲིད་ཁྱབ་པའི་སྐུ་རུ་གསལ༔ རང་མདུན་ཨེ་ལས་ཆོས་འབྱུང་ནག༔ འཁོར་འདས་


KMC020_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་པའི་ཚད་དུ་གསལ༔ དེ་དབུས་ཧཱུྃ་ལས་ཁྲོ་བོའི་རྒྱལ༔ རྡོ་རྗེ་གྲོ་ལོད་ཁྲོས་རྔམ་བརྗིད༔ དམར་ནག་ཉི་མའི་འོད་ཟེར་འབར༔ རྡོ་རྗེ་ཕུར་བུ་བསྣན་ཐབས་འཛིན༔ སྤྱི་བོར་ཁྲོ་རྒྱལ་བྱ་ཁྱུང་ལྡིང་༔ མདུན་དུ་ལྕགས་སྡིག་ནག་པོ་རྔམ༔ གཡས་སུ་previous hit གསངབདགཕྱགརྡོར ་སྔོ༔ གཡོན་དུ་མཁའ་འགྲོ་སེང་གདོང་མཐིང་༔ རྒྱབ་ཏུ་དབང་ཆེན་རྟ་མཆོག་དམར༔ ཕྱི་རིམ་མཁའ་འགྲོ་སྡེ་ལྔ་གསལ༔ ཀུན་ཀྱང་ཞལ་གདངས་མཆེ་བ་བཙིགས༔ མེ་དཔུང་དམར་ནག་ཞལ་


KMC020_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཕྱོ༔ གནོད་བྱེད་གདོན་བགེགས་སྲེག་པར་གྱུར༔ ༼པད༽ ༔སྤྱན་འདྲེན་གཏོར་འབུལ་ལས་གཞུང་ལྟར༔ དེ་ནས་ཞལ་དུ་བསྟབ་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཁྲོ་རྒྱལ་དྲེགས་འཇོམས་འཁོར་དང་བཅས༔ ཟ་བྱེད་རྔམས་པའི་མཆེ་བ་རྣོ༔ གསོད་བྱེད་ལས་ཀྱི་ཕོ་ཉ་འབར༔ མྱུར་མགྱོགས་མཁའ་འགྲོའི་ལྗགས་དམར་བསྐྱོད༔ ཁྲོ་གཏུམ་དུག་གསུམ་ཁོང་ནས་ཟ༔ མི་བཟོད་དུག་ལྔའི་མེ་དཔུང་འབར༔ ཀུན་རྟོག་ཡེ་འཁྲུགས་དུག་རླུང་འཕྱོ༔ ཁམས་གསུམ་ཟ་བྱེད་འཁོར་བཅས་ཀྱིས༔ སྔོན་ཚེ་ཞལ་བཞེས་སྨོན་ལམ་ལྟར༔ ད་ལྟ་རྣལ་འབྱོར་བདག་ཅག་ལ༔ གནོད་ཅིང་འཚེ་བའི་འབྱུང་པོའི་ཚོགས༔ བཞེས་ཤིག་རོལ་ཅིག་ཛྭ་ལ་རཾ༔ སྔོན་ལས་འཕྲལ་རྐྱེན་ནད་གདོན་བགེགས༔ ཞི་བར་མཛོད་ཅིག་ས་མ་ཡ༔ ཚེ་བསོད་དབང་ཐང་ཀླུང་རྟ་ནོར༔ རྒྱས་པར་མཛོད་ཅིག་ཐུགས་དམ་ཅན༔ ཁམས་གསུམ་འཁོར་འདས་སྣོད་བཅུད་རྣམས༔ དབང་དུ་སྡུས་ཤིག་དུས་ལ་བབ༔ ཉེར་འཚེ་ལོག་འདྲེན་རུ་དྲ་རྣམས༔


