Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

2 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
ལིང་ཁྲུས་བྱ་ཐབས།
  
  
  
  


2 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousལིང་ཁྲུས་བྱ་ཐབས།next

ལིང་ཁྲུས་བྱ་ཐབས།


KMC020_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ལིང་ཁྲུས་བྱ་ཐབས་བཞུགས་སོ༔ ༔ན་མོ་གུ་རུ༔ སློབ་དཔོན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ༔ དགྲ་བོའི་ལིངྒ་ལ་རང་གི་དྲི་མ་སོངས་འདོགས་པས༔ ལིང་ཁྲུས་འདི་ལྟར་དུ་བྱའོ༔ མདུན་དུ་ཆུ་བཙང་སྡེར་གང་བཞག་ལ༔ པཾ་ལས་པདྨ་དང་རཾ་ལས་ཉི་མ་ཨ་ལས་ཟླ་བའི་དཀྱིལ་འཁོར༔ དེ་ཡི་སྟེང་དུ་བཾ་ལས་ལྷ་མོ་དཀར་མོ༔ ཞག་གཅིག་ཕྱག་གཉིས་མ༔ གཡས་མཆོག་སྦྱིན་དང་གཡོན་པས་པདྨ་དམར་པོ་བསྣམས་པ༔ ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ༔ སྐུ་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པར་བསམ་མོ༔ རང་ཉིད་ཡི་དམ་ལྷའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་དམ་ཚིག་པ་ལ་གཉིས་སུ་མེད་པར་བསྟིམ་མོ༔ བཛྲ་ས་མ་ཡ་ཛཿཛཿ ཛཿཧཱུྃ་བཾ་ཧོཿ དེ་ནས་མཆོག་སྦྱིན་གྱི་ཕྱག་རྒྱའི་མཐིལ་ནས་ཡེ་ཤེས་ཀྱི་ཆུ་བྱུང་ནས༔ ལིངྒ་ལ་ཁྲུས་བྱས་པས་རང་གི་ཁ་རླངས་དང་དྲི་མ་ལ་སོགས་པ་ཐམས་ཅད་སང་གི་དག་པར་བསམ་ལ༔ ཧཱུྃ་མ་མ་ཀ་བྱ་ཡེ་འཆང་པ་པོ་ཧཱུྃ་མ་མ་ཀ་བྱ་ཡེ་སྭཱ་ཧཱ༔ ཞེས་བརྗོད་ཆུ་དེ་ཕོའོ༔


KMC020_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལིངྒ་ལ་དགྲ་བོའི་རྣམ་ཤེས་བསྟིམ༔ ལིངྒ་དེ་དགྲ་བོ་དངོས་བསམ་མོ༔ ཡང་ཆུ་ཕོར་གང་ལ་ལྷ་མོ་གོང་ལྟར་བསྐྱེད་ལ༔ ལྷ་མོ་དེ་ཡིས་དགྲ་བོའི་ཁ་རྗེ་དབང་ཐང་དང་༔ ཚེ་དང་ལོངས་སྤྱོད་བཀྲག་དང་གཟི་མདངས༔ དེ་ཡི་མཐུ་དང་ནུས་པ་ཐབས་ཅད་ཆུ་དེ་ཡི་ནང་དུ་བཀྲུས་བར་བསམ༔ དེ་ནས་ལྷ་མོ་འོད་དུ་ཞུ་ནས་ཆུར་འདྲེས་པར་བསམ་ལ༔ ཆུ་དེ་རང་གིས་མཐུང་ནས་ཚེ་དང་བསོད་ནམས་བཀྲག་མདངས་དང་ལྡན་པར་བསམ་ལ༔ ཆུ་དེའི་ལྷག་མ་གནས་ཁང་ལ་གཏོར་བས་གནས་ཁང་བྱིན་རླབས་དང་ལྡན་པར་བསམ༔ ལིང་ཁྲུས་འདི་ཨོ་རྒྱན་པདྨས་མཚོ་རྒྱལ་ལ་གནང་བའོ༔ ༔རང་གི་ཕྱོགས་བཅུར་གཡུག་གོ༔ ཡ་མ་རཱ་ཙ་རླུང་ལིང་སོང་སོང་༔ མ་ཆགས་སོང་སོང་༔ ཀུ་ཏ་ཡ་ཧཱུྃ༔ དགྲ་བོའི་ལྷ་རྣམས་སྲན་ཕུང་ལ་རྡོ་ཕོག་པ་ལྟར༔ དགྲ་བོའི་སྐྱབས་རྟེན་མེད་པར་བྱས་ནས༔ འབྲུག་ཐང་ལ་ལྷུང་བ་ལྟར་གྱུར་ཏོ༔ ཨྠྀི༔ ༈ མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousལིང་ཁྲུས་བྱ་ཐབས།next