KMC020_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་དུ་བསྟབ་པོ་ཁ་རཾ་ཁཱ་ཧི༔ ལས་བཞིའི་དངོས་གྲུབ་མྱུར་དུ་སྒྲུབས༔ ཕྲིན་ལས་རྣམས་བཞི་ལྷུན་གྲུབ་ཤོག༔ ཨཱོཾ་ཨཱཿཧཱུྃ་ཤྲཱི་ཧེ་རུ་ཀ་མ་ཧཱ་གུ་རུ་པདྨ་སམྦྷ་ཝ་བཛྲ་ཀྲོ་ངྷ་རཱ་ཛཿ ཙིཏྟ་བཛྲ་ས་མ་ཡ་ཛཿཛཿ ཕེཾ་ཕེཾ༔ ཧཱུྃ་ཧཱུྃ༔ རུ་དྲའི་རཱུ་པ་ཁཱ་ཧི་ཁཱ་ཧི་༔ དེ་བཞིན་ལིང་ག་བརྒྱ་ཡང་འབུལ༔ རྩ་སྔགས་ཤམ་བུར་འདི་ལྟར་སྦྱར༔ རུ་དྲའི་མཾ་ས་ཁཱ་ཧི་ཁཱ་ཧི༔ ཤ་དུམ་བརྒྱ་འབུལ༔ རུ་དྲའི་རཀྟ་ཁཱ་ཧི་ཁཱ་ཧི༔ རཀྟ་བརྒྱ་འབུལ༔ རུ་དྲའི་ཙིཏྟ་ཁཱ་ཧི་ཁཱ་ཧི༔ འབྲུ་སྣ་བརྒྱ་འབུལ༔ རུ་དྲའི་རྐང་ཚིལ་ཞག་ལ་ཁཱ་ཧི༔ ཞུན་མར་འབུལ༔ རུ་དྲའི་ཡོ་བྱད་མཐུན་རྫས་ཁཱ་ཧི༔ དར་ཟབ་བརྒྱ་འབུལ༔ དཔའ་བོ་དགྱེས་རྫས་མྱོས་བྱེད་ཁཱ་ཧི༔ བདུད་རྩི་བརྒྱ་འབུལ༔ མཁའ་འགྲོ་དགྱེས་བྱེད་རཀྟ་ཁཱ་ཧི༔ རཀྟ་བརྒྱ་འབུལ༔ བསྐང་རྫས་རྟེན་རྫས་བ་ལིཾ་ཁཱ་ཧི༔ གཏོར་མ་བརྒྱ་འབུལ༔ མཐུ་སྟོབས་སྐྱེད་རྫས་ཞལ་ཟས་ཁཱ་ཧི༔ ཞལ་ཟས་བརྒྱ་འབུལ༔ རྗེས་རིམ་དམིགས་པའང་སྲིད་གསུམ་གཏིང་ཟློག་བྱེད༔ མེ་ལྷ་གྲོ་ལོད་འཁོར་བཅས་རང་ལ་བསྟིམ༔ དམིགས་མེད་རེ་དོགས་བྲལ་བའི་


KMC020_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་དུ་བཞག༔ ༈ གཏེར་སྲུང་བདུད་མགོན་ལ་ཡང་འདིས་དགབ༔ མདུན་བསྐྱེད་ལས་གཞུར་བསྐང་བའི་ཆོ་གའི་མཐར༔ ཧཱུྃ་ཧཱུྃ་ཧཱུྃ༔ དཔལ་མགོན་སྲོག་བདུད་འཁོར་དང་བཅས༔ ཟ་བྱེད་རྔམས་པའི་མཆེ་བ་རྣོ༔ ཞེས་པ་ནས༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ཤོག༔ ཨཱོཾ་མ་ཧཱ་ཀཱ་ལ་ཏྲཀྴད་ཛཿ ཨཱོཾ་མ་ཧཱ་ཀཱ་ལ་སུ་ཏྲི་ཡ་མ་དུ་ཛཿ རུ་དྲའི་རཱུ་པ་ཁཱ་ཧི་ཁཱ་ཧི༔ ཞེས་སོགས་དགྱེས་རྫས་བཅུ་ཡང་འབུལ༔ རྗེས་རིམ་དམིགས་མེད་སྤྲོ་བསྡུ་གོང་ལྟར་རོ༔ ཡང་གསང་ལས་མཐའ་ཟབ་གནད་མེ་ཡིས་འགྲུབ༔ ནད་གདོན་བགེགས་ལ་ནམ་མཁའི་ཐོག་ལྟར་མྱུར༔ སྙིང་ལ་འཆང་ཞིག་དམ་ལྡན་སིདྡྷི་ཛཿ མེ་ཧོམ་གྱི་ལེའུ་སྟེ་ཉེར་གཅིག་པའོ༔ ས་མ་ཡ༔ ཐུགས་རྒྱ་བརྡའ་ཐིམ༔ བརྡའ་ཡིག ༼མ༽ ༔པདྨ་བཛྲ་ན་མ་ཡེ༔ ཞལ་གདམས་ཕྲིན་ལས་རྣམ་བཞི་ལས༔ རྦོད་གཏོང་ཞི་བའི་ཐབས་འདི་གཅེས༔ ཕ་རོལ་ལྷ་སྲུང་གང་ཡིན་གྱི༔ སྲོག་སྔགས་བྲིས་ལ་ཀེད་པར་བཏགས༔ བྱད་ཕུར་ཁོ་རང་གཤེད་དུ་དབབ༔ ཕ་རོལ་བྱད་མའི་བླ་མ་དང་༔ ཡི་དམ་ཆོས་སྐྱོང་གང་ཡིན་དང་༔ རང་གི་ལྷ་སྲུང་དབྱེར་མེད་བསྲེས༔ ཐམས་ཅད་རང་ལ་དབྱེར་མེད་བསྲེ༔ མ་གཅིག་བུ་ལྟར་བརྩེ་བར་བསམ༔ བྱད་ཕུར་ཁོ་རང་གཤེད་དུ་འབབ༔ ཕ་རོལ་ལྷ་སྲུང་སྐུ་རྟེན་བཟོས༔


KMC020_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་རྟེན་གཏོར་འོག་ཏུ་འཇུག༔ བཀའ་དང་དམ་ལ་བཞག་པར་བསམ༔ རང་ལ་མི་གནོད་མྱུར་བར་ཞི༔ ཞི་བྱེད་གསུམ་གྱི་ལེའུ་སྟེ་ཉེར་གཉིས་པའོ༔ ས་མ་ཡ༔ ཐུགས་རྒྱ་བརྡའ་ཐིམ༔ བརྡའ་ཡིག ༼སིད༽ ༔པདྨ་བཛྲ་ན་མོ༔ ལོངས་སྤྱོད་བསོད་ནམས་རྒྱས་པའི་ཐབས༔ ཟ་འོག་ཁུག་མ་གྲོད་པའི་དབྱིབས༔ དེ་ནང་འབྲུ་སྣ་རིན་ཆེན་ཚོགས༔ ལེགས་གཞུག་ཏྲཀྴད་འཛབ་ཀྱི་མཐར༔ རཏྣ་སརྦ་སིདྡྷི་བྷྲཱུཾ༔ མྱུར་དུ་འགྲུབ་ཅིང་འབྱོར་བ་རྒྱས༔ ནོར་དང་རིགས་བརྒྱུད་འཕེལ་འདོད་ན༔ རང་ཉིད་ཏྲཀྴད་མགོན་པོར་བསྒོམ༔ མདུན་དུའང་མགོན་པོ་གསལ་བར་བསྐྱེད༔ གང་འདོད་དངོས་གྲུབ་སྟེར་བར་བསམ༔ རྩ་སྔགས་ཤམ་བུར༔ པུ་རུ་ཥ་སིདྡྷི་ཧཱུྃ༔ ནོར་སྤེལ་ན༔ མ་ནི་རཏྣ་སིདྡྷི་བྷྲཱུཾ༔ ཚེ་དང་བསོད་ནམས་རྒྱས་འདོད་ན༔ རྩ་སྔགས་ཤམ་བུར་སྔགས་འདི་བཟླས༔ ཨཱ་ཡུཿཔུཎྱ་སིདྡྷི་ཧྲཱི༔ རྒྱས་བྱེད་རྣམ་པ་བཞི་ཡི་ལེའུ་སྟེ་ཉེར་གསུམ་པའོ་༔ ས་མ་ཡ༔ ཐུགས་རྒྱ་བརྡའ་ཐིམ༔ བརྡའ་ཡིག ༼དྷི༽ ༔པདྨ་བཛྲ་ན་མ་ཡེ༔ ཁམས་གསུམ་དབང་དུ་འདུས་པའི་ཐབས༔ རང་ཉིད་མགོན་པོ་གསལ་བར་བསྒོམ༔ ཐུགས་ཀའི་ཧཱུྃ་ལས་ལྕགས་ཀྱུ་འཕྲོས༔ ཁམས་གསུམ་མ་ལུས་འགུགས་པར་བསམ༔ སརྦ་སིདྡྷི་ཨཾ་ཀུ་ཤ་ཛཿ ཚད་པའི་ནད་ཀྱིས་ལོ་སྐེམ་ན༔ ཀླུ་རྣམས་འགུགས་ལ་ཆར་


KMC020_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་འབེབས༔ རང་ཉིད་མགོན་པོར་གསལ་བར་བསྒོམ༔ མདུན་དུ་རུས་སྦལ་ཐིག་ལེས་བརྒྱན༔ དེ་སྟེང་ཀླུ་རྒྱལ་སྦྲུལ་མགོ་བདུན༔ གཡས་གཡོན་སྦྲུལ་རིགས་བརྒྱད་ཀྱིས་བསྐོར༔ སྤྱི་བོར་གུ་རུ་དྲག་པོ་རྩལ༔ དེ་སྟེང་བསྟན་པའི་གཙོ་བོ་བསྒོམ༔ རྒྱལ་བ་རབ་འབྱམས་ཐུགས་ཀ་ནས༔ ཡེ་ཤེས་བདུད་རྩིའི་ཆར་རྒྱུན་བབས༔ ཐུབ་པར་ཞུགས་ཤིང་གུ་རུ་བརྒྱུད༔ གུ་རུའི་སྐུ་ལས་བདུད་རྩི་བབས༔ ཀླུ་མགོན་འཁོར་བཅས་ཚིམས་པར་བསམ༔ ཆུ་རྒྱུན་སྦྲེངས་ལ་སྔགས་ཤམ་དུ༔ ཕུཿནཱ་ག་རཱ་ཛ་བཾ་སིདྡྷི་ཛཿ གནམ་ས་བར་སྣང་ཐམས་ཅད་ཀྱང་༔ ཆུ་ཤེལ་ཟླ་བའི་དཀྱིལ་འཁོར་བསམ༔ ཀླུ་གཟུགས་ཆུ་ལ་ནུབ་པར་བྱ༔ ཆུ་ཤེལ་ཟླ་བའི་ཆར་འབེབས་སོ༔ མེ་ཤེལ་ཉི་མའི་དྲོད་འབེབས་ན༔ གནམ་ས་མེ་ཤེལ་ཚ་ལ་རྩུབ༔ མེ་རི་དམར་པོའི་རྣམ་པར་བསྒོམ༔ དེ་དབུས་རང་ཉིད་མགོན་པོ་དང་༔ དབྱེར་མེད་ཉི་མ་ལྷ་ཡི་བུ༔ ཕྱག་གཉིས་མེ་ཞགས་ཉི་མ་འཛིན༔ ཁམས་གསུམ་སྲེག་པའི་འོད་ཟེར་བསྒོམ༔ རྩ་བའི་སྔགས་ཤམ་མཇུག་ཏུ༔ དེ་ཝ་སཱུ་རྻ་ཛྭ་ལ་རཾ༔ དྲོད་འབེབས་དབང་འདུས་ཉི་མ་གསལ༔ དབང་དུ་བྱེད་པའི་ལས་མཐའ་གསུམ་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ༔ ས་མ་ཡ༔ ཐུགས་རྒྱ་བརྡའ་ཐིམ༔ བརྡའ་ཡིག ༼ཧཱུྃ༽ ༔པདྨ་བཛྲ་ན་མ་ཡེ༔ དྲག་སྔགས་རྫས་སྦྱོར་བྱེད་འདོད་ན༔ དར་ནག་ངོས་སུ་རྩ་སྔགས་བྲིས༔ ཤ་བའི་


KMC020_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་བྱུགས་སྔགས་འདི་བཟླ༔ རྩ་སྔགས་ཤམ་བུར༔ དེ་ཝ་བཱ་ཡུ་བེ་གེ་ཡཾ༔ དགྲ་ལ་རྦད་ན་གཏོར་རྦད་མཐར༔ དར་དེ་དགྲ་ཡི་ཕྱོགས་སུ་བརྡབ༔ དགྲ་ཡུལ་རླུང་གིས་འཇིག་པར་འགྱུར༔ དགྲ་སྲོག་མྱུར་དུ་གཅོད་འདོད་ན༔ རྩ་སྔགས་ཤམ་བུར༔ དགྲ་བགེགས་སྲོག་རྩ་ལ་རྦད་ཆོད༔ དགྲ་བགེགས་དུ་དྲ་མནན་འདོད་ན༔ དམིགས་བྱའི་འདྲེ་གདོན་སོ་སོར་བྲིས༔ སོ་སོའི་མིང་བྱང་སྙིང་གར་བསྐོར༔ འདྲེ་གདོན་དམ་སྲི་མྃ་ལྃ་ཁྃ་བྃ་རྃ་ཀྵྃ༔ ནན་ནན༔ ཅེས་པའི་ཡིག་རྒོད་སྤྱི་བོར་བྲི༔ མཆོད་རྟེན་ནག་པོས་སྟེང་ནས་མནན༔ དེ་ལ་རབ་གནས་བྱེད་པ་གནད༔ སྒབ་འདྲེ་དམ་སྲི་མི་ལྡང་ངོ་༔ ལས་མཐའ་ཟབ་གནད་བཅུ་གསུམ་འདི༔ ཡེ་གསང་ཐུགས་གཏེར་སྲུང་མ་ཡིན༔ གསང་བ་ཡང་གསང་ཟབ་གནད་འདི༔ སྙིང་ལ་འཆང་ཞིག་ཨ་ཐམ་རྒྱ༔ བླ་མ་རྡོ་རྗེ་དྲེགས་འཇོམས་ཀྱི་ལས་གཞུང་རྩ་ཆིངས་ལེའུ་སྟེ་ཉེར་ལྔ་ཡོངས་སུ་རྫོགས་སོ༔ ས་མ་ཡ༔ ཐུགས་རྒྱ༔ བརྡའ་ཐིམ༔ མ་ཧཱ་ཀཱ་ལ་ཏྲཀྴད་དུ་ཙིཏྟ་བཛྲ་ས་མ་ཡ་༔རཀྵ༔རཀྵ༔རཀྵ༔ རཀྵ༔རཀྵ༔རཀྵ༔ རཀྵ༔རཀྵ༔རཀྵ༔ཧཱུྃ༔ རྒྱ་གྲམ་ཐིལ་དམར་མ༔ རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱི་གཏེར་མ་བསླད་མེད་པའོ༔ ༈ མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །


KMC020_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousརྡོ་རྗེ་གྲོ་ལོད་ལས་མཐའ་མེ་ཧོམ།